CLOSE WINDOW

Ty041-008: khams mang po'i mdo
Wyliee-texts produced with BDRC’s OCR application

ལས་འགྱུར་བའི་བརྡ་རྙིང་པར་སྣང་། རྒྱ་གར་སྐད་དུ། བ་ཧུདྷཱ་ཏུ་ཀ་སཱུ་ཏྲ། བོད་སྐད་དུ། ཁམས་མང་པོའི་མདོ། འཇམ་དཔལ་གཞོན་ནུ། ་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ། ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་། ་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ།། ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེད་ནང་དུ་ཡང་དག་པར་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིག་པ་གང་། ་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི།། མཁས་པ་ལས་ནི་མ་ལགས་སོ།། ཡམས་ཀྱི་ནད་གང་དག་དག་དང་། གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང ་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་ནི་མ་ཡིན་ནོ་སྙམ་མོ།། ཀུན་དགའ་བོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། དཔེར་ན་འདམ་བུ་སྐམ་པོའི་ཁང་པ་འམ། རྩཝ་སྐམ། ་པོའི་ཁོང་པ་འམ། སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན། དེ་རྣམས་ཀྱང་ཚིག་པར་བྱེད་དོ།། དེ་བཞིན་དུ་འཇིགས་པ་གང་དག་འབྱུང་ཞིང་། སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི།། མཁས ་པལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི།། མཁས་པ་ལས་ནི་མ་ཡིན་ནོ།། ་ཀུན་དགའ་བོ་འདས་པའི་དུས་སུ་འཇིག་པ་གང་དག་འབྱུང་ཞིང་སྐྱེས་པ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེས་ཀྱི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དག་ད ་ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེས་ཀྱི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་མ་འོངས་པའི་དུས་སུ། འཇིགས་པ་གང་དག་སྐྱེ ་བར་འགྱུར་བ་དེ་དག་ཀྱི་འང་ནི་བྱིས་པ་ལས་སྐྱེས་པར་འགྱུར་གྱི། མཁས་པ་ལས་ནི་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་། ་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི།། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་འཇིག་པ ་དང་བཅས་པ་ནི་བྱིས་པའོ།། འཇིགས་པ་མེད་པ་ནི་མཁས་པའོ།། ཡམས་ཀྱི་ནད་དང་བཅས་པ་ནི་བྱིས་པའོ།། ཡམས་ཀྱི་ནད་མེད་པ་ནི་མཁས་པའོ།། གནོད་པ་དང ་བཅས་པ་ནི་བྱིས་པའོ།། གནོད་པ་མེད་པ་ནི་མཁས་པའོ།། ནད་འགོ་བ་དང་བཅས་པ་ནི་བྱིས་པའོ།། ནད་འགོ་བ་མེད་པ་ནི་མཁས་པའོ།། འཁྲུག་པ་དང་བཅས་པ་ནི་བྱིས་པའོ།། འཁྲུག་པ་མེད་པ་ནི་མཁས ་པའོ།། ཀུན་དགའ་བོ་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དག་ནི་བྱིས་པ་ཡིན་གྱི། མཁས་པ་ནི་མ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་དེ་ལྟ་བས་ན ་བྱིས་པའི་ཆོས་དང་། མཁས་པའི་ཆོས་ཁོང་དུ་ཆུད་པར་བྱའོ།། བྱིས་པའི་ཆོས་དང་། མཁས་པའི་ཆོས་དག་ཀྱང་ཁོང་དུ་ཆུད་ནས་ཀྱང་བྱིས་པའི་ཆོས་ནི་སྤང་བར་བྱའི།། མཁས་པའི་ཆེས་ནི་ཡང་དག་པར་བླང ་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བསླབ་པར་བྱའོ།། བཙུན་པ་ཇི་ཙམ་གྱིས་ན། བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་བྱིས་པ་ནི་ཁམས་ལ་མཁས་པ་མ་ཡིན་པ ་དང་རྡོ་སྐྱེ་མཆེད་ལ་མཁས་པ་མ་ཡིན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་མ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་ས་བྱིས་པ་ཞེས་བྱ ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་མཆིས་པ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམ་སེ་ལ་མཁས་པ་དང་། ཀྱེ་མཆེད་ལ་མཁས་པ ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། སནས་དངས་ནས་མ་ཡིན་པ་ཐམཁས་པཡིན་ཏེ། ཀུན་དག་བུ་ཚམ་གྱིས་ན། མཁས་པམཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཅུ་བཛིན ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་པོ།། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི ་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། འོའི་ཁམས་དང་། ལྕེའི་རྣམ ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམ་དག ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁམས་བཅོ་བརྒྱད་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་སའི་ཁམས་དང་། ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཡང་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང ་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། ་གནོད་སེམས་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས ་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་དྲུག་པོ་བདེ་བའི་ཁམས་དང་། སྡུག་བསྔལ་གྱི་ཁམས་དང་། ཡིད་བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། ་མ་རིག་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། དེ་ལྟར་ན་ཁམས་དྲུག་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་བཞི་པོ་ཚོར་བའི་ཁམས་དང་། ་འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་འདོད་པའི་ཁམས་དང་། གཟུགས ་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག ་པའི་ཁམས་དག་ཡང་དགུ་པ་ཇི་ལྟབ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་འདས་པའི་ཁམས་དང་། མའོངས་པའི་ཁམས་དང་། དབྱར་བྱུང་བའི་ཁམས་དག་འ་ངས་པ་འིཿ། ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གསུམ་པོ་དམན་པོ་མན་པའི་ཁམས་དང་། བར་མའི་ཁམས་དང་། གྱ་ནོམ་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཛོ་ནི ་མན་མོ།། གའན་ས་སེམས་གསས་པ་ནས་འི་ཁམས་དང་། མེ་གེ་བའི་ཁམས་དུང། ཡང་དུམ་བསྟན་པའི་ཁམས་དས་པ་པ་སྙེན་ཤེས་ཤིང་མམྱེད་བ་སྟི་ས། ཀའས་པ། ་གསུམ་པོ་སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན།། མི་སློབ་པ་ཡང་མ་ཡིན་པའི་ཁམས་དྲག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གསན་མང་ཁམ ་གཉིས་པོ་ཟག་པ་དང་བཅས་པའི་ཁམས།། ཟག་པ་མེད་པའི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། གཞན་ཡང་ཁམས་གཉིས་པོ་འདུས་བྱས་ཀྱི་ཁམས་དང་། འདུས་ན་བྱས ་ཀྱི་ཁམས་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། ཀུན་དགའ་བོ་དེ་ཙམ་གྱིས་ན། མཁས་པ་ཁམས་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ་སྐྱེ་མཆེད་ལ ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི། སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆོད་དང་། དྲིའི།། ་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རིག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། ་ཀུན་དགའ་བོ་དེ་ཙམ་གྱིས་ན། མཁས་པ་སྐྱེ་མཆེད་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་མཁས་པ་ལགས། ཀུན་དགའ་བོ་མཁས་པ་ནི། རྟེན་ཅིང ་འབྲེལ་པར་འབྱུང་བ་འདི་ཉིད་ལུགས་བཞིན་འབྱུང་བ་དང་། ལུག་སུལ་སུ་བཟློག་པ་འདི་ལྟ་སྟེ། འདི་ལྟར་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་རིག ་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། ་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔག་འདོན ་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་། འདི་འགག་པས་འདི།། ་འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགག་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པོ་འགག་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགག་པས། ་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ་འཁྲུག་པ་དག་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་ཇི་ཙམ་གྱིས་ན། མཁས་པ་རྟེན་ཅི། ་འབྲེལ་བར་འབྱུང་བ་ལ་མཁས་པ་ཡིན་ནོ།། བཙུན་པ་ཇི་ཙམ་གྱིས་ན། མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ལྕགས་ཀུན་དགའ་བོ་མཁས་པ་ནི་གནས་ལས་གནས་དང་། གནས ་མ་ཡིན་པ་ལས་གནས་མ་ཡིན་པ་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ནོ།། ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས ་ཡིན་ཏེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། ཀུན་དགའ་བོ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང ་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་མ་ཡིན་པ་དང་། སྡུག་པ་མ་ཡིན་པ་དང་། དགའ་བ་མ་ཡིན་པ་དང་། ཡིད་དུ་འོང་བ་མ་ཡིན་པ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི། ་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གདུ་ལུས་ཀྱིས་ལེགས་པར་སྦྱང་བ་དང་། དགུ་དང་ཡི་ཀྱིས་འགས་པར་སྤྱད་པའི་རྣམ་དུར་ཕྱིན་པ་དོད་པ་དང་། ཕྲུ ་དང་། དགའ་བ་དང་། ཡིད་དུ་འོང་བ་དག་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ནིང་གོ་སྐབས་མེད་པ་ནི། གྲོང་ལུས་ཀྱིས་ཉེས་པར་སྤྱད་སྤྱད ་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེན་དེས་ལུས་ཞི་གནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། ་གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལྡོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི། ་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང ་རྐྱེན་དེས་ལུས་ཞིག་ནས། ཤི་ཕན་ཆད་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གོནས་ཡིན་ཏེ། གང་ལུས ་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེན་དེས་ལུས་ཞོག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་འདི།། ་ནི་གནས་ཡིན་མོ།། གནས་མ་ཡིན་མེད་གོ་སྐབས་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་ཆེན་དུ་གང་སྟེ་ཕྱི་མེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ་གང་གཅིག་དྷཱ ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་མིང་གོ་སྐབས་མེད་པ་ནི་འཁོར་ལོས་སྒྱུར་བ་གཉིས་གཉིས་འཇིག་རྟེན་དུ་གང་སྡེ་ཕྱི་མེང་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་དོ་ན ་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། གང་བུད་མེད་འཁོར་ལོས་སྒྱུར་བའི་རྒྱད་སྲིད་དང་། བརྒྱ་བྱིན་ཉོད་དང་། ཚངས་པ་ཉིད་དང་། བདུད་ཉིད་བྱེད་པར་འགྱུར་བ་དང་།། ར་བྱུང ་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སྐྱེས་པ ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་ཕ་དང་། མ་དང་། དགྲ་བཅོམ་པ་གསོད་པར་འགྱུར་བ་དང་། དགེ ་འདུན་གྱི་དབྱེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་ནི་གནསུམ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང་ཡིན་པའོ།། ་གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་འགྱུར་བ་དང་། བསླབ་པ་བཏང་ནས་ཉམས་པ་ལ་འཇུག་པར ་འགྱུར་བ་དང་། འདི་ལ་ལ་རྒྱ་རོལ་པ་གཞན་དགའ་སོ་ན་གནསས་རློམ་བུར་འགྱུར་བ་དང་། འདི་ལས་པ་གཞན་དགུ་ལ་སྟོན་པ་ཏ་བར་གྱུར་དང་། དགེ་ན། ་དང་བཀྲ་ཤིས་དག་གིས་དག་པར་ཡིད་ཆེས་པར་འགྱུར་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དག་ཤེས་པར་བྱ་བ་ལ་ཤེས་ཤིང་བལྟ་བར་བྱ་བ་མཐོང་ངོ་སྙམ་ནས། དགེ་སྦྱོང ་དང་བྲམ་ཟེ་གཞན་དག་གི་ངོར་རྟོག་ཅིང་ངོར་ལྟ་བར་འགྱུར་བ་དང་། སྲིད་པ་བརྒྱད་པ་མངོན་པར་བསྒྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང ་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས ་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞུག་ནས་གནས་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན། ་ཏེ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ ་པོ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་ནས་གནས་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི་སེམས་ཀུན ་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་ངའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མྱི་འགྱུར་བ་གླང་སྒྲིབ་པ་ལྔ་པོ་མ་སྦངས་པས་ནི། དྲན་པ་ཉེ་བར ་གཞག་པ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞག་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ་ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན ་ཏུ་ཉེ་བར་བནག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལོག་བདུན་སྒོམ་པར་འགྱུར་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མེད་པ་ནི། སེམས་ཀུན་ནས་ཉོན་མོངས་པར ་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། རྒུད་པའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདས་པར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་མ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ ་བཞི་དག་ལ་སེམས་ཤིན་ཏུ་ཉེ་བར་བཞིག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་སྟེ། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར ་བྱེད་པ་དང་། རྒུང་བའི་ཕྱོགས་སུ་གྱུར་པ་དང་། མྱ་ངན་ལས་འདའ་བར་མི་འགྱུར་བ་གང་སྒྲིབ་པ་ལྔ་པོ་སྤངས་པས་ནི། དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ཤིན། ་ཏུ་ཉེ་བར་བཞག་ནས་གནས་པ་ན། བྱང་ཆུབ་ཀྱི་ཡན་ལག་སྒོམ་སྟེ། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང ་རྒྱུ་བར་འགྱུར་བ་འདི་ནི་གནས་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན། མཁས་པ་གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ནོ།། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།། ་འདི་ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ལེའུ་བཞི་པ་ཞེས་བྱ་བར་ཡང་ཟུང་ཞིག། ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཡང་ཟུང་ཞིག། བདུད་རྩིའི་རྔ་བོ་ཆེ་ཞེས ་བྱ་བར་ཡང་ཟུང་ཞིག། ཁམས་མང་པོ་པ་ཞེས་བྱ་བར་ཡང་ཟུང་ཞིག། དེ་བས་ན་ཁམས་མང་པོ་ཞེས་བྱ་བ་ནི། ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་ཡིན་ནོ།། ཁམས་མང་པོ་ཞེས་བྱ།། ་བའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་པྲ་ཏི་བ་མི་བ། པྲ་ཏིཥྛ་ཨ་ནུ་ཤངས་སམ་བརྣ་ནཱ་མ་དྷརྨ་པརྱ་ཡ། བོད ་