CLOSE WINDOW

Ty037-008: 'phags pa dge ba'i bshes gnyen bsten pa'i mdo
Wyliee-texts produced with BDRC’s OCR application

འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག་རྫོགས་སོ།། ། རྒྱ་གར་སྐད་དུ། ཨརྱ་ཀ་ལྱ་མི་ཏཱ་སེ་བ་ནམ་སཱུ་ཏྲ། བོད་སྐད་དུ། འཕགས ་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས ་གྲོང་ཁྱེར་ཀུ་ཤ་ན། གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནའི་དུས ་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྔོན་དང་གནས་པ ་བྱའི་སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྔོན་དང་གནས་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས ་ལཿཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་བདག་གཅིག་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་ལ་འདི་ལྟ་བུའི་སེམས་ཀྱི་མ ་སུ་རྟོག་པ་བྱུང་སྟེ། འདི་ལྟསྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་ཕྱོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་པ་དང ་སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་ནི་དེ་ལྟ་མ་ལགས་སོ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ། དགེ་བའི་བ་ཤེས་གཉེར་དང་། ་བའི་གྲོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྐྱོན་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་མ་ཟེར་ཅིག། ་དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང ་ཡོངསུ་རྫོག་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་སྟེན་འདི་ནི་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ་ཀུན་དགའ་བོ་བཤེས་གཉེན་དང་། ཕལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང་། སེམས་ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་ལ་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔམ ་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ།། ཀུན་དགའ་བོ་བས་ན་རྣམ་གྲངས་ཁོ་རས་ཁྱོད་ཀྱིས་འདི་ལྟར་དག་པར། ་བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་སྟེན་འདི་ནི་ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས ་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེར་དང་། སྡིག་པའི་གྲོགས་པོ་དང་། རིག་པའི་སྟན་འདི་ནི་དེ་ལྟ་མ་ཡིན་རོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དགེ་པའི་བཤེས་གཉེན་བསྟན་པའི་མདོ་རྫོགས་སོ།། ། ་