CLOSE WINDOW

Ty037-010: 'phags pa don rgyas pa zhes bya ba'i chos kyi rnam grangs
Wyliee-texts produced with BDRC’s OCR application

ནྱ་གར་ག་དུ། ཨཱརྱ་མརྦབ་སྟི་རོ་ན་མ་\ུ0f7f་མ་པདྷཱ་ཡཱ་བོདྡྷ་སདྨ་འཕགས་པ་དོན་རྒྱས་པ་ནས་བྱ་བའོ་ཆོས་ཀྱི་རྣམགྲངས་ས་ས་དྒྷས་དང་དྲུང་རྒྱུད ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟློས་པ་དུས་གཅིག་ནུ་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་མགོ་མེད ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ་ཚེ་དང་ལྡན་པ་དག་ཁྱོད་ལ་ཆོས་ཐོག་མར་དགེ་བ ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ ་ཚངས་པར་སྤྱོད་པ་བསྟན་པར་བྱ་སྟེ། འདི་ལྟ་སྟེ། དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག ་དང་བཤུད་དོ།། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་གང་ཞེན་ཚེ་དང་ལྡན་པ་དག་དལ་བ་ཚོགས་པ་བཅུ་གཉིས་པོ་འདི་དག་ནི་འཕགས་པའི་ཆོས་ཐོབ་པར་འགྱུར་བ་རྩེ ་འདི་ལྟ་སྟེ། བདག་གི་འབྱོར་པ་དང་། གཞན་གྱི་འབྱོར་པ་དང་མི་ཉིད་དང་ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་རྣམས་མ་ཚང་བ་མེད་པ་ཉིད་དང ་ལས་ཀྱི་མཐའ་མ་བཏང་བ་ཉིད་དང་། གནས་ལ་དད་པར་གྱུར་པ་དང་། སངས་རྒྱས་རྣམས་བྱུང་བ་དང་། དམ་པའི་ཆོས་སྟོན་པ་དང་ཆོས་བསྟན་པ་རྣམས ་གནས་པ་དང་། གནས་པ་རྣམས་རྗེས་སུ་འཇུག་པ་དང་། གཞན་ལ་སོ་སོར་སྙིང་བརྩེ་བ་སྟེ། དེ་ལྟར་ན་ཚེ་དང་ལྡན་པ་དག་དལ་བ་ཚོགས་པ་བཅུ་གཉིས་པོ་འདི ་དག་ནི་འཕགས་པའི་ཆོས་འཐོབ་པར་འགྱུར་བ་ཡིན་ནོ།། ཚེ་དང་ལྡན་པ་དག་སྨྲ་བའི་དགེ་སློང་གཏམ་སྔབས་གཞན་དག་ལ་རྣམ་པ་ཉི་ཤུས་གཏམ་བྱ་སྟེ། འདི་ལྟ་སྟེ། ་དུས་སུ་དང་། གུས་པ་དང་། འཚམ་པ་དང་། མཚམས་འབྱོར་པ་དང་རྗེས་སུ་འབྲེལ་བ་དང་རི་མོ་དང་འདོད་པ་དང་། མཐུ ་པ་དང་སྤོ་བ་དང་། མི་སྤོང་བ་དང་རིགས་པ་དང་། འབྲེལ་པ་དང་། མ་འཆོལ་བ་དང་། ཇི་ལྟ་བ་བཞིན་གྱི་སེམས་དང་། ཕན ་པ་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་རྙེད་པ་དང་། བཀུར་སྟི་དང་། ཚོགས་སུ་བཅད་པ་ལ་མི་བརྟེན་པར། ་བྱའོ།། གཏམ་དེ་དག་སྨྲ་བ་ན་བདག་ལ་བསྟོད་པར་མི་བྱ། གཞན་ལ་སྨད་པར་མི་བྱ་བར་གཏམ་བྱའོ།། ཚེ་དང་ལྡན་པ་དག་ཆོས་ཉན་པར་འདོད་པས་རྣམ་པ་བཅུ ་དྲུག་གིས་མཉན་པར་བྱ་སྟེ། འདི་ལྟ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང་། བཀུར་སྟི་བྱ་བ་དང་། གུས་པར་ཉན་པ་དང་། མ་རངས་པ་མེད་པ་དང་། ་པ་བཞིན་ཉན་པ་དང་། ཀླན་ཀ་མི་ཚོལ་བ་དང་། ཆོས་ལ་གུས་པར་བྱ་བ་དངཆོས་སྨྲ་བའི་གང་ཟག་ལ་གུས་པར་བྱ་བ་དང་། ཆོས་ལ་མི་བརྙས་པ་དང་། ཆོས ་སྨྲ་བའི་གང་ཟག་ལ་མི་བརྙས་པ་དང་བདག་ལ་མི་བརྙས་པ་དང་རྩེ་གཅིག་པའི་སེམས་དང་། ཀུན་ཤེས་པར་བྱ་བའི་སེམས་དང་། རྣ་བླགས་ཏེ་མཉན་པ་དང ་སེམས་བསྡུས་པ་དང་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མཉན་པར་བྱའོ།། དེ་དེ་ལྟར་ཆོས་ཡང་དག་པར་ཉན་པ་དང་། མྱ་ངན་ལས་འདས་པ་གཙེར་བྱ་བ་ལ ་དད་ཅིང་སེམས་དང་བ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་སེམས་མཆོག་ཏུ་དགའ་བ་དང་ཡི་རངས་པ་སྐྱེ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར ་བྱ་བ་ཟང་བ་མེད་པའི་དགའ་བ་སྐྱེ་བར་འགྱུར་རོ།། མྱ་ངན་མས་འདས་པ་གཅོར་བྱ་བ་ལ། ཉེ་བའི་ཉོན་མོངས་པ་རྣམས་སོང་སྲིང་སེམས་བརྣས་པར་འདོན་པར ་སོམ་ཉི་རྣམས་སེལ་བ་དང་། ལྟ་བ་དྲང་པོར་བྱེད་པར་འགྱུར་རོ།། མྱ་ངན་ལས་འདས་པ་གཙེར་བྱ་བ་ལ། སེམས་རྣལ་འབྱོར་དུ་འགྱུར་བ་དང་། རྟུལ་བ་དང ་རྗེས་སུ་བརྩོན་པ་དང་། སྤོང་བ་དང་། ནང་དུ་ཡང་དག་འཇོག་དང་དོན་གྱི་མཆོག་ཐོབ་པར་འགྱུར་རོ།། མྱ་ངན་ལས་འདས་པ་གཙེར་བྱ་བ་ལ། འདུ་བྱེད་ཐམས་ཅད ་ནི་བ་དང་། སྟོང་པ་ཉིད་དུ་དམིགས་པ་དང་སྲིད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་མྱ་ངན་ལས་འདས་པ ་ལ་སེམས་རབ་ཏུ་འཇུག་ཅིང་དང་བ་དང་ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར་བྱ་བ་ལ། ཕུང ་པོ་མི་རྟག་པ་ཉིད་དང་། ཕུང་པོ་གསོག་ཉིད་དང་། ཕུང་པོ་གསོབ་ཉིད་དང་། ཕུང་པོ་སྙིང་པོ་མེད་པ་ཉིད་དང་ཕུང་པོ་འཇིག་པ་ཉིད་ལ་སེམས་རབ ་ཏུ་འཇུག་ཅིང་དང་བ་དང་ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར་བྱ་བ་དང་། འཕགས་པའི ་བདེན་པ་བཞི་ཤེས་པར་བྱ་བ་ལ་མིག་རྣམ་པར་དག་པར་འགྱུར་རོ།། མྱ་ངན་ལས་འདས་པ་གཙོར་བྱ་བ་ལ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར ་འགྱུར་རོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཆོས་ཡང་དག་པར་ཉན་ན་གྲོགས་པ་ལའང་མཐོ་མི་འཚམ་ཆོས་ཀྱི་གཏམ་གྱི་རོའང་མྱོང་བར ་འགྱུར། སྟོན་པ་ལའང་ཆོས་ཉིད་ཀྱི་རིམ་གྲོ་བྱེད། བདག་གི་དོན་ཡང་རྗེས་སུ་འཐོབ། མྱ་ངན་ལས་འདས་པའང་འཐོབ་པར་འགྱུར་རོ།། ཆོས་འདི་དག་ནི་དེའི ་ཤེས་རབ་ཡོངས་སུ་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དགེ་བའི་ངང་ཚུལ་ཉིད་དང་། ང་སེམས་ཤེས་རབ ་ཅན་ཉིད་དང་བཀའ་བློ་བདེ་བ་ཉིད་དང་། གུས་པར་ཉན་པ་དང་ཡོངས་སུ་འདྲི་བ་དང་དམ་པའི་ཆོས་ཉན་པ་དང་དམ་པའི་ཆོས་རྟག། ་ཏུ་བྱེད་པ་དང་། སྤྲོ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང་། དེ་བཞིན་དུ་ཀུན་ཏུ་སྐྱོ་བ་ལའང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། མི་དགེ་བའི་ཆོས་ཐམས ་ཅད་སྤོང་བས་དགེ་བའི་ཆོས་རྣམས་ལ་ཚུལ་བཞིན་དུ་རབ་ཏུ་འཇོག་པ་དང་། དེ་རྣམ་པར་བྱང་བ་དང་། ཏིང་ངེ་འཛིན་ལ་དབང་འཐོབ་ཅིངཚུལ ་བཞིན་དུའང་ཡིད་ལ་བྱེད་པའོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱས་པའི་བདག་ཉིད་ཀྱིས་འདུ་ཤེས ་བཅུ་པོ་འདི་ལྟ་སྟེ། མི་སྡུག་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་ལ། ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་འཕྲོད་པའི་འདུ་ཤེས་དང་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་སྡང་བའི ་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དག་བསྒོམ་པར་བྱའོ།། ཚེ་དང ་ལྡན་པ་དག་མི་སྡུག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་བཅུ་བ་ནི་སྟེའདི་ལྟ་སྟེ། བུད་མེད་དང་ལྷན་ཅིག་གནས་པ་དང་རྔམ་པ་ག་ཡེངས ་པས་བུད་མེད་ལ་ལྟ་བ་དང་། བག་མེད་པ་དང་། འདོད་ཆགས་ཤས་ཆེ་བ་ཉིད་དང་སྡུག་པའི་མཚན་མའི་རྗེས་སུ་བརྩོན་པ་དང་། མི་གཙང་བ ་ལ་སོ་སོར་མི་རྟོག་པ་དང་ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་སྦྱོར་བ་དང་། དེ་དག་དང་འཐུན་པར་བྱེད་པ་དང་། གུས་པར་མི་ཉན་པ་དང་། ཡོངས་སུ་མི་འདྲི། ་བ་དང་། དབང་པོ་རྣམས་ཀྱི་སྒོམ་བསྲུངས་པ་དང་། ཟས་ཀྱི་ཚོད་མི་རིག་པ་དང་། དབེན་པ་ལ་མངོན་པར་མི་དགའ་བ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པ།། ་མི་རྟག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་འདུ་བྱེད་ལ་རྗེས་སུ་ཆགས་པའོ།། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་དྲུག་སྟེ། འདི་ལྟ་སྟེ། ལེ་ལོ་དང་། འགྱོད ་པ་དང་། ཡལ་བ་དང་། བག་མེད་པ་དང་། མི་བརྩོན་པ་དང་། ཇི་ལྟ་བ་བཞིན་སོ་སོར་མི་རྟོག་པའོ།། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་བདག་ཏུ་ལྟ་བའོ།། ཟས་ལ་མི་འཕྲོད་པའི ་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་ལོ་ལ་སྲེད་པའོ།། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི། འཇིག་རྟེན་གྱི་སྣ་ཚོགས་དག་ལ་བདུན་པ་དང་། འདོད་ཆག ་ཀྱི་རྗེས་སུ་ཆགས་པའོ།། སྣང་བའི་འདུ་ཤེས་ཀྱི་བར་དུ་གཅོད་པའི་ཆོས་ནི་བཅུ་གཅིག་སྟེ། འདི་ལྟ་སྟེ། ཐེ་ཚོམ་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་།། ་གཉིད་དང་། རྨུགས་པ་དང་། ཕ་ཅང་བརྩོན་འགྲུས་དྲགས་པ་དང་། ཧ་ཅུང་བརྩོན་འགྲུས་ཞན་པ་དང་། དགའ་བ་དང་། སྤོབས་པ་མེད་པ་དང་། འདུ་ཤེས་སྣ་ཚོགས་དང ་ཅང་སྨྲ་བ་མང་བ་དང་། གཟུགས་རྣམས་ལ་ངེས་པར་རྟོགས་པ་ཉིད་དོ།། འདོད་ཆགས་དང་བྲལ་བའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི་ཀུན་ཏུ་འདོད་ཆགས་པའོ།། འགོག་པའི་འདུ ་ཤེས་ཀྱི་བར་དུ་གཅོད་པ་ནི། ཆོས་ལ་མཚན་མའི་རྗེས་སུ་འབྲང་བའོ།། འཆི་བའི་འདུ་ཤེས་ཀྱི་བར་དུ་གཅོད་པ་ནི། གསོན་པ་ལ་འཆུམས་པའོ།། ཚེ་དང་ལྡན་པ་དང་ཆོས་གསུམ་པོ་ག ་སྤྲས་བྱེད་པ་དང་། འདུད་པ་སྤོང་བ་དང་། དེ་ལ་མང་དུ་གནས་པ་ནི་བར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པའོ།། ཚེ་དང་ལྡན་པ་ཆོས་དག་ཆོས་བཅུ་བཞི་ནི་མི་སྡུག་པའི་འདྲ ་ཤེས་ལ་གཅེས་སྦས་བྱེད་པ་སྟེ་འདི་ལྟ་སྟེ། བུད་མེད་དང་ལྡན་ཅིག་མི་གནས་པ་དང་། དྲན་པ་ཉེ་བར་གནུས་པས་བུད་མེད་ལ་མི་ལྟ་བ་དང་། བག་ཡོད་པ་དང་། འདོད་ཆགས ་གས་ཆུང་བ་དང་། སྡུག་པའི་མཚན་མའི་རྗེས་སུ་མི་བརྩོན་པ་དང་། མི་སྡུག་པ་ལ་སོ་སོར་རྟོག་པ་དང་། ལས་ཀྱི་མཐའ་ལ་འགྲུས་པའི་གང་ཟག་དང་ལྷན་ཅིག་མ་སྦྱོར་བ་དང་། དེ་དག་དང་འཛིན ་པར་མི་བྱེད་པ་དང་། གུས་པར་མཉན་པ་དང་། ཡོངས་སུ་འདྲི་བ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཉིད་དང་། ཟས་ཀྱི་ཚད་རིག་པ་ཉིད་དང་། དབེན་པ་ལ་མངོན་པར་དགའ་བ་དང ་ཇི་ལྟ་བ་བཞིན་དུ་ལས་སོ་སོར་རྟོགས་པའོ།། ཚེ་དང་ལྡན་པ་དག་མི་སྡུག་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན། འདོད་པའི་འདོད་ཆགས་སྤོང་བར་འགྱུར་རོ།། མི་རྟག་པ ་འདུ་ཤེས་ཀུན་ཏུ་བསྙེན་བསྒོམས་ལན་མང་དུ་བྱས་ན། འདུ་བྱེད་སྤོང་བར་འགྱུར་རོ།། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན།། ལེ་ལོ་དང ་འགྱོད་པ་སྤོང་བར་འགྱུར་རོ།། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན། བདག་ཏུ་ལྟ་བ་སྤོང་བར་འགྱུར་རོ།། ཟས་ལ་མི་འགྲོ། ་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན། རོ་ལ་སྲེད་པ་སྤོང་བར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཀུན་ཏུ་བསྙེན་བསྒོམས་ལན་མང་དུ་བྱས་ན། འཇིག ་རྟེན་གྱི་སྣ་ཚོགས་དག་ལ་འདུན་པ་དང་། འདོད་ཆགས་ཀྱི་རྗེས་སུ་ཆགས་པ་སྤོང་བར་འགྱུར་རོ།། སྣ་བའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན། ཡེ་ཤེས་མཐོང་བར་འགྱུར་རོ།། འདོད ་ཆགས་དང་བྲལ་བའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན། ཀུན་ཏུ་འདོད་ཆགས་པ་སྤོང་བར་འགྱུར་རོ།། འགོག་པའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ན། ་ཕུང་པོ་ཟད་པར་འགྱུར་རོ།། འཆི་བའི་འདུ་ཤེས་ཀུན་ཏུ་བསྟེན་བསྒོམས་ལན་མང་དུ་བྱས་ནས། གསོན་པ་ལ་འཆུམས་པ་སྤོང་བར་འགྱུར་རོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག ་པར་ཚུལ་བཞིན་བྱེད་པའི་བདག་ཉིད་ལ་བར་དུ་གཅོད་པའི་ཆོས་ཉི་ཤུ་སྟེ། འདི་ལྟ་སྟེ། མི་བརྩོན་པ་དང་། མི་བརྩོན་པ་དང་འགྲོགས་པ་དང་། ཡོངས་སུ་མི་འདྲི་བ་དང་། མི་མཐུན་པའི་ལུང་དང་། ་ལུག་ལྟར་ལྐུགས་པ་ཉིད་དང་། སྲེད་པ་ཅན་ཉིད་དང་། བྱ་བ་མང་བ་ཉིད་དང་། ལས་ཀྱི་མཐའ་ཉེས་པར་བྱས་པ་ཉིད་དང་། བརྩོན་པ་གཏང་བ་ཉིད་དང་། བར་དུ་གཅོད་པ་རྣམས་ཐོས་ན་ཉམ་པ ་བ་དང་། ཁེངས་པ་དང་། མི་མཐུར་པར་འཛིན་པ་ཉིད་དང་། བརྗོད་ངས་པ་ཉིད་དང་། བག་མེད་པ་དང་ཡུལ་དུ་མི་གནས་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པ་ཉིད་དང་། ཟས་ཀྱི། ་ཚོད་མི་རིག་པ་ཉིད་དང་། ནམ་གྱི་ཆ་དང་། ནམ་གྱི་སླད་ལ་མིཉས་པར་སྦྱོར་བའི་རྗེས་སུ་མི་བཛིན་པ་ཉིད་དང་། དབེན་པ་ལ་མངོན་པར་མི་དགའ་བ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པའོ།། ཚེ་དང་ལྡན་པ་དག ་བར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམས་པར་འགྱུར་བའི་གཅེས་སྦས་བྱེད་པའི་ཆོས་ནི་བཅུ་གཅིག་སྟེ། འདི་ལྟ་སྟེ། འདུན་པ་ཐོབ་པ་དང་། ཕན་ཡོན་མཐོང་བ་ཉིད་དང་། མངོན་པར ་སྤྲོ་བ་དང་། རྣམ་པར་འབྱེད་པ་དང་། རྒྱལ་བ་དང་། ཆོས་རྣམས་ཀྱི་མཚན་མའི་རྗེས་སུ་འབྲང་བ་དང་། བདག་ལ་མི་བརྙས་པ་དང་། གུས་པར་ཉན་པ་དང་། ཡོངས་སུ་འདྲི་བ་དང་། དབེན་པ ་ལ་མངོན་པར་དགའ་བ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་ཀྱི་གཅེས་སྤྲས་བྱེད ་པའི་ཆོས་ཉི་ཤུ་སྟེ། འདི་ལྟ་སྟེ། བརྩོན་པ་དང་། བརྩོན་པ་དང་འགྲོགས་པ་དང་།། ཡོངས་སུ་འདྲི་བ་དང་། འཐུན་པའི་ལུང་དང་། ལུག་ལྟར་ལྐུགས་པ་མ་ཡིན་པ་ཉིད་དང་། སྲེད་པ་རྒྱན་མ་ཡིན་པ་ཉིད་དང་། ་བྱ་བ་མི་མང་བ་ཉིད་དང་། ལས་ཀྱི་མཐའ་ལེགས་པར་བྱས་པ་ཉིད་དང་། བརྩོན་པ་མ་བཏང་བ་ཉིད་དང་། བར་དུ་གཅོད་པ་རྣམས་ཐོས་ནཉམ་མིང་བ་དང་། མ་ཁེངས་པ་དང་། མཐུན་པར་འཛིན་པ་ཉིད་དང་། དྲན་པ ་ཉེ་བར་གཞག་པ་ཉིད་དང་། བག་ཡོད་པ་དང་། ཡུལ་དུ་གནས་པ་དང་། དབང་པོ་རྣམས་ཀྱི་སྒོ་བསྲུངས་པ་ཉིད་དང་། ཟས་ཀྱི་ཚད་རིག་པ་ཉིད་དང་། ནམ་གྱི་ཆ་སྟོང་དང་། ནམ ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང་། དབེན་པ་ལ་མངོན་པར་དགའ་བ་དང་། ཇི་ལྟ་བ་བཞིན་ལ་སོ་སོར་རྟོག་པའོ།། ཚེ་དང་ལྡན་པ་དག་གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་རབ་ཏུ ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱ་སྟེ། བདག་ནི་ཁྱིམ་པའི་རྟགས་སྤངས་པ། མི་སྡུག་པའོ་ཞེས་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ།། བདག་ནི་མི་འདྲ་བ་ལས ་བླངས་པ་སྟེ། བདག་གི་ཆ་བྱད་དང་བྱ་བ་གཞན་ཡིན་ནོ།། བདག་གི་འཚོ་བ་ནི་གཞན་ལ་རག་ལས་པ་སྟེ། ཇི་སྲིད་འཚོའི་བར་དུ་བདག་གི་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོ། ་སྨན་དང་། ཡོ་བྱད་ཕ་རོལ་ལས་བཙལ་དགོས་པའོ།། བདག་ནི་ཇི་སྲིད་འཚོའི་བར་དུ་བདག་མི་རྣམས་ཀྱི་འདོད་པ་དག་ལས་ལྡོག་པ་བྱས་པའོ།། བདག་ནི་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་རྩེད་མོའི་དགའ་བདག། ་ལས་ལྡོག་པར་བྱས་པའོ།། ཅིག་བདག་གི་བདག་ཚུལ་ཁྲིམས་དག་གིས་མ་སྨད་དམ། ཅིག་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་ཀྱིས་མ་སྨད་དམ། ཅིག་བདག་ཉིད་མ་སྤ་ས། ་མཉམས་པར་སྤོང་ངམ། ཅིག་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཐའམ། ཅིག་གཅིག་པུ་ཀུན་དགའ་རབ་སྟོང་པར་མངོན་པར་དགའ་འམ། བདག་ཇི་ལྟ་བུའི་གྱུར་པས་ཉིན་མཚན་འདས། ཅིག་འདུ་བྱེད་ཐམས་ཅད་ཞི་བ ་སྟོང་པ་ཉིད་དུ་དམིགས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་བདག་གི་སེམས་རབ་ཏུ་འཇུག་པ་དང་། དང་བ་དང་། ཡང་དག་པར་གནས་པ་དང་། རྣམས་པར་གྲོལ་བར་གྱུར་ཏག།། ་གཕུང་པོ་མི་རྟག་པ་ཉིད་དང་། ཕུང་པོ་གསོག་ཉིད་དང་། ཕུང་པོ་གསོཔ་ཉིད་དང་། ཕུང་པོ་སྙིང་པོ་མེད་པ་ཉིད་ལ་བདག་གི་སེམས་རབ་ཏུ་འཇུག་པ་དང་། དད་པ་དང་། ཡང་དག་པར་གནས་པ་དང་། རྣམ་པར་གྲོལ་བར ་ཅིག་བདག་འཆི་བའི་ཚེ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་བདག་ལ་དྲིས་ན། ཡུལ་ཡུལ་པོ་མ་ཡིན་ཞིང་། བག་ཆ་བ་མེད་པ་དང་། འཇིག་པ་མེད་པ་དང་། འཇིག་པ་མེད་པར་མ་དག་པར་ལུང་སྟོན་པར་ལུང ་བསྟན་པར་བྱ་བ་དག་གང་ཡིན་པ་དགེ་སློང་གི་འབྲས་བུ་བཞི་ལས་འབྲས་བུ་གང་ཡང་རུང་བ་ཞིག་འཐོབ་བམ། བདག་ནི་སྐྱེ་བའི་ཆོས་ཅན་ཏེ། སྐྱེ་བའི་ཆོས་ཉིད་ལས་མ་འདས་པ། རྒ་བའི་ཆོས་ཅན། ན་བའི ་ཆོས་ཅན། འཆི་བའི་ཆོས་ཅན་ཏེ། བདག་གི་འདོད་ཆགས་པ་དང་། སྡུག་པ་དང་། འཕངས་པ་དང་། ཡིད་དུ་འོང་བ་ཐམས་ཅད་དང་འབྱེ་བ་དང་། མེད་པ་དང་། འབྲལ་བ་དང་། མི་ལྡན་པར་འགྱུར ་བའོ།། བདག་གི་ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་བསྟན་པར་བྱ་བ་སྟེ། ལས་དགེ་བའམ། མི་དགེ་བ་གང་དང་གང་བྱེད་ལ། ལས་དེ་དང་དེ་ཉིད་ཀྱི་སྐལ ་བཅན་དུ་འགྱུར་རོ་སྙམ་དུ་གནས་འདི་རབ་ཏུ་བྱུང་བས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ།། གནས་ཉི་ཤུ་རྩ་གཉིས་པོ་འདི་དག་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་དེའི་དགེ་སྦྱོང་གི་འདུ་ཤེས་ཡོངས ་སུ་རྫོགས་པར་འགྱུར་རོ།། དགེ་སྦྱོང་གི་འདུ་ཤེས་ཡོངས་སུ་རྫོགས་ན། འདུ་ཤེས་བདུན་ཡོངས་སུ་རྫོགས་པར་འགྱུརརྟག་པར་རྒྱུན་དུ་བྱེད་པ་དང་། དྷུར། ་དུ་འཇུག་པ་དང་། བརྣབ་སེམས་དང་གནོད་སེམས་མེད་པ་དང་། ཡོང་དག་པའི་དྲན་པ་དང་། ང་རྒྱལ་མེད་པ་དང་། འཚོ་བའི་ཡོ་བྱད་དང་རྣམས་དེའི་ཚེ་དང་། ཏིང་ངེ་འཛིན་ལ་དབང ་ཐོབ་ཡོངས་སུ་པའོ།། ཚེ་དང་ལྡན་པ་དག་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་གང་ཡུན་རིང་པོར་གཟུགས་ལ་ཆགས་པ་དང་། སྦ་ལ་ཆགས་པ་དང་། དྲིལ་ཆགས་པ་དང ་རོ་ལ་ཆགས་པ་དང་། རེག་བྱ་ལ་ཆགས་པ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དག་གིས་ཀུན་ཏུ་བསགས་པ་ཉེ་བར་བསགས་པ་དེ་ནི། སོ་སོར་བརྟགས ་པས་འདི་ལྟ་སྟེ། མི་འཆི་བའི་དབྱིངས་ལ་ཉེ་བར་རྣམ་པར་བཞག་པ་མ་ཡིན་པར་འགྱུར་རོ།། ཚེ་དང་ལྡན་པ་དག་སོ་སོའི་སྐྱེ་བོས་རྣམ་པ་ཉི་ཤུས་སེམས་སྐྱོ་བར་བྱ་སྟེ། བདག་ནི་རྫོགས ་པས་གསོག་ཡོན་ནོ།། མ་དུལ་བར་འཆི་བར་འགྱུར་རོ།། གཡང་སར་ལྟུང་བར་འགྱུར་རོ།། འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བར་འགྱུར་རོ།། འཇིགས་པ་མེད་པའི་ཕྱོགས་མི་ཤེས ་པའོ།། ལས་མི་ཤེས་པའོ།། ཏིང་ངེ་འཛིན་མ་ཐོབ་པའོ།། ཡང་སྲིད་པ་ནི་སྡུག་བསྔལ་པའོ།། ངལ་བ་ཕུན་སུམ་ཚོགས་པ་ནི་རྙེད་པར་དཀའ་བའོ།། འདོད་པར་གསོད་པར་བྱེད་པར་རྟག་ཏུ ་རྫས་སུ་བཅིངས་པར།། བདག་ནི་འགྲོ་བ་ལས་མ་འདས་པས།། བདག་རིངནས་དྲུ་དྲུག་ལས་མངས་སུ་མཐོལ་ཟག། བདག་མིམ་པར་གྱུར་པ་ངག་ཏུ་མེད་པ་དང་ཡང་དག་དུ་གྱུར་ས། ་བདག་ནི་མཚམས་མེད་པའི་ལས་རྣམས་མི་བྱ་བའི་ཕྱིར་གགས་པ་མ་བྱས་པའོ།། བདག་ནི་སྐྱེ་བའི་འཁོར་བ་ཐོག་མ་དང་ཐ་མ་མེད་པའི་མཐའ་མ་བྱས་པའོ།། མཐར་མ་བྱས་ན་བྱེད་པ་གནན ་མེད་དོ།། མ་བྱས་ན་བདེ་བའི་ངོ་བོ་མེད་དོ།། ལས་བྱས་པ་རྣམས་ནི་ཆུང་ཟབ་མེད་དོ།། བདག་ནི་མ་རིག་པར་གྱུར་ཅིང་མི་མཁས་པ་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་སོ་སོའི་སྐྱེ་བོས་ས ་སྐྱོ་བར་བྱའོ།། དེ་རྣམ་པ་ཉི་ཤུ་དེ་རྣམས་ཀྱིས་སེམས་སྐྱོ། ཤིན་ཏུ་སྐྱོ། སྐྲག། ཤིན་ཏུ་སྐྲག། བཀག། ཤིན་ཏུ་བཀག། རྣམ་པ་གཞན་ཉི་ཤུས་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས། ་ཏིདེ་སེམས་ཀྱི་མཚན་མ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དྲག་པར་གནས་སོ།། དེ་སེམས་བླ་ན་མེད་པའམ། སེམས་རྩེ་གཅིག་པ་འམ། ཏིང་ངེ་འཛིན་མཚན་གྱི་མའམ ་ཏིང་ངེ་འཛིན་ལ་གནས་པའི་མཚན་མ་འམ། ཏིང་ངེ་འཛིན་ལས་ལྡང་བའི་མཚན་མ་འམ། ཞི་གནས་ཀྱི་མཚན་མའམ། རབ་ཏུ་འཛིན་པའི་མཚན་མ་འམ། བཏང་སྙོམས་ཀྱི་མཚན ་མ་འམ། སྤྱོད་ཡུལ་མ་ཡིན་པ་སྤང་བའམ། སྤྱོད་ཡུལ་ལ་གུས་པ་འམ། མདོར་བསྟན་པའམ། དམིགས་ཀྱིས་བསལ་བའམ། ཀུན་ཏུ་སྐྱོ་བ་མང་བའམ་བླ་མལ ་བསྟེན་པ་འམཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ།། དབུགས་བརྔུབ་པ་དང་འབྱུང་བ་དྲན་པ། ་བསྒོམ་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ།། དེ་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་སེམས་མྱུར་བ་མྱུར་བར་ཡང་དག་པར་གནས་སོ།། ཚེ་དང་ལྡན་པ་དག ་འཕགས་པ་ཉན་ཐོས་དེ་ལྟར་ཡང་དག་པར་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་ཀྱི་བར་དུ་གཅོད་པ་ནི་བཅུ་གཅིག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡང་དང་ཡང་དུ་ཚོགས་པར ་འདུ་བ་དང་། ཟས་ལ་འདུ་བ་ཉིད་དང་། ལས་ལ་དགའ་བ་ཉིད་དང་། སྨྲ་བ་ལ་དགའ་བ་ཉིད་དང་། འདུ་འཛིའི་གཏམ་ལ་དགའ་བ་ཉིད་དང་། འདུ་འཛིལ་དགའ་བ་ཉིད ་དང་། བདག་ཏུ་འཛིན་པ་དང་། འཕྱར་བ་དང་། བཀྲ་མེད་པ་དང་། ཡུལ་དུ་མི་གནས་པའོ།། ཚེ་དང་ལྡན་པ་དག་བར་དུ་གཅོད་པ་མ་བཅོམ་པ་དེ་དག་ཡང་དག་པར་འཇོམ་པ ་མཁས་པ་བརྟུལ་བསླབ་པར་བྱ་སྟེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་མཁས་པ་དང་། ཏིང་ངེ་འཛིན་ལ་གནས་པ་ལ་མཁས་པ་དང་ཏིང་ངེ་འཛིན་ལས་ལྡང་བ་ལ ་མཁས་པ་དང་རབ་ཏུ་འཛིན་པ་ལ་མཁས་པ་དང་བཏང་སྙོམས་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་། ཐབས་ལ་མཁས་པ་དང་། ་མངོན་པར་སྒྲུབ་པ་ལ་མཁས་པའོ།། ཚེ་དང་ལྡན་པ་དག་འཕགས་པ་ཉན་ཐོས་དེ་ལྟར་མངོན་པར་སྒྲུབ་པ་ལ་མཁས་པ་ལ་མཆོག་ཏུ་དགའ་བའི་དངོས་པོ་བཅུ་གསུམ་སྐྱེ་བ་ན་སྐྱེ་སྟེ ་དད་པ་ཅན་དེ་སྟོན་པ་འམ་ཆོས་སམ། དགེ་འདུན་ནམ་བདག་གི་ཚུལ་ཁྲིམས་སམ། གཞན་གྱི་ཚུལ་ཁྲིམས་སམ། བདག་གིས་སྦྱིན་པར་བྱ་བའི་ཆོས་རྣམས་སམ ་བདག་གི་སྦྱིན་པ་འམ། གཞན་གྱི་རྟོགས་པ་ཡིད་ལ་བྱེད་པ་ན། མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན་འདས་དེ ་བདག་གིས་སྡུག་བསྔལ་གྱི་ཆོས་མང་པོ་སེལ་བའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན་འདས་དེ་བདག་གིས་བདེ་བའི ་ཆོས་མང་པོ་སྒྲུབ་པའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། བཅོམ་ལྡན་འདས་དེ་བདག་གིས་སྡིག་པ་མི་དགེ་བའི་ཆོས་རྣམ་པ ་དུ་མ་སེལ་བའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། དེ་བཅོམ་ལྡན་འདས་དེ་བདག་གིས་དགེ་བའི་ཆོས་རྣམ་པ་དུ་མ ་སྒྲུབ་པའོ་ཞེས་མཆོག་ཏུ་དགའ་བ་སྐྱེ་བ་འདི་ནི་དད་པ་ཅན་གྱི་མཆོག་ཏུ་དགའ་བའི་དངོས་པོ་ཡིན་ནོ།། ཚེ་དང་ལྡན་པ་དགའ་ཕགས་པ་ཉན་ཐོས་ཆོས་བཞི་ལ་རྟེན་ན་ཆོས་ལྔ་སྒོམ ་#། པ་ཡོངས་སུ་རྫོགས་པར་འགྱུར་ཏེ། འདུན་པ་དང་། བརྩོན་འགྲུས་དང་། དབེན་པ་དང་། ཕྱིར་མི་ལྡོག་པའོ།། ཆོས་ལྔ་པོ་གང་དག་བསྐོས་པ་ཡོང་སུ་རྫོགས ་པར་འགྱུར་ཞེ་ན། མཆོག་ཏུ་དགའ་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་ཏོ།། ཚེ་དང་ལྡན་པ་དག་དེ་ཆོས་ལྔ་པོ་དེ་དག་ཀུན་ཏུ་བསགས་ཤི་ཉེ་བར་རབས་དྲན། ་དྲུག་རྔུ་བརྒྱད་མེད་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་ཆགས་ཀྱི་ཟུག་རྔུ་དང་། ཞེ་སྡང་གི་ཟུག་རྔུ་དང་། གཏི་མུག་གི་ཟུག་རྔུ་དང་། ང་རྒྱལ་གྱི་ཟུག་རྔུ་དང་། སྲེད་པའི་བུག་རྔུ་དང་། ལྦུ་བའི་ཟུག་རྔུ་དང་། ་ཅོམ་དང་སོམ་ཉིའི་ཟུག་རྔུའོ།། ཟུག་རྔུ་བརྒྱད་པོ་འདི་དག་མེད་པར་གྱུར་ན། མི་སློབ་པའི་ཆོས་བཅུ་འཐོབ་པར་འགྱུར་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང ་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་ཚལ་བ་དང་། ཡང་དག་པའི་རྡོལ་བ་དང་། ཡང་དག་པའི་འདྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ་ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཡེ་ཤེས་སོ།། དེ་མི་སློབ་པའི་ཆོས་བཅུ་པོ་དེ་དག་སྐྱེས་ཤིང་ཐོབ་སྟེ་ལྡན་ན་འཕགས་པར་འགྱུར་ཏེ། ཡན་ལག་ལྔ་སྤངས་པ། ཡན་ལག་དྲུག་དང ་ལྡན་པ། བསྲུང་བ་གཅིག་པ། སྟོན་པ་བཞི་དང་ལྡན་པ། སོ་སོར་བདེན་པ་བསལ་བ། བསལ་བ་སྤངས་པ། ཀུན་ཏུ་རྟོག་པའི་རྙོག་པ་མེད་པར་རྙེད་དོ།། ་