| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་མཎྜལ་གན་ནམ་མ་གཡན ་ན་།། ་བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ ་ད། ཀི་ནྡུརྲ། ཀྲ། ཏྲ། \ུ0f89\ུ0f4་ཀྲ་ཀྲ་རཱ་ན་ཏྲེ། ཐི་རྱ།། ་སངས་རྒྱས་དང་། ་། ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག ་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ནུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགྲོན ་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སྦྱོང་གི་དགེ་འདུན་ཆེན་པོ་དང ་ཐབས་ཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་ལ་འདི་ལྟ་སྟེ། བྱང་ཆུབ ་སེསེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྒྲ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཕམ་པ་དང་། ་ངག་མཆོག་དང་། བློ་གྲོས་མཐའ་ཡས་དང་། དྲི་མེད་སྙིང་པོ་དང་། ཡེ་ཤེས་རྒྱལ་པོ་དང་། མཐའ་ཡས་སྡེ་དང་། ་ཡེ་ཤེས་སྣང་བ་དང་། ཡེ་ཤེས་སྒྲོན་མ་དང་། ཤེས་རབ་སྣང་བ་དང་། ཚངས་པས་བྱིན་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་དང་། དེ་དག་དང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དབང་ཆེ་བ། དབང་ཆེ་བར་གྲགས་པ་ཤ་སྟག་དང་ཡང་ཐབས་ཅིག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང ་#། ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི ་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ཤིན་ཏུ་ཡོངས་བསྒྲགས་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མཐོང་དགའ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚེ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་མེད་པ་ཞེས་བྱ་བ་ཡོད་དེ ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། ་ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པའི་ཚོགས་ཞེས་བྱ ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏིག་གི་རྒྱལ་མཚན་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས ་ཀྱང་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གདྷཱའི་ཀླུང་ལྔའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྡུལ་བྲལ་སྣ་ཚོགས་ཞེས་བྱ་བ ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་པ་སྣང་བའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་པདྨའི་ཀླུང་དྲུག་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་བསླུ་བ་མེད་པ་ཞེས་བྱ་བ་ཡོད ་དེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་པར་རྟོན་པའི་དཔལ་ཞེས་བྱ་བ་ལྟར་ཡང་བཞུགས་ཏེ། འཚོ་ནིང་གནས། ་ལ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་པངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་གྱི་ཚོགས་ཞེས་བྱ་བ ་ཡོད་དེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རྣམ་པར་གནོན་པས་བཞུད་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང ་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒེའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པ་རི་དབང་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚེ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤཱ། ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱད་པོ་དེ་དག་གི་སངས་རྒྱས་ཀྱི་ཞིང་དག་ནི་ཡོངས་སུ་དག་པ་སྟེ། བུད་མེད་མེད་དོ།། སྙིགས་མ་ལྔ་མེད་དོ།། ཤཱ་རིའི་བུ ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས་པ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱད་པོ་དེ་དག་གི་མཚན་ཐོས ་ནས། ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། འཇུག་པར་བྱེད་ཅིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ནུ། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་སེམས ་ཅན་དམྱལ་བར་འགྲོ་བའམ། དུད་འགྲོའི་སྐྱེ་གནོས་སམ། མི་དགས་ཀྱི་ཡུལ་ལམ། ལྷ་མ་ཡིན་རྣམས་ཀྱི་ནང་དུ་འགྲོ་བར་འགྱུར་བ་དེའི་གནས་མེད་དེ། གཽ་སྐབས་མ་ཡིན་ནོ།། མི་ལོམ་པ་རྣམས ་སུ་སྐྱེ་བ་དེའི་གནས་མེད་དོ།། ཤཱ་རིའི་བུ་བུད་མེད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས། བླངས་ཤིང་བཟུང་ལ། བཀླགས ་ཤིང་ཀུན་ཆུབ་པར་བྱས་ཏེ། འཇུག་པར་བྱས་ཤིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ན། ཤཱ་རིའི་བུ་དེ་བུད་མེད་ཀྱི་དངོས་པོ་ལན་གཉིས་ལེན་པའི་གནས་དེ་མེད་ཅིང་གོ་སྐབ་མ ་ཡིན་ཏེ། དེའི་གནས་མེད་དོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས་པ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས། བླངས་ཤིང་བཟུང་ལ། བཀླགས་ཤིང་ཀུན་ཆུབ་པར་བྱས་ཏེ། འཇུག་པར་བྱས་ཤིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་ལ ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ཆ་ལས་འཇིགས་པ་མི་འབྱུང་བར་ཤེས ་པར་བྱའོ།། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག ་པའི་སངས་རྒྱས་དེ་དག་གི་མཚན་བརྗོད་དེ། ནུབ་མོ་སྲོད་ལ་ཉལ་ན་དེ་བདེ་བར་གཉིད་ཀྱིས་ལྡོག་པར་འགྱུར།། བདེ་བར་སད་པར་འགྱུར་ཞིང་། སྡིག་པ་ཅན་གྱི་རྨི་ལམ་རྨི་བར་མི་འགྱུར་ཏེ། དེ་གཉིད་ཀྱིས་ལོག ་པ་ན་ཡང་ལྷ་རྣམས་སྲུང་བར་འགྱུར་རོ།། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་བརྗོད་ནས། མཚན་མོ་ཐོ་རངས་འཇིག་རྟེན་པའི་བྱ་བ་རྣམས་རྩོམ་ན། འཕེལ་བ་ཉིས་དུ་འགྱུར་གྱི། འགྲིབ་པར་མི་འགྱུར་རོ།། ཤཱ་རིའི་བུ་རིགས་ཀྱི་བུ ་འམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ཐོས་ནས། ལེན་ཅིང་འཛིན་ལ ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། འཇུག་པར་བྱེད་ཅིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་ནམ་ཡང་མངོན་པར་ཤེས་པ་དང་བྲལ་བར་མི ་འགྱུར། ནམ་ཡང་གཟུངས་དང་བྲལ་བར་མི་འགྱུར། ནམ་ཡང་དབང་པོ་མ་ཚང་བར་མི་འགྱུར། ནམ་ཡང་མཚན་དང་བྲལ་བར་མི་འགྱུར། ནམ་ཡང་ཤེས་རབ་ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར། ་ནམ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་བྲལ་བར་མི་འགྱུར་རོ།། དེ་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་ནམ་ཡང་ཤེས་རབ་ཕུན་སུམ་ཚོགས་པ་ཤིན། ་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདྲེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། འཛི ་རྟེན་མགོན་པོ་འདི་དག་གི། མཚན་རྣམས་མི་གང་འཛིན་བྱེད་པ།། དེ་ནི་ངན་འགྲོ་ཀུན་བཟློགས་ནས།། རིང་པོར་མི་ཐོགས་བདེ་འགྲོར་འགྲོ།། རྫོགས་པའི་སངས་རྒྱས་མཉེས་པར་བྱེད།། དེ་ཡི་སེམས་ནི་དང་བར ་འགྱུར།། རྟག་ཏུ་འཇིག་རྟེན་མགོན་མཐོང་ནས།། མཆོད་པ་དམ་པ་བྱེད་པར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། བསྐལ་པ་བྱེ་བ་གྲངས་མེད་དུ།། དེ་ནི་འདུ་བའི་སྒོ་རྙེད་ཅིང་།། དེ་ནི་རྟག་ཏུ་བཀུར ་བར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། བསྐལ་པ་བྱེ་བ་གྲངས་མེད་དུ།། ལྷ་རྣམས་ཀྱིས་ནི་རྟག་ཏུ་མཆོད།། མྱུར་དུ་བྱང་ཆུབ་འཚང་རྒྱར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། དེ། ་ནི་ཤེས་རབ་འཆལ་པ་འམ།། བླུན་པའམ་འོན་པར་ཡོངས་མི་འགྱུར།། ཀུན་ཏུ་སངས་རྒྱས་མཐོང་བར་འགྱུར།། སངས་རྒྱས་རྣམས་ཀྱི་མཚན་འཛིན་པ།། དེ་ལ་ལྷ་ཀླུ་གནོད་སྦྱིན་དང་།། གསང་བ་ལྷ་དང་ལྷ་མིན ་རྣམས།། ཉིན་དང་མཚན་དུ་སྲུང་བར་བྱེད།། མཚན་རྣམས་འདི་དག་འཛིན་བྱེད་པ།། དེ་ནི་གཟུགས་མཚན་ཕུན་སུམ་ཚོགས།། འབྱོར་པའི་རིགས་སུ་སྐྱེ་འགྱུར་ཞིང་།། ད་ནི་སྦྱིན་པའི་བདག་པོར ་འགྱུར།། ཐུབ་པ་རྣམས་ཀྱི་མཚན་འཛིན་པས།། བསྐལ་པ་བྱེ་བ་བརྒྱ་མང་དུ།། དེ་ཡི་ཁ་ནས་དྲི་འབྱུང་བ།། དྲི་བསུང་ཞིམ་པོ་འབྱུང་བར་འགྱུར།། ཐུབ་པ་རྣམས ་ཀྱི་མཚན་འཛིན་པ།། རྫུ་འཕྲུལ་ཆེ་ཞིང་ཡིད་གཞུངས་ལ།། འདབ་མ་བྱེ་བ་སྟོང་ལྡན་པའི།། རིན་ཆེན་པདྨར་སྐྱེ་བར་འགྱུར།། མཚན་རྣམས་འདི་དག་འཛིན་བྱེད་པ།། ཕ་དང་མ་དང་རྩ་ལག ་དང་།། སྤུན་རྣམས་ཀྱི་ནི་ཡིད་འོང་ཞིང་།། ནམ་ཡང་ཕོངས་པ་མཐོང་མི་འགྱུར།། བུད་མེད་ཀྱིས་ཀྱང་བློ་ལྡན་པ།། དེ་དག་རྣམས་ཀྱི་མཚན་ཐོས་ན།། བུད་མེད་ལུས་ལ་ཡིད་བྱུང་ནས།། མཁས ་ཤིང་སྐྱེ་བར་སྐྱེ་བར་འགྱུར།། ལུས་ཅན་ཀུན་ལ་ཕན་པའི་ཕྱིར།། མྱུར་དུ་བྱང་ཆུབ་འཚང་རྒྱ་སྟེ།། ལྷ་དང་བཅས་པའི་འཇིག་རྟེན་གྱི།། རྟེན་དང་སྐྱབས་སུ་འབྱུང་བར་འགྱུར།། དེ་ལ་མཚོན་གྱིས། ་མི་ཚུགས་ཏེ།། དུག་གིས་མི་ཚུགས་མེས་མ་ཡིན།། གཡོན་ཅན་དག་དང་ཆོམ་རྐུན་དང་།། རྒྱལ་པོའང་དེ་ལ་གནོད་མི་བྱེད།། ཐུབ་པ་རྣམས་ཀྱི་མཚན་འཛིན་པ།། དེ་ལ་སྡིག་དང་ལྡན་པའི་བདུད།། ་ནག་པོའི་རྩ་ལག་བཞོན་བཅས་པས།། གླགས་ནི་རྙེད་པར་ཡོང་མི་འགྱུར།། ཞིང་རྣམས་བྱེ་བ་བསམ་ཡས་སུ།། དེ་ནི་མཐའ་ལས་འགྲོ་འགྱུར་ཏེ།། ཕུན་སུམ་ཚོགས་པའི་ཞིང་དེར་ནི།། འཇིག་རྟེན ་མགོན་པོ་རྣམས་ལ་ལྟ།། བརྟན་པ་སངས་རྒྱས་རྣམས་མཐོང་ནས།། དད་པ་བརྟན་པོ་ཐོབ་པར་འགྱུར།། དེ་ཡི་བསམ་པ་མཁྱེན་ནས་སུ།། མི་མཆོག་རྣམས་ནི་ལུང་སྟོན་ཏོ།། ཐུབ་པ ་རྣམས་ལས་མངོན་སུམ་བདག། བྱང་ཆུབ་ལུང་བསྟན་ཐོས་ནས་སུ།། རྟག་ཏུ་དགའ་དང་ལྡན་འགྱུར་ཞིང་།། དེ་ནི་དོགས་པ་མེད་པར་འགྱུར།། མཁས་པ་གང་ཞིག་མཚན་འདི་དག། ཐོས་ནས་རབ་ཏུ། ་འཛིན་བྱེད་པ།། དེ་ནི་ཡོན་ཏན་འདི་དག་དང་།། རྒྱ་ཆེར་གཞན་ཡང་ལོས་ཀྱང་ཐོབ།། ཐུབ་པ་དྲང་སྲོང་ཆེ་གྱུར་པ།། འདི་དག་རྣམས་ཀྱི་མཚན་ཐོས་ནས།། མི་གང་མཚན་རྣམས་འཛིན་བྱེད་པ། ་རྫུ་འཕྲུལ་ཆེ་མཁས་བསོད་ནམས་འདོད།། དེ་ལྟ་བས་ན་བདག་ཉིད་ཆེ།། དེ་དག་རྣམས་ཀྱི་མཚན་ཐོས་ནས།། སྐྱེས་བུ་མཁས་པས་གཟུང་བྱ་ཞིང་།། གཞན་དག་ལ་ནི་བཤད་པར་བྱ།། བཅོམ་ལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག ་རྟེན་མི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། ་