CLOSE WINDOW

Ty040-010: 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྙིང་བསྐད་གསར་གྱིས་མ་བཅོས་པར་སྣང་།། བོད་སྐད་དུ། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན། ་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དག་ལ ་ཆོས་སྟོན་པར་མཛད་དོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སེམས་ཅན་རྣམས་ཀྱི་ཆེད་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་ན ་རྣམ་པ་གཅིག་ཏུ་མིར་སྐྱེས་པ་མཚུངས་པ་ལ། ཁ་ཅིག་ནི་སྡུག་ཅིང་། ཁ་ཅིག་ནི་བྱང་བཞིན་མི་སྡུག་པ་དང་། ཁ་ཅིག་ནི་དཔའ་ཞིང་། ཁ་ཅིག་ནི་ཞན་པ་དང་། ཁ་ཅིག་ནི་དབུལ་ཞིང་། ཁ ་ཅིག་ནི་ཕྱུག་པ་དང་། ཁ་ཅིག་ནི་སྡུག་བསྔལ་ཞིང་ཁ་ཅིག་ནི་བདེ་བ་དང་ལྡན་པ་དང་། ཁ་ཅིག་ན་ཡ་རབས་སུ་གྱུར་ཅིང་། ཁ་ཅིག་ནི་མ་རབས་སུ་གྱུར་ཏེ། སྒྲ་དབྱངས་མི་མཚུངས་ཤིང་། ་སྐད་ཐ་དད་པར་གྱུར་པ་དང་། ཁ་ཅིག་ནི་ལོ་བརྒྱར་ལོན་ཀྱང་འཆི་བར་མི་འགྱུར་ལ། ཁ་ཅིག་ནི་ལོ་སུམ་ཅུ་ལོན་ནས་སྔར་འགུམ་པ་དང་། ཁ་ཅིག་ནི་ལོ་བཅོ་ལྔ་ལོན་ནས་གློ་བུར་དུ་འཆི་བ་དང ་ཁ་ཅིག་ནི་མའི་མངལ་ཉིད་དུ་འགུམ་པ་དང་། ཁ་ཅིག་ནི་བྱང་བཞིན་སྡུག་ཅིང་མཛེས་པ་དང་། ཁ་ཅིག་ནི་དབུལ་ཞིང་མ་རབས་སུ་གྱུར་ལ་བྱང་བཞིན་མི་སྡུག་པ་དང་། ཁ ་ཅིག་ནི་ཕྱུག་ཅིང་ཡ་རབས་སུ་སྐྱེ་བ་དང་། ཁ་ཅིག་ནི་དཔའ་ཞིང་དབར་གྱུར་ལ་ཁ་ཅིག་ནི་ཞན་ཅིང་རིགས་མཐོན་པོར་སྐྱེས་པ་དང་། ཁ་ཅིག་སྡུག་བསྔལ་ཞིང་ཚེ་རིང་བ། ཁ་ཅིག་ནི ་བདེ་ཞིང་ཚེ་ཐུང་བ་དང་། ཁ་ཅིག་ནི་དགེ་བ་སྤྱད་ཀྱང་། ནོངས་སྐྱོན་དང་བཅས་པར་འགྱུར་ལ། ཁ་ཅིག་ནི་སྡིག་པ་བགྱིས་ཀྱང་བསོད་ནམས་ཀྱི་ཕན་ཡོན་ཐོབ་པ་དང་། ཁ་ཅིག་ནི་འཚོ་ཞིང་དཀར ་ཡང་མིག་ཡ་ཡོར་འགྱུར་ཅིང་མི་གསལ་ལ། ཁེ་ཅིག་ནི་སྔོ་ཞིང་གནོག་ཀྱང་མངའ་བྱད་དང་ལྡན་པ་དང་། ཁ་ཅིག་ནི་ཐུང་ཡང་སེམས་རྩལ་དང་ལྡན་པ་དང་། ཁ་ཅིག་ནི་རིང་ཞིང་བོང་ཆེ་ཡང་གཞན་དག། ་གི་གཡོག་བགྱིད་པ་དང་། ཁ་ཅིག་ནི་བུ་ཚ་མང་ལ། ཁ་ཅིག་ནི་གཅིག་པུ་གནས་པ་དང་། ཁ་ཅིག་ནི་སླད་རོལ་དུ་རྒྱུ་ཞིང་བཀྲེས་པ་དང་གྲང་བ་དག་གིས་ཉེན་པར་འགྱུར། ཁ་ཅིག་ནི་ཁྱིམ་ན་གནས ་ཀྱང་གོས་པས་དག་ལ་དགའ་འབྱོར་པ་དང་། ཁ་ཅིག་ནི་གཞོན་པའི་ཚེ་དབུལ་ཞིང་འཕོངས་ལ་རྒས་པའི་ཚེ་གདོད་ཕྱུག་པོར་འགྱུར་བ་དང་། ཁ་ཅིག་ནི་ལུས་མ་མཆིས་བཞིན་དུ་ཡང་། ནོངས ་པ་མ་མཆིས་པར་ནན་གྱིས་གོ་རར་སྩལ་བ་དང་། ཁ་ཅིག་ནི་ཕ་མ་ཡང་སྙིང་རྗེ་དང་ལྡན་པ་བུ་ཡང་སྲི་ཞུ་ཆེ་ཞིང་མདོ་སྡེ་དང་གཙུག་ལག་གི་དོན་གླེང་བར་བགྱིད་ལ་ཁ་ཅིག་ནི་ཕོ་ནུ་སོ་སོར ་ཕྱེ་ནས་འཐབ་ཅིང་རྩོད་པར་བགྱིད་པ་དང་། ཁ་ཅིག་ནི་ཁང་ཁྱིམ་དགྲ་བརྩིགས་ནས་འབྱོར་པ་སྣ་ཚོགས་དང་ལྡན་པ། ཁ་ཅིག་ནི་ཁང་ཁྱིམ་མ་མཆིས་པས་གཞན་དག་ལ་རྟེན་པ་དང་། ཁ་ཅིག་ནི་བྱ། ་འདབ་ཆགས་བཞིན་དུ་ཤིང་དང་ཐུང་ལ་གནས་པ་དང་། ཁ་ཅིག་ནི་གཅན་གཟན་གྱི་རྣམ་པ་དང་མཚུངས་ཤིང་སྤུའི་གོས་དང་ལྡན་པ་ཟས་སུ་རྩ་འཚལ་ཞིང་ཁྲག་འཐུང་བ་དང་། ཁ་ཅིག་ནི་ཡེ ་གེ་མ་འཚལ་བ་དང་། ཁ་ཅིག་ནི་ཅི་ཡང་མ་བགྱིས་པར་བདེན་པར་རྣམ་པར་སྨིན་པ་མྱོང་བར་འགྱུར་ལ། ཁ་ཅིག་ནི་སླ་བར་བགྱིད་པའི་གནས་ཀྱང་མི་རྙེད་པ་དང་། ཁ་ཅིག་ནི་དབང་པོ་གསལ་བས ་ཤེས་པ་དང་ལྡན་ལ། ཁ་ཅིག་ནི་དབང་པོ་མི་གསལ་བས་ཤེས་པ་དང་མི་ལྡན་པ་དང་། ཁ་ཅིག་ནི་བཙལ་ན་གདོད་ཐོབ་པར་འགྱུར་ལ། ཁ་ཅིག་ནི་མ་བཙལ་བར་ཡང་རྙེད་པར་འགྱུར་བ་དང་། ་ཁ་ཅིག་ནི་ཕྱུག་ཀྱང་སེར་སྣ་ཆེ་ལ། ཁ་ཅིག་ནི་དབུལ་པོར་གྱུར་ཀྱང་གཏོང་བ་ལ་དགའ་བ་དང་། ཁ་ཅིག་ནི་ཚིག་སྨྲས་པ་རྣམས་མཉེན་ཞིང་དེས་ལ། ཁ་ཅིག་ནི་ཚིག་སྨྲས་པ་རྣམས་གཏུམ་ཞིང ་བརླང་བ་དང་། ཁ་ཅིག་ནི་མང་པོ་ཀུན་གྱིས་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་ལ། ཁ་ཅིག་ནི་མང་པོ་ཀུན་གྱིས་ཐེག་རིང་དུ་སྤོང་བར་བགྱིད་པ་དང་། ཁ་ཅིག་ནི་བྱམས་པའི་སེམས་ཀྱིས་སྲོག ་ཆགས་གསོ་བར་བགྱིད་ལག་ཁ་ཅིག་ནི་སྲོག་ཆགས་དཔག་ཏུ་མ་མཆིས་པ་དག་གསོད་པར་བགྱིད་པ་དང་། ཁ་ཅིག་ནི་ཡངས་པ་མང་པོ་ཀུན་གྱིས་ཡིད་དུ་མཆིས་པར་འགྱུར་ལ། ཁ་ཅིག་ནི་གཞན ་དག་གིས་སྤོང་བར་བགྱིད་པ་དང་། ཁ་ཅིག་ནི་ཆུང་མ་དང་གྱོས་སྐྱུག་ལ་སོགས་པས་སྣང་བར་འགྱུར་ལ། ཁ་ཅིག་ནི་གཉེན་བཤེས་ཀུན་དགའ་བར་འགྱུར་བ་དང་། ཁ་ཅིག་ནི ་ཆོས་ཀྱི་ཚིག་མཉན་པར་དགའ་བ་དང་། ཁ་ཅིག་ནི་མདོ་སྡེ་ཐོས་ནས་གཉིད་ལོག་བགྱིད་པ་དང་། ཁ་ཅིག་ནི་དཔའ་ཞིང་རྩལ་དང་ལྡན་ཡང་ཞེས་མ་མཆིས་ལ། ཁ་ཅིག་ནི་ཚིག་འབྲུ་དང་དོན་དག་ལ ་སློབ་པར་མོས་པ་དང་། ཁ་ཅིག་ནི་དུད་འགྲོའི་དབྱིབས་ཐ་དད་པ་སྣ་ཚོགས་བགྱིས་པ་དག་གདའ་ན། བཅོམ་ལྡན་འདས་དེ་དག་གི་འབྲས་བུ་གང་ལགས་པ་རྒྱ་ཆེར་བཀས་བཤད་དུ་གསོལ ་འཁོར་མང་པོ་རྣམས་ཀྱིས་ཐོས་ཤིང་རྟོགས་པར་འགྱུར་ལ། སེམས་རྩེ་གཅིག་ཏུ་དགེ་བ་ལ་གཞོལ་བར་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས ་ཇི་སྐད་དྲིས་པ་དེ་དེ་བཞིན་ཏེ། རྣམ་པར་སྨིན་པ་མྱོང་བར་མི་མཚུངས་པར་གྱུར་པ་དེ་དག་ཐམས་ཅད་ནི། ཚེ་རབས་སྔ་མ་དག་ལ་སེམས་ཅན་སྤྱོད་པ་མི་མཉམ་པའི་དབང་བགྱིས་ན། ཐ་དད་པའི་བྱེ ་བྲག་བརྒྱ་སྟོང་མང་པོ་མྱོང་བར་གྱུར་པ་ཡིན་ཏེ། ཚེ་འདི་ལ་བྱད་བཞིན་སྡུག་པ་གང་ཡིན་པ་དེ་ནི།། བཟོད་པ་དང་དུ་བླངས་པ་ལས་འོངས་པ་ཡིན་ནོ།། བྱད་མི་སྡུག་པ་གང་ཡིན་པ་དེ་ནི། ཁོང་ཁྲོ་བ་ལས ་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི། སེར་སྣ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི། སྦྱིན་པ་བཏང་བ་ལས་འོངས ་པ་ཡིན་ནོ།། ཡ་རབས་མཐོན་པོར་གྱུར་པ་གང་ཡིན་པ་དེ་ནི། གཞན་དག་ལ་གུས་པར་ཕྱག་བྱས་པ་ལས་འོངས་པ་ཡིན་ནོ།། མ་རབས་སུ་གྱུར་པ་གང་ཡིན་པ་དེ་ནི། ང་རྒྱལ་བྱས་པ་ལས་འོངས་པ་ཡིན།། ་ནོ་མིར་གྱུར་ཀྱང་ལུས་རིང་ཞིང་བོང་ཆེ་བ་གང་ཡིན་པ་དེ་ནི། གུས་པས་བཀུར་སྟི་བྱས་པ་ལས་འོངས་པ་ཡིན་ནོ།། ལུས་ཐུང་ངུ་གང་ཡིན་པ་དེ་ནི། ཆོས་ལ་བརྙས་པ་ལས་འོངས་པ་ཡིན་ནོ།། ་མིར་གྱུར་ཀྱང་བཀའ་བློ་མི་བདེ་གང་ཡིན་པ་དེ་ནི། སྔོན་ལུག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མནག་ཅིང་རིང་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྣང་བ་བསྒྲིབས་པ ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཆུ་མི་སྡུག་པ་གང་ཡིན་པ་དེ་ནི། མཆོད་རྟེན་གྱི་ཟླས་མྱངས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མིག་དམར་བ་གང་ཡིན་པ་དེ་ནི། མེའི་སེར་སྣ ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མིག་མི་གསལ་བ་གང་ཡིན་པ་དེ་ནི། ཁྭའི་མིག་བྲུས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལྐུགས་པ་གང་ཡིན་པ་དེ་ནི། ཆོས་ལ་སྐུར་པ་བཏབ ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འོན་པ་གང་ཡིན་པ་དེ་ནི།། ཆོས་ཐོས་པར་མི་དགའ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སོ་རྣོན་པོར་གྱུར་པ་གང་ཡིན་པ་དེ་ནི། ཉའི་རུས་པ་འཆའ ་ཞིང་ཤ་ཟ་བར་མངོན་པར་དགའ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སྣ་དགྱེ་བོར་གྱུར་པ་གང་ཡིན་པ་དེ་ནི། དྲི་མི་ཞིམ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ལས་འོངས་པ་ཡིན་ནོ།། ་མིར་གྱུར་ཀྱང་ཆུ་ཤོ་རར་གྱུར་པ་གང་ཡིན་པ་དེ་ནི། ཉའི་འགྲམ་པ་ཕུག་པ་དག་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་སྐྲ་སེར་པོར་གྱུར་པ་གང་ཡིན་པ་དེ་ནི། ཕག་གི་སྤུ་བཏོག། ་པ་ལས་འོངས་པ་ཡིན་ནོ།། མི་གྱུར་ཀྱང་རྣ་བ་རལ་བ་གང་ཡིན་པ་དེ་ནི། གཞན་དག་གི་རྣ་བ་ཕུག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་ཤ་བྲུར་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི། གོས ་ཡང་ཞིང་སྲབ་པ་དག་བགོས་ནས། དེ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་འོངས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི། དེ་བཞིན ་གཤེགས་པའི་སྐུ་གཟུགས་ཁྱམས་ངག་གི་འོག་ཏུ་བཞག་ནས་དུད་པས་བདུག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྐང་ལག་ཞ་བོར་གྱུར་པ་གང་ཡིན་པ་དེ་ནི། མཁན་པོ་དང་བླ་མ་རྣམས ་མཐོང་ཡང་ལྡང་བ་མེད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་སྒུར་པོར་གྱུར་པ་གང་ཡིན་པ་དེ་ནི། གོས་ཡང་ཞིང་སྲབ་པ་དག་བགོས་ནས། ཕན་ཚུན་དུ་འགྲོ་བའི་ཚེ། དེ་བཞིན་གཤེགས་པའི ་སྐུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དཔྲལ་བ་མི་སྡུག་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའི་ཚེ་ཕྱག་ཀྱང་མི་བྱེད་ལ་ལག་པས་དཔྲལ ་བར་གངབས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་གཉའ་བ་ཐུང་བ་གང་ཡིན་པ་དེ་ནི། བླ་མ་དག་མཐོང་ནས་མགོ་སྦས་ཏེ་ཟོས་ནས་འབྱོལ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྟག ་བར་སྙིང་ངན་པ་གང་ཡིན་པ་དེ་ནི། སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་མཛེ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི་ཉེས་པ་མེད་པར་གཞ། ་དག་ནི་ནོར་བླངས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དབུགས་ཐུང་བ་གང་ཡིན་པ་དེ་ནི། དགུན་གྲང་བའི་དུས་ཀྱི་ཚེ། གཞན་དག་ལ་ཟས་གྲང་མོ་དག་བྱིན་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར ་ཀྱང་བུ་ཁྱེའུ་དང་བུ་མོ་མེད་པར་གྱུར་པ་གང་ཡིན་པ་དེ་ནིབྱ་མང་པོ་དག་གི་ཕྲུག་གུ་བསད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་བུ་ཚ་མང་བ་གང་ཡིན་པ་དེ་ནི། སེམས་ཅན་གསོ་བར་དགའ་བ ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ཚེ་རིང་བ་གང་ཡིན་པ་དེ་ནི་བྱམས་པའི་སེམས་དང་ལྡན་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་ཚེ་ཐུང་བ་གང་ཡིན་པ་དེ་ནི། སྲོག་ཆགས་མང་པོ་བསད ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི། སྦྱིན་པ་བཏང་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་རྩ་དང་ཤིང་རྟ་དང་ལྡན་པ་གང་ཡིན་པ་དེ་ནི། དཀོན་མཆོག ་གསུམ་ལ་རྟ་དང་ཤིང་རྟ་ཕུལ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་དབང་པོ་གསལ་བ་གང་ཡིན་པ་དེ་ནི། མདོ་སྡེ་འདྲི་ཞིང་ཁ་ཏོན་འདོན་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དབང་པོ་མི ་གསལ་བ་གང་ཡིན་པ་དེ་ནི། དུད་འགྲོའི་གནས་ནས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཞན་གྱི་བྲན་དང་བྲན་མ་བྱེད་པ་གང་ཡིན་པ་དེ་ནི་བུ་ལོན་ཆགས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང ་མི་བརྟན་ཞིང་ཡངས་པ་གང་ཡིན་པ་དེ་ནི། སྔོན་གྱི་སྤྲེའུ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཛེནད་ཀྱིས་བཏབ་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ ་རྣམས་པར་བཤིག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྐང་ལག་འཇས་འགྲུས་སུ་གྱུར་པ་གང་ཡིན་པ་དེ་ནི། སེམས་ཅན་གྱི་རྐང་ལག་དམ་དུ་བཅིངས་པ་ལས་འོངས་པ་ཡིན་ནོ།། མིར ་གྱུར་ཀྱང་ལུས་ལ་རྨ་དང་ཤུ་བ་འབྱུང་ཞིང་ཡུན་རིང་པོར་སྨིན་དང་དཔྱད་བྱས་ཀྱང་སོས་སུ་མི་བཏུབ་པ་གང་ཡིན་པ་དེ་ནི། སེམས་ཅན་ལ་བརྡེག་བཙོག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར ་ཀྱང་རང་བཞིན་མི་བསྲུན་པ་གང་ཡིན་པ་དེ་ནི།། སྡིག་སྤྲུལ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་བསྲུངས་པ་ལས་འོང་བ་ཡིན ་མྱོ་མྱིར་གྱུར་ཀྱང་དབང་པོ་རྣམས་མ་ཚང་བ་གང་ཡིན་པ་དོན།། ཚུལ་ཁྲིམས་འཆལ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཙང་སྦྲ་མེད་པ་གང་ཡིན་དེ་ནི།། ཕབ་བྱས་པ་ལས་འོངས་པ་ཡིན ་ནོ་མིར་གྱུར་ནས་གླུ་གར་ལ་དགའ་བ་གང་ཡིན་པ་དེ་ནི། རོལ་མོ་མཁན་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འདོད་ཆེན་པ་གང་ཡིན་པ་དེ་ནཱི། ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མི ་གྱུར་ཀྱང་གཉའ་བར་སྦ་བ་ཡོད་པ་གང་ཡིན་པ་དེ་ནི་ག་གཅིག་པུ་བརྣོགས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་པའི་དྲི་མནམ་པ་གང་ཡིན་བདེན་ཚིག་ངན་གྱིས་གཞན་ལ་སྤྲོས་པ་ལས་འོད ་པ་ཡིན་ནོ།། མིར་གྱུར་ཀྱང་པོ་མཚན་དང་མི་ལྡན་པ་གང་ཡིན་པ་དེ་ནི། ཁྱི་དང་ཕག་རྣམས་ཀྱི་རླིག་པ་བཅད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་ལྕེ་ཐུང་བ་གང་ཡིན་པ་དེ་ནི་དབེན་པ་དག་ཏུ་བླ ་མ་དག་ལ་ཚིག་མི་སྙན་པ་བརྗོད་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཞན་གྱི་ཆུང་མ་གཡེམ་པར་མངོན་པར་དགའ་བ་དེ་ནི་ག་ཤི་འཕོས་ནས་བྱ་ངང་པ་དག་ཏུ་ལྷུང་བར་འགྱུར་རོ།། མི་འགྱུར ་ཀྱང་བདག་དང་ཉེ་ཞིང་གཉེན་དུ་འབྲེལ་བཔ་དག་ལ་གཡེམ་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་བྱེའུ་མཆིལ་པ་དག་ཏུ་ལྟུང་བར་འགྱུར་རོ།། མིར་གྱུར་ནས་མདོ་སྡེ་དང ་བསྟན་བཅོས་དག་ལ་སེར་སྣ་བྱེད་ཅིང་ཤེས་པ་སྨྲས་ནས་གཞན་དག་ལ་མི་སྟོན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤིང་སྲིན་དག་ཏུ་སྐྱེ་བར་འགྱུར་རོ།། མིར་གྱུར་ནས་མདའ་གཞུ་ཐོགས་ཤིང ་གཞོམ་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཀླ་ཀློ་ཅན་དུ་ལྟུང་བར་འགྱུར་རོ།། རྔོན་པ་བྱེད་ཅིང་སྲོག་ཆགས་གསོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི།། ཤི་འཕོས ་ནས་འཕར་སྤྱང་དག་ཏུ་ལྟུང་བར་འགྱུར་རོ།། མགོ་རྒྱན་དང་མེ་ཏོག་ཐོགས་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕྲོས་ནས་གཅིན་རྟུག་གི་སྲིན་བུ་བྱེད་པར་འགྱུར་རོ།། གོས་རིང ་པོ་གྱོན་པར་དགའ་བ་དེ་ནི། ཤི་འཕོས་ནས་སྲིན་བུ་མཇུག་རིངས་བྱེད་པར་གྱུར་རོ།། ཉལ་ཞིང་ཟ་བར་མངོན་པར་དགའ་བ་དེ་ནི། ཤི་འཕོས་ནས་ཕག་ཏུ་སྐྱེ་བར་འགྱུར་རོ།། གོས་ཚོན་ཅན ་གྱོན་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕྲོས་ནས་བྱེའུ་ཁྲའའུ་བྱེད་པར་འགྱུར་རོ།། གཞན་གྱི་ཚིག་ཟློས་ཤིང་ཀུ་རེ་བྱེད་པར་མངོན་པར་དགའ་བ་དེ་ནི། ཤི་འཕོས ་ནས་བྱ་ནི་ཙེ་བྱེད་པར་འགྱུར་རོ།། ཕྲ་མ་བྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྦྲུལ་ལུས་པོ་ཆེ་དག་ཏུ་སྐྱེ་བར་འགྱུར་རོ།། ཉེས་པ་མེད་པར་དགྲ་ལ་རྣམ་པར་འཚེ་བ ་གང་ཡིན་པ་དེ་ནི། ཤི་འཕོ་ས་ནཱས་སྲིན་བུ་ཁོང་དུ་འཛིན་པའི་སེམས་དང་བཅས་པ་དག་ཏུ་སྐྱེ་བར་འགྱུར་རོ།། གཞན་གྱི་དབྱེན་བྱེད་པར་དགའ་བ་གང་ཡིན་པ་དེ་ནི་ག་ཤི་འཕོས་ནས་སྲིན་བྱ་དག ་ཏུ་སྐྱེ་བར་འགྱུར་རོ།། དམོད་མོའི་ཚིག་སྨྲ་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཝ་དག་ཏུ་སྐྱེ་བར་འགྱུར་རོ།། གཞན་དག་སྐྲོད་ཅིང་མངོན་པར་དགའ་བ་གང་ཡིན་པ་དེ ་ནི་ཤི་འཕོས་ནས་རི་དགས་ཤ་བའི་རིགས་སུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་ཤིང་གི་ལྷམགོན་ནས་དྲི་གཙང་ཁང་དུ་ཞུགས་པ་གང་ཡིན་པ་དེ་ནི། ཚེ་འདི་ལ་རྟའི་རིགས་སུ་སྐྱེ་བར་འགྱུར་རོ།། ་ཚེ་སྔ་མ་ཕྱེར་གཏོང་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྲིན་བུ་གནམ་པོའི་རིགས་སུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་དགེ་འདུན་གྱི་གཏུན་དང་རང་ཐ་ག་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི། ་ཚེ་འདི་ལ་སྲོག་ཆགས་སྲིན་བུ་མགོ་ཇོབས་པ་དག་ཏུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་གཞན་དག་གི་ཟས་ཀྱི་བགེགས་བྱས་ན། ཚེ་འདི་ལ་ཤིང་སྲིན་བྱེད་པར་འགྱུར་རོ།། དགེ་འདུན་གྱི་ཆུ་བརྐུས ་ནས་ཡོངས་སུ་སྤྱད་པ་གང་ཡིན་པ་དེ་ནི། ཚེ་འདི་ལ་ཉ་དང་ཆུ་སྲིན་དག་ཏུ་སྐྱེ་བར་འགྱུར་རོ།། དགེ་འདུན་གྱི་ས་གཞི་དག་ལ་མི་གཙང་བ་འདོར་བ་གང་ཡིན་པ་དེ་ནི། བཤང་གཅིའི་ནང་དུ་སྲིན་བུ། ་དག་ཏུ་སྐྱེ་བར་འགྱུར་རོ།། དགེ་འདུན་གྱི་ཤིང་ཐོག་བརྐུ་སྨྲ་པ་གང་ཡིན་པ་དེ་ནི། འཇིམ་རྫབ་ཟ་བའི་སྲིན་བུ་བྱེད་པར་འགྱུར་རོ།། དགེ་འདུན་གྱི་དཀོར་བརྐུས་པ་གང་ཡིན་པ་དེ་ནི། རང་ཐག ་འདྲིན་པའི་གླེང་དང་བོང་བུ་བྱེད་པར་འགྱུར་རོ།། དགེ་འདུན་གྱི་དཀོར་ལ་ནན་གྱིས་སྦྱོང་ཞིང་སྔ་སྐྱེན་བྱེད་ན་ཕུ་རོན་དཀར་པོ་བྱེད་པར་འགྱུར་རོ།། དགེ་འདུན་ལ་འཕྱ་ཞིང་སྨོད་པར་བྱེད་ན་གླང་གི ་གཉའ་བའི་སྲིན་བུར་སྐྱེ་བར་འགྱུར་རོ།། དགེ་འདུན་གྱི་ཚོང་ལྡུམ་ཟོས་ན་ཚོད་མའི་སྲིན་བུར་འགྱུར་རོ།། དགེ་འདུན་གྱི་ཁྲི་སྟན་ལ་འདུན་ན་སའི་སྲིན་བུ་མཇུག་རིངས་སུ་འགྱུར་རོ།། དགེ་འདུན་གྱི ་ཡོ་བྱད་སྣ་ཚོགས་དག་ལ་ཡོངས་སུ་སྤྱོད་པར་བྱེད་ན་ཕྱེ་མ་ལེབ་ཏུ་སྐྱེ་བར་འགྱུར་རོ།། རུས་པ་དག་ཐོགས་ནས་གཙུག་ལས་ཁང་དུ་འཇུག་པར་བྱེད་ན་བྱ་མཆུ་རིངས་སུ་སྐྱེ་བར་འགྱུར་རོ།། དམར ་རྩི་དང་དཀར་རྩི་དག་མཆུ་ལ་བརྐུས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན་བྱ་མཆུང་དམར་ངག་ཏུ་སྐྱེ་བར་འགྱུར་རོ།། གོས་ཚོན་ཅན་བགོས་ཏེ་གཙུག་ལག་ཁང་དུ་འགྲོ་བར་བྱེད་ན་བྱ་ཁ་དོག་སར ་པོ་དག་ཏུ་སྐྱེ་བར་འགྱུར་རོ།། ཁྱོ་ཤུག་གཙུག་ལག་ཁང་དུ་གནས་ནས་ཉལ་པོ་བྱས་ན་བྱ་མགོ་སྔོན་དག་ཏུ་སྐྱེ་བར་འགྱུར་རོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བརྫིས་ན་རྔ་མོའི་ལུས་བྱེད་པར ་འགྱུར་རོ།། ལྷམ་བགོས་ཏེ་དེ་བཞིན་གཤེགས་པའི་དྲི་གཙང་ཁང་དུ་འགྲོ་བར་བྱེད་ན། སྦལ་པར་སྐྱེ་བར་འགྱུར་རོ།། ཆོས་ཉན་པའི་ཚེ་ཀླག་ཅོར་ཟེར་ན་ནི་བྱ་ལྕེ་བརྒྱ་པ ་དག་ཏུ་སྐྱེ་བར་འགྱུར་རོ།། དགེ་སློང་མ་གཙང་མ་སུན་པར་བྱེད་ན། ཤི་འཕོས་ནས་སེམས་ཅན་དམྱལ་བའི་གནམ་ལྕགས་ཀྱི་བྲག་ཕུག་ཏུ་ལྷུང་ཞིང་། རལ་གྲིའི་འཁོར་ལོ་བརྒྱ་སྟོང་དུ་མ ་གཅིག་ཏུ་བབས་ནས་ལུས་གཅོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོ་ལྡན་འདས་ཀྱིས་འདི་སྐད་གསུངས་པ ་ལྟར་དགེ་འདུན་གྱི་རྫས་ཡོངས་སུ་སྤྱོད་པ་གང་ལགས་པ་དེ་དག་ལ་ཡང་དག་པར་ཤིན་ཏུ་ལྕི་བ་ཞིག་ལགས་པར་གྱུར་ན། སྦྱིན་བདག་བཞི་པོ་ཇི་ལྟར་གཙུག་ལག་ཁང་དུ་མཆི་ཞིང་བཀུར་སྟི་དང་། ་ཕྱག་འཚལ་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གཙུག་ལག་ཁུང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས་ཡོད་དེ། དགེ་བའི་སེམས་དང་། མི་དགེ ་བོའི་སེམས་གང་ཡིན་པའོ།། དགེ་བའི་སེམས་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། གང་གིས་གཙུག་ལག་ཁང་དུ་ཕྱིན་ནས། དེ་བཞིན་གཤེགས་པ་མཐོང་ན་ཕྱག་བྱེད་པ་དང་། དགེ་འདུན་མཐོང་ན། ་གུས་པར་བཀུར་སྟི་བྱས་ནས།། མདོ་སྡེའི་དོན་འདྲི་བར་བྱེད་པ་དང་། སྡོམ་པར་ཡང་དག་པར་བླངས་ནས་ཉེས་པ་འཆགས་པར་བྱེད་པ་དང་། ནོར་རྫས་དག་ཡོངས་སུ་བཏང་ནས་དཀོན་མཆོག ་གསུམ་གྱི་ཞལ་ཏ་བྱེད་པ་དང་། ལུས་དང་སྲོག་ལ་འཕངས་པ་མེད་པར་ཆོས་ཆེན་པོ་ཡོངས་སུ་བསྲུང་ཞིང་ཡང་དག་པར་འཛིན་པར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ནི་གོམ་པ་གཅིག་འདོར ་བར་བྱེད་ན་ཡང་ལྷའི་གཞལ་མེད་ཁང་དྲུང་དུ་འོང་ཞིང་།། མ་འོངས་པ་ན་ཁྱིམ་བདག་ཤུག་དེ་ཀ་བཞིན་དུ་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི། སྐྱེས་བུ་མཆོག་ཏུ ་དགེ་བ་ཞེས་བྱའོ།། མི་དགེ་བའི་སེམས་དང་ལྡན་པ་ཇི་ལྟ་བུ་ཞེ་ན། སེམས་ཅན་གང་ལ་ལ་ཞིག་གཙུག་ལག་ཁང་དུ་འཇུག་པའི་ཚེ། དགེ་འདུན་ལ་སློངས་མོ་དང་། གཡར་པོ་དང་། སྔ་སྲན་འབའ ་ཞིག་བྱ་བར་སེམས་པ་དང་། དགེ་འདུན་གྱི་སྐྱོན་ཚོལ་ཞིང་རྩེ་གཅིག་ཏུ་རྣམ་པར་བཤིག་པ་འབའ་ཞིག་ཏུ་འདོད་པ་དང་། དགེ་སློང་དང་། དགེ་འདུན་གྱི་ཟས་ཟོས་ན་ཡང་སེམས་ལ་གནོད་པ ་ཅི་ཡང་མེད་ཅིང་། འཁུར་བ་དང་། ཤིང་ཐོག་དང་། ལཱམ་ལྡུམ་དྲག་ཁྱེར་ནས། རང་གི་ཁྱིམ་དུ་འགྲོ་བར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ཤི་འཕོས་མ་ཐག་ཏུ་ལྕགས་ཀྱི་ཐུ་ལུམ་ཟ་བའི་སམ། ་ཅན་དམྱལ་བར་ལྷུང་ཞིང་། ཟངས་ཀྱི་ནང་དུ་བཙེ་བ་དང་། སྦར་བའི་མེས་བསྲེགས་པ་དང་། རལ་གྲི་ལྟ་བུའི་རི་ལོ་མ་ཅན་གྱི་ལྗོན་ཤིང་ལ་འཛེག་པ་ལ་སོགས་པའི་སྡུག་བསྔལ་གང་མི་མྱོང ་བ་མེད་པར་འགྱུར་ཏེ།། འདི་ནི་སྐྱེས་བུ་མཆོག་མི་དགེ་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ངས་མ་འོངས་པའི་དུས་ན་སློབ་མ་རྣམས་ལ་རྗེས་སུ ་བསྟན་པ་ཡིན་གྱིས། བག་ཡོད་པར་བསྒྲིམས་ཏེ། དཀོན་མཆོག་གསུམ་པོ་དག་ལ་ཉེས་པ་མི་བྱེད་པ་དང་། ནུར་བའི་སེམས་སྐྱེ་བ་མེད་པར་དེ་བཞིན་གཤེགས་པའི་བཀའ ་སྩལ་བ་བཞིན་བྱེད་ན། དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་བྱུང་བའི་ཚེ་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཐེ་ཙོམ་མེད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་འདི ་ལ་གཞན་གྱི་ལུས་ལས་གོས་བཤུག་ཏེ་འཕྲོག་པར་བྱེད་ནག་ཤི་འཕོས་ནས་གྲང་བའི་སེམས་ཅན་དམྱལ་བར་ལྟུང་བ་དང་། གཞན་ཡང་དར་གྱི་སྲིན་བུར་སྐྱེས་ནས་འཚོང་པར་འགྱུར་རོ། ཚེ་འདི་ལ ་སྐུ་གཟུགས་དང་། མདོ་སྡེའི་སྤྱན་སྔར་མར་མེ་སྦར་བ་མངོན་པར་མི་དགའ་ན། ཤི་འཕོས་ནས་རི་ཁོར་ཡུག་གི་བར་ན་སེམས་ཅན་དམྱལ་བའི་གནས་མུན་ནག་ཡོད་པ་དག་ཏུ་ལྟུང་བར ་འགྱུར་རོ།། ཚེ་འདི་ལ་སེམས་ཅན་གྱི་སྲོག་བཅད་པས་དམྱལ་ཞིང་གཏུབ་པར་བྱེད་ན། ཤི་འཕོས་ནས་སེམས་ཅན་དམྱལ་བ་མཚོན་ལྟར་རབ་ཏུ་རྣོ་བའི་རི་ལ། རལ་གྲི་ལོ་མ་ཅན་གྱི་ལྗོན ་ཤིང་ལ་འཛེག་པ་དག་ཏུ་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཁ་ཅིག་སྡིག་གཏོར་ཞིང་རྔོན་པ་བྱེད་པར་མངོན་པར་དགའ་བ་དེ་དག་ནི། ཤི་འཕོས་ནས་སོག་ལེས་འདྲ་བའི་སེམས་ཅན་དམྱལ ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་མང་དུ་འདོད་པས་ལོག་པར་གཡེམ་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཟངས་ཀྱི་ཀ་བ་རབ་ཏུ་འབར་བ་ལ་འཇུག་པ་དང་། ལྕགས་ཀྱི་ཁྲི་རབ་ཏུ་ཆེ་བ་ལ། ་ཉལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆུང་མ་མང་པོ་འཆང་བ་གང་ཡིན་པ་དེ་ནི། ལྕགས་ཀྱི་རང་ཐག་ཏུ་འཐག་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ། ་འདི་ལ་ཁྱིམ་ཐབ་མང་པོ་བདོག་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་གདུག་པ་གང་དང་ལྡན་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་སྒོ་ང་བསྲེགས་པ་གང་ཡིན་པ་དེ ་ནིཤི་འཕོས་ནས་མེར་མེར་རབ་ཏུ་ཚ་བ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་ཕག་དང་བྱ་རྣམས་པཤུ་ཞིང་འཐོབ་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཟང ་དག་ཏུ་འཚོང་བའི་སེམས་ཅན་དམྱལ་བ་དག་ཏུ་ལྷུང་བར་འགྱུར་རོ།། ཚེ་འདི་ལ་ཕག་དང་ཁྱོའི་རླིག་པ་འབྱིན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་རྡོ་ཟུར་དང་ལྡན་པའི་སེམས་ཅན་དམྱལ ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆང་འཐུངས་ནས་མྱོས་པར་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ ་སེམས་ཅན་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་འཁོར་ལོ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་དགེ་འདུན ་གྱི་ཤིང་ཐོག་བརྐུས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཕག་གི་རྒྱུ་དང་ཤ་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས ་ནས་ལྡན་ལྗིན་གྱིས་གང་བའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་ཉ་གསོན་པོར་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མཚོན་མ་དང་། དབྱིག་པ་དང་། ་རལ་གྲི་སོ་ཅན་གྱི་ལྗོན་ཤིང་དང་ལྡན་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་མ་ཡར་མོར་གྱུར་ནས་ཆུང་མ་སྔན་མའི་བུ་དག་ལ་ནེ་རབ་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མེ ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཕྲ་མ་བྱས་ནས་དཀྲུགས་མ་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐོང་གཤོལ་གྱིས་རྨོ། ་བའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་མི་སྙན་པས་གཞན་དག་ལ་སྤྱོ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་རབ་ཏུ་འབྱིན་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ་ཚེ་འདི་ལ་བརྫུན་མང་དུ་སྨྲས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་ལྕགས་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་སྲོག་བཅད་ནས་ལོག་པའི་ལྷ་ལ ་མཆོད་སྦྱིན་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་གཏུན་གྱིས་བརྡུངས་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་བོན་པོ་བྱས་ནས་འདྲེ་འདོན་གྱི་ཚིག་འདོན་ཅིང ་གཞན་དག་བསླུས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤིའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བོན་མོ་བྱས་ནས་མིག་བཙུམས་ཏེ། ས་ལ་ཉལ་ནས ་གཞན་དག་ལ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་དྲང་པོ་མ་ཡིན་པའི་འདྲེ་གདོན་དག་གིས་ལེན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་རྐྱད་པ་གཏུབ་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ་ཚེ་འདི་ལ་བོན་མོ་བྱས་ནས་གཞན་དག་གི་སྲོག་བཅད་དེ། ལྷ་འདྲེ་དང་། ལམ་ལྔའི་སའི་བདག་པོ་དང་། སྲིན་མོ་ལ་སོགས་པ་ལ་མཆོད་པ་བཙུགས་པ་གང་ཡིན་པ་འདི་ལྟ་བུ་ལ་སོགས་པ་དེ་དག་ཐམ ་ཅད་ནི་སྐྱེས་བུ་བླུན་པོ་རྣམས་འདྲིད་པ་ཡིན་པས། ཤི་འཕོས་ནས་སྟ་རེས་གཅོད་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་ཡན་ལག་བཅ ་ཅིང་གཏུབ་པ་དང་། བྱ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་གི་འབྲས་བུ་གཉིས་ལ་འཐོག་པར་འགྱུར་རོ།། ཚེ་འདི་ལ་བོན་པོ་བྱས་ནས། མི་ཤི་བའི་རོ་རྣམས་སྦེད་པ་དང་། ཁང་ཁྱིམ་རྣམས ་ཀྱི་བཟང་ངན་དང་། རིགས་ལྔ་པོ་རྣམས་ཀྱིས་ཁེ་ཐོབ་པ་དང་། མི་ཐོབ་པ་ལྟ་བ་དང་། ཀླུ་རྣམས་བདེ་བར་འགོད་པ་དང་། དར་གྱི་སྲིན་བུ་དག་ལ་གཏང་རག་གཏོང་བ་དང་།། སྲི་མནན་ནས། ་སྐྱེས་བུ་བླུན་པོ་དག་བསླུས་ཏེ། ནོར་མང་པོ་བླངས་པ་དང་། བརྫུན་ཚིག་གི་བཟང་ངན་སྟོན་པ་གང་ཡིན་པ་དེ་དག་ནི། ཤི་འཕོས་ནས་ལྕགས་ཀྱི་དྲ་བ་ཅན་གྱི་སེམས་ཅན་དམྱལ་བར་ལྷུང་བར ་འགྱུར་བས། བྱ་འདབ་ཆགས་མ་རུངས་པ་ཚད་མེད་པ་སྲེད་དེའི་ལུས་ལ་འདྲ་སྟེ། ཤ་རྣམས་མ་ལུས་པར་ཟོས་ནས་རུས་པ་དང་། རྒྱུས་པ་རྣམས་ཀྱང་འཐོག་པར་བྱེད་པས། སྡུག་བསྔལ ་དཔག་ཏུ་མེད་པ་དག་མྱོང་བར་འགྱུར་རོ།། ཚེ་འདི་ལ་སྨན་པ་བྱས་ཏེ། ནད་གསོ་བར་མི་རུས་བཞིན་དུ་གཞན་དག་ལ་བསླུས་ཏེ་ནོར་བླངས་པ་གང་ཡིན་པ་ན། ཤི་འཕོས ་ནས་གཏར་བ་དང་།། མེ་བཙས་བསྲེགས་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་བས། ལུས་ལ་ཀུན་ཏུ་མེ་རབ་ཏུ་འབར་བར་འགྱུར་རོ།། ཚེ་འདི་ལ་མཆོད་རྟེན་དང་། གཙུག་ལག་ཁང ་བཤིག་པ་དང་། མཁན་པོ་དང་། སློབ་དཔོན་གྱིས་བསྒོ་བ་མཉན་པ་དང་། ཕ་མ་ལ་སྲི་ཞུ་མེད་པ་གང་ཡིན་པ་དེ་དག་ནི། ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས ་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། གཞན་ཡང་སེམས་ཅན་དམྱལ་བ་ཆུང་ངུ་བརྒྱ་སུམ་ཅུ་རྩ་དྲུག་པོ་ཀུན་ཏུ་འཇུག་ཅིང་། བསྐལ་པ་གཅིག་གམ། བསྐལ། ་པ་གཉིས་སམ། བསྐལ་པ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་ནས། དེའི་འོག་ཏུ་གདོད་ཐར་པར་འགྱུར་ཏེ། དགེ་བའི་བཤེས་གཉེན་དང་ཕྲད་ན་ནི། བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་ལ།། ་གལ་ཏེ་ཕྲད་པར་མ་གྱུར་ན་ནི། སླར་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་ལས་ཀྱི་མདོ་ཆེ་ཞིང་ཤིན་ཏུ་མནམ་པ་དང་།། ་ཁྲོ་སྦྱིན་ཞིང་དགྲོལ་དཀའ་བ་གང་ཡིན་པ་དེ་ནི། སྔོན་གྱི་རྔ་མོ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འགྲོ་བ་ལ་དགའ་ཞིང་། ཟན་ཟབ་འགྲུས་པ་དང་། ཙམ་ང་བ་དག་ལ་འབྱོར་པ་མེད ་པ་གང་ཡིན་པ་དེ་ནི། སྔོན་ཏུ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གྲང་བ་དང་ཚ་བ་དག་བཟོད་ཅིང་སེམས་ལ་འཛིན་པ་མེད་པ་གང་ཡིན་པ་དེ་ནི། སྔོན་བླང་བྱས་པ་ལས་འོངས། ་པ་ཡིན་ནོ།། མིར་གྱུར་ཀྱང་སྒྲ་སྐད་ཆེ་བ་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང་། སྲེད་པ་དང་། དྲང་བ་མང་ཞིང་ལེགས་ཉེས་ཀྱི་བྱེ་བྲག་མི་ཕྱེད་པ་གང་ཡིན་པ་དེ་ནི། སྔོན་གྱི་བོང་དུ་བྱས་པ ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རྟག་པར་ཤ་ལ་བརྐམ་ཞིང་། བྱ་བ་དག་ལ་འཇིགས་པ་མེད་པ་གང་ཡིན་པ་དེ་ནི། སྔོན་སེང་གེ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང ་ལུས་རིང་ཞིང་མིག་ཟླུམ་པ་དང་། འབྲོག་དགོན་པ་ན་མང་དུ་རྒྱུ་བ་དང་། བུ་དང་ཆུང་མ་སྡང་བ་གང་ཡིན་པ་དེ་ནི། སྔོན་སྟག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སྤུན་ཞིང ་མིག་ཆུང་བ་དང་། གནས་གཅིག་ཏུ་གནས་པར་མོས་པ་མེད་པ་གང་ཡིན་པ་དེ་ནི། སྔོན་བྱ་འདབ་ཆགས་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རང་ཞིན་མི་བརྟན་ཞིང་སྲོག་ཆག ་ཕྲ་མོ་གསོད་པ་ལ་དགའ་བ་གང་ཡིན་པ་དེ་ནི།། སྔོན་གྱི་ཝ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དཔའ་ཞིང་བཤོར་བ་དང་། འདོད་ཆགས་ཆུང་ཞིང་ཆུང་མ་ལ་སྲེད་པ་གང་ཡིན་པ ་དེ་ནི་སྔོར་སྤྱང་ཀི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གོས་བཟང་སོབ་མི་དགའ་བ་དང་། མ་ཡིན་པ་བྱས་པ་དག་ལ་རྟོག་པ་དང་། གཉིད་ཆུང་ཞིང་ཞེ་སྡང་མང་བ་གང་ཡིན་པ་དེ ་ནི་སྔོན་ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་བོང་ཆུང་ཞིང་གཡེམ་པ་ལ་དགའ་ཞིང་སྐྱེ་བོ་མང་པོའི་ཡིད་དུ་འོང་བའི་གཏམ་བརྗོད་པ་ལ་མངོན་པར ་དགའ་བ་གང་ཡིན་པ་དེ་ནི། སྔོན་ནེ་ཙོ་བྱས་པ་ལས་འོངས་པ་ཡིན་ནོ།། མི་གྱུར་ཀྱང་ལུས་ཀྱི་བོང་ཆུང་ཞིང་གཡེམ་པ་ལ་དགའ་བ་དང་། སེམས་རྩེ་གཅིག་མི་མི་གནས་པ་དང་། གཟུགས་མཐོང་མ ་ཐག་ཏུ་མངོན་པར་ཞེན་པའི་སེམས་འབྱུང་བ་དེ་ནི། སྔོན་བྱེའུ་མཆིལ་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མིག་དམར་ཞིང་སོ་ཐུང་བ་དང་། སྨྲ་བའི་ཚེ་ལྦུ་བ་འབྱུང་ཞིང་། ཉལ་ན ་གོས་ཀྱིས་ལུས་དཀྲི་བར་བྱེད་པ་གང་ཡིན་པ་དེ་ནི། སྔོན་གྱི་སྦྲུལ་དང་རྩངས་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སྨྲས་མ་ཐག་ཏུ་ཁོང་ཁྲོ་ཞིང་། ཕ་རལ་གྱི་དོན་ལ་སོ་སོར་མི་རྟོག་པ ་ངག་གི་གདུག་པ་འབྱིན་པ་གང་ཡིན་པ་དེ་ནི། སྔོན་སྡིག་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཅིག་པུ་དབེན་པར་གནས་ཤིང་ཟས་ལ་བརྐམ་པ་དང་། མཚན་མོ་གཉིད་ཆུང་བ ་གང་ཡིན་པ་དེ་ནི། སྔོན་བྱིལ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རྩིག་པ་ཕུག་ནས་རྐུན་པོ་བྱེད་པ་དང་། ནོར་ལ་བརྐམ་ཞིང་འཁོན་འབྱུང་སླ་བ་དང་། ཉེ་རིང་གི་མཚན་མ་མངཔ ་གང་ཡིན་པ་དེ་ནི། སྔོན་བྱི་བ་བྱས་པ་ལས་འོངས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་མཆོད་རྟེན་དང་།། གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག ་གསུམ་གྱི་དཀོར་སྦས་ནས། བདག་ཉིད་ཀྱིར་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་ལྷུང་བར་འགྱུར་རོ།། སེམས་ཅན་དབུལ་བ ་ལས་ཐར་པར་གྱུར་ན་ཡང་། དུད་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ། ཕུག་རོན་དང་། མཆིལ་པ་དང་། ངུར་བ་དང་། ནེ་ཙོ་དང་། བྱིའུ་སྔོན་པོ་དང་། དང་། རུས་སྦལ་དང་། སྤྲེའུ ་དང་། རི་དགས་ཀྱི་ལུས་ལེན་པར་འགྱུར་རོ།། བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་ན་ཡང་། མ་ནིང་དང་། བུད་མེད་དང་། མཚན་གཉིས་དང་། དབང་པོ་མེད་པ་དང་། སྨད་འཚོང་མ་དག་ཏུ་འགྱུར ་རོ་མིར་གྱུར་ཀྱང་ཁོང་ཁྲོ་བ་དག་ལ་མངོན་པར་དགའ་བ་དེ་ནི། ཤི་འཕོས་ནས་སྦྲུལ་གདུག་པ་དང་། སྟག་དང་། སེང་གེ་དང་། དོ་མ་དང་། དྲེད་དང་། བྱི་ལ་དང་། བྱ་ཁྲའི་རྣམ་པ་དག་ཏུ ་ལྷུང་བར་འགྱུར་རོ།། བརྒྱ་ལམ་བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་ན་ཡང་།། ཁྱིམ་བྱ་དང་། ཕག་གསོད་པ་དང་། བཤན་པ་དང་། རྔོན་པ་དང་། བྱ་གཤོར་བ་དང་། བཙོན་སྲུངས་བྱེད་པ་ལ ་མངོན་པར་དགའ་བར་འགྱུར་རོ།། མིར་གྱུར་ཀྱང་གླེན་ཞིང་གཏི་མུག་པ་དང་། རིགས་པའི་ཚུལ་གང་ཡིན་པ་མི་ཤེས་པ་དེ་ནི། ཤི་འཕྲོས་ནས་གླང་པོ་ཆེ་དང་། ཕག་དང་། བ་གླང་དང་། ་ཆུ་གླང་དང་། སྲོ་ཤིག་དང་། སྦྲང་མ་དང་། སྦྲང་བུ་མཆུ་རིངས་དང་། གྲོག་མོ་ལ་སོགས་པའི་ལུས་ལེན་པར་འགྱུར་ཏེ། གལ་ཏེ་མིའི་ལུས་ཐོབ་པར་གྱུར་ན་ཡང་། འོན་པ་དང་། ལོང་བ ་དང་། ལྐུགས་པ་དང་། ལུས་ཀྱི་ཡན་ལག་མ་ཚང་བ་དང་། རྒྱབ་སྐུར་བ་དང་། དབང་པོ་མ་ཚང་བ་དག་ཏུ་འགྱུར་རོ།། མིར་གྱུར་ཀྱང་ཁེངས་ཤིང་ང་རྒྱལ་ཆེ་བ་གང་ཡིན་པདེ ་ནི། ཤི་འཕོས་ནས་མི་གཙང་བའི་གནས་ཀྱི་སྲིན་བུ་དང་། རྔ་མོ་དང་། བོང་བུ་དང་། རྟ་དང་། ཁྱི་དག་ཏུ་ལྷུང་བར་འགྱུར་རོ།། གལ་ཏེ་མིར་སྐྱེས་ན་ཡཱང་། དྲན་མོའི་ལུས་ལེན་ཅིང་དབུལ་འཕོངས ་པས་སློང་མོ་བྱེད་པ་དང་། མང་པོ་ཀུན་གྱིས་བརྙས་ཤིང་སྨད་པ་དག་ཏུ་ཏུལ་བར་འགྱུར་རོ།། མིར་གྱུར་ཀྱང་བླ་མའི་མཐུ་བསྙེན་པའི་རྒྱུས་གཞན་གྱི་ནོར་ལེན་པ་གང་ཡིན་པ་དེ་ནི། ཤི་འཕོས ་ནས་ཤེ་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་ཞིང་།། སྐྱེ་བོ་བརྒྱ་སྟོང་མང་པོས་ལུས་ཀྱི་ཤ་བཅད་ནས་ཟ་བར་འགྱུར་རོ།། ཚེ་འདི་ལ་གཞན་དག་དགྲང་དུ་གཞུག་པ་ལ་མངོན་པར ་དགའ་བ་གང་ཡིན་པ་དེ་ནི། ཚེ་འཕོས་ནས་གླང་པོ་ཆེ་དག་ཏུ་སྐྱེ་ཞིང་། རྐང་ལག་དྲང་བས་ཉལ་དུ་མེད་པ་དག་ཏུ་ལྷུང་བར་འགྱུར་རོ།། ཚེ་འདི་ལ་མཆོད་སྔོན་དྲལ་ནས་དུབ་མོ་ཟན་ཟོས་པ ་གང་ཡིན་པ་དེ་ནི། ཚེ་འཕོས་ནས་ཡི་དགས་འདྲེ་བཀྲེན་དག་ཏུ་ལྷུང་བས། ལོ་བརྒྱ་མང་པོར་བཟའ་བ་དང་བཏུང་བ་ཐོབ་པར་མི་འགྱུར་རོ།། འགྲོ་བའི་ཚེ་ལྷ་ཚིགས་ཀུན་ཏུ་མ་རབ་ཏུ་འབར་བར ་འགྱུར་རོ།། ཚེ་འདི་ལ་སྒྲེན་མོར་འདུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཚེ་འཕོས་ནས་གྲང་བས་སྡེབས་པའི་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ།། ཚེ་འདི་ལ་མཆོད་སྟོན་གྱི་ཟས ་ལྷག་མ་བྱེར་བ་བང་ཡིན་པ་དེན། ཤི་འཕོས་ནས་ས་གཞི་རང་ཏུ་ཆེ་བའི་སེམས་ཅན་དམྱལ་བར་རུང་བར་འགྱུར་རོ།། བརྒྱལ་མིར་སྐྱེས་པར་བུར་ན་ཡང་། ལྐོག་མ་ནད་ཀྱིས་བཏབ་པ་དང་། ་ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱེད་ན་ཡང་མགོ་བོ་ས་ལ་མིགཏུ་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མགོ་ཐུར་དུ་དཔྱད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར ་ཏེ་བརྒྱ་ལམ་ན་མིའི་ནང་དུ་སྐྱེས་ན་ཡང་། གཞན་དག་གིས་མང་དུ་སླུ་བར་འགྱུར་རོ།། ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱས་པ་ན། ཐལ་མོ་མི་སྦྱོར་བར་བྱེད་པ ་གང་ཡིན་པ་དེ་ནི།། ཤི་འཕོས་ནས་ཡུལ་མཐའ་འཁྱོབ་དག་ཏུ་སྐྱེ་བར་འགྱུར་ཞིང་། འབད་པ་མང་པོ་བཙལ་ཡང་ཅི་ཡང་འཐོབ་པར་མི་འགྱུར་རོ།། ཚེ་འདི་ལ་དྲི་ཆེན་སྒྲ་ཐོས་ཀྱང་མི་ལྡང་བ ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་ལུས་ཆེན་པོ་དག་ཏུ་ལྟུང་བར་འགྱུར་ཞིང་། ལུས་རིང་ལ་ཆེ་བས་སྲོག་ཆགས་ཕྲ་མོ་མང་པོ་རྣམས་ཀྱིས་བཟའ་བར་འགྱུར་རོ།། ཚེ་འདི་ལ་ལག་བརྒྱབ ་ཏུ་བསྟན་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཕྱིང་ཀ་ལོག་ཏུ་བཅིངས་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་ཏེ། གལ་ཏེ་མིར་སྐྱེས་པར་གྱུར་ན། ་ཉེས་པ་མེད་པར་གྱོད་འབྱུང་བར་འགྱུར་རོ།། ཚེ་འདི་ལ་ཐལ་མོ་སྦྱར་ནས་ཡན་ལག་ལྔ་ས་ལ་གཏུགས་ཏེ། ཕྱག་བྱས་པ་གང་ཡིན་པ་དེ་ནི། རྟག་པར་ཆོ་རིགས་བཙུན་པར་འགྱུར་ཞིང་། རྒྱུན་དུ་བདེ། ་བ་མྱོང་བར་འགྱུར་རོ།། ཚེ་འདི་ལ་ཁྲོ་ལྡན་ཞིང་ལྟོ་ལ་འཁང་བ་གང་ཡིན་པ་དེ་ནི། སྔོན་སྨྱོན་པ་བྱས་པ་ལས་འོངས་པ་ཡིན་ནོ།། ཚེ་འདི་ལ་མིག་ཡར་ཡོར་གྱུར་པ་བང་ཡིན་པ། ་དེ་ནི། སྔོན་ལོག་པའི་སེམས་ཀྱིས་གཞན་གྱི་ཆུང་མ་ལ་བལྟས་པ་ལས་གྱུར་པ་ཡིན་ནོ།། ཚེ་འདི་ལ་ཆུང་མའི་དོན་བྱས་ནས་ཕ་མ་ལ་སྨྱོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་ཐོང་གཤོལ ་གྱིས་རྨོད་པའི་སེམས་ཅན་དམྱལ་བར་ལྷུང་བར་འགྱུར་རོ།། ཚེ་འདི་ལ་ཆང་གི་ནང་དུ་བསྣུན་ཏེ། གཞན་དག་ལ་སྦྱིན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཆུའི་ནང་དུ་སྲིན་བུ་དག་ཏུ་སྐྱེ་བར ་འགྱུར་ཏེ། བརྒྱ་ལཾ་མིའི་ནང་དུ་སྐྱེས་པར་གྱུར་ན་ཡང་། ལུས་སྐྲང་ཞིང་དབུགས་ཐུང་བས་འཆི་བའི་དུས་བྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་དུ་བསྟན་པའི ་སྡུག་བསྔལ་སྣ་ཚོགས་མང་པོ་དེ་དག་ཐམས་ཅད་ནི། སྡིག་པ་མི་དགེ་བའི་ལས་རྣམ་པ་བཅུའི་དབང་ལས་གྱུར་པ་ཡིན་པས། རབ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བའི་རྒྱུ་དང་རྐྱེན་བྱེད་པར ་འགྱུར་རོ།། འབྲིང་གང་ཡིན་པ་དེ་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ།། ཐ་མ་གང་ཡིན་པ་དེ་ནི་ཡི་དགས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ།། སྲོག་གཅོད་པའི་ཁམ་མཐོ་བདེ་ནི། ་སེམས་ཅན་དམྱལ་བ་དང་། དུང་འཕོའི་སྒྲ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་རོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་རྫོས ་པར་འགྱུར་ཏེ། ཚེ་ཐུང་བ་དང་ནང་མང་བ་གང་ཡིན་པའོ།། མ་བྱིན་པར་ལེན་པའི་ཁ་ན་མཐོ་བ་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག ་རྟེན་དག་ཏུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། དབུལ་ཞིང་འཕོངས་པ་དང་། ནོར་ཐུན་མོང་དུ་འགྱུར། ་ཞིང་རང་དབང་མེད་པ་གང་ཡིན་པའོ།། འདོད་པས་ལོག་པར་གཡེམ་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའོ་སྐྱེ་གནས་དང་། གཤིན ་རྗེའི་འཇིག་རྟེན་དག་ཏུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པར་འགྱུར་ཏེ། ཆུང་མ་གཞན་གྱིས་བྱ་བ་བྱེད་པ་དང་། ཆུང ་མ་དང་ཕན་ཚུན་རྩོད་ཅིང་བདག་གི་སེམས་ཀྱིས་བསམས་བཞིན་དུ་མི་འགྱུར་བ་གང་ཡིན་པའོ།། བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དོ་ན། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། སྐུར་པ ་མང་བ་དང་། རྟག་པར་གཞན་གྱིས་མང་དུ་སྨྲས་པར་འགྱུར་བ་གང་ཡིན་པའོ།། ཕྲ་མ་བྱས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི ་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར ་འགྱུར་ཏེ། རྟག་པར་སྒྲ་མི་སྙན་པ་ཐོས་པར་འགྱུར་བ་དང་། གང་ཅི་སྨྲས་ཀྱང་རུང་སྟེ། རྒྱུན་དུ་རྩོད་པཙུན་དུ་འགྱུར་བ་གང་ཡིན་པའོ།། ཚིག་འཁྱལ་བུ་སྨྲ་བའི་ཁ་ན་མ་ཐོ་བ་གང ་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་།། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་།། ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། བདེན་པ་ཞིག་སྨྲས་ན་ཡང་གཞན་དག་ཡིད་ཆེས་པ་མི་འགྱུར་བ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་གོ་བྱར ་མི་འགྱུར་བ་གང་ཡིན་པའོ།། བརྣབ་སེམས་བསྐྱེད་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་གནས་དང་། གཤིན་རྗེའི་འཇིག ་རྟེན་དག་ཏུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ནོར་ལ་བརྐམ་ཞིང་ཆོག་ཤེས་པ་མེད་པ་དང་། མང་དུ་ཚོལ ་ཞིང་རྟག་པར་ཡིད་བཞིན་དུ་མངོན་པར་གྲུབ་པར་མི་འགྱུར་བ་གང་ཡིན་པའོ།། གནོད་སེམས་ཀྱི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུང ་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་མྱོང་བར་འགྱུར་ཏེ ་རྟག་པར་གཞན་གྱིས་གླགས་ཚོལ་བར་འགྱུར་བ་དང་། རྟག་པར་གཞན་གྱིས་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པའོ།། ལོག་པར་ལྟ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས ་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་དུ་ལྷུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པར་ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དང་། སེམས་གཡོ་སྒྱུ་དང་བཅས་པར་འགྱུར་བ་གང་ཡིན་པའོ།། ཀྱེ་སངས་རྒྱས་ཀྱི་སྲས ་རྣམས་དེ་ལྟར་ན། སྡིག་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་རྣམས་ནི་སྡུག་བསྔལ་མང་པོ་སྣ་ཚོགས་ཀྱིས་ཕུང་པོ་ཆེན་པོའི་རྒྱུ་དང་རྐྱེན་དུ་གྱུར་པ་ཡིན་ནོ།། དེ་ནས་དེའི་ཚེ་འཁོར་འདུས ་པ་ཆེན་པོ་དེ་ཉིད་དུ་སྡིག་པ་མི་དགེ་བའི་ལས་བཅུ་པོ་དག་བྱས་པ་གང་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་བཀས་བཤད་པ་ཐོས ་པ་དང་། དེ་དག་ཐམས་ཅད་སྐད་ཆེར་ཕྱུང་སྟེ་ངུས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དགེ་བ་ཇི་ལྟ་བུ་ཞིག་སྤྱད་ན། སྡུག་བསྔལ ་འདི་དག་ལས་ཐར་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་ལ་གཟུད་པར་བྱ་སྟེ། ཇི་ལྟར ་བསོད་ནམས་མངོན་པར་བསྒྲུབ་པར་བྱ་ཞེ་ན། སེམས་ཅན་གང་ལ་ལ་ཞིག་ཚེ་འདི་ལ་ཡོངས་སུ་བསྐུལ་བའི་བདག་པོ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་དང་། ཇི་གཙང་ཁང ་དང་གཙུག་ལག་ཁང་བརྩིགས་ན། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་། སྐྱེ་བོ་མང་པོ་ལ་དབང་བྱེད་པར་འགྱུར་བས། གང་ཡང་དག་མི་ཉན་པ་མེད་པར་འགྱུར་རོ།། ཚེ་འདི་ལ་གྲོང ་དང་གྲོང་གི་གཙོ་བོར་གྱུར་ཀྱང་དྲང་རྐན་ཆེ་ཞིང་ཆོས་བཞིན་དུ་སྐྱོང་བར་བྱེད་པ་གང་ཡིན་པ་དེ་ནི། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོའི་བློན་པོ་བྱེད་པར་འགྱུར་ཞིང་། གོས་ཟླས་དང་། ་ཕུན་སུམ་ཚོགས་པ་དང་། ཅི་དང་ཅི་འདོད་པ་འབྱོར་པར་འགྱུར་རོ།། ཚེ་འདི་ལ་སྐྱེ་བོ་མང་པོ་བསོད་ནམས་བྱེད་པར་བསྐུལ་ཞིང་གཟུད་པ་གང་ཡིན་པ་དེ་ནི། མ་འོངས་པ་ན་གདོན་མི་ཟ་བར་མོ་རིག ་བཙུན་ཞིང་ཤིན་ཏུ་ཕྱུག་པའི་ཁྱིམ་བདག་ཏུ་འགྱུར་བར་སྐྱེའོ།། མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཅུ་པོ་དག་ཏུ་དོན་གཉེར་བ་དག་ཀྱང་འགྲུབ་པར་འགྱུར་རོ།། ཚེ་འདི་ལ་མར་མེ་གཟུགས ་ནས་མཆོད་པ་བྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཉི་བླ་ལྟར་སྐྱེ་བར་འགྱུར་བས།། འོད་ཟེར་གྱིས་བདག་ཉིད་གསལ་བར་བྱེད་པར་འགྱུར་རོ།། ཚེ་འདི་ལ་སྦྱིན་པ་གཏོང་བ་ལ་དགའ་བ་དང་། ་བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་ཕྱུག་པོར་འགྱུར་བས་གོས་ཟས་དག་རང་འབྱུང་བར་འགྱུར་རོ།། ཚེ་འདི་ལ་སྐྱེ་བོ་མང་པོ་རྣམས ་ལ་བཟའ་བ་དང་། བཏུང་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་ངུ་ལྷའི་ཟས་རང་འབྱུང་བར་འགྱུར་བ་དང་། གཟུགས་དང་སྟོབས་ཕུན་སུམ་ཚོགས་པ་དང་། དབང་པོ ་རྣོ་ཞིང་སྤོབས་པ་དང་ལྡན་པ་དང་། ཚེ་རིང་བར་འགྱུར་རོ།། གང་གིས་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རྣམས་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་བརྒྱ་འགྱུར ་སྐྱེད་འཐོབ་པར་འགྱུར་རོ།། འདོད་ཆེན་པ་དག་ལ་སྦྱིན་པ་ཡོངས་སུ་བཏང་ན། རྣམ་པར་སྨིན་པ་རྩོང་འགྱུར་སྙེད་འཐོབ་པར་འགྱུར་རོ།། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ ་ཡོངས་སུ་བཏང་ན། རྣམ་པར་སྨིན་པ་ཁྲི་འགྱུར་སྐྱེད་འཐོབ་པར་འགྱུར་རོ།། གང་གིས་ཐེག་པ་ཆེན་པོ་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཁོར་མང་པོ་ལ་ཡང་དག་པར་བསྒྲགས་ནས། ་སེམས་ཀྱི་མིག་འབྱེད་པའི་ཆོས་སྨྲ་བ་གང་དག་ལ་སྦྱིན་པ་ཡོངས་སུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ།། གང་གིས་སྤངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ལ་སྦྱིན་པ་ཡོངས་སུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པ་མེད་པ་སྙེད་ལ་ལོངས་སྤྱོད་པར་འགྱུར་རོ།། གཞན་ཡང་གང་ཟག་རྣམ་པ་གསུམ་ལ་སྦྱིན་པ་ཡོངས་སུ་བཏང ་ནང་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་། ཕ་མ་དང་། ནུང་པ་རྣམས་སོ།། ཟས་པ་གཅིག་ཙམ་ཡོང་སྨྲས ་བཏང་བས་ཀྱང་། རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ།། རྟག་པར་ཡོངས་སུ་བཏང་བས། ཡོངས་སུ་གཏུགས་པར་མི་འགྱུར་བ་ལ་ལྷ་སྨོས་ཀྱང་ཅི་དགོས། ཚེ་འདི ་ལ་དགེ་འདུན་མང་པོའི་སྐུ་བསིལ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མཛེས་པ་དང་། རང་བཞིན་གོས་ཟས་དང་ལྡན་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་བར། ་འགྱུར་རོ།། ཚེ་འདི་ལ་བསྔགས་པ་བརྗོད་པ་དང་། མདོ་སྡེའི་ཆོས་ཀློག་ཅིང་བཏོན་དུ་འདྲོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བའི་གནས་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཐོས་པ་རྣམས ་རབ་ཏུ་དགའ་བར་འགྱུར་རོ།། ཚེ་འདི་ལ་ཚུལ་ཁྲིམས་བསྲུང་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནིསྐྱེ་བ་ཐམས་ཅད་དུ་བྱང་བཞིན་སྡུག་ཅིང་། མོའི་ནང་ན་མཆོག་ཏུ་འགྱུར་རོ།། ་ཚེ་འདི་ལ་ལམ་ཀར་ཁྲོན་པ་བརྐོས་ནས་སྐྱེ་ཤིང་བཙུགས་ནས་གྲིབ་མ་མང་པོ་ཀུན་ལ་བསྒྲིབས་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ་བྱེད་ཅིང་། རོ་བརྒྱ ་དང་ལྡན་པའི་བཟའ་བ་དང་། བཏུང་བ་བསམས་པ་ཙམ་གྱིས་འབྱོར་པར་འགྱུར་རོ།། ཚེ་འདི་ལ་མདོ་སྡེ་བྲིས་ཏེ་གཞན་དག་ལ་བྱིན་ནས། ཀློག་ཏུ་བཅུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ། ་ནི་སྐྱེ་བ་ཐམས་ཅད་བདག་གི་སྤོབས་པ་མང་པོ་དང་ལྡན་པ་དང་། ཆོས་བསླབ་པ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་བྱིན་གྱིས་རློབ་ཅིང་ཡོངས་སུ་བསྲུང་བ་དང་། རྟག་པར་མིའི་ནང་ན་མཆོག་དམ་པ་གཙོ་བོ་བྱེད་པར་འགྱུར་རོ།། ཚེ་འདི་ལ་བམ་པ་དང་གྲུ་གཟིངས་བཅས་ནས་སྐྱེ་བོ་མང་པོ་ཟློས་པར་མངོན་པར་དགའ ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་ནས་མངོན་པར་དགའ་བ་དང་། ཕན་ཚུན་འགྲོ་ཞིང ་འོངས་པའི་ཚེ་མང་པོ་ཀུན་གྱིས་བསྙེན་བཀུར་དང་རིམ་གྲོ་བྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་ཇི་སྐད་དུ་མདོ་སྡེ་དེ་དང་དེ་དག་ཏུ་རྒྱུ་དང་འབྲས་བུ ་བསྟན་ནས། སེམས་ཅན་མང་པོ་རྣམས་ཀློག་པ་དང་། ཁྭ་ཏོན་དུ་འདོན་པ་དང་། མངོན་པར་བསྒྲུབ་པར་བསྐུལ་ནས་སྡུག་བསྔལ་གྱི་བགེགས་ལས་ཡོངས་སུ་བཟླས་པ་དེ་བཞིན་དུ། འདིར ་ཡང་དེ་ལྟར་བསྟན་པ་ཡིན་པས། གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། སྐུར་པ་འདེབས་པར་བྱེད་པ་དེ་ནི་ཚེ་འདི་ཉིད་ལ་ལྕེའི་དབང་པོ་ལྷུང་བར་འགྱུར་རོ།། དེ་ནས ་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལེགས། ཇི་ལྟར་ཡོངས་སུ་གཟུང་བར་བགྱི། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི ་སྤྱོད་པ་མངོན་པར་བསྒྲུབ་པར་སྨོན་ལམ་བཏབ་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་དང་མི་སྟོང་ཕྲག་བརྒྱད་ཅུ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། དགེ་བ་སྤྱོད་པའི་བུད་མེད་བརྒྱ་སྟོང་དུ་མ་ཚེ་འདི་ཉིད་ལ་བུད་མེད་ཀྱི་དབང་པོ་གྱུར་ནས། སྐྱེས་པའི་ལུས་མངོན་པར་གྲུབ་པར་གྱུར་ཏོ།། ་སྡིག་པ་སྤྱོད་པའི་སྐྱེ་དགུ་སྟོང་ཉིས་བརྒྱ་ནི་གདུག་པའི་སེམས་སྤངས་ནས། བདག་གི་ཚེ་རབས་དྲན་པར་གྱུར་ཏོ།། དགེ་བ་སྤྱོད་པའི་སྐྱེ་བ་ཚད་མེད་པ་དག་ནི་མི་སྐྱེ་བའི་བཟོད་པ་ཐོབ་ནས ་རྟག་པར་བོང་བ་མྱོང་བར་གྱུར་ཏོ།། ཚེ་འཕོ་བར་འགྱུར་པ་ཚད་མེད་པ་སྙེད་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ནས།། བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་ཞིང་མཚུངས་པའི་གྲོགས། ་སུ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཁོར་འདུས་པ་ཐམས་ཅད་རང་གི་གནས་སུ་དོང་སྟེ། བསོད་ནམས་མངོན་པར་འདུ་བྱེད་ཅིང་། རབ་ཏུ་དགའ་བས་དགའ་བཞིན་དུ་སྤྱོད ་པར་གྱུར་ཏོ།། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ་རྫོགས་སོ།། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱའི་དཔེ་ལས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཤཀྵི་ཏྲ་ལ་ནཱམ་སཱུཏྲ། བོད་སྐད་དུ། བསླབ་པ་གསུམ་གྱི་མདོ་ཞེས་བྱ་བ། སངས། ་