| Wylie | e-texts produced with BDRC’s OCR application |
བའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་པྲ་ཏི་བ་མི་བ། པྲ་ཏིཥྛ་ཨ་ནུ་ཤངས་སམ་བརྣ་ནཱ་མ་དྷརྨ་པརྱ་ཡ། བོད ་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ་འདི་སྐང་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དག་འ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་བ། ་ཏུ་མང་པོ་དག་ཅི་རིམ་གྲོའི་གནས་སུ་ལྷགས་ཏེ་འདུས་ནས། བར་སྐབས་དེར་གཏམ་འདི་ལྟ་བུ་ཞིག་གླེངས་སོ།། ཁྱེད་ཅག་བྲམ་ཟེའམ། ཁྱིམ་བདག་དོད་པ་ཅན་ཐོས་པ་འཛིན་པ། ཐོས ་པ་བསགས་པ། དགེ་བ་ཇི་ལྟར་བྱ་ཞེས་ཚོལ་བ། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱ་བར་སྤྲོ་བར་བསྐྱེད་པ་དག་སྣང་ལ། དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་ལྷགས་ནས། བཙུན ་བ་དག་དེ་བཞིན་གཤེག་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ། ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད། ་པ་ལ་ཕན་ཡོན་ཇི་ཙམ་ཞིག་ཡོད་པ་བདག་ཅག་གིས་མི་ཤེས་ཏེ། དེའི་ཚེ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་འཐུན་པར་ལན་གདབ་པར་བྱ། གང་དོན་འདི་དག་ཉིད་ནི། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐེ་ཙོམ་ཐམས་ཅད་གཅོད་པར་མཛད་པ། སྟོན་པ་དེ་ལ་བདག ་གིས་ཞུའོ།། འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན་པར་མཛད་དེ། བདག་ཅག་གིས་དེ་བཞིན་བཟུང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམལ་རྒྱ་ཆེར་ཕྱེ་སྟེ་ལ་ན་གདབ་པར ་བྱའོ་ཞེས་བགྲོས་སོ།། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ། ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་དེར་ལྷགས་ཏེ་འདུས ་པ་དང་། བར་དེར་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ་ཁྱེད་ཅག་ལ་བྲམ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཐོས་པ་འཛིན་པ་། ཐོས་པ་བསོགས་པ། དགེ་བ་ཇི་ལྟར་བགྱི་ཞེས་ཚོལ་བ་དེ་བཞིན་གཤེགས། ་པའི་གཟུགས་བརྙན་བགྱི་བར་སྤྲོ་བ་སྐྱེས་པ་དག་གདའ་ལ། དེ་དག་གལ་ཏེ་བདག་ཅག་གི་དྲུང་དུ་མཆིས་ནས། བཙུན་པ་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པའི་གང་ཟག་སྦྱིན་པ་པོ། ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི་ཞེས་རྨེད་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་པ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པ་བདག་ཅག་གིས་མ་འཚལ་ནོ།། དེའི་ཚེ།། ་དེ་དག་ལ་བདག་ཅག་གིས་ཇི་ལྟར་ཆོས་དང་འཐུན་པར་ལྡན་གདབ་པར་བགྱི། གང་དོན་དེ་དག་ཉིད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཐེ་ཙོམ་ཐམས་ཅད་གཅོད་པར་མཛད་པ། སྟོན་པ་དེ་ལ་བདག་ཅག་གིས་ཞུ་བར་བགྱིའོ།། འོན་ཏང་བཅོམ་ལྡན་འདས་དེ་བདག་ཅག་ལ་ལུང་སྟོན ་པར་མཛད་དེ། བདག་ཅག་གིས་དེ་བཞིན་བཟུང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལ་རྒྱ་ཆེར་ཕྱེ་སྟེ། ལན་གདབ་པར་བགྱིའོ་སྒྱུམ་བགྱིད་དོ།། བཙུན་པ་བཅོམ་ལྡན་འདས་དོན།། ་དེ་དག་ཉིད་བདག་ཅག་ཞུ་ཞིང་མཆིས་ན། བཙུན་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བགྱིད་བགྱིད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ཇི་ཙམ་ཞིག་མཆིས་པར་རིག་པར་བགྱི། དགེ ་སློང་དག་ཁྱེད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། ཁྱེད་གང་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་དག་ཉིད་ཞུ་བར་སེམས་པ་ལེགས་སོ་ལེགས་སོ།། དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བསྟན། ་པར་བྱའོ།། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་།། ་བོང་སྡང་བཟང་པོར་གྲགསུ་པ་དང་། སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང ་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ།། གཞན་ཡང་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་རྫས་དང་། ཡོ་བྱད་མང་བ་དང་། བདག་དབང་བ་བདག་གིར་བྱ་བ ་མང་བ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་དང་། རྟ་དང་། གླང་པོ་ཆེ་དང་། བ་གླང་དང་། ལུག་དང་།། ་བྲན་དང་། བྲན་མོ་དང་། ལུས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དང་། བློན་པོ་དང་། མཛའ་བཤེས་དང་། གཉེན་དང་། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ། ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་གཟུགས་བཟང་བ་དང་། བལྟ་ན་སྡུག་པ ་དང་མཛེས་པ་དང་། མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། ད་པྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་། ་ཡན་ལག་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ ་པོའི་ཕན་ཡོན་གསུམ་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། ་དེའི་བུ་འམ། ཆུང་མ་འམ། བྲན་ནམ། ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་ག་ཤེགས ་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར། ་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་། ལྷའི་མདོག་དང་། ལྷའི་སྟོབས་དང་། ་ལྷོའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྱུ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེག་པའི ་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུང་བ་ལ ་ཡི་རངས་ཏེ་མངོན་པར་བསྟོད་དོ།། འཕག་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དྷརྨ་ཀ་རི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྙིང་པོས་བསྒྱུར། བནྡེ་དཔ་ལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། ་