CLOSE WINDOW

Ty037-006: sa'i mdo
Wyliee-texts produced with BDRC’s OCR application

རྫོགས་སོ།། ནུ་ཆེན་གྱི་ལོ་རཱུ་བ་བནྡེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐ་དུ། ་བྷཱུ་མི་སཱུ་ཏྲ། བོད་སྐད་དུ་སའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས། ཤིང་ཡོངས་སུ་འདུས་བརྟོལ་གྱི་རྩ་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྐྱེ་བོ་གང་ཞིག་བདེ་འགྲོར་མཆིས།། སྐྱེ་བོ་གང་ཞིག་མཐོ་རིས་སྐྱེ།། གང་ཞི་གཉེན་དང་མཚན ་རྣམས་སུ།། རྟག་ཏུ་བསོད་ནམས་འཕེལ་བར་འགྱུར།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་སྐད་ཅེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ནུས་པ་དང་། ཚིག་སུ་བཅད་པའི་དབྱངས ་ཉིད་ཀྱིས་ཞུས་པའི་ལན་གསུངས་པ་ཀུན་དགའ་ར་བ་ནགས་ཚལ་སྐྱེད།། སྐྱེ་བོ་གང་ཞིག་ཟབ་པ་བྱེད།། ཆུ་སྟེང་ཁང་དང་རུ་མིག་དང་།། གང་ཞིག་འབ་བསོ་གནས་སྟེར་དང་།། དད་དང་ཚུལ་ཁྲིམ ་ཕུན་ཚོགས་ལྡན།། མཁས་ཤིང་སེར་སྣ་དང་བྲལ་ཞིང་།། འདོད་པ་ཀུན་ལ་མ་ཆགས་ན། རྟག་ཏུ་སེམས་ཅན་ཕན་བརྩོན་པའི།། སྐྱེ་བོ་དེ་ནི་བདེ་འགྲོར་འགྲོ།། སྐྱེ་བོ་དེ་ནི་མཐོ་རིས་སྐྱེ།། དེ་ནི ་ཉིན་དང་མཚན་རྣམས་སུ།། རྟག་ཏུ་བསོད་ནམས་འཕེལ་བར་འགྱུར།། སེར་སྣ་དང་ལྡན་ལྔར་མི་འགྲོ།། བྱིས་དེ་སྦྱིན་པ་སྟེར་མི་བྱེད།། བརྟན་རྣམས་སྦྱིན་པ་ཡི་རང་བ།། དེས་འདི་གཞན ་དུ་བདེ་བར་འགྱུར།། ཞིང་གི་སྐྱོན་ནི་རྩཝ་ཡིན་ལྟར།། སྐྱེས་བུ་འདི་ལ་འདོད་ཆགས་སྐྱོན།། དེ་བས་ཆགས་དང་བྲལ་རྣམས་ལ།། བྱིན་དང་འབྲས་བུ་ཆེན་པོར་འགྱུར།། ང་ནིགསངས་རྒྱས་ཆོས་ཐན། ་དག་བདུན་དུག་དང་མཆོད་རྟེན་དང་།། མྱོས་པ་མ་ཡང་ན་དུང་ད་དག། ཚུལ་ཁྲིམས་ལྡན་པའི་མི་ལ་བྱིན། གླང་དང་གང་དུ་སྐྱེ་འགྱུར་བ།། ཇི་ལྟར་མི་ཡི་རྒྱལ་པོ་བཞིན།། ལྷ་རྣམས་ཀྱི་ནི་མཆོག ་འགྱུར་ཞིང་།། ལྷག་པའི་རྒྱལ་པོ་བྱེད་པར་འགྱུར།། འཁོར་བར་ཡོངས་སུ་འཁོར་བ་ན།། སྦྱིན་པ་མ་གཏོགས་གཉེན་མེད་པས།། བློ་ལྡན་ཕུན་ཚོགས་འདོད་པ་ཡིས།། རབ་ཏུ་འབད་དེ་སྦྱིན་པ ་བྱིན།། གང་ཞིག་མངའ་རྒྱང་གང་ཙམ་ཞིག། ས་འདི་སྦྱིན་པ་རབ་གཏོང་བ།། དེ་ནི་ལྷ་ཡི་གནས་སོང་ནས།། མཐོ་རིས་དག་ཏུ་བསྐལ་པར་དགའ།། གང་ཞིག་ཀུན་དགའི་རབ་ཙམ། ་ས་ནི་སྦྱིན་པར་གཏོང་བྱེད་པ།། ཚངས་པའི་མདུན་ན་རབ་བསྐྱེད་དེ།། མཐོ་རིས་དྲག་ཏུ་བསྐལ་པར་དགའ།། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར།། ས་ནི་སྦྱིན་པར་གཏོང་བྱེད་པ།། ཚངས ་པའི་བསོད་ནམས་རབ་བསྐྱེད་དེ།། མཐོ་རིས་དག་ཏུ་བསྐལ་པར་དགའ།། ས་ནི་འབྲུ་ཡི་འཕྲེང་བཅས་ས།། རྨོས་པ་མཚན་མར་བཅས་བྱིན་ན།། བསྐལ་པ་བྱེ་བ་སྟོང་ཕྲག་ཏུ།། དེ ་ནི་སྐྱེ་བ་ཉམས་མི་འགྱུར།། ཚུལ་ཁྲིམས་ལྡན་ལ་ཁྱད་པར་དུ།། འབྲས་བུ་ཞིང་ནི་གང་གིས་འབྱིན།། གང་གི་སྦྱིན་པ་དེ་ཡིས་ནི།། འབྲས་བུ་མི་ཟད་དེས་ཐོབ་འགྱུར།། ས་ནི་སཱ་ལུ ་བུ་རམ་ཤིང་།། ནས་ནི་ལྟུང་པས་བརྒྱན་པ་དག། གྲང་ཞིག་སྦྱིན་པར་བྱེད་པ་དེ།། ལྷ་མཆོག་བདེ་བ་རབ་འཕེལ་འགྱུར།། རལ་བྲི་སེང་གེ་གདན་དང་གདུགས། ་མཆོག་གླང་པོ་མཆོག་རྣམས་དང་།། ས་སྦྱིན་པ་ཡི་མེ་ཏོག་སྟེ།། བརྒྱ་བྱིན་འབྲས་བུ་ཐར་པ་ཡིན།། གང་ཞིག་ས་ནི་ལེན་པ་དང་།། གང་ཞིགས་ནི་སྟེར་བྱེད་པ།། གཉིས་ཀ་ཕན་བྱེད ་ཡིན་པའི་ཕྱིར།། ངེས་པར་མཐོ་རིས་ངག་ཏུ་འགྲོ།། བརྒྱ་བྱིན་ཇི་ལྟར་ཆུ་ལ་ནི།། ཏིལ་མར་ཐིགས་པས་ཁྱབ་བྱེད་པ།། དེ་བཞིན་ས་ནི་སྦྱིན་པ་ལ།། ཡང་དག་བརྟེན་ལས་བསོད་ནམས ་འཕེལ།། ཇི་ལྟར་འོ་མ་ཡོད་པའི་བ།། འོ་མ་འབྱིན་པས་བེའུ་གསོ།། བསྐལ་བཟང་དེ་བཞིན་ས་གཏོང་བ།། ས་ཡིས་ཡོངས་སུ་གསོས་པར་འགྱུར།། དེ་བཞིན་ས་རབ་སྦྱིན་པ་ཡིས།། ་ཞོ་དང་མར་གསར་ཆུ་བོ་དང་།། འོ་མའི་ཆུ་ནི་འབབ་པ་ཡིས།། ཚིམ་པར་བྱེད་པ་ཉིད་དུ་འགྱུར།། རྒྱལ་པོ་འདོད་ཆགས་ཀྱིས་གདུངས་ནས།། སྡིག་པ་གང་ཞིག་བྱས་གྱུར་པ།། དོར་ཕྱེད་ཙམ་ཞིན ་གནོད་གྱུར་ལ།། བྱིན་པས་བདེ་འགྲོར་འགྲོ་བར་འགྱུར།། རྒྱལ་པོ་འདོད་ཆགས་ཀྱིས་གདུངས་ཏེ།། སྡིག་པ་གང་ཞིག་བྱས་གྱུར་པ།། དོར་ཕྱེད་ཙམ་ཞིག་དགེ་འདུན་ལ།། བྱིན་པས་བདེ་འགྲོར ་འགྲོ་བར་འགྱུར།། རྩཝ་ལས་ས་ནི་ཡོངས་སུ་བརྟག། མ་ཡི་ཕྱོགས་ལ་བེའུ་བརྟགས་ཏེ།། རྟ་ནི་ཕ་ཡི་ཕྱོགས་ལས་བརྟག། ཚུལ་ཁྲིམས་འཚོ་བས་མི་རྣམས་སོ།། བསམ་གཏན་ས ་རབ་སྤྱིར་བ་ལས།། གང་ཞིག་ཟློག་པར་བྱེད་པ་དང་།། དེ་དག་བསྡུས་འཇོམས་རི་བོ་ར།། དམྱལ་བར་མི་ནི་འགྲོ་བར་འགྱུར།། ས་དང་མཉམ་པའི་སྦྱིན་པ་བྱེད།། སྦྱིན་དང་མཉམ་པའི། ་གཏེར་མེད་ལ།། བདེན་དང་མཉམ་པའི་བསོད་ནམས་མེད།། བརྫུན་པས་གཞན་པའི་སྡིག་པ་མེད།། དེ་ནས་བརྒྱ་བྱིན་སྟོབས་ལྡན་པའི།། བདེ་སོགས་བདག་ངོས་ལུས་བཏུད་དེ།། རིན་ཆེ། ་རང་བཞིན་ས་བྱ་བས།། དཀོན་མཆོག་གསུམ་ལ་ཀུན་ཏུ་མཆོད།། སའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཚ་བ་དགེ ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པ།། འཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག། འབར ་