CLOSE WINDOW

Ty040-011: bslab pa gsum gyi mdo
Wyliee-texts produced with BDRC’s OCR application

བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཤཀྵི་ཏྲ་ལ་ནཱམ་སཱུཏྲ། བོད་སྐད་དུ། བསླབ་པ་གསུམ་གྱི་མདོ་ཞེས་བྱ་བ། སངས། ་རྒྱུསཾ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་སྤོང་བྱེད་ན། ལྗོངས་རྒྱུ་ཞིང་གཤེགས་པ་དང་། གྲོང ་སྤྱིལ་བུ་ཅན་དུ་བྱོན་ཏེ། གྲོང་སྤྱིལ་བུ་ཅན་གྱི་གྲོང་གི་བྱང་ཕྱོགས་ཀྱི་ཤིང་སཱ་ལའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་དགེ་སྦྱོང་རྣམས་ལ་བཀའ་སྩལ་པོ། དགེ་སློང་དག་འདི་དག་ནི་ཚུལ་ཁྲིམས་ཡིན་ནོ།། འདི་ནི་ཏིང་ངེ་འཛིན་ནོ།། འདི་ནི་ཤེས་རབ་ཡིན་ནོ།། དགེ་སློང་དག་ཚུལ་ཁྲིམས་ལ་གོམས་པར་བྱས་ན། ཏིང ་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ།། ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་ཐོབ་པར་འགྱུར་རོ།། ཤེས་རབས་གོམས་པར་བྱས་ན། འདི་ལྟ་སྟེ། འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་དག་ལས། སེམས་ཡང་དག་པ་ཁོ་ནྡར་རྣམ་པར་གྲོལ་བར་འགྱུར་རོ།། དེ་ལྟར་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པའི་ཉན་ཐོས་ཀྱིས་ནི། བདག ་གི་ཟག་པ་འདི་ཟད་དོ།། ཚངས་པར་སྤྱོད་པ་ནི་བསྟེན་ཏོ།། བྱ་བ་ནི་བྱས་སོ།། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཁོ་ནར་ཤེས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད ་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བསླབ་པ་གསུམ་གྱི་མདོ་རྫོགས་སོ།། ་རྒྱ་གར་སྐད་དུ། ཨཱརྱ་ཀཱ་ཡ་ཏྲི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྐུ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ ་