CLOSE WINDOW

Ty036-005: 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་ཆེན་གྱི་ལ་སྣ་བ་བྲན་མ་ཤེས་སྡེལ་སོགས་པས་བརྒྱར་ཅིང་ས་ཏེ་གཏན་ལ་བབ་པ། རྒྱག་རས་དང། སུ ་ཙིན་ཏི་པྲཧཱ་པར་བྲིད་ཚན་མ་མ་ཧཱ་ཡན་སཱུཿ། བོད་སྐད་དུ། བཔགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། བམ་པོ་དང་ངོ་།། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ཏུ་གནས ་པའི་འོད་མའི་ཚལ་ནས་དགེ་སློང་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔྲའ་སྐྱོང་དྲག་བདུན་ཅུ་རྩ་གཉིས་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས ་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ།། སྤོབས་པ་ཐོགས་པ་མེད་པ། ཏིང་ངེ་འཛིན་ཐོབ་པ། མངོན་པར་ཤེས་པས་རྣམ་པར་རོལ་ཅིང་སྤོབས་པ་མི་འཇིག ་པ་དང་ལྡན་པ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ལ་མཁས་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ལ་འདི་ལྟ་སྟེ། གནོན་ནུར་གྱུར་པ་འཇམ་དངུལ་དང་། གཞོན་ནུར་གྱུར་པ་ལག ་ན་རིན་པོ་ཆེ་དང་། གཞོན་ནུར་གྱུར་པ་ལ་ག་ན་ཕྱག་རྒྱ་རིན་པོ་ཆེ་དང་། གཞོན་ནུར་གྱུར་པ་རིན་པོ་ཆེ་དང་ལ་དང་། གཞོན་ནུར་གྱུར་པ་ནམ་མཁའ་མཛོད་དང་། གཞོན་ནུར་གྱུར་པ་སེམས་བསྐྱེད་མ་ཐག ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་དང་ཀེ་གནོན་ནུར་གྱུར་པ་རྣམ་པར་བསྒྱིངས་པ་དང་། གཞོན་ནུར་གྱུར་པ་དཔལ་གྱི་སྙིང་པོ་དང ་གཞོན་ནུར་གྱུར་པ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། གཞོན་ནུར་གྱུར་པ་པདྨ་བཀོད་པ་དང་། གཞོན་ནུར་གྱུར་པ་སེང་གེ་དང་། གཞོན་ནུར་གྱུར་པ་ཟླ་འོད་དང་། གཞོན་ནུར་གྱུར་པ་ཟླ ་པའི་ཟེར་གྱི་འོད་དང་། གནོན་ནུར་གྱུར་པ་བློ་གྲོས་མཆོག་དང་གཞོན་ནུར་གྱུར་པ་རྒྱན་ཐམས་ཅད་བཀོད་པ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ལ་འདི་ལྟ་སྟེ་བཟང་སྐྱོང ་དང་དཀོན་མཆོག་འབྱུང་གནས་དང་། དེད་དཔོན་མཆོག་དང་། མིས་བྱིན་དང་། ཕུག་སྦས་དང་། ཆུས་བྱིན་དང་། དབང་བྱིན་དང་། དབང་པོས་བྱིན་དང་། བླ་མའི་བློ་གྲོས ་དང་ཁྱད་པར་བློ་གྲོས་དང་། བློ་གྲོས་འཕེལ་དང་། མཐོང་བ་དོན་ཡོད་དང་ཤི་ན་ཏུ་ཡང་དག་ཞུགས་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། བློ་གྲོས་མཐའ་ཡ་ས་དང་། ་བརྩོན་པ་མི་གཏོང་བ་དང་། ཉི་མའི་སྙིང་པོ་དང་། ས་འཛིན་དང་། དེ་ལྟ་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་རྒྱལ་པོ་ཆེན་པོ་བཞི་དང ་བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་མཚེ་མ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་ག་ཚངས ་པ་ལ་སོགས་པ་ཚངས་པའི་རིས་ཀྱི་ལྷ་བརྒྱད་སྤྱོད་དང་། དེ་མ་ཡིན་པ་གཞན་གཟི་བརྗིད་ཆེ་བ་གཟི་བརྗི་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་། མི་དུང་མི་མ་ཡིན་པ་རྣམས་དང་ཡང་ཐབས་ཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ ་བ་དྲ་ར་ན་ས་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་དྲ་བུ་ཅན་གྱི་འོད་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྗང་སུལ་བཙུགས་ན་ས ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོ་བར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་ཐམས་ཅད་ལ་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་། བཅོམ་ལྡན་འདས་ཀྱིས ་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གང་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲ་བ་ཅན་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤི་ས་དང ་དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པ་སངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་ཀ་བྱང་ཆུབ་སེམས་དཔའ ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུ་ནི་བལྔ་པས་ཆོག་མི་ཤེས་པ་ཁ་དོག་ཉི་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པས་ལྷག་པ་ལགས་ཏེ། བཅོམ་ལྡན་འདས ་བདག་ནི་གང་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་བརྟག་པར་ནུས་པ་འདི་ནི་ངོ་མཚར་ཏོ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཡང་བདག་ནི་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ། ་རྟོག་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུའོ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཇི་སྐད་ཟེར་བ་དེ་བཞིན་ཏེ་དེ་བཞིན་གངཤེགས་པས ་སྐབས་མ་ཕྱེ་བར་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་བརྟག་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་རབ་ཏུ་ཞི་བའི་རྣམ་པར་བཀོད་པ་ཞེས ་བྱ་བའི་འོད་ཟེར་ཡོད་དེ་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་ག་ཤེགས་པའི་སྐུ་ལ་ལྔ་ཞིང་རྟོགས་ལ། དེ་དག་གི་མིག་གི་དབང་པོའང་ཉམས་པར་མི་འགྱུར་རོ།། དྲ་བ ་ཅན་གྱི་བོད་དེ་བཞིན་གངཤེགས་པ་ལ་མི་འཇིགས་པའི་སྤོབས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཀུན་འདྲི་ཞིང་ཕྱིར ་འདྲི་བར་ཡང་བྱེད་དོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསགས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ་ག་འོད་ཟེར་དེས་རེག་པའི་སེམས་རྣམས་འཁོར་ལོས་སྒྱུར ་པའི་རྒྱལ་པོའི་སྲིད་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། དེ་བཞིན་དུ་སྦྱར་ཏེ། འོད་ཟེར་དགེ་བའི་རྣམ་པ་བཀོད་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས ་ཅན་རྣམས་བརྒྱ་བྱིན་ཐོབ་པར་བྱ་བའི་ཕྱིར།། དེ་བཞིན་གཤེགས་བྲལ་ཀུན་འདྲིའོ།། འོད་ཟེར་བདག་པོ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་ཚངས་པའི་འཇིག ་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ།། འོད་ཟེར་ཉོན་མོངས་པ་མེད་པར་གྱུར་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེས ་པ་ལ་ཉན་ཐོས་ཀྱི་ཐེག་པ་ཀུན་བདྲིའོ།། འོད་ཟེར་རྩེ་གཅིག་པ་དབེན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་རང ་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲིའོ།། འོདྲ་ཟེར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན ་གང་ཤེགས་པ་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲིའོ།། འོད་ཟེར་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་དེ་བཞིན་གཤེགས་པ་བྱོན་པ་འམ་བཞུད་པའི ་བྱ། ཞབས་ཀྱི་མཐིལ་གྱིས་སེམས་ཅན་གང་ལ་རེག་པ་དེ་དགུ་ཤི་ཕོས་མ་ཐག་ཏུ་བདེ་བ་གྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ།། རྒྱན་ཐམས་ཅད་བཀོད་པ ་ཞེས་བྱ་བའི་འོད་ཟེར་དེ། དེ་བཞིན་གང་ཤེགས་པ་གྲོང་དུ་གཤེགས་པ་ན་འབྱིན་ཏེ། དེར་དེ་བཞིན་གཤེགས་པའི་འོད་དེས་སེམས་ཅན་སུ་དག་ལ་རེག་པ་དེ་དག་ཐམས་ཅད་བདེ་བའི ་མཆོག་དང་ལྡན་པར་འགྱུར་རོ།། རྒྱན་ཐམས་ཅད་བཀོད་པའང་གྲོང་ཁྱེར་དེར་འབྱུང་བར་འགྱུར་རོ།། རྣམ་པར་འཐོར་བ་ཞེས་བྱ་བའི་འོད་ཟེར་དེས་ནི་དེ་བཞིན་གཤེགས་པ་འཇིག་རྟེན ་གྱི་ཁམས་མཐའ་ཡས་མུ་མེད་པ་རབ་ཏུ་གཡོ་བར་བྱེད་དོ།། བདེ་བ་སྟོན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྡུག་བསྔལ ་མེད་པར་བྱེད་དོ།། འོད་ཟེར་བྱམས་པ་ལས་འཕགས་པ་ཞེས་བྱ་བ་དེས་ནི། བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་ཟ་བ་མེད་པར་བྱེད་དོ།། འོད་ཟེ་རུ་རབ་ཏུ ་སིམ་པར་བྱེད་པ་ཞེས་བྱ་བ་དེས་ནི།། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མེད་པར་བྱེད་དོ།། དྲི་མ་མེད་པ་ཞེས་བྱ་བའི་འོད་ཟེར ་དེས་ནི།། སེམས་ཅན་མདོངས་པའི་རྣམས་མིག་ཐོབ་པར་འགྱུར་རོ།། རྣ་བའི་རྗེས་སུ་འཐུན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འོན་པ་རྣམས་རྣ་བ་ཐོབ་པར་འགྱུར་རོ།། རྣམ་པར་སྤོང་བ་ཞེས ་བྱ་བའི་འོད་ཟེར་དེས་ནི་། སེམས་ཅན་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་འགྱུར་རོ།། ངོ་ཚ་ཤེས་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན ་མྱོས་པའི་རྣམས་དྲན་པ་ཐོབ་པར་འགྱུར་རོ།། མེད་པར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ལོག་པར་ལྟ་བ་ཅན་རྣམས་ཡང་དག་པར་ལྟ་བ་ཐོབ་པར་འགྱུར་རོ།། རབ་ཏུ་གཏོང ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་སེར་སྣ་ཅན་རྣམས་གཏོང་བ་ཐོབ་པར་འགྱུར་རོ།། ཡོངས་སུ་བདུང་བ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་དྲན་པའི་ངང་ཚུལ་ཅན་རྣམས་ཚུལ ་ཁྲིམས་ཐོབ་པར་འགྱུར་རོ།། ཕན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་གནོད་པར་སེམས་པ་རྣམས་བཟོད་པ་ངེས་པ་ཐོབ་པར་འགྱུར་རོ།། འབར་བ་ཅན་ཞེས་བྱ་བའི ་འོད་ཟེར་དེས་ནི་སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཐོབ་པར་འགྱུར་རོ།། རྩེ་གཅིག་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་དྲན་པ་རྣམས་པ་རྣམས་བསམ་གཏན་ཐོབ ་པར་འགྱུར་རོ།། ཡེ་ཤེས་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་ཤེས་རབ་ཐོབ་པར་འགྱུར་རོ།། རྙོག་པ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི་ཀ་སེམས ་ཅན་མ་དད་པ་རྣམས་དད་པ་ཐོབ་པར་འགྱུར་རོ།། ཀུན་འཛིན་པ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ཐོས་པ་ཉུང་བ་རྣམས་ཐོས་པ་ཐོབ་པར་འགྱུར་རོ།། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་འོད ་ཟེར་དེས་ནི། སེམས་ཅན་ངོ་ཚ་བ་དང་འཛེམ་པ་མེད་པའི་རྣམས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཐོབ་པར་འགྱུར་རོ།། སྐྱོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འདོད ་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་འཇོམ་པར་འགྱུར་རོ།། དགའ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ཞེས་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་བཇོམས་པར་འགྱུར་རོ།། སྣང་བ་ཅན་ཞེ ་བྷ་བའི་འོད་ཟེར་དེས་ནི། སེམས་ཅན་ག་ཏྲི་མུག་སྤྱོད་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པར་འགྱུར་རོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི། སེམས་ཅན་ཆ་མཉམ་པར། ་སྤྱོད་པ་རྣམས་ཆ་མཉམ་པར་སྤྱོད་པ་སྤོང་བར་འགྱུར་རོ།། དྲུ་བ་ཅན་གྱི་འོད་དེ་བཞིན་གང་ཤེགས་པ་ལ་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ་། འོད་ཟེར་དེས་རེག་པའི།། ་སེམས་ཅན་རྣམས་དེ་བཞིན་གང་ཤེགས་པའི་སྐུ་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་ཁ་དོག་བརྒྱ་སྟོང་དུ་མ་པས་ལྷག་པར་བཐོང་བར་འགྱུར་རོ།། དྲ་བ་ཅན་གྱི་འོད་ངས་དེ་བཞིན་གང་ཤེགས ་པའི་འོད་ཟེར་ལ་ས་བརྩམས་ཏེ་ཤཱ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བ་ཤད་ཀྱང་། དེ་བཞིན་གང་ཤེགས་པའི་འོད་ཟེར་གྱི་རྣམ་པ་དང་ལྡན་པའི་ཆོས་པྲ་སྟན་པ་ཡོངས་སུ་ཟད་པར་མི ་འགྱུར་ཏེ། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འོད་ཟེར་གྱི་ཡོན་ཏན་མཐའ་ཡས་མུ་མེད་པ་དང་ལྡན་པ་ཡིན་ནོ།། དེ་སྐད་ཅེས་བཀའ ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདྲི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གྲང་ཤེགས་པའི་སྐུའི་བཀོད་པ་པ་ཆུད་མ ་མཆིས་པར་བསྟན་པ་འདི་དང་། ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཆོས་བསྟན་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་འོད་ཟེར་འདི་དགུ་ནི་བདག་ཅག་གིས་སྔོན་མ་ཐོས་ཏེ། ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་འཚལ་བ་ལྟར་ན་ཀབཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་འོད་ཟེར་འདི་དག་གི་མིང་ཐོས་ན་སྲ། ཀ་དང་དུ་རྙེད་པར་འགྱུར་བ་དེ་དག ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་འདི་ལྟ་བུས་རབ་ཏུ་སྣང་བར་བགྱིད་པའི་སྐུ་དང་ལྡན་པ་འགྱུར་རོ།། ཡང་བཅོམ་ལྡན་འདས་དེ་བཞིན་གང་ཤེགས་པས་འོད་ཟེར ་གང་གིས་སངས་རྒྱས་ཀྱི་ཞིང་གཞན་གྱི་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཆི་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔབ་སུ་དག་འདྲི ་པ་དང་། ལུང་བསྟན་པ་དང་། བ་ཤད་པ་ལ་མཐར་ཕྱིན་པ་རྣམས་མཆིས་ནས་དེ་བཞིན་གང་ཤིགས་པ་ལ་ཀུན་ཞུ་ཞིང་བསྙེན་བཀུར་བགྱིད་པ་དང་སླར་ཞུ་བར་འགྱུར་བའི་འོད་ཟེར་བྱང་ཆུབ་སེམས་དཔའ ་བསྐུལ་བ་ཞེས་བགྱི་བ་ག་ཏང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འོད་གང་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་འགྱུར་བའི་འོད་ཟེར་དེ་ལྟ་བུ་སྐུ་ལས་ཕྱུང་སྟེ ་བྱང་ཆུབ་སེམས་དཔའ་རྣམས་འོད་དེས་བསྐུལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བུདིར་ཕྱིན་པར་གྱུར། དེ་ནས་སངས་རྒྱས་ཀྱི་ཞིང ་འདྲ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་ག་ཡོངས་སུ་དག་ལ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དོ།། དེ་ན་ཟླ ་བའི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་པ་འཚོ་ཞིང་གཞེས་ཏེ་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་ཆོས་ཀྱང ་འཆད་པའི་སངས་རྒྱས་ཀྱི་ཞིང་དེ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཚངས་པ་ཁྱད་པར་སེམས་ཞེས་བྱ་བ་དེ་འོད་དེས་བསྐུལ་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེ ་པ་ཟླ་བའི་འོད་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་ག་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཀ་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག ་རྟེན་དུ་སྣང་བ་ཆེན་པོ་འདི་བྱུང་བའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་བླངས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ན་ཀསངས་རྒྱས ་ཀྱི་ཞིང་བརྒྱ་སྟོང་ཕྲག་ག་དྷཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ནག་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ་། དེ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱ་སད་ལྡན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། དེ་བཞིན་གཤེགས་པ་དེས་འདི་ལྟ་སྟེ་ག་ཕྱོགས་བཅུའི་བྱང་ཆུབ་སེམ ་དཔའ་རྣམས་བསྡུ་བའི་ཕྱིར་སྐུ་ལས་འོད་འདི་བཏང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་གཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ ་བདག་གཟིགས་པར་བཞེད་ནཱ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཀུན་ཞུ་བ་དང ་སླར་ཞུ་བའི་སླད་དུ་བདག་མཆིའོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཚངས་པ་དེ་ལྟར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོའང་ཕྱིན་གྱིས།། ་དེའི་དུས་ལ་དབབ་པར་ཤེ་ས་ནུ་ཁྱོད་སོང་ཞིག། ཚངས་པ་སངས་རྒྱས་ཞིང་དེར་ལྷག་པའི་བསམ་པ་བཅུ་རྣམས་ཀྱིས་གནས་པར་བྱའོ།། བཅུ་གང་ཞེ་ན། སྙན་པར་སྨྲ་བ་དང ་ངན་དུ་སྨྲ་བ་རྣམས་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། སྙན་པ་ཐོས་པ་དང་། མི་སྙན་པ་ཐོས་པ་ལ་བྱམས་པའི་སེམས་དང་།། དུས་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས ་དང་སེམས་ཅན་རབ་འབྲིང་ཐ་མ་རྣམས་ལ་ཡང་དག་པར་སྦྱོར་བ་དང་། རི་མོ་བྱེད་པ་དང་བརྙས་པར་བྱེད་པ་རྣམས་ལ་སེམས་མཉམ་པ་དང་གཞན་གྱི་ལྟུང་བའི་འཁྲུལ་པ་ཐམས་ཅད ་ལཉེས་པར་མི་ལྟ་བ་དང་། ཐེག་པ་སྣ་ཚོགས་ལ་རོ་གཅིག་པ་དང་། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲས་མི་སྡུག་པ་དང་། བྱང་ཆུབ་སེམས་དཔ ་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ་ངོ་མཚར་དུ་འདུ་ཤེས་པ་སྟེ། ཚངས་པ་ལྷག་པའི་བསམ ་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེར་གནུས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལུ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི ་སྤྱན་སྔར་བདག་སྲིང་གེའི་སྒྲ་མི་སྒྲོག་སྡེ། འོན་ཀྱང་བདག་གི་སྤྱོད་པ་གང་ལགས་པའི་སྤྱོད་པ་འདི་ལ་བཅོམ་ལྡན་འདས་ཉིད་མངོན་སུམ་དུ་གྱུར་པས། བཅོམ་ལྡན་འདས ་བ་དྲག་གི་ལྷག་པའི་བསམ་པ་དེ་དག་ཀྱང་རྣམ་པར་སྦྱང་ཞིང་མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་དྲ་གནས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཟླ་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ལྟར་སེམས ་ཅན་མ་རུངས་པ་རྣམས་ཚོགས་པའི་སངས་རྒྱས་ཀྱི་ཞིང་དེར་བདག་ཅག་མ་སྐྱེས་པ་ནི་རྙེད་པ་ལེགས་པར་རྙེད་དོ།། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས ་ཀྱི་བུ་ཁྱེད་རྣམས་དེ་སྐད་མ་འཛེར་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་འདི་ན་གང་བསྐུལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པ་བྱས་མི་མཇེད་ཀྱི།། ་འཇིག་རྟེན་གྱི་ཁམས་ན།། གང་སྔ་དྲོའི་དུས་གཅིག་སེམས་ཞེ་སྡང་མེད་པར་གནས་ན་དྲི་བས་འདི་ཤིན་ཏུ་མཆོག་གོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ནི་དེ་ཙམ་དུ་ཀུན་ནས ་ཉོན་མོངས་པར་གྱུར་པ་སྟེ། སེམས་ཅན་དེ་དག་ཀྱང་དེ་ཙམ་དུ་གཙེ་བ་མང་ཞིང་ཀུན་ནས་ཉོན་མོངས་པ་མང་བ་ཡིན་ནོ།། དེ་ནས་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག ་བཅུ་གཉིས་ཚངས་པ་ཁྱད་པར་སེམས་དང་ལྷན་ཅིག་ཏུ་ཆས་ཏེ། ཚངས་པ་བདག་ཅག་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆིའོ།། བསམ་པ་འདི་དག་ཀྱང་རྣམ་པར་སྦྱང ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལའང་བལྟའོ།། ཕྱག་བགྱིའོ།། བསྙེན་བཀུར་བགྱིའོ།། མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་ཊ་གནས་པར་བགྱི ་དེ་ནས་ཚངས་པ་ཁྱད་པ་རུ་སེམས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འ་ཚལ་ནས ་འདི་སྐད་ཅེས་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་སྦྱང་བ་འམ། སྨྱུང་བ་ལས་བསྐུམ་པའི་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་དེར་མི་སྣང ་པར་གྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་འདིར་ཕྱིན་ཏོ།། ཞེས། ་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཁྱོད་ཀྱིས་ཚངས་པ་ཁྱད་པར་སེམས་འོངས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཚངས་པ་ཁྱད་པར་སེམས་འདི་ནི་བྱང་ཆུབ་སེམས་དཔའ་ཚུལ་བཞིན་འདྲི་བ་ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག ་གོ་ཚིག་གཟུང་བ་རྣམས་ཀྱི་ནང་ན་མཆོག་གོ། ཚིག་བཙུན་པ་རྣམས་ཀྱི་ནང་ན་མཆོག་གོ། རླིག་འཇམ་པ་རྣམས་ཀྱི་ནང་ན་མཆོག་གོ། གསོང་པོར་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ།། ་ཚིག་ཆོག་པ་རྣམས་ཀྱི་ནང་ན་མཆོག་གོ། ཚིག་ཐོགས་པ་མེད་པ་རྣམས་ཀྱི་ནང་ན་མཆོག་གོ།། ལྡེམ་པོ་དག་ཏུ་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ། སེམས་ཁོང་ཁྲོ་བ་མེད་པའི་ནང་ན ་མཆོག་གོ།། བྱམས་པ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ། སྙིང་རྗེ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ། དགའ་བ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ། བཏང་སྙོམས ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ། བྱང་ཆུབ་སེམས་དཔའ་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ། དེ་ནས་ཚངས་པ་ཁྱད་པར ་སེམས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ ་ཏེ་ལན་གསུམ་བསྐོར་བ་བྱས་ནསབཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་རྣམ་པ་མང་པོར་མངོན་པར ་བསྟོད་དོ།། རྣམ་པར་སླ་བསྒྲགས་སྲིད་པ་གསུམ་དུ་གྲགས།། བསྔགས་པའི་འཕྲེང་བ་འཇིག་རྟེན་ཀུན་ཏུ་རྒྱུ།། བདག་གིས་སེམས་ཅན་མཆོག་རྣམས་ཞིང་ན་མཐོང་།། དེ་དག་ཀུན ་ཀྱང་ཁྱོད་ཀྱི་ཡོན་ཏན་གསུངས།། འདི་ནི་ཡོངས་སུ་དག་པའི་ཞི་མཆིས་ཏེ།། དྲི་མ་མ་མཆིས་ངན་སོང་གསུམ་སྤངས་པ།། དེ་བདྲའི་ཞིང་རྣམས་དེ་དྲག་རྣམས་སྤངས་ནས།། ཁྱོད་། ་ཀྱི་ཐུགས་རྗེས་ངན་པ་ཡོངས་སུ་བཟུང་།། འཇིག་རྟེན་མགོན་ཁྱོད་ཡེ་ཤེས་དམན་མ་མཆིས།། མ་ལུས་བདེ་བར་གཤེགས་དང་ཁྱོད་དུ་མཚུངས།། ཤིན་ཏུ་རྣམ་དགྲ་བསམ་པ་སྔོན་མཛད ་པ་འདི་འདྲ་བ་ཡི་ཞིང་འདི་ཁྱོད་ཀྱི་བཟུང་།། ཚུལ་ཁྲིམས་ཐམས་ཅད་རྣམ་དག་འདོད་སྤངས་ནས།། གང་ཞིག་བསྐལ་པར་གཞན་ན་སྤྱོད་པ་བས།། སུ་དག་བྱམས་པའི་སེམས་ཀྱིས་ཤིན་ཏུ ་འདིར།། སྐད་ཅིག་སྤྱོད་ནའང་འདི་ནི་ཁྱད་པར་འཕགས།། ལུས་དང་ངག་དང་འོན་ཏེ་ཡིད་ཀྱིས་ཀྱང་།། གང་ལ་ཉེས་བགྱིས་རྣམ་པ་གསུམ་མཆིས་ཏེ།། ངན་སོང་གསུམ་དུ་མྱོང་བར་གང་འགྱུར་བ། ་དེ་ནི་ཚེ་འདི་ཉིད་ལ་འབྱུང་བར་འགྱུར།། བྱང་ཆུབ་སེམས་དཔའ་འདིན་གང་མཆིས་པ།། དེ་དག་རྟག་ཏུ་གདུང་བར་མི་བགྱིསྟེ།། དེ་སེལས་གང་ལོག་སུང་མཆི་བ་ཡང་། ་དེ་དག་འདིར་ནི་གླད་པན་པས་འབྱུང་།། འདི་ན་བྱང་ཆུབ་སེམས་དཔའ་སྐྱོན་མེད་གང་།། དམ་པའི་ཆོས་སྲུངས་ཆོས་མཆོག་འཛིན་པ་རྣམས།། དེ་དག་འདི་ལས་ཕྱིན་ཆད་ན་མ་དུ་ཡང་།། དྲན ་པ་མི་འཁྲུག་ཟོ་ཡང་ཉམས་མི་འགྱུར།། གང་ཞིག་བདུད་ཀྱིས་བཅིངས་པ་བཅད་པ་དང་།། དེ་བཞིན་ཉོན་མོངས་ལས་བཅས་སྦྱོང་འཚལ་བ།། དེ་ནི་ཞིང་འདིར་དམ་པའི་ཆོས་ཉིད་སྲུང་།། ་འདྲི་ལ་ཡེ་ཤེས་ལྡན་པའི་མཆོག་ཏུ་འགྱུར།། གང་ཞིག་བསྐལ་པ་བྱེ་བར་ཞིང་གཞན་དུ།། སེམས་ལྡན་དམ་ཆོས་འཛིན་པར་གྱུར་པ་བས།། སུ་དགུ་སྔ་དྲོ་གཅིག་ཙམ་མི་མཇེད་དུ།། འདྲི ་ནི་དེ་བས་མཆོག་ཏུ་མཁས་པས་དགོངས།། བདག་གིས་མངོན་པར་དགའ་བའི་འཇིག་རྟེན་དང་།། དེ་བཞིན་ཚེ་དཔག་མེད་ཀྱི་བདེ་ཅན་མཆོག། དེ་ནི་སྡུག་བསྔལ་སྡུག་བསྔལ་སྐུ་མ་མཆི།། ་དེར་ནི་ཡོན་ཏན་བགྱི་བ་རྨད་མི་ཆེ།། ཉོན་མོངས་འབྱུང་གནས་འཇིག་རྟེན་ཉིས་གང་འདིར།། ཞེ་སྡང་ཅན་གྱི་བར་དུ་ཉེས་བཟོད་ལ།། ཆོས་འདི་ལ་ཡང་གཞན་དག་འཛུད་པར་ནི ་འདི་ནི་དེ་བས་དཀའ་བས་མཆོག་ཏུ་འགྱུར།། སྙིང་རྗེས་བརླན་སེམས་སྡུག་བསྔལ་མང་ལས་འགྲོལ།། བླ་མེད་བླ་མ་ཁྱོད་ལ་བདག་ཕྱག་འཚལ།། གཏུམ་སེམས་ཅན་ལ་ཆོས་གང ་འཆད་པ་ནི།། བདག་པོ་འཇིག་རྟེན་ན་ཡང་དེ་སྤྱད་དཀར།། ཤིན་ཏུ་རྒྱ་ཆེ་བ་ཡི་འཁོར་འདི་དང་།། ཕྱོགས་སུ་རྣམ་པར་གྲགས་པའི་སངས་རྒྱས་སྲས།། ཆོས་ཀྱིས་མི་ངོམས་རྒྱ་མཚོ ་འདྲ་བ་ཚོགས།། དེ་དག་ར་ནི་རྒྱལ་བའི་བྱང་ཆུབ་གསུངས།། ཚངས་པ་དབང་པོ་འཇིག་རྟེན་སྐྱོང་བ་དང་།། ལྷ་ཀྲུ་ལྷ་མིན་མི་འམ་ཅིར་བཅས་པ།། ཆོས་ཉིད་བུ་ཚལ་བ་མང་པོ་ཚོགས་པ་ལ། ་ཇི་ལྟར་མོས་པ་བཞིན་དུ་ཆོས་ཉིད་གསུངས།། དགེ་བསྙེན་པ་དང་མ་དང་དགེ་སློང་དང་།། དགེ་སློང་མ་དང་འཁོར་བཞི་འདི་དག་ཚོགས།། ཇི་ལྟར་ཐོས་ནས་ནོར་གྲུབ་རབ་འདོད་པར།། དེམར ་དེ་དག་ལ་ནི་ཆོས་བསྟན་གསོལ།། གང་རྣམས་སངས་རྒྱས་ཐེག་ལ་རྟག་མོས་དང་།། དེ་བཞིན་རང་རྒྱལ་ཐེག་དང་ཉན་ཐོས་ཐེག། ཐུབ་པ་གང་གིས་སེམས་བསམ་གང་མཁྱེན་པ།། དེ་ལ ་སྨན་པའི་སླད་དུ་དེ་གསུངས་ཤིག། སངས་རྒྱས་རིགས་ལ་གནས་ཕྱིར་གང་བཞུགས་པ།། དཀོན་མཆོག་གསུམ་པོ་གང་ལས་བྱུང་བ་ཡིས།། བྱང་ཆུབ་ངེས་སེམས་དག་ལ ་སྨན་སླད་དུ།། ཆོས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གསོལ་ཏོ།། ཁྱོད་ཀྱི་བསྔགས་པའི་འཕྲད་པ་གྲགས་ཐོས་ནས།། ཤེས་རབ་ཡངས་པ་འདི་རྣམས་བདེ་བར་ལྷགས།། སེམས་ཅན ་གཙོ་བོ་དེ་དག་མཁྱེན་པ་བཞིན།། དེ་དག་ལ་ནི་བླ་མད་སྤྱོད་པ་ཤོད།། འདི་ལྟར་བདེ་གཤེགས་མཁྱེན་པ་བསམ་མི་ཁྱབ།། དགྲ་བཅོམ་བདག་ཉིད་ཆེན་པོའི་ས་འདི་མིན།། འདི ་ནི་རང་རྒྱལ་གྱི་ཡང་ཡུལ་མ་འགྲུས།། བདག་ཀྱང་འདྲེན་ལ་དད་པའི་རྗེས་སུ་འབྲང་།། བདུག་གིས་གང་ཁྱོད་དོན་ཆེན་འདི་རྣཾས་པ།། འཇིག་རྟེན་རྣམ་འདྲེན་ཁྱོད ་ལ་བདག་བཟོད་གསོལ།། གང་ཕྱིར་ཁྱོད་ཀྱི་ཐུགས་ནི་སྐྱོ་མི་མངའ།། དེ་ཕྱིར་བྱང་ཆུབ་ལམ་མཆོག་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚུངས་པ་ཁྱད་པར་སེམས ་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད།། ་མི་སྐྱོ་བ་རྣམས་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མ་མཆིས་པ་རྣམས་ལགས།། ཇི་ལྟར་ན་དག་པའི་རྩ་བ་རྣམས་མངོན ་པར་འཕགས་པ་རྣམས་ལགས་ཇི་ལྟར་ན་བསླད་པ་མ་མཆིས་ཤིང་སྤྱོད་ལམ་ཡང་མི་འཁྲུགས་པ་ལགས། ཇི་ལྟར་ན་ཆོས་དཀར་པོ་རྣམས་རྣམ་པར་འཕེལ་བར་བགྱིད་པ་རྣམས་ལགས།། ་ཇི་ལྟར་ན་ས་ནས་སརབ་ཕར་བར་བགྱིད་པ་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་ཐབས་མཁས་པ་རྣམས་ལགས། ཇི་ལྟར་ན་སེམས་ཅན་རྣམས་ལ་རྣ་བར ་སྤྱོད་པ་ལ་མཁས་པ་རྣམས་ལགས།། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་སྲུང་བ་རྣམས་ལགས། ཇི་ལྟར་ན་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམས་ལགས། ཇི་ལྟར་ན་ཆོས ་རྣམས་ཡོངས་སུ་ཚོལ་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ལགས་། ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བ་ལ་མཁས་པ་རྣམས་ལགས ་ཇི་ལྟར་ན་འཁོར་གྱི་ནང་དུ་མཆི་བ་ལ་མཁས་བུ་རྣམས་ལགས། ཇི་ལྟར་ན་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་རྒྱུའི་སྟོབས་དང་ལྡན་ཞིང་དགེ་བའི་རྩ་བ་ཆབ་མི་འཚལ ་པ་རྣམས་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལམ་བསྟན་པར་སྦྱིན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་བརླ་དུམ་བསྟན་པ་ལགས། ཇི་ལྟར་ན་བསམ་གཏན་རྣམས་ཀྱི་བདེ་བ་ལས ་ལྡོག་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམས་ལགས། དེ་སྐད་ཅེས ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ལེགས་སོ་ལེགས་སོ།། ཡང་ཚངས་པ་ཁྱོད་དེ་བཞིན་གཤེགས ་པ་ལ་དེ་ལྟ་བུའི་དོན་དྲི་བར་སེམས་པ་ལེགས་སོ།། ཚངས་པ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ།། བཅོམ་ལྡན་འདྲས་ལེགས་སོ་ཞེས་གསོལ ་ནས་ཚངས་པ་ཁྱད་པར་སེམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི་བསམ་པ་བརྔན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ཏེ་གབཞི་གང་ཞེ་ན་པསེམས་ཅན་རྣམ་ལ་སྙིང་རྗེབ་དང ་མི་སྐྱོ་བའི་བརྩོན་འགྲུས་དང་། འཁོར་བ་ལ་རྨི་ལམ་ལྔ་བུར་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་མཉམ་པ་དང་མཉམ་པར་ཡོངས་སུ་འཇལ་བ་སྟེ་ཚངས་པ་ཆོས་བཞི་པོ་དེ་དག ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ནོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མེད་པ་རྣམས་ཡིན་ཏེ་ག་བཞི་གང་ཞེ་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ལྔ་གང་ཟག་མེད་པར་མགོ་གཅིག། ་ཏུ་སྤའོ།། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་གནས་ཐམས་ཅད་ལ་དགའ་བ་མེད་པར་མགོ་གཅིག་ཏུ་སྨྲའོ།། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་བསྔགས་པ་མགོ་གཅིག ་ཏུ་སྨྲའོ།། བྱང་ཆུབ་སེམས་རྣམས་དགེ་བ་དང་བ་མི་དགེ་བའི་ལས་རྣམས་ཆུད་མི་ཟ་བར་མགོ་གཅིག་ཏུ་སྔའོ།། ཚངས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ ་ཀྱི་ཚིག་མགོ་གཅིག་པོ་བཞིའོ།། ཚངས་པ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་མངོན་པར་འཕགས་པར་འགྱུར་བ་སྟན་བཞི་གང ་ཞེན། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། འབྱུང་བ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་རྣམས་མི་བསྲད་ཅིང་སྤྱོད་ལམ་རྣམ ་པར་བཟུགས་པར་མི་འགྱུར་ཏེ། བ་ནི་གང་ཞེ་ན། ནད་པ་མེད་པ་དང་། སྨད་པ་མེད་པ་དང་ག་གྲགས་པ་མེད་པ་དང་སྡུག་བསྔལ་བ་སྟེ་ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་བསླད་ཅིང་སྤྱོད་ལམ་རྣམ་པར་མི་འཁྲུགས་པར་འགྱུར་རོ།། ཚངས་པ་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྣམས་དགེ་བའི་རྩ་བ་རྣམས་འཕེལ་བར་བྱེད་དེ།། བཞི་གང་ཞེ་ན། སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར་འཛུད་པ་དང་། སྦྱིན་པ་སྦྱིན་ནས་རྣམ་པར་སྨིན་པ་ལ་མི་རེ་བ་དང་། དམ ་པའི་ཆོས་ཡོངས་སུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རཔ་སྟོན་པ་སྟེ། བཞི་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་ས་ན་སུ་སར་འཔར་ཏོ། བཞི་གང་ཞེ་ན། དགེ་བའི་རྩ་བ་བསགས་པ་དང་།། ཉེས་པ་ཐམས་ཅད་རྣམ་པར་སྤོང་བ་དང་། བསྔོ་བ་ལ་མཁས་པ་དང་། བརྩོན་འགྲུས་ཤིན་ཏུ ་འབར་བ་དང་ག་བཞི་པོ་འདི་དག་གོ། ཚངས་པ་ཆོས་བཞི་དང་ལྡན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཐབས་མཁས་པ ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་གྱི་རྗེས་སུ་འཇུག་པ་དང་། གཞན་གྱི་བསོད་ནམས་ལ་རྗེས་སུ་མི་རུང་བ་དང་། ཉེས་པ་འཆགས་པ་དང་།། སངས ་རྒྱས་ཐམས་ཅད་ལ་གསོལ་དུ་འདེ་བས་པསྡུ། བཞི་པོ་འདི་དག་གོ། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་ཉེ་བར ་སྤྱོད་པ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་དང་། བདག་བདེ་བ་ལ་མ་ཚུགས་པ་དགྲག་བཟོད་ཅིང་དྲིས་པ་དང་། ང་རྒྱལ་བཅོམ ་པ་སྟེ། བཞི་པོ་འདི་དག་གོ། ཚངས་པ་རོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་ཏེ། བཞི་གང་ཞེ་ན་། སངས་རྒྱས་རྗེས་སུ ་དྲན་པ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་དང་། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་བསྔགས་པ་སྔ། བནི་པ ་འདི་དག་གོ་ཚངས་པ་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམས་སུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཉན་ཐོས ་ཀྱི་སེམས་རྣམ་པར་སྤོང་བ་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་གཏོང་བ་དང་། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། ཇི་ལྟར་ཐོས་པ་བཞིན་དུ་ཆོས་སྟོན་པ་སྟེག་བཞི་པོ་འདི་དག་གོ།། ཚངས ་པ་ཆོས་པ་ནི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཡོངས་སུ་ཚལ་ཏེ། བཞི་གང་ཞེ་ན་རྙེད་པར་དཀའ་བའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་དང་། ནད་ཐམས་ཅད་རབ་ཏུ་ནི ་པར་བྱེད་པའི་ཕྱིར་རྩིར་འདུ་ཤེས་པ་དང་། ཆུད་མི་ཟ་བའི་ཕྱིར་དོན་དུ་འདུ་ཤེས་པ་དང་། མྱ་ངན་ལས་འདའ་བའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་འདུ་ཤེས་པ་ས། བཞི་པོ་འདི་དག་གོ།། ཚངས ་པ་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། མ ་འཕོ་བས་མི་འགག་པ་ལ་བཟོད་པ་དང་། རྒྱུ་ལ་སོ་སོར་རྟོག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བཟོད་པ་དང་། གཅིག་ནས་གཅིག་ཏུ་སེམས་ཕན་ཚུན་དུ་གྱུར་པ་སྟེ། བཞི་པོ་འདི་དག་གོ། ཚང ་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་རྣམ་པར་སྦྱོང་སྟག་བཞི་གང་ཞེ་ན།། ཚུལ་བཞིན་དུ་སོ་སོར་རྟོག་པ་དང་། མ་འོངས་པ་ན་སྡོམ་པ་དང་། ་དཀར་དེའི་ཆོས་ཀྱི་སྟོབས་སྐྱེད་པ་དང་། རབ་ཏུ་དབེན་པར་གནས་ཏྲེ། བཞི་པོ་འདི་དག་གོ་ཚངས་ཆོས་བཞི་དང་ལྡན་པས། བྱང་ཆུབ་སེམས་དང་བ་སེམས་དཔའ་ཆེན་པོ་རྣམས་འཁོར་གྱི་ནང ་དུ་འགྲོ་སྟེ། བཞི་གང་ཞེ་ན། ཆོས་འདོད་པའི་ཕྱིར་ཏེ་ཀླན་ཀ་ཚོལ་བའི་བསམ་པས་མ་ཡིན་པ་དང་།། རི་མོ་དང་བཅས་པའི་ཕྱིར་ང་རྒྱལ་དང་ཁེངས་པས་མ་ཡིན་པ་དང་། དགེ་པ་གང་ཡིན་པ་རྒོལ་བའི་ཕྱིར ་བྱ་བྱ། ཏེ་བདག་བཅོམ་པས་མ་ཡིན་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར་ཏེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་པ་སྟེ ་བཞི་པོ་འདི་དག་གོ་ག་ཚངས་པ་ཆོས་བཞི་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་དེ། བཞི་གང་ཞེ་ན་ག་དམ་པའི་ཆོས་ཡོངས་སུ་འཛིན་པ། ་དང་བདག་ཉིད་ཀྱི་ཤེས་རབ་གསལ་བར་བྱེད་པ་དང་། གསྐྱེས་བུ་དམ་པའི་ལས་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྟོན་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་རོས་བཞི་དང་ལྡན་ན། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུའི་སྟོབས་དང་ལྡན་ཞིང་དགེ་བའི་རྩ་བ་ཆུད་མི་ཟ་བ་ཡིན་ཏེ་ག་བཞི་གང་ཞེ་ན། གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བ་དང་ག་ཁྲིས་པ་རྣམས ་ལ་བྱམས་པ་སྒོམ་པ་དང་། ཆོས་རྣམས་ཀྱི་རྒྱུ་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ་ག་བཞི་པོ་འདི་དག་གོ་ག་ཚངས་པ་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བསྟན་པར་ཤེས་པ་རྣམས་ཡིན་ཏེ་བཞི་གང་ཞེ་ན་ས་སྦྱིན་པ་དག་ལ་སྔོན་དུ་འགྲོ་བ་རྣམས་ཡིན་པ་ལྷུང་བ་རྣམས་ཀྱིས་ཕ་རོལ་ལ་རྩོད་པར་མི་བྱེད། སེམས་ཅན་ཡོད ་སུ་སྨིན་པར་བྱ་བའི་ཕྱིར་བསྡུ་བའི་དངོས་པོ་ལ་མཁས་པ་ཡིན།། ཆོས་རྣམས་ལ་ཟབ་མོར་མོས་པ་རྣམས་ཡིན་ཏེ། བཞི་པོ་འདི་དག་གོ།། ཚངས་པ་རློས་བཞི་དང་ལྡན་ན། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལག་ནས་ནས་འདོད་པའི་ཁམས་སུ་སྐྱེའོ།། བཞི་གྲང་ཞེ་ན་པ་སེམས་ལས་སུ་རུང་བ་དང་། དགེ་བའི་རྩ་བ་རྣམས་ཀྱི་སྟོབས་སྐྱེད་པ་དང ་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་དང་།། ཐབས་དང་ཤེ་སྲ་རབ་སྒོམ་པ་སྡེ་ཀུ་བཞི་པོ་འདི་དག་གོ། ཚངས་པ་རློས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བཞི་གང་ཞེ་ན་ཐ་འཁོར་བ་དཔག་ཏུ་མེདུ་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པ ་དང་བྱམས་པ་དཔག་ཏུ་མེད་པ་སྒོམ་པ་དང་། སྙིང་རྗེ་དཔག་ཏུ་མེད་པ་སྒོམ་པ་སྟེ། བཞི་པོ་འདི་དག་གོ།། ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིག་མི་གཅོད་དེ། བཞི་གང་ཞེ་ན། སྔར་དམ་བཅས་པ་ལས་མི་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། དགེ་བའི་རྩ་བ་རྣམས་ལ ་བཤིན་ཏུ་མོས་པ་དང་། བསམ་པའི་ནན་ཏྲན་ལ་གནས་པ་སྟེ། ཚངས་པ་ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས ་མི་གཅོད་དོ།། བཅོམ་ལྡན་འདས་ཀྱིས་བཞི་པ་མངོན་པར་བསྒྲུབ་པ་འདི་བཤད་པ་ན་གལྔ་དང་མི་བཅས་པའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་པའ་ལྔ་སྟོང་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། སངས་རྒྱས་ཀྱི་ཞིང་ས ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའདི་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སྟོང་གསུམ་གྱི་སྤྱོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྷའི་མེ་ཏོག་རྣམས་ཀྱིས ་པུས་ནུབ་ཙམ་དུ་ཁེབས་པར་བྱས་སོ།། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། ཚངས་པ་ཁྱད་པར་སེམས་མའདིདེ་སྐད་ཅེས་སྨྲས་སོ།། ཚངས་པ་ཁྱོད་བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་འཚུལ་བཞིན་དྲི་བ་འདྲི་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་གསུངས་ན། དེ་ཇི་ལྟར་དྲིས་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་འདྲི་བ་ཡིན།། ཁྱད་པར་སེམས་ཀྱིས་སྨྲས ་པ། རིགས་ཀྱི་བུ་བདག་ཏུ་སྒྲོ་འདོགས་པས་འདི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ།། གཞན་དུ་སྨོ་དོགས་པས་འདྲིན་ཚུལ་བཞིན་མ་ཡིན་པར་འདྲིའོ།། ཆོས་སུ་སྒྲོ་འདོགས་པར་འདྲེན ་ཚུལ་བཞིན་མ་ཡིན་པས་འདྲིའོ།། དྲ་བ་ཅན་གྱི་འོད་གང་ལ་བདག་ཏུ་སྒྲོ་འདོགས་པ་མེད་པ་དང་། གཞན་དུ་སྤྲོ་འདོགས་པ་མེད་པ་དང་། ཆོས་སུ་སྒྲོ་འདོགས་པ་མེད་པ་འདི་ནི་ཚུལ་བཞིན ་འདྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད་སྐྱེ་བའི་ཕྱིར་འདྲིན།། ཚུལ་བཞིན་མ་ཡིན་པར་འདྲའོ།། འགག་པའི་ཕྱིར་འདྲིན་དོནི་ཚུལ་བཞིན་མ་ཡིན་པའོ།། གནས་དང་གནས་མ་ཡིན་པའི ་ཕྱིར་འདྲིན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲུ་བ་ཅན་གྱི་འོད་གང་ལ་ཆོས་གང་ལའང་སྐྱེ་བའི་ཕྱིར་རམ། འགག་པའི་ཕྱིར་རམ། གནས་དང་གནས་མ་ཡིན་པའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན་འདྲི ་པའོ། གཞན་ཡང་དྲ་བ་ཅན་གྱི་འོད་ཀུན་ནས་ཉོན་མོངས་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། རྣམ་པར་བྱང་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བའི་ཕྱིར་འདྲིན ་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འཁོར་བ་ལས་ཤིན་ཏུ་བཟླ་བའི་ཕྱིར་འདྲི་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ཡོངས་སུ་མྱ་ངན་ལུས་འདའ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ། ་དྲ་བ་ཅན་གྱི་འོད་གང་ལ་ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན།། འཁོར་བའི་ཕྱིར་མ་ཡིན།། འཁོར་བ་ལས་ཤིན་ཏུ་བཟླ་བའི་ཕྱིར་མ་ཡིན།། ཡོངས་སུ་མྱ ་ངན་ལས་འདང་བུའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན་དྲི་བའོ།། དྲི་ཅིའི་ཕྱིར་ཞེ་ན། ཆོས་མི་འགྱུར་བ་ཉིད་ནི་ཀུན་ནས་ཉོན་མི་མོངས། རྣམ་པར་བྱང་བར་མི་འགྱུར། མི་འཁོར་ཞིང་ཡོངས ་སུ་མྱ་ངན་ལས་མི་འདྲའའོ།། གཞན་ཡང་དྲི་བ་ཅན་གྱི་འོད་ཐོབ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་དུ་བྱ་བའི་ཕྱིར་འདྲིན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། མངོན་པར ་ཤེས་པའི་ཕྱིར་འདྲིན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ཡོངས་སུ་ཤེས་པ་དང་བསྒོམ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། འདྲལ་བའི་ཕྱིར་འདྲིན་དེ་ནི་ཚུལ་བཞིན་མ་ཡིན་པའོ།། ་དྲ་བ་ཅན་གྱི་འོད་གང་ལ་ཐོབ་པ་མེད་པ་དང་། འཛིན་པ་མེད་པ་དང་། མངོན་དུ་བྱ་བ་མེད་པ་དང་། ཀུན་ཏུ་རྟོག་པ་མེད་པ་དང་ག་མངོན་པར་ཤེས་པ་མེད་པ་དང་། གནས ་པ་མེད་པ་དང་སྒོམ་པ་མེད་པ་དང་། སྒོམ་པར་ལྟ་བ་མེད་པ་དེ་ནི་ཚུལ་བཞིན་དྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད་འདི་ནི་དགེ་བའོ།། འདི་ནི་མི་དགུ་པའོ།། འདི་ནི་ཟག་པ་དང་བཅས་པའོ།། ་འདི་ནི་ཟག་པ་མེད་པའོ།། འདི་མི་ཁ་ན་མ་ཐོ་བ་དང་བཅས་པའོ།། འདི་ནི་ཁ་ན་མ་ཐོ་བ་མེད་པའོ།། འདི་ནི་འདུས་བྱས་སོ།། འདི་ནི་འདུས་མ་བྱས་སོ།། འདི་ནི་འཇིག་རྟེན་པའོ།། འདི་ནི ་འཇིག་རྟེན་ལས་འདས་པའོ་ཞེས་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པ་སྟེ། དྲ་བ་ཅན་གྱི་འོད་ཇི་ཙམ་དུ་གཉིས་སུ་འཇུག་པས་འདྲི་བ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ།། དྲ་བ་ཅན་གྱི་འོད་གང་ལ ་གཉིས་སུ་མེད་པ་དང་ཀཱ་གཉིས་མ་ཡིན་པ་མེད་པ་དང་། འདུ་ཤེས་མེད་པ་དང་། མིང་མེད་པ་དང་། སྤྱི་མི་འཇུག་པ་དེ་ནི་ཚུལ་བཞིན་དྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད་སངས་རྒྱས་ཐ་དད་དུ་བྱེད ་པ་དང་བླཆོས་ཐ་དད་དུ་བྱེད་པ་དང་། དགེ་འདུན་ཐ་དད་དུ་བྱེད་པ་དང་། ཞིང་ཐ་དད་དུ་བྱེད་པ་དང་། སེམས་ཅན་ཐ་དད་དུ་བྱེད་པ་དང་། ཐེག་པ་ཐ་དད་དུ་བྱེད་པ་དེ་ནི་ཚུལ་བཞིན་མ་ཡིན་པའོ།། དྲ་བ ་ཅན་གྱི་འོད་གང་ལ་ཆོས་གང་ཡང་ཐ་དད་པར་རམ། གཅིག་པར་མི་འདྲི་བ་དེ་ནི་ཚུལ་བཞིན་འདྲི་བའོ།། གཞན་ཡང་དྲ་བ་ཅན་གྱི་འོད་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆོས་ཐམས་ཅད་ནི ་ཚུལ་བཞིན་མ་ཡིན་པའོ།། སྨྲས་པ། ཚུངས་པ་ཇི་ལྟར་ན་ཆོས་ཐམས་ཅད་ནི་ཚུལ་བཞིན། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན། སྨྲས་པ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར ་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ།། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སེམས་པར་ཞུགས་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ།། ཆོས་ཐམས་ཅད་ནི་དབེན་པའི་མཚན་ཉིད་དེ། ་དེ་ནི་ཚུལ་བཞིན་ནོ།། གང་དབེན་པ་ལ་མ་མོས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་ཞུགས་པའོ།། གང་ལྷག་པར་བྱེད་པ་ལ་ཞུགས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་བརྩོན་པའོ།། གང་ལྷག་པར ་བྱེད་པ་ལ་བརྩོན་པ་དེ་དག་ཇི་ཙམ་དུ་ལྷག་པར་བྱེད་པ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ།། སྨྲས་པ། ཚངས་པ་ཆོས་རྣམས་ཀྱི་ཚུལ་གང་ཡིན། སྨྲས་པ། རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད ་རྨུགས་དང་བྲལ་བའི་མཐའ་ནི་ཆོས་རྣམས་ཀྱི་ཚུལ་ལོ།། སྨྲས་པ། ཚངས་པ་གང་ཆོས་རྣམས་ཀྱི་ཚུལ་འདྲི་ཁོང་དུ་ཆུད་པའི་སེམས་ཅན་དེ་དག་ནི་རུང་ཞིག་འབྱུང་བར་འགྱུར་རོ།། སྨྲས་པ། རིགས ་ཀྱི་བུ་འདོད་ཆགས་དང་བྲལ་བའི་མཐའ་ནི་གཅིག་པའང་མ་ཡིན།། མང་པོའང་མ་ཡིན་ཏེ། དྲ་བ་ཅན་གྱི་འོད་རིགས་ཀྱི་བུ་འམ་ག་རིགས་ཀྱི་བུ་མོ་གང་ཆོས་རྣམས་ཀྱི་ཚུལ་བཞིན་འདི་དག་གི ་རྗེས་སུ་སོང་བའམ། རྗེས་སུ་འགྲོ་བའམ། རྗེས་སུ་འགྲོ་བར་འགྱུར་བ་དེ་དག་གིས་ཆོས་གང་ཡང་མ་རྟོགས། མི་རྟོགས།། རྟོགས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཁོང་དུ་ཆུད་པ་མེད ་པར་བཅོམ་ལྡན་འདས་ཀྱིས་ཀུན་ཤེས་པ་ལུང་བསྟན་པ་གསུངས་སོ།། གང་རྣམས་ཚུལ་བཞིན་དུ་ཆོས་བསྟན་པ་འདི་ཐོས་ནས་མོས་པར་བྱེད་པ་དེ་དག་ནི་ཇི་ལྟར ་བསྟན་པ་དེ་བཞིན་དུ་རབ་ཏུ་སྦྱོར་བ་ཡིན་ཏེ། དེ་དག་ནི་ཚེས་གང་ལའང་སྤྲོས་པར་མི་བྱེད་པར་འགྱུར་རོ།། སྒྲ་ཆོས་གང་ལའང་སྤྲོས་པར་བྱེད་པར་མི་འགྱུར་བ་དེ་དག་ནི་ཆོས་གང་ཡང་ཁོང་དུ་ཆུད་པར ་མི་འགྱུར་རོ།། སུ་ཆོས་གང་ཡང་ཁོང་དུ་ཆུད་པར་མི་འགྱུར་བ་དེ་དག་ནི་འཁོར་བར་འགྲོ་བར་ཡང་མ་ཡིནཔམྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན ་འདས་ཀྱིས་འཁོར་བའང་མ་དམིགས། ཡོངས་སུ་མྱ་ངན་ལས་འདས་པའང་མ་དམིགས་པའི་ཕྱིར་རོ།། སྨྲས་པ། བཅོམ་ལྡན་འདས་ཀྱིས་འཁོར་བ་ལས་བཟླ་བའི་ཕྱིར་ཆོས་མ ་བྲ་ཤདྲ་དམ། སྨྲས་པ་བཅོམ་ལྡན་འདས་ཀྱིས་གང་འཁོར་བ་ལས་འདབ་པའི་ཆོས་གང་ཡང་བསྟན་ཏམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ་རིགས་ཀྱི་བུ་དེ་ལྟ་བས་ན་བཅོམ་ལྡན་འདས ་ཀྱིས་འཁོར་བའང་མི་སེལཀམྱ་ངན་ལས་འདས་པའང་ཐོབ་པར་མི་བྱེད་མོད་ཀྱི། འཁོར་བ་དང་མྱ་ངན་ལས་བླངས་པ་གཉིས་སུ་འདུ་ཤེས་པ་ལས་འདའ་བར་སྟོན་ཏེ་འུ་དི་ལ་གང་ཡང་འཁོར་བ་ལས་འདའ ་པར་ཡང་མི་བྱེད། ཡོངས་སུ་མྱ་ངན་ལས་འདས་པའང་ཐོབ་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། མཉམ་པ་འདི་ནི་མི་འཁོར།། མྱ་ངན་ལས་མི་འདའ། ཀུན་ནས་ཉོན་མི་མོངས། རྣམ་པར་དག་པར་མི ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚངས་པ་ལེགས་སོ་ལེགས་སོ།། ཚངས་པ་ཅི་སྟེ་བཤད་པར་བྱ་ན་དེ་སྐད་བཤད་པར་བྱའོ།། ་ཚུལ་བཞིན་དུ་ཆོས་བསྟན་པ་འདི་བསྟན་པ་ནདགེ་སློང་ཉིས་སྟོང་རྣམས་ཟག་པ་ལས་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ལོ།། དེ་ན་བཅོམ་ལྡན་འདས་ཀྱིས། ཚངས་པ་ཁྱད་པར ་སེམས་ལ་འདི་སྐད་ཅེས་བཀའུ་སྩལ་ཏོ།། ཚངས་པ་ངས་འཁོར་བ་དང་མྱ་ངན་ལས་འདས་པ་མ་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བར་བདོགས་ཀྱང་འདི ་ལ་གྲང་ཡང་འཁོར་བ་མེད་དོ།། མྱ་ངན་ལས་འདས་པར་སྟོན་ཀྱང་འདི་ལ་གང་ཡང་ཡོངས་སུ་མྱ་ངན་ལས་མི་འདབའོ།། ཚངས་པ་གང་རྣམས་ཚུལ་འདི་ལ་ཞུགས་པ་དེ་དག་ནི་འཁོར་བའི་ཆོས་ཅན་ཡང ་མ་ཡིན་པ་ཡོངས་སུ་མྱ་ངན་ལས་འདྲའ་བའི་ཆོས་ཅན་ཡང་མ་ཡིན་ནོ།། དེ་ནས་འཁོར་དེའི་ནང་ནས་དགེ་སློང་ལྔ་བརྒྱ་བསྟན་པ་འདི་ཐོས་པ་དང་། སྔན་ལས་ལངས་ཏེ་དོང་ངོ་།། ཚིག་འདི་སྐད་ཅེས ་སྨྲས་ཏེ། གལ་ཏེ་འདི་ལ་གང་ཡང་མི་འཁོར། གལ་ཏེ་གང་ཡང་ཡོངས་སུ་མྱ་ངན་ལས་མི་འདབ་ན། བདག་ཅག་ཚངས་པར་སྤྱོད་པ་ལ་གནས་པའང་དོན་མེད་དོ།། བདག་ཅག་ལམ་བསྒོམ་པ་དང ་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའང་ཅིང་དགོས་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ལ། གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གང་དག་ཆོས་གང་ལ་སྐྱེ་བ་འམ། འགག་པར་འཚལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། བཅོམ་ལྡན་འདས་གང་དག་མྱ་ངན་ལས ་འདས་པ་དངོས་པོར་ཚོལ་བ་དེ་དག་ལའང་འཁོར་བ་ལས་འདའ་བ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི ་པ་དང་། གཡོ་བ་ཐམས་ཅད་མ་མཆིས་པར་གྱུར་པ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་འདི་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ས་མུ་སྟེགས་ཅན་གྱི་ལྟ་བར ་ལུང་སྟེ། མྱ་ངན་ལས་འདས་པ་དངོས་པོར་ཚུལ་ལོ།། འདི་ལྟ་སྟེ། བཅོམ་ལྡན་འདས་ཏིལ་ལས་ཏིལ་མར་དུང་འོ་མུ་ལས་མར་བཞིན་དུ་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདསུ་པ་ལ་གང ་རྣམས་མྱ་ངན་ལས་འདས་པ་དངོས་པོར་རྒོལ་བ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ང་རྒྱལ་ཅན་ཞེས་བདག་མཆིའོ།། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པ་ནི་ཆོས་གང ་ལའང་སྐྱེ་བ་འམ།། འགག་པུར་མི་མཐོང་། ཆོས་གང་ལའང་ཐོབ་པའམ། མངོན་པར་རྟོགས་པར་མི་འཚལ་ལོ།། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། ཚངས་པ་ཁྱད་པར ་སེམས་ལ་འདི་སྐད་ཅེས་སྦས་སོ།། ཚངས་པ་དགེ་སློང་ལྔ་བརྒྱལ་ཁོར་འདི་ནས་སྟན་ལས་ལངས་ཏེ་དོང་བ་འདི་དག། ཅི་ནས་ཀྱང་ཆོས་འདུལ་བ་ལ་འཇུག་པ་དང་། མོས་པར་འགྱུར་བ་དང་།། སྡིག ་པའི་ལྡབར་གྱུར་པ་དེ་ལས་རྣམ་པར་གྲོལ་དུ་སྔོན་ཅིག། སྨྲས་པ་ཀ་རིགས་ཀྱི་འདོད་ལ་དག་གོ་འདོ་ལ་དག་གོ།། གལ་དེ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སེར་དོང་ཡང་བརྟུན་པ་འདིལས། ་མིཐར་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ། སྐྱེས་བུ་བྱིས་པའི་རང་བཞིན་ཅན་ནམ་མཁས་འཇིགས་ཤི་སྐྲག་སྟེ། ཟོས་ཀྱང་དེ་དག་ལས་གར་སྲོང་པ་དེ་དང་དེ་དག་ཏུ་ནམ་མཁའ་མཐོང་ངོ་།། ་བཞིན་དུ་དགེ་སློང་འདི་དག་ཀྱང་ཇི་སྲིད་དུ་རིང་དུ་སོང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་ལས་མ་འདས་སོ།། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཞན་ཞིག་ནམ་མངའ་རྙེད ་པར་བྱའོ་ཞེས་ནམ་མཁའ་ཚལ་ཏེ། ཕྱོགས་དང་ཕྱོགས་མཚམས་སུ་རྒྱུག་ཅིང་ཇི་ཙམ་དུ་ནམ་མཁའི་མིང་ནས་བརྗོད་ཀྱང་ནམ་མཁའ་མི་རྙེད་དོ།། དེ་ནམ་མཁའ་དེ་ཉིད་ཀྱི་ནང་ནས་འགྲོའང་དེ་མི་མཐོང་ངོ་།། ་དེ་ཅིའི་ཕྱིར་ཞེ་ན། གང་ནམ་མཁའ་ཞེས་བྱ་བ་དེ་ནི་མིང་ཙམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་དགེ་སློང་འདི་དག་ཀྱང་མྱ་ངན་ལས་འདས་པ་དངོས་པོར་ཚོལ་ཏེ། མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར ་ཀྱང་དེ་མི་མཐོང་ངོ་།། ཁོང་དུ་མི་ཆུད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ།། ཇི་ལྟར་ན་ནམ་མཁའ་ཞེས་བརྗོད་པའང་གཟུང་དུ་མདུ་པ་དེ་བཞིན་དུ། ་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བརྗོད་པའང་བཟུང་དུ་མེད་པའོ།། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་བཤད་པ་འདི་ཐོས་ནས། ཟག་པ་ལས་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ཏེ། མངོན་པར ་ཤེས་པ་ཐོབ་པ་དེ་དག་གིས་ཚིག་སྨྲས་པ། བཅོམ་ལྡན་འདས་གང་རྣམས་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ།། བཅོམ་ལྡན་འདས་བདག་ཅག་ནི་སོ་སོའི་སྐྱེ་བོའང་མ་ལགས། སློབ་པའང་མ་ལགས། དགྲ་བཅོམ་པའང་མ་ལགས་ཀ་འཁོར་བའི་ཆོས་ཅན་ཡང་མ་ལགས།། ་མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ནི་བྱེད་པ་དང་། སེམས་པ་དང་། གཡོ་བ་དང་། སྤྲོས་པ་ཐམས་ཅད་མ་མཆིས་པའོ།། ་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་གིས་དགེ་སྦྱོང་ཉིད་ཁོང་དུ་ཆུད་དོ།། རང་གི་དོན་བྱས་སོ།། དེ་དག་གིས་སྨྲས་པ། ་བཙུན་པ་ཤཱ་རིའི་བུ་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ།། མི་བྱ་བ་བྱས་སོ།། ཤཱ་རིའི་བུས་སྨྲས་པ། ཚྭ་དང་ལྡན་པ་དག་ཙོ་ལས་བསམས་ཏེ་དེ་སྐད ་དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པའི་ཕྱིར་དགེ་སྦྱོང་བྱེད་དོ།། བཙུན་པ་ཤཱ་རིའི་བུ་མི་བྱེ་བ་ནི་མྱ་ངན་ལས་འདས་བུ་ཡིན་ཏེ། འདི་ལ ་བསམས་ནས་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ལོང་དུ་ཆུད་དོ།། མི་བྱ་བ་བྱས་སོ་ཞེས་སྟོན་ཏོ།། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རྣམས་ལེགས་སོ་ལགས་སོ།། ་ཆེ་ལྡན་པ་རྣམས་སྦྱིན་གནས་ཀྱིས་གནས་པ་ཡིན་ནོ།། དེ་དག་གིས་སྨྲས་པ།། བཙུན་པ་ཤཱ་རིའི་དུ་སྟོན་པ་གདུ་ཡིན་པ་འདུ་སྟོད་ཀྱང་སྦྱིན་པའི་མྱོངན། བདག་ཅག་གིས་དྲི་གྱུ། ་སྨྲས་པ།། བཙུན་པ་ཤཱ་རིའི་བྲ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རང་པོཞིན་གྱིས་ངས་སུ་དག་པ་ཡོངས་སུམ་ཁྱེན་པའི་བྱེང་།། དེ་ནས་བཅོམ་ལྡན་པདས་ལ། ཚངས ་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་ན་གང་དག་སྦྱིན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་གང་དག་འཇིག་རྟེན ་གྱི་ཆོས་རྣམས་ཀྱིས་མི་བྲ་ཕྲོགས་པ་རྣམས་སོ།། གསོལ་པ། འཇིག་རྟེན་ན་སྦྱིན་པ་སྐྱོང་བ་གང་དག་ལགས། བཀའ་སྩལ་པ། གང་དག་ཆོས་གང་ཡང་ཡོངས་སུ་མི་འཛིན་པ་རྣམ ་སོ། གསོལ་པ། འཇིག་རྟེན་ན་བསོད་ནམས་ཀྱི་ཞིང་གང་དག་ལགས། བཀའ་སྩལ་པོ།། གང་དག་བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་པ་རྣམས་སོ།། གསོལ་པ། དགེ་བའི་བཤེས ་གཉེན་གང་དག་ལགས།། བཀའ་སྩལ་པ།། གང་དག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པ་ཡོངས་སུ་མྲ་གཏང་བ་རྣམས་སོ།། གསོལ་པ། དེ་བཞིན་གཤེགས་པ་ལ་བགྱིད་པ་གཟོ་བ ་གང་དག་ལགས། བཀའ་སྩལ་པ། གང་དག་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམས་སོ།། གསོལ་པ། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་གང་དག་ལགས་ཀ་བཀའ་སྩལ་པ། ་གང་དག་མི་སྐྱེ་བའི་མཐུབ་རྟོགས་པ་རྣམས་སོ།། གསོལ་པ། དེ་བཞིན་གཤེགས་པ་དང་ཉེ་བར་གནས་པ་གང་དག་ལགས། བཀའ་སྩལ་པ་ཀ་གང་དག་སྲོག། ་གི་ཕྱིར་ཡང་བསླབ་པ་མི་འབྲལ་བ་རྣམས་སོ།། གསོལ་པ།། དེ་བཞིན་གཤེགས་པ་ལ་རི་མོ་དང་བཅས་པ་གང་དག་ལགས།། བཀའ་སྩལ་པ། གང་དབང་པོ་རབ་ཏུ་བསྡམས་ཏེ་གནས་པ་རྣམས་སོ།། གསོལ། ་པ་འཇིག་རྟེན་ན་ནོར་ཆེ་བ་གང་དག་ལགས། བཀའ་སྩལ་པ། གང་དག་ནོར་བདུན་དང་ལྡན་པ་རྣམས་སོ།། གསོལ་པ། འཇིག་རྟེན་ན་མཆོག་འཚལ་བ་གང་དག་ལགས། བཀའ་སྩལ་པ།། འཇིག ་རྟེན་ན་གང་དག་ལ་ཤེས་རབ་བླ་ན་མེད་པ་ཡོད་པ་རྣམས་སོ།། གསོལ་པ། རབ་ཏུ་དབེན་པ་གང་དག་ལགས། བཀའ་སྩལ་པ། གང་དག་ཁམས་གསུམ་དུ་སྨོན་པ་མེད་པ་རྣམས་སོ།། ་གསོལ་པ། འཇིག་རྟེན་ན་ཤིན་ཏུ་བསྡམས་པ་གང་དག་ལགས་བཀའ་སྩལ་པ། གང་ཀུན་ཏུ་སྦྱོང་བ་ཐམས་ཅད་ཤིན་ཏུ་བྱང་བ་རྣམས་སོ།། གསོལ་པ། འཇིག་རྟེན་ན་བདེ་བ་རྣམས་གང ་དག་ལགས་བཀའ་སྩལ་པ་གང་རྣམས་ལ་ཡོངས་སུ་འཛིན་པ་མེད་པའོ།། གསོལ་པ།། ཡོངས་སུ་མི་འཛིན་པ་གང་དག་ལགས། བཀའ་སྩལ་པ། གང་དག་གིས་ཕུང་པོ་ཡོངས་སུ ་ཤེས་པའོ།། གསོལ་པ།། ཕ་རོལ་ཏུ་མཆིས་པ་གང་དག་ལགས། བཀའ་སྩལ་པ། གང་གིས་སྐྱེ་མཆེད་དྲུག་སྤངས་པ་རྣམས་སོ།། གསོལ་པ། བཅོམ་ལྡན་འདས་འགྲམ་དུ་ཕྱིན་པ་རྣམས་གང ་དག་ལགས། བཀའ་སྩལ་པ་ཚངས་པ་གང་གིས་མཉམ་པ་ཉིད་ཐོབ་པ་རྣམས་སོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་རྒྱས་པ་ལགས ་བཀའ་སྩལ་པ། ནམ་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་བྱེད་པའོ།། གསོལ་པ། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལགས།། བཀའ་སྩལ་པ། ་ནམ་ཐམས་ཅད་མཁྱེན་པའི་སེམས་མི་འདོར་བའོ།། གསོལ་པ། ཇི་ལྟར་ན་བཟོད་པ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནུ་མ་ཐམས་ཅད་མཁྱེན་པའི་སེམས་མི་ཟད་པར་མཐོང་བ ་རྣམས་སོ།། གསོལ་པ། ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ།། ནམ་ཐམས་ཅད་མཁྱེན་པའི་སེམས་ལ་བརྟགས་ནས་མི་དམིགས་པའོ།། གསོལ ་པཇི་ལྟར་ན་བསམ་གཏན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་རང་བཞིན་གྱིས་ཞི་བར་རབ་ཏུ་རྟོགས་པའོ།། གསོལ་པ། ཇི་ལྟར ་ནང་ཤེས་རབ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ན་མ་ཆོས་ཐམས་ཅད་ལ་སྤྲོས་པར་མི་བྱེད་པའོ།། གསོལ་པ་ཇི་ལྟར་ན་བྱམས་པ་ལ་གནས་པ་རྣམས་ལགས ་བཀའ་སྩལ་པ་ནམ་སེམས་ཅན་དུ་འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ།། ནམ་ཆོས་ཐམས་ཅད་ལ ་བྱ། འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ། ཇི་ལྟར་ན་དགའ་བ་ལ་གནས་པ་རྣམས་ལགས་བཀའ་སྩལ་པ་གནམ་བདག་ཏུ་འདུ་ཤེས་འཇུག་པར་མི ་བྱེད་པའོ།། གསོལ་པ།། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་རྣམས་ལགས།། བཀའ་སྩལ་པ།། ནམ་བདག་དང་གཞན་དུ་འདུ་ཤེས་འཇུག་པར་མི་བྱེད་པའོ།། གསོལ་པ།། ཇི་ལྟར ་ན་དད་པ་ལ་གནས་པ་རྣམས་ལུགས།། བཀའ་སྩལ་པ།། ནམ་ཆོས་ཐམས་ཅད་བརྗོད་དུ་མེད་པར་མོས་པའོ།། གསོལ་པ།། ཇི་ལྟར་ན་ཐོས་པ་ལ་གནས་པ་རྣམས་ལགས། བཀའ་སྩལ། ་པ་ཏ་ནམ་སྒྲ་ཐམས་ཅད་ལ་མངོན་པར་མི་ཆགས་པའོ།། གསོལ་པ། ཇི་ལྟར་ན་ངོ་ཚ་ཚལ་བ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནང་ཡོངས་སུ་ཤེས་པས་སོ།། གསོལ ་པ་ཇི་ལྟར་ན་ཁྲེལ་མཆིས་པ་ཕུན་སུམ་ཚོགས་པ་རྣམས་ལགས།། བཀའ་སྩལ་པ། ཕྱི་རོལ་གྱི་སྐྱེ་མཆེད་འདོར་བས་སོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར ་ན་ཡོན་ཏན་ཐམས་ཅད་ཚོགས་ཤིང་ཀུན་ཏུ་འགྲོ་བ་རྣམས་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པས་སོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ལུས་ནི་རྣམ་པར་དག་ཅིང་སྡིག་པ་མི་བྱེད་དེ།། ངག་ཀྱང་རྣམ་པར་དག་པས་རྟག་ཏུ་རྫུན་རྣམས་སྤོང་།། ཡིད་ཀྱང་གཙང་བས་རྟག ་ཏུ་བསམ་པ་དྲིམ་མེད།། དེ་བྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བས་གསུངས།། མི་སྡུག་སྒོམ་ཞིང་འདོད་ཆགས་ཀྱིས་ཀྱང་ཆགས་པ་མེད།། བྱམས་ལ་གནས་ཤིང་ཞེ་སྡང་གིས་ནི་གཏུམ་པ་མེད། ་ཤེས་རབ་དག་ལ་གནས་ཤིང་གཏི་མུག་བྲུན་མ་ཡིན།། མཁས་པ་རྣམས་ནི་དེ་ལ་ཀུན་ཏུ་འགྲོ་བར་གསུངས།། དེ་ནི་གྲོང་དུ་ཇི་བཞིན་དེ་བཞིན་དགོན་པར་ཡང་།། དགོན་པ་དང་ནི་གྲོང་དང ་འཁོར་དུ་དེ་འདྲ་བར།། དེ་ནི་སྤྱོར་ལམ་རྣམ་པར་འགྱུར་བར་མི་བྱེད་དེ།། དེ་ཕྱིར་རྒྱལ་བས་དེ་ལ་ཀུན་ཏུ་འགྲོ་བར་བརྗོད།། རྒྱལ་བ་ཀུན་གྱི་ཆོས་ཉིད་ལ་ནི་དེ་མོས་ཏེ།། མཁས་པས་ཆོས་ཉིད་ལ ་ཡང་འདོད་ཆགས་བྲལ་བ་དང་།། དགེ་འདུན་ལ་ཡང་འདུས་མ་བྱས་པར་ཤིན་དུ་མོས།། དེ་ཕྱིར་རྒྱལ་བ་རྣམས་ཀྱིས་ཀུན་ཏུ་འགྲོ་བར་གསུངས།། འདོད་ཆགས་མོས་པ་དག་གིས་སྤྱོད་པར ་རབ་ཏུ་ཤེས།། ཞེ་སྡང་མོས་པ་རྣམས་དང་དེ་བཞིན་གཏི་མུག་དང་།། སྤྱོད་པ་རྣམ་པར་འགྱུར་བ་ལ་ཡང་དེ་མཁས་ཏེ།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན།། འདོད་པའི ་ཁམས་ལ་ཤིན་ཏུ་གནས་པར་མི་བྱེད་དེ།། གཟུགས་ཀྱི་ཁམས་ལ་ཡང་ནི་གུནས་པར་མི་འགྱུར་རོ།། དེ་ནི་གཟུགས་མེད་པ་ཡི་ཁམས་ལ་མི་གནས་ཏེ།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ ་འགྲོ་བར་བརྗོད།། རྟག་ཏུ་མཚན་མ་དང་ནི་སྨོན་པས་གསོག་གྱུར་དང་།། དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་དེ་མོས་ཤིང་།། ཟག་པ་རྣམས་ནི་བར་དུ་ཟད་པར་མི་བྱེད་དེ།། དེ་ཕྱིར་དེ་ནི་རྒྱལ ་བས་ཀུན་ཏུ་འགྲོ་བར་བསྟན།། དེ་ནི་རང་རྒྱལ་ཐེག་པ་ལ་ཡང་མཁས་པ་ཡིན།། སྨྲ་ཕྱིར་འབྲང་བ་ཉན་ཐོས་འགྱུར་བའང་དེ་ཡིས་ཤེས།། རྫོགས་པའི་སངས ་རྒྱས་ཐེག་པའི་ཕ་རོལ་སོང་བ་ཡིན།། དེ་ཕྱིར་བདེ་བར་གཤེགས་པས་ཀུན་ཏུ་འགྲོ་བར་བརྗོད།། དེ་དག་རྟག་པར་ཀུན་ཏུ་བློ་གྲོས་དྲི་མ་མེད།། དེ་དག་ཚུལ་དང་ཚུལ་མ་ཡིན་ལ་མི་རྨོངས་ཏེ།། མཛུབ་པ་དང་ནི ་མི་མཛའ་པ་ལའང་མཉམ་པའི་མེད།། དེ་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་འགྲོ་བ་ཡིན།། འདས་པ་དག་གི་ཆོས་ལའང་རྣམ་པར་མི་རྡོག་ཅིང་།། མའོངས་པ་དང་ད་ལྟར་གྱིའིའང་དེ་བཞིན་ཏེ།། ཐམས། ་ཅད་དུ་ཡང་དཔའ་པོ་རྣམ་པར་མི་རྟོག་སྤྱོད།། དེ་ཕྱིར་སེམས་ཅན་དག་པ་ཀུན་ཏུ་འགྲོ་བའོ།། །། བམ་པོ་གཉིས་པ།། ། དེ་ནས་བཅོམ་ལྡན་འདས་ལ། ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་རྣམས་ལས་ཤིན་ཏུ་འདའ་འཇིག་རྟེན་གྱི་ཆོས་ཀྱི་ནང ་ནབང་གདབ་ལ།། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཀྱང་མི་གོས།། འཇིག་རྟེན་གྱི་ཆོས་ཀྱི་འཇུག་དབང་རབ་ཏུ་འཚལ་ལ།། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པར་ཡང་མ་མཆིག་འཇིག་རྟེན་གྱི་ཆོས་ཀྱི་འཇུག་པས ་ཀྱང་སེམས་ཅན་རྣམས་འཇིག་རྟེན་གྱི་ཆོས་ལས་ཡོངས་སུ་ཐར་པར་བགྱིད།། འཇིག་རྟེན་གྱི་ཆོས་ཀྱི་མཉམ་པ་ཉིད་ཀྱང་ཐོབ་ལ། འཇིག་རྟེན་ནའང་རྣམ་པར་སྤྱོད་ཅིང་། འཇིག་རྟེན་གྱི་ཆོས་རྣམས་ཀྱང་རྣམ ་བ.རབ་ཇིག་པར་མི་བགྱིད་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚངས་པ་ཁྱད་པར་སེམས་ལ་ཚིགས་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ། འཇིག་རྟེན་ཕུང་པོར་ངས་བཤད་དེ། ་འཇིག་རྟེན་དག་ནི་འདི་ལ་གནས།། འདི་ལ་གནས་པར་མ་བྱས་ནས།། འཇིག་རྟེན་ཆོས་ལས་རྣམ་པར་གྲོལ།། བྱང་ཆུབ་སེམས་དཔའ་མཁས་པ་དེར།། འཇིག་རྟེན་རང་བཞིན་ཉིད་ཤེས་ནས།། དུང ་པོ་རྣམས་དང་རབ་ལྡན་ཡང་།། འཇིག་རྟེན་ཆོས་དང་ལྡན་མ་ཡིན།། རྙེད་པ་དང་ནི་མ་རྙེད་དང་།། དེ་བཞིན་གྲགས་དང་མ་གྲགས་དང་།། བསྟོད་སྨད་བདེ་དང་སྡུག་བསྔལ་དང་།། དེ་དག་གིས་ནི ་འཇིག་རྟེན་སྐྱོད།། ཤེས་རབ་ཆེན་པོ་བརྟན་དེ་རྣམས།། འཇིག་རྟེན་ཆོས་རྣམས་རབ་རྟོགས་ཤིང་།། འཇིག་རྟེན་འཇིག་པ་མཐོང་ནས་ནི།། འདི་དག་ལ་ཡང་གཡོ་མི་འགྱུར།། རྙེད་པས ་མཐོ་བར་མི་སེམས་ཏེ།། མ་རྙེད་པས་ཀྱང་དམས་པ་མེད།། རི་རབ་བཞིན་དུ་མཐུ་བརྟན་པ།། རྣམ་པ་ཀུན་ཏུ་གནོད་མི་འགྱུར།། དེ་བཞིན་གྲགས་དང་མ་གྲགས་ཀྱང་།། རྟག་ཏུ་མཚུངས ་བར་འགྱུར་བ་ཡིན།། བདེ་དང་སྡུག་བསྔལ་བསྟོད་སྨད་ལ།། མཉམ་པ་ཉིད་དུ་གནས་པར་འགྱུར།། འཇིག་རྟེན་འདི་ནི་གཉིས་ལས་བྱུང་།། ཕྱིན་ཅི་ལོག་ལས་ཀུན་ནས་ལངས།། དེ་ཕྱིར ་འཇིག་རྟེན་འགྲོ་རྟོགས་ནས།། མཁས་པ་རྣམས་ནི་འགྲོ་མང་འགྲོ།། འཇིག་རྟེན་འདི་འགྲོ་གང་ཡིན་པ།། འགྲོ་བ་དེ་ནི་དེ་དག་ཤེས།། དེ་ཕྱིར་འཇིག་རྟེན་འགྲོར་ཞུགས་ནས།། མི་བདེ་བ་ལས་སྐྱེ་བ་འགྲོལ། ་བྱ་བྱ། དཔའ་བོ་དེ་དག་འཇིག་རྟེན་སྤྱོད།། པདྨོ་བཞིན་དུ་ཆགས་པ་མེད།། ཆོས་ཀྱི་དབྱིངས་ལ་རབ་གནས་ནས།། འཇིག་རྟེན་དག་ཀྱང་འཇིག་མེད་བྱེད།། འཇིག་རྟེན། ་ཆོས་ཉིད་མི་ཤེས་པར།། འཇིག་རྟེན་གང་ལ་སྤྱོད་པར་ཡང་།། འཇིག་རྟེན་མཚན་ཉིད་ཤེས་ནས་ནི།། མཁས་པ་དེ་དག་ཉིད་ན་སྤྱོད།། འཇིག་རྟེན་ནམ་མཁའི་མཚན་ཉིད་དེ།། ནམ ་མཁའ་ལ་ཡང་མཚན་ཉིད་མེད།། དེ་དག་དེ་ཡི་འགྲོ་རིག་ནས།། འཇིག་རྟེན་ཆོས་ཀྱིས་གོས་པ་མེད།། ཇི་ལྟར་འཇིག་རྟེན་རབ་ཤེས་པ།། དེ་བཞིན་སྲོག་ཆགས་རྣམས་ལ་སྔ།། ཆོས་ཀྱི་རང ་བཞིན་ཤེས་ནས་ནི།། འཇིག་རྟེན་དག་ཀྱང་འཇིག་མི་བྱེད།། ཕུང་པོ་རྣམས་ལ་རང་བཞིན་མེད།། འདི་ནི་འཇིག་རྟེན་ཆོས་ཉིད་དོ།། གང་རྣམས་དེ་ལྟར་མི་ཤེས་པ།། དེ་དག་རྟག་ཏུ ་འཇིག་རྟེན་གནས།། མ་སྐྱེས་པ་དང་མ་བྱུང་བར།། གང་གིས་ཕུང་པོ་ཀུན་ཤེས་པ།། དེ་དག་འཇིག་རྟེན་སྤྱོད་འགྱུར་ཡང་།། འཇིག་རྟེན་འདི་ལའང་མི་གནས་སོ།། འཇིག་རྟེན་ཆོས་རྣམས་མི ་ཤེས་ཤིང་།། འདུ་ཤེས་གཉིས་ལ་གང་གནས་པ།། འདྲི་བདེན་འདི་ནི་བརྫུན་ནོ་ཞེས།། མི་མཁས་དེ་དག་རྩོད་པ་འགྱུར།། འདི་ལྟར་འཇིག་རྟེན་ཆོས་རྣམས་ཀྱི།། ཡང་དག་ཆོས་ཉིད་ངས་ཤེས་པས།། ། ་ང་ནི་འཇིག་རྟེན་རྣམས་དང་ཡང་།། རྣམ་ཀྱང་རྩོད་པར་མི་བྱེད་དོ།། རྩོད་པ་མེད་པའི་ཆོས་འདི་ནི།། སངས་རྒྱས་ཀུན་གྱིས་བཤད་པ་སྟེ།། འཇིག་རྟེན་མཉམ་པ་ཉིད་ཤེས་ན།། འདི་ལ་བདེན་པའམ་བརྫུན ་པ་མེད། བརྫུན་པའམ་ཡང་ན་བདུན་པ་ཞིག། བསྟན་པ་ལ་ནི་རྙེད་གྱུར་ན།། མཐར་འཛིན་པར་ནིང་འགྱུར་ཏེ།། མུ་སྔགས་ཅན་དང་ཁྱད་པར་མེད།། གང་ཕྱིར་ཆོས་རྣམས་ཡང་དག་མིན།། བདེན་པ ་དང་ནི་བརྫུན་པ་མེད།། དེ་ཕྱིར་འཇིག་རྟེན་འདས་པའི་ཆོས།། ངས་ནི་གཉིས་སུ་མེད་པར་བཤད།། འཇིག་རྟེན་ཆོས་ཉིད་ཇི་ལྟ་བར།། གང་གིས་འཇིག་རྟེན་པདི་ཤེས་པ། མཁས་པ་དེ་དག་བདེན ་པའམ། བརྫུན་པའི་ལྟ་བབང་མི་འཛིན་ཏོ།། ནམ་མཁའ་ལྟ་བུར་རྣམ་པར་དག། གང་གིས་འཇིག་རྟེན་འདི་ཤེས་པ།། གྲགས་པ་ཆེན་པོའི་འཇིག་རྟེན་གྱི།། སྣང་བ་ལྟ་བུར་གྱུར་པ་ཡིན། ་ཉིད་ཀྱིས་ནི་མཐོང་བ་ལྟར།། དེ་ལྟར་གང་གིས་འཇིག་རྟེན་མཐོང་།། ཕྱོགས་དང་ཕྱོགས་མཚམས་གང་བཞུགས་པ།། རྫོགས་པའི་སངས་རྒྱས་དེ་དག་གཟིགས།། ཆོས་རྣམས ་བོ་དྲི་མེད་པར།། བརྟེན་པའི་ཆོས་རྣམས་རབ་ཏུ་ཤེས།། གང་རྣམས་རྟེན་པ་ཤེས་པ་ནི།། དེ་དག་ཆོས་ཉིད་ཤེས་པ་ཡིན།། གང་རྣམས་ཆོས་ཉིད་རབ་ཤེས་པ།། དེ་དག་སྟོང ་པ་ཉིད་དེ་ཤེས།། གང་རྣམས་སྡོང་འདི་རབ་ཤེས་པ།། དེ་ཡིས་འདྲེན་པ་དེ་རྣམས་མཐོང་།། གང་རྣམས་འཇིག་རྟེན་བསྟན་པ་འདྲི།། རྣལམ་གྲག་པར་འགྱུར་བ་ནི།། དེ་དག་འཇིག་རྟེན ་སྤྱོད་མོད་ཀྱི།། འཇིག་རྟེན་འདི་ལ་གནས་མ་ཡིན།། ལྟ་ལ་གནས་པ་གང་སུ་དག། གཞན་གྱིས་ནི་འདི་མ་ཡིན།། འཇིག་རྟེན་དུ་ནི་སྤྱོད་བྱེད་ཀྱང་།། འཇིག་རྟེན་འདི་ལ་གནས་པ་མེད།། ་སངས་རྒྱས་མྱ་ངན་འདུས་ནས་ཀྱང་།། གང་རྣམས་བཟོད་དིར་མོས་པ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ།། རྫོགས་པའི་སངས་རྒྱས་དེ་ལ་བཞུགས ་གང་གིས་ཚུལ་འདི་ཤེས་པ་ནི།། དེས་ནི་ང་ཡི་ཆོས་བཟུང་སྟེ།། དེ་ཡིས་ང་ལ་རྟག་ཏུ་མཆོད།། དེ་དག་འཇིག་རྟེན་སྟོན་པའོ།། གང་ཞིག་འཇིག་རྟེན་བསྟན་པ་འདི།། རྣལམ་གྲགས ་པར་གྱུར་པ་ནི།། སྡིག་ཅན་བདུད་ཀྱིས་དེ་དག་ལ།། གླགས་ཀྱང་རྙེད་པར་མི་འགྱུར་རོ།། གང་གིས་རྣམ་པ་འདི་ཤེས་པ།། དེ་དག་ཕྱུག་ཅིང་ལོངས་སྤྱོད་ཆེ།། དེ་དག་སྦྱིན་ལ་རྟག་པར ་དགའ།། དེ་དག་ཚུལ་ཁྲིམས་ཕུན་སུམ་ཚོགས།། གང་གིས་འཇིག་རྟེན་འདི་ཤེས་པ།། དེ་དག་བཟོད་པའི་སྟོབས་ལྡན་པ།། དེ་དག་བརྩོན་འགྲུས་རྫོགས་པར་རིག། མཁས་པ་དེ་དྲག ་བསམ་གཏན་དགའ།། གང་གིས་རྣམ་པ་འདི་ཤེས་པ།། དེ་དག་ཏིང་ངེ་བཛིན་ཕུན་སུམ་ཚོགས།། དེ་དག་ཉེ་བར་ནི་ལ་དགའ།། བརྟན་པ་དེ་དག་ཤེས་རབ་བ་ཕགས།། གང་ན་འདི་འདྲ ་གྲག་པ་ཡི།། ཕྱོགས་དེ་སངས་རྒྱས་སྦྱོངས་མ་ཡིན།། སེམས་དཔའ་ཆེན་པོ་རིང་མི་ཐོགས།། བྱང་ཆུབ་སྙིང་པོར་འགྲོ་བར་འགྱུར།། གང་རྣམས་འཇིག་རྟེན་བསྟན་པ་འདི།། རྣལ་མགྲག་པར་འགྱུར ་བདག། གཡོན་ཅན་བདུད་རྣམས་བཅོམ་ནས་ནི།། བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚངས་པ་ཁྱད་པར་སེམས་པ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པར ་བཞིན་གཤེགས་འཇིག་རྟེན་གྱི་ཚུལ་ལས་བདས་པས།། འཇིག་རྟེན་དང་། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་དང་།། འཇིག་རྟེན་དགོག་པར་འགྲོ་འི་ལམ་དུ་བང་བུ་དོགས་སོ།། ་ཚངས་པ་དེ་ལ་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་སོ།། གང་དེ་ལ་ཆགས་པ་དེ་ནི་འཇིག་རྟེན་ཀུ་ནུ་བྱུང་བའོ།། གང་དུང་པོ་རྣམས་ཀྱི་ཟད་པ་དང་འགག་པ་དེ་ནི་འཇིག་རྟེན་འགག་པའོ།། གང་དུང་། ་རྣམས་ཚོལ་བ་དང་མི་ཚོལ་པ་གཉིས་སུ་མེད་པ་དེ་ནི་ལམ་མོ།། གཞན་ཡང་ཚངས་པ་ཕུང་པོ་རྣམས་ཕུང་པོ་རྣམས་ནས་ཐ་ད་དུ་འདོགས་པ་ལ། གང་སྨྲ་བ་དང་སྨྲ་བར་ལྡ་བ་འདི་ན་བཇིག་རྟེན་ནོ།། གང་ལྟ་བ་ང ་རྗེས་སུ་འབྲང་བ་འདི་ནི་འཇིག་རྟེན་ཀུན་འབྱུང་བའོ།། གང་ལྟ་བ་དེ་ཇི་ལྟ་བ་བཞིན་མཚན་ཉིད་འགག་པ་དེ་ནི་འཇིག་རྟེན་བྲགག་པ་ཞེས་པའོ།། ལམ་གང་གིས་ལྟ་བ་དེ་དག་མི་འཛིན་པ་དེ་ན་འཇིག་རྟེན་འགོག ་པར་འགྲོ་བཟི་ལམ་སྟེ། ཚངས་པང་སུ་འདི་ལ་བསམས་ནས་ང་ནི་ལུས་འདོམ་གང་བ་འདི་ལ་འཇིག་རྟེན་དང་། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་དང་། འཇིག་རྟེན་འགོག ་པར་འགྲོ་བའི་ལམ་དུ་འདོགས་སོ་ཞེས་ཚིག་དེ་སྐད་བཤད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འང ་དེ་བཞིན་གཤེགས་པས་གང་འདི་འཕགས་པའི་བདེན་པ་བཞི་བསྟན་ན། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱི་བདེན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས ་བྱ་བྱ། པ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ།། ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། ་འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ཅི་སྟེ་འཕགས་པ་རྣམས་ཀྱི་བདེན། ་པ་ཡིན་དུ་ཟིན་ན། དེ་ནི་བྱོལ་སོང་བ་གླང་དང་། བོང་བུ་དང་། སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱིའང་འཕགས་པའི་བདེན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྡུག་བསྔལ ་པའི་ཚེར་བ་རྣམས་མྱོང་ངོ་།། ཚངས་པ་བ་དི་ནི་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱ་བ་དེ་ཅི་སྟེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་འགྲོ་བ་རྣམས་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ ་རྒྱས་པའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པའི་བདེན་པར་འགྱུར་རོ།། འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཅི་སྟེ་འཕགས་པའི་བདེན་པ་ཡིན་དུ་ཟིན་ན། དེ་ན་གང་རྣམས་དངོས་པོ་བཤིགས་པས་མྱ ་ངན་ལས་འདས་པ་ཚོལ་བ་དང་། འགོག་པར་ལྟ་བར་ལྷུང་བ་ཆད་པར་སྨྲ་བ་ཐམས་ཅད་ལའང་འཕགས་པའི་བདེན་པར་འགྱུར་རོ།། འདི་ནི་ལམ་མོ་ཞེས་བྱ་བ་དེ་ཅི་སྟེ་པགས་པ་རྣམས་ཀྱི་བདེན་པ་ཡིན ་དུ་ཟིན་ན། དེ་ནི་འདུས་བྱས་ཀྱིས་འདུས་བྱས་ལས་འབྱུང་བར་ཚོལ་བ། འདུས་བྱས་ལམ་དུ་དམིགས་པ་ཐམས་ཅད་ལའང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདི་ཇི་ལྟར ་སྡུག་བསྔལ་དང་ཀུན་འབྱུང་བ་དུད་འགོག་པ་དང་། ལམ་རྣམས་དཔགས་པ་རྣམས་ཀྱི་བདེན་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ།། དེ་ལྟ་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མི་སྐྱེ་བ ་དོན་འ་ཕགས་པ་རྣམས་ཀྱི་བདེན་པའོ།། གང་ཀུན་འབྱུང་བ་མི་འཇུག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ཤིན་ཏུ་འཕགས་པ་ལ་མོ་སྟེ་མི་འགོག་པ ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་གཉིས་སུ་མེད་པའི་ལམ་སྒོམ་པ་འདི་ནི་འཕགྲས་པ་རྣམས་ཀྱི་བདེན་པའོ།། ཚངས་པ་གང་བདེན་པ ་བདེན་པ་ཞེས་བྱ་བ་ནི་གང་བདེན་པའང་མ་ཡིན། བརྫུན་པའང་མ་ཡིན་པའོ།། བརྫུན་པ་གང་ཞེ་ན། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ ་འཛིན་པ་དང་གང་ཟག་ཏུ་འཛིན་པ་དང་ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། འབྱུང་བར་བཛིན་པ་དང་། འཇིག་པར་འཛིན་པ་དང་། སྐྱེ་བར་འཛིན ་པ་དང་། འགག་པར་འཛིན་པ་དང་། འཁོར་བར་འཛིན་པ་དང་། མྱ་ངན་ལས་འདྲས་པར་འཛིན་པ་དེ་ནི་བརྫུན་ཞེས་བྱའོ།། གང་འཛིན་པ་འདི་དག་ལ་མི་འཛིན་ཅིང་མཆོག ་ཏུ་མི་སྙེམས་པ་འདི་ནི་བདེན་པ་ཞེས་བྱའོ།། སྡུག་བསྔར་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་བརྫུན་ནོ།། ཀུན་འབྱུང་བ་རབ་ཏུ་སྤང་ངོ་ཞེས་བྱ་བ་ནི་བརྫུན་ནོ།། འགོག་པ་མངོན་དུ ་བྱའོ་ཞེས་བྱ་བ་ནི་བརྫུན་ནོ།། ལམ་བསྒོམ་མོ་ཞེས་བྱ་བ་ནི་བརྫུན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ལས་ཉམས་པ ་ཡིན་ཏེ། དེའི་ཕྱིར་བརྫུན་པ་ཞེས་བྱའོ།། སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ཞེས་བྱ་བ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་མི་དྲན་ཞིན་ཡིད་ལ་མི་བྱེད་པ་འདི་ནི་སངས་རྒྱས་ཀྱིས་བཀར། ་སྩལ་པའི་དྲན་པ་ཞེས་བྱ་སྟེ། གང་དྲན་པ་དེ་ལ་གནས་པ་དེ་ནི་མཚན་མ་ཐམས་ཅད་ལ་མིག་ནུས་པའོ།། གང་མཚན་མ་ཐམས་ཅད་ལ་མི་གནས་པ་དེ་ནི་ཡང་དགྲ་པའི་མཐའ་ལ་གནས་པའོ།། ་གང་ཡང་དག་པའི་མཐའ་ལ་གནས་པ་དེ་ནི་ཡིད་མི་གནས་པའོ།། གང་ཡིད་མི་གནས་པ་དེ་ནི་བདེན་པར་སྨྲ་བའང་མ་ཡིན། བརྫུན་དུ་སྨྲ་བའང་མ་ཡིན་ཏེ་གདེའི་ཕྱིར་ཚངས་པ་རྣམ་གྲངས་འདྲིས་གང ་ལ་བདེན་པབང་མེད། བརྫུན་པའང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བདེན་པ་ཞེས་བྱ་བ་དེ་ནི་ནམ་ཡང་མི་བདེན་པ་མ་ཡིན་ཏེ། དེ་བཞིན་གཤེགས ་པ་རྣམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། ཆོས་ཉིད་ཆོས་ཀྱི་དབྱིངས་འདི་ནི་གནས་པའོ།། དེ་བཞིན་དུ་འཁོར་བ་དང་། དེ་བཞིན་དུ་མྱ་ངན་ལས་འདས་པའང་རྟག་ཏུ་མི་འཆད་པར་འཕྲག ་པ་རྣམས་ཀྱི་འདེན་པའོ།། དེ་ཅིའི་ཕྱིར་ཆེ་ན། ཚངས་པ་འཁོར་བ་སྤངས་པའི་ཕྱིར་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན།། མྱ་ངན་ལས་འདསང་ཐོབ་པར་བྱ་བ་ཕྱིར་མང་འཕགས་པ་རྣམས་ཀྱི ་བདེན་པ་མཞིན་ཏེ། ཚངས་པ་གང་དག་གིས་འཕགས་པའི་བདེན་པ་བཞི་དོ་འདི་རྣམས་དེ་ལྟར་མངོན་པར་རྟོགས་པ་མངོན་དུ་བྱས་པ་དེ་དག་ནི་བདེན་པར་སླ་བ་ཡིན་ནོ།། གང་ཚངས་པར་འོངས་པའི ་དུས་ན། དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་སྟེ། དེ་དགྲ་ནི་སྡུག་བསྔལ་སྐྱེ་བ་ལ་སྡུག་བསྔལ ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ།། ཀུན་འབྱུང་བའི་ཕྱིར་ཀུན་འབྱུང་བཔགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ།། དངོས་པོ་འཇིག་པའི་ཕྱིར་འགོག་པ་འབོགས་པའི ་བདེན་པ་ཞེས་སྨྲ་བར་འགྱུར་རོ།། ལམ་གྱིས་འབྱུང་བའི་ཕྱིར་ལམ་འཔགས་པའི་བདེན་པ་གཉིས་སུ་སྦ་བར་འགྱུར་ཏེ། སྐྱེས་བུ་བླུན་པོ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ཞེས་ངས་བཤ ་དོ།། གང་རྣམས་དངོས་པོ་འཇིག་པས་འགོག་པའི་འཕགས་པའི་བདེན་པའོ་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་ལམ་ལོག་པར་ཞུགས་པ་ཡིན་ཏེ་མ་དབང་དེ་དག་གི་སྟོན་པ་མ་ཡིན།། དེ་དག་ཀྱང ་ངའི་ཉན་ཐོས་མ་ཡིན་ནོ།། ཚངས་པ་ལྟོས་ཤིག། ང་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་བདེན་པའམ། བརྫུན་པ་ཞེས་བྱ་བ་ཁོང་དུ་མ་ཆུད་དོ།། ཆོས་གང་ངས་ཁོང་དུ་མ་ཆུད་པའི་ཆོས་དེ་དེ་བཞིན ་གཤེགས་པ་གཞན་ལ་སྟོན་པར་མཛད་དམ། འཆད་པར་མཛད་དམ། གསོལ་པ། བཅོམ་ལྡན་འདས་དེནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ ་རྣམས་ཀྱི་བྱང་ཆུབ་ནི་མི་དམིགས་པ་སྟེ། མ་ཟིན་པ་སྲིད་པའི་འགྲོ་བ་ཐམས་ཅད་དང་བྲལ་བའོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཁྱད་པར་སེམས་ཀྱིས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་སྟེ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས།། ཆོས་གང་ཡང་མ་དམིགས་ན། ཅི་མངོན་པར་རྟོགས་པས་དེ་བཞིན་གཤེས ་པ་བྱང་ཆུབ་སྙེམས་ཤིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ཇི་སྙམ་དུ་སེམས། གང་ངས་འདུས་བྱས་སམ། འདུས ་མ་བྱས་ཀྱི་ཆོས་བཤད་པ་འདི་དག་དེ་བཞིན་ནུ་མ། དེ་ལྟ་མ་ཡིན།། གསོལ་པ།། བཅོམ་ལྡན་འདས་མ་མཆིས་པ་ལགས་སོ།། བདེ་བར་གཤེགས་པ་མ་མཆིས་པ་ལག་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ་ཚངས་པ་ཆོས་གང་རྣམས་མེད་པ་དེ་དག་ཡོད་པའམ། འོན་ཏེ་མེད་པ།། གསོལ་པ། བཅོམ་ལྡན་འདས་གང་མ་མཆིས་པ་དེ་ནི་མཆིས་པའམ ་མཆིས་པ་ཞེས་མི་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ཡང་ཡོད་དའང་མ་ཡིན། མེད་པའང་མ་ཡིན་པ་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་ཡོད ་དམ་གསོལ་པ། བཅོམ་ལྡན་འདས་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་མེད་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཤིན་ཏུ་རང་བཞིན་གྱི་མི་སྐྱེ་བའི་ངོ་བོ་ཉིད་དུ་མཁྱེན་ཏེ། ཇི་ལྟར་ཤིན་ཏུ་མི་མཁྱེན་པ་དང་ཤིན་ཏུ་རྣམ ་པར་མི་རིག་པ་དེ་ལྟར་མཁྱེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ངས་འདི་ལྟར་ཆོས་གང་མངོན་པ་སངས་རྒྱས་པ་དེ་ནི། མ་མཐོང་། མཐོས། མདུན།། མ་རྟོགས། རྣམ་པར་མི་རིག་ཅིང་གཟུང་བའང ་མེད་རྭ་སྦྱར་བའང་མེད། བརྗོད་དུའང་མེད།། རྗེས་སུ་སྦྱོར་བའང་མེད། ཡུལ་ཐམས་ཅད་ལས་འདས་པ། སྤར་མེད་པ། རབ་ཏུ་སྦྱར་མེད་པ། དཔྱོད་པ་མེད་པ་རྫོགས་པར་མི་རུང་བ།། ་ཡི་གེ་མེད་པ་ཚིག་གི་ལམ་མེད་པ། རྣམ་པར་རིག་པ་མེད་པ་ཡིན་ཏེ། ཚངས་པ་དེ་ལྟར་ཆོས་གང་ནམ་མཁའ་དང་འདྲ་བའི་ཆོས་དེ་མངོན་པར་རྟོགས་པར་འདོད་དམ། གསོལ་པ། བཅོམ ་ལྡན་འདས་དེ་ལྟ་མ་ལགས་སོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་ཏེ། དེ་ལྟར་རབ་ཏུ་ཞི་བའི་ཆོས ་མངོན་པར་སངས་རྒྱས་ནས། ཡི་གེ་དང་། ངེས་པའི་ཚིག་གིས་གཞན་དག་ལ་གོ་བར་མཛད་པ་ངོ་འཚར་ཏོ།། བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པས་བསྟན་པའི ་ཆོས་ལ་མངོན་པར་དད་པའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན།། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ།། ་བཀའ་སྩལ་པ། ཚངས་པ་ཇི་ལྟར་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཡིན། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཇིག་རྟེན་ནི་བདེན་པ་ལ་མངོན་པར་ཆགས ་ན་ཆོས་འདི་ནི་བདེན་པའང་མ་ལགས། བརྫུན་པའང་མ་ལགས་སོ།། འཇིག་རྟེན་ནི་ཆོས་ལ་མངོན་པར་ཆགས་ན་ཆོས་འདི་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པའང་མ་ལགས་སོ།། ། ་འཇིག་རྟེན་ནི་མྱ་ངན་ལས་འདས་པ་ལ་ཆགས་ན། ཆོས་འདི་ལ་ནི་འཁོར་བའང་མ་མཆིས།། མྱ་ངན་ལས་འདས་པའང་མ་མཆིས་སོ།། འཇིག་རྟེན་ནི་དགེ་བ་ལ་མངོན་པར་ཆགས་ན།། འདི་ལ ་ནི་དགེ་བའང་མ་མཆིས།། མི་དགེ་བའང་མ་མཆིས་སོ།། འཇིག་རྟེན་ནི་བདེ་བ་ལ་མངོན་པར་ཆགས་ན། འདི་ལ་ནི་བདེ་བའང་མ་མཆིས་སྡུག་བསྔལ་བའང་མ་མཆིས་སོ།། འཇིག་རྟེན ་ནི་སངས་རྒྱས་འབྱུང་བ་ལ་མངོན་པར་ཆགས་ན། འདི་ལ་ནི་སངས་རྒྱས་འབྱུང་བའང་མ་མཆིས།། མྱ་ངན་ལས་འདས་པའང་མ་མཆིས་སོ།། ཆོས་བསྟན་ཀྱང་དེ་བརྗོད་དུ་མ་མཆིས་པའོ།། དགེ ་འདུན་བསྟན་ཀྱང་དེ་འདུས་མ་བགྱིས་པའོ།། དེའི་སླད་དུ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ།། དཔེར་ན་མེ་དང་ཆུའམ ་ཆུ་དང་མེའི་གནས་འདི་ནི་མི་མཐུན་པའོ།། དེ་བཞིན་དུ་ཉོན་མོངས་པ་དང་། བྱང་ཆུབ་བམ།། བྱང་ཆུབ་དང་ཉོན་མོངས་པ་ནི་མི་མཐུན་པའོ།། ད་ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་མ ་མཆིས་པར་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ།། བཤད་ཀྱང་སྣང་བའི་གཟུགས་མ་ལགས། ཀུན་མཁྱེན་ཀྱང་རྣམ་པར་མཁྱེན་པ་མ་མ་ཆིས།། བསྒོམས་ཀྱང་གཉིས་སུམ ་བགྱིས་མངོན་དུ་བགྱིས་ཀྱང་ཐོབ་པ་མ་མཆིས།། མྱ་ངན་ལས་བཟླས་ཀྱང་ཞི་བའང་མ་མཆིས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ།། རིགས་ཀྱི་བུ་མོ་གང་རྣམས་ཆོས་ཀྱི་ཚུལ་གྱི་རྣམ་པ་འདི ་ལ་མོས་པ་དེ་དག་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིས་ཤིང་།། སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས ་པ་ལགས་སོ།། དེ་དག་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ལགས་སོ།། དེ་དག་དགེ་བའི་རྩ་བ་འབར་བའི་སླད་དུ་རྒྱ་ཆེན་པོ་ལ་མོས་པར་འགྱུར་རོ།། དེ་དག་དེ་བཞིན ་གཤེགས་པའི་མཛོད་འཆང་བའི་སླད་དུ་གཏེར་རབ་ཏུ་རྙེད་པར་འགྱུར་རོ།། དེ་དག་ལེགས་པར་བགྱི་བའི་ལས་བགྱིས་པའི་སླད་དུ་ལུས་ཀྱི་མཐའ་ཤིན་ཏུ་འཐུན་པར་འགྱུར་རོ།། ་དེ་དག་སངས་རྒྱས་ཀྱི་རིགས་འཛིན་པའི་སླད་དུ་རིགས་བཙུན་པར་འགྱུར་རོ།། དེ་དག་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏང་བའི་སླད་དུ་གཏོང་བ་ཆེན་པོ་དང་ལྡན་པར་འགྱུར་རོ།། ་དེ་དག་ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པར་འགྱུར་ཏེ། ཉོན་མོངས་པའི་སྟོབས་ཅན་མ་ལགས། ལུས་སྲོག་བོར་བའི་སླད་དུ་དེ་དག་བཟོད་པའི་སྟོབས་ཅན་དུ་འགྱུར་རོ།། དེ་དག་ཡིད ་ཡོངས་སུ་སྐྱོབ་མ་མཆིས་པའི་སླད་དུ་བརྩོན་འགྲུས་ཀྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་སྡིག་པའི་ལས་བསྲེགས་པའི་སླད་དུ་བསམ་གཏན་གྱི་སྟོབས་ཅན་དུ ་འགྱུར་རོ།། དེ་དག་སྡིག་པར་ལྟ་བ་རྣམས་དང་བྲལ་བའི་སླད་དུ་ཤེས་རབ་ཀྱི་སྟོབས་ཅན་དུ་འགྱུར་རོ།། དེ་དག་བདུད་རྣམས་ཀྱིས་རབ་ཏུ་ཐུབ་པར་དཀའ་པར་འགྱུར་རོ།། དེ་དག་ཕྱིར་རྒོལ་བ ་རྣམས་ཀྱིས་མི་རྫི་བར་འགྱུར་རོ།། དེ་དག་དེ་བཞིན་གཤེགས་པ་རྣམས་ལ་མི་སླུ་བར་འགྱུར་རོ།། དེ་དག་ཆོས་ཀྱི་རང་བཞིན་སྟོན་པ་ལ་མཁས་པའི་སླད་དུ་ཡང་དག་པར་སྨྲ་བར་འགྱུར་རོ།། དེ་དག ་དོན་དམ་པའི་ཆོས་སྟོན་པའི་སླད་དུ་བདེན་པ་སྦ་བར་འགྱུར་རོ།། དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ།། དེ་དག་འགྲོགས་ན་བདེ་བའི་སླད་དུ་ངས་པར་འགྱུར་རོ།། ་དེ་དག་འཔགས་པའི་ནོར་རྣམས་ཀྱིས་ནོར་དང་ལྡན་པར་འགྱུར་རོ།། དེ་དགའ་པགས་པའི་རིགས་རྣམས་ཀྱིས་ཆོ་ག་འཚལ་བར་འགྱུར་རོ།། གསོ་སྨྲ་ཞིང་དགང་སླ་བར་འགྱུར་རོ།། དེ་དག་བླ ་རོལ་དུམ་ཆེ་བའི་སྲད་དུ་དབུགས་འབྱིན་པ་ཐོབ་པར་འགྱུར་རོ།། དེ་དག་མ་རྒལ་པ་རྣམས་སྤོལ་བར་འགྱུར་རོ།། དེ་དག་མ་ཐོལ་བ་རྣམས་དཀྲོལ་པར་བགྱིད་བར་འགྱུར་རོ།། དེ་དག་དབུགས་འབྱིན ་པ་མ་མཆིས་པ་རྣམས་ཀྱི་དབུགས་འབྱིན་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་ས་མྱ་ངན་ལས་ཟླ་བར་འགྱུར་རོ།། དེ་དག་ལ་མ་སྟོན་པར་འགྱུར་རོ།། དེ་དག་མྱ་ངན་ལས ་བངས་པལྗོན་པར་འགྱུར་རོ།། དེ་དག་དྲག་ཐམས་ཅད་མོངས་སུ་འཚུལ་བའི་ཐད་དུ་ཅན་རྣམས་ཀྱི་རྡུལ་པོར་འགྱུར་རོ།། དེ་བཅུང་ཐམས་ཅད་བཏུཞི་པར་གྱིད་པའི་སྲང་དུ་ཕྲན་པ་འགྱུར་རོ།། ་དེ་དག་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་རོ།། དེ་དག་མཐུས་སྤོ་བ་དང་ལྡན་པར་འགྱུར་རོ།། དེ་དག་གཞན་གྱི་དྲིང་ལ་མི་འཇོག་པའི་སྲད་དུ་རྩལ་དང་ལྡན་པར་འགྱུར་རོ།། དེ་དག་འཇིགས་པས་སུ ་ལྡང་བ་མ་མཆིས་པའི་སླད་དུ་སེང་གེ་རྫ་བུར་འགྱུར་རོ།། དེ་དག་ཅང་ཤེས་པའི་སླད་དུ་བགྲང་ལྟ་བུར་འགྱུར་རོ།། དེ་དག་སེམས་རབ་ཏུ་དུལ་བའི་སླད་དུ་གླང་པོ་ཆེར་འགྱུར་རོ།། དེ་དག་འ་ཁོར ་མང་པོ་ཡོངས་སུ་སྡུད་པའི་སླད་དུ་ཁྱུ་མཆོག་ཏུ་འགྱུར་རོ།། དེ་དག་བདུད་དང་ཕྱིར་རྒོལ་བ་རྣམས་རབ་ཏུ་བཅོམ་པའི་སླད་དུ་དཔའ་བོར་འགྱུར་རོ།། དེ་དག་འཁོར་གྱིས་འཇིགས་པ་མ་མཆིས ་པའི་སླད་དུ་བསྟན་པར་འགྱུར་རོ།། དེ་དག་མི་འཇིགས་པ་ཐོབ་པའི་སླད་དུ་མི་ཐུབ་པར་འགྱུར་རོ།། དེ་དག་བདེན་པ་བསྟན་པ་རྣམས་འཇིགས་པ་མ་མཆིས་པར་འགྱུར་རོ།། དེ་དག་དཀར ་ངོའི་ཕྱོགས་ཡོངས་སུ་རྒྱས་པའི་སླད་དུ་ཟླ་བ་དང་མཚུངས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་སྣང་བར་བགྱིད་པས་ནི་མ་ལྟ་བུར་འགྱུར་རོ།། དེ་དག་མུན་པ་ཆེན་པོ་དང་བྲལ་བའི་སླད་དུ ་མ་བུར་འགྱུར་རོ།། དེ་དག་མཛའ་བ་དང་འང་ཁྲོ་བ་མ་མཆིས་པའི་སླད་དུགནི་རྟེན་ལྔ་ངུར་འགྱུར་རོ།། དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚེ་བའི་སླད་དུས་དང་མཚུངས་པར་འགྱུར་རོ། ་དེ་དག་ཆོས་ཐམས་ཅད་ལ་མི་གནས་པའི་སླད་དུ་རླུང་དང་མཚུངས་པར་འགྱུར་རོ།། དེ་དག་ཉོན་མོངས་པའི་དྲིན་ཐམས་ཅད་འཁྲུ་བའི་སླད་དུ་ཆུ་དང་མཚུངས་པར ་འགྱུར་རོ།། དེ་དག་རློམ་སེམས་ཐམས་ཅད་ཡང་དག་པར་འཇོམས་པའི་སླད་དུ་མེ་དང་མཚུངས་པར་འགྱུར་རོ།། དེ་དག་སྤྱོད་མི་ནུས་པའི་སླད་དུ་རི་རབ་དང་མཚུངས་པར་འགྱུར་རོ།། དེ་དག ་ལྷག་པའི་བསམ་པ་བརྟན་ཞིང་མི་ཕྱེད་པའི་སླད་དུ་རྡོ་རྗེ་ལྟར་སྲ་བའི་ཁོར་ཡུག་གི་རི་ལྟ་བུར་འགྱུར་རོ།། དེ་དག་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གདུལ་དཀའ་བར་འགྱུར་རོ།། དེ་དག་ཉན་ཐོས་དང ་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བར་འགྱུར་རོ།། དེ་དག་ཆོས་རིན་པོ་ཆེ་ཐམས་ཅད་འདུལ་བའི་སླད་དུ་རྒྱ་མཚོ་ལྟ་བུར་འགྱུར་རོ།། དེ་དྲག་ཉོན་མོངས་པ་ཐམས་ཅད ་བྱས་པའི་སླད་དུ་གཏིང་དང་འདྲ་བར་འགྱུར་རོ།། དེ་དག་ཆོས་ཡོངས་སུ་ཚོལ་བས་ཆོག་མི་ཤེས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་ངོམས་པར་འགྱུར་རོ།། དེ་དག་ཆོས་ཀྱི་འཁོར ་ལོ་རབ་ཏུ་བསྐོར་བས་རྒྱལ་པོ་དང་མཚུངས་པར་འགྱུར་རོ།། དེ་དག་གཟུགས་འཛིན་པའི་སླད་དུ་བརྒྱ་བྱིན་དང་མཚུངས་པར་འགྱུར་རོ།། དེ་དག་དབང་སྒྱུར་བའི་སླད་དུ་ཚངས་པ་དང་མཚུངས ་པར་འགྱུར་རོ།། དེ་དག་ཆོས་མངོན་པར་སྒྲོག་པའི་སླད་དུ་སྤྲིན་དང་འདྲ་བར་འགྱུར་རོ།། དེ་དག་བདུད་རྩིའི་ཆར་རབ་ཏུ་འབེབས་པའི་སླད་དུ་ཆར་དང་འདྲ་བར་འགྱུར་རོ།། དེ་དག་དབང་པོ་དང་། ་སྟོབས་དང་། བྱང་ཆུབ་ཀྱིསན་ལག་རྣམས་རྣམ་པར་འབྲེལ་བར་བགྱིད་པར་འགྱུར་རོ།། དེ་དག་འཁོར་བའི་འདམ་ལས་རྒལ་བར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་ས་ཤེས་ལ་ཞུགས་པར་འགྱུར་རོ།། ་དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་འགྱུར་རོ།། དེ་དག་ཐོས་མཉམ་པ་མམཆིས་པར་འགྱུར་རོ།། དེ་དག་ཐོས་པས་མི་མཇམ་པ་དང་མཉམ་པར་འགྱུར་རོ།། དེ་དག་གནལ་བ་ལས་འདས་པའི ་སྲང་དུ་མཚུངས་པ་མ་མཆིས་པར་འགྱུར་རོ།། དེ་དག་སྤོབས་པ་ཐོགས་པ་མ་མཆིས་པར་འགྱུར་རོ།། དེ་དག་གཟུངས་རབ་ཏུ་ཐོབ་པའི་སླད་དུ་དྲན་པ་དང་ལྡན་པར་འགྱུར་རོ།། དེ་དག་དོན་རྟོགས ་པའི་སླད་དུ་འབྲང་བས་རྟོགས་པ་དང་ལྡན་པར་འགྱུར་རོ།། དེ་དག་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པའི་སླད་དུ་བློ་གྲོས་དང་ལྡན་པར་འགྱུར་རོ།། དེ་དག་སེམས་ཅན་གྱི་བསམ་པ་རྣམས་ལ ་མཁས་པར་འགྱུར་རོ།། དེ་དག་འཇིག་རྟེན་ལ་ཕན་པར་བགྱི་བའི་སླད་དུ་བརྩོན་པར་འགྱུར་རོ།། དེ་དག་འཇིག་རྟེན་ལས་འཕགས་པར་འགྱུར་རོ།། དེ་དག་པདྨོ་ལྟ་བུར་མི་ཆགས་པར ་འགྱུར་རོ།། དེ་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཡོངས་སུ་མ་ཟིན་པར་འགྱུར་རོ།། དེ་དག་མཁས་པ་རྣམས་དགའ་བར་འགྱུར་རོ།། དེ་དག་མང་དུ་ཐོས་པ་རྣམས་ཀྱིས་ཆེར་བཀུར་བར ་འགྱུར་རོ།། དེ་དག་རིག་པ་རྣམས་ཀྱིས་རི་མོར་བགྱི་བར་འགྱུར་རོ།། དེ་དག་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ།། དེ་དག་འཇིག་རྟེན་རྣམས་ཀྱིས་ཕྱག་བགྱི་བར་འགྱུར་རོ།། དེ་དག་འ་ཕགས ་པ་རྣམས་ཀྱིས་བཀུར་སྟི་བགྱི་བར་འགྱུར་རོ།། དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སྨོན་པར་བགྱི་བར་འགྱུར་རོ།། དེ་དག་འི་ཚེར་སྤྱོད་པལ་རེ་བམ ་མཆིས་པར་འགྱུར་རོ།། དེ་དག་ཆགས་པ་མ་མཆིས་པའི་སླད་དུ་ཚུལ་མི་འཆོས་པར་འགྱུར་རོ།། དེ་དག་སྤྱོད་ལམ་མཛེས་པར་འགྱུར་རོ།། དེ་དག་གཟུགས་བལྟ་ན་སྡུག་པར་འགྱུར་རོ།། ་དེ་དག་གཟི་བརྗིད་ཀྱིས་ཡིད་ཆགས་པར་འགྱུར་རོ།། དེ་དག་མཚན་རྣམས་ཀྱིས་བརྒྱན་པར་འགྱུར་རོ།། དེ་དག་དཔེ་བྱད་བཟང་པོ་རྣམས་ཀྱིས་རྣམ་པར་སྤྲས་པར་འགྱུར་རོ།། དེ་དག་སངས་རྒྱས ་ཀྱི་རིགས་ཡང་དག་པར་འཛིན་པར་འགྱུར་རོ།། དེ་དག་ཆོས་ཀྱི་རིགས་ཡོངས་སུ་སྲུང་བར་འགྱུར་རོ།། དེ་དག་དགེ་འདུན་གྱི་རིགས་ཀུན་ཏུ་སྲུང་བར་འགྱུར་རོ།། དེ་དག་ནི་སངས་རྒྱས་ཐམས ་ཅད་ཀྱིས་གཟིགས་སོ།། དེ་དག་གིས་ཆོས་ཀྱི་སྤྱན་རབ་ཏུ་ཐོབ་བོ།། དེ་དག་སངས་རྒྱས་ཀྱི་ཡེ་ཤེས་སུ་ལུང་བསྟན་པར་འགྱུར་རོ།། དེ་དག་གིས་བཟོད་པ་གསུམ་ཡོངས་སུ་རྫོགས་པར ་བགྱིས་སོ།། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་རྫོགས་པ་ལ་གནས་སོ།། དེ་དག་གིས་བདུད་ཀྱི་སྡེ་རབ་ཏུ་བཅོམ་མོ།། དེ་དག་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པོ།། དེ་དག་ཆོས་ཀྱི ་འཁོར་ལོ་རབ་ཏུ་སྐོར་བར་འགྱུར་རོ།། དེ་དག་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཏེ། བཅོམ་ལྡན་འདས་གང་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་ནས་མི་སྐྲག། མི་དངང་། ་ཤིན་ཏུ་དངང་བར་མི་འགྱུར་བ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ལྟར་ཟབ་པ།། འདི་ལྟར་ཤེས་དཀའ་བ།། འདི་ལྟར་བལྟ་དཀའ་བ། འདི་ལྟར་ཁོང་དུ་ཆུད་པར་དཀའ་བ། ་འདི་ཐོས་ནས་མོས་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་།། འཆང་བར་འགྱུར་བ་དང་། གཞན་ལའང་རྒྱས་པར་བགྱིད་པར་འགྱུར་བ་དང་། ཆོས་འདི་ལ་རབ་ཏུ་ཞུགས་ཤིང་གཞན ་ཡང་ནན་ཏན་ལ་བགོད་པར་བགྱིད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བརྗོད་ཅིང་ཡོན་ཏན་ཡོངས་སུ་བསྒྲགས་ཀྱང་། བཅོམ་ལྡན་འདས་བདག ་གིས་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་མཐར་མི་ཕྱིན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སྐྱེས་བུ་དམ་ད་དེ་དག་གི་བསྔགས་པའམ་ཡོན་ཏན་ཇི་ཙམ་དུ་ཤེས། ཚངས ་པས་གསོལ་པ།། དེ་བཞིན་གཤེགས་པས་ཐོགས་པ་མ་མཆིས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་མཁྱེན་པ་དང་། དེ་དག་གི་ཡོན་ཏན་དེ་དག་དང་། དེ་ལས་ལྷག་པར་ཡང་འཚལ་བར་བགྱི ་སྟེ་ཏགང་དེ་བཞིན་གཤེགས་པས་བཤད་པའི་དོན་དང་། ཚིག་དང་ཡི་གེ་ཟབ་མོ་རྣམས་རྟོགས་པར་རིག་པ་དང་། ལྡེམ་པོ་དག་འཚལ་བ་དང་འཐུན་པར་བགྱིད་ཅིང་འགལ་བར་མི་བགྱིད་པ ་དང་ཡང་དག་པར་སྦྱོང་ཞིང་སུན་འབྱིན་པར་མི་བགྱིད་པ་དང་།། དོན་རྟོགས་པར་གཅིག་ཅིང་ཡི་གེའི་ཕྱིར་མི་སྙེགས་པ་དེ་དག་ནི་བརྗོད་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་གསུངས ་བ་དང་། ལྡེམ་པོ་དག་གང་གིས་དེ་བཞིན་གཤེགས་པ་ཆོས་གསུང་བ་དང་། ཐབས་གང་དང་། ཚུལ་གང་དང་། སྙིང་རྗེ་ཆེན་པོ་གང་གིས་དེ་བཞིན་གཤེགས་པ ་ཆོས་བསྟན་པ་ངེས་པའི་ཚིག་བརྗོད་པ་རབ་ཏུ་འཚལ་ཏོ།། བཀའ་སྩལ་པ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་འདི་ཤེས་ན། བྱང་ཆུབ་སེམས ་དཔའ་དེ་ནི་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་གང་ལགསུ་བ་ཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བ་དང་། ལྡེམ་པོ་ངག་ཏུ་སྨྲ་བ་བསྟན་པ་དང་ཐབས་ཀྱིས་ཆོས་ལ་མོས་པར་བྱེད་པ་དང་། ཚུལ་ཉེ་བར་བསྟན་པ་དང་སྙིང་རྗེ་ཆེན་པོའི་རྗེས་སུ ་འཇུག་པ་སྟེ།། ཚངས་པ་འདི་དག་ནི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་། དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བའོ།། གསོལ་པ་། བཅོམ་ལྡན་འདས་གསུང ་བ་གང་གིས་དེ་བཞིན་གཤེགས་པ་ཆོས་རྣམས་གསུང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདས་པ་སྨྲ་བ་དང་།། མ་འོངས་པ་སྨྲ་བ་དང་། ད་ལྟར་བྱུང་བ་སྦ་བ་དང་། ་ཀུན་ནས་ཉོན་མོངས་པ་སྨྲ་བ་དང་། རྣམ་པར་བྱང་བ་སྦ་བ་དང་དགེ་བ་དང་མི་དགེ་པ་སྨྲ་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྨྲ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད ་པ་སྨྲ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་སྦ་བ་དང་།། འདུས་བྱས་དང་འདུས་མ་བྱས་སྦ་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང ་སྐྱེས་བུ་དང་། གང་ཟག་སྦ་བ་དང་། ཐོབ་པ་མངོན་དུ་བྱེད་པ་སྦ་བ་དང་། འཁོར་བ་དང་མྱ་ངན་ལས་འདྲབ་པ་སྨྲ་བ་དང་། ཚངས་པ་སྦ་བ་དེ་དག་ཀྱང་ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་སྦ་བསྐུ་མ་ལ ་བུར་བལྟའོ།། མེད་པ་མཐོང་བའི་ཚུལ་གྱིས་སྨྲ་བ་རྨི་ལམ་ལྟ་བུར་བལྟའོ།། ནུམ་མཁའི་སྒྲ་སྐད་ཀྱི་ཚུལ་གྱིས་སྒྲུ་བ་བྲག་ཆ་ལྟ་བུར་བལྟའོ།། རྐྱེན་འདུས་པའི་ཚུལ་གྱིས་སྤ་བམིག་ཡོར་ལྟ་བུར ་བལྟའོ།། རྒྱུ་མི་འཕོ་བའི་ཚུལ་གྱིས་སྨྲ་བ་གཟུགས་བརྙན་ལྟ་བུར་བལྟའོ།། ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གྱིས་སྨྲ་བ་སྨིག་རྒྱུ་ལྟ་བུར་བལྟའོ།། མི་འབྱུང་མི་འཇིགས་པའི་ཚུལ་གྱིས་སྦ་བ་ནམ་མཁའ་ལྟ་བུར ་བལྟའོ།། བརྗོད་དུ་མེད་པའི་ཚུལ་གྱིས་སླ་བ་སླར་མེད་པར་བལྟའོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་སྨྲ་བ་འདི་ཤེས་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་སྨྲ་བ་ཐམས་ཅད་སྨྲ་ཡང་ཆོས ་གང་ལའང་མངོན་པར་ནི་ཆགས་སོ།། དེ་མངོན་པར་མ་ཆགས་པས་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་གང་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྐད་དུ་ནོས་བཤད་ཀྱང་རྒྱུན་མི་འཆད་པ་དང ་སྨྲ་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་སྨྲ་བ་དང་། ཆོས་རྣམས་ཀྱི་ཐ་མི་དད་པ་ལའང་མངོན་པར་ཆགས་པར་མི་འགྱུར་བའི་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་ཐོབ་བོ།། ། ་གཚངས་པ་དེ་བཞིན་གཤེགས་པས་དེ་ལྟར་གསུངས་པར་ཆོས་བརྗོད་དོ།། ཚངས་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལྡེམ་པོ་དག་ལ ་མཁས་པ་ཁོང་དུ་ཆུད་ཅེ་ན། ཚངས་པ་འདི་དེ་བཞིན་གངཤེགས་པ་ཀུན་ནས་ཉོན་མོངས་པའང་རྣམ་པར་བྱང་བར་སྔོན་རྣམ་པར་བྱང་དབང་ཀུན་ནས་འོན་མོངས་པར་སྟོན་ཏེ། དེལ་བྱང་ཆུབ ་སེམས་དཔའ་ལྡེམ་པོ་དག་ཏུ་ཤེས་པར་བྱའོ།། ཚུངས་པ་དེ་བཞིན་གཤེགས་པ་ཀུན་ནུས་ཉོན་མོངས་པ་ལ་རྣམ་པར་བྱང་བར་ཇི་ལྟར་སྟོན་ཅན། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རློར་མེད ་པའི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བར་སྟོན་ཏོ།། རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་ཇི་ལྟར་སྔོན་ཅེ་ན་རྣམ་པར་བྱང་བའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར་ཏེ། དེ་ལྟར ་རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་སྟོན་ཏོ།། ཚངས་པར་སྦྱིན་པས་མྱ་ངན་ལས་འདས་པར་སྔོན་ཏེ། དེ་ནི་བྱིས་པ་དག་གིས་མི་ཤེས་ཀྱི་ག་དེ་ལ་བྱང་ཆུབ་སེམས་དཔའ་ལྡེམ་པོ ་ངག་ལ་མཁས་པ་ནི། སྦྱིན་པའང་ཕྱི་མའི་ཚེ་སྐྱིད་པ་ཆེན་པོར་འགྱུར་ཡང་འདི་ལ་རོས་གང་ཡང་འཕོ་བ་མེད་དོ།། མིང་ཕོ་བས་ན་མྱ་ངན་ལས་འདས་པའོ།། མངོན་པར་འདུ་མི་བྱེད་པའི ་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ།། སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ།། བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱིས་མྱ་ངན ་ལས་འདས་པའོ།། རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ།། ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ།། ཆོས་ཀྱི ་དབྱིངས་འདོད་ཆགས་དང་བྲལ་བས་ན།། འདོད་ཆགས་ནི་འདོད་ཆགས་དུང་བྲལ་བའི་མཐའའོ།། ཆོས་ཀྱི་དབྱིངས་ལ་གདམ་པ་མེད་པས་ཞེ་སྡང་ནི་སེང་དྲུག་པའི་མཐའ་འོ།། ཆོས་རྣམས་ལ་མོངས ་པ་མེད་པའི་ཕྱིར་གཏི་མུག་ནི་གཏི་མུག་མེད་པའི་མཐའའོ།། ཤི་འཕོ་བ་མེད་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བའང་མྱ་ངན་ལས་འདས་པའོ།། མངོན་པར་ནགས་པའི་ཚུལ ་གྱིས་མྱ་ངན་ལས་འདས་པའང་འཁོར་བའོ།། ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པའང་བརྫུན་པའོ།། མངོན་པའི་ང་རྒྱལ་ཅན་རྣམས་ལ་ནི་བརྫུན་པའང་བདེན་པའོ་ཞེས་དེ་ལྟར་ཤེས་སོ།། ་གཞན་ཡང་ཚངས་པ་དེ་བཞིན་གཤེགས་པ་ནི་ལྡེམ་པོ་དག་གི་རྣམ་གྲངས་ཀྱིས་བདག་ཉིད་ཀྱིས་རྟག་པར་སྦ་བར་ཞལ་གྱིས་བཞེས་སོ།། བདག་ཉིད་ཀུན་ནས་ཉོན་མོངས་པར་སྦ་བ་དང ་རུང་བར་སྤ་དང་། བྱ་བ་མེད་པར་སླ་བ་དང་ལོག་པར་ལྔ་བ་དང་མ་དད་པ་དང་བྱས་པ་མི་གརྡོ་བ་དང་མཚམས་གཅོད་པ་དང་སྐྱུགས་བཟ་བ་དང ་གོ་སྐབས་མི་ཕྱེད་པར་ཞལ་གྱིས་བཞེས་ཀྱང་དེ་བཞིན་གཤེགས་པ་ནི་བཤད་པ་འདི་དག་ལ་མི་འབྱུང་མི་སྣང་ངོ་།། ལྡེམ་པོ་དག་གང་གིས་སེམས་ཅན་རྣམས་ལྷག་པའི་ང་རྒྱལ་འཛིན ་བྱ་བྱ། ད་འདོར་བར་འགྱུར་བའི་ལྡེམ་པོ་དག་དེ་དེ་བཞིན་གཤེགས་པ་སྟོན་ཏེ།། དེ་ནི་དེ་བཞིན་གཤེགས་པའི་ལྡེན་པོ་དག་གོ།། ཚངས་པ་དེ་ལྟར་ན་དེ་བཞིན ་གང་ཤེགས་པ་ལྡེམ་པོ་ངག་ཏུ་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་སྤྱོད་པ་ལ་མཁས་པར་བློ་སྤྱད་པར་བྱའོ།། དེ་དེ་ལྟར་མཐར་ཕྱིན་པས་བསྟན་པ་ཐམས་ཅད་ལ་མཁས་པར་འགྱུར་རོ།། ་དེ་སེམས་ཅན་རྣམས་ལ་གཟུགས་ཀྱི་སྐུ་སྟོན་པས་སངས་རྒྱས་བྱུང་ངོ་སྙམ་དུ་མོས་པར་འགྱུར་རོ།། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་མ་བྱུང་བའོ་ཞེས་མོས་པར་འགྱུར་རོ།། ་ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་དེ་བཞིན་གང་ཤེགས་པས་ཆོས་བསྟན་ཏོ་ཞེས་མོས་པར་འགྱུར་རོ།། ཆོས་ཉིད་བརྗོད་དུ་མེད་པར་ངེས་པར་བྱས་ནས་ཆོས་བསྟན་དུ ་མེད་དོ་ཞེས་མོས་པར་འགྱུར་རོ།། ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་ཡོངས་སུ་མྱ་ངན་ལས་འདས་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདུས་པ་ཡོད་དོ་ཞེསེམས་པར་འགྱུར་རོ།། ་མ་སྐྱེས་པའི་ཆོས་རྣམས་མི་འཇིག་པའི་ཕྱིར་མྱ་ངན་ལས་འདས་པ་མེད་དོ་ཞེས་མོས་པར་འགྱུར་རོ།། ཀུན་རྫོབ་ལ་འཇུག་པས་སེམས་ཅན་ཡོད་དོ་ཞེས་མོས་པར་འགྱུར་རོ།། དོན་དམ། ་པ་བསྟན་པས་སེམས་ཅན་མེད་དོ་ཞེས་མོས་པར་འགྱུར་རོ།། ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པས་ལྡེམ་པོ་ངག་བསྟན་པས་ཆོས་སྟོན་ཏོ།། དེ་ལ་བྱང་ཆུབ་སེམས་དཔས་བསྟན་པ ་ཐམས་ཅད་ལ་མི་སྐྲག་པར་བྱའོ།། དེ་ལ་ཚངས་པ་དེ་བཞིན་གཤེགས་པ་ཐབས་གང་གིས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སྦྱིན་པས་ལོངས་སྤྱོད་འཐོབ་པ་དང་། ཚུལ་ཁྲིམས་ཀྱིས ་མཐོ་རིས་སུ་སྐྱེ་བ་དང་། བཟོད་པས་གཟུགས་བཟང་པོ་འཐོབ་པ་དང་། བརྩོན་འགྲུས་ཀྱིས་ཡེ་ཤེས་འཐོབ་པ་དང་། བསམ་གཏན་གྱིས་རབ་ཏུ་དབེན་པ་འཐོབ་པ་དང་། ཤེས་རབ་ཀྱིས ་ཉོན་མོངས་པ་འདོར་བ་དང་། ཐོས་པས་ཤེས་རབ་འཐོབ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མི་དང་ལྷའི་ཕུན་སུམ་ཚོགས་པ་རྣམས་འཐོབ་པ་དང་། བྱམས་པ་དང་། སྙིང་རྗེ་དང་། ་དགའ་བ་དང་། བཏང་སྙོམས་ཀྱིས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་འཐོབ་པ་དང་།། ཞི་གནས་ཀྱིས་ལྷག་མཐོང་འཐོབ་པ་དང་། སློབ་པའི་སས་མི་སློབ་པའི་ས་འཐོབ་པ་དང་། རང་སངས་རྒྱས་ཀྱི་སས ་སྦྱིན་པ་ཡོངས་སུ་སྦྱོང་བ་དང་སངས་རྒྱས་ཀྱི་ཚད་མེད་པའི་ཡེ་ཤེས་མཐོང་བ་དང་། མྱ་ངན་ལས་འདས་པས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ཐོབ་པར་འགྱུར་རོ་ཞེས་ཚངས་པ་ང་ནི་ཐབས་ཀྱི ་སེམས་ཅན་རྣམས་ཆོས་འདི་ལ་མོས་པར་བྱེད་དེ། དེ་བཞིན་གཤེགས་པ་ནི་བདག་གམ།། སེམས་ཅན་ནམ། སྲོག་གམ་གང་ཟག་ཏུ་མི་དམིགས་སོ།། དེ་བཞིན་གཤེགས་པ་ནི ་སྦྱིན་པའང་མི་དམིགས། སྦྱིན་པའི་འབྲས་བུའང་མི་དམིགས། སེར་སྣའང་མི་དམིགས། སར་སྣའི་འབྲས་བུའང་མི་དམིགས། ཚུལ་ཁྲིམས་ཀྱང་མི་དམིགས།། ཚུལ་ཁྲིམས་ཀྱི་འབྲས ་བུའང་མི་དམིགས་ངང་ཚུལ་ངན་པའང་མི་དམིགས་ངང་ཚུལ་དྲན་པའི་འབྲས་བུའང་མི་དམིགས་བཟོད་པ་ཟང་མི་དམིགས་བཟོད་པའི་འབྲས ་བུའང་མི་དམིགས་གནོད་སེམས་ཀྱང་མི་དམིགས། གནོད་སེམས་ཀྱི་འབྲས་བུའང་མི་དམིགས་བརྩོན་འགྲུས་ཀྱང་མི་དམིགས་བརྩོན་འགྲུས་ཀྱི་འབྲས་བུའང་མི་དམིགས ་ལེ་ལོའང་མི་དམིགས་ལེ་ལོའི་འབྲས་བུའང་མི་དམིགས། བསམ་གཏན་ཡང་མི་དམིགས་བསམ་གཏན་གྱི་འབྲས་བུའང་མི་དམིགས། གཡེང་བའང་མི་དམིགས་པ་གཡེང་བའི ་འབྲས་བུའང་མི་དམིགས།། ཤེས་རབ་ཀྱང་མི་དམིགས།། ཤེས་རབ་ཀྱི་འབྲས་བུའང་མི་དམིགས། འཆལ་པའི་ཤེས་རབ་ཀྱང་མི་དམིགས་འཆལ་པའི་རགས་རབ་ཀྱི་འབྲས་བུའང་མི་དམིག། ་བདེ་བའང་མི་དམིགས་སྡུག་བསྔལ་བའང་མི་དམིགས།། རྒྱུན་དུ་ཞུགས་པའི་འབྲས་བུའང་མི་དམིགས་པ་ནས། བྱང་ཆུབ་ཀྱི་བར་དུའང་མི་དམིགས། ཡོངས་སུ་མྱ་ངན་ལས་འདས ་པའང་མི་དམིགས་ཏེ། ཚངས་པ་སེམས་ཅན་དེ་དག་དེ་ལྟར་བསྟན་པས་སྦྱོར་ཞིང་རྩོལ་ཏེ་འབད་ཀྱང་། གང་གི་ཕྱིར་སྦྱོར་བ་དང་། རྩོལ་བ་དང་། འབད་པའི་ཆོས་དེ་དག་ཁོང་དུ་མི ་ཆུད་ཅིང་མི་ཐོབ་སྟེ། གང་འདི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས།། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནས། མྱ་ངན ་ལས་འདས་དྲབྲི་བར་དུ་ཁོང་དུ་མི་ཆུད་ཅིང་མི་ཐོབ་བོ།། ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཐབས་ཀྱིས་ཆོས་བསྟན་པ་ཡིན་ཏེ། སེམས་ཅན་རྣམས་དམ་བུའི་ཆོས་ཡོངས་སུ་འཛིན་དུ ་གཞུག་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐབས་མཁས་པ་ལ་སྦྱོར་བར་བྱའོ།། ཚངས་པ་དེ་ལ་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་གང་ཞེ་ན། མིག་ནི་ཐར་དུའི་ཚུལ་ལོ།། དེ་བཞིན། ་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཐར་པའི་ཚུལ་ལོ།། དེ་ཅིའི་ཕྱིར་ཞེ་ནུ། མིག་ནི་བདག་གམ་བདག་གིས་སྟོང་སྟེ། དེའི་རང་བཞིན་ནི་འདི་ཡིན་ནོ།། དེ་བཞིན ་དུ་ཡིད་ཀྱི་བར་དུ་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་ནི་འདི་ཡིན་ནོ།། ཚངས་པ་མི་སླུ་བའི་ཕྱིར་སྐྱེ་མཆེད་ཐམས་ཅད་ནི་སེམས་ཅན་རྣམས་ཀྱི་ཐར་པའི་ཚུལ་དུ་རིག་པར་བྱའོ།། འདི་ནི ་སེམས་ཅན་རྣམས་ཀྱི་ཐར་པ་ལ་བརྩོན་པ་མི་སླུ་བ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ཀྱང་དེ་བཞིན་ནོ།། ཆོས་ཐམས་ཅད་ཀྱི་ཚུལ་འདི་ཡིན་ནོ།། གང ་འདི་སྟོང་པ་ཉིད་ཀྱི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་།། སྨོན་པ་མེད་པའི་ཚུལ་དང་། མངོན་པར་འདུ་མི་བྱེད་པའི་ཚུལ་དང་། མི་སྐྱེ་བའི་ཚུལ་དང་། མི་འགག་པའི་ཚུལ་དང་། འགྲོ་བ ་མེད་ཅིང་འོང་བ་མེད་པའི་ཚུལ་དང་། ཤིང་པོ་མེད་ཅིང་སྐྱེ་བ་མེད་པའི་ཚུལ་དང་། རང་བཞིན་གྱིས་འོད་གསལ་བའི་ཚུལ་དང་། དབེན་པའི་ཚུལ་ལོ།། རང་བཞིན་གྱིས་བེམས་པོ་ཡིན་པའི་ཕྱིར།། ་བྱ་བྱ། ཕན་ཚུན་མི་ཕྲད་པས་ན་དེ་བཞིན་གཤེགས་པས་ཡི་གེ་ཐམས་ཅད་ལས་ཐར་པའི་སྒོའི་ཚུལ་སྨོས་སོ།། ཚངས་པ་ཡི་གེ་ཐམས་ཅད་ལ་བདེན་པའི་གཏམ་དུ་དལྟས་ཏེ ་གཏམ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐར་པའི་ཚུལ་བདེན་པ་བསྟན་པས་བསྟན་ཏོ།། དེ་བཞིན་གཤེགས་པའི་ཆོས་བསྟན་པ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་གང་ཡང་མེད་དོ།། ་ཆོས་བསྟན་ཏོ་ཅོག་ཏུ་ཐར་པ་འདྲེན་ཅིང་མྱ་ངན་ལས་འདས་པ་སྟོན་ཏོ།། ཚངས་པ་འདི་ནི་དེ་བཞིན་གང་ཤེགས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ།། ་ཚངས་པ་དེ་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཇི་ལྟ་བུས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སེམས་ཅན་རྣམས་ལ་དེ་བཞིན་གང་ཤེགས་པའི་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པ་སྐྱའོ།། ་སུམ་ཅུ་རྩ་གཉིས་གང་ཞེ་ན། ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ན། སེམས་ཅན་རྣམས་ནི་བདག་མེད་པར་མ་མོས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན ་སྐྱེའོ།། ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སེམས་ཅན་དུ་སྨྲ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས ་ཐམས་ཅད་ནི་སྲོག་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྲོག་ཏུ་སྨྲའོ་ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གང་ཟག་པ་མེད་པ་ཡིན་ན།། ་སེམས་ཅན་རྣམས་ནི་གང་ཟག་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མིན་ན། སེམས་ཅན་རྣམས ་ནི་ངོ་བོར་ལྟ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གནས་མེད་པ་ཡིན་ན། སེམས་ཅན་རྣམས་ནི་གནས་ལ་རྟེན་ཏེ་དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་གཞི་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཀུན་གཞི་ལ་མངོན་པར་དགའ་སྟེ། དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནིང་ཡིར་བྱ་བ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ང་ཡིར་འཛིན་པ་ལ་གནས་ཏེ་དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་བདྲག་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་ཡོངས་སུ་འཛིན་པ་ལ་བརྩོན་ཏེ། དེའི ་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་དངོས་པོ་ལ་རྟེན་ཏེ། དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མ་སྐྱེས་པ་ཡིན་ན།། སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མ་འཕོས་མ་བྱུང་བ་ཡིན་ན། སེམས་ཅན་རྣམས་ནི་བནི་འཕོ་དང་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པར་གྱུར་པ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་ཀུན་ནས་ཉོན་མོངས་ཏེ། དེའི་ཕྱིར ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་ཡིན་ན།། སེམས་ཅན་རྣམས་ནི་འདོད་ཆགས་པར་བྱེད་དེ།། དེའི་ཕྱིར་སེམས་ཅན་རྣམས ་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བ་ཡིན་ན། སེམས་ཅན་རྣམས་ནི་ཞེ་སྡང་བར་བྱེད་དེ། གདེའི་ཕྱིར་སེམས་ཅན་རྣམ་ས་ལ་དེ་བཞིན་ག་ག་གས་པའི ་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ་ཡིན་ན། སེམས་ཅན་རྣམས་ནི་གཏི་མུག་པར་གྱུར་ཏེ།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་ག་ཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ་ཆོས་ཐམས་ཅད་ནི་འོང་བ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་བོང་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གངཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་འགྲོ་བ ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མངོན་པ་རབ་དུ་མི་བྱེད་པ་ཡིན་ན། ་སེམས་ཅན་རྣམས་ནི་མངོན་པར་འདུ་བྱེད་པ་ལ་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྤོས་པ་མེད་པ་ཡིན་ན ་སེམས་ཅན་རྣམས་ནི་སྤྲོས་པ་ལ་དགའ་སྟེ།། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྟོང་པ་ཡིན་ན།། སེམས་ཅན་རྣམས་ནི ་ལྟ་བར་ཞུགས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་མཚན་མ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་མཚན་ན་ལ་སྤྱོད ་ཡུལ་བར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གངཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་སྨོན་པ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་སྨོན་ལམ་ལ་སྐྱེ ་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐུའོ།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱི་ཐ་བའི་སྐྱོན་ལ་ཞུག ་པར་གཟིགས་ནས་ད་དག་ལ་གནོད་སེམས་ཀྱི་ཐ་བའི་སྐྱོན་སྤང་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་འཇིག་རྟེན་གནས ་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམཉམ་ང་བར་ཞུགས་པ་། ལམ་གོལ་བ་ལ་གནས་པ་ཡིན་ཏེ། དེ་དག་ཡང་དག་པའི་ལམ་དུ་གཟུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་ག་ཤེགས ་པཙུག།། འཇིག་ན་ས་པ་འདོན་གས་ཉི་ཐུགས་པ་ག་། ག་ག ་འའགྲུས་པའི་ཛི་དང་། ཆུད་ཁྲིམས་དང་། ཐོས་པ་དང་། བ་ང། ཤེས་རབ་ང་ཤེས་པ་དང་། ཁྲུ་ཡོད་པ་དཔོད་ཀྲིས་རྒྱས་སཐམ་ཡང་པའི ་པའི་སྙིང་རྗེ་ཆེན་པོ་སྣའོ།། ཀྱེ་མ་སེམས་ཅན་འདི་དག་ནོར་དང་། འབྲུ་དང་། ཁྱིན་དང་། བུ་དང་ཆུང་མ་ལ་སྲེད་པས་འཁོལ་ཅིང་སྙིང་པོ་མེད་པ་ལ་སྙིང་པོར་འཛིན་ཏེ། དེ་དག་ལ་ཤིན་ཏུ་མི་རྟག་པ ་ཉིད་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མི་རིགས་པས་འཚོ་ཞིང་གཅིག་ལ་གཅིག་འདྲིང་པ་ལ་གནས་ཏེ། དེ་དག་འཚོ་བ ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མི་མཛའ་བ་ཡིན་ན།། ཁེ་དང་བཀུར་སྟི།། ་རྒྱགས་ནས་བདག་ཅག་མཛའ་འོ་སྙམ་དུ་སེམས་ཏེ།། དེ་དག་གི་གང་འདི་སྡུག་བསྔལ་རྣམ་པར་ཞི་བའི་བདེ་བ་མྱ་ངན་ལས་འདས་པ་ལ་ཤིན་ཏུ་ཡང་དག་པའི་དགེ་བའི་བ་ཤེས་གཉེན་བྱའོ་ཞེས་སེམ ་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཤིན་དུ་ཉོན་མོངས་པར་གྱུར་ཅིང་སྡུག་བསྔལ་གྱི་ཆོས་མང་བའི་ཁྱིམ་གྱི་གནས་ལ་མངོན་པར ་དགའ་པ་དེ་དག་ཁམས་གསུམ་ལས་བཟླ་བའི་ཕྱིར་འབྱུང་བའི་ཆོས་པས་ན་མྱོཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་དྲོ་བྱའོ།། ཆོས་རྣམས་རྒྱུས་པ་། ་བ་རྣམ་པར་བསྲུབས་པས་ཙཱ་བར་གནས་པའི་མཚན་ཉིད་དེ། འཕགས་པའི་རྣམ་པར་གྲོལ་བ་དེ་ལ་ལེ་ལོ་བྱེད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ཀྱིའོ།། སེམས ་ཅན་རྣམས་ནི་ཆགས་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཁྱད་པར་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་བདང་ཞིང་། གང་འདི་ཐེག་པ་དམན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི ་ཐེག་པ་ཚོལ་ཏེ། དེ་དག་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་སེམས་མོས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྡེ་རྗེ་ཆེན་པོ་སྐྱེའོ།། ་ཚངས་པ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སྐྱོ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས ་བྱའོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་འདི་ནི་བསོད་ནམས་ཀྱི་ཞིང་ཀ་གཟི་བརྗིད་ཆེན་པོ་ཡོངས་སུ་རྒྱས་པ། ཕྱིར་མི་ལྡོག་པ་སེམས་ཅན་གྱི་དོན་ལ་བརྩོན་པར་ཤེས་པར་བྱའོ།། མང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་འདི་བཤད ་པ་ན་སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། སྲོག་ཆགས་བརྒྱད་སྟོང་གིས་ནི་བཟོད་པ་རབ་ཏུ ་ཐོབ་པར་གྱུར་ཏོ།། ལྷའི་བུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན་འདས་ལ་ག་བྱང་ཆུབ་སེམས་དང་འདྲ་བ ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོར་ཏོ།། བཅོམ་ལྡན་འདས་ཚངས་པ་ཁྱད་པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཆོས་བསྟན་པ་འདི་ཐོས་ན་དགའ་བར་མི་བགྱིད། ་རངས་པར་མི་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ་རིགས་ཀྱི་བུ་གང་གིས་རྣམ་པ་རང་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བ་དང་རངས་པར་ཡང་འགྱུར་གྱི་གཉིས་སུ་མེད་པ ་ཡང་དག་པའི་མཐའ་ལ་གནས་པ་ལ་ནི་དགའ་བའང་མེད་རངས་པའང་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྒྱུ་མས་སྤྲུལ་པའི་སྐྱེས་བུ་ནི་སྒྱུ་མ་གར་བྱེད་པར་ཞུགས་ལ་དགབ་པའང་མེད།། ་རངས་པའང་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིརདེ་བཞིན་གཤེགས་པའི་ཆོ་འཕྲུལ་ལ་དགྲབ་པའང་མི་སྐྱེ་བླ་རངས་པར ་ཡང་མི་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་དེ་བཞིན་གཤེགས་པའི་སྤོབས་པ་ཐོས་ན་དགའ་པར་མི་བྱེད་ཀ་རངས་པར་མི་འགྱུར་རོ།། རིགས་ཀྱི་བུ ་བཞིན་དུ་ཆོས་རྣམས་སྤྲུལ་པའི་རང་བཞིན་དུ་ཤེས་ནས་པདེ་བཞིན་གཤེགས་པ་ལ་ལག་པར་དགའ་བའང་མི་སྐྱེའོ།། སེམས་ཅན་གཞན་དགྲལའང་དམན་པར་མི་འཛིན་ཏོ།། དྲ་བ་ཅན་གྱི ་འོད་ཀྱིས་སྤྲས་པ། ཚངས་པ་ཁྱོད་ཀྱིས་ཆོས་ཐམས་ཅད་སྒྱུ་མས་སྤྲུལ་པའི་རང་བཞིན་དུ་ཤེས་སམ་པ་སྨྲས་པ། རིགས་ཀྱི་བུ་གང་རྣམ་པ་གཉིས་སུ་རྣམ་པར་གཞག་པ་སྤྱོད་པ་དེ་དག་ལ་དྲིས ་ཤིགསྨྲས་པ། ཚངས་པ་ཁྱོད་གང་ལ་སྤྱོད་སྨྲས་པ་ག་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ལང་འང་སྤྱོད་དོ།། སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད ་ཆགས་དང་།། ཞེ་སྡང་དང་། གཏི་མུག་རྣམས་ལ་སྤྱོད་དོ།། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་དང་ཐེ་ཙོམུ་དང་ང་རུ་འཛིན་པ་དང་། ་དུ་ཡི་རུ་འཛིན་པ་དང་ག་འདོད་པ་དང་། འདོད་ཆེན་དང་། ལོག་པར་སྦྱོར་བ་རྣམས་ལ་སྤྱོད་ན། ཅི་ཁྱོད་ཀྱང་དྲི་དག་ལ་སྤྱོད་དམ་སྦས་པ། རིགས་ཀྱི་བུ་ཁྱོད་སོ་སོའི་སྐྱེ་བོ་རྣམས་ཀྱིས ་སོའི་སྐྱེ་བོའི་ཆོས་ཡོངས་སུ་གྲུབ་པར་འདོད་དམ། སྨྲས་པ། སོ་སོའི་སྐྱེ་བོ་ཉིད་ཀྱང་ང་མི་འདོད་ན་དེ་དག་གི་ཆོས་ཡོངས་སུ་གྲུབ་པར་ག་ལ་འདོད་ག་སྨྲས་པ། རིགས་ཀྱི་བུ་གང་འདི་ཆོས་ཡོངས ་སུ་མ་གྲུབ་པའི་ཆོས་དེ་ལ་ཆགས་པ་འམ། ཞེ་སྡང་བ་འམ། གཏི་མུག་པར་བྱ་བ་ཁྱོད་འདོད་དམཔ་སྦས་པ་གང་མ་ཡིན་ནོ།། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་འདོད་ཆགས་དང་བྲལ། ་བྱ། ཞེ་སྡང་དང་བྲལ་ག་གཏི་མུག་དང་བྲལ་བའི་སྤྱོད་པའང་དེའི་མཚན་ཉིད་དོ།། རིགས་ཀྱི་བུ་དེ་ལྟར་སྤྱོད་པ་གཉིས་སུ་མེད་པའི་ཕྱིར་སོ་སོའི་སྐྱེ་བོའི་སྤྱོད་པ་གང ་ཡིན་པ་དེ་ཉིད་འཕགས་པ་རྣམས་ཀྱི་སྤྱོད་པའོ།། རིགས་ཀྱི་བུ་ཡང་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མ་ཡིན་ནོ།། འདོགས་པ་ཐམས་ཅད་ནི་འདོགས་པ་མ་ཡིན་ནོ།། འགྲོ་བ་ཐམས་ཅད་ནི་འགྲོ ་པ་མ་ཡིན་པའོ།། སྨྲས་པ། ཚངས་པ་དེ་ཇི་ལྟར་ན་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན་སྨྲས་པ་ག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྤྱོད་ཀྱང་ཆོས་ཀྱི་དབྱིངས་ལ་བྲི་བའམ་ག་གང་བར་མི ་དམིགས་ཏེ། དེའི་ཕྱིར་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན་ནོ།། སྨྲས་པ་ཚངས་པ་དེ་ཇི་ལྟར་ན་འདོགས་པ་ཐམས་ཅད་ནི་འདོགས་པ་མ་ཡིན་ཞེ་ན། སྨྲས་པ།། རིགས་ཀྱི་བུ་ཆོས་ཐམས ་ཅད་འདོགས་པ་མ་ཡིན་པས་བརྟགས་པ་སྐྱེ་དེའི་ཕྱིར་ནོས་ཐམས་ཅད་དུ་འདོགས་པ་ནི་འདོགས་པ་ཡིན་པའོ།། སྦས་པའོ།། ཚངས་པ་དེ་ཇི་ལྟར་ན་འགྲོ་བ་ཐམས་ཅད་འགྲོ་བ ་མ་ཡིན་ཞེ་ན། སྨྲས་པ། གར་ཡང་མི་འགྲོ་བའི་ཕྱིར་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚངས་པ་ལེགས་སོ་ལེགས་སོ།། ་གལ་ཏེ་བཤད་པར་བྱ་ན་གདེ་ལྟར་བཤད་པར་བྱའོ་ཞེས་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་གནོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས ་སྔས་སོ།། ཚངས་པ་ཁྱོད་གང་འདི་སྐད་དུ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ཉི་དེ་ལ་བདག་སྤྱོད་དོ་ཞེས་ཟེར་ན་སྤྱོད་པ་དེ་ཁྱོད་ཀྱིས་ཐོབ་པ་ཡིན་ནོ།། སྨྲས་པ། རིགས་ཀྱི་བུ་གལ་ཏེ། ་བདག་ལ་སྐྱེ་བའི་རྒྱུ་ཡོད་ན་ནི། བདག་གིས་སྤྱོད་པའང་ཐོབ་པར་འགྱུར་རོ།། སྨྲས་པ། ཚངས་པ་དགལ་ཏེ་ནི་སྦྱིན། ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སྦས་པ། རིགས་ཀྱི་བུ ་དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེ་བ་ཇི་ལྟ་བར་བདག་གི་སྐྱེ་བའང་དེ་དང་འདྲའོ།། སྨྲས་པ། དེ་ནི་དེ་བཞིན་གཤེགས་པས་སྤྲུལ་པ་ལ་སྐྱེ་བ་གང་ཡང་མེད་དོ།། སྨྲས་པ། ཅི་དེ་བཞིན ་གཤེགས་པས་སྤྲུལ་པ་སྣང་ངམ། སྦས་པ།། སངས་རྒྱས་ཁྱུ་མཆོག་ལྟ་བུར་གྱུར་པའི་ཕྱིར་སྣང་ངོ་།། སྦས་པ། རིགས་ཀྱི་བུ་ཁྱུ་མཆོག་ལྟ་བུར་གྱུར་པའི་ཕྱིར་བདག་གི་སྐྱེ་བའང་དེ་བཞིན་དུ ་བལྔའོ།། སྨྲས་པ། ཚངས་པ་ཅི་ལས་མངོན་པར་འདུ་བྱེད་པ་ལ་སྤྱོད་དམ། སྨྲས་པ།། རིགས་ཀྱི་བུ་བདག་ནི་ལས་མངོན་པར་འདུ་བྱེད་པ་ལ་མི་སྤྱོད་དོ།། སྤྲས་པ། ལས་མེད་པ་ལ་དེ་ཇི་ལྟར་ལས ་ཁྱུ་ནཆོག་ལྟ་བུར་འགྱུར། སྨྲས་པ།། ལས་ཇི་ལྟ་བ་བཞིན་དུ་དེའི་ཁྱུ་མཆོག་ཀྱང་དེ་བཞིན་ཉིད་ལས་མི་འདའའོ།། དེ་ནས་བཅོམ་ལྡན་འདས་ལ། ག་ནསྭ་བརྟ་ན་ཤཱ་རིའི་བུས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་གླང་པོ་ན་འདི་དག་གི་ལྡེམ་པོ་དག་ལ་གང་འཇུག་པར་འགྱུར་བ་དེ་དག་ནི་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས ་བྱ། སྐྱེས་བུ་དམ་པ་དེ་དག་གི་མིང་ཙམ་ཐོས་པའང་ལེགས་པར་ཐོས་པ་ལགས་ན་ས་ཆོས་བསྟན་པ་ལྟ་སྨོས་ཀྱང་ཅི་འཚལ་ཀ་བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན ་ཤིང་ལྗོན་པ་ས་ཆེན་པོ་ལ་མ་བརྟེན་པརཀརྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་རྟོག་དང་། འབྲས་བུ་སྟོན་པ་ལྟར། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གིས་སྤྱོད ་པའི་མཚན་ཉིད་ཀྱང་དེ་བཞིན་དུ་བལྟའོ།། འདི་ལྟར་ཆོས་ཐམས་ཅད་ལ་མིག་ནས་ཤིང་སྤྱོད་པ་དང་། སྐྱེ་བ་དང་། འབྱུང་བ་དང་།། འཕོ་དང་། འཆི་བའང་སྟོན་ལ། སངས་རྒྱས་ཀྱི་ཞིང་དགྲ ་ནུའང་གདའ་པ་དེ་དགྲ་ལ་ལྷག་པར་ཤེས་རབ་ཀྱི་སྤོབས་པ་འདི་ལྟ་བུས་ཡང་སྤོབས་པར་འགྱུར་རོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུ་མཐོང་ན།། རིགས ་ཀྱི་བུ་འམ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད།། ། བམ་པོ་གསུམ་པ། ཡང་དེའི་ཚེ། ་བྱང་ཆུབ་སེམས་དཔའ་ཀུན་དུ་མེ་ཏོག་ཅེས་བྱ་བ་འཁོར་དེར་འདུས་ཤིང་འདུག་པར་གྱུར་ཏེ། དེས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་ནི་དེ་བཞིན ་གཤེགས་པས་ཤེས་རབ་ཅན་གྱི་མཆོག་ཏུ་གསུང་ན་ག་འདི་ལྟར་ཤེས་རབ་ཀྱི་སྤོབས་པ་རྣམ་པར་འཕྲུལ་པ་འདི་ལྟ་བུས་རྣམ་པར་འཕྲུལ་མི་ནུས་པ། གཅིག་ནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཁོང ་དུ་མ་ཆུད་དམ་ག་ག་ནས་བརྡན་གྱིས་སྨྲས་པ། ཀུན་ཏུ་མེ་ཏོག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ནི་ཡུལ་ཇི་ལྟ་བ་བཞིན་དུ་སྟོན་ཏོ།། སྨྲས་པ། བརྫུན་པ་ཤཱ་རའི་བུ་ཅི་ཆོས་ཀྱི་དབྱིངས་ཡུལ ་དུ་བགྲང་ངམ། སྤྲས་པ།། ད་ནི་མ་ཡིན་ནོ།། སྦས་པ། འོ་ན་ཇི་ལྟར་གནས་བརྟན་ཤཱ་རིའི་བུ་ཡུལ་ཇི་ལྟ་བཞིན་དུ་སྟོན།། སྨྲས་པ། ཉན་ཐོས་ཀྱི་ཁོང་དུ་ཆུད་པ་ཇི་ཙམ་པར་བསྟན་པའང་དེ་ཙམ་མོ།། ་སྨྲས་པ་གཅིག་ནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡུལ་རྣམ་པ་ཚད་མེད་པ་ཁོང་དུ་ཆུད་དམ། སྤྲས་པ་རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས་པ། ཆོས་ཀྱི་དབྱིངས་ལ་ཚད་ཡོད་པ་མ་ཡིན་པས་ན ་རུས་ཀྱི་དབྱིངས་ནི་ཚད་མེད་པ་ཡིན་ཏེ། བཙུན་པ་ཤཱ་རིའི་བུ་ཇི་ལྟར་ཚད་མེད་པར་ཁོང་དུ་ཆུད་པ་དེ་བཞིན་དུ་ཚད་མེད་པར་བསྟན་པ་ཡིན། དེ་ཇི་ལྟར་གང་གིས་ཁོང་དུ་ཆུད་པ་ཅི་འདྲ་བ་དེའི་བསྟན་པའང ་དྲི་འདྲ་བར་འགྱུར། སྨྲས་པ། ཀུན་ཏུ་མེ་ཏོག་ཆོས་ཀྱི་དབྱིངས་ནི་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ནོ།། སྦས་པ། བཙུན་ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ན་གཅི་ཁྱོད ་ཆོས་ཀྱི་དབྱིངས་དང་ཐ་དད་དུ་རྣམ་པར་གྲོལ་ལམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། ཅིའི་ཕྱིར། སྨྲས་པ། ཆོས་ཀྱི་དབྱིངས་ཐ་དད་པར་འགྱུར་བའི་ཕྱིར་རོ།། སྨྲས་པ་། བཙུན་པ་ཤཱ་རིའི ་བུ་དེའི་ཕྱིར་ཁོང་དུ་ཆུད་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ནོ།། སྨྲས་པ། ཀུན་ཏུ་མེ་ཏོག་བདག་ནི་སྔོན་འདོད་པ་མ་ཡིན་གྱི། བདག་ནི་ཉན་འདོད་པའོ།། སྨྲས་པ། བཙུན་པ་ཤཱ ་རིའི་བུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མི་འགྱུར་བར་ངེས་པ་ལ། ཅི་བཤད་པར་བྱ་འམ། མཉན་པར་བྱའམ། སྤྲས་པ། དེ་ནི་མ་ཡིན་ནོ།། སྦས་པ་། ཁོ་ན་ཅིའི་ཕྱིར ་ཁྱོད་བདག་ནི་ཉན་པར་འདོད་པ་ཡིན་གྱི། སྔོན་འདོད་པ་མ་ཡིན་སྙམ་དུ་སེམས། སྤྲས་པ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་། གང་གུས་པར་ཆོས་སྟོན་པ་དང་ག་གང་གུས་པར་ཆོས་ཉན་པ ་གང་ཟག་གཉིས་ནི་བསོད་ནམས་ནང་དུ་སྐྱེད་དོ་ཞེས་གསུངས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཤོད་ཅིག། བདག་གིས་གཉན་ཏོ།། སྦས་པ་ཀ་གནས་བརྟན་ཤཱ་རིའི་བུ་འདུ་ཤེས་དང་། ཚོར་བ་ཐམས་ཅད ་ལ་འགོག་པར་སྙོམས་པར་ཞུགས་ལ་ཆོས་ཉན་ནུས་སམ། སྨྲས་པ།། རིགས་ཀྱི་བུ་གང་གིས་མཉན་པར་བྱ་བའི་གཉིས་ལ་འཇུག་པ་འགོག་པ་ལ་མེད་དོ།། སྦས་པ་ཀ་ག་ནས་བརྟན་ཤཱ་རིའི་བུ་ཆོས ་ཐམས་ཅད་རང་བཞིན་གྱིས་འགགས་པར་འདོད་དམ། སྨྲས་པ།། རིགས་ཀྱི་བུ་དེ་བཞིན་ཏ། ཆོས་ཐམས་ཅད་ནི་ཤིན་ཏུ་འགག་པའོ།། སྨྲས་པ། དེའི་ཕྱིར་གནས་བརྟན་ཤཱ་རིའི་བུ་རྟག་ཏུ་མི་ཆད ་པར་ཆོས་མཉན་པའི་སྐལ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པའི་ཕྱིར་རོ།། སྨྲས་པ་ཀ་རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་ལས་མ་ལངས་པར་ཆོས་སྟོན་ནུ་ས་སམ། ་སྨྲས་པ། ག་ནས་བརྟན་ཤཱ་རིའི་བུ་གང་རྟག་ཏུ་མཉམ་པར་མ་གཞག་པའི་ཆོས་གང་ཡང་དམིགས་སམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ་ཀ་འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མཉམ ་པར་གཞག་པར་འགྱུར་རོ།། སྨྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པར་གཞག་པ་ཡིན། སྨྲས་པ། ཆོས་ཀྱི་དབྱིངས་ནི་འཁྲུགས་པའི་ཏིང་ངེ་འཛིན ་ལའོ།། སྨྲས་པ།། ཀུན་ཏུ་མེ་ཏོག་དེ་ལྟ་ཡིན་དུ་ཟིན་ན། སོ་སོའི་སྐྱེ་བོ་རྣམས་དང་འཕགས་པ་རྣམས་སུ་བྱེ་བྲག་མེད་པར་འགྱུར་རོ།། སྦས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ་ང་ནི་འཔགས་པ་དང་སོ་སོའི་སྐྱེ་བོ་རྣམས་ཐ་དད་དུ་དབྱེ་བར་མི་འདོད་དོ།། དེ་ཅིའི་བྱེར་ཞེ་ན། འཕགས་པ་རྣམས་ཀྱིས་ཀྱང་ཆོས་གང་ཡང་མ་འགགས་བྱིས་པ་སོ་སོའི་སྐྱེ་བོ་རྣམས ་ཀྱིས་ཀྱང་ཆོས་གང་ཡང་མ་སྐྱེད་དེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དེ་གང་ཡིན་པ་དེ་ཉིད་ལས་ཀྱང་མི་འདའ་འོ།། རིགས་ཀྱི་བུ་ཆོས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན། སྨྲས་པ་གུང ་གུ་ནས་བརྟན་གྱི་ཡོངས་སུ་ཤེས་པ་དེ་སྟོན་ཏེ། གནས་བརྟན་གྱིས་ཀྱང་འཕགས་པའི་ཆོས་རྣམས་བསྐྱེད་དམ་སྦས་པ། དེ་མ་ཡིན་ནོ།། སྨྲས་པ་ཅི་ཁྱོད་ཀྱིས་སོ། ་སོའི་སྐྱེ་བོའི་ཆོས་རྣམས་འགགས་པར་བྱས་སམ། སྦས་པ། དེ་མ་ཡིན་ནོ།། སྦས་པ། འོ་ན་ཅི་ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ཐོབ་པམ་སྦས་པ། དེ་མ་ཡིན་ནོ།། ་སྦས་པ། བོ་ན་ཅི་ཁྱོད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་ཤེས་སམ། སྦས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། འོ་ན་གནས་བརྟན་གྱིས་ཡོངས་སུ་ཤེས་པས་ཅི་མངོན་པར་རྟོགས ་སྦས་པ། བྱིས་པ་སོ་སོར་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱིས་དེ་བཞིན་ཉིད་གང་ཡིན་པ་རྣམས་རྣམ་པར་གྲོལ་མ་ཐག་པའི་དེ་བཞིན་ཉིད་ཀྱང་དྲི་ཡིན་ཡོངས་སུ ་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ནོ།། སྦས་པ་བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་དེ་ནི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མི ་འགྱུར་བ་དེ་བཞིན་ཉིད་དང་། མི་འཁྲུགས་པ་དེ་བཞིན་ཉིད་དེ།། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་འདྲིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རིག་པར་བྱའོ།། དེ་ནས ་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་མའི་ཕུང་པོ་རབ་ཏུ་འབར་བའི་མེ་ལྕེ་ཐམས་ཅད་ནི ་སྲེགས་པར་ཉེ་བར་གནས་པ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྔ། ཆོས་བསྟན་པ་ཐམས ་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་སྲེགས་པར་ཉེ་བར་གནས་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀ་ཤཱ་རིའི་བུ་དེ་དེ་བཞིན་ནོ།། དེ་ནི་ཇི་སྐད་སྟོན་པ་དེ་བཞིན་ཏེ།། ་རིགས་ཀྱི་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ཡིན་ནོ།། དེ་ནས་གཞོན ་ནུར་གྱུར་པ་རྡ་བ་ཅན་གྱི་འོད་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྦས་སོ།། གནས་བརྟན་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་ནང་ན་མཆོག་ཏུ ་གསུངས་ན། གནས་བརྟན་ཤཱ་རིའི་བུ་ཤེས་རབ་གང་གིས་ཤེས་རབ་དང་ལྡན་པའི་མཆོག་ཏུ་གསུངས་པའི་ཤེས་རབ་དེ་གང་ཡིན། སྦས་པ། དྲ་བ་ཅན་གྱི་འོད་གང་ཅན་ཐོས་སྤབ་རྗེས ་སྲུ་འབྲང་བ་རང་གི་རྒྱུད་སྣང་བའི་མཚན་ཉིད་ཉི་ཚེ་ངའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱིས་ཤེས་རབ་སྟེ། ཤེས་རབ་དེས་བུད་ག་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གསུངས ་ཀྱི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ནི་མ་ཡིན་ནོ།། སྦས་པ། ཅི་ཤེས་རབ་ཀྱི་སྤྲོས་པའི་མཚན་ཉིད་དམ། སྦས་པ། དེ་མ་ཡིན་ནོ།། སྨྲས་པག་འོ་ན་ཤེས་རབ་མཉམ་པོ་ཉིད་ཀྱི་རྗེས་སུ ་སྤྱོད་པའམག་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས་པ། གནས་བརྟན་ཤཱ་རིབ་བུ་མཉམ་པ་ཉིད་ཀྱིས་རྗེས་སུ་སྤྱོད་པའི་ཤེས་རབ་ཀྱིས་ཇི་ལྟར་ཤེས་རབ་ཚད་ཅན་དུ་བཤད། སྤྲས་པ ་རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ཀྱི་རྒྱུས་ནི་ཤེས་རབ་ཚད་མེད་དོ།། ཡུལ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་འཇུག་པས་ནི་ཚད་ཟིན་པའོ།། སྦས་པ། བཙུན་པ་ཤཱ་རིའི་བུ་ཡ་ཤེས་ཚད་མེད་པའམ ་འོན་ཏེ་ཚད་ཡོད་པ་ཡིན།། སྨྲས་པ། རིགས་ཀྱི་བུ་ཡེ་ཤེས་ནི་ཚད་མེད་པའོ།། སྨྲས་པ། འོན་ཚད་མེད་པ་ཇི་ལྟར་ཚད་ཟིན་པར་སྟོན་པདེ་ནས་གནས་བརྟན་ཤཱ་རིའི་བུ་ཅང་མི་ཟེར་བར་གྱུར་ཏོ།། ་དེ་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གནོན་ནུར་གྱུར་པརླ་བ་ཅན ་གྱི་བོད་ཅིའི་སླད་དུ་དྲ་བ་ཅན་གྱི་འོད་ཅེས་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། དྲ་བུ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་གང་གིས་ལྷ་དང་བཅས་པའི་འཇིག་རྟེན་འདི ་དགའ་བར་གྱུར་ནས། དགེ་བའི་རྩ་བ་ཡོངས་སུ་སྨིན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བའི་འོད། རང་གི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ་ཁྱོད་ཀྱིས ་སྟོན་ཅིག། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། མཉན་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ ་ང་སལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། ལག་པ་གཡས་པ་དྲ་བ་ཅན་སེན་མོ་ཟངས་ལྟ་བུ་ལས་འོད་ཟེར་ཕྱུང་ནས། འོད་ཟེར་དེས་ཚད་མེད་མུ་མེད ་པའི་འཇིག་རྟེན་གྱི་ཁམས་ནི་ཐལ་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས ་མེད་པ་ན། སེམས་ཅན་དམྱལ་བ་པའི་སེམས་ཅན་ནམ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའམ། གཤིན་རྗེའི་འཇིག་རྟེན་པ་འམ། ལོང་བ་འམ། འོན་པའམ། འཐེང་པོའམ། ལག་ན་འམ། ་ནང་སུམ་ནས། ཆགས་པའམ། གནས་པའམ།། ནོངས་པའམ། གཅེར་བུའམ། སོགས་པའས། གོམ་པའམབཅིངས་པའམ་བཟུང་བ་ས།། དབུམ་པོ་། ་རིང་པྲའམ། རྒས་པའམ། འཆི་བའི་ཆོས་ཅན་ནམ། སེར་སྣ་ཅན་ནུམ། གནོད་པར་སེམས་པའམ། ངང་ཚུལ་ངན་པ་ཅན་ནམ།། འཇུངས་པའམ། དྲན་པ་ཉམས་པ་འམ། འཆལ ་པའི་ཤེས་རབ་ཅན་ནས། མ་དད་པའམ། ཐོས་བཟུང་བའམ། བསོད་ནམས་ཟུང་བའམ། ངོན་མི་ཤེས་པའམ། ཁྲེལ་མེད་པ་མ། ལྭ་བ་ཐིབས་པོར་གྱུར་པ་ཇི་སྙེད་ཡོད ་བདེ་དག་ཐམས་ཅད་འོད་དེས་རེག་མ་ཐག་ཏུ་དདྲ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ།། སེམས་ཅད་གང་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང ་འཆལ་པ་དང་། ཕྲག་དོག་དང་། ཁྲོ་བའི་ཡོངསུ་གདུང་བསཉམ་ང་བར་གྱུར་པ་མེད་དོ།། སེམས་ཅན་ཐམས་ཅད་ཀྱང་དགའ་བ་དང་། བདེ་བ་དང་ལྡན་པར་གྱུར་ཏོ།། ་སངས་རྒྱས་ཀྱི་སྤྱན་སྔ་ན་བྱང་ཆུབ་སེམས་དཔའི་འཁོར་ཏམ། ཉན་ཐོས་ཀྱི་འཁོར་ཏམ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྡེ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་དེ་དག ་ཐམས་ཅད་འདི་ལྟ་སྟེ། ཁ་དོག་གཅིག་ཏུ་གསེར་གྱི་ཁ་དོག་ལྟ་བུར་སྣང་ངོ་།། ཐམས་ཅད་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཁ ་དོག་དང་། མཚན་དང་། གཟུགས་འཆང་བར་སྣང་ངོ་།། ཐམས་ཅད་ཀྱང་སྤྱི་གཙུག་བལྟར་མི་སྣང་ཞིང་། ལུས་མཆོག་གི་གཟུགས་སུ་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་པདྨོའི་སྟན ་ལ་འཁོད་ཅིང་རིན་པོ་ཆེའི་དྲ་བས་ཁེབས་པར་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། སངས་རྒྱས་མཐོང་བའི་རང་བཞིན་དུ་རང་བཞིན་གཅིག་ཏུ་སྣང་ངོ་།། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། ་དཔེར་ན་དགའ་བའི་རྣམ་པ་བཀོད་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་བཞིན་དུ་འདི་ལྟ་བུའི་བདེ་བ་སྐྱེས་པར་གྱུར་ཏོ།། དེ་ནས་འཁོར་དེ་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་ཕན་ཚུན ་དབྱེར་མེད་དེ་སྟོན་པའང་ལྷག་པར་མི་སེམས་བདག་ཉིད་ཀྱང་དམན་པར་མི་སེམས་སོ།། འོད་དེ་དག་བཏང་མ་ཐག་ཏུ་འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བཞི་བྱུང་སྟེ། བཞི་གང ་ཞེ་ན་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡང་དག་འཕགས་ཞེས་བྱ་བ་དང་། ཁྱད་པར་བཟང་ཞེས་བྱ་བ་དང་། ཡེ་ཤེས་ཟླ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་གཞན་གྱིས་མི་ཐུབ་རྒྱལ་མཚན་ཞེས་བྱ་བ་སྟེ།། དེ་དག་ཐལ་མོ་སྦྱར་ནས་གང་ལ་ཕྱག་བྱ་བའི་དེ་བཞིན་གཤེགས་པ་ཡང་དག་པ་འདིའི་ནང་ན་གང་ཡིན་སྙམ ་བྱུག་འཚལ་ཞིང་འཁོད་པ་དང་།། དེ་དག་གིས་པར་སྣང་རས་འདི་ལྟར་བ་བོར་བདི་ཐམས་ཅད་འདྲིས་།། དེ་བཞིན་གཤེགས་པཱའི་ཁ་དོག་གཅིག་ཏུ་སྲུ་ང་ནཱི།། གཞོན་ནུར་གྱུར་པ་ངརྫུན ་གྱི་འོད་ཀྱི་བྱེ་བྲག་གོ་ཞེས་སྒྲ་ཐོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་བ་ནི་འདི་སྐད་ཅེས་འཛེར་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་ཇི་ལྟར་འཁོར་འདི་ཁ་དོག་དང་གཟུགས་གཅིག་སྟེ ་བྱེ་བྲག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྱེ་བྲག་མེད་ཅེ་ན། བདེན་པ་དང་བདེན་པའི་ཚིག་དེས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཐ་དད་དུ་དབྱེ་བ་ལྷག་པ་གང་མཐོང་བས།། དེ་བཞིན ་གཤེགས་པ་ལ་མཆོད་པ་བྱེད་པར་འགྱུར་བ་འགའ་ཞིག་མཐོང་བར་ཤོག་ཅིག་ཅེས་བྱས་པ་དང་། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་སེང་གའི་ཁྲི་པདྨ་ཅན་དང་བཅས་ཏེ། ཏ་ལ་གང་ཙམ་དུ་མངོན ་པར་འཕགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས།། བྱང་ཆུབ་སེམས་དང་བུ་བཞི་པོ་དེ་དག་གིས་མགོ་བོས་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་འཛར་ཏོ།། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་བསན་གྱིས་མི་ཁྱབ་བོ།། འདི་ལྟར་སེམས་ཅན་རྣམས་ལ་བདེ་བ་བསྟན་དུས།། བྱང་ཆུབ་སེམས་དང་འདྲེ་བ་ཅན ་གྱི་འོད་ཀྱིས་བསོད་ནམས་དང་སྨོན་ལམ་འདིབང་བསམ་གྱིས་མི་ཁྱབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ་རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། སེམས་ཅན་ཚད་མེད་པ་རྣམས་ཁྱོད་ཀྱིས་བྱང་ཆུབ་ལ་བཀོད་ཀྱིས། རྫུ་འཕྲུལ་འདི་ཕྱིར་རྡུལ་ཅིག ་དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འོད་དེ་དག་ཕྱིར་བརྟུལ་ཏོ།། འོད་དེ་ཕྱིར་བརྟུལ་མ་ཐག་ཏུ་འཁོར་དེ་ཐམས་ཅད་སྤྱོད་ལམ་སྔ་མ་ཇི་ལྟ་བ་བཞིན་དུ་སྣང་ངོ་།། བཅོམ་ལྡན་འདས ་ཀྱང་སྔ་མཁོན་བཞིན་དུ་སེང་གེའི་ཁྲི་པདྨོ་ཅན་ལ་བཞུགས་པར་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་འདི་བཞི་གང་ནུས་མཆིས། བྱང་ཆུབ་སེམས་དཔའ་དེ་བཞིས་སྨྲས་པ། ཁོ་བོ་ཅག་འོག་གི་འཇིག་རྟེན་གྱི་ཁམས་ནས་འོངས་སོ།། སྨྲས་པ། འཇིག་རྟེན་གྱི ་ཁམས་དེའི་མིང་ཅིག་སྨྲས་པ། འཇིག་རྟེན་གྱི་ཁམས་དེ་ནི་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བྱའོ།། སྨྲས་པ། དེ་ན་དེ་བཞིན་གཤེགས་པ་མཚན་ཅི་ཞེས་བྱ་བ་ཞིག་ཆོས་ཆད། སྤྲས་པ ་དེ་བཞིན་གཤེགས་པ་དེའི་མཚན་ནི་རིན་པོ་ཆེ་གདུགས་གཅིག་པ་ཞེས་བྱའོ།། སྨྲས་པ། འཇིག་རྟེན་གྱི་ཁམས་དེ་བདི་ནས་ཇི་སྲིད་ཅིག་ན་ཡོད། སྨྲས་པ། བཅོམ་ལྡན་འདས་མཁྱེན་པས་མཁྱེན་ཏོ།། ་སྤྲས་པ། ཁྱེད་རྣམས་འདིར་ཅི་ལ་འོངས།། སྨྲས་པ། བྱང་ཆུབ་སེམས་དང་འདྲ་བ་ཅན་གྱི་འོད་ཀྱིས་འོད་བཏང་ནས། འོད་དེས་ཁོ་བོ་ཅག་ལ་རེག་སྟེ། རེག་མ་ཐག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི ་མཚན་དང་། བྱང་ཆུབ་སེམས་དང་བརྡ་དུ་ཅན་གྱི་འོད་ཀྱི་མིང་ཐོས་ནས། བཅོམ་ལྡན་འདས་དང་། སྐྱེས་བ་དྲན་པ་འདིལ་བུལ་བ་དང་ཕྱག་བྱ་བ་དང་ཀླུ་བསྙེན་བཀུར་བྱ་བའི་བྷིང་བདག ་ཅག་འདིར་འོངས་སོ།། དེ་ནས་བཅོམ་ལྡན་འདས་ལ། གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོར་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས ་ཅད་སྟོན་པ་ཞེས་བགྱི་བ་བཅོམ་ལྡན་འདས་རིན་པོ་ཆེ་གདུགས་གཅིག་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དེ་རྗེ་སྲིད་ཅིག་ན་མཆིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ་འཇིག་རྟེན་གྱི་ཁམས་འདི་ནས་འོག་ཏུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཟུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པན། བྱང་ཆུབ་སེམས་དང་བྲ་འདི་བཞི་གུང་ནས་འདིར་འོངས་པའི་འཇིག ་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ། བཅོམ་ལྡན་འདས་རིན་པོ་ཆེའི་གདུགས་གཅིག་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོད་དོ།། གསོལ་པ།། དེ་དག་དེ་ནས ་ཇི་སྲིད་ཀྱིས་འདིར་མཆིས། བཀའ་སྩལ་པ། སེམས་སྐད་ཅིག་པ་གཅིག་གིས་དེར་མི་སྣང་བར་གྱུར་ཏེ། འདིར་ཕྱིན་ཏོ།། གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དང་འདྲ་བ ་ཅན་གྱི་འོད་ཟེར་དེ་ཇི་སྲིད་དུ་མཆིས་པ་དང་། རིགས་ཀྱི་བུ་འདི་དག་དེ་ལྟར་མྱུར་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་ཟེར་གཏོང་བ་དང་། རྫུ་འཕྲུལ་གྱི་སྟོབས་ནི་ངོ་མཚར་ཏོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།། འོད་སྲུངས་དེ་དེ་བཞིན་ཏེ། ཇི་སྐད་ཟེར་བ་དེ་བཞིན་ནོ།། གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མ་སྨིན་པ་། བྱང་ཆུབ་སེམས ་དངའ་རྣམས་ཀྱི་སྤྱོ་ནི་བསམ་གྱིས་མི་ཁྱབ་བོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱི་བོད་ཀྱིས་འཁོར ་འདི་དག་འ་གནས་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་གྱུར་ན། འདི་གང་གི་མཐུ། སྦས་པ། བཅོམ་ལྡན་འདས་ཉིད་ལ་འོད་སྲུངས་ཆེན་པོ་ཁྱོད་ཀྱིས་གསོལ་ཅིག་དང ་དེ་ཉིད་ཁྱོད་ལ་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྟས་སྔར་བྱུང་བ་འདི་སུའི་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འོད་སྲུངས་དྲ་བ་ཅན་གྱི་འོད་བྱང་ཆུབ་ཐོབ་པའི་འཁོར་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། གསེར་གྱི་ཁ་དོག་དུ་འགྱུར་རོ།། འཁོར་རྣམས་གཅིག་ལ ་མོས་ད་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་འགྱུར་རོ།། དེས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཤ་སྟག་གི་དགེ་འདུན་དུ་འགྱུར་རོ།། འོད་སྲུངས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་ནི་དེ་བཞིན ་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཇིསད་དཟེར་པ་དེ་བཞིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཞིང་དུ་རིག་པར་བྱའོ།། དེ་ནས ་འཁོར་དེའི་ནང་ནས་སྲོག་ཆགས་སྟོང་ཕྲག་པཞི་བཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སངས་རྒྱས་ཀྱི་ཞིང་དེར་སྔོན་ལམ་འདེབས་ཤིང་འདི་སྐད་དུ། ་བཅོམ་ལྡན་འདས་ནར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བ་དེའི་ཚེ། བདག་ཅག་རྣམས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཅིག་ཅེས་སྨྲས་སོ།། དེ་ནས ་བཅོམ་ལྡན་འདས་ལ། གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཡུན་ཇི་སྲིད་ཅིག་གིས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གའོད་སྲུངས་ཁྱོད་ཀྱིས་དེ་བཞིན་དུ་བྱང་ཆུབ་སེམས་དང་བ་དྲ་བ ་གྱི་འོད་ལ་རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་དྲིས་ཤིག། དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་དྲང་ཅན་གྱི་འོད་ཀྱིས་སྦས་པ་བཙུན་པ་འོད་སྲུངས་ཆེན་པོ་ལ་ལ་ཞིག་གིས་སྒྱུམས་སྤྲུལ་པའི་སྐྱེས་བུ་ལ་རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་དྲིས་ན། དེ་ཇི་སྐད་ལུང་སྟོན་སྦས་པ། རིགས་ཀྱི་བུ་སྒྱུ་མས་སྤྲུལ་པ་ལ་ཡང་དག་པར་ཡོངས་སུ་གྲུབ་པ ་མེད་ན་དེ་ཅི་ཞིག་ལུང་སྟོན་པར་འགྱུར། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་དེ་དེ་བཞིན་ཏེ། སྒྱུ་མས་སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་ཡིན་ན་སུལ་ཁྱོད ་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་འདྲ། སྦས་པ། རིགས་ཀྱི་བུ་ཇི་ལྟར་སྡུམས་སྤྲུལ་པ་དབེན་ཞིང་འགྱུར་བ་མེད་པ ་ཡོངས་སུ་རྟོག་པ་མེད་པ་བྱེད་པ་མེད་པ་དེ་བཞིན་དུ་ཁྱོད་ཀྱང་གལ་ཏེ་དེ་འདྲན། ཁྱོད་ཚད་མེད་པའི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟར་བྱེད་སྨྲས་པ་བཙུན་ད་འོད་སྲུངས་ན ་པོ་སྒྱུ་མའི་རང་བཞིན་གང་ཡིན་པ་དེ་བྱང་ཆུབ་ཀྱང་དེའི་རང་བཞིན་ནོ།། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ་སེམས་ཅན་རྣམས་ཀྱང་དེའི་རང་བཞིན་ནོ།། སྤྱན་དང་།། བྱང་ཆུབ་དང ་སེམས་ཅན་གྱི་རང་བཞིན་གང་ཡིན་པ་དེ། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ཡིན་ཏེ། བཙུན་པ་འོད་སྲུངས་ཆེན་པོ་ཁོ་བོས་ནི་གང་གི་ཡང་དོན་དང་དོན་མ་ཡིན་པར་མི་མཐོང་ངོ་།། ་སྦས་པ་། རིགས་ཀྱི་བུ་ཁྱོད་སངས་རྒྱས་སུ་མྱུར་བར་མ་ཞུགས་སམ་སྨྲས་པ་བཙུན་པ་འོད་སྲུངས་ཆེན་པོ་ཅི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འཇུག་པའི ་མཚན་ཉིད་དམ་སྦས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། དེ་བས་ན་ཁྲོ་བོས་སངས་རྒྱས་སུ་འགྱུར་བ་དང་། ཅན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བའི་ཕྱིར ་མཞུགས་སོ།། སྨྲས་པ། རིགས་ཀྱི་བུ་ཁྱོད་ཅིལ་ཞུགས། སྦས་པ། དེ་བཞིན་ཉིད་གང་ལ་ཞུགས་པ་དེལ་བདུགཞུགས་སོ།། སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་ནི་ཞུགས ་པའང་མེད་ལྡོག་པའང་མེད་དོ།། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་ཇི་ལྟར་དེ་བཞིན་ཉིད་མ་ཞུགས་ཤིང་མི་ལྡོག་པ་དེ་བཞིན་དུ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་འཇུག་པར་ཞུགས ་པ་ལ་མི་ལྡོག་གོ།། སྨྲས་པ། དྲ་བ་ཅན་གྱི་འོད་གལ་ཏེ་ཁྱོད་མི་འཇུག་མི་ལྡོག་ན། སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད། སྦས་པ། བཙུན་པ་འོད་སྲུངས་ཆེན་པོ་གང ་སྨོན་ལམ་འདེབས་པ་དེ་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ།། གང་ཆོས་གང་ལས་ཀྱང་མི་ལྡོག་པ་དེ་དག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་མ ་ཡིན་ནོ།། སྨྲས་པ།། རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་འཁོར་བ་ལས་མི་ལྡོག་གམ། སྨྲས་པ།། བདག་ཅག་འཁོར་བ་ཉིད་མི་དམིགས་ན། ཇི་ལྟར་སེམས་ཅན་རྣམས་འཁོར་བ ་ལས་བཟློག་པར་བྱ། སྨྲས་པ།། རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་མི་འཛུད་དམ། སྦས་པ་ན་མྱ་ངན་ལས་འདས་པ་ཉིད་བདག ་གིས་མ་མཐོང་ན། སེམས་ཅན་རྣམས་ཇི་ལྟར་དེ་ལ་གཟུད་པར་བགྱི། སྨྲས་པ།། རིགས་ཀྱི་བུ་དེ་སྟེ་འདི་ལ་འཁོར་བའང་མེད། མྱ་ངན་ལས་འདས་པའང་མེད་ན། འོ་ན་ཅིའི་ཕྱིར་བྱང་ཆུབ ་སེམས་དཔའ་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་བྱང་ཆུབ་ཏུ་སྤྱོད། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་གང་འཁོར་བར་དམིགས་པ་དང་། མྱ་ངན་ལས་འདས་པར་ཡོངས་སུ ་རྟོགས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལ་གནས་པར་བྱང་ཆུབ་ཏུ་སྤྱོད་ན། དེ་དག་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ།། སྨྲས་པ། རིགས་ཀྱི་བུ་ཁྱོད་ཅིལ་སྤྱོདསྨྲས་པ ་བཙུན་པ་འོད་སྲུངས་ཆེན་པོ་ཁོ་བོ་ནི་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལ་མི་སྤྱོད་མོད་ཀྱི། བཙུན་པ་འོད་སྲུངས་ཆེན་པོ་ཁྱོད་ཅི་ལ་སྤྱོད་ཅེས་དེ་སྐ ་འདྲིན་བཙུན་པ་འོད་སྲུངས་ཆེན་པོ་ཁོ་བོ་ན་དེ་བཞིན་གཤེགས་པས་སྤྲུལ་དུ་གངལ་སྤྱོད་པ་དེ་འདི་ལ་སྤྱོད་དོ།། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་འི་ལ ་མི་སྤྱོད་དོ།། སྦས་པ། བཙུན་པ་འོད་སྲུངས་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱང་དེས་བུར་བལྟའོ།། སྦས་པ།། རིགས་ཀྱི་བུ་དེ་ལྟ་སེམས་ཅན་ཐམས་ཅད་ཀྱི་སྐྱོན ་པའི་མཚན་ཉིད་དེ་ས་བུ་ཡིན་དུ་ཟིན་ན།། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་ནི་ཆགས་པར་མི་འགྱུར་སྣང་བར་མི་འགྱུར། རྨོངས་པར་མི་འགྱུར་ན། བའི་ཕྱིར་སེམས་ཅན། ་ལ་འདོད་ཆགས་དང་། ཞི་སྡང་དང་། གཏི་མུག་འབྱུང་སྦས་པ། དེ་བས་ན་གནས་བརྟན་ཉིད་ལ་འདི་རྗེས། ཁྱོད་ཀྱིས་མོས་པ་ཇི་ལྟ་བ་བཞིན་དུ་འདི་ལུང་སྟོང་ཅིག། གན ་བརྟན་འོད་སྲུངས་ཆེན་པོ་ལ་ད་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཡོད་དམ། སྦས་པ། དེ་ནི་མཡིན་ནོ།། སྦས་པ། འོན་ཁྱོད་ཀྱི་འདོད་ཆགས་དང ་སྡང་དང་། གཏི་མུག་ཟད་དམ། མེད་པར་གྱུར་ཏམ། སྨྲས་པ།། དེ་མ་ཡིན་ནོ།། སྨྲས་པ། གལ་ཏེ་གནས་བརྟན་གྱི་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་ཀྱང་མེད་ལ། ཟད་པ་འམ ་མེད་པར་གྱུར་པའང་མ་ཡིན་ན་ཅི་ཁྱོད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རྣམས་འདུག་གམ། སྨྲས་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྣེ་དྲོ་བྱིན་ཅི་ལོག་དང་ལྡན་པ་རྣམས་ཀྱི ་རྟོགས་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་གནས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་འབྱུང་གི་བདགས་པའི་ཆོས་འདུལ་བ་ལ་ཕྱིན་ཅི་ལོག ་ཆུད་པས་རྟོག་པ་དང་། རྣམ་པར་རྟོག་པ་དང་གཡོངས་སུ་རྟོག་པ་མི་འབྱུང་ངོ་།། དེ་ལ་འདོད་ཆགས་ཀྱང་མེད། ཞེ་སྡང་ཡང་མེད། གཏི་མུག་ཀྱང་མེད་དོ།། སྨྲས་པ། བཙུན་པ ་སྲུངས་ཆེན་པོ་འདི་ཇི་སྙན་དུ་སེམས། གང་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་དེ་ཡང་དག་པཡིན་ནམ། སྨྲས་པ།། དེ་མ་ཡིན་ཏེ།། དེ་ནི་མང་དག་པ་མ་ཡིན་ནོ། ་སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཡང་དག་པ་མ་ཡིན་པ་དེ། ནམ་ཡང་ཡང་དག་པར་འགྱུར་རམ། སྨྲས་པ།། དེ་ནི་མ་ཡིན་ནོ།། སྦས་པ།། གནས ་བརྟན་ཡང་དག་པ་མ་ཡིན་པ་གང་ཡིན་པའི་ཡང་དག་པ་མ་ཡིན་པ་དེ་ལས་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་སྐྱེས་པར་འདོད་དམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། བཙུན།། ་པ་འོད་སྲུངས་ཆེན་པོ་དེ་ལྟ་བུ་ཡིན་དུ་ཟིན་ན། གང་དག་གི་སེམས་ཅན་རྣམས་ཀུན་ཉོན་མོངས་པར་འགྱུར་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན། སྨྲས་ད།། རིགས ་ཀྱི་བུ་དེ་ལྟར་ན་ཆོས་ཐམས་ཅད་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བའོ།། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་འདི་ལ་དྲསམས་ཏེ།། འདི་སྐད ་དུ་ཆོས་ཐམས་ཅད་ནི་སྒྱུ་མས་སྤྲུལ་པའི་རང་བཞིན་ནོ་ཞེས་སྦས་སོ།། གང་བསྟན་པ་འདྲི་བཤད་པ་ན།། བྱང་ཆུབ་སེམས་དཔའ་སྟོང་དྲག་བཞི་བཅུ་རྩ་བ་ནི་རྗེས་སུ་འཐུན་པའི་བཟོད་པ་སྐྱེས་སོ།། ་དེ་ནས་བཅོམ་ལྡན་འདས་ལ། ཚད་ང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སུ་དག་གིས་མིག་གིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་མཐོང ་བར་གྱུར་པའི་སེམས་ཅན་དེ་དག་ལ་ངན་སོང་ངན་འགྲོ་ལོགུ་པར་སྣང་བའི་འཇིགས་པ་འ་ཚལ་བར་མིང་གྱིའོ།། སུ་དག་འདི་ལ་ཆོས་བསྟན་པ་ཐོས་པར་མྱུར་པའི་སེམས་ཅན་དེ་དག་པའང ་བདུད་ཀྱི་ལས་ཀྱིས་བར་དུ་གཅོད་པར་འཚལ་བར་མི་བགྱིའོ།། འདིས་སུ་དག་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བགྱིས་པའི་སེམས་ཅན་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་འཚལ ་པར་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཤད་དུ་གསོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་འོད་སྲུངས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་སངས་རྒྱས་ཀྱི་ཞིང་གང་དང་གང་ན་གནས་པ་དེ་དང་དེར་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱེད་དོ།། འོད་སྲུངས་རིགས་ཀྱི་བུ་འདིས་འོད ་བྱུང་བ་ཁྱོད་ཀྱིས་མཐོང་ངམ།། གསོལ་པ།། བཅོམ་ལྡན་འདས་བདག་གིས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་ཁམས་ཡུངས་ཀར་གྱིས་གང་བ་ནི་བགྲང་བའི་ཚུལ་གྱིས་མཐར་ཕྱིན་པར་ནུས་ཀྱིས།། འོད་སྲུངས་བྱང་ཆུསེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་ཐོད་འདི་བསྟུན་པས་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་སེམས་ཅན་དེ་དག་གི་མཐོར་ཕྱིན་པར་མི་ནུས་སོ།། འོད་སྲུངས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་འོད་བསྟན་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་ན། ་ཆོས་བསྟན་པས་ལྟ་ཅི་སྨོས་། འོད་སྲུངས་རིགས་ཀྱི་བུ་འདིའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་བྱེ་བྲག་གི་ཕྱོགས་ཙམ་ཞིག་བརྗོད་ཀྱིས་ཉོན་ཅིག། འོད ་སྲུངས་བྱང་ཆུབ་སེམས་དཔའདྲ་བ་ཅན་གྱི་འོད་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ན་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་ཞེས་བྱ་བར་ཀུན་ཏུ་འོད་རྣམ་པར་འཕྲུལ་པའི ་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ།། དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་སོང་བ་དང་།། འཇིག་རྟེན་གྱི་ཁམ ་དེའི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ།། སྦྱིན་པ་དང་གཏོང་བ་རྒྱ་ཆེར་འགྱུར་རོ།། འོད་སྲུངས་འཇིག ་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་རོ།། གོས་ཀ་ཙ་ལིན་དི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བ་ལ་རིན་པོ་ཆེ་ཐམས་ཅད་ཀྱིས་སྦས་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ན ་ངན་སོང་མེད།། མི་ཁོམ་པ་མེད། སྡོང་དྲུམ་དང་ཚེར་མའང་མེད་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེར་པདྨ་བཀོད་པ་དག་ཀྱང་འབྱུང་བར་འགྱུར་རོ།། རིན་པོ་ཆེའི་པདྨོ་ཆེན་པོ་དྲི་དང་ལྡན ་པ་དག་ཀྱང་འབྱུང་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་དྲི་མ་མེད་ཅིང་རྒྱ་ཆེ་བར་འགྱུར་རོ།། ཡང་འོད་སྲུངས་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་དེ་ན།། བཅོམ་ལྡན་འདས ་ཀུན་དུ་འོད་རྣམ་པར་འཕྲུལ་འོད་ཟེར་གྱི་རྡུལ་པོ་དེ་བཞིན་གཤེགས་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཡས་པར་སྒྲུབ་པའི་ཆོས་བགྲོ་བ་ལམ་ཁས་བརྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བའོ།། ་ཀྱིས་ཀུན་ཏུ་བརྒྱན་པ། གཟུངས་ཀྱི་གཏེར་ཐོབ་པ།། ཏིང་ངེ་འཛིན་ཐོབ་པ། ཐོགས་པ་མེད་པའི་སྤོབས་པ་དང་ཡེ་ཤེས་ཀྱིས་སྟོན་པ་ལ་མཁས་པ། མངོན་པར་ཤེས་པ་དང་། རིགས་པ་དང་། ་མི་འཇིགས་པ་ཐོབ་པ།། བདུད་དང་ཕྱིར་རྒོལ་བ་རྣམས་བཅོམ་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་།། ངོ་ན་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་སྦྱངས་པའི ་ཡེ་ཤེས་ཀྱིས་ཡོངས་སུ་བསྒོམས་པ་དཔག་ཏུ་མེད་པར་འགྱུར་རོ།། ཡང་འོད་སྲུངས་སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་སྐྱེ་བར་མི་འགྱུར་ཏེ།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད ་པདྨ་ལ་སྐྱིལ་མོ་ཀྲུང་བཅས་ཤིང་འཇུག་པར་རྫུས་ཏེ་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་དག་བསམ་གཏན་གྱི་དགའ་བོའི་ཟས་དང་ལྡན་པར་འགྱུར་རོ།། བསམ་པ་ཙམ ་གྱིས་བཟའ་བ་དང་། བཏུང་བ་དང་། བཞིན་པ་དང་། གོས་དང་། འཆགས་དང་། སྐྱེད་མོས་ཚལ་དང་། ཁང་པ་བརྩེགས་པ་དང་། འབབ་ཆུ་དང་། ཆུ་མིག་དང ་མཚོ་དང་། རྫི་དང་། ལྟེང་ཀའི་ཡོངས་སུ་ལོངས་སྤྱོད་པ་ཐམས་ཅད་འབྱུང་བར་འགྱུར་རོ།། འོད་སྲུངས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་མི་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་འོད་དེས ་རེག་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ།། འོད་དེས་སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བ་ལ་ཐོགས་པ་མེད་པར་འགྱུར་རོ།། འོད་དེས་སེམས་ཅན་གྱི་ཉོན་མོངས ་པ་བསལ་བ་ལ་ཉོན་མོངས་པ་དུང་བྲལ་བར་འགྱུར་རོ།། ཡང་འོད་སྲུངས་དེ་བཞིན་གཤེགས་པ་དེའི་འོད་ལས་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་སྒྲ་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་ཏེ། སུམདུ་རྩ་གཉིས ་གང་ཞེ་ན། ལྟ་བར་གྱུར་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་སྟོན་པའོ།། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བས་ཆོས་ཐམས་ཅད་མཚན་མ་མེད་པའོ།། ཁམས་གསུམ་ལས་ཡང་དག ་པར་འདས་པས་ཆོས་ཐམས་ཅད་སྨོན་པ་མེད་པའོ།། རང་བཞིན་གྱིས་རེ་བར་ཞི་བས་ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའོ།། སྨོན་པ་མེད་པའི་མཚན་ཉིད་ཀྱིས་ཆོས་ཐམས ་ཅད་ཞེ་སྡང་དང་བྲལ་བའོ།། མུན་པ་མུན་ནག་དང་བྲལ་བས་ཆོས་ཐམས་ཅད་གཏི་མུག་དང་བྲལ་བའོ།། ཐོག་མ་ནས་མ་སྐྱེས་པས་ཆོས་ཐམས་ཅད་འོང་བ་མེད་པའོ།། འཕོ་བ་མེད་པའི་ཚུལ ་གྱིས་ཆོས་ཐམས་ཅད་འགྲོ་བ་མེད་པའོ།། རབ་ཏུ་མི་རྟེན་པའི་ཕྱིར་ཆོས་ཐམས་ཅད་མི་གནས་པའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་དུས ་གསུམ་ལས་འདྲས་པའོ།། རང་བཞིན་གཅིག་པའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མེད་པའོ།། ལས་ཀྱིས་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་སྐྱེས་པའོ།། བྱེད་པ་པོ་མི ་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལས་དང་རྣམ་པར་སྨིན་པ་མེད་པའོ།། མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མ་བྱས་པའོ།། མངོན་པར་འདུས་མ་བྱས་པས་རབ་ཏུ་བྱ ་བའི་ཕྱིར་རློས་ཐམས་ཅད་མངོན་པར་འདུས་མ་བྱས་པའོ།། སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་པའོ།། ཡང་དག་པར་མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་ཡང ་དྲག་པ་མ་ཡིན་པའོ།། ཅིག་ཅར་མངོན་པར་རྟོགས་པའི་ཚུལ་གྱིས་ཆོས་ཐམས་ཅད་བདེན་པའོ།། སེམས་ཅན་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་པའོ།། དོན་དམ་པའི་ཕྱིར ་ཆོས་ཐམས་ཅད་གང་ཟག་མེད་པའོ།། ཤེས་པར་མི་བྱེད་པའི་ཕྱིར་ཆོས་ཐམས་ཅད་བེམས་པོའོ།། མཛའ་པ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་བཏང་སྙོམས་པའོ།། ཡོངས་སུ ་གཟུང་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཅིའང་མེད་པའོ།། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་ཕྱིར་ཆོས་ཐམས་ཅད་ཉེ་བའི་འོན་མོངས་པ་མེད་པའོ།། དབེན་པའི་མཐའ་ཡིན་པའི་ཕྱིར་ཆོས ་ཐམས་ཅད་ཚུལ་གཅིག་པའོ།། དབེན་པ་ཕུན་སུམ་ཚོགས་པས་ཆོས་ཐམས་ཅད་དབེན་པའོ།། མི་འཁྲུགས་པའི་ཕྱིར་ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པའོ།། ཤིན་ཏུ ་བྱ། ཐ་མི་དད་པའི་ཕྱིར་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པའོ།། ཐམས་ཅད་དུ་རྗེས་སུ་སོང་བའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའོ།། ་ཕན་ཚུན་མི་འདུ་བའི་ཕྱིར་ཆོས་ཐམས་ཅད་རྐྱེན་མེད་པའོ།། མཉམ་པ་ཉིད་ཀྱིས་ཡོངས་སུ་རྒྱས་པའི་ཕྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའོ།། ཇི་ལྟ་བ་བཞིན་དུ་མཐོང་བས་ཕྱེ་བའི ་ཕྱིར་ཆོས་ཐམས་ཅད་བྱང་ཆུབ་བོ།། ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་མྱ་ངན་ལས་འདས་པའོ།། ཞེས་བོད་སྲུངས་དེ་ལྟ་དེ་ལྟར་བཅོམ་ལྡན་འདས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ ་འོད་ཟེར་གྱི་རྒྱལ་པོ་དྲི་བཞིན་གཤེགས་པའི་འོད་དེ་ལས་འདི་ལྟ་བུའི་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་སྒྲ་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་རོ།། གནས་བརྟན་འོད་སྲུངས་ཆེན་པོས་གསོལ་པ། ་བཅོམ་ལྡན་འདས་འོད་ཟེར་དེ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། འོད་སྲུངས་དེ་བཞིན་གཤེགས་པ་དེ་ཚེ་དཔག་ཏུ་མེད་པར་འགྱུར་རོ།། ་སངས་རྒྱས་ཀྱི་ཞིང་དེ་ན་བདུད་ཀྱི་ལས་ཀྱིས་བར་དུ་གཅོད་པ་མེད་པར་འགྱུར་རོ།། འོད་སྲུངས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར་འཚལ་བས།། རིགས ་ཀྱི་བུ་འདིའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཅི་འདྲ་བ་དེ་ལྟ་བུར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོད་སྲུངས ་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་མང་པོ་ལ་སྔོན་ལམ་ཡོངས་སུ་སྦྱངས་ཏེ། དེའི་ཕྱིར་འདིས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུའི་ཡོན་ཏན ་ཕུན་སུམ་ཚོགས་པ་ཡོངས་སུ་བཟུང་ངོ་།། འོད་སྲུངས་དེ་བས་ན་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་བཟུང་བར་འདོད་པའི་རིགས་ཀྱི་བུའམ།། རིགས་ཀྱི་བུ་མོས་ཀྱང་བྱང་ཆུབ་སེམས་དཔའ ་དྲ་བ་ཅན་གྱི་འོད་ཀྱི་རྗེས་སུ་བསླབ་པར་བྱའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་དེ་བཞིན ་གཤེགས་པས་ལུང་བསྟན་ཏོ།། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱང་ལུང་བསྟན་ཏོ།། སྨྲས་པ།། ཅིར་ལུང་བསྟན།། སྨྲས་པ།། ལས་ཀྱི་རྣམ་པར ་སྨིན་པ་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ།། སྨྲས་པ།། རིགས་ཀྱི་བུ་ཁྱོད་ཀྱིས་ལས་ཇི་ལྟ་བུ་ཞིག་བྱས་ན། ཁྱོད་འདི་ལྟར་ལུང་བསྟན།། སྨྲས་པ། ཚངས་པ་ལས་གང་ལུས་དང་། ངག་དང་། ་ཡིད་ཀྱིས་མ་བྱས་པ་དེ་གལུས་དེ་ནི་འདིའོ་ཞེས་བསྟན་དུ་རུང་ངམ། སྨྲས་པ། ཅིའི་ཕྱིར། སྨྲས་པ། ཅི་བྱང་ཆུབ་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ ་བྱང་ཆུབ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་མ་ཡིན་ནོ།། སྨྲས་པ།། མངོན་པར་འདུ་བྱེད་པས་བྱང་ཆུབ་འདུས་མ་བྱས་པས་ཐོབ་པར་ནུས་སམ ་སྦས་པ། དེ་ནི་མཡིན་ནོ།། སྦས་པ། ཚངས་པ་དེ་ལྔ་བས་ན་འདི་ལ་རྣམ་གྲངས་འདིས་གང་ལ་ལས་ཀྱང་མེད།། ལས་ཀྱི་འབྲས་བུའང་མེད།། མངོན་པར་འདུ་བྱེད ་པའི་འཇུག་པའང་མེད་པ་དེ་ནི་བྱང་ཆུབ་བོ།། བྱང་ཆུབ་ཇི་ལྟ་བར་ཐོབ་པའང་དེ་བཞིན་ཏེ། མངོན་པར་འདུ་བྱེད་པས་ལུང་བསྟན་པར་མི་འགྱུར་བར་རིག་པར་བྱའོ།། སྨྲས་པ། རིགས་ཀྱི་བུ ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱང་ནས་ཕྱིས་ལུང་བསྟན་པར་འགྱུར་རམ། སྤྲས་པ། ཚངས་པ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཕྱིས་ལུང་བསྟན་པར་འགྱུར་ཏེ། ཚངས་པ་གང་ཉོན་མོངས ་པ་ཐམས་ཅད་ཡོངས་སུ་གཏང་བ་འདི་ནི་སྦྱིན་པའོ།། གང་མངོན་པར་འདུ་ནི་བྱེད་པ་འདི་ནི་ཚུལ་ཁྲིམས་སོ།། གང་རྨ་མི་ཐོད་པ་འདི་ནི་བཟོད་པའོ།། གང་དབེན་པ་དེ་ནི་བརྩོན་འགྲུས་སོ།། ་གང་རབ་ཏུ་མི་གནས་པ་དེ་ནི་བསམ་གཏན་ནོ།། གང་སྤྲོས་པ་མེད་པ་དེ་ནི་ཤེས་རབ་སྟེ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་དག་ཅི་ལ་སྤྱོད། སྨྲས་པ། ཅིལའང ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་སྤྱོད་པ་མ་ཡིན་ནོ།། གང་སྤྱོད་པ་དེ་མི་སྤྱོད་པའོ།། གང་མི་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱོད་པ ་ཚངས་པ་རྣམ་གྲངས་འདིས་ནི་ཇི་ལྟར་སྤྱོད་པ་མ་ཡིན་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་དེ་སྐད་ཟེར་བ་ནི་དེ་བཞིན་འདི་དང་ཆོས་ཀྱི་དབྱིངས ་ཇི་ལྟ་བུར་ལུང་བསྟན་པ་དེ་ལྟ་བུ་རངའང་ལུང་བསྟན་ཏོ།། སྨྲས་པ།། རིགས་ཀྱི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མི་བསྟན་ཏོ།། སྨྲས་པ་འོ་ན་དེ་བཞིན་ཉིད་དང་ཆོས་ཀྱི ་དབྱིངས་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་དེའི་མཚན་ཉིད་ཀྱང་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་སྤྱད་ན ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ནམ ་བྱང་ཆུབ་སེམས་དཔའ་སྐྱེ་བ་ལའང་མི་སྤྱོད།། འགག་པ་ལའང་མི་སྤྱོད།། དགེ་བ་ལའང་མི་སྤྱོད། མི་དགེ་པ་ལའང་མི་སྤྱོད།། འཇིག་རྟེན་པ་ལའང་མི་སྤྱོད།། འཇིག་རྟེན་ལས ་འདས་པ་ལའང་མི་སྤྱོད།། ཟག་པ་དང་བཅས་པ་ལའང་མི་སྤྱོད། ཟག་པ་མེད་པ་ལའང་མི་སྤྱོད། ཁ་ན་མ་ཐོ་བ་དང་བཅས་པ་ལའང་མི་སྤྱོད། ཁ་ན་མ་ཐོ་བ་མེད་པ་ལའང་མི་སྤྱོད ་འདུས་བྱས་ལའང་མི་སྤྱོད། འདུས་མ་བྱས་ལའང་མི་སྤྱོད། རྣལ་འབྱོར་ལའང་མི་སྤྱོད་རྣལ་འབྱོར་མ་ཡིན་པ་ལའང་མི་སྤྱོད་སྤོང་བ་ལའང་མི་སྤྱོད། སྤོང་བ་མ་ཡིན ་པ་ལའང་མི་སྤྱོད།། འཁོར་བ་ལའང་མི་སྤྱོད། མྱ་ངན་ལས་འདས་པ་ལའང་མི་སྤྱོད། མཐོང་བ་ལའང་མི་སྤྱོད། ཐོས་པ་ལའང་མི་སྤྱོད། དྲན་པ་ལའང་མི་སྤྱོད།། རྣམ་པར་ཤེས་པ ་ལའང་མི་སྤྱོད། སྦྱིན་པ་ལའང་མི་སྤྱོད་གཏོང་བ་ལའང་མི་སྤྱོད། ཚུལ་ཁྲིམས་ལའང་མི་སྤྱོད་སྡོམ་པའང་མི་སྤྱོད་བཟོད་པརའང་མི་སྤྱོད ་མི་འགྱུར་བ་ལའང་མི་སྤྱོད། བརྩོན་འགྲུས་རྩོམ་པལའང་མི་སྤྱོད། བསམ་གཏན་ལའ་ནི་སྤྱོད། ཏིང་ངེ་འཛིན་རྣམས་ལའང་མི་སྤྱོད། ཤེས་རབ་ལའང་མི་སྤྱོད། ནན་ཏན་དགའའང ་མི་སྤྱོད། ཡེ་ཤེས་ལའང་མི་སྤྱོད། ཁོང་དུ་ཆུད་པལའང་མི་སྤྱོད། བྱང་ཆུབ་སེམས་དཔ་འདི་ལྟར་སྤྱོད་ན།། དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ལྷག་པར་བྱེད་པ་སྟེ། བྱང་ཆུབ་ནི་ལྷག་པར་བྱེད་པ་མཡིན་ནོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ཡོངས་སུ་རྟོག་པ ་བྱང་ཆུབ་ནི་ཡོངས་སུ་རྟོག་པ་མེད་པའོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་མངོན་པར་འདུ་བྱེད་པ་སྟེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པ་མེད་པའོ།། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་སྤོས ་པ་སྟེ། བྱང་ཆུབ་ནི་སྤོས་པ་མྱེད་པའོ།། ཚུངས་བདེ་བས་ན་ནམ་གྲངས་འདིས་ཅིན་སུ་སྤོད་པ་ཐམས་ཅད་ལས་ཡང་དག་པར་འདས་ངའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་བསྟན་པར ་འགྱུར་བར་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་པ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་པདས་ལུང་བརྟན་པ་ཞེས་བགྱི་བ་རུང་བསྟན་པ ་དེ་གང་གི་ཚིག་བླ་གས་ལགས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཆོས་ཐམས་ཅད་ལ་གཉིས་བྲལ་བ་སྟེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱའོ།། སྐྱེ་བ་དང་འཇིག་པར་སྒྲོ་མི ་འདོགས་ཏེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱའོ།། ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམས་ཀྱིས་དབེན་པ་སྟེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱའོ།། ཚངས་པ་ངས་མངོན་པར ་ཤེས་པ་འདས་པའི་དུས་ན། བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་བྱུང་ངོ་།། དེ་བཞིན་གཤེགས་པ་དེ ་ངག་ཐམས་ཅད་ལ་ངས་བཀུར་སྟིར་བྱས།། བཙུན་པར་བྱས།། རི་མོར་བྱས་མཆོད་པར་བྱས་ཀྱང་།། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། དེའི་ཕ་རོལ་ཏུ ་བསྐལ་པ་ཤིན་ཏུ་སྤྲུལ་པ་ཞེས་བྱ་བ་བྱུང་སྡེ།། དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལངས་བཀུར་སྟིར་བྱས། བཙུན་པར་བྱས།། རི་མོར་བྱས། མཆོད ་པར་བྱས་ཀྱང་།། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། ཚངས་པ་དེའི་ཡང་ཕ་རོལ་ན།། ཚངས་པས་བསྔོན་པ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། དེ་ལ་དེ་བཞིན ་གཤེགས་པ་སྟོང་ཕྲག་བཅོ་བརྒྱད་ལངས་བཀུར་སྟིར་བྱས།། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་།། དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ།། ཚངས་པ་དེའི། ་ཡང་ཕ་རོལ་ན། བསྐལ་པ་ལེགས་པར་དྲངས་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགསང་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལ་ངས་བཀུར་སྟིར་བྱས་བཙུན་པར ་བྱས་རི་མོར་བྱས། མཆོད་པར་བྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིསང་ལུང་མ་བསྟན་ཏོ།། དེའི་ཡང་ཕ་རོལ་ན་ཚངས་པ་བཀལ་བ་བཀོད་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ ་བཞིན་གཤེགས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལདུས་བཀུར་སྟིར་བྱས་བཙུན་པར་བྱས།། རི་མོར་བྱས།། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིསང་ལུང་མ ་བསྟུན་ཏོ།། ཚངས་པངས་གང་རྣམས་པ་རི་མོར་བྱས་པ་དང་། མཆོད་པར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བཙུན་པར་བྱས་པ་དང་། གང་ལསངས་ཚངས་པར ་སྤྱོད་པ་སྤྱད་པ་དང་། ངས་དོག་པ་ཐམས་ཅད་ཡོངས་སུ་བཏང་བ་བྱས་པ་དང་། ཚུལ་ཁྲིམས་དང་སྦྱངས་པའི་ཡོན་ཏན་ཡང་དག་པར་བཟུང་བ་ངས་བླངས་པ་དང་། ངས་ཟོ་བའི ་ཐ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། འཆབ་པ་མེད་པར་བྱས་ནས། ངས་བཟོད་པ་དང་། བྱམས་དང་སྒོམས་པ་དང་། བསམ་གཏན་དང་། རབ་ཏུ་དབེན་པར ་སྤྱོད་པ་དང་། དབེན་པར་གནས་མལ་འཆབ་པ་དང་། ཟས་དང་སྒྲའི་རྗེས་སུ་འགྲོ་བའི་དྲི་བ་ཡོངས་སུ་དྲི་བ་དང་། དེ་བྱེད་པའི་བརྩོན་འགྲུས་ཀྱིས་ཐོས་པ་ཐམས་ཅད་ཁོང་དུ་ཆུད་པར ་བྱས་པའི་དེ་བཞིན་གཤེགས་པ་དེ་དག་གི་མིང་ཡང་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་དུ་ཡོད་ཀྱང་།། དེ་བཞིན་གཤེགས་པ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ལྟར་ང་སྤྱོད་པ་ལ་གནས་པར་གྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཀྱང་ཅི་ནས་བྱང་ཆུབ་སེམས་དཔ་བ་སྤྱོད་པ ་ཐམས་ཅད་ལས་འདས་པ་རྣམས་ལ་ལུང་བསྟན་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། ཚངས་པ་གང་གི་ཚངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ ་པ་དེ་ནས་གདོད་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ངལ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་ན། ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏེ།། དེ་ན་ང་སྤྱོད་པ་ཐམས་ཅད་ལས་འདས་སོ།། དེ་ན་ངའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ་མཚན་མ་ཐམས་ཅད་ཡོངས་སུ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་དམིགས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡུལ་རྣམས་ལ་རྨས་པར་མི་འགྱུར ་བ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་ཆོས་ཐམས་ཅད་དབེན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཡིད་ལ་བྱེད་པ་ཐམས་ཅད་ལ་མི་འཇུག་པ་དེ་ནི་བསམ་གཏན་གྱི་ཕ་རོལ ་བྱབྱ། ཏུ་ཕྱིན་པའོ།། གང་རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡེ། ཚངས་པ་དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་ནར་མེ་མཛད་ལས ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱས་སོ།། ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི་ཕྱིས་མི་དམིགས་པས་སྦྱིན་པ་ཡོངས་སུ་གཏོང་བ་དེ་ལ་བརྒྱའི ་ཆར་ཡང་ཉེ་བར་མི་འགྱུར་བ་ནས་དཔེའི་བར་དུའང་ཉེ་བར་མི་འགྲོའོ།། གང་དང་པོའི་ཚུལ་ཁྲིམས་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དེ་ནི་ཤིན ་ཏུ་སྦྱངས་པའི་ཚུལ་ཁྲིམས་དེ་ལ་དཔེའི་བར་དུའང་ཉེ་བར་མི་འགྲོའོ།། གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་བཟོད་པ་དང་ངེས་པ་དེ་ནི་ཤིན་ཏུ་བཟོད་པའི་ཆོས་ཉིད་དེ་ལ་རྒྱུར་ཡང་ཉེ་བར་མི་འགྲོའོ།། ་གང་སེམས་དང་པོ་བསྐྱེད་པ་ཚུན་རད་ནས་བཟུང་སྟེ། བརྩོན་འགྲུས་བརྩམས་པ་དེ་ནི་བླང་བ་མེད་པ་དང་། དོར་བ་མེད་པའི་བརྩོན་འགྲུས་དེ་ལ་དཔེའི་བར་དུའང་ཉེ་བར་མི་འགྲོའོ།། ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་བསམ་གཏན་རབ་ཏུ་དབེན་པར་གནས་པ་དེ་ནི་རབ་ཏུ་ཞི་བ་མཚན་མ་མེད་པ་དེ་ལ་དཔེའི་བར་དུའང་ཉེ་བར་མི་འགྲོའོ།། ཚངས་པ་གང་སེམས་དང ་པོ་བསྐྱེད་པ་ཚུན་ཆད་ཀྱི་ཤེས་རབ་ཀྱིས་སོ་སོའི་རྟོག་པ་དེ་ནི་སྤྲོས་པ་མེད་པའི་ཤེས་རབ་དེ་ལ་དཔེའི་བར་དུའང་ཉེ་བར་མི་འགྲོ་སྟེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་འདི་ལྟར་ངས་དེའི་ཚེ ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ་ཞེས་དེ་ལྟར་རིག་པར་བྱའོ།། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ལགས། བཀའ་སྩལ་པ ་གང་གཏོང་བ་ལ་རློམ་སེམས་མེད་པ་དང་། ཚུལ་ཁྲིམས་ལ་མི་གནས་པ་དང་། བཟོད་པ་ལ་རྣམ་པར་མི་རྟོག་པ་དང་། བརྩོན་འགྲུས་ལ་བླང་བ་མེད་པ་དང་བསམ་གཏན་ལ་མི་གནས ་པ་དང་ཤེས་རབ་ལ་གཉིས་སུ་མེད་པ་འདི་ན་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས ་ནས་ཅི་ཡོངས་སུ་རྫོགས་པར་བགྱིདབཀའ་སྩལ་པ།། ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ།། ་གསོལ་པ། བཅོམ་ལྡན་འདྲས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད། བཀའ་སྩལ་པ། ཚངས་པ ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ།། དེ་བས་ན་མཉམ་པ་ཉིད་འདིས ་ཆོས་ཐམས་ཅད་མཉན་པ་ཉིད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པའི་མཉམ་པ་ཉིད་དོ།། གཞན་ཡང་ཚངས་པ་སྦྱིན་པ་འི་འདུ་ཤེས་ཡོངས་སུ་རྫོགས་པ་དང ་ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་འདུ་ཤེས་ཡོངས་སུ་རྫོགས་ནས།། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས ་པར་བྱེད་དོ།། ཐམས་ཅད་མཁྱེན་པ་ཉིད་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། དེ་ལྟར་ན་ཚངས་པ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས། ཐམས་ཅད་མཁྱེན་པཉིད་ཡོངས་སུ ་རྫོགས་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མིག་མི་ལེན་པ་གཟུག ་མི་ལེན་པ་དེ་ནས།། ཡིད་དང་ཆོས་ཀྱི་བར་དུ་མི་ལེན་ཏེ།། ཚངས་པ་གང་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་པོ་འདི་རྣམས་མི་ལེན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའོ།། ཚངས་པ ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱས་ན་མིག་ལ་མི་ཆགས། རྣ་བ་ལ་མི་ཆགས། སྣལ་མི་ཆགས། ཡུལ་མི་ཆགས། ལུས་ལ་ནི་ཆགས།། ཡིད་ལ་མི་ཆགས་ཏེ། དེ་བས་ན་དེ་བཞིན ་གཤེགས་པའི་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ཡིན་ནོ།། ཚངས་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་གང་ཡང་མི་ལེན་ཏོ།། ཚངས་པ་འདི་ལྟར་ཐམས ་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྣོད་དུ་མ་གྱུར་པ་མིན་ཏེ། ཚངས་པ་སྣོད་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚིག་བླ་དགས་སོ།། དངོས་པོ་མེད་པ་ཞེས་བྱ་བ་ནི་བླ་གབ་མེད་པའི་ཚིག་བླ ་དགས་སོ།། ཐམས་ཅད་མཁྱེན་པ་ནི་བླ་གམ་མེད་པ་དང་མཚུངས་པ་སྟེ། དེ་བས་ན་དེ་ཆོས་གང་ཡང་མི་ལེན་ཏོ།། ཚངས་པ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་གནས་ཏེ་བྱ་བ་ཐམས་ཅད་བྱེད ་ཀྱང་རྟནམ་མཁའ་དེ་ནི་མི་གནས་པའོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ལ་ཡེ་ཤེས་ཐམས་ཅད་རྣམ་པར་བཞག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ནི་མི་གནས་སོ།། གསོལ་པ།། བཅོམ ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བ་བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི། བཀའ་སྩལ་པ། ཚངས་པ་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད ་པ་ཐམས་ཅད་དེས་ཤེས་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། དེ་དག་གི་བསམ་པ་ཐམས་ཅད་ཀུན་ཤེས་པ་དང་། སྦྱོར་བ་ཀུན་ཤེས་པ་དང་། སྙིང་རྗེ་ཀུན་ཤེས་པ་དང་། ་བསླབ་པ་ཀུན་ཤེས་པ་དང་།། ཡང་དག་པར་འཛིན་པ་ཀུན་ཤེས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། རྒྱུ་བ་ཐམས་ཅད་རྣམ་པར་སྤངས་པ་དང་།། རློམ་སེམས་ཐམས་ཅད ་བཅོམ་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དོ།། འཐོབ་པ་མེད་ཅིང་རྣམ་པར་རིག་པ་མེད་ལ་ཀླུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དེ་ལས་ཤེས་པར་འགྱུར ་བ་ན་། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཡེ་ཤེས་ཐམས་ཅད་མངོན་པར་རྟོགས་པ་དང་། སློབ་པའི་ཡེ་ཤེས་དང་། མི་སློབ་པའི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འདི་ལྟར་རྣམ་པར་བཞག་པས་ན།། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཡང་དག་པར་སྦྱོར་བས་འདི་ལས་ཡེ་ཤེས་འཇུག་པས་ན། དེའི་ཕྱིར ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། སྨན་ཐམས་ཅད་ཡོངས་སུ་ཤེས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་པས་དེའི་ཕྱིར་ཐམས་ཅད ་མཁྱེན་པ་ཉིད་ཅེས་བྱའོ།། བཅིངས་པ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམས་ཅད ་མཁྱེན་པ་ཉིད་ཅེས་བྱའོ།། རྟག་ཏུ་མཉམ་པར་བཞག་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། ་འཇིག་རྟེན་པ་དང་།། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་ཀྱང་ཐམས་ཅད་མཁྱེན་པ་འདི་ལས་རྣམ་པར་བཞག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། ཚངས་པ་དེའི་ཕྱིར་ཐམས ་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཁས་པའི་ཚིག་བླ་དགས་སོ།། དེ་ནས་བཅོམ་ལྡན་འདས་ལ།། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཀྱང་མཁྱེན་ལ། སེམས་ཀྱི་དམིགས་པ་ལའང་འཇུག་པ་མི་མངའ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས ་བསམ་གྱིས་མི་ཁྱབ་སྟེ་ངོ་མཚར་ཏོ།། བཅོམ་ལྡན་འདས་དེ་ལ་ཡོན་ཏན་གྱི་བྱེ་བྲག་ཚད་མ་མཆིས་པ་འདི་ལྟ་བུ་འདི་དག་གདབ་ན།། རིགས་ཀྱི་བུ་པོ་འམ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད།། དེ་ནས་བཅོམ་ལྡན་འདས་ལ།། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སུ་དག་ཡོན ་ཏན་རེ་བའི་སླད་དུ་བྱང་ཆུབ་ལ་འཇུག་ན།། དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ལགས་པར་རིག་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རེ་བར་བགྱི་བ་མ་མཆིས ་པའི་སྲང་དུ་ཆོས་ཐམས་ཅད་ནི་ཡོན་ཏན་དང་བྲལ་ཞིང་ཡོན་ཏན་མ་མཆིས་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོན་ཏན་གྱི་སླད་དུའམ།། ལེགས་པའི་སླད་དུ་བྱང་ཆུབ་ལ་འཇུག་པར ་མི་བགྱིའོ།། གཞན་དུ་ན་སྙིང་རྗེ་ཆེན་པོས་རྒྱུས་དག་གིས་སྡུག་བསྔལ་བས་ཡོངས་སུ་མི་སྐྲག་པའི་སླད་དུ། དགེ་བའི་ཆོས་བསྐྱེད་པར་བགྱི་བའི་སླད་དུ། ལྟ་བ་ལས་རྣམ་པར་ཐར་པར་བགྱི་བའི་སྲད་དུ ་ནད་ཐམས་ཅད་བསལ་པའི་སྲད་དུག། ཡོངས་སུ་འཛིན་པ་གཏོང་བའི་སླད་དུ། མཛའ་བ་དང་མི་མཛའ་བལ་མི་བལྟ་བའི་སླད་དུག་འཇིག་རྟེན་གྱི་རོས་རྣམས་ཀྱིས་མི་གོས་པའི་སྲང་དུ། ་འདུས་བྱས་ལ་སྐྱོ་བའི་སླད་དུ།། མྱ་ངན་ལས་འདས་པ་ལ་བདེ་བར་དགོད་པའི་སླད་དུ། དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔས་རེ་བ་མ་མཆིས་པར་བགྱི་སྟེ། ཕ་རོལ་ལ་མི་རེ་བར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་བགྱིས་པ་དང་།། མ་བགྱིས་པ་ལ་འགྱོད་པ་མ་མཆིས ་པར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་སྡུག་བསྔལ་གནོད་པར་མི་འགྱུར་རོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། རིགས་ཀྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲེད་ནི། དགེ་བའི་རྩ་བ་ཡོངས་སུ་དག་པར་མི་སྨྲའོ།། བརྒྱ་བྱིན་དུ་འགྱུར་བ་བང ་མ་སྨིན་། ཚངས་པར་འགྱུར་བ་བང་མ་ཡིན་ཏེ།། གང་ལ་སྐྱེ་བ་དང་སྐྱེ་གནས་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པའོ།། ནམ་བདག་ཀྱང་དགེ་བའི་རྗེ་བ་ཡོངས ་སུ་མི་འབྲེལ།། ཆུང་ངུ་དུད་འགྲོའི་སྐྱེ་གནས་སུ་སོང་བ་ཡན་ཆད་སེམས་ཅན་གཞན་གྱི་དགེ་བའི་རྩ་བ་རྣམས་སྐྱེད་པ་འདིནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པའོ།། ་དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཕྱིར་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ་གནོད་སེམས་མེད་པའི་ཕྱིར་བཟོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལེ་ལོ་མེད་པའི་ཕྱིར་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། རྩེ་གཅིག ་པའི་ཕྱིར་བསམ་གཏན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལྟ་བ་དང་བྲལ་བའི་ཕྱིར་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། སེམས་སྙོམས་པའི་ཕྱིར་བྱམས ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཆོས་ལ་མོས་པ་བསྐྱེད་པའི་ཕྱིར་དགའ ་པ་ནི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་དགེ་བའི་རྩ་བའོ།། མཛའ་བ་དང་སྡང་བ་མེད་པའི་ཕྱིར་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་འདོད་པའི ་ཕྱིར་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། །། བམ་པོ་བཞི་པ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར ་པ་འཁོར་དེར་འདུས་ཏེ་ཅང་མི་ཟེར་བར་འདུག་གོ། དེ་ནས་བཅོམ་ལྡན་པ་དས་ལ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇམ་དང་ལ་གཞོན་ནུར་གྱུར་པ་འདི ་འཁོར་འདིར་མཆིས་ཏེ། འདི་ལྟར་ཡང་དག་པར་བརྗོད་པའི་གཏམ་ཅུང་ཟད་ཀྱང་མི་སྟོན་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས།། འཇམ་དང་ལ་གཞོན་ནུར་གྱུར་པ་ལ་འདི། ་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་ཆོས་བསྟན་པ་འདི་ལ་ཁྱོད་གཏམ་གྱི་རྒྱུད་འགའ་ཞིག་སྤོབས་པར་གྱིས་ཤིག། འཇམ་དཔལ་གྱིས་གསོལ་པ་། ཆོས་གང་བཅོམ་ལྡན་འདས་ཀྱིས་མངོན་པར ་རྫོགས་པར་སངས་རྒྱས་པའི་ཆོས་དེ་ལ་གདགས་པ་གང་ཡང་མཆིས་སམ། བཀའ་སྩལ་ད།། འཇམ་དཔལ་ཆོས་དེ་ལ་གདགས་པ་གང་ཡང་མེད་དོ།། གསོལ་པ།། བཅོམ་ལྡན་འདས་ཆོས་དེ་བརྗོད ་པར་བགྱི་བ་ལགས་སམ་ག་སླུ་བར་བགྱི་བ་ལགས་སམ་བསྟན་པར་བགྱི་བ་ལགས་སམ། བཀའ་སྩལ་བ།། འཇམ་དཔལ་ཆོས་དེ་བརྗོད་པར་བྱ་བ་མ་ཡིན། སྨྲ་བར་བྱ་བ་མ་ཡིན།། བསྟན་པར ་བྱ་བ་མ་ཡིན།། གསོལ་པ། བཅོམ་ལྡན་འདས་ཆོས་གང་མ་བརྗོད།། མ་སྨྲས། མ་བསྟན་པ་དེ་བཤད་པར་ནུས་སམ། ཁྱད་པར་སེམས་ཀྱིས་སྨྲས་པ། འཇམ་དང་ལ་ཁྱོད་སེམས་ཅན་གཞན་དང ་གང་ཟག་གཞན་དག་ལ་ཆོས་མི་སྟོན་ཏམ། སྨྲས་པ། ཚངས་པ་ཅི་ཆོས་ཀྱི་དབྱིངས་གཉིས་སུ་རབ་ཏུ་ཕྱེ་བ་ཡིན་ནམ།། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ངེས་པ་མ་ཡིན ་ནམ་སྨྲས་པ།། ངེས་པ་ཡིན་ནོ།། སྨྲས་པ། ཚངས་པ་གལ་ཏེ་ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ཡིན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་ངེས་ན།། སེམས་ཅན་གཞན་དང་གང་ཟག་གཞན་དག་ལ་ཇི ་ལྟར་ཆོས་བསྟན་པར་བྱ་ག་སྦས་པ།། འཇམ་དཔལ་གཉིས་ཀྱང་མ་ཡིན་ལ། ཆོས་བསྟན་པ་ཡོད་དམ། སྨྲས་པ། ཚངས་པ་གལ་ཏེ་སྟོན་པའམ། ཉན་པ་འགའ་ཞིག་རྙེད་ན་ཡོད་དོ།། སྨྲས་པ། འཇམ་དཔལ་དེ་བཞིན། ་གཤེགས་པས་རོས་མ་བསྟན་ཏམ། སྨྲས་པ། བསྟན་མོད་ཀྱི། གཉིས་སུ་མ་ཡིན་ནོ།། དེའི་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཉིས་སུ་མེད་པར་ཆོས་སྟོན་ཏེ། གཉིས་སུ་མི་མཛད་དོ།། སྨྲས་པ། ་འཇང་དཔ་ལ་གལ་ཏེ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཡིན་ན། དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིས་སུ་མེད་པ་གཉིས་སུ་བྱེད། སྨྲས་པ། བདག་གི་རྒྱུད་ལ་བདག་ཏུ་འཛིན་པས་བྱིས ་པ་སོ་སོའི་སྐྱེ་བོ་རྣམས་གཉིས་སུ་བྱེད་དེ་གཉིས་སུ་མེད་ནི་ནམ་ཡང་གཉིས་སུ་མི་འགྱུར་རོ།། ཇི་ཙམ་དུ་མང་དུ་གཉིས་སུ་བྱས་ཀྱང་གཉིས་སུ་མེད་པའི་མཐའ་གཉིས་སུ་མེད་དོ།། སྨྲས་པ། འཇམ ་དཔལ་གཉིས་སུ་མེད་པ་ཅི་རྣམ་པར་རིག་པར་བྱེད། སྨྲས་པ། གལ་ཏེ་རྣམ་པར་རིག་པར་བྱེད་ན་གཉིས་སུ་མེད་པ་མ་ཡིན་པར་འགྱུར་ཏེ། གཉིས་སུ་མེད་པ་ནི་རྣམ་པར་རིག་པ་མེད་པའོ།། ་ཚངས་པ་གཉིས་ཞེས་བྱ་བ་ནི་རྣམ་པར་རིག་པའོ།། དེ་བཞིན་གཤེགས་པས་ནི་རྣམ་པར་རིག་པ་མེད་པར་ཆོས་བསྟན་ཏེ།། ཆེས་དེའང་ཇི་ལྟར་བསྟན་པ་དེ་བཞིན་དུ་མ་ཡིན་ནོ།། དེ་ཅིའི ་ཕྱིར་ཞེ་ན། ཆོས་དེ་མི་གེ་མེད་པའི་ཕྱིར་རོ།། སྨྲས་པ།། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་དུ་འགྲོ།། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་ཆོས ་བསྟན་པ་ནི་འགྲོ་བ་མེད་པར་འགྲོ་བའོ།། སྤྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་མྱ་ངན་ལས་བླངས་པར་འགྲོ་བའི་ཆོས་མ་བསྟན་ཏམ། སྦས་པ ་ཅི་མྱ་ངན་ལས་འདས་པ་ལ་འགྲོ་བ་འམ་འོང་བར་དམིགས་སམ། སྨྲས་པ་ཀ་མྱ་ངན་ལས་འདས་པ་ལ་འོང་བའང་མེད། འགྲོ་བའང་མེད་དོ།། སྦས་པ་ག་ཚངས་པ་དེ་ལྟ་བས་ན་དེ་བཞིན ་གཤེགས་པས་འགྲོ་བ་མེ་ད་དཱར་འགྲོ་དཱའི་ཆོས་བསྟན་ཏོ།། སྨས་པ། ཇི་ལྟར་ཐོས་པྲ། སྨྲས་པ། ཇི་ལྟར་བརྗོད་པ་བཞིན་དུའོ།། སྨས་པ་ཀ་ཇི་ལྟ་བུ་བརྗོད།། སྨྲས་པ་ཇི་ལྟར་རྣམ ་པར་རིག་པ་མེད་པ་དང་ཐོས་པ་མེད་པ་བཞིན་ནོ།། སྨྲས་པ།། དེ་བཞིན་གངཤེགས་པའི་རོས་ཉན་པ་གང་ཡིན། སྨྲས་པ་ག་གང་ཡུལ་ལ་ཟག་པ་མེད་པ་རྣམས་སོ།། སྨྲས་པ་ཆོས་འདི ་སུས་ཤེས་པར་འགྱུར། སྦས་པ། གང་རྩོད་པར་མི་འགྱུར་བ་དང་། ཤེས་པར་མི་འགྱུར་བ་དང་། རྗེས་སུ་ཤེས་པར་མི་འགྱུར་བ་རྣམས་སོ།། སྦ་སྭ་པ། བཇམ་དཔལ་ཇི་ལྟར་ན་དགེ ་སློང་རྩོད་པ་མང་བ་ཡིན།། སྦས་པ། འདི་ནི་རིགས་འདི་ནི་མི་རིགས་སོ་ཞེས་བྱ་བ་འདི་ནི་རྩེད་པའོ།། དེ་བཞིན་དུ་བསྡུས་ཏེ་འདི་ནི་འབྲེལ་པཔོ་འདི་ནི་མ་འ་བྲེལ་དུའོ་ཞེས་བྱ་བ་དང་། འདི་ནི ་ཉོན་མོངས་པའོ་འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་དང་།། འདི་ནི་དགེ་བཔོ་འདི་ནི་མི་དགེ་པའོ་ཞེས་བྱ་བ་དང་།། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ་འདི་ནི་ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བ་དང ་འདི་ནི་ཟག་པ་དང་བཅས་པའོ་འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དང་། འདི་ནི་འཇིག་རྟེན་པའོ་འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དང་། འདི་ནི་འདུས་བྱས་སོ་འདི་ནི་འདུས་མ་བྱས་སོ་ཞེས ་བྱ་བ་དང་། འདི་ནི་ཚུལ་ཁྲིམས་སོ་འདི་ནི་ང་ཚུལ་ངན་པའོ་ཞེས་བྱ་བ་དང་། འདི་ནི་བླང་པོ་འདི་ནི་དྲང་མ་ཡིན་པའོ་ཞེས་བྱ་བ་དང་། འདི་ནི་འཐོབ་པར་འགྱུར་རོ་འདིས་ནི་འཐོབ་པམ་ཡིན་པར་འགྱུར ་ཞེས་བྱ་བ་འདི་ནི་རྗོད་པའོ།། ཚུངས་པ་ཇི་ཙམ་དུ་ཁེང་ས་པ་དང་།། འདུད་པ་དང་། ལེན་པ་དང་། འདོར་བ་དེ་ཙམ་དུ་རྩོད་པ་སྟེ། དེ་བཞིན་གཤེགས་པས་ནི་རྩོད་པ་མེད་པར་ཆོས་བསྟན་ཏོ།། སྤྲོས་པ ་ལ་དགའ་བ་ལ་ནི་མི་རྩོད་པ་མེད་དོ།། རྩོད་པ་མང་བ་ལ་ནི་དགེ་སྦྱོང་དུ་གྱུར་པ་མེད་དོ།། དགེ་སྦྱོང་འདོད་པ་ལ་ནི་འཐབ་པ་མེད་དོ།། སྨྲས་པ། འཇམ་དཔལ་ཇི་ལྟར་དགེ་སློང་དེ་བཞིན་གཤེགས་པའི ་བསྟན་པ་བཞིན་བྱེད་པ་དང་།། བཀའ་བཞིན་བྱེད་པར་འགྱུར། སྨྲས་པ། ཚངས་པ་ནམ་དགེ་སློང་བསྟོད་པ་དང་། སྨད་པ་བྱས་ཀྱང་གནོད་པ་མེད་ན། དེ་ལྟར་ན་བསྟན་པ་བཞིན་དུ་བྱེད་པ་ཡིན་ནོ།། གང་ཡི ་གེའི་རྗེས་སུ་མི་སྙེགས་ན་དེ་ལྟར་ན་དཀའ་བཞིན་དུ་བྱེད་པ་ཡིན་ནོ།། གང་མཚན་མ་ཐམས་ཅད་ལས་ཞི་བར་གྱུར་ན།། དེ་ལྟར་ན་བསྟན་པ་བཞིན་བྱེད་པ་ཡིན་ནོ།། གང་དོན་དང་འགལ་བར་མི་བྱེད་ན་དེ་ལྟར ་ན་བཀའ་བཞིན་བྱེད་པ་ཡིན་ནོ།། གང་ཆོས་ཡོངས་སུ་སྲུང་ན་དེ་ལྟར་ན་བསྟན་པ་བཞིན་བྱེད་པ་ཡིན་ནོ།། གང་ཚིག་རྣམས་དང་འཐུན་པར་མི་བྱེད་ན་དེ་ལྟར་ན་བཀའ་བཞིན་བྱེད་པ་ཡིན་ནོ།། སྨྲས་པ ་འཇམ་དཔལ་ཇི་ལྟར་ན་དགེ་སློང་དམ་པའི་ཆོས་ཡོངས་སུ་སྲུང་བ་ཡིན། སྨྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མི་བྱེད་ཅིང་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར ་མི་བྱེད་ན། དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་སྲུང་བ་ཡིན་ནོ།། སྨྲས་པ།། འཇམ་དང་ལ་ཇི་ལྟར་ན་དགེ་སློང་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན། སྨྲས་པོ། ཚངས་པ་གང་ཆོས ་གང་ལའང་ཉེ་བ་འམ། རིང་བ་མེད་པར་མཐོང་བའི་དགེ་སློང་དེ་ནི།། དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན་ནོ།། སྡུས་པ་ཇི་ལྟར་ན་བཇམ་དཔལ་དགེ་སློང་དེ་བཞིན་གཤེགས ་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱེད་པ་ཡིན།། སྦས་པ།། ཚངས་པ་དགེ་སློང་གང་ལུས་དང་། ངག་དང་ཡིད་ཀྱིས་རྟུལ་བར་མི་བྱེད་པའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་བསྟན ་བཀུར་བྱེད་པའོ།། སྨྲས་པ། འཇུན་དཔལ་སུས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར། སྨྲས་པ།། ཚངས་པ་གང་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བར ་ཉེ་བར་འགྲོ་བའི་འདུ་བྱེད་ཐམས་ཅད་མངོན་པར་འདུ་མི་བྱེད་པའོ།། སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ། གང་ཤའི་སྤྱན་དང་། ལྷའི་སྤྱན་དང ་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལའང་མངོན་པར་མ་ཆགས་པ་དེས་དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ་འཇམ་དཔལ་སུས་ཆོས་མཐོང ་སྨྲས་པ་གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ཞིང་འགལ་བར་མི་བྱེད་པ་རྣམས་ཀྱིས་སོ།། སྨྲས་པ། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་། སྦས་པ།། གང་མཉམ་པ་ཉིད ་མི་སྐྱེད་ཅིང་འགལ་བར་མི་བྱེད་པས་སོ།། སྨྲས་པ། འཇམ་དཔལ་སུ་དག་མངོན་པར་ཤེས་པ་ཐོབ། སྨྲས་པ། གང་ཟག་པ་མི་སྐྱེད་ཅིང་མི་འགོག་པ་རྣམས་སོ།། སྨྲས་པ། འཇམ་དཔལ ་སུ་དེ་བཞིན་གཤེགས་པའི་བསླབ་པ་ལ་སློབ། སྦས་པ། གང་མངོན་པར་འདུ་མི་བྱེད་པ་དང་མྱོང་བར་མི་བྱེད་པ་དང་། མི་སྐྱེད་པ་དང་སོ་སོར་མི་སྤོང་བ་རྣམས་སོ།། སྦས་པ ་འཇམ་དང་ལ་སུ་ཡང་དག་པར་ཞུགས། སྦས་པ། གང་ཁམས་གསུམ་པ་ལ་མཞུགས་པའོ།། སྦས་པ། འཇམ་དཔལ་གང་ཤིན་ཏུ་དུལ་བ་ཡིན་ནོ།། སྨྲས་པ། གང་ཡང ་སྲིད་པ་མི་ལེན་པའོ།། སྨྲས་པ། འཇམ་དཔལ་གང་བདེ་བར་གྱུར་པ་ཡིན། སྦས་པ། གང་ང་ཡིར་བྱ་བ་མེད་པ་རྣམས་སོ།། སྨྲས་པ། འཇམ་དཔལ་སུ་དག་གྲོལ་བ་ཡིན་སྨྲས་པ། ་གང་དམིགས་པ་འཁྲུག་པར་མི་བྱེད་པ་རྣམས་སོ།། སྦས་པ། འཇམ་དཔལ་སུ་དག་རྒལ་བ་ཡིན། སྦས་པ། གང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་རྣམས་སོ།། སྨྲས་པ ་འཇམ་དཔལ་ཟག་པ་ཟད་པའི་དགེ་སློང་ཅི་ཟད། སྨྲས་པ།། ཚངས་པ་གལ་ཏེ་ཟད་པར་འགྱུར་ན་ནི་ཟག་པ་ཟད་པར་མི་འགྱུར་ཏེ། ཟག་པ་དེ་དག་ནི་སྐད་ཅིག་པ་ཡིན་པ་དེས་དེ་དག་དེ་བཞིན་དུ ་བྱ་བྱ། ཤེས་པས་ན་དེའི་ཕྱིར་ཟག་པ་ཟང་པ་ཞེས་བྱའོ།། སྨྲས་པ་ཀ་འཇམ་དང་ལ་སུ་དག་བདེན་པར་སྔ་བ་ཡིན། སྨྲས་པ་གང་རྩོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ ་རྣམས་སོ།། སྦས་པ་འཇམ་དཔལ་སུ་ལམ་དུ་ཞུགས་པ་ཡིན། སྦས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལམ་དུ་ཞུགས་པའོ།། སྨྲས་པ། འཇན་དཔལ་སུ་ལ་མངན་པར་ཞུགས ་པ་ཡིན། སྡུས་པ། གང་གིས་ཆོས་ཐམས་ཅད་གང་ནས་ཀྱང་མའོངས་པ་དང་། གང་དུའང་མི་འགྲོ་བར་ཤེས་པའི་འཕགས་པ་རྣམས་སོ།། སྦས་པ།། འཇམ་དཔལ་བདེན་པ་མཐོང་བ་གང་ཡིན ་སྨྲས་པ།། ཆོས་གང་ཡང་མི་མཐོང་བའོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་མཐོང་བ་དེ་ཙམ་དུ་བརྫུན་ཏེ། མཐོང་བ་མེད་པ་ནི་བདེན་པ་མཐོང་བའོ།། སྨྲས་པ། གང་མ་མཐོང་བས་བདེན་པ་མཐོང ་སྨྲས་པ།། ལྟ་བར་གྱུར་པ་ཐམས་ཅད་མ་མཐོང་བས་བདེན་པ་མཐོང་བའོ།། སྨྲས་པ། དེ་གང་དུ་བཙལ་བར་བྱ། སྨྲས་པ། ཕྱིན་ཅི་ལོག་བཞི་དག་ལས་བདེན་པ་བཙལ་བར་བྱའོ།། སྨྲས་པ། ་འཇམ་དཔལ་ཅིལ་བསམས་ཏེ་དེ་སྐད་སྟོན།། སྤྲས་པ། ཕྱིན་ཅི་ལོག་པ་ནི་ཚུལ་བ་གང་ཡིན་པ་དེ་ལ་རྟག་བབུང་མེད།། བདེ་བཟུང་མེད། བདག་ཀྱང་མེད། གཙང་བའང་མེད་དོ།། གང་ལ་རྟག ་པ་མེད་པ་དེ་ནི་མི་རྟག་པའོ།། གང་ལ་བདེ་བ་མེད་པ་དེ་ནི་སྡུག་བསྔལ་བའོ།། གང་ལ་བདག་མེད་པ་དེ་ནི་བདག་ཡོད་པའོ།། གང་ལ་གཙང་བ་མེད་པ་དེ་ནི་མི་གཙང་བའོ།། ཚངས་པ་ཆོས་ཐམ ་ཅད་ལ་བདག་མེད་པ་ནི་འཕགས་པའི་བདེན་པ་ཚོལ་བ་སྟེ། གང་བདེན་པ་ཚོལ་བ་དེ་ནི་སྡུག་བསྔལ་ཡོངས་སུ་མི་ཤེས་པ་ནས།། ལམ་གྱི་བར་དུ་མི་སྒོམ་པའོ།། སྦས་པ། འཇམ་དཔལ་ཇི་ལྟར་ན་ལམ ་ལ་སྒོམ་པ་ཡིན།། སྨྲས་པ། སྒོམ་པ་ནི་ཇི་ལྟར་དངོས་པོར་ཡང་མི་ལྟུང་། དངོས་པོ་མེད་པར་ཡང་མི་ལྟུང་ཞིང་། ཆོས་གང་ཡང་དངོས་པོར་ཡང་མི་ལྟུང་ངོ་།། དངོས་པོ་མེད་པར་ཡང་མི་བྱེད་དོ།། ་ཚངས་པ་གཉིས་དང་བྲལ་བ་ནི་ལམ་མོ།། ལམ་གང་གིས་བཙལ་བས་ཆོས་ཐམས་ཅད་མི་དམིགས་པ་འདི་ནི་ལམ་མོ།། ལམ་གང་གང་དུའང་ཕྲད་པར་མི་བྱེད།། འདོར་བར་ཡང་མི་བྱེད་ཅིང ་འཁོར་བའང་མེད། མྱ་ངན་ལས་འདས་པབང་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། འཕྲད་པར་བྱེད་པའང་མེད། འདོར་བའང་མེད་པ་ནི་འཕགས་པ་རྣམས་ཀྱི་ལམ་མོ།། དེ་ནས་བྲམ་ཟེ་ཤིང་སཱ ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ཞེས་བྱ་བས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན་དགེ་བསྙེན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན ་ཇི་ལྟར་ན་ཆོས་ལ་སྣརུབས་སུ་སོང་བ་ཡིན། ཇི་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། སྨྲས་པ། རིགས་ཀྱི་བུ་ནམ་དགེ་བསྙེན་ལྔ་པ་གཉིས་ཉེ་བར་མི་ལེན་པ་སྟེ། གཉིས་གང་ཞེ་ན ་བདག་ཏུ་ལྟ་བ་ནི་ལེན། ཕ་རོལ་ཏུ་ལྟ་བ་མི་ལེན།། བདག་ཏུ་ལྟ་བ་མི་ལེན། སངས་རྒྱས་སུ་ལྟ་བ་མི་ལེན།། བདག་ཏུ་ལྟ་བ་ནི་ལེན།། ཆོས་སུ་ལྟ་བ་མི་ལེན། དགེ་འདུན་དུ་ལྟ་བ་མི་ལེན་པ་ཙམ ་ཀྱི་དགེ་བསྙེན་སངས་རྒྱས་དང་།། ཆོས་དང་།། དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུནམ་དགེ་བསྙེན་དེ་བཞིན་གཤེགས་པ ་གཟུགས་སུ་ཁས་ནི་ལེན་ཚོར་བར་ཡང་མ་ཡིན།། འདུ་ཤེས་སུ་མ་ཡིན།། འདུ་བྱེད་དུ་མ་ཡིན་དེ་བཞིན་གཤེགས་པ་རྣམ་པར་ཤེས་པར་ཡང་ཁས་མི་ལེན་ན། དེ་ལྟར་ན་སངས་རྒྱས ་ལ་སྐྱབས་སུ་སོང་བ་ཡིན་ནོ།། ནམ་ཆོས་གང་ལའང་རྣམ་པར་མི་རྟོག་ཅིང་། སྒྲོ་མི་འདོགས་ན་དེ་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ།། ནམ་དགེ་འདུན་འདུས་མ་བྱས་སུའང་མོས ་ལ། འདུས་བྱས་ལས་གུད་ནའང་འདུས་མ་བྱས་སུ་མོས་པར་ཡང་མི་བྱེད་ན། དེ་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་ནམ་དགེ་བསྙེན་སངས་རྒྱས་སུ་དང ་མི་དམིགས།། ཆོས་སུའང་མི་དམིགས་པདགེ་འདུན་དུའང་མི་དམིགས་ན། དེ་ལྟར་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། མཉམ་པར་གནས་པས་སྦས་པ། ་འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་འདི་དག་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་དེ་དག་གང་དུ་རབ་ཏུ་ཞུགས་པ་ཡིན། སྦས་པ། བླ་གབ་མེད་པ་ལ་རབ་ཏུ་ཞུགས་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང ་ཆུབ་ནི་བླ་གབ་མེད་པ་དང་མཚུངས་སོ།། སྦས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱ། སྦས་པ། རིགས་ཀྱི་བུནམ་བྱང་ཆུབ་སེམས་དཔའ ་རབ་ཏུ་འཇུག་པ་ཐམས་ཅད་རབ་ཏུ་འཇུག་པ་མ་ཡིན་པར་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཆོས་མ་ཡིན་པར་རབ་ཏུ་ཤེས་པ་དང་། སེམས་ཅན་ཐམས་ཅད་སེམས་ཅན་མ་ཡིན་པར་རབ་ཏུ་ཤེས་པ ་སྟེ་དེ་སྦྱར་ན་རིགས་ཀྱི་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་། བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས ་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟ་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དངུ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀྲེའ་སྩལ་པ། རིགས་ཀྱི་བུ་ན་མ་བྱུང ་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེད་ཅིང་། ཡང་དག་པར་ངེས་པའི་སེམས་ཅན་རྣམས་ལ་ལྷག་པར་གུས་པ་མི་སྐྱེད་པའི་ཚིག་བླ་དགས་ནི་བྱང་ཆུབ་སེམས ་དངའ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དང་བ་ནི་ངེས་པ་དང་མ་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་ཀྱི། གཞན་དུ་ན་ལྡོག་པར་ངེས ་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་འདྲ་བསཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན ་རྣམས་ལ་སྙིང་རྗེ་བར་བྱས་ནས་བྱང་ཆུབ་ཏུ་སྔོན་ལམ་འདེབས་ཏེ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཅེས་བྱ་བས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་བདག་ཀྱང་སྤོབས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བྱང་ཆུབ་ཁྱོད་སྤོབས་པར་གྱིས་ཤིག། བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས་པའམ། བུད་མེད་ཇི་ལྟ་བུར་བསྟན་པའི་སན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལམ ་རལ་མ་ཞིག་པར་ཉེ་བར་གནས་ན། དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་ངོ ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ།། བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས ་བསྟན་པས་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལྷག་པའི་བསམ་པ་བསྟན་པས་སེམས་ཅན་ལ་མི་དམིགས་པའི་བྱམས་པ་དང་ལྡན་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཅན་སྒྲོལ་གྱིས་གསོལ་པ་། བཅོམ་ལྡན་འདས་འདི་ལྟ་སྟེ་ག་དཔེར་ན་གྲུབ་མ་ཟམ་པ་ནི་སེམས་ཅན་རྒལ་བ་ལ་སྐྱོ་བ་མ་མཆིས་ཤིང ་རྣམ་པར་མི་རྟོག་པ་དེ་བཞིན་དུ་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་སེམས་ཅན་ཐམས་ཅད་བསྒྲལ་པའི་སླད་དུ་དེ་ལྟ་བུའི་སེམས་མཆིས་པ་དེ་ནི་དེའི་སྲང་དུ་བྱང་ཆུབ་སེམས་དཔའ་ཞེས ་བགྱིའོ།། བྱང་ཆུབ་སེམས་དངའངན་སོང་སེལ་གྱིས་གསོལ་པ་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་གང་དུ་སུག་པ་བཞག་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི ་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གང་མཐོང་བ་ཙམ་གྱིས་སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། མིང་ཐོས་པས་ཀྱང་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས ་བགྱིའོ།། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གོམ་པ་འདོར་ཞིང་མཆི་བ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ ་ཀྱི་བདུད་ཀྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མི་སྐྱོ་བས་གསོལ་དང་། བཅོམ་ལྡན་འདས་གལ ་ཏེ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙད་ཉིན་ཞག་གཅིག་ཏུ་གྱུར་ལ། དེ་ཉིད་ཞག་ཏུ་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་ཞག་བཅོ་ལྔ་ལ་ཟླ་བ་བྱེད། ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ ་ལོག་གཅིག་པའི་ལོ་བྱེ་བ་བརྒྱ་སྟོང་ལ་སངས་རྒྱས་གཅིག་བྱུང་ནས་མཉེས་པར་བྱེད་དེ། རྣམ་གྲངས་འདི་ལྟ་བུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ན།། ཚངས་པར་སྤྱོད་པ་སྤྱད་ནས ་ཕྱིས་ལུང་བསྟན་ཀྱང་ཡོངས་སུ་མི་སྐྱོ་བ་སྟེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའདེད་དཔོན་བཟང་པོས་གསོལ་པ། བཅོམ་ལྡན ་འདས་བྱང་ཆུབ་སེམས་དཔའ་གང་ལམ་ངན་པར་ཞུགས་པའི་སེམས་ཅན་ལ་མངན་པར་ཞུགས་པ་རྣམས་ལ་ལམ་བཟང་པོ་ལ་དགོད་པའི་སླད་དུ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་། དེ་ལ་ལན་རེ་བ་མ་མཆིས་པ་དེ་ནི ་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རི་རབ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་རི་རབ་དང་མཚུངས་ཤིང་རྣམ ་པར་མི་རྟོག་པར་རབ་ཏུ་འཚལ་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་མཐུ་བོ་ཆེས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས ་པ་ཐམས་ཅད་མི་ཆོམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཀྱིས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱིས ་ཆོས་ཐམས་ཅད་ལ་སེམས་ཀྱང་དེ་ལ་མ་སྨྲས་ཤིང་མཉམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའི་སེང་གེའི་འགྲོས་སུ་བགྲོ་བས་གསོལ་པ། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཟབ་མོ་ལ་བཟོད་ཅིང་།། མི་འཇིགས། མི་སྐྲག་སྟེ། ཕ་རོལ་གྱི་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་གསོལ་པ་ས་བཅོམ་ལྡན་འདས་གང་སེམས་ལས་བསམ་གྱིས་མི་ཁྱབ་པར་འཇུག་ཅིང་། མི་སེམས་རྣམ་པར་མི་སེམས་པ ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ལྷའི་བུ་མཚམས་བཟང་གིས་གསོལ་པ་གང་ལྷའི་གནས་ཐམས་ཅད་དུབང་སྣརེལ་ཅི་ལབང་ཆགས་པར་མི་བགྱིད། འདོད་ཆགས ་དང་བྲལ་བའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་མི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དང་བ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་གང་གི་ས་ངག་བདེན་པའི་རྗེས་སུ་འཇུག་ཅིང་། རྨི་ལམ་ནའང་བརྫུན་གྱི་ཚིག་མི་སྨྲ་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དང་བ་མཐོང་ན་དགའ ་བས་གསོལ་པ།། གང་གཟུགས་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་མཐོང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རྟག་ཏུ་སྙིང་བརྩེ་བས་གསོལ ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འཁོར་བར་ཞུགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་ནས།། ཆོས་ལ་དགའ་བ་མ་གཏོགས་པ་དང་།། སེམས་ཅན་ཡོངས་སུ་སྨིན ་པར་བགྱིད་པ་མ་གཏོགས་པར་དགའ་བ་ཐམས་ཅད་ལ་དགའ་བར་མི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔབ་ཐོགས་པ་མེད་ཀྱིས་གསོལ་པ ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་དང་། བདུད་ཐམས་ཅད་ལའང་ཐོགས་པ་མ་མཆིས་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་རྟག་ཏུ་དགའ་དགོད་དབང་པོས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་དགོད་པ་དང་རབ་ཏུ་དགའ་བའི་དབང་པོ་དག ་གིས་བདག་གི་བསམ་པ་ཡོངས་སུ་རྫོགས་ཤིང་བགྱི་བ་བགྱིས་པ།། བགྱིད་པ་བགྱིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། སྲིང་མོ་ཡིད་གཉིས་རྣམ་པར་འཇོམ་སེམས་གསོལ ་པ་ཏྲ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལ་ཡིད་གཉིས་མ་མཆིས་ཤིང་ཐེ་ཙོམ་མ་མཆིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོན་ནུ་མ་སེང་གེས ་གསོལ་པ། བཅོམ་ལྡན་འདས་གང་ལ་བུད་མེད་ཀྱི་ཆོས་ཀྱང་མ་མཆིས།། སྐྱེས་པའི་ཆོས་ཀྱང་མ་མཆིས་ལ།། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། གཟུགས་སྣ་ཚོགས་ཀྱང་སྟོན་པ ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བུ་མོ་རིན་ཆེན་གྱིས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་དང་།། ཆོས་དང་།། དགེ་འདུན་རིན་པོ ་ཆེ་མ་གཏོག་པའི་རིན་པོ་ཆེ་གཞན་ལ་དགའ་བ་མི་སྐྱེད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དགེ་བསྙེན་སགས་བྱིན་གྱིས་གསོལ་པ།། བཅོམ་ལྡན་འདས་དམིགས་པ ་ཅན་ལ་ནི་བྱང་ཆུབ་མ་མཆིས་ཏེ། གང་ཆོས་ཐམས་ཅད་ལ་མི་དམིགས་པ་དང་། མི་སྐྱེད་མི་འགོག་པ་དེ་ནི་དེའི་སྲད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཁྱིམ་བདུག་བཟང་སྐྱོང་གིས ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་མིང་ཙམ་བཟུང་བས་སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། གཞོན ་ནུར་གྱུར་པ་རིན་ཆེན་ཟླ་བས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་རྒྱུན་མིའི་ཆད་པར་གཞོན་ནུའི་ཚངས་པར་སྤྱོད་པ་དང་ལྡན་ཞིང་འདོད་པ་ལ་རྟོག་པས་ཀྱང་ཡོངས་སུ ་མོ་སྤྱོད་ནཀ་གཉིས་ཀྱི་དབང་པོ་གཉིས་འཇལ་བ་ལྟ་ཅི་སྨོས་ཏེ་ག་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་དགྱིའོ།། ལྷའི་བུ་མནྡ་ར་བའི་དྲི་ཡིས་གསོལ་པ་ག་བཅོམ་ལྡན་འདས་སེམས་དཔའ་གང ་ཚུལ་ཁྲིམས་ཀྱི་དྲིས་ཡོངས་སུ་བསྒོས་པས་གང་ཚུལ་ཁྲིམས་ཀྱི་དྲི་ལས་དྲི་གཞན་གྱི་ངད་མི་ལྡང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དགའ་བྱེད ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ལ་བསྟན་བཀྲར་བགྱི་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི། ་བ་དང་། ཆོས་གསུམ་གྱིས་དགའ་བར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ཚངས་པ་ཁྱད་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་གང་སངས་རྒྱས་ཀྱི་ཆོས་མ་ལགས་པའི་ཆོས་གང་ཡང་མ་མཆིས་སོ་ཞེས་སྣང་བར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་མ་ཐག་ཏུ་སེམས་ཅན་དྲག་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། ་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་སྟོན་པ་ཐམས་ཅད་ཀྱང་སྟོན་ལ།། ཆོས་སུ་འདུ་ཤེས་པའང་མ་མཆིས་། ཆོས་མ་ལགས་པར ་འདུ་ཤེས་པའང་མ་མཆིས། བདག་ཏུ་འདུ་ཤེས་པའང་མ་མཆིས། ཕ་རོལ་ཏུ་འདུ་ཤེས་པའང་མི་གྱིས་ཏེ། དེ་ནི་དེའི་སྲད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་དྲ་བ ་ཅན་གྱི་འོད་ཀྱིས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གིས་འོད་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕྱོགས་བཅུའི་འཇིག་རྟེན་ན། སངས་རྒྱས་ཀྱི་ཞིང་ཐམས་ཅད་དེ་བཞིན ་གཤེགས་པ་རྣམས་ཀྱིས་མེ་ཏོག་རྒྱས་པ་ལྟ་བུར་མཐོང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་སྤོབས་པ་རྣམ་པར ་བ་ཤད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་བཀའ་སྩལ་པ། བྱང་ཆུབ་སེམུས་དཔའ་གང་སྡུག་བསྔལ་བའི་སེམས་ཅན་ཐམས ་ཅད་ཐར་པར་བྱ་བར་སྤོ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་གཏོང་བ་དེ་ནི་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇུམ ་དང་ལ་གནོན་ནུར་གྱུར་པ་ལ་འདི་སྤྱད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གནས་པ་ཇི་ལྟ་བུས་གནས་པར་བྱེད། སྤྲས་པ། གནས་པ་གང་གིས་འདུས་བྱས་ཐམས་ཅད་ལ་ཞུགས་པའི ་སེམས་ཅད་ཐམས་ཅད་གནས་པའོ།། སྨྲས་པ།། གནས་པ་ནི་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གནས་པ་གང་གིས་གནས། སྨྲས་པ། གང་གིས་དེ་བཞིན ་གཤེགས་པ་ཐམས་ཅད་གནས་པ་གྲང་གིས་གནས་པའོ།། སྦས་པ།། དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པར་མཛད།། སྨྲས་པ།། དོན་དམ་པའི་སྟོང་པ་ཉིད་ལ ་གནས་པས་སོ།། སྨྲས་པ།། གལ་ཏེ་རིགས་ཀྱི་བུ་གནས་པ་གང་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་གནས་པ་དེས།། དེ་བཞིན་གཤེགས་པ་ཐམས་ཅད་གནས་པར་མཛད་ན།། དེ་བཞིན་གཤེགས ་པ་རྣམས་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད། སྨྲས་པ། ཚངས་པ་དེ་སྟོང་པ་ཉིད་ལ་ཁྱད་པར་ཡོད་པར་འདོད་དམ། སྨྲས་པ།། འཇམ་དང་ལ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ ་ཅི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྤོང་པ་ཞེས་པཤད་དམ། སྨྲས་པ། དེ་དེ་བཞིན་ནོ།། སྦས་པ། ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མེད་དེ། དེ་དག ་གི་གནས་པའང་དེའི་མཚན་ཉིད་དོ།། ཚུངས་པ་དེ་བཞིན་གཤེགས་པ་ནི་ཆོས་ཐ་དད་དུ་མི་འདོགས་སོ།། སྨྲས་པ། འཇམ་དཔལ་གནས་པ་གནས་པ་ཞེས་བྱ་བའི་གནས་པ་དེ་གང་ཡིན། སྨྲས་པ ་ཚངས་པ་གང་ལ་ཚངས་པའི་གནས་བཞི་ཡོད་པ་འདི་ནི་གནས་ཞེས་བྱ་སྟེ། གང་ཚངས་པ་ཚངས་པའི་གནས་བཞི་དང་བྲལ་བ་དེ་ནི་གནས་ལ་གནས་པ་མ་ཡིན་ནོ།། གནས་གང་ལ་གནས་པས ་ཚངས་པའི་གནས་བཞི་རྫོགས་པར་བྱས་ཏེ། གནས་པ་དེ་དག་ནི་གནས་ལ་གནས་པའོ།། ཚངས་པ་དགོན་པའམ། བླ་གབ་མེད་པ་ན་གནས་ཀྱང་ཚངས་པའི་གནས་བཞི་དང་བྲལ་ན། དེ་གནས། ་ལ་གནས་པ་མ་ཡིན་ནོ།། གནས་པ་ལ་མཁས་པ་མ་ཡིན་ནོ།། སྨྲས་པ། དེ་སྟེ་ཡང་ཐོག་དང་ཁང་བུ་བརྩེགས་པར་གསེར་གྱི་ཁྲི་ལ་གདིང་བ་དང་དགབ་པ་བཤམ་པའི་གནས་ན་གནས་ཀྱང་ཚངས ་པའི་གནས་བཞི་དང་ལྡན་ན་དེ་དག་གནས་ལ་གནས་ཤིང་གནས་ལ་མཁས་པ་ཡིན་ནོ།། སྨྲས་པ།། གནས་པ་གང་གིས་གནས་ན་ཡང་གས་མཐོང་བར་འགྱུར། སྨྲས་པ།། གནས་པ་གང་གིས་གནས ་ན་བདག་མཐོང་བ་རྣམ་པར་དག་པར་འགྱུར་བའོ།། སྨྲས་པ། ཅི་འཇམ་དཔལ་གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་བའམ།། སྨྲས་པ་ཚངས་པ་དེ་དེ་བཞིན་ཏེ། གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་། ་པའོ།། ཚངས་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གསེར་ལྷམ་པས་པ་ནི་ངན་པ་ལྟ་ཤེས་པས་བཟང་པོ་ལྟ་ཤེས་པ་ལ་ངེས་པར་འབྱུང་ངོ་།། དེ་བཞིན་དུ་བདག་མཐོང་བས་ཡེ་ཤེས་མཐོང་བ་རྣམ་པར་དག་པར་འགྱུར་རོ།། ་སྦས་པ།། འཇམ་དཔལ་བདག་མཐོང་བ་གང་ཡིན།། སྨྲས་པ། གང་བདག་མེད་པའི་ཆོས་ཉིད་དེ། ཚངས་པ་བདག་ནི་ཤིན་ཏུ་དངོས་པོ་མེད་པ།། མ་གྲུབ་པ་གང་དེ་ལྟར་དགོ་གཅིག་ཏུ་གྱུར་པ་དེ་ནི་བདག་མཐོང ་བ་ཞེས་བྱའོ།། སྨྲས་པ། འཇམ་དང་འ་ཁྱོད་ཀྱིས་ཇི་ལྟར་བཤད་པའི་དོན་ངས་ཤེས་ཏེ། བདག་མཐོང་བས་སངས་རྒྱས་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀྱི་ངོ་བོ ་ཉིད་དོ།། སྨྲས་པ།། ཚུངས་པ་དེ་དེ་བཞིན་ནོ།། སྨྲས་པ།། འཇམ་དཔལ་གང་གིས་དེ་བཞིན་གཤེགས་པ་མཐོང་། སྦས་པ།། གང་བདག་ཏུ་ལྡང་བཁྲུགས་པར་མི་བྱེད་པས་སོ།། དེ་ཅིའི་ཕྱིར ་ཞེ་ན། བདག་ཏུ་ལྟ་བ་ནི་ཆོས་སུ་ལྟ་བསྟེ། རོས་མཐོང་བས་སངས་རྒྱས་མཐོང་ངོ་།། སྤྲས་པ།། འཇམ་དཔལ་རྣམ་གྲངས་གང་གིས་གང་མ་ཞུགས་པ་དེ་དག་ཡང་དག་པར་ཞུགས་པར་འགྱུར་བ་ཡོད་དམ། ་སྨྲས་པ། ཚངས་པ་གང་བདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མ་ཞུགས་པ་དེ་ཡང་དག་པར་ཞུགས་པ་ཡིན་ནོ།། སྨྲས་པ། ཇི་ལྟ་བུ་ལ་ཞུགས་ན་ཡང་དག་པར་ཞུགས་པ་ཞེས་བྱ། སྨྲས་པ། གྲང ་སྤོང་བའི་ཕྱིར་ཡང་མ་ཡིན།། མངོན་དུ་བྱ་བའི་ཕྱིར་ཡང་མ་ཡིན་པ་ལ་འཇུག་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་གང་དག་གིས་དེ་བཞིན་གཤེགས་པ་མ་མཐོང ་བྱ་བྱ། ལགས་འཕགས་པ་ཤེས་རབ་ཀྱི་མིག་རྣམ་པར་སྦྱངས་པར་འགྱུར་བའི་རྣམ་གྲངས་ཡོད་དམ་སྨྲས་པ་ཚངས་པ་གང་དེ་བཞིན་གཤེགས་པ་ལ་གཉིས་སུ་མི ་ལྟ་བ་དེ་དག་གིས་འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་རོ།། སྨྲས་པ། འཇམ་དང་ལ་ཤེས་རབ་ཀྱི་མིག་གིས་ཅི་མཐོང་། སྨྲས་པ། ཚངས་པ་གལ་ཏེ་ཆོས་གང་ཡང་མཐོང་།། ་པར་གྱུར་ན་ཤེས་རབ་ཀྱི་མིག་མ་ཡིན་པར་འགྱུར་རོ།། ཚངས་པ་ཤེས་རབ་ཀྱི་མིག་ནི་འདུས་བྱས་ཀྱང་མི་མཐོང་། འདུས་མ་བྱས་ཀྱང་མི་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན་པ་ཤེས་རབ་ནི་རྣམ ་པར་མི་རྟོག་པ་སྟེ། དེ་ནི་འདུས་བྱས་མཐོང་བར་རུང་བ་མ་ཡིན་ནོ།། འདུས་མ་བྱས་ཀྱང་མིག་གི་ལམ་ལས་འདས་པས་དེའང་མི་མཐོང་ངོ་།། སྨྲས་པ། འཇམ་དང་ལ་ཡང་དག་པར་ཞུགས་པའི ་དགེ་སློང་འབྲས་བུ་འ་ཐོབ་པར་མི་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས་པ། ཚངས་པ་ཡང་དག་པར་སྦྱོར་བ་ལ་འབྲས་བུ་ཐོབ་པ་མེད་པ་ཡོད་དོ།། ཡང་དག་པའི་སྦྱོར་བ་ནི་གང་ལའང་མི་སྦྱོར ་པའོ།། དེ་ལ་འབྲས་བུ་འཐོབ་པར་རྣམ་པར་རྟོག་པའང་མེད་དེ། ཚངས་པ་འཐོབ་པ་མེད་པ་ལ་འཐོབ་པར་བལྟའོ།། གང་བ་ཐོབ་པ་དེ་ནི་མངོན་པའི་ང་རྒྱལ་དང་བཅས་པའོ།། ཡང་དག་པའི་སྦྱོར། ་བ་ལ་ནི་མངོན་པའི་ང་རྒྱལ་དང་།། མངོན་པའི་ང་རྒྱལ་མེད་པའང་མེད།། ཐོབ་པའང་མེད། མངོན་པར་རྟོགས་པའང་མེད་དོ།། སྨྲས་པ།། འཇམ་དཔལ་ཆོས་གང་དག་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར། ་ཁོང་དུ་ཆུད་པ་ཞེས་བསྟན།། སྨྲས་པ། ཚངས་པ་ཆོས་གང་མ་སྐྱེད་སྐྱེད་པར་མི་འགྱུར་བའི་ཆོས་དེ་དག་མངོན་པར་རྟོགས་པར་བྱ་ཕྱིར་ཁོང་དུ་ཆུད་པའོ་ཞེས་བསྟན་ཏོ།། སྨྲས་པ།། འཇམ་དཔ་ལ་མི ་སྐྱེད་པའི་ཆོས་ལ་མངོན་པར་རྟོགས་པ་གང་ཡིན།། སྨྲས་པ། གང་མི་སྐྱེད་པ་དེ་ཉིད་མངོན་པར་རྟོགས་པ་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཐམས་ཅད་མ་སྣད་པར་མཐོང་ཞིང་ཡང་དག་པ་ཉིད་དུ་ངེས ་པར་འཇུག་པ་ཞེས་བྱའོ།། སྨྲས་པ། འཇམ་དཔལ་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱེད་གང་ལ་བྱ། སྨྲས་པ། བདག་དང་མྱ་ངན་ལས་འདས་པ་མཚུངས་ཏེ། འདི་ནི་གཉིས་སུ་མེད་ཅིང་གཉིས་སུ ་བྱར་མེད་དེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱའོ།། ཡང་དག་པ་ཉིད་དུ་ཞུགས་པ་ན། དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ།། མཉམ་པ་ཉིད་ཀྱི་མཉམ་པ་ཉིད་ལ་ངེས་པར་བྱུང་བ་ན་དེའི་ཕྱིར ་ཡང་དག་པར་ངེས་པ་ཞེས་བྱའོ།། ངེས་པའི་དོན་ལ་དོན་འདྲེས་པས་ན་དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ།། ཏིང་ངེ་འཛིན་ཐམས་ཅད་ལ་སྤྲོ་བཏགས་པ་མེད་པའི་ཕྱིར་དེ་ནི་ཡང་དག་པར་ངེས་པ་ཞེས་བྱའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དང་ལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།། འཇམ་དཔལ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་ཏེ། ཇི་ལྟར་སྟོན་པ་དེ་དེ་བཞིན་ནོ།། ་ཁྱོད་ཀྱིས་བསྟན་པ་འདི་བཤད་པ་ན།། དགེ་སློང་བདུན་སྟོང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ།། ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཆོས་རྣམས་ལ་རྡུལ་མེད་ཅིང་རྡུལ་དང་བྲལ་བའི ་ཆོས་ཀྱི་མིག་སྐྱེས་སོ།། སྲོག་ཆགས་སྟོང་ཕྲག་བཅུ་འདོད་ཆགས་དང་བྲལ་བ་ཐོབ་བོ།། སྲོག་ཆགས་ཉིས་བརྒྱ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ལྔ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་འཇམ་དཔལ་གཞོན་ནུར་གྱུར་པས་སངས་རྒྱས་ཀྱི་བགྱི་བུ་བགྱིས་སོ།། འཇམ་དཔལ་གྱིས་སྨྲས་པ།། ཚངས་པ་སངས་རྒྱས་འབྱུང་བ་གང་ལའང་ཕན་པའམ། གནོད་པར་ཉེ་བར་མི་གནས་སོ།། ་སྨྲས་པ། འཇམ་དཔལ་བཅོར་ལྡན་འདས་ཀྱིས་ཚད་མེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་ཏེ། ཁྱོད་ཀྱང་ཚད་མེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདབ་པར་བྱེད་པ་མ་ཡིན་ནམ། ་སྨྲས་པ། ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་རབ་ཏུ་འབྱེད་པར་འདོད་དམ། སྨྲས་པ། དེ་མ་ཡིན་ནོ།། སྨྲས་པ། ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་བསྟན་པ་འམ། སེམས་ཅན ་མེད་པ་ལ་སེམས་ཅན་ཡོངས་སུ་གྲུབ་པར་འདོད་དམ། སྦས་པ།། དེ་མ་ཡིན་ནོ།། སྨྲས་པ། ཚངས་པ་དེ་བཞིན་གཤེགས་པ་འབྱུང་བའམ། འགག་པར་འདོད་དྲན། སྦས་པ། དེ་མ་ཡིན་ནོ།། སྨྲས་པ། ་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པའི་སེམས་ཅན་དེ་དག་གང་ཡིན།། སྨྲས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཀྱི་ཚུར་གྱི་རྣམ་པ་གང་གིས་སྟོན་པ་ལྟར་ན་འདི་ལ་འཁོར་བའང་མེད།། ་མྱ་ངན་ལས་འདས་པའང་མེད་དོ།། སྨྲས་པ། ཚངས་པ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་འཁོར་བའང་མ་དམིགས། ཡོངས་སུ་མྱ་ངན་ལས་འདས་པའང་མ་དམིགས་སོ།། ཚངས་པ་བཅོམ ་ལྡན་འདས་ཀྱིས་གང་ཉན་ཐོས་བཏུལ་བ་དེ་དག་གིས་ཀྱང་འཁོར་བའང་མ་དམིགས། མྱ་ངན་ལས་འདས་པའང་མ་དམིགས་སོ།། ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བཏགས་པའི ་ཚིག་ཐ་སྙད་ཙམ་སྟེ། འདྲི་ལ་གང་ཡང་འཁོར་བའང་མེད།། ཡོངས་སུ་མྱ་ངན་ལས་འདའ་བའང་མེད་དོ།། སྨྲས་པ། འཇམ་དཔལ་འདི་ལ་སུ་དག་དད་པར་འགྱུར།། སྨྲས་པ། གང་ཆོས་གང་ལའང ་མངོན་པར་ཆགས་པར་མི་འགྱུར་བ་རྣམས་སོ།། སྨྲས་པ། འཇམ་དང་ལ་མངོན་པར་ཆགས་པ་ཞེས་བྱ་བ་དེ་ནི་ཅི་ལ་མངོན་པར་ཆགས། སྨྲས་པ། ཚངས་པ་མངོན་པར་ཆགས་པ་ཞེས་བྱ་བ་ནི་མེད ་པ་ལ་མངོན་པར་ཆགས་སོ།། གལ་ཏེ་ཚངས་པ་ཡོད་པ་ལ་མངོན་པར་ཆགས་པར་གྱུར་ན། འདི་ལྟར་ཤིན་ཏུ་མངོན་པའི་ང་རྒྱལ་དང་བྲལ་བར་གྱུར་པ་མ་ཡིན་ནོ།། འདི་ལྟར་མེད་པ་ལ་མངོན་པར་ཆགས ་པ་སྟེ། དེ་བས་ན་མེད་པའོ་ཞེས་རྟོགས་ནས། མངོན་པར་ཆགས་པར་མི་བྱེད་དེ། གང་མངོན་པར་ཆགས་པར་མི་བྱེད་པ་དེ་མི་འཁོར་རོ།། གང་མི་འཁོར་བ་དེ་རྣམ་པར་མི་འགྲོ་བའོ།། གང་རྣམ་པར ་མི་འགྲོ་བ་དེ་མྱ་ངན་ལས་འདས་པ་ཞེས་བྱའོ།། སྨྲས་པ།། འཇམ་དཔལ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཅིའི་གཉེན་པོ་ཡིན་པའི་ཕྱིར།། མྱ་ངན་ལས་འདས་པ་ཞེས་བྱ། སྨྲས་པ། ཚངས་པ ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕན་ཚུན་རྟེན་ལ་སྨོན་འདོགས་པའི་ཕྱིར་རོ།། མ་རིག་པ་མངོན་པར་འདུ་མི་བྱེད་པ་དང་།། འདུ་བྱེད་མི་འཇུགས་པས་ཀྱང ་ཉེ་བར་མི་སྦྱོར་ཏེ། གང་ཉེ་བར་མི་སྦྱོར་བ་དེ་ནི་ཀུན་ནས་མི་སློང་ངོ་།། གང་ཀུན་ནས་མི་སྤོང་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། ཀུན་ནས་མི་སློང་བར་སྤྱོད་པ་དེ་ནི་ཤིན་ཏུ་འགོག་པའོ།། ་དེའི་ལམ་མངོན་པར་རྟོགས་པ་ནི་ཤིན་ཏུ་མི་སྐྱེ་བ་ཡིན་ཏེ། འདི་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས། འཇམ་དཔལ་གཞོན ་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ཀྱིས་བསྟན་པ་ཐམས་ཅད་ནི་ཡང་དག་པར་བསྟན་པའོ།། སྨྲས་པ། རིགས་ཀྱི་བུ་ཚིག་ཐམས་ཅད་ནི་ཡང་དག་པའོ།། སྨྲས་པ ་འཇམ་དཔལ་གང་བརྫུན་གྱི་ཚིག་ཡོད་པ་མ་ཡིན་པ།། ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ཡང་དག་པའམ།། སྨྲས་པ།། རིགས་ཀྱི་བུ་དེའང་ཡང་དག་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དག ་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། ཡུལ་ལ་གནས་པའང་མ་ཡིན།། ཕྱོགས་ལ་གནས་པའང་མ་ཡིན་ནོ།། གང་དབང་དུ་གྱུར་ཅིང་ཡུལ་ལའང་མི་གནས། ཕྱོགས་ལའང་མི་གནས་པ་དེ་ནི་མེད ་པའི་ཕྱིར་ཡང་དག་པ་སྟེ། དེའི་ཕྱིར་ཚིག་ཐམས་ཅད་ཀྱང་ཡང་དག་པ་ཞེས་བྱའོ།། གང་ཡང་ལྷ་སྦྱིན་གྱིས་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྦས་པ་ཚིག་དེ་གཉིས་ཐ་དད་པ ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཚིག་སྟེ། ཐམས་ཅད་ནི་དེ་བཞིན་ཉིད་ལས་མི་འདབ་དྲའོ།། གང་ཚིག་གིས་རྣམ་པར་རིག་པར་བྱས་པ་དེ་ཐམས་ཅད་ནི་རྣམ ་པར་རིག་པ་མེད་པས་རྣམ་པར་རིག་པར་བྱས་པ་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར། ཡི་གེ་མཚུངས་པའི་ཕྱིར། ཡི་གེ་སྟོང་པའི་ཕྱིར་ཚིག་ཐམས་ཅད་ནི་མཚུངས་པའོ།། མཉམ་པར ་གནས་པས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་བཕགས་པའི་ཐ་སྙད་དུ་བདོགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་གསུངས་སམ་སྨྲས་པ ་རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས་པ་རྣམས་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོགས་སོ།། སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ།། ་སྨྲས་པ།། ཅི་ཡི་གེ་དེ་དག་འཕགས་པའམ།། འཕགས་པ་མ་ཡིན་པ་ཞེས་རྟོག་གན། སྨྲས་པ།། དེ་མ་ཡིན་ནོ།། སྨྲས་པ། ཇི་ལྟར་ཡི་གེ་དག་མི་རྟོག། རྣམ་པར་མི ་རྟོག་པ་དེ་བཞིན་དུ།། འཕགས་པ་རྣམས་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ།། དེ་དག་ལ་ཐ་སྙད་མེད་དེ་འཕགས་པ་རྣམས་ནི་ཡི་གེར་འདུ་ཤེས་པས་ཐ ་སྣད་དུ་མི་འདོགས་སོ།། ཆོས་སུ་འདུ་ཤེས་པས་མ་ཡིན།། ཆོས་མ་ཡིན་པར་འདུ་ཤེས་པས་མ་ཡིན།། བདག་ཏུ་འདུ་ཤེས་པས་མ་ཡིན། ཕ་རོལ་ཏུ་འདུ་ཤེས་པས་མ་ཡིན་ནོ།། ་འདི་ལྟ་སྟེ། དཔེར་ན་སིལ་སྙན་དང་། རྔ་བོ་ཆེ་དང་། རྫ་རྔ་དང་དུང་དག་ནི་རྐྱེན་གྱིས་སྤ་འབྱུང་ཡང་དེ་དགྲ་རྣམ་པར་མི་རྟོག་པ་དེ་བཞིན་དུ་ཀྲ་འཕགས་པ་རྣམས ་རྐྱེན་འབྱུང་བ་མཐོང་བའི་ཕྱིར་ཐ་སྙད་འདོགས་པས་ཆགས་པར་མི་བྱེད།། མངོན་པར་ཆགས་པར་མི་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ཀྱིས་འཇམ་དཔལ ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བཅོམ་ལྡན་འདས་ཀྱིས།། འདི་ལྟར་དགེ་སློང་དག་འདུས་ཏེ་འཁྲོད་པས་བྱ་བ་གཉིས་ཡོད་དོ།། ཆོས་ཀྱི་གཏམ་བྱ་བ་དང་། ་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས་གསུངས་ན།། དེ་ལ་འཇམ་དཔལ་ཆོས་ཀྱི་གཏམ་ནི་གང་། འཕགས་པ་མི་སྨྲ་བར་གྱུར་པ་ནི་གང་། སྨྲས་པ། གཏམ་གང་གིས་སངས ་རྒྱས་འཁྲུགས་པར་མི་བྱེད།། ཆོས་འཁྲུགས་པར་མི་བྱེད།། དགེ་འདུན་འཁྲུགས་པར་མི་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ།། སངས་རྒྱས་ལ་ཆོས་ཉིད་དུ་མོས་པ་དང་།། ཆོས་ལ་འདོད་ཆགས་དང་བྲལ ་པར་མོས་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མོས་པ་འདི་ནི་བཇུགས་པ་མི་སྨྲ་བར་གྱུར་པའོ།། གཞན་ཡང་རིགས་ཀྱི་བུ་དྲན་པཉེ་བར་གཞག་པ་བཞི་ལས་བརྩམས་ཏེ་གཏམ་བརྗོད་པ་འདི་ནི ་ཆོས་ཀྱི་གཏམ་མོ།། ཡང་ཆོས་ཐམས་ཅད་ལ་མ་དྲེན་ཞིང་ཡིད་ལ་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་ཡང་དག་པར་སྤོང་བ་བཞི་ལས་བརྩམས་ཏེ་གཏམ་བརྗོད་པ་ནི་ཆོས་ཀྱི་གཏམ ་མོ།། གང་མཉམ་པ་ཉིད་ཀྱི་མཚུངས་པར་ཡང་མི་བྱེད།། མི་མཚུངས་པར་ཡང་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་རྫུ་འཕྲུལ་གྱི་རྐང་པ་བཞི་ལས་བརྩམས་ཏེ་གཏམ་བརྗོད་པ་འདི། ་ནི་ཆོས་ཀྱི་གཏམ་མོ།། གང་ལུས་དང་། དག་དང་། ཡིད་ཀྱིས་བརྩོན་པར་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གང་དབང་པོ་ལྔ་དང་། སྟོབས་ལྔ་ལས་བརྩམས་ཏེ་གཏམ་བརྗོད་པ་འདི ་ནི་ཆོས་ཀྱི་གཏམ་མོ།། གང་སུ་ལའང་དད་པས་ཆོས་གང་ལའང་དད་པར་མི་བྱེད་ཅིང་ཆོས་ཐམས་ཅད་ལའང་བྲང་བ་མེད་པ་དང་། དོར་བ་མེད་པར་རབ་ཏུ་རྣམ་པར་འབྱེད་པ་འདི་ནི་འཕགས་པའི་མི་སྨྲ ་བར་གྱུར་པའོ།། དྲན་པ་དང་། རྩེ་གཅིག་པ་དང་། རློམ་སེམས་མེད་པ་ལ་གནས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པར་མོས་པ་དང་། སྤྲོས་པའི་གནས་ཐམས་ཅད་ལ ་མི་རྟེན་པའི་རྐྱེན་དུ་གྱུར་པ་འདི་ནི་འཕགས་པ་མི་སྦ་བར་གྱུར་པའོ།། གང་བྱང་ཆུབ་ཀྱི་ཡན་ལག་བདུན་ལས་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་གཏང་སྙོམས་ལས་སྒྲོ་བཏག། ་པ་མེད་པ་ཐོབ་ཅིང་།། བསལ་བའང་མེད།། བཞག་པའང་མེད་པར་གནས་པ་འདི་ནི་འཕགས་པའི་མི་སྨྲ་བར་གྱུར་པའོ།། གང་བཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་བརྩམས་ཏེ་གཏ་མརྗོད ་པར་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་གཟིངས་ལྟ་བུ་རྟོགས་ནས་ཆོས་ལའང་མི་རྟེན།། ཆོས་མ་ཡིན་པ་ལའང་མི་རྟེན་པར་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་དེ ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་འདི་དག་སྨྲ་བ་དང་། འཆང་བ་དང་། སྟོན་པ་དང་། འདོགས་པ་དང་། འཇུག་པར་བྱེད་པ་དང་། འགྲེལ་པ་དང ་རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ཅིང་ཡང་དག་པར་ཇི་ལྟ་བར་སྟོན་པ་གང་ཡིན་པ་འདི་ནི་ཆོས་ཀྱི་གཏམ་མོ།། གང་འདི་ལྟར་ཆོས་ཀྱིས་མངོན་སུམ་དུ་གྱུར་ལ། ལུས་ལས་ལོགས་ཤིག་ནའང ་ཆོས་མི་མཐོང་། ཆོས་ལས་ལོགས་ཤིག་ནའང་ལུས་མི་མཐོང་ངོ་།། ཅི་ནས་གཉིས་སུའང་མི་མཐོང་ངོ་།། གཉིས་སུ་མེད་པར་མི་མཐོང་བ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ནས་མངོན་སུམ་དུ་ཡེ་ཤེས ་མཐོང་བའང་མི་མཐོང་སྟེ། གང་མི་མཐོང་བ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། གཞན་ཡང་རིགས་ཀྱི་བུ་གང་བདག་ཏུ་སྒྲོ་འདོགས་པ་དང་། ཕ་རོལ་ཏུ་སྒྲོ་འདོགས་པ་དང་།། ཆོས་སུ་སྒྲོ་བདོགས ་པ་དང་། རོས་མ་ཡིན་པར་སྒྲོ་འདོགས་པས་གཏམ་མི་བརྗོད་འདི་ནི་ཆོས་ཀྱི་གཏམ་མོ།། གང་བརྗོད་དུ་མེད་པའི་ཆོས་ཉིད་ཐོབ་པས་ཡི་གེ་དང་། སྐད་དང་། སྒྲ་དང་། དབྱངས་ཐམས་ཅད་དང་བྲལ ་པ་མི་གཡོ་བ་ཐོབ་པས། དབེན་པའི་རང་བཞིན་གྱི་སེམས་ཀྱིས་ཉེ་བར་བསྒྲུབ་པ་ལ་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་གང་སུ་དག་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང ་མཆོག་མ་ཡིན་པ་ཤེས་པས་གཏམ་བརྗོད་པ་དེ་དག་ནི་ཆོས་ཀྱི་གཏམ་བརྗོད་པའོ།། གང་ལལ་མཉམ་པར་མ་གཞག་ཅིང་། མ་གཡེངས་པ་དེ་དག་ནི་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པའོ།། ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྲམ་ཟེ་ཤི་སཱ་ལ་ཆེན་པོ་ལྟ་བུའི་བུ་མརྣམ་པར་གནས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་འཇམ་དཔལ་ཁྱོད་ཀྱིས་བཤད་པའི་དོན་ཁོ་བོས་ཤེས་པ ་ལྟར་ན།། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་དབང་པོ་མཆོག་དང་མཆོག་མ་ཡིན་པར་ཤེས་པ་ལ་མཁས ་པབང་མེད།། རྟག་ཏུ་མཉམ་པར་གཞག་དའང་མ་ཡིན་ནོ།། འཇམ་དངཔལ་སུ་དག་རློས་སྨྲ་བ་ཡིན། སུ་དག་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པ་ཡིན་ཞེས་གང་ཡང་དག་པར་སྨྲ་བས་སྨན ་བཇམ་དང་ལ་དེ་བཞིན་གཤེགས་པའོ་ཞེས་ཡང་དག་པར་སྤབས་སྨྲ་བའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་ཤིང་རྟག་ཏུ ་མཉམ་པར་གཞག་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།། འཇམ་དཔལ་རིགས་ཀྱི་བུ་མཉམ་པར་གནས་པས་ཇི་ལྟར་བཤད་པ་དེ་དེ་བཞིན་ཏེ ་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགོངས་སོ།། དེ་ནས་བཅོམ་ལྡན་འདས་ལ།། གནས་བརྟན་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་སྟེ། དགེ་སློང་འདུས་ཏེ་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བརྗོད་པར་བྱ།། འཕགས་པ་མི་སྦ་བར་གྱུར་པ་ལ་གནས་པར་བྱའོ་ཞེས་གསུངས་ན། ་བཅོམ་ལྡན་འདས་གལ་ཏེ་གནས་འདི་ལ་ཉན་ཐོས་རྣམས་མི་ནུས་ན།། དེ་ཇི་ལྟར་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་ཆོས་ཀྱི་གཏམ་རྗོད་ཅིང་། ཡང་ན་བ་པགས ་པ་མི་སྨྲ་བར་གྱུར་པས་གནས་པར་བྱོས་ཤིག་ཅེས་དོན་འདི་ཉེ་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཉན་ཐོས་རྣམས་མ་ཐོས་པར་ཆོས་ཀྱི་གཏམ། ་བརྗོད་དམའཕགས་པ་མི་སྨྲ་བར་གྱུར་པ་རྩེ་གཅིག་པས་གནས་སམ། སྦས་པ། དེ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་ཡང་མེད།། འཕགས་པ་མི་སྨྲ་བའང་མེད་པར་རིག་པར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས།། ཚེ་དང་ལྡན་པ་རབ་འབྱོར་ལ ་པ་དེ་སྐད་ཅེས་སྨྲས་སོ།། རབ་འབྱོར་སེམས་ཅན་རྣམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གང་དེ་བཞིན་གཤེགས་པས་མཁྱེན་པ་དེ་དག་གནས་བརྟན་གྱིས་ཤེས་སམ། གང་དག་ལ་དེ་ལྟ་བུའི་གཏམ ་བརྗོད་པར་བྱ་བ་དེ་དག་ལ་རྗེས་སུ་འཐུན་པའི་གཏམ་བསྟན་པར་བྱ་བ་དེ་དག་ལ་གནས་བརྟན་གྱི་ཡེ་ཤེས་འཇུག་གམ། སྨྲས་པ།། འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། གནས ་བརྟན་རབ་འབྱོར་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལྟ་ཞིང་། བདག་གི་སེམས་དང་ཕ་རོལ་གྱི་སེམས་སུ་སྒྲིབ་པར་མི་ནུས་པ་སེམས་ཅན་ཐམས་ཅད་ཀྱི་སེམས ་ལ་ལ་འི་ཏིང་ངེ་འཛིན་ལ་མཇམ་པར་གསོག་གམ།། སྨྲས་པ། བཇམ་དཔའ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ།། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པ་སེམས་ཅན་གྱི་སྤྱོད་པ་བརྒྱད། ་ཁྲི་བ་ནི་སྡོངསོ་མ་ཙ་རིགས་སུ་སྨན་སྟོན་པས། ཆོས་ཀྱི་གཏམ་བརྗོད་དོ།། ཏིང་ངེ་འཛིན་མཉམ་པ་ཉིད་ལས་ཀྱང་མི་གཡོད། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའང་རབ་ཏུ་མཁྱེན་ཏེ་ག་བཙུན ་བ་རབ་འབྱོར་རྣམ་གྲངས་འདིས་ཀྱང་འདྲེ་ལྟར་འདྲི་ལ་འན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ།། བཙུན་པ་རབ་འབྱོར་སེམས་ཅན་འདོད་ཆགས་སྡོད་པ་གང་དག་སྡུག ་དུའི་རྣམ་པ་ཉིད་ཀྱིས་རྣམ་པར་གྲོལ་ཞིང་མི་སྡུག་པའི་རྣམ་པར་མི་འགྲོལ་བཟང་ཡོད་དེ།། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། སེམས་ཅན་ཞེ་སྡང་ལ་སྤྱོད་པ་གང་དག ་སྐྱོན་མཐོང་བས་རྣམ་པར་གྲོལ་བར་འགྱུར་ལ། བྱམས་པས་རྣམ་པར་གྲོལ་བར་མི་འགྱུར་བབང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། སེམས་ཅན་གཏི ་མུག་ལ་སྤྱོད་པ་གང་དག་སྨན་པས་རྣམ་པར་གྲོལ་བར་འགྱུར་ལ། ཆོས་བསྟན་པས་རྣམ་པར་གྲོལ་བར་མི་འགྱུར་བ་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པསུ་རབ་ཏུ་མཁྱེན་ཏོ།། ་སེམས་ཅན་ན་མཉམ་པར་སྤྱོད་སྡུག་པའི་རྣམ་པས་ཀྱང་རྣམ་པར་མི་འགྲོལ།། ནི་སྡུག་པའི་རྣམ་པས་ཀྱང་མི་འགྲོལ།། བྱམས་པས་ཀྱང་མི་འགྲོལ། སྐྱོན་གྱིས་ཀྱང་མི་འགྲོལ།། ཆོས་བསྟན་པས ་ཀྱང་མི་འགྲོལསྨད་པས་ཀྱང་རྣམ་པར་གྲོལ་བས་མི་འགྱུར་བ་ཡོད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཅི་ནས་མཉམ་པའིད་ཀྱིས་དབང་པའི་ཁམས་ལས་རྣམ་པར ་གྲོལ་བ་དེ་ལྟ་དེ་ལྟ་བུར་རོས་སྟོན་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་དེ་བཞིན་གཤེགས་པ་ནི་རོས་སྦ་བའི་མཆོག་ཡིན་པ་དང་། ་བསམ་གཏན་པའི་མཆོག་ཡིན་པ་དང་། མི་སྨྲ་བར་གྱུར་པ་ལ་དགའ་བའི་མཆོག་ཡིན་པར་དེ་ལྟར་རིག་པར་བྱའོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས།། འཇམ་དཔལ་གཞོན་ནུར་གྱུར་པ ་ལ་འདི་སྐད་ཅེས་སྨྲས་པ།། འཇམ་དཔལ་གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཆོས་བརྗོད་པར་མི་ནུས།། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པར་མི་ནུས་ན། བྱང་ཆུབ་སེམས ་དཔའ་གང་ལ་ལ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་གང་ཇི་ལྟར་ཆོས་ཀྱི་གཏམ་རྗོད་པར་བྱེད་ཅིང་།། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པ་ཡོད་དམ།། འཇམ་དཔལ་གྱིས་སྨྲས་པ། བརྫུན ་པ་རབ་འབྱོར་དེ་བཞིན་གཤེགས་པ་འདི་མངོན་དུ་བཞུགས་ཤིང་མཁྱེན་ན་དེ་བཞིན་གཤེགས་པས་མཁྱེན་གྱིས།། འདི་ལ་ཞུ་ཤིག། དེའི་ཚེ་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན ་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་འབྱོར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྗེས་སུ་འཇུག་པ་གཡེང་བ་མེད་པའི་ཏིང་ངེ་འཛིན་ཡོདདེ། བྱང་ཆུབ་སེམས་དཔའ་གང་དག ་གིས་ཏིང་ངེ་འཛིན་དེ་ཐོབ་པ་དེ་དག་ཐམས་ཅད་ཡོན་ཏན་འདི་དག་དང་ལྡན་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་མཉམ་པར་གནས་ལ་འདི ་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་གང་སྤྱོད་པ་བརྒྱད་ཁྲི་བཞི་སྟེང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཆོས་ཀྱི་གཏན་ཞེས་བྱའོ།། གང་འདུ་ཤེས་དང་ཚེར་བ ་ཐམས་ཅད་འགོག་པའི་སྙོམས་པར་འཇུག་པ་འདིན་འཕགས་པ་མི་སྨྲ་བར་གྱུར་པའོ།། རིགས་ཀྱི་བུ་ངས་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ཆོས་ཀྱི་གཏམ་དང་འཕགས ་པའི་མི་སྨྲ་བར་གྱུར་པ་ལས་བརྩམས་ཏེ་ལུང་བསྟན་ཀྱང་ངའི་སྤོབས་པ་ཟད་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། བྲམ་ཟེ་ཤི་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ལ་བཀའ། ་སྩལ་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་བྱུང་བ།། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲང་མེད་པ། རྒྱ་ཆེ་བ།། ཚད་མེད་པ་ན། བསྐལ་པསྣན་པ་རྣམ་པར་གྲགས་པ་ཞེས་བྱ་བ་བྱུང་སྟེ ་དེའི་ཚེ་དེའི་དུས་ན་མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་འོད་ཟེར་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ ་ལྡན་པ། བདེ་བར་གཤེགས་པ།། འཇིག་རྟེན་མཁྱེན་པ།། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།། བླ་ན་མེད་པ།། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ། ་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པའི་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་རིན་པོ་རེ་ཐམས་ཅད་རབ་ཏུ་དཀྲམ་པའབྱོར་པ། རྒྱས་པ།། ་བདེ་བ། ཤིན་ཏུ་ལོ་ལེགས་པ། ཉམས་དགའ་བ། ལྷ་དང་མིས་ཀུན་ཏུ་གང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་སྤོས་ཐམས་ཅད་ཀྱིས་ཡོངས་སུ་བསྒོས་པ།། རེག་ན་ཤིང་དྲལ་ལྟར་འཇམ ་པ་གོས་ཀ་ཙ་ལིནྡི་ཀ་ལྟར་རེག་ན་དེ་པ། རིན་པོ་ཆེ་སྣ་བདུན་གྱིས་མཉམ་པར་བརྒྱན་པར་གྱུར་ཏོ།། མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་དེ་ན། གླིང་བཞི་པ་བྱེ་བ་དྲག་བཞི་ཡོད་དེ། རེརེ ་ལའང་གླིང་ཆེན་པོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ།། གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་དཔག་ཚད་ཀྱི་ཚད་ཙམ་དུ་བྱས་པ་ཡིན་ཏེ་གླ་གྲོང་ཁྱེར་ཆེན ་པོ་རེ་རེའིའང་གྲོང་དང་། རི་ཁྲོད་དང་། ཡུལ་འཁོར་དང་། གྲོང་རྡལ་ལྔ་བརྒྱས་བསྐོར་བར་གྱུར་ཏོ།། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་ཐམས་ཅད་ནའང་སྲོག་ཆགས ་མང་པོ་རྒྱ་སྟོང་གནས་ཏེ། མི་དེ་དག་གིས་མིག་སྔར་ཅི་སྣང་བ་དེ་དག་ཐམས་ཅད་ཀྱང་སྡུག་ཅིང་ཡིད་དུ་ཐོང་བ་སྣང་སྟེ། ཡིད་དུ་མི་འོང་བ་མི་སྣང་ངོ་།། མི་དེ་དག་ཀྱང་སངས་རྒྱས་རྗེས་སུ་དྲན ་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་མཐོང་ན་དགའ་བ་ཞེས་བྱའོ།། སངས་རྒྱས་ཀྱི་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་དེར ་འོངས་པ་དེ་དག་ཀྱང་།། འཇིག་རྟེན་གྱི་ཁམས་མཐོང་ན་དགའ་པ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་ལ་དེ་ཙམ་དུ་དགའ་བར་མི་འཛིན་ཏོ།། ཡང་དེ་བཞིན་གཤེགས་པ་ཀུན་ཏུ ་འོད་ཟེར་འདི་ཐེག་པ་གསུམ་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། པལ་ཆེར་ནི་རིགས་ཀྱི་བུ་ཁྱེད་འདི་ལྟར་གནས་པ་གཉིས་ཀྱིས་གནས་པར་བྱོས་ཤིག། ཆོས་ཀྱི་ག ་རྗོད་ཅིག། ཡང་ན་འཕགས་པ་མི་སྦ་བར་གྱུར་དུ་ཉེ་བར་ཞི་བ་ལ་གནས་པར་བྱོས་ཤིག། ཅེས་རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ།། ། བམ་པོ་ལྔ ་རིགས་ཀྱི་བུ་ཡང་དེའི་རྭ་སྟེང་གི་ཕྱོགས་ནས། དེ་བཞིན་གཤེགས་པ་སྨན་དུའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཇོ་གྲོས་མི་ཟད་པ་དང ་ཁྱད་པར་བློ་གྲོས་གཉིས་འོངས་ནས། དེ་གཉིས་བཅོམ་ལྡན་འངས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ག་ལ་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ ་ནས་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་བདུག་གོ།། དེ་གནས་པ་དེ་བཞིན་གཤེགས་པ་དེས་སྣང་བ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྒྱ་ཆེར་ཡང་དག་པ་རབ་ཏུ ་བསྟན་ཏོ།། ཅིའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དེ་ཐོབ་པ་དེས་མཚན་མ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ་ག་དེའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱའོ།། ཆོས་ཐམས་ཅད་སྔོན་གྱི་མཐའ་ནས་ཡོངས་སུ་དག་པའོ།། ་ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དགྲ་པའོ།། ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོངས་སུ་དགེ་བ་ཞེས་བྱའོ།། གང་ཡོངས་སུ་དག ་པ་བདི་ནི་ནམ་དུའང་ཡོངས་སུ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གི་རང་བཞིན་གྱིས་ཡོངས་སུ་དག་པ་དེ་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད ་གསལ་བ་ཞེས་བྱའོ།། ཆོས་རྣམས་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ།། དམིགས་པ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང ་བཞིན་ཅན་ཏེ། རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ།། ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ་གདོར་བ་མེད་པ་ཀྲ་བསམ་པ་མེད་པ།། ནུས་པ་མེད ་པ་ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ།། འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ནོ།། མྱ་ངན་ལས་འདས་པའི་རང ་བཞིན་གང་ཡིན་པ་དེ།། ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བླགབ་མེད་པ་ཀུན་ནས ་ཉོན་མོངས་པར་འགྱུར་བ་ན། གནས་མ་ཡིན་ཞིང་གོ་སྐབས་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡང་ཀུན་ཏུ་ཉོན་མོངས་པར་གྱུར་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ།། ་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་སྤྲིན་གྱི་བུ་པོ་འམ། དུ་བའམ། རྡུལ་དག་སྣང་སྟེ། དེས་ནམ་མཁའ་མི་མཛེས་ཤིང་ཀལྷམ་མེ་ལྡང་ངེར་མི་འགྱུར་མོད་ཀྱི་དེ་དག་གིས་ནམ ་མཁའི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། གལ་ཏེ་ན་མུན་ཁབ་ཀུན་ནས་ཉོན་མོངས་སུ་ཟིན་ན། ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པར་མི ་འགྱུར་བས་ན། དེའི་ཕྱིར་ནམ་མཁའི་ཞེས་རབ་ཏུ་དབྱེའོ།། རིགས་ཀྱི་བུ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་སྐྱེ་མོད་ཀྱི ་དེ་དག་གི་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། གལ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་ན་ནཱི། ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོང ་པར་མི་འགྱུར་བས་ན།། དེའི་ཕྱིར་རང་བཞིན་གྱིས་རྣམ་པར་གྲོལ་བས་རྣམ་པར་གྲོལ་ལོ།། རིགས་ཀྱི་བུ་འདི་ནི་སྣང་བ་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་འཇུག་པའོ་ཞེས་དེ་ལྟར་དེ ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་གཉིས་ལ་རབ་ཏུ་བསྟན་ཏེ། དེ་གཉིས་ཀྱིས་ཏིང་ངེ་འཛིན་འདི་ཐོས་ནས་ཀ་བསམ་གྱིས་མི་ཁྱབ་པའི་ཆོས་ལ་ཆོས་ཀྱི་སྣང་བ་ཐོབ་བོ།། ་དེ་ནས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ལག་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་བདག་ཅག་གི་ཏིང་ངེ་འཛིན་འདི་ལ་འཇུག་པ་ནི་ཐོས་ན། བཅོམ་ལྡན་འདས་བདག་ཅག་གནས་པ་གང་གིས་གནས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེས ་རིགས་ཀྱི་བུ་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འདི་ལ་བྱེད་ཆོས་ཀྱི་གཏམ་ཡང་དག་པར་སྟོན་ཅིག། ཡང་ན་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པར་གྱིས་ཤིག ་དེ་ནས་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་ཐོས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོ་ཕྱག་འཚལ་ནས་ག་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ ་ལྡན་འདས་ཀྱི་དྲུང་ནས་སྐྱེད་མོས་ཚལ་ཞིག་གང་ན་ཡོད་པ་དེར་སོང་སྟེ། དེར་བྱིན་ནས་རང་གིས་སྤྲུལ་པའི་ཁང་བུ་བརྩེགས་པའི་ནང་དུ་འདུག་གོ། དེ་གཉིས་དེ་ན་འདུག་པ་དེར་ཚངས་པ་ཆེན་པོ ་བེད་ཟེར་བཟང་པོ་ཞེས་བྱ་བ་ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱི་རྐང་པ་ལ ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དི་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ ་དེས་འདི་སྐད་དུ་འདུས་ཤིང་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བསྟན་པར་བྱའོ།། ཡང་ན་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས་གསུངས་ན།། དེ་ལ་ཆོས། ་ཀྱི་གཏམ་ནི་གང་ཡིན་ཐ་འཕགས་པ་མི་སྦ་བར་མྱུར་པ་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས། ཚངས་པ་འོད་ཟེར་བཟང་པོ་ལ་འདི་སྐད་ཅེས་སྔས ་སོ། ཚངས་པ་དེའི་ཕྱིར་དྲི་བ་ལུང་བསྟན་པ་འདི་ལས་ཅུང་ཟད་ཅིག་བཤད་ཀྱིས་རྣོན་ཅིག་དང་། འོདདི་ལ་དེ་བཞིན་གཤེགས་པ་ནི་མངོན་སུམ་སྟེ། ཕ་རོལ་གྱི་མཆོག་བརྙེས་པའོ།། རིག ་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་གཉིས་འཁོར་དེའི་ནང་ན་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་།། འཕགས་པ་མི་སྨྲ་བར་གྱུར་པ་ལས་བརྩམས་ནས་དོན་གྱི་ཚིག་འདི་གཉིས་རྒྱས་པར་བསྟན་ཏེ།། ་དེའི་ཚེ་ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། ཚངས་པ་འོད་ཟེར་བཟང་པོས་ཀྱང་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་མངོན་དུ་གྱུར་ཏེ། རབ་ཐོབ་བོ།། ་རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤོབས་པ་རྒྱུན་མི་འཆུད་པ་དེ་གཉིས་དྲིས་པ་གཉིས་པོ་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ཡང་དག་པར་སྟོན་ཅིང་འདུག ་སྟེ་དེ་གཉིས་ཀྱིས་ལོ་སྟོང་ཕྲག་བདུན་ཅུ་རྩ་དྲུག་གི་བར་དུ་དོན་གྱི་ཚིག་འདི་གཉིས་གཏན་ལ་འབེབས་ཤིང་ལན་ལྗོན་པར་གྱུར་ཏེ། གཅིག་གིས་ཡང་མཐར་མ་བྱིན། གཉིས་པོའང་མཐར་མ་བྱིན་ཏོ།། ་བྱཱ་བྱ། དེ་ན་དེ་བཞིན་གཤེགས་པ་དེ་སྟེང་གི་ནམ་མཁའ་ལ་བཞུགས་ནས། དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་པ།། རིགས་ཀྱི་བུ་ཆོག་གོ། སྨྲས་པ། རྩོད་པར་མ ་བྱེད་ཅིག། སྨྲ་བས་རྩོད་པར་མ་བྱེད་ཅིག། སྨྲ་བ་ཐམས་ཅད་ནི་བྲག་ར་དང་མཚུངས་ཏེ། སྒྲ་ཅི་འདྲ་བ་དེ་བཞིན་དུ་སྒྲ་བརྙན་ཡང་དེ་བཞིན་ནོ།། ཁྱེད་ཀྱིས་སྤོབས་པ་སོ་སོ་ཡང་དག་པར ་རིག་པ་མི་ཟད་པ་མངོན་པར་བསྒྲུབ་པ་ཁོང་དུ་ཆུད་དེ།། ཁྱེད་འདོད་ན་དྲིས་པ་འདིའི་དོན་བསྐལ་པ་འམ།། བསྐལ་པ་ལས་ལྷུག་པར་ཡང་ལན་ལྗོན་ཞིང་ཁྱེད་ཀྱི་སྤོབས་པའི་མཐར་ཕྱིན་པར ་ཡང་མི་འགྱུར་མོད་ཀྱི། སངས་རྒྱས་ཀྱི་ཚིག་ནི་ཉེ་བར་ཞི་བ་ཡིན་ཏེ། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ།། ཡི་གེ་མེད་པའི་དོན་ཏོ།། དོན་ནི་བརྗོད་དུ་མེད་པ་སྟེ། ཇི་ཙམ་དུ་བརྗོད་པ་དེ ་ཙམ་དུ་དོན་མེད་པའོ།། དོན་ལ་རྟོན་ལ། ཡི་གེ་ལ་མ་རྟོན་ཅིག་ཅེས་དེ་གཉིས་དེ་བཞིན་གཤེགས་པ་དེས་བསྐུལ་བར་རིགས་ནས་ཅང་མི་སྨྲ་བར་གྱུར་ཏོ།། རིགས་ཀྱི་བུ་རྣམ་གྲངས་འདིས ་ཀྱང་འདི་ལྟར་འདོད་ན། བྱང་ཆུབ་སེམས་དཔའ་དག་བསྐལ་པ་བརྒྱ་སྟོང་ངམ།། དེ་བས་ཀྱང་ལྷག་པར་སྤོབས་པས་བསྟན་པ་སྟོན་པར་རིག་པར་བྱའོ།། རིགས་ཀྱི་བུ་དེའི་དུས་དེའི་ཚེ་ན ་བྱང་ཆུབ་སེམས་དཔའ་གཉིས་བྱུང་བ་གཞན་ཡིན་པར་འཛིན་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་བྱང་ཆུབ་སེམས་དཔའ་བློ ་གྲོས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ།། མཉམ་པར་གནས་པ་ཁྱོད་ཀྱང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཁྱད་པར་བློ་གྲོས་ཞེས་བྱ་བར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་ཚངས་པ་ཆེན་པོ་ཁྱད། ་པར་སེམས་འདི་ནི་ཚངས་པ་འོད་ཟེར་བཟང་ཞེས་བྱ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། བྲམ་ཟེ་ཤིང་སྦྲུལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གང་བདི་མངོན་པར་བརྩོན་པ་དེ་བགྱིད་པའི་བརྩོན་འགྲུས་བརྩམས་པ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་དོན་ཆེན་པོ་ཐོབ་པར་འགྱུར་ཏེ།། མངོན་པར ་མི་བརྩོན་པ་རྣམས་ལ་ནི་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་གིས་ཀྱང་ཅི་ཞིག་བགྱི། བཅོམ་ལྡན་འདས་མངོན་པར་བརྩོན་པ་ནི་བྱང་ཆུབ་ལགས་སོ།། དེ་ནས་འཇམ་དཔལ ་གཞོན་ནུར་གྱུར་པས། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་བརྩོན་པ་མངོན་པར་བརྩོན ་པ་ཞེས་བྱ།། སྨྲས་པ། བྱང་ཆུབ་སེམས་དཔའ་ཇི་ལྟར་བརྩོན་པར་བྱས་པས་མངོན་པར་རྟོགས་པ་ཐོབ་པར་འགྱུར་བ་དེ་འདི་ནི་མངོན་པར་བརྩོན་པའོ།། སྨྲས་པ། ཡང་ཇི་ལྟར་མངོན ་པར་བརྩོན་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར། སྨྲས་པ།། གང་ཆོས་གང་ལའང་རྣམ་པར་མི་རྟོགས་ན་དེ་ལྟར་མངོན་པར་བརྩོན་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ།། སྨྲས་པ། ་ཇི་ལྟར་ན་མངོན་པར་རྟོགས་པ་མངོན་པར་རྟོགས་པ་ཡིན།། སྨྲས་པ། མཉམ་པ་ཉིད་གང་གིས་ཆོས་ཐམས་ཅད་མཉམ་པར་མཐོང་བ་ནི་དེ་ལྟར་ན་མངོན་པར་རྟོགས ་པ་མངོན་པར་རྟོགས་པ་ཡིན་ནོ།། སྦས་པ། རིགས་ཀྱི་བུ་མཉམ་པ་ཉིད་མཐོང་བར་རུང་ངམ། སྦས་པ། མི་རུང་ངོ་།། སྨྲས་པ། གལ་ཏེ་མི་རུང་ན་མི་མཉམ་པར་གྱུར་ཏེ། མཉམ་པར་མི ་རུང་ངོ་།། ཁྱད་པར་སེམས་ཀྱིས་སྦས་པ་། འཇམ་དཔལ་གང་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མི་མཐོང་བ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ།། འཇམ་དཔལ་གྱིས་སྤྲས་པ། ཚངས ་པ་ཅིའི་ཕྱིར་མི་མཐོང་སྨྲས་པ་གཉིས་དང་བྲལ་བའི་ཕྱིར་མི་མཐོང་ངོ་།། འཇམ་དཔལ་མི་མཐོང་བ་ནི་ཡང་དག་པར་མཐོང་བ་ཡིན་ནོ།། སྨྲས་པ། ཚངས་པ་སུས་འཇིག་རྟེན་གྱི་མཉམ ་པཉིད་མཐོང་སྦས་ཕྲ།། དེ་བཞིན་གཤེགས་པས་སོ།། སྨྲས་པ། ཇི་ལྟར་གཟིགས། སྨྲས་པ། ཇི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་དུ་མ་མཛད་པ་དང་།། ཚོར་བ་དང ་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་དུ་མ་མཛད་དེ། འཇམ་དཔལ་ཕུང་པོ་ལྔ་པོའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པ་འདི་ནི་འཇིག་རྟེན་ལ་ཡང ་དག་པར་གཟིགས་པའོ།། སྦས་པ། ཚངས་པ་འཇིག་རྟེན་གང་གིས་རབ་ཏུ་ཕྱི། སྦས་པ། ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་བྱེའོ།། སྤྲས་པ། གལ་ཏེ་འཇིག་རྟེན་ཟད་པའི་མཚན་ཉིད ་ཀྱིས་རབ་ཏུ་ཕྱེ་བ་ཡིན་ན།། ཚུངས་པ་ཅི་འཇིག་རྟེན་གྱི་མཚན་ཉིད་དེ་ཟད་པར་འགྱུར་རམ། སྦས་པ།། འཇམ་དཔལ་འཇིག་རྟེན་གྱི་མཚན་ཉིད་ཟད་པར་མི་འགྱུར་རོ།། སྨྲས་པ་འའོན ་ཇི་ལྟར་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ། འཇམ་དང་ལ་གང་ཤིན་ཏུ་ཟད་པ་དེ་ནི་ཟད་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ་དེ་ནི་ཟད ་པར་མི་འགྱུར་བའི་ཕྱིར་རོ།། སྨྲས་པ། ཚུངས་པ་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་དུ་མ་གསུངས་སུ་མ། སྦས་པ།། འཇམ་དངཔ་ལ་ཟད་པའི་ཆོས་ཉིད ་གང་ཡིན་པ་དེ་ནམ་ཡང་ཟད་པར་མི་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་ནོ་ཞེས་གསུངས་སོ།། སྨྲས་པ། ཚངས་པ་གང་གིས་འདུས་བྱས་ཀྱི ་གྲངས་སུ་འགྲོ། སྦས་པ། འཇམ་དཔལ་ཟད་པའི་ཆོས་ཉིད་ཀྱིས་འདུས་བྱས་སོ་ཞེས་བྱ་བའི་གྲངས་སུ་འགྲོའོ།། སྨྲས་པ།། ཚངས་པ་འདུས་བྱས་ཅི་ལ་གནས། སྨྲས་པ། འདུས་མ ་བྱས་ཀྱི་རང་བཞིན་ལ་གནས་སོ།། སྨྲས་པ། ཚངས་པ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད། སྨྲས་པ། འཇམ་དང་ལ་འདུས་བྱས་དང་འདུས་མ་བྱས་ཀྱི ་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ནི་ཐ་སྙད་དོ།། དེ་ཅིའི་ཕྱིར་ཞེ་ན། ཐ་སྙད་ཀྱིས་འདི་ནི་འདུས་བྱས་སོ།། འདི་ནི་འདུས་མ་བྱས་སོ་ཞེས་བསྟན་ཏེ། ཡང་འདུས་བྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས ་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ཏེ། ཆོས་ཉིད་ལ་ཐ་དད་དུ་བྱ་བ་མེད་དོ།། སྤྲས་པ་། ཚངས་པ་ཆོས་ཉིད་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། སྨྲས་པ་འཇམ་དཔལ་ཆོས ་ཉིད་ཅེས་བྱ་བ་ནི་འདུས་མ་བྱས་དང་བྱེ་བྲག་མེད་པར་གྱུར་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་སོ།། སྨྲས་པ་ཚིག་བླ་དགྲས་ཞེས་བྱ་བའི་དོན་ཅི། སྨྲས་པ། ཕ་རོལ་རྣམ་པར་རིག་པར་བྱ་བའི་ཆེད་དུ་བསྟན ་བསྲ་ན།། འདི་ནི་དེའི་ཕྱིར་ཚིག་བླ་དགས་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་བླ་དགས་ཐམས་ཅད་ནི་ལྷག་པར་བྱེད་པས་སློབ་དོགས་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྒོ་ནི་འདོགས ་ཤིང་ལྷག་པར་ཡང་མི་མཛད་ལ་སྟོན་པས་ན།། དེ་ནི་ལྷག་པའི་ཚིག་ཅེས་བྱའོ།། ཡང་འཇམ་དཔལ་ཚིག་ཐམས་ཅད་ཚིག་མ་ཡིན་པས་ན་དེའི་ཕྱིར་སངས་རྒྱས་ཀྱི་ཚིག་ནི་བརྗོད་དུ་མེད་པ་ཞེས་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་བརྗོད་པས་རབ་ཏུ་དབྱེ་བ་མ་ཡིན་ནོ།། སྨྲས་པ་། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་ན་རབ་ཏུ་དབྱེ། སྨྲས་པ། ་གཟུགས་སུའང་མ་ཡིན།། མཚན་དུའང་མ་ཡིན། ཆོས་ཉིད་དུའང་རབ་ཏུ་མི་དབྱེའོ།། སྦས་པ། ཅི་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ལས་ཐ་དད་དུ་རབ་ཏུ་དབྱེ་འམ། སྨྲས་པ། དེ་ནི་མ་ཡིན་ནོ།། ་སྨྲས་པ།། གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི།། དེ་ལས་ཀྱང་མ་ཡིན།། གཞན་ལས་ཀྱང་མ་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་རབ་ཏུ་དབྱེའོ།། འདི ་ལྟར་དེ་བཞིན་ཉིད་ཀྱིས་རབ་ཏུ་བསྟན་ཅིང་ཆུང་ཟ་བར་ཡང་མི་འགྱུར་བ་དེ་ལྟར་བ་དེ་ལྟར་རབ་ཏུ་དབྱེའོ།། སྨྲས་པ་། དེ་ལྟར་ན་དེ་བཞིན་གཤེགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས ་སྤྲས་པ། འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་རྟོགས་ཏེ ་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ་མཁས་པ་དེ་དག་གཟུགས་བཞག་ཕྱིར།། བྱང་ཆུབ་ཏུ་ནི་མ་ཞུགས་ཏེ།། གཟུགས་གཞི་ན་བྱང་ཆུབ་དེ་བཞིན་ཤེས།། མཁས་པ་དག་ནི་དེ་ལྟར་འཇུག། དེ་བཞིན་ཉིད་ཀྱིས་ཕྱེ་བས་ན ་གཟུགས་ལྟར་བྱང་ཆུབ་དེ་བཞིན་ཏེ།། མཁས་མཆོག་དེ་དག་བྱང་ཆུབ་ལ།། ཡོངས་སུ་དབྱེ་བར་མི་འཇུག་གོ། བྱང་ཆུབ་དོན་ནི་དབྱེར་མེད་དེ་དོན་ལ་བྱང་ཆུབ་མི་དམིགས་སོ།། དོན་དམ ་འདི་ལ་གང་བརྩོན་པ།། དེ་དག་བྱང་ཆུབ་ཉིད་ལ་ཞུགས།། ཕུང་པོ་དང་ནི་ཁམས་རྣམས་དང་།། སྐྱེ་མཆེད་དག་ལ་བྱང་ཆུབ་རོལ།། བྱང་ཆུབ་དེ་ཡི་རང་བཞིན་ཏེ།། དེ་ལས་གུད་ན་བྱང་ཆུབ་མེད།། ་ཆོས་རྣམས་རབ་དང་ཐ་མ་དང་།། བར་མཐང་ནམ་ཞིག་མི་འཛིན་ཅིང་།། གང་ཡང་འདོར་བར་མི་བྱེད་པ།། དེ་རེ་བྱང་ཆུབ་ཡང་དག་ཟུགས།། ནམ་ནིག་ཆོས་དང་ཆོས། ་མ་ཡིན།། གཉིས་སུ་དེ་དག་པས་མི་ལེན།། གཉིས་སུ་གྱུར་པའང་མ་ཡིན་པ།། དེ་དག་བྱང་ཆུབ་རབ་ཏུ་ཞུགས།། འདུས་མ་བྱས་ནི་གཉིས་སུ་མེད།། འདུས་བྱས་དག་ནི་གཉིས་ཡོད་ན།། འདི ་གཉིས་མཐའ་སྟེ་རྣམ་པར་སྤངས།། བྱང་ཆུབ་སྤྱད་པ་དེ་དག་སྤྱོད།། སོ་སོའི་སྐྱེལས་རབ་འདས་ལ།། མི་འགྱུར་བ་ལབང་མི་གནས་ཤིང་།། འབྲས་བུབང་མ་ཐོབ་པ་པགས་པ་རྣམས། ་དེ་དག་འཇིག་རྟེན་སྦྱིན་པོ་ས་ཡིན།། འཇིག་རྟེན་ཆོས་རྣམས་ཀུན་ལྟ་ཞིང་།། འཇིག་རྟེན་ན་ཡང་པདྨ་བཞིན།། སྤྱོད་པ་མཆོག་ལ་སྤྱོད་པ་ན།། དེ་དག་བྱང་ཆུབ་ཞུགས་པ་བཞིན།། གང ་ལའཇིག་རྟེན་སྤྱོད་པ་དེར།། དེ་དག་སྤྱོད་པ་བྱེད་མོད་ཀྱི།། གང་ལ་འཇིག་རྟེན་རྨོངས་འགྱུར་བ།། དེ་ལ་མཁས་པ་དེ་དག་གྲོལ།། དེ་དག་འཁོར་བར་ཉོན་མི་མོངས།། བྱང་ཆུབ་སེམས ་དངའ་འཇིགས་མེད་པ།། གཞན་པ་མེད་ཅིང་ཞུམ་མེད་པ།། དེ་དག་བྱང་ཆུབ་སྤྱོད་པ་སྤྱོད།། དེ་གཞིན་མཁས་ཤིང་རྟག་པར་ནི།། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡང་རྟོགས།། དེ་དག་ཆོས་དང ་ཆོས་མིན་དུ།། འདི་ལ་མཁས་པ་མི་རྟོག་གོ།། བྱང་ཆུབ་སྤྱོད་པར་བ་སྤྱོད་ཅིང་།། དེ་དག་ཆོས་རྣམས་འཇིག་མི་བྱེད།། གང་ཡང་སྐྱེ་བར་མི་བྱེད་དེ།། འདི་ནི་བྱང་ཆུབ་མཚན་ཉིད་དོ།། ཆོས ་རྣམས་ཐམས་ཅད་མཚན་ཉིད་མེད།། ནམ་མཁས་མཚུངས་ཤིང་མཉམ་པ་སྟེ།། མཁས་པ་དེ་དག་ནམ་དུ་ཡང་།། མཚན་གཞི་མཚན་གཞི་མེད་མི་སྙེམས།། སྤྱོད་ལ་མཁས་པར་གྱུར་པ་ཡིན།། ་ཐབས་ཀྱི་ཕ་རོལ་བསོང་ཞིང་།། སེམས་ཅན་རྣམས་ཀྱི་བསམ་པ་ཡང་།། མཁས་པ་དག་ནི་རྫོགས་པར་བྱེད།། རྟག་ཏུ་དམ་པའི་ཆོས་འཛིན་ཅིང་།། མངོན་པ་ཉིད་ལ་རབ་ཏུ་གནས།། ཆོས་ལ ་རློམ་སེམས་མི་བྱེད་པ།། འདི་ནི་ང་ཡི་ཆོས་ཡིན་ཏེ།། སངས་རྒྱས་དག་ནི་སྐྱེས་ཀྱང་རུང་།། འོད་ཏེ་འདྲེན་པ་མ་སྐྱེས་ཀྱང་།། ཆོས་རྣམས་ཐམས་ཅད་སྟོང་པ་སྟེ།། དེ་དག་ཆོས་ཉིད་དེ་མི་འདོར།། ། ་ཆོས་རྣམས་ཀུན་ལ་མངོན་སུམ་སྟེ།། ཆོས་ཀྱི་ཆོས་ཉིད་གང་ཡིན་པ།། དེ་བཞིན་ཉིད་ལ་རབ་གནས་ཤིང་།། དེ་དག་བསྟན་པ་ཤིན་ཏུ་སྟོན།། བདུད་ཀྱིས་ཟབ་མོ་སྤྱོད་པ་ཡི།། གཏིང་ཡང་རྟག ་ཏུ་རིག་མི་འགྱུར།། འདི་ལྟར་དེ་དག་ཆོས་རྣམས་ལ།། མ་ལུས་པར་ནི་མི་འཛིན་ཏོ།། སངས་རྒྱས་ཡེ་ཤེས་རབ་ཚོལ་ལ།། ཡང་དག་ཞུགས་པའི་སྤྱོད་ཡུལ་མིན།། ཡེ་ཤེས་དེ་ཡ་། ་ཡུལ་གནས་དང་།། ཕྱོགས་ལ་གནས་པ་མི་འཐོབ་བོ།། སངས་རྒྱས་ཡེ་ཤེས་ཆགས་མེད་དེ།། ཆོས་དང་ཆོས་ལ་ཆགས་མི་བྱེད།། བྱང་ཆུབ་ཏུ་ནི་གང་གཞོལ་བ།། དེ་བཞིན་དེ་དག ་ཆགས་མི་བྱེད།། སྦྱིན་པས་མངོན་པར་རྟག་ཏུ་བ་པགས།། སེམས་དུལ་དུལ་རབ་རབ་ཏུ་དགའ།། དེ་དག་མ་ལུས་གཏོང་བ་ན།། ཞན་པའི་སེམས་ཀྱི་ཡོངས་མེད་དོ།། ཆོས་ནི་གཏང་བར ་མི་ནུས་ཏེ།། གཟུང་བར་ཡང་ནི་མི་ནུས་སོ།། དེ་ལྟར་ཆོས་རྣམས་ཐམས་ཅད་ལ། བདག་གི་དངོས་པོ་ཡོད་པ་ཡིན། ཆོས་རྣམས་ཐམས་ཅད་མ་བཅིངས ་ཤིང་། གྲོལ་བབང་མེད་པར་གང་གིས་ཤེས།། གང་ལ་ལྟ་བ་མེད་པ་སྟེ།། དེ་ནི་སྦྱིན་བདག་ཆེན་པོ་ཡིན།། ང་དང་ང་ཡིར་ལྟ་བ་གང་།། དེ་ལ་དེ་དག་ཡོང་མེད་དེ།། དེ་ཕྱིར་དེ་དག་གཏོང ་བཱན།། དངོས་པོ་ཅི་ལའང་རྟེན་མི་འགྱུར།། སྦྱིན་པ་གཏོང་བ་ཐམས་ཅད་ཀྱང་།། བྱང་ཆུབ་ལ་ནི་སྔོ་བར་བྱེད།། བྱང་ཆུབ་ལ་ནི་སྦྱིན་པ་ཡིན།། གཉིས་སུ་འདུ་ཤེས་མི་བསྐྱེད་དོ།། འདུ་བྱེད ་མེད་པའི་ཚུལ་ཁྲིམས་ལ།། རྟག་པར་ཤིན་ཏུ་གནས་པར་འགྱུར།། ཚུལ་ཁྲིམས་ལ་ཡང་བདག་གནས་ཤིང་།། དེ་དག་ལ་ནི་རློམ་སེམས་མེད།། ཚུལ་ཁྲིམས་དག་ནི་མ་བྱས་ཤིང་།། མ ་སྐྱེས་པར་ཡང་མཁས་པས་ཤེས།། དེ་ཕྱིར་དེ་ཡི་ཚུལ་ཁྲིམས་ནི།། རབ་དག་དྲི་མེད་ནམ་མཁབ་བཞིན།། ལུས་ནི་གཟུགས་བརྙན་ཉིད་དང་འདྲ།། ངག་ནི་བྲག་ཆ་ཇི་བཞིན་ཏེ།། སེམས་ཀྱང ་སྒྱུ་མ་འདྲ་རིགནས།། དེ་དག་ཚུལ་ཁྲིམས་མི་སྙེམས་སོ།། དེ་དག་ཞི་ཞིང་རབ་ཏུ་ནི། ཉེ་བར་ཞི་ཞིང་མཉམ་པར་གནག། སྡུག་པ་ཐམས་ཅད་ཞི་བྱེད་ཅིང་།། རབ་ཏུ་ཞི་བའི་ཕ་རོལ་སོང་། ་ངང་ཚུལ་ངན་དང་ཚུལ་ཁྲིམས་ནི།། གཉིས་སུ་བྱ་བ་དེ་ལ་མེད།། ཆོས་ཀྱི་དབྱིངས་ནི་ཡོངས་ཤེས་ནས།། དེ་མི་ཚུལ་ཁྲིམས་ཟག་པ་མེད།། བཟོད་པའི་ཕ་རོལ་རབ་བྱིན་ཅིང་།། ཅེས་བཅས ་ཐམས་ཅད་བཟོད་པར་བྱེད།། དེ་ལྟར་སེམས་ཅན་ཐམས་ཅད་ལ།། དེ་ཡི་འདུ་ཤེས་མཉམ་པར་འཇུག། ཆོས་རྣམས་ཐམས་ཅད་མི་གནས་ཏེ།། སྐད་ཅིག་འཇོམས་པས་འཇིག་པར་འགྱུར།། ་འདི་ལ་གང་ཡང་གཤེ་བ་མེད།། འདི་ལ་གང་ཡང་ཕྱག་བཚལ་མེད།། ལུས་རྣམས་གཤེགས་ཤིང་བཅད་ན་ཡང་།། དེ་ཡི་སེམས་ལ་བཟུགས་མི་འབྱུང་།། ལུས་ཀྱི་ནང་ངམ་ཕྱི་རོལ་ན།། ་སེམས་ནི་ཤིན་ཏུ་མི་གནས་སོ།། ཁམས་བཞི་ལས་ནི་བྱུང་བ་ཡི།། ལུས་འདི་ཉིད་ནི་དགྲ་དང་མཚུངས།། ཡང་དག་ཡོངས་སུ་རྟོགས་པ་ཡི།། མཁས་པ་དེ་དག་བདག་མི་སྙེམས།། དེ་ལྟར ་མངོན་སུམ་གྱུར་པས་ན།། དེ་དག་བཟོད་པ་སྨྲ་བ་ཡིན།། དེ་ཡི་སེམས་ནི་སུན་དབྱུང་བར།། མ་ལུས་སྐྱེ་བོས་མ་ནུས་སོ།། དེ་དག་བརྩོན་འགྲུས་ཆེ་རྩོམ་སྟེ།། མཐུ་བརྟན་འཇིགས་པ་མེད་པ ་དག། ལུས་དང་སེམས་རྣམས་རིགས་ནས་ནི།། དེ་དག་ལ་ནི་གནས་མི་འགྱུར།། འཁོར་བ་ཡི་ནི་ཐོག་མ་ཡིན།། མཐའ་ནས་བཟུང་སྟེ་མ་སྐྱེས་སོ།། སེམས་ཅན་གཅིག་གི་དོན་ཕྱིར་ཡང་།། ་སྟོབས་པོ་ཆེ་དག་གོར་གྱོན།། ཆོས་ནི་གང་ཡང་མི་སྐྱེ་སྟེ།། འབྱུང་བར་འགྱུར་བའང་མེད་མོད་ཀྱི།། བྱིས་པ་ཕྱིན་ཅི་ལོག་པའི་ཕྱིར།། སྔོན་གྱི་མཐའ་ནི་མི་རྟོགས་སོ།། དབྱིངས་འདི་རྟག ་ཏུ་གནས་པ་སྟེ།། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ།། དེ་ལྟར་ཡང་དག་རབ་ཤེས་ནས།། འདི་ལ་སྐྱེ་མེད་འཇིགས་པའང་མེད།། ཆོས་ཀྱི་ཆོས་ཉིད་འདི་རྣམས་ནི།། སེམས་ཅན་འདི་དག་མི ་བྱབྱ། ཤེས་ཏེ།། དེ་ཕྱིར་དེ་ཡི་ཕྱིན་ཅི་ལོག། སྤང་བའི་ཕྱིར་ནི་དེ་དག་བརྩོན།། སེམས་ཅན་རྫོགས་པའི་སངས་རྒྱས་ཀྱིས།། ཇི་ལྟར་བུར་ཡང་ཡོང་མ་རྙེད།། གོ་ཆ་དག ་ཀྱང་མི་འདོར་ཏེ།། བརྩོན་འགྲུས་དག་གིས་ཁྱད་པར་ལྟོས།། ཇི་ལྟར་སྒྱུ་མ་སྲོག་རྒྱུ་ལྟར།། ཆོས་རྣམས་ལ་ནི་རབ་ཏུ་འབྱེད།། འདི་ལ་སྙིང་པོ་མི་རྙེད་དེ། ནམ་མཁའ་ལ་ནི་ལྟེ་བ་བཞིན། ་མེད་པའི་ཡོངས་སུ་རྫོགས་པ་མི།། སྐྱེ་བོ་མིམ་པས་ཉོན་མོངས་འགྱུར།། གང་གིས་མྱ་ངན་འདའ་བ་ཡི།། རིགས་པ་དག་ནི་དྲིལ་བཤད།། དེ་ཡི་བརྩོན་འགྲུས་དེ་ཕྱིར་ཏེ།། དངོས་པོ་གཞིག ་ཕྱིར་མ་ཡིན་ནོ།། དངོས་དང་དངོས་མེད་མི་རྟག་ཕྱིར།། དེ་དག་གི་ནི་བརྩོན་འགྲུས་སྐྱེད།། དབེན་པ་དག་ཏུ་རྟག་གནས་ཤིང་།། ཉོན་མོངས་མེད་པར་རྟོགས་པར་རིག་འཁོར་བ་ལ་ནི ་སྐྲག་པའི་ཡིད།། འདྲིས་པ་མེད་ཅིང་ཡིད་མི་རྟོན།། དགོན་པར་སྤྱོད་པ་བརྟན་པ་དག། མཁས་པ་རྟག་ཏུ་བསེ་རུ་བཞིན།། ཤེས་པར་རྩེན་པའི་རེག་པ་དག། དེ་དག་མངོན་ཤེས་རྟོག ་པར་རིག། དགོན་པ་བཞིན་དུ་གྲོང་དེ་བཞིན།། མཉམ་པ་ཉི་ལ་རབ་གནས་པས།། སྤྱོད་དང་སྤྱོད་ལམ་མི་རྟོག་སྟེ།། དེ་དག་རྟག་ཏུ་མཉམ་པར་གཞག་ནམ་ཞིག་མཉམ་པར་གཞག ་པའི་ཆོས།། ཉེ་བར་ཞི་བ་ཟག་མེད་ལ།། མོས་ཤིང་རྣམ་པར་གྲོལ་བ་ན།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། མཉམ་པར་བྱེད་ཅིང་མཉམ་པར་འགྲོ།། མརྣམ་པ་ཉིད་ལ་རབ་གནས ་ནུས།། མཉམ་པ་ཉིད་དང་འགལ་མི་བྱེད།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། བྱང་ཆུབ་སེམས་ལས་རྣམ་པ་ཀུན།། སེམས་ལས་དེ་དག་མོངས་མི་འགྱུར།། སེམས་ཅན་དག་ཀྱང ་མོངས་སྲིན་བྱེད།། དེ་ཕྱིར་མཉམ་པ་གཞག་ཏུས་གསུངས།། རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། དེ་བཞིན་གཤེགས་པ་རྟག་ཏུ་དྲན།། གཟུགས་ལ་འདོད་ཆགས་དྲལ་བ་ཐོབ ་དེ་ཕྱིར་མཉམ་པར་གན་གྲ་རྗེས་གསུངས།། ཆོས་ཀྱི་ཆོས་ཉིད་ཇི་ལྟ་བར།། དེ་དག་ཆོས་རྣམས་ཞོམ་མོད་ཀྱི།། དྲན་པ་ཡིད་ལ་བྱེད་པ་མིན།། དེ་ཕྱིར་མཉམ་པར་གཞག་ཅེས་གསུངས།། ་དགེ་འདུན་དྲན་པ་སྒོམ་བྱེད་དེ།། དགེ་འདུན་ཉིད་ཀྱང་འདུས་མ་བྱས།། ཚད་དང་བྲལ་བཞི་པ་ཡི།། མཁས་པ་དག་ནི་བསམ་གཏན་རློམ།། ལུས་ཅན་དག་གིས་ཕྱོགས་བཙུན།། ་ཞིང་དང་སངས་རྒྱས་རྣམས་མཐོང་སྟེ།། དེ་དག་མིག་དང་གཟུགས་ལ་ཡང་།། གཉིས་སུ་འདུ་ཤེས་མི་འཇུག་གོ། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། ཇི་སྙེད་ཡོད་པ་ཉན་མོད ་ཀྱི། དེ་དག་སྒྲ་དང་རྣ་བ་ལ།། གཉིས་སུ་འདུ་ཤེས་མི་འཇུག་གོ།། དེ་དག་སེམས་ཅན་ཀུན་གྱི་སེམས།། སེམས་གཅིག་གིས་ནི་རབ་ཤེས་ཀྱང་།། དེ་དག་སེམས་སམ་སེམས་ཅན་ལ།། ། ་རྣམ་པར་རྟོག་པར་མི་འགྱུར་རོ།། བསྐལ་པ་གངྒཱའི་བྱེ་མ་སྙེད།། བྱེ་བ་ལྟ་བུ་དྲན་གྱུར་ཀྱང་།། དེ་དག་སྔོན་ནམ་ཕྱི་མ་ཞེས།། སྤོས་པ་འདི་ཡང་མི་འབྱུང་ངོ་།། ཞིང་རྣམས་བྱེ་བ ་ཕྲག་སྟོང་དང་།། བསམ་མི་ཁྱབ་པར་བརྡུལ་གྱིས་འགྲོ།། ལུས་ལའང་མེད་ཅིང་སེམས་ལའང་མེད།། དེ་ལས་གུད་ནའང་ཡོད་མ་ཡིན།། ཆོས་རྣམས་རབ་ཏུ་དབྱེ ་རིགས།། སྤོབས་པ་དག་ལ་རྟོགས་པར་རིག། ཆོས་ཀྱི་དབྱིངས་རྣམས་བསྟན་པ་དག། བསྐལ་པ་བྱེ་བར་སྨྲ་བར་བྱེད།། ཤེས་རབ་ཀྱི་ཡང་ཕ་རོལ་བྱིན།། ཕུང་པོ་དག་ལ་མཁས་པར་བསྲུ་། ་བླང་མེད་སྤྲོས་པ་མེད་པ་ཡི།། ཆོས་མཆོག་དག་ནི་རྗོད་པར་བྱེད།། དེ་དག་རྐྱེན་ལམ་བས་པ་སྟེ།། མཐའ་གཉིས་དག་ནི་སྤངས་པ་སྟེ།། དེ་དག་ཉོན་མོངས་རྒྱུ་རྣམས་ཀྱང་།། སྡིག་པ་མེད ་བདག་པར་ཤེས།། རྐྱེན་ལ་ལྷག་པར་མོས་པ་ལ།། ལྔ་བདག་ནི་ཡོད་མ་ཡིན།། འདི་ལྟར་ཆོས་རྣམས་ཐམས་ཅད་ན།། རྐྱེན་ལ་རག་ལས་དངོས་པོ་མེད།། བདག་ཏུ་ལྟ་དང་སངས་རྒྱས ་ལྟ། སྟོང་པར་ལྡངའང་གང་ཡིད་དང་།། མྱ་ངན་བདས་དང་འཁོར་བར་ལྟ།། ཐམས་ཅད་དེ་ལ་ཡོངས་མེད་དོ།། ཤེས་རབ་རང་བཞིན་ཤེས་ནས་ནི།། སྣང་བར་གྱུར་མ་ཐག་ཏུ་ཡང་།། དེ་དག། ་མུན་བྲལ་ཆགས་མེད་ཅིང་།། བྱང་ཆུབ་སྤྱོད་ལ་སྤྱོད་པར་འགྱུར།། ཐེག་པ་ཆེན་པོའི་ཐེག་པ་འདི།། སངས་རྒྱས་ཐེག་པ་བསམ་མི་ཁྱབ།། སེམས་ཅན་ཀུན་གྱི་གོ་སྐབས་པབྱེད།། ཐེག་པ ་ཆེན་པོ་བླ་ན་མེད།། ཐེག་པ་ཇི་སྙེད་ཅི་ཡོད་པ།། འདི་ནི་དེ་ཡི་མཆོག་ཏུ་དགོངས།། དེ་ཕྱིར་ཐེག་པ་ཆེན་པོ་ལས།། ཐེག་པ་ཐམས་ཅད་རབ་ཏུ་དབྱེ།། ཐེག་པ་གཞན་ནི་ཆུང་ངུ་སྟེ།། ཐམས ་ཅད་ཀྱི་ན་གོ་སྐབས་མེད།། ཐེག་པ་ཆེན་པོ་འདི་ལ་ནི།། ལུས་ཅན་ཀུན་གྱི་གོ་སྐབས་ཤོང་།། ཐེག་པ་ཆེན་པོ་ནམ་མཁའ་ལྟར།། དྲི་མ་མེད་ལ་གང་ཞུགས་པ།། དེ་དག་ལུས་ཅན་ཐམས ་ཅད་ལ།། སེར་སྣ་བྱེད་པ་ཡོང་མེད་དོ།། ཇི་ལྟར་ནམ་མཁའ་ཚད་མེད་ཅིང་།། གཟུགས་མེད་བསྟན་དུ་མེད་པ་ལྟར།། དེ་བཞིན་ཐེག་པ་ཆེན་པོ་འདི།། ཚད་མེད་བསྒྲིབས་པ་མེད་པའོ།། ་གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་།། ཐེག་པ་དམ་པ་འདོད་འགྱུར་ན།། ཐམས་ཅད་ཀྱི་ཡང་གོ་སྐབས་ཡོད།། ཐེག་པའི་ཁྱད་པར་དག་ལ་ལྟོས།། ཐེག་པ་ཆེན་པོའི་ཡོན་ཏན་དག ་དེ་ལ་གང་རྣམས་གནས་པ་ཡི།། དེ་དག་གིས་ནི་བསྔགས་པའི་མཐའ།། བསྐལ་པ་བྱེ་བར་བཤད་མི་ནུས།། ཚིག་བཞི་པ་ཡི་ཚིགས་བཅད་ཙམ།། མདོ་མཆོག་འདི་ལས་གང་འཛིན ་པ། དེ་དག་གིས་ནི་མི་ཁོམ་སྤངས།། མཁས་པ་དེ་དག་དལ་བ་ཐོབ།། གང་དག་མདོ་སྡེ་འདིར་དགའ་བ།། དེ་དག་ཕྱིན་ཆད་ངན་སོང་དུ།། འགྲོ་བར་འགྱུར་བ་མ་ཡིན་ཏེ།། དེ་དག་ལྔ ་དང་མིར་འགྱུར་རོ།། ཕྱི་དུས་འཇིགས་པ་ཆེན་པོའི་ཚེ།། མདོ་སྡེ་འདི་ནི་གང་ཉན་པ།། དེ་དག་ཐམས་ཅད་བྱང་ཆུབ་ཏུ།། ཤིན་ཏུ་གཞོལ་བར་ངས་ལུང་བསྟན།། དེ་ཡི་ལག་ན་དམ་ཆོས ་ཡོད།། དེ་དག་དག་པའི་ཆོས་ལ་གནས།། ཆོས་འདི་ལ་ནི་གནས་ནས་ཀྱང་།། དེ་དག་ཆོས་ཀྱི་འཁོར་ལོ་བསྐོར།། གང་གིས་མདོ་སྡེ་པ་དེ་བཟུང་བ།། དེ་དག་རྫོགས་པའི་བྱང་ཆུབ་ཉེ།། ་བསྐལ་པ་བསམ་ཡས་འཁོར་བ་ལས།། བདག་ཉིད་ཆེན་པོ་དེ་དག་སྤོང་།། གང་གིས་ཚུལ་འདི་བཟུང་བ་དག། དེ་དག་དཔའ་བོས་ནུས་པ་སྟེ།། བདུད་ཀྱི་སྡེ་རྣམས། ་རབ་ཏུ་འཇོམ།། བརྩོན་འགྲུས་ཆེ་ཞིང་ཤེས་རབ་ཆེ།། མདོ་སྡེ་འདི་ལ་གང་དགའ་བ།། ང་ནི་བཟོད་ལ་གནས་པའི་རེ།། མར་མེ་མཛད་ཀྱིས་ལུང་བསྟན་ལྟར།། དེ་ཚེ་དེ་དག་ལུང་བསྟན་ཏོ།། ་མདོ་སྡེ་འདི་ནི་གང་སྨྲ་བ།། འདི་ནི་སངས་རྒྱས་སྐྱོབ་པ་ཡི།། འཇིག་རྟེན་སྒྲོལ་བ་མ་བྱུང་ཚེ།། སངས་རྒྱས་མཛད་པ་བྱེད་པར་འགྱུར།། ཡང་ཚིགས་སུ་བཅད་པ་མངོན་པར་སྒྲུབ་པ་འདི ་བཤད་པ་ན། ལྷའི་བུ་ལྔ་སྟོང་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།། དགེ་སློང་སྟོང་ལྷག་ཙམ་ལེན་པ་མེད་པར་ཟག་པ་ལས ་སེམས་རྣམ་པར་གྲོལ་ལོ།། སྲོག་ཆགས་སུམ་ཁྲི་ཉིས་སྡོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། དེ་ནས་བཅོམ་ལྡན་པ་དས་ལ།། འཇམ་དང་ལ་གནོན་ནུར་གྱུར ་པས་འདི་སྐད་ཅེས་གསོལ་ཏོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན། གང་བྱང་ཆུབ་ཀྱི་ཕྱིར་སྨོན་པ་ནི་ལོག་པར་ལྟ་བ་ལ་སྨོན་པ་ལགས་སོ།། དེ་ཅིའི་སླད་དུ ་ཞེ་ན། བཅོམ་ལྡན་འདས་དམིགས་པ་ནི་ལོགས་པ་ལགས་ཏེ། དེ་ལྟ་བས་ན་བྱང་ཆུབ་ལ་དམིགས་པར་བགྱིད་ཅིང་།། དམིགས་པ་ལ་སྨོན་པ་དེ་དག་གི་འབད་པ་ནི་ལོག་པ་ལགས་སོ།། དེ་ཅིའི་སླད་དུ ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མ་མཆིས་པའི་ཁམས་ལ་མི་གནས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ནི་མི ་གནས་པ་ལགས་པས་དེ་ལ་དེ་སྨོན་པར་བགྱི་བ་མ་མཆིས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་ནམ་མཁའ་ཐོབ་པར་བགྱིའོ་ཞེས་ནམ་མཁའ་ལ་སྔོན ་ན་དེས་ནམ་མཁའ་ཐོབ་པར་འགྱུར་རམ། བཀའ་སྩལ་པ། འཇམ་དཔལ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་གང་བྱང་ཆུབ་ནམ་མཁའ ་དང་མཚུངས་པ་ལ་སྨོན་པ་དེ་དག་ནི་ནམ་མཁའ་ལ་སྨོན་པ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ནི་སྨོན་པ་མ་མཆིས་པ།། དུས་གསུམ་ལས་འདས་པ།། ཉེ་བར་མི་མཆིས་པ་ལགས ་ཏེ། བཅོམ་ལྡན་པ་དས་བྱང་ཆུབ་སེམས་དཔའ་གང་འདུ་ཤེས་གཉིས་སུ་བགྱིས་ནས་བྱང་ཆུབ་ཀྱང་གཞན་ལ།། འཁོར་བའང་གཞན་ནོ།། བྱང་ཆུབ་ཀྱང་གཞན་ལ། ལྟ་བར་གྱུར་དབང ་གཞན་ནོ།། བྱང་ཆུབ་ཀྱང་གཞན་ལ། མྱ་ངན་ལས་འདས་པའང་གཞན་ནོ་ཞེས་སྟོན་པར་བགྱིད་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་ལ་སྤྱོད་པ་མ་ལགས་སོ།། ་དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྤྱོད་ན། བྱང་ཆུབ་ལ་སྤྱོད་པ་ཡིན། ་སྦས་པ། ཚུངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལའང་སྤྱོད་ལ། ཆོས་གང་ལའང་མི་སྤྱོད་ན།། བྱང་ཆུབ་སེམས་དང་བ་དེ་བྱང་ཆུབ་ལ་སྤྱོད་དེ ་ཚངས་པ་སྤྱད་པའི་ཡུལ་ལས་འདས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སྤྱོད་དོ།། སྤྲས་པ།། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤྱད་པའི་ཡུལ་ལས་འདས་པ་ལ་སྤྱོད། སྨྲས་པ། ་དམིགས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་། མིག་དང་། རྣ་བ་དང་། སྣ་དང་། ལུས་དང་། ལྕེ་དང་། ཡིད་དང་བྲལ་བ་དེ་ལྟར་ན་སྤྱད་པའི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ།། སྨྲས་པ། ་འཇམ་དཔལ་ཡང་དག་པར་འདས་པ་ཞེས་བྱ་བ་ཅི་ལ་བསམས། སྨྲས་པ།། མཉམ་པ་ཉིད་ལས་མི་བདབའོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ།། སྦས་པ། ་འཇམ་དཔལ་བྱང་ཆུབ་སེམས་དཔས་ཇི་ལྟར་བྱང་ཆུབ་ཏུ་འཇུག་པར་བྱ་བ་སྨྲས་པ།། བྱང་ཆུབ་ཇི་ལྟ་བ་བཞིན་དུའོ།། སྨྲས་པ། བྱང་ཆུབ་ཇི་ལྟ་བུ་ཡིན།། སྨྲས་པ། ཚངས་པ་བྱང་ཆུབ་དེ་ནི་འདས་པའང ་མ་ཡིན་། མའོངས་པབང་མ་ཡིན། ད་ལྟར་བྱུང་བབང་མ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དུས་གསུམ་ཡོངས་སུ་དག་པའི་རྣམ་པ་དང་། འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཏུ ་ཡང་དག་པར་འཇུག་པར་བྱའོ།། འདས་པ་ཇི་ལྟ་བ་དང་། མ་འོངས་པ་ཇི་ལྟ་བ་དང་། ད་ལྟར་བྱུང་བ་ཇི་ལྟ་བ་དང་། གམ་བྱུང་བ་ཇི་ལྟ་བ་དང་།། མ་བྱུང་བ་གང་ཡིན་པ་དེ་ལ་རབ་ཏུ་དབྱེ་བ་མེད་དེ། གང་དེ ་ལྟར་རབ་ཏུ་ཞུགས་པ་དེ་གང་ལའང་ཞུགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འཇུག་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་པ་ཐོབ་པར་འགྱུར་རོ།། སྨྲས་པ། འཇམ་དཔལ་ཅིའི་ཕྱིར ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ།། སྨྲས་པ། ཐམས་ཅད་ཤེས་པར་གྱུར་པའི་ཡེ་ཤེས་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ།། སྨྲས་པ། བཇམ་དཔལ་ཀུན་ཤེས་པ ་གང་ཡིན་པ་སྨྲས་པ། ཚངས་ད་ཀུན་ཤེས་པ་གང་ལ་དངོས་པོ་མེད་ཅིང་། ཀུན་ཤེས་པ་ལ་ཀུན་ཤེས་པ་མེད་པ་དེ་ནི་ཀུན་ཤེས་པ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་དེའི་ཀུན་ཤེས་པའང་མེད་དོ།། ་སྦས་པ། ཅིའི་ཕྱིར་དངོས་པོ་མེད།། སྨྲས་པ། དངོས་པོ་ནི་མིང་གི་རང་ཞིན་གྱིས་དབེན་ཏེ། དེའི་མིང་དང་རང་བཞིན་དབེན་པ་ལ་དངོས་པོའང་གཞན་མ་ཡིན།། བྱང་ཆུབ་ཀྱང་གཞན་མ་ཡིན་ནོ།། ་གལ་ཏེ་དངོས་པོའང་གཞན་ལ། བྱང་ཆུབ་ཀྱང་གཞན་དུ་ཟིན་ན།། འདི་ལྟར་འདི་ལ་བྱང་ཆུབ་ཇི་ལྟར་དངོས་པོའང་དེ་བཞིན་ཏོ།། དེ་བསྲན་འདི་ལ་སེམས་ཅན་ཡང་གུད་ན་མེད་ལ།། དེ་རྣམ་པ ་གཞན་དུའང་རྟོགས་པར་མི་འགྱུར་ཏེ།། གཞན་དུ་ན་བདག་གིས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་མཉམ་པ་ཉིད་ཀྱིས་བདག་གིས་མཉམ་པ་ཉིད་རིག་པར་བྱེད་། ་དེ་ལྟར་ན་བྱང་ཆུབ་རྟོགས་པར་འགྱུར་ཏེ། གཞན་དུ་མ་ཡིན་པས་ན་དེའི་ཕྱིར་དེ་ལ་གཞན་དུ་འགྱུར་བ་མེད་དོ།། བདག་ནི་རྟག་ཏུ་བདག་མེད་པ་ཡིན་ཏེ། དེའི་ཕྱིར་དེ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་དོ།། ་ཇི་ལྟར་ན་ནམ་མཁའ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་། ཆོས་ཐམས་ཅད་ལའང་གཞན་དུ་འགྱུར་བ་མེད་དོ།། དེ་ནས་ཚངས་པ་ཁྱད་པར ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཆོས་འདི་དག་རབ་ཏུ་ཕྱེ་བ་ལས་ན།། དེ་བཞིན་གཤེགས་པ་ནི་བདེན་པར་གསུངས་པའོ།། སྨྲས་པ། ཚངས ་པ་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་རབ་ཏུ་མ་བྱེའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཉིད་ཀྱང་མ་དམིགས་ན། གང་རབ་ཏུ་དབྱེ་བ་ལྟ་ཅི་སྨོས།། སྨྲས་པ། འཇམ ་དཔལ་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་ནི་འདུས་བྱས་སོ།། ཆོས་འདི་དག་ནི་འདུས་མ་བྱས་སོ།། ཆོས་འདི་དག་ནི་འཇིག་རྟེན་དུའོ།། ཆོས་འདི་དག་ནི་འཇིག་རྟེན་ལས ་འདས་པའོ།། ཞེས་ཆོས་རྣམས་རྣམ་པར་མི་མཁྱེན་ཏམ། སྨྲས་པ། ཚངས་པ་འདི་ཇི་སྙམ་དུ་སེམས།། སུས་ཀྱང་ནམ་མཁའ་འདི་རབ་ཏུ་ཕྱེ་བ་འམ། ཤེས་པར་གྱུར་པ་ཡོད་དམསྔས ་པ་འཇམ་དཔལ་དེ་མ་ཡིན་ནོ།། འཇམ་དཔལ་གྱིས་སྨྲས་པ། གང་ནམ་མཁའ་ཞེས་བྱ་བ་དེ་སྐྱེ་བ་འམ། འགག་པར་འགྱུར་རམ། སྨྲས་པ།། དེ་མ་ཡིན་ནོ།། སྨྲས་པ། ཚུངས་པ་དེ ་བཞིན་དུ་ཆོས་གང་ཡང་རུང་བའི་རྣམ་པར་རིག་པར་བྱེད་པ་དེའང་ནམ་མཁའི་རྣམ་པར་རིག་པར་བྱེད་པའོ།། ཆོས་ནི་སྐྱེ་བ་འམ། བགག་པར་མི་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པར ་རིག་པར་བྱེད་པ་ནི། རྣམ་པར་རིག་པར་བྱེད་པ་མེད་པའོ།། ཆོས་དེས་གང་ཀུན་ཤེས་པར་བྱས་པས་དེ་དག་ཀྱང་གཞན་དུ་མི་འགྱུར་བས་ན།། རྣམ་པར་རིག་པར་བྱེད་པ་མེད་པས་ཀུན་ཤེས་སོ།། ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་རྣམ་པར་རིག་པར་བྱེད་པ་དེ་ཅི་འདྲ་བ་དེ་བཞིན་དུ་གདེའི་ཀུན་ཤེས་པའང་དེ་འདྲ་སྟེ། དེ་ཅིའི་ཕྱིར་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་ཞེས་བྱ་སྟེ། དེ་བཞིན ་ཉིད་ནི་མི་གནས་པའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་།། མི་མཇེད་ཀྱི་བདག་པོ་ཚངས་པའང་འཁོར་དེ་ཉིད་དུ་ཚོགས་ནས་འདུག་པར་གྱུར་ཏེ། དེ་དག་ལྷའི་མེ ་ཏོག་དག་གིས་དེ་བཞིན་གཤེགས་པ་ལ་གཏོར་ནས་རིག་འདི་སྐད་ཅེས་འཛེར་ཏེ། བཅོམ་ལྡན་པ་དས་རིགས་ཀྱི་བུ་འམ།། རིགས་ཀྱི་བུ་མོ་གང་དག་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན ་པ་འདི་ལ་མོས་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་བཅོམ་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇམ་དཔལ་གནོན་ནུར་གྱུར་པས་བསྟན་པ་ནི་འདུ་ཤེས་ཐམས་ཅད་དང་བྲལ ་བ་ལགས་ཏེ། གང་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག་མི་དངང་ཞིང་ཤིན་ཏུ་དངང་བར་མི་འགྱུར་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་ན་ལགས་སོ།། ། ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ས་ཕྱོགས་གང་དུ་བྱུང་བ་དེ་སངས་རྒྱས་ཀྱི་བྱིན་གྱི་རླབས་པ་ལགས་སོ།། གང་དུ་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་པར་འགྱུར་བའི་ས་ཕྱོག་དེ་དག་དེ་བཞིན་གཤེགས ་པས་ཡོངས་སུ་ལོངས་སྤྱོད་པའོ།། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་གལྗོངས་དང་། གཙུག་ལག་ཁང་ངམ་བཆགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི ་བྱུང་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བནྡྷའོ།། དེར་བདུད་རྣམས་རྒྱུ་བ་མ་མཆིས་། དམིགས་པ་ལ་མངོན་པར་ཆགས་པ་རྣམས་ཀྱི་རྒྱུང་མ་མཆིས་ཏེ། བཅོམ་ལྡན་འདས་སེམས ་ཅན་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བགྱི་བ་བགྱིས་པ་རྣམས་ཀྱི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་རོ།། བཅོམ་ལྡན་འདས་འདི་ལྟར་བདག་ཅག་གིས་ཆོས་ཀྱི་རྣམ་གྲང ་འདི་ལས་ཆོས་ཀྱི་སྣང་བ་ཐོབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚངས་པ་འོདི་ལ་བདག་ཅག་གིས་རང་གི་ཤ་དང་ཁྲག་གིས་ཀྱང ་ལན་མི་ལྗོན་ནོ།། བཅོམ་ལྡན་འདས་གང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བའི་ཆོས་སྨྲ་བ་དེ་ལ་བདག་ཅག་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ།། བཅོམ་ལྡན་འདས་ཆོས ་སྦུ་བ་དེའི་དྲུང་དུ་བདག་ཅག་རྟག་ཏུ་རྒྱུན་མི་འཆད་པར་མཆི་སྡེ། རིགས་ཀྱི་བུ་དེ་ལྷ་དག་གིས་ཡོངས་སུ་གཟུང་བར་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིའམ། གྲོག་གམ ་སྟོན་ཏམ། ཁ་ཏོན་བྱེད་ན། ལྷའི་བུ་བརྒྱ་སྟོང་ཕྲག་དུ་མཆོས་ཉན་དུ་མཆིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་མི་མཇེད ་ཀྱི་བདག་པོལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ།། སྐྱེས་བུདམ་པ་བྱེད་ཇི་སྐད་ཟེར་བ་དེ་དེ་བཞིན་ནོ།། གྲོགས་པོ་དག་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི། ་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་ཆ་གཅིག་བཞག་པ་དང་། ཆོས་ཀྱི་རྣམ་གྲངས་འདིཉན་པའི་དགེ་བའི་རྩ་བའི་ཆ་གཅིག་བནག་པ་དང་། དེ་གཉིས་ནི་གང་འང་ཆོས་ཀྱི་རྣམ་གྲངས ་ལྡན་པའི་དགེ་བའི་རྩ་བའི་ཆའ་དི་མཆོག་གོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་ནོག་གི། གལ་ཏེ་ཆུ་བོ་གངྒཱའི་ཀླུང་གི་བྱེ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད ་ཀྱི་ཡོངས་སུ་བཀང་བའི་རྭ་གཅིག་བཞག་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་གཅིག་བཞག་པ་དང་། དེ་གཉིས་ནི་གང་འདི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ ་པའི་རྭ་འདི་མཆོག་གོ། གྲོགས་པོ་དག་རིགས་ཀྱི་བུ་བ་མ།། རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཐུན་པར་བྱའོ།། རྙེད་པ་འདོད་པ་དང་། ཆོས་འདོད་པར།། ་གཟུགས་འདོད་པ་དང་།། ལོངས་སྤྱོད་འདོད་པ་དང་།། གཡོག་འདོད་པ་དང་། ཆོས་ཀྱི་དབང་ཕྱུག་འདོད་པ་དང་། ལྷའི་ཕུན་སུམ་ཚོགས་པ་འདོད་པ་དང་། མེའི་ཕུན་སུམ་ཚོགས་པ་འདོད་པ་དང་། ་གྲགས་པ་འདོད་པ་དང་། བརྗོད་པ་འདོད་པ་དང་། ཐོས་པ་འདོད་པ་དང་།། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། བརྟན་པ་དང་། ཤེས་རབ་འདོད་པ་དང་། སྤོབས་པ་འདོད་པ་དང་། གཟུགས ་འདོད་པ་དང་། དགེ་བའི་བཤེས་གཉེན་རྙེད་པར་འདོད་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། ཡེ་ཤེས་འདོད་པ་དང་། བྱང་ཆུབ་འདོད་པ་དང་། དགེ་བའི་ཆོས། ་ཐམས་ཅད་འདོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་འདོད་པ་དང་། ཆོ་ག་འདོད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱ་བར་འདོད་པ་དང་། མྱ་ངན་ལས་འདས་པ་འདོད་པའི་རིགས་ཀྱི་བུའམ། ་རིགས་ཀྱི་བུ་མོས་ཆོས་ཀྱི་རྣམ་གྲངས་ད་མཉམ་པར་བྱ། མོས་པར་བྱ།། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ།། གཞན་ལབང་རྒྱ་ཆེར་རབ་ཏུ་བསྐྲུན་པར་བྱའོ།། ་གྲོགས་པོ་དག་ཆོས་ཀྱི་རྣམ་གྲངས་འདི་ཆུང་ངུ་ན་མཉན་པ་ཙམ་གྱིས་ཀྱང་། གང་དེས་ཡོངས་སུ་མ་བཟུང་བར་གྱུར་པའི་ཕུན་སུམ་ཚོགས་པ་དེ་ངས་མ་མཐོང་ངོ་།། གྲོགས་པོ་དག་མོས་པར་བྱ ་གོ་བར་བྱ་སྟེ། སློབ་དཔོན་ནམ་མཁན་པོ་གང་ལས་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏམ་གཟུང་ན།། འཇིག་རྟེན་གྱི་ཟང་ཟིང་གང་གིས་དེ་ལ་ལན་གླན་པར་སླ་བ་དེ་ལྟ་བུ་ངས་མ་མཐོང་ངོ་།། དེ་ཅིའི ་ཕྱིར་ཞེ་ན། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཏེ་ཀྲ་འཇིག་རྟེན་གྱི་ཟང་ཟིང་གིས་དེ་སྦྱང་བར་སླ་བ་མ་ཡིན་ནོ།། ཆོས་འདི་ནི་འཇིག་རྟེན་གྱིས་མ་གོས་པ་སྡེ། འཇིག་རྟེན་གྱི་ཟང་ཟིང་གིས ་སྦྱང་བར་སླ་བ་མ་ཡིན་ནོ།། ཆོས་འདི་ནི་ཟང་ཟིང་མེད་པ་སྟེ། འཇིག་རྗེ་གྱི་ཟང་ཟིང་གི་སོ་སྦྱང་བར་སླ་བ་མ་ཡིན་ནོ།། ཆོས་ཀྱི་རྣམ་གྲངས་འདི་ལ་ལ་ན་གླན་པའི་ཆོས་ཀྱི་ནན་ཏན་མ་གཏོགས་པར ་གཞན་མེད་དེ་གལོག་པའི་ནན་ཏན་གྱིས་མ་ཡིན་ནོ།། གང་འདི་ལ་ཞུགས་པ་དེ་དག་གིས་མཁན་པོ་དང་སློབ་དཔོན་ལ་གུས་པར་བྱས་སོ།། དེ་དག་གིས་ལན་གླན་པ་དག་པར་བྱས་སོ།། དེ་དང་། ་དེ་དག་ནི་བུ་ལོན་མེད་པར་ཡུལ་འཁོར་གྱི་བསོད་སྙོམས་ཟའོ།། དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཚིགས་ནན་ཏན་དུ་བྱེད་པའོ།། དེ་དང་དེ་དག་ནི་ཆུ་བོ་ལས་རྒལ་བའོ།། དེ་དང་དེ་དག ་ནི་དགོན་པ་ལསྲ་ཤིན་ཏུ་རྒལ་བའོ།། དེ་དང་དེ་དག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བའོ།། དེ་དང་དེ་དག་ནི་དཔྲའ་བོ་གཡུལ་ལས་རྣམ་པར་རྒྱལ་བའོ།། དེ་དང་དེ་དག་ནི ་སེང་གེ་ལྟར་འཇིགས་ཤིང་སྐྲག་པ་དང་བྲལ་བའོ།། དེ་དང་དེ་དག་ནི་ངལ་གླང་ལྟར་ཅང་ཤེས་པའོ།། དེ་དང་དེ་དག་ནི་གླང་པོ་ཆེ་ལྟར་སེམས་རབ་ཏུ་ཞི་བའོ།། དེ་དང་དེ་དག་ནི་ཁྱུ་མཆོག་ལྟར ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའོ།། དེ་དང་དེ་དག་ནི་སྣུན་པ་སྟེ། སེམས་ཅན་ཐམས་ཅད་ནད་ཐམས་ཅད་ལས་རབ་ཏུ་ཐར་པར་བྱེད་པའོ།། དེ་དང་དེ་དག་ནི་ཆོས་ཟབ་མོ ་བསྟན་པ་ལ་མི་དངང་བའོ།། དེ་དང་དེ་དག་ནི་སྦྱིན་པ་ཕུན་སུམ་ཚོགས་ཤིང་འོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བའོ།། དེ་དང་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་གཞི་བ་དང་ནི་གནས། ་དམ་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་དང་དེ་དག་ནི་བཟོད་པའི་སྟོབས་དང་ལྡན་ཞིང་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་བྲལ་བའོ།། དེ་དང་དེ་དག་ནི་བརྩོན་འགྲུས་ཆེ་ཞིང་བསྐལ་པ་གྲངས་མེད ་པར་ཚོགས་མུ་མེད་པའི་མཐར་གཏུགས་པའོ།། དེ་དང་དེ་དག་ནི་བསམ་གཏན་ཕུན་སུམ་ཚོགས་ཤིང་དྲན་པ་དང་ལྡན་ཞིང་སེམས་རྩེ་གཅིག་པའོ།། དེ་དང་དེ་དག་ནི ་ཤེས་རབ་ཆེན་པོ་རོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བའི་ཡེ་ཤེས་སྟོན་པ་ལ་མཁས་པའོ།། དེ་དང་དེ་དག་ནི་བསོད་ནམས་ཆེན་པོ་སྟེ་ག་བསོད་ནམས་བརྒྱ་པའི་མཚན་གྱིས་ལེགས་པར་ངརྒྱན་པའོ།། ་དེ་དང་དེ་དག་ནི་གཟི་བརྗིད་ཆེན་པོ་སྟེ་། ནི་མ་དང་ཟླ་བ་བྲེལ་གྱིས་གནོན་པར་བྱེད་པ་ཐོབ་པའོ།། དེ་དང་དེ་དག་ནི་མཐུ་ཆེན་པོ་ཐོབ་ཅིང་སྟོབས་བཅུའི་ཤུགས་འཛིན་པའོ།། དེ་དང་དེ་དག་ནི་སྤྲིན་ཆེན ་ལྟར་ཆོས་མངོན་པར་སྒྲོག་པའོ།། དེ་དང་དེ་དག་ནི་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་ག་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། དེ་དང་དེ་དག་ནི་གནས་ཏེ། མྱ་ངན་ལས་འདས ་པའི་གྲོང་དུ་ཞུགས་པའོ།། དེ་དང་དེ་དག་ནི་འཁོར་བའི་འཇིགས་པས་གཙེས་པ་རྣམས་ཀྱི་མགོན་ནོ།། དེ་དང་དེ་དག་ནི་སྒྲོན་མ་སྟེ། མུན་པ་མུན་ནག་དང་དྲལ་བའོ།། དེ་དང་དེ་དག་ནི་བདུད ་ཀྱིས་སྐྲག་པ་རྣམས་ཀྱི་སྐྱབས་སོ།། དེ་དང་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ཏོ།། དེ་དང་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་དབང་བསྐུར་བའོ།། དེ་དང་དེ་དག་གིས་རོས་ཀྱི་མིག་ཐོབ་བོ།། ་དེ་དག་གིས་ཆོས་ཀྱི་དེ་བཞིན་ཅིད་མཐོང་ངོ་།། དེ་དག་གིས་རོས་ཐམས་ཅད་སྟོང་པར་ཤེས་སོ།། དེ་དག་ནི་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའོ།། དེ་དག་ནི་བྱམས་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པའོ།། དེ་དག་ནི་སེམས་ཅན་ཐམས་ཅད་མི་གཏོང་བའོ།། དེ་དག་ནི་ཐེག་པ་དམན་པ་ལ་རྒྱབ་ཀྱིས་བལྟས་པའོ།། དེ་དག་ནི་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པའོ།། དེ་དག་གིས་བྱིན ་ཅི་ལོག་སྤངས་སོ།། དེ་དག་ནི་མཉམ་པ་ཉིདི་ལ་ཉེ་བའོ།། དེ་དག་ནི་བྱང་ཆུབ་སེམ་སད་པའི་ངེས་པ་ལ་ཞུགས་པའོ།། དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའོ།། དེ་དག་གིས་བདུད་ཀྱི་སྡེ་རྣམཱ ་བཏུལ་བའོ།། དེ་དག་གིས་ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་དོ།། དེ་དག་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་འགྱུར་རོ།། དེ་དག་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ།། གྲོགས་པོ ་དག་གང་ཆོས་འདི་ལ་ནན་ཏན་དུ་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་ངས་བསྐལ་པའམ། བསྐལ་པ་ལས་བདས་པར་བ་ཤད་ཀྱང་། རློས་འདི་ལ་ནན་ཏན་བྱེད་པའི་སྐྱེས་བུ་དམ་པ་དེ ་དག་གི་བསྔགས་པའི་མཐར་མི་ཕྱིན་ཏེ། དེ་བཞིན་གཤེགས་པ་ལྟར་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་རོ།། དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདུས་པར་གྱུར ་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ། ལྷའི་བུ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ནན་ཏན་ཆོས་ཀྱི་ནན་ཏན་ཞེས་བགྱི་བ་བཅོམ་ལྡན་འདྲ ་ཇི་ཙམ་གྱིས་ན་ཆོས་ཀྱི་ནན་ཏན་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཆོས་ཀྱི་ནན་ཏན་ཞེས་བྱ་བ་ནི། གང་ཆོས་ཐམས་ཅད་ལ་ནན་ཏན་མེད་པའི་དེ་ནི་ཆོས་ཀྱི་ནན ་ཏན་ནོ།། དེ་ཅིའི་ཕྱིར་ན། གང་ཆོས་རྣམས་ལ་ནན་ཏན་དུ་མི་བྱེད་དེ། དེ་ཆོས་ཐམས་ཅད་མི་བྱེད། རྣམ་པར་མི་བྱེད་དོ།། གང་མི་བྱེད། རྣམ་པར་མི་བྱེད་པ་བ་དི་ནི་ཆོས ་ཀྱི་ནན་ཏན་ནོ།། གང་དགེ་བ་ལའང་མི་འཇུག། མི་དགེ་ལའང་མ་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ།། དེ་བཞིན་དུ་བསྡུས་ཏེ་འཇིག་རྟེན་པ་ལ་མ་ཡིན།། འཇིག་རྟེན་ལས་འདས་པ་ལ་མ ་ཡིན། ཟག་པ་དང་བཅས་པ་ལ་མ་ཡིན།། ཟག་པ་མེད་པ་ལ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ལ་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ལམ་ཡིན།། འདུས་བྱས་ལ་མ་ཡིན།། འདུས་མ་བྱས་ལ་མ་ཡིན།། ་འཁོར་བ་ལ་མ་ཡིན། མྱ་ངན་ལས་འདས་པ་ལ་མི་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་ནན་ཏན་དུ་བྱ་བ་མེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ།། ཆོས་སུ་འདུ་ཤེས ་པ་ལ་ཆོས་ཀྱི་ནན་ཏན་མེད་དེ། ཆོས་འདི་ལ་ནན་ཏན་བྱའོ་ཞེས་སྤོ་བར་བྱེད།། ནན་ཏན་མི་བྱའོ་ཞེས་སྤྲོ་བར་བྱེད་ན་མ་ཞུགས་པའོ།། ཆོས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ནན་ཏན་འདི་ནི་ཆོས ་ཀྱི་ནན་ཏན་ནོ།། སྤྲོས་པ་མེད་པས་གཉེན་པོ་མེད་པ་ནི་ཆོས་ཀྱི་ནན་ཏན་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། ལྷའི་བུ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་པ ་གང་ཡང་དག་པའི་ནན་ཏན་འདི་ལ་ཞུགས་པ་དང་། འཇུག་པར་འགྱུར་བ་དེ་དག་ལ་ཤིན་ཏུ་ལོག་པའི་ནན་ཏན་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤིན་ཏུ་ཡང་དག་པའི ་ནན་ཏན་འདི་ལགས་ཏེ།། ལོག་པའི་ལམ་དུ་ཞུགས་པ་རྣམས་ནི་ནན་ཏན་གང་ཡང་མ་མཆིས་སོ།། ཡང་དག་པའི་ལམ་ལ་གནས་པ་རྣམས་ལ་ཆོས་ཀྱི་ནན་ཏན་མ་མཆིས་སོ།། ཡང་དག་པར་ཞུགས་པ ་རྣམས་ལ་ནི་མི་མཉམ་པའི་ཆོས་གང་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཁྱད་པར་མ་མཆིས་པའོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས ་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་ཁྱོད་ནན་ཏན་འདི་ལ་ཞུགས་སམ། སྨྲས་པ། ཚངས་པ་གལ་ཏེ་བཅོམ་ལྡན་འདས་ཀྱི་ནན་ཏན་ལ་གཉིས་སུ་བཤད་པར་གྱུར་ན།། བདག་ཀྱང་ནན་ཏན ་འདི་ལ་ནན་ཏན་དུ་བྱེད་དོ།། ནན་ཏན་འདི་ནི་གཉིས་སུ་མེད་པ་སྟེ། དེ་ལ་གང་ནན་ཏན་བྱེད་པ་དང་། གང་ལ་ནན་ཏན་བྱེད་པ་དེའང་མེད་དོ།། གང་ཡང་ནན་ཏན་དུ་བྱེད་པ་དེ་མེད་དེ། འོན་ཀྱང་ཚངས ་པ་བདག་ནི་ལྷག་པར་མི་བྱེད་པ་དང་། སྒོ་མི་འདོགས་པའི་ཕྱིར་ནན་ཏན་འདི་ལ་ཞུགས་སོ།། ཆོས་ཉིད་ཇི་ལྟ་བར་ཆོས་ཀྱི་ནན་ཏན་ཡང་དེ་བཞིན་ཏེ། དེ་ནི་དེ་བཞིན་ཉིད་ལ་དེ་ལྟར་ཞུགས་ན་ཞུགས ་པ་ཞེས་བྱའོ།། ཚངས་པས་སྨྲས་པ།། ལྷའི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནི་སྔོན་ངས་མ་མཐོང་ངོ་།། སྨྲས་པ། ཚངས་པ་སངས་རྒྱས་ཀྱི་ཞིང་འདིས་ཀྱང་སྔོན་བདག་མ་མཐོང་ངོ་།། སྨྲས་པ།། ་སངས་རྒྱས་ཀྱི་ཞིང་བདེ་ནི་བལྟའོ་ཞེང་མ། མི་བལྟའོ་ཞེས་རྟོག་པའམ། རྣམ་པར་རྟོག་པ་མེད་དོ།། སྨྲས་པ། ཚངས་པ་བདག་སྔོན་མཐོང་ངོ་ཞེའམ། སྔོན་མ་མཐོང་ངོ་ཞེས་བདག་ཀྱང་མི་རྟོག ་བྱ། རྣམ་པར་མི་རྟོག་གོ།། སྨྲས་པ། ལྔའི་བུ་སྔོན་མ་མཐོང་བ་མཐོང་བ་སུསྨྲས་པ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་འཕགས་པའི་ངེས་པར་འཇུག། ་པ་སྔོན་མ་མཐོང་ངོ་།། ཚངས་པ་ནམ་ཡང་དག་པར་ངེས་པར་ཞུགས་པ་དེ་ན། སྔོན་མ་མཐོང་བ་མཐོང་ངོ་།། ངེས་པ་དེ་ནི་མིག་གི་རྣམ་པར་ཤེས་པས་ཤེས་པ་མ་ཡིན།། རྣ་བ་དང་། ་སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་མ་ཡིན་ཏེ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱའོ།། མིག་གི་དེ་བཞིན་ཉིད་ཇི་ལྟ་བ་དང་། རྣ་བའི ་དེ་བཞིན་ཉིད་ཇི་ལྟ་བ་དང་།། སྣའི་དེ་བཞིན་ཉིད་ལྟེ་པ་དང་། ལྕེའི་དེ་བཞིན་ཉིད་ཇི་ལྟ་བ་དང་། ལུས་ཀྱི་དེ་བཞིན་ཇི་ལྟ་བ་དང་། ཡིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྟ་སྟེ། གང་དེ་ལྟར ་མཐོང་བ་དེ་དགྲ་ནི་ཡང་དག་པར་མཐོང་བའོ།། དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེད་དཔོན་ནོར་བུ་རིན་པོ་ཆེའི་གླིང ་དུ་ཕྱིན་པའི་མིག་སྔར་ནི་ནོར་བུ་རིན་པོ་ཆེ་འབའ་ཞིག་གདབའོ།། དེ་བཞིན་དུ་བཅོམ་ལྡན་འདས་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པའི་ཆོས་རིན་པོ་ཆེ་དང་ལྡན་པ་རྣམས་ཅི་དང་ཅི་སྤོབས་པ་དེ ་དག་གིས་དེ་ཐམས་ཅད་ཆོས་རིན་པོ་དེ་ཉིད་དུ་སྤོབས་སོ།། དེ་ཉིད་ཡང་དག་པའི་མཐའ་ཡོངས་སུ་གསལ་བར་བགྱིད་པར་སྤོབས་སོ།། འདི་ལྟར་དེ་དག་ལ་བདག་ཏུ་མངོན་པར་ཆགས་པ་མ་མཆིས ་ཆོས་སུ་མངོན་པར་རགས་པ་མ་མཆིས་སེམས་ཅན་དུ་མངོན་པར་ཆགས་པ་མ་མཆིས་པའི་ཝད་དུ་དེའི་སླད་དུ་ཇི་ལྟར་མ་ལོག་པ་དང་བྱིན་ཅི་མ་ལོག་པར་སྤོབས་པ་དེ་དེ་ལྔར་སྤོབས་སོ།། ་ཇི་ལྟར་སྔོན་གྱི་མཐའ་ཡང་སྐྱོང་བ་དང་། ཕྱི་མའི་མཐའ་ཡང་མི་དམིགས་པ་དང་། ད་ལྟར་བྱུང་བ་ལའང་དེ་ལྟར་མ་མཆིས་པ་དེ་ལྟར་སྤོབས་སོ།། ཇི་ལྟར་མ་མོས་པ་རྣམས་ཀྱང་མོས་པར་བགྱིད ་ལ་མོས་པ་རྣམས་ཀྱང་རྣམ་པར་གྲོལ་བ་དེ་དེ་ལྟར་སྤོབས་སོ།། མངོན་པའི་ང་རྒྱལ་ཅན་རྣམས་ཀྱང་ཚར་གཅོད་པར་འགྱུར་ལ། ང་རྒྱལ་མ་མཆིས་པར་ཀུན་འཚལ་བ་ལན་ལྗོན་པ་དེ་ལྟར་སྤོབས ་སོ།། ཇི་ལྟར་བདུད་ཀྱིས་གྲགས་མི་རྙེད་པ་དེ་ལྟར་སྤོབས་སོ།། གང་དེ་ལྟར་ཉན་པ་དེ་དག་ཀྱང་བདུད་ཀྱི་ལས་ལས་འདས་པར་འགྱུར་རོ།། ཇི་ལྟར་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེད ་པ་དང་། དགེ་བའི་རྩ་བ་སྐྱེས་པ་རྣམས་ཆབ་མི་འཚལ་བ་དང་།། ཉོན་མོངས་པ་སྐྱེས་པ་རྣམས་སྤོང་བ་དང་།། མ་སྐྱེས་པ་རྣམས་མི་སྐྱེད་པ་དེ་ལྟར་སྤོབས་སོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་གོ། ་རམ་བགོས་པ་རྣམས་གོ་ར་འཚལ་བ་དང་། གོ་ཆ་བགོས་པ་རྣམས་མི་ལྡོག་པར་འགྱུར་བ་དེ་ལྟར་སྤོབས་སོ།། ཇི་ལྟར་དམ་པའི་ཆོས་མི་འཆད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིད་པ་དེ ་ལྟར་སྤོབས་སོ།། ཇི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སྤོབས་སོ།། བཅོམ་ལྡན་འདས་དེ་ལྟ་བུའི་སྤོབས་པས་ནི་མུ་སྟེགས་ཅན་གྱི་གནས་ཐམས་ཅད ་གཞོལ་བར་ནུས་སོ།། དེ་ཅིའི་སླད་དུ་ཞེན། བཅོམ་ལྡན་འདས་རྦ་ནི་སེང་གེའི་སྒྲ་བཟོད་པར་ཡང་མི་ནུས་ན།། རབ་ཏུ་སྒྲོགས་པར་ལྟ་ག་ལ་ནུས་ཏེ། བཅོམ ་ལྡན་འདྲས་དེ་བཞིན་དུ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་བླ་ན་མེད་པའི་སེང་གེའི་སྒྲ་བཟོད་པར་མི་ནུས་སོ།། དེ་ནས་ལྷའི་བུ་ཕྱིར་མི་ལྡོག་པས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ་ཀེའུ་ཤི་ཀ་སེངྒེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ཇི་ཙམ་གྱིས་ན་སེང་གེའི་སྒྲ་ཞེས་བྱ། སྨྲས་པ། ལྔའི་བུ་ཆོས་གང་ལའང་མངོན་པར་མ་ཆགས་པར་བརྗོད་པ་དེ་དག་གི་སེང་གེའི་སྒྲ་ཡིན་ནོ།། གང་དེ་ལྟ་བུ ་ལ་མངོན་པར་རགས་པར་བརྗོད་པ་དེ་དག་གི་སེང་གེའི་སྒྲ་མ་ཡིན་ཏེ། ཝའི་སླའོ།། གང་ལྟ་བ་ཀུན་ཏུ་སློང་བ་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མེད་དོ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ།། ལྷའི ་བུ་ཁྱོད་སེང་གེའི་སྒྲ་ཇི་ལྟ་བུ་ཡིན་པ་སྤོབས་པར་གྱིས་ཤིག། སྨྲས་པ། ཀོའུ་ཤི་ཀ་ག་དེ་བཞིན་གཤེགས་པ་ལའང་མངོན་པར་མ་ཆགས་པར་སྟོན་ན།། ཆོས་ངན་པ་གཞན་ལྟ་ཅི་སྨོས་ཏེ། ་དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། ཡང་དགྲ་པའི་དོན་ནི་སེང་གེའི་སྒྲ་སྟེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། འདི་ནི་མགོ་གཅིག་ཏུ་བསྟན་པ་ཡིན་ཏེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། བ ་ནི་མི་སྐྲག་པར་བསྟན་པ་སྟེ།། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ།། ཀོའུ་ཤི་ཀ་གང་རོས་ཐམས་ཅད་མི་སྐྱེ་བ་དང་། མི་འགོག་པ་དང་། མི་ཐོབ་པར་བསྒོམ་པའི་ཕྱིར་རློས་སྟོན་པ་དེ་དག་གི་སེང་གེའི ་སྤ་སྲིན་ཏེ། གུང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཀུན་ཏུ་སྦྱོར་བ་དང་བྲལ་བར་བྱ་བའི་ཕྱིར་ཆོས་སྟོན་པ་དེ་དགྲ་ལ་སེང་གེའི་སྒྲ་མེད་དོ།། ཀོའུ་ཤི་ཀ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི ་ལྔ་སྟེ། མགོ་གཅིག་ཏུ་བསྟན་པ་ཆོས་ཐམས་ཅད་གང་ཟག་མེད་པ།། བདག་མེད་པ་ཡིན་ནོ།། ཀོའུ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། མགོ་གཅིག་ཏུ་རློས་ཐམས ་ཅད་སྟོང་པ་ཉིད་དང་།། མཚན་མ་མེད་པ་དང་། སྟོན་པ་མེད་པ་ཡོངས་སུ་སྟོན་པ་ནི་སེང་གེའི་སླའོ།། དམ་པའི་ཆོས་བསྲུང་བའི་ཕྱིར་ཚིག་སྨྲ་བ་ནི་སེང་གེའི་སླའོ།། འདི་ལྟ་སྟེ། སེམས ་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ།། ལོངས་སྤྱོད་དུ་རུང་བ་ལ་ཆོག་ཤེས་པར་སྨྲ་བ་ནི་སེང ་གེའི་སྒྲའོ།། ཀོའུ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྐུ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགོན་པར་གནས་པ་དང་། ཡང་དག་པར་ལེན་པ་དང་། གཏོང་བ་སྔོན་དུ་འགྲོ་བ་ནི་སེང་གེའི་སླའོ།། ཚུལ ་ཁྲིམས་ཡང་དག་པར་བླངས་པ་མི་འདོར་བ་ནི་སེང་གེའི་སྒྲའོ།། མཛའ་པ་དང་མི་མཛའ་བ་ལ་སེམས་མཉམ་པ་ནི་སེང་གེའི་སྒྲའོ།། བརྩོན་པ་མི་འདོར་བ་ནི་སེང་གེའི་སྒྲའོ།། ཉོན་མོངས་པ ་སྤོང་བ་ནི་སེང་གེའི་སྒྲའོ།། ཤེས་རབ་ཀྱིས་ཤིན་ཏུ་བརྟགས་པ་ནི་སེང་གེའི་སྒྲའོ།། སེང་གེའི་སྒྲ་བསྟན་པ་འདི་བཤད་པའི་ཚེ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ ་པདྲུག་ཏུ་གསོས་སོ།། སིལ་སྨན་བརྒྱ་སྟོང་མ་བརྡུངས་པར་སྒྲ་འབྱིན་ཏོ།། འཇིག་རྟེན་རྣམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། ལྷའི་བུ་བརྒྱ་སྟོང་ཨལ་ལ་ཞེསརྦ ་འབྱིན་ཅིང་རིག་འདི་སྐད་ཅེས་སྨྲས་སོ།། ཨེ་མའོ་དེང་འདིར་ལྷའི་བུས་སེང་གེའི་སྦ་བ་དེ་བསྒྲགས་པས་འཛམ་དུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལན་གཉིས་བྱུང་ངོ་།། དེ་ནས་བཅོམ་ལྡན ་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་པ་དང་། ཆོས་ཉིས་ཀྱིས་འདི་ལྟར་འགྱུར་ཏེ། ནམ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཆེ་བོད་ཟེར་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། མཐིང་ཀ ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་ནལ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐབ་ཡས་པ་ཁྱད་པར་བྱས་ནས ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྐྱེ་བོར་མི་སྣང་བར་གྱུར་ཏོ།། ། ་བམ་པོ་དྲུག་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། ་ཡེ་ཤེས་ཀུན་མཆོག་ཕ་རོལ་ཕྱིན་ཅིང་ཐུང་ང་ཀུན་མཁྱེན་ཀུན་ཟིལ་གནོན།། འདི་ལ་དུས་གསུམ་སེམས་ཅན་སྤྱོད་པ་སྣ་ཚོགས་ཅི་མཆིས་ཁྱོད་ཀྱིས་མཁྱེན།། གང་དེ་ཤིན་ཏུ་གྲོལ་བའི་བྲོ་ཡུལ ་གང་ཡང་དེ་དག་བསམ་པ་རྣམས།། ལྷ་ཡི་གཙོ་བོ་ཀུན་མཁྱེན་འཛུམ་མཛད་འདི་ཡི་རྒྱུ་ནི་ལུང་བསྟན་གསོལ།། ཉན་ཐོས་རང་རྒྱལ་དགྲ་བཅོམ་དྲི་མེད་དེ་དག་གི་ཡང་སྤྱོད་ཡུལ་མིན།། སངས ་རྒྱས་ཡེ་ཤེས་བསམ་མི་ཁྱབ་ཅིང་མཐའ་བྲལ་ཁྱོད་ལ་ཆགས་པ་མེད།། ཁྱོད་ཀྱིས་སེམས་ཅན་གཞན་གྱི་སྤྱོད་སེམས་གང་ལ་ཅི་འདྲའི་གཏམ་བརྗོད་མཁྱེན།། སྤུ་མཆོག་ཐུབ་དཀར་ཚིག་དབང ་འཛུམ་པ་མཛད་པའི་རྒྱུ་ནི་བསྟན་པར་གསོལ།། བོད་འདི་ཤིན་ཏུ་ཡིད་འོང་སྡུག་པའི་དྲི་མེད་རབ་ཏུ་རྣམ་པར་མཛེས།། ཉི་ཟླའི་འོད་དང་དེ་བཞིན་ཚངས་པ་དབང་པོའི་གཟི་ཡང་ཟིལ་གྱིས་གནོན།། ་དེ་བཞིན་ཁོར་ཡུག་ཁྲག་ཁྲིག་རི་རབ་དག་ཀྱང་ཤིན་ཏུ་སྣང་བགྱིས་ན།། ཅི་སླད་ཁྱོད་ཀྱིས་འཛུམ་མཛད་དེ་ཡི་རྒྱུ་ནི་རབ་ཏུ་བསྟན་པར་གསོལ།། འདོད་ཆགས་ཞེ་སྡང་དྲེགས་ལ་སོགས་པ་ཟུག ་རྔུ་བྲལ་ཞིང་རབ་ཏུ་ཞི།། འཇིག་རྟེན་ལྷ་མི་ལྟོ་བ་ཕྱེའི་ཚོགས་བྱམས་བདག་པོ་ཁྱོད་ཞལ་ལྟ།། བདེ་གཤེགས་བལྟས་ཀྱང་མི་ངོམས་ལུས་ཀྱི་བ་ཏུ་སེམ་ཞིང་བདེ་བར་འགྱུར།། གང་གི་སླད་དུ ་འཛུམ་པ་འདི་བསྟན་ཐུབ་པ་བདག་ཅག་རྣམས་ལ་གསུངས།། ཁྱོད་ཀྱིས་ཆོས་རྣམས་ནམ་མཁའ་ལྟ་བུར་རྟག་ཏུ་བྱེད་མེད་གསོག་ཉིད་དང་།། གློག་དང་སྤྲིན་འདྲ་སྒྱུ་མ་ལྟ་བུར་གསོབ་ཉིད་ལྦུ་བ་འདྲ ་པབ་དང་།། རྨི་ལམ་མཐོང་དང་རང་པ་སྟོང་བདྲན་མ་མཁའ་ཆུ་ཟླ་ལྟ་བུར་མཁྱེན།། དགེ་བ་འཛུམ་མཛད་འདི་ཡི་རྒྱུ་དང་རྣར་སྙན་གསུང་ནི་རབ་ཏུ་བརྗོད་པར་གསོལ།། འཛིན་དང་རྟོག་དང་རྣམ་རྟོག ་ཀུན་དང་བྲལ་བས་སྟོང་པ་ཉིད་ལ་མོས།། བདག་པོ་ཤེས་བྱ་ཀུན་ལ་རྟོག་དྲལ་རྟག་ཏུ་མཚན་མ་མེད་ལ་དགྱེས།། ཁྱད་ནི་སྲིད་པ་གསུམ་འདིར་གང་ལའང་མི་སྨིན ་བསམ་གཏན་ཏིང་འཛིན་དགྱེས།། གང་གི་སླད་དུ་འཛུམ་པ་བསྟན་མཛད་འདྲེན་པ་འདི་ནི་ལུང་བསྟན་གསོལ།། སྐད་ལ་མི་ཆགས་སྒྲ་དང་དབྱངས་དང་ཡི་གེ་དག་ལའང་དེ་བཞིན་ཏེ།། འཇིག། ་རྟེན་དུ་ཡང་ཆོས་སྟོན་བློ་གཙང་བདག་དང་ཆོས་ལབ་ང་གནས་མི་མཛད།། འདུས་པ་སོ་སོས་བདེ་གཤེགས་བདག་ལ་ཐ་དད་ཆོས་སྟོན་སྙམ་དུ་འཛིན།། ཡེ་ཤེས་རྫུ་འཕྲུལ་དབང་པོ་སྟོབས་མཆོག། ་རྒྱས་པ་ཤེས་རབ་མ་རུངས་མེད་གསུངས།། ཁྱོད་ནི་སྡུག་བསྔལ་ཀུན་སེལ་ན་རྒའ་ཆི་འཇོམས་ལྡན་པའི་མཆོག་ལགས་ཏེ།། ཁྱོད་ནི་དབང་པོ་བདུད་ཀྱི་སྟོབས་འཇོམས་མཐུ་བོ་ཆེ་མི་མཐུ་དང་ལྡན། ་ཁྱོད་ནི་སྐྱོབ་པ་དཔུང་གཉེན་འཇིག་རྟེན་མགོན་སྐྱབས་སྒྲོན་མ་སྣང་མཛད་པ།། ལྷ་མིན་ལྔ་དང་ཀླུ་མཆོག་འཛུམ་པ་མཛད་པའི་རྒྱུ་གང་འདིར་བསྟན་གསོལ།། དེ་སྐད་ཅེས་གསོལ་པ་དང ་བཅོམ་ལྡན་འདས་ཀྱིས། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཁྱོད་ཀྱིས་ཕྱིར་མི་ལྡོག་པའི་ལྷའི་བུ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚངས་པ་ཕྱིར་མི་ལྡོག་པའི་ལྷའི་བུ་འདི་བསྐལ་པ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ན།། འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ ་ཞེས་བྱ་བར་བསྐལ་པ་ཚངས་པས་བསྟོད་པ་ལ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།། བདེ་བར་གཤེགས་པ།། འཇིག་རྟེན་མཁྱེན་པ།། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།། ལྷ་དང་མི ་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རི་རབ་སྒྲོན་མའི་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་སངས་རྒྱས་ཀྱི་ཞིང་དེའང་བཻ་རྫུན་དང་།། འཛམ་བུ་ཆུ་བོའི་གསེར ་དང་རིན་པོ་ཆེ་གཉིས་ཀྱི་གཞིར་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཞིག་འབྱུང་སྟེ། བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་དཔའ་བོ་ཤ་སྟག་གོ། སངས་རྒྱས་ཀྱི་ཞིང ་དེ་ན་བཟའ་བ་དང་བཏུང་བའང་བསམ་པ་ཙམ་གྱིས་འབྱོར་ཅིང་། དགྲབ་ལྡན་གྱི་ལོངས་སྤྱོད་དང་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཚེ་དཔག་ཏུ་མེད་ཅིང་ལྟུང་བ་མེད་པའི་ཆོས་སྟོན ་པར་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ།། ལྷའི་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། སྨྲས་པ། ཚངས་པ་བདག་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཇི་ལྟ ་པ་བཞིན་དུ་ལུང་བསྟན་ཏོ།། སྦས་པ། ལྷའི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མི་བསྟན་ཏོ།། སྨྲས་པ། ཇི་ལྟར་དེ་བཞིན་ཉིད་དང་།། ཆོས་ཀྱི་དབྱིངས་ལུང་མ་བསྟན་པ་བཞིན་དུ། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལུང་བསྟན་པའང་དེ་ལྟར་བལྟའོ།། སྤྲས་པ་། ལྷའི་བུ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པས་ལུང་བསྣུན་པས་ན་ཀ་ཁྱོད ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཚངས་པར་སྤྱད་པ་ལ་གནས་པ་ནི་དོན་མེད་པ་མ་ཡིན་ནོ།། སྨྲས་པ། ཚངས་པ་གང་གནས་པ་མེད་པ་དེ་ནི་ཚངས་པར་སྤྱོད ་པ་ལ་གནས་པའོ།། སྦས་པ་ལྷའི་བུ་ཇི་ལྟར་གང་ལ་གནས་པ་མེད་པ་དེ་ཚངས་པར་སྤྱད་པ་ལ་གནས་པ་ཡིན།། སྨྲས་པ་ཚངས་པ་གང་ཁམས་གསུམ་ལ་མི་གནས་པ་དེ་ནི་ཚངས་པར ་སྤྱད་པ་ལ་གནས་པའོ།། ཚངས་པ་གང་ཡང་ཁམས་གསུམ་ལ་གནས་པ་དེ་ནི་ཚངས་པར་སྤྱད་པ་ལ་གནས་པ་མ་ཡིན་ནོ།། གཞན་ཡང་ཚངས་པ་གང་བདག་ལ་མི་གནས།། སེམས་ཅན་དང་། ་སྲོག་དང་། གང་ཟག་ལ་མི་གནས་པ་དེ་ནི་ཚངས་པར་སྤྱད་པ་ལ་གནས་པ་ཡིན་ཏེ། ཚངས་པ་མདོར་ན་གང་ཆོས་ཐམས་ཅད་ལ་མི་གནས་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ།། སྨྲས་པ ་ལྷའི་བུ་ཚངས་པར་སྤྱོད་པ་ལ་གནས་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། སྨྲས་པ།། ཚངས་པར་སྤྱོད་པ་ལ་གནས་པ་ཞེས་བྱ་བ་ནི་ཚངས་པ་གཉིས་སུ་མེད་པའི་ལམ་ལ་རབ་ཏུ་གནས་པའི ་ཚིག་བླ་དགས་སོ།། སྨྲས་པ། ལྷའི་བུ་ལམ་ལ་རབ་ཏུ་གནས་པའང་ཅི་ལ་རབ་ཏུ་གནས་པ་ཡིན། སྨྲས་པ།། ཚངས་པ་ལམ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རབ་ཏུ་གནས་པ་མེད ་པའི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་གནས་པ་མེད་པ་དང་ལེན་པ་མེད་པ་དེ་ནི་ལམ་ལ་རབ་ཏུ་གནས་པའོ།། སྨྲས་པ། ལྷའི་བུ་ཇི་ལྟར་བསྒོམས་ན་ལང་བསྒོམས་པ་ཡིན ་སྨྲས་པ། ཚངས་པ་ཅི་ནས་ཀྱང་དངོས་པོ་དང་དངོས་པོ་མེད་པར་མི་ལྟུང་བ་དང་། རོས་གང་ཡང་དངོས་པོར་ཡང་མི་བྱེད། དངོས་པོ་མེད་པར་ཡང་མི་བྱེད་པར་ཡང་མི་བྱེད་པར་བསྒོམ་པ་། ་དེ་ལྟར་སྒོམ་ན་ལམ་སྒོམ་པ་ལ་བརྩོན་པ་ཡིན་ནོ།། སྨྲས་པ་ཀ་ལྷའི་བུ་གང་གི་ས་ལམ་བསྒོམ་པར་བྱའོ།། སྦས་པ་ཚངས་པ་མཐོང་བས་མ་ཡིན། ཐོས་པས་མ་ཡིན་གཱདྲན་པས་མ ་ཡིན་རྣམ་པར་རིག་པས་མ་ཡིན།། ཐོས་པས་མ་ཡིན། མངོན་དུ་བྱས་པས་མ་ཡིན་ཏེ། གང་ཆོས་ཐམས་ཅད་ལ་མི་སྒོམ་པ་འདི་ནི་ལམ་སྒོམ་པའོ།། སྨྲས་པ་ལྷའི་བུ་ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་བརྩོན་པ་གྲུས་ཀྱི་གོ་ཆ་སྲ་བ་བགོས་པ་ཞེས་བྱ། སྨྲས་པ། ཚངས་པ་བྱང་ཆུབ་སེམས་དཔའ་གང་རོས་གང་ལབང་གཅིག་པ་འམ་ཐ་དད་པར་ཡང་དག་པར་རྗེས་སུ་མི ་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་གོ་ཆ་སྲབ་བགོས་པ་ཞེས་བྱའོ།། གང་ཆོས་ཀྱི་དབྱིངས་མ་འདྲེས་པའི་ཕྱིར་ཆོས་གང་ལའང་འབྱེད་པར་མི་བྱེད། སྦྱོར་བར་མི་བྱེད ་དེ་ཆོས་ཀྱི་དབྱིངས་མ་ག་རྟོགས་པར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་མཐོང་བ་འདི་ནི།། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྩོམ་པའི་མཆོག་གོ། གང་ཆོས་ཐམས་ཅད་ལ ་བསལ་བ་དང་བཞག་པ་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའོ།། ཚངས་པ་གང་ལུས་དང་། ངག་དང་ཡིད་ཀྱིས་རྩོམ་པ་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས།། ལྔའི་བུ་ཕྱིར་མི་ལྡོག་པ་ལ་ལེགས་སོ་ཞེས་བྱ་དབྱིན་ནས། ཚངས་པ་ཁྱད་པར་སེམས་ལ་བཀའ་སྩལ་པ།། ཚངས་པ་ལྷའི་དུ་འདི་ཇི་སྐད་སྟོན་པ་དེ་དེ་བཞིན་ནོ།། ་འདི་ནི་དེའི་བརྩོན་འགྲུས་རྩོམ་པའི་མཆོག་སྟེ། གང་ལ་ལུས་ཀྱི་རྩོམ་བཟང་མེད། ངག་གི་རྩོམ་པའང་མེད།། ཡིད་ཀྱི་རྩོམ་པའང་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའི་མཆོག་གོ།། ཚངས ་པངས་མངོན་པར་ཤེས་པ་འདས་པའི་དུས་ན་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་བླངས་པའི་བརྩོན་འགྲུས་བརྩམས་ཀྱང་།། དེ་བཞིན་གཤེགས་པ་དེ་དག ་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་བཞིན་དུ་བླ་མ་རྣམས་ལ་ལྡང་བ་དང་། རིམ་གྲོ་བྱ་བ་དང་། དགོན་པར་གནས་པ་དང་། མང་དུ་ཐོས་པ་དང་། སེམས ་ཅན་རྣམས་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་ཀུན་ཏུ་འགྲོ་བའི་བརྩོན་འགྲུས་བརྩམས་ཀྱང་། ང་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་དང་། ངག་དང་། སེམས་ཀྱི་རྩོམ་པ་ལ ་རབ་ཏུ་གནས་པའི་ཕྱིར་རོ།། ཚངས་པ་ན་མང་ལྔའི་བུ་འདི་ས་ཇི་སྐད་དུ་བསྟན་པའི་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དང་ལྡན་པར་གྱུར་པདོའི་འོག་ཏུང་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ལུང་བསྟན་ཏོ།། ཚངས་པ་དེ་ལྟ ་བས་ན་བྱང་ཆུབ་སེམས་དཔ་བ་ལུང་བསྟན་པའི་ས་མྱུར་དུ་ཐོབ་པར་འདོད་པས་བརྩོན་འགྲུས་རྩོམ་པ་འདི་ལྟ་བུ་འདི་ལྟ་སྟེ། རོས་ཐམས་ཅད་ལ་རྩོམ་པ་མེད་པའི་བརྩོན་འགྲུས་འདི་ལ་བརྩོན་པར ་བྱའོ།། གསོལ་པ། བཅོམ་ལྡན་འདས་རྩོམ་པ་མར་ཆེས་པའི་བརྩོན་འགྲུས་དེ་གང་ལགས། བཀའ་སྩལ་པ།། ཚངས་པ་གང་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་རྩོམ་པའོ།། ་གསོལ་པ་ཀ་བཅོམ་ལྡན་འདས་དུས་གསུམ་མའམ་པའི་དེ་དང་ལྡན་པའི་བརྩོན་འགྲུས་རྩོམ་པ་གང་ལགས། བཀའ་སྩལ་པ།། འདི་ལྟ་སྡེ། འདས་པའི་སེམས་ནི་ཟད།། མའོངས་པ་ནི་མེ་བྱིན ་ད་ལྟར་བྱུང་བ་ལ་ནི་གནས་པ་མེད་ཅིང་མིང་མི་དམིགས་ཏེ། གང་ཟད་པ་དེ་ནི་དམིགས་སུ་མེད་དོ།། གང་མ་ཕྱིན་པ་དེ་ནི་མི་སྐྱེ་བའི་མཚན་ཉིད་དོ།། དེ་བཞིན་དུ་གང་ད་ལྟར་བྱུང་བ་དེའང་ཆོས་ཉིད ་ཀྱིས་མིག་ནས་སོ།། ཆོས་ཉིད་གང་ཡིན་པ་དེའང་མ་སྐྱེས་པའོ།། གང་མ་སྐྱེས་པ་དེ་ནི་འདས་པའང་མ་ཡིན།། མ་འོངས་པའང་མ་ཡིན།། ད་ལྟར་བྱུང་བའང་མ་ཡིན་ནོ།། གང་འདས་པའང་མ ་ཡིན། མ་འོངས་པབང་མ་ཡིན།། ད་ལྟར་བྱུང་བའང་མ་ཡིན་པ་དེ་ནི་རང་བཞིན་ནོ།། རང་བཞིན་གང་ཡིན་པ་དེ་ནི་མ་སྐྱེས་པ་སྟེ། ཚངས་པ་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་རྩོམ ་པ་དེ་ལྟ་བུ་འདི་ནི་ལུང་བསྟན་པ་མྱུར་དུ་ཐོབ་པར་བྱེད་དོ།། ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི་ཆོས་ཐམས་ཅད་གཏོང་བ་མེད་པའི་སྦྱིན ་པལ་མོས་སོ།། ཆོས་ཐམས་ཅད་བསྲུང་བ་མེད་པའི་ཚུལ་ཁྲིམས་ལ་མོས་སོ།། ཆོས་ཐམས་ཅད་རློམ་སེམས་མེད་པའི་བཟོད་པ་ལ་མོས་སོ།། ཆོས་ཐམས་ཅད་རྩོམ་པ་མེད་པའི་བརྩོན ་འགྲུས་ལ་མོས་སོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མོས་སོ།། ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ་ཞེས་ཤེས་རབ་ལ་མོས་སོ།། དེ་དེ་ལྟར་མོས་པས་ལྷག་པར་མི་བྱེད ་བྲི་བར་མི་བྱེད། བྱེད་པ་མ་ཡིན། རྣམ་པར་བྱེད་པ་མ་ཡིན་ནོ།། སྦྱིན་པའང་སྦྱིན་པར་བྱེད་ལ། དེའང་རྣམ་པར་སྨིན་པ་ལ་མི་རེ་བས་སོ།། ཚུལ་ཁྲིམས་ཀྱང་སྲུང་ལ།། དེའང་སྒྲོ་བཏགས་པ་མེད ་པས་སོ།། བཟོད་པའང་སྒོམ་ལ།། དེའང་ཕྱི་ནང་སྟོང་པ་ཉིད་ཀྱིས་སོ།། བརྩོན་འགྲུས་ཀྱང་རྩོམ་ལ།། དེའང་ཡོངས་སུ་གྲུབ་པ་མེད་པས་སོ།། བསམ་གཏན་ལའང་མཉམ་པར་གཞོག་ལ།། དེའང ་གནས་པ་མེད་པས་སོ།། ཤེས་རབ་ཀྱང་སྒོམ་ལ་དེའང་མཚན་པ་མེད་པས་སོ།། ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི་བྱ་བ་ཐམས་ཅད་ཀྱང་སྟོན་ལ།། བྱ་བས་ཀྱང ་མི་གོས་སོ།། དེ་མི་གོས་པས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་ཅིང་རྙེད་པས་ཀྱང་མི་འཕྲོགས།། རྙེད་པ་མེད་པས་ཀྱང་མ་ཡིན། སྙན་པས་ཀྱང་མ་ཡིན།། མི་སྙན་པས་ཀྱང་མ་ཡིན། སྨད་པས ་ཀྱང་མ་ཡིན་བསྟོད་པས་ཀྱང་མ་ཡིན་སྡུག་བསྔལ་བས་ཀྱང་མ་ཡིན། བདེ་བས་ཀྱང་མི་འཕྲོགས་སོ།། དེ་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་རྣམ་པར་འདུས་ཏེ། གཉིས་སུ་དམིགས་པའི ་སེམས་དང་བྲལ་ཞིང་། གཉིས་སུ་མེད་པའི་ཆོས་རྟོགས་པའི་ཕྱིར་ཁེངས་པར་ཡང་མི་བྱེད།། འདུད་པར་ཡང་མི་བྱེད། སྡུག་པར་ཡང་མི་བྱེད་ཁོང་ཁྲོ་བར་ཡང་མི་བྱེད། གནོད་པར་ཡང་མི་བྱེད། ་ཀུན་ནས་གནོད་པར་ཡང་མི་བྱེད།། རློང་སེམས་སུའང་མི་བྱེད། བག་མེད་པར་ཡང་མི་བྱེད། ཀུན་ནས་བག་མེད་པར་ཡང་མི་བྱེད་དོ།། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ་ལྟ་བ་གཉིས་སུ་ལྟུང་བའི་སེམས་ཅན་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཆེད་དུ་བསམས་ནས་སྲིད་པ་ཉེ་བར་ལེན་ཏེ། ཚངས་པ་གང་འདི་བདག་མེད་པའི་བཟོད་པ་རབ་ཏུ་ཐོབ་པས་སེམས་ཅན ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ།། སྐྱེ་བ་ཡོངས་སུ་འཛིན་པ་འདི་ནི་བརྩོན་འགྲུས་རྩོམ་པའི་མཆོག་ཡིན་ནོ།། བརྩོན་འགྲུས་བརྩམས་པ་བསྟན་དུ་འདི་བཤད་པའི་ཚེ། བྱང་ཆུབ་སེམས ་དཔའ་སྟོང་ཕྲག་བརྒྱད་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མིང་གཅིག་ཏུ་དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན ་པ་ཞེས་བྱ་བར་སངས་རྒྱས་ཀྱི་ཞིང་ཐ་དད་པ་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།། དེ་ནས་འཁོར་དེར་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་འདུས་པར་གྱུར ་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ཀླུ་ཆེན་པོ་དེ་དག་ནི་ཆུར་འབེབས་ན་རྒྱ་མཚོ་ཆེན་པོར་འབེབས་ཏེ ་ས་ཕྱོགས་གཞན་དུ་མ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་སྐྱེས་བུ་དམ་པཀྲུ་ཆེན་པོ་དང་མཚུངས་པ་འདི་དག་ཀྱང་ཆོས་ཀྱི་རར་འདི་འདྲ་བ་འདི་སྐྱེས་བུ་དམ་པ་ཚེ་ཆེན་པོ་རྒྱ་མཚོ་ལྟ་བུ་འདི་དག ་གིས་སེམས་ཀྱི་རྒྱུད་ལ་འབེབས་ཏེ། སེམས་ཅན་གཞན་དག་ལ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་རྗེ་སྐད་ཟེར་བ་དེ་བཞིན་ཡིན་མོད་ཀྱི། ཀླུའི་རྒྱལ་པོ་ཆེན ་པོ་དེ་དག་ལ་ནི་གང་གི་ཕྱིར་འཛམ་བུའི་གླིང་འདིར་ཆར་པ་མི་འབེབས་པར་འགྱུར་བའི་སེར་སྣ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་གིས་ཕྱོགས་ཀྱི་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ ་དེ་དག་མི་བཟོད་དོ།། འོད་སྲུངས་གལ་ཏེ་ཀླུ་ཆེན་པོ་དེ་དག་གིས་འཛམ་བུའི་གླིང་འདེར་ཆར་ཕབ་པར་གྱུར་ན། དེས་འཛམ་བུའི་གླིང་འདིར་གྲོང་དང་གྲོང་ཁྱེར་དང་བཅས།། རི་དང་། བྲག་དང ་རི་བོར་བཅས། ཁོར་ཡུག་དང་པོབས་སུ་བཅས་པ་འདི་ལྟ་སྟེ། རྫ་མའི་ཆུས་རྒྱ་ཤུག་གི་ལོ་མ་བཏག་པ་བཞིན་དུ་བཏེག་ནས་ཁྱེར་བར་འགྱུར་ཏེ། དེ་བས་ན་ཀླུ་ཆེན་པོ་དེ་དག་འཛམ་བུ ་གླིང་འདིར་ཆར་པ་མི་འབེབས་སོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པའོ་དག་ལ་ནི་གང་གི་ཕྱིར་སེམས་ཅན་དེ་དག་གཞན་ལ་ཆོས་ཀྱི་ཆར་པ་ཆེན་པོ་མི་བེབས་པར་འགྱུར་བའི་ཆོས ་ཀྱི་སེར་སྣ་མེད་མོད་ཀྱི་ག་བྲོན་ཀྱང་དེ་དག་ཆོས་འདི་ལྟ་བུ་དག་གི་སྣོད་དུ་མ་གྱུར་ཏེ། དེ་ལྟ་བུས་ན་སྐྱེས་བུ་དམ་པ་དེ་དག་རྒྱ་མཚོ་ལྟ་བུ་བྲོ་མཆོག་དང་ལྡན་པ་དེ་དག་ལ་ཆོས་ཀྱི་ཆརང་རིན་པོ་འབེབས ་སོ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཆར་པའི་རྒྱུན་ཤིང་རྟའི་སོག་ཤིང་ཙམ་བབ་པ་དེ་དག་གིས་ཀྱང་རྒྱ་མཚོ་ཆེན་པོ་བྲི་བའང་མེད། གང་བའང་མེད་དོ།། འོད་སྲུངས་དེ་བཞིན་དུ ་སྐྱེས་བུ་དམ་པ་དེ་དག་བསྐལ་པ་བརྒྱར་ཆོས་ཉན་ཏམ་བཆུད་ཀྱང་ཆོས་གང་ཡང་བྲི་བ་བྲམ་གང་བར་མི་འགྱུར་རོ།། འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་དེར་གླིང་ཆེན་པོ་བཞིའི་ཀླུང་སྣ ་ཚོགས་ནས་གང་ཆུབབ་པ་དེ་དག་ཐམས་ཅད་འདི་ལྟ་སྟེ། ལན་ཚྭའི་རོ་རེ་རོ་གཅིག་པར་འགྱུར་རོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་རྣམ་གྲངས་སྣ་ཚོགས་སུ་ཆོས ་བསྟན་པ་བཤད་པ་དག་ཐོས་མ་ཐག་ཏུ་འདི་ལྟ་སྟེ། སྦྱོང་པ་ཉིད་ཀྱི་རོར་རོ་གཅིག་ཏུ་མོས་པར་འགྱུར་རོ།། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་དག་པ་གཙང་བ་དྲི་མ ་མེད་པ་གསལ་བ། རྙོག་པ་མེད་པ་ཡིན་ཏེ། ཆུ་རྙོག་པ་ཅན་མི་འཛིན་ཏོ།། འོད་སྲུང་ས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་དག་པ།། གཙང་བ།། དྲི་མ་མེད་པ ་གསལ་བ་སྟེ། གནོད་སེམས་དང་།། ཞེ་སྡང་དང་།། ཁྲོ་བ་དང་། ཁོན་དུ་འཛིན་པའི་ཐ་བ་ཐམས་ཅད་མི་འཛིན་ཏོ།། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་གཏིང་དཔག ་དཀའ་བའོ།། དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཆོས་ཀྱི་ཚུལ་ཟང་མོ་ལ་རབ་ཏུ་ཞུགས་ཤིང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བའོ།། ་འདི་ལྟ་སྟེདཔེར་ན་རྒྱ་མཚོ་ཆེན་པོ་ནི་རུ་ཚད་མེད་ཅིང་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་དོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཤེས་རབ་ཚད་མེད་ཅིང་ཆོས་རིན་པོ་ཆེའི་རིགས་དཔག ་ཏུ་མེད་དོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་རིན་པོ་ཆེ་སྣ་རོགས་ཀྱི་དབྱིངས་སོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་མངོན་པར་སྒྲུབ་པ་སྣ་ཚོགས་ཀྱིས ་ཆོས་རིན་པོ་ཆེ་ཚད་མེད་པའི་དབྱིངས་སོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་ཁ་ཅིག་རིན་ཐང་ཡོད་པ་དང་། ཁ་ཅིག་རིན་ཟང་མེད་པ་དང་། ཁ་ཅིག་མཆིང ་བུ་ལྟ་བུ་དང་། རྣམ་གསུམ་བྱུང་སྟེ། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ནའང་ཉན་ཐོས་ཀྱི་ཐེག་པ་དང་།། རང་སངས་རྒྱས་ཀྱི ་ཐེག་པ་དང་གང་འོག་མ་ཐེག་པ་ཆེན་པོ་ལ་སེམས་ཀྱི་རྒྱུད་རྣམ་པར་འགྲོལ་ལོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་སེམས་ཅན་ཅིག་གི་ཆེད་དུ་མི་གནས་སོ།། འོད་སྲུངས ་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་སེམས་ཅན་གཅིག་གི་དོན་དུ་བྱང་ཆུབ་ཏུ་སེམས་མི་བསྐྱེད་དོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་མཐར་གྱིས་གཞོལ། ་མཐར་གྱིས་འབཔ།། མཐར་གྱིས་བབ་པའོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ།། ཐམས་ཅད་མཁྱེན་པ་ཉིད་དུ་འབང ་ཐམས་ཅད་མཁྱེན་པ་ཉིད་དུ་དབུ་པའོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ།། བོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང ་ཅན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་ལྡན་ཅིག་མི་གནས་སོ།། སེར་སྣ་དང་། ངང་ཚུལ་ངན་པའི་སེམས་དང་། གནོད་སེམས་དང་། ལེ་ལོའི་སེམས་དང་བརྗེད་ངས་པ་དང་། ་བར་ལ་པའི་ཤེས་རབ་ཀྱི་སེམས་དང་ལྡན་ཅིག་མི་གནས་སོ།། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། སྐྱེས་བུར་ལྟ་བ་དང་ལྷན་ཅིག་མི་གནས་སོ།། འོད ་སྲུངས་འདི་ལྟ་སྟེ། དཔེར་ན་བསྐལ་པས་བསྲེགས་པར་གྱུར་པའི་ཚེ། ཀྲུང་དང་། ཆུ་བྲན་དང་། ཆུ་མིག་དང་མཚེའུ་དང་རྫིང་བུ་དང་། མཚོ་ཐམས་ཅད་སྔར་སྐམ་པར་འགྱུར ་ཏེ་བྱིས་རྒྱ་མཚོ་ཆེན་པོ་ཟད་ཅིང་སྐམ་པར་འགྱུར་རོ།། འོད་སྲུངས་དེ་བཞིན་དུ་དམ་པའི་ཆོས་ནུབ་པར་འགྱུར་བའི་ཚེ་ཊ་རྣོ་བར་སྤྱོད་པ་ལ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས ་སྔར་ནུབ་པར་འགྱུར་ཏེ། ཕྱིས་སྐྱེས་བུ་དམ་པ་བློ་གྲོས་རྒྱ་མཚོ་ལྟ་བུ་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་པ་དེ་དག་གི་ལག་ནས་དམ་པའི་ཆོས་ནུབ་པར་འགྱུར་ཏེ། ཡང་འོད་སྲུངས ་སྐྱེས་བུ་དམ་པ་དེ་དག་ནི་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་ཀྱི། དམ་པའི་རོས་ཡོངས་སུ་གཏོང་བར་མི་བྱེད་ན། འོད་སྲུངས་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་གི་ལག ་ནས་དམ་པའི་ཆོས་ནུབ་པར་འགྱུར་བ་ཡོད་དམ། དེ་དག་གི་དམ་པའི་ཆོས་ནུབ་པར་གྱུར་པ་ཁྱོད་ཀྱིས་མི་བལྟའོ།། བོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ནོར་བུ་རིན་པོ་ཆེ་ཐམས་ཅད ་འདུས་པ་ཞེས་བྱ་བ་རྡོ་རྗེ་ཚོགས་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་ཞིག་ཡོད་དེ།། དེ་ཉི་མ་བདུན་ཤ་ར་ནས།། ཚངས་པའི་འཇིག་རྟེན་གྱི་བར་དུ་བོད་ཟེར་བྱུང་ཡང་རིན་པོ་ཆེ་དེ་རིག་པར་མི་འགྱུར་ཏེ། ་གང་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སངས་རྒྱས་ཀྱི་ཞིང་གཞན་དགན་རྒྱ་མཚོ་ཆེན་པོ་ཡོད་པ་དེར་ནོར་བུ་རིན་པོ་ཆེ་དེ་དེ་རབ་པོ་བར་འགྱུར་ཏེ། འོད་སྲུངས་གང་ནོར་བུ་རིན་པོ་ཆེ་དེ་རྒྱ་མཚོ་ཆེན ་པོ་གཞན་དུ་མ་འཕོས་པར་འཇིག་རྟེན་གྱི་ཁམས་འདིར་ཚིག་པར་འགྱུར་བ་དེ་ན་གནས་པ་མ་ཡིན་ཞིང་གོ་སྐབས་མེད།། དེ་ནི་གནས་མེད་དོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་ལྟ་བུ ་དེ་དག་ཀྱང་དམ་པའི་ཆོས་ཡོངས་སུ་ཟད་པར་གྱུར་ཏེ། འཇིག་རྟེན་གནས་པར་དམ་པ་མ་ཡིན་པའི་ཆོས་བདུན་བྱུང་བའི།། སངས་རྒྱབ་ཀྱི་མིང་གཞན་དུ་འགྲོ་བར་འགྱུར་རོ།། བདུན ་གང་སེན། འདི་ལྟསྟེ། མུ་སྟེགས་ཅན་གྱི་གནས་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། ལེ་ག་འི་སྦྱོར་བ་དང་། གཅིག་ལ་གཅིག་འཆི་བའི་ཕྱིར་བདིང་། ལྟ་བར་བྱེད ་པ་ཐིབས་པོ་དང་། དགེ་བའི་རྩང་འཇོམས་པར་བྱེད་པ་དང་། མཐོབ་ཅིང་མངོན་པར་མརྟོགས་པ་སྟེ།། དཔ་པ་མ་ཡིན་པའི་ཆོས་བདུན་པོ་དེ་དག་འཇིག་རྟེན་གནས་པར་བྱུང་བ་དེ་ནི་སེམས། ་ཅན་རྣམས་སྣོད་མ་ཡིན་པར་ཤེས་ནས་སྐྱེས་བུ་དམ་པ་དེ་དག་སངས་རྒྱས་ཀྱི་ཞིང་གཞན་དུ་འཕྲོ་བར་འགྱུར་ཏེ། སངས་རྒྱས་མཐོང་བ་དང་། དམ་པའི་ཆོས་མཉན་པ་དང་། སེམས་ཅན ་ཡོངས་སུ་སྨིན་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངས་སུ་འབབ་པ་དང་ཡང་མི་བབྲལ་བར་འགྱུར་རོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ལ་རྟེན་ཅིང་སེམས་ཅན་ཚད་མེད ་པདག་གནས་སོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་རྟེན་ཅིང་སེམས་ཅན་ཚད་མེད་པ་དག་ཕུན་སུམ་ཚོགས་པ་གསུམ་ལ་གནས་སོ།། གསུམ་གང་ཞེ་ན། ལྷའི་ཕུན་སུམ ་ཚོགས་པ་དང་། མིའི་ཕུན་སུམ་ཚོགས་པ་དང་། མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པའོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གཞན་དག་གིས ་བཏུང་བར་མི་ནུས་སོ།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་གིས་གང་རོས་བསྟན་པ་དེ་དག་ཀྱི་ཕ་རོལ་གྱི་རྒོལ་བ་རྣམས་ཀྱིས་བཏུང་བར་མི་ནུས་སོ།། འོད་སྲུངས་འདི་ལྟ་སྟེ། དཔེར ་ན་རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གནས་པདེ་དག་ནི་ཆུ་གཞན་མི་ཚོལ་གྱི། དེ་ཉིད་ལ་འཐུང་ངོ་།། འོད་སྲུངས་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་གཞན་གྱི་ངོར་ལྟ་བས་ཆོས་ཀྱི་རོ་ནི ་བཐུང་གི། རང་བྱུང་གི་ཡེ་ཤེས་ཀྱི་ཆོས་ཀྱི་རོ་འཐུང་ངོ་།། དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་སྟོང་གསུམ་གྱི་སྦྱོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་གཏིང་ངམ་ཚད་གཟུང་བར་ནི་ནུས་ཀྱི་གཉན་ཐོས་དང་། རང་སངས་རྒྱས་དང་གལྷ་དང་བཅས་པའི་འཇིག ་རྟེན་གྱིས་སྐྱེས་བུ་དམ་པ་དེ་དག་གི་གཏིང་ངམ་ཚད་གཟུང་བར་ནི་མི་ནུས་ཏེ། དེ་བས་ན་སྐྱེས་བུ་དམ་པ་དེ་དག་སེམས་ནམ་མཁའ་དང་མཚུངས་ཞེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ། ་འོད་སྲུངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྒྱ་མཚོ་ཆེན་པོ་རྣམས་ཀྱི་གཏིང་ངམ་ཚད་གཟུང་བར་ནུས་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། ལྷ་དང ་བཅས་པའི་འཇིག་རྟེན་གྱིས་སྐྱེས་བུ་དམ་པ་བློ་གྲོས་མཆོག་རྒྱ་མཚོ་ལྟ་བུ་དང་ལྡན་པ་དེ་དག་གི་གཏིང་ངམ་ཚད་གཟུང་བར་ནི་མི་ནུས་སོ།། དེ་ནས་དེའི་རོ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད ་པ་འདི་དགུ་གསུངས་སོ།། ཇི་ལྟར་ཆོག་མི་ཤེས་པར་ཆུ་ཆེན་གཏེར།། འབབ་ཆུ་ཐམས་ཅད་ཀུན་གྱི་ཆུ་ཚོལ་བ།། དེ་བཞིན་དེ་རྣམས་འདི་ལ་ཆོས་ཚོལ་ཀྱང་།། རྟག་པར་ཆོས་ཀྱིས་རློག་པར ་འགྱུར་བ་མེད།། ཇི་ལྟར་ཇི་སྙེད་ཆུ་མང་རབ་བསྡུས་ཀྱང་།། འདི་ལ་རྒྱ་མཚོ་འགྲིབས་ཤིང་གང་གྱུར་མེད།། དམ་པའི་ཆོས་ཐོས་ནས་ཀྱང་རོས་ཀྱི་དབྱིངས།། ཤིན་ཏུ་འཕེལ་ཞིང་འགྲིབ ་པར་མཐོང་བ་མེད།། ཇི་ལྟར་དྲི་མེད་རྒྱ་མཚོ་དུ་སྡུད་ཀྱང་།། རྙོག་པ་ཅན་གྱི་འབབ་ཆུ་དེར་མི་བབ།། དེ་བཞིན་ཐུབ་མ་ངས་སྡུད་པ་སྤྱོད་པ་ཡང་།། དེ་དག་རྣམ་དུག་ཉོན་མོངས་མི་སྲུད་།། ་ཇི་ལྟར་རྒྱང་ངོ་ཆེན་པོ་ལུས་ཆུང་བས།། ཟབ་ཅིང་གཏིང་ཡས་པས་ན་མིང་ཕྱོགས་པ།། དེ་བཞིན་ཡོན་ཏན་རྒྱ་མཚོའི་ཡེ་ཤེས་ཀྱང་།། ཕ་རོལ་རྒོལ་བ་རྣམས་ཀྱིས་དཔག་མི་ནུས།། ཇི་ལྟར ་རྒྱ་མཚོར་འབབ་པའི་འབབ་རུ་རྣམས།། རྣམ་པ་སྣ་ཚོགས་དགྲ་ཀྱང་རོ་གཅིག་འགྱུར།། དེ་བཞིན་རྣམ་པ་སྣ་ཚོགས་ཆོས་ཐོས་ནས།། དེ་དག་རྣམ་པར་གྲོལ་བར་རོ་གཅིག་འགྱུར། ་ཇི་ལྟར་རུ་འཛིན་རྒྱ་མཚོ་ཆེན་པོ་ནི།། སྐྱེ་བོ་གཅིག་གི་དོན་ཕྱིར་མི་གནས་ཏེ།། དེ་བཞིན་བྱང་ཆུབ་ཏུ་ཡང་ཞུགས་པ་དག། དེ་དག་འགྲོ་བ་ཀུན་ལ་ཕྲན་ཕྱིར་ཞུགས།། ཇི་ལྟར་རྒྱ་མཚོ་རིན་ཆེན ་དབྱིངས་ཡིན་ཞིང་།། དེ་ལ་གནས་ནས་ནོར་བུ་རིན་ཆེན་འབྱུང་།། དེ་བཞིན་རིན་ཆེན་འབྱུང་གནས་སེམས་ཅན་མཆོག་དེ་དག་ལས་ནི་རིན་ཆེན་གསུམ་པདིར་འབྱུང་།། ཇི་ལྟར་རྣམ ་པར་མི་རྟོག་རྒྱ་མཚོ་ན།། རྟག་པར་རིན་ཆེན་རྣམ་པ་གསུམ་འབྱུང་སྟེ།། དེ་བཞིན་དེ་དག་ཆོས་རྣམས་སྟོན་པ་ཡང་།། ཐེག་པ་གསུམ་གྱིས་སེམས་ཅན་དག་པར་འགྱུར།། ཇི་ལྟར་འབབ ་པ་དང་ནི་བགྲམ་ཉིད་ནས།། རྒྱ་མཚོ་ཆེན་པོ་མཐར་གྱིས་གཞོལ་བ་ལྟར།། དེ་བཞིན་སེམས་ཅན་མཆོག་རྣམས་ཀུན་མཁྱེན་གནོལ།། སེམས་ཅན་རབ་ཏུ་འགྲོ་ལ་ཕྱིར་རྟག་ཏུ་བརྩོན།། ་ཇི་ལྟར་རྒྱ་མཚོ་རོ་དང་མི་གནས་ཏེ།། དེ་དག་གི་ནི་མ་འདྲེས་ཆོས་འདི་ཡིན།། དེ་བཞིན་བྱང་ཆུབ་མཆོག་ལ་ཞུགས་པ་ཡང་།། དམན་པའི་ཐེག་པ་དང་ནི་གནས་མི ་བྱེད།། ཇི་ལྟར་རྒྱ་མཚོ་ལས་བྱུང་རིན་ཆེན་ནི།། རིན་ཆེན་སྡུད་ཅེས་བྱ་བ་སྲ་བསྔགས་པ།། སྲེག་པའི་བསྐལ་པ་བྱུང་ཡང་མ་ཆོག་སྟེ།། དེ་ཡང་འཇིག་རྟེན་འཇིག་རེ་གཞན་དུ་འགྲོ།། དེ་བཞིན་དྲི ་མ་མེད་པའི་ཆོས་འཇིག་ཚེ།། བརྩོན་འགྲུས་མཆོག་ལྡན་དེ་དགའ་བད་ཅིང་འཛིན།། སྣོད་མིན་འཇིག་རྟེན་ཆོས་མིན་འདོད་རིག་ནས།། མཁས་པ་རྒྱལ་བ་གཞན་གྱི་དྲུང་དུ་འགྲོ།། ནམ་ཞིག ་བསྲེགས་པའི་བསྐལ་པ་བྱུང་གྱུར་ཏེ།། ཆུ་མིག་མཚོ་དང་ལྟེང་ཀ་སྐམ་པར་འགྱུར།། རྒྱ་མཚོ་འདི་ནི་ཕྱི་ནས་སྐམ་པར་འགྱུར།། སྟོང་གསུམ་ཆེན་པོ་འདི་ཡང་རབ་ཏུ་འཇིག་ཉི་ཚེའི ་སྤྱོད་ལ་ཉེ་བར་གནས་པ་ཡིན།། འདི་ལ་མཆོག་ཏུ་བྱ་བའི་ཆོས་ནུབ་པ།། དེ་རོ་འདིར་ནི་སེམས་ཅན་མཆོག་ཆོས་འདི།། ལུས་དང་སྲོག་ཀྱང་བོར་ནས་སྲུང་བར་བྱེད།། བདེ་གཤེགས ་འདས་ན་བང་རྟག་པར་དག་བྱེད་པས།། དེ་དག་རྣམས་ལ་ཆོས་འདེ་མི་འཇིག་གོ།། དེ་ལྟར་དེ་རྣམས་བསམ་པའང་རྣམ་པར་དག། ཆོས་ལ་གནས་ཤིང་སྤྱོད་པ་རྟག་པར་སྤྱོད།། ཇི་ལྟར ་རྒྱ་མཚོ་སེམས་ཅན་ཚད་མེད་གནས།། སེམས་ཅན་གཅིག་གི་དོན་དུ་མི་འདུག་པ།། དེ་བཞིན་འཇིག་རྟེན་ཐམས་ཅད་རྣམ་སྒྲོལ་ཕྱིར།། གྲགས་པ་ཆེན་པོ་འདི་དག་རབ་ཏུ་འཇུག། འཇིག ་རྟེན་ཁམས་འདི་རྒྱ་མཚོ་ཇི་སྙེད་པ།། ར་ལུས་པར་ནི་ཆད་རྣམས་ཤེས་རུང་ཡང་།། རྒྱལ་བ་དེ་དག་ཀུན་གྱི་སྤྱོད་པ་ནི།། དགྲ་བཅོམ་རང་རྒྱལ་དག་གིས་ཤེས་མི་ནུས།། མ་ལུས་ཕྱོགས་ཀྱི། ་ནམ་མཁའི་དབྱིངས་རྣམས་ཀྱང་།། མཆོག་རྣམས་ཀྱིས་ནི་ཚད་གཟུང་ནུས་སྲིད་ཀྱི།། ནམ་མཁའ་བས་ཀྱང་ལྷག་པ་དེ་དག་གི། ཡེ་ཤེས་ཚད་ནི་ནམས་ཀྱང་གཟུང་མི་ནུས།། བྱང་ཆུབ ་སེམས་དཔའ་བརྩོན་འགྲུས་བརྟུལ་བརྟན་ཞིང་།། གང་དག་འཇིག་རྟེན་མ་ལུས་དགྲོལ་བའི་ཕྱིར།། རྒྱ་ཆེ་ཡངས་པའི་སེམས་རབ་གཞོལ་བྱས་པས།། འོད་སྲུངས་དེ་དང་མཚུངས་མེད ་ག་ལ་ལྷག། དེ་དག་རིན་ཆེན་འབྱུང་གནས་རྒྱ་མཚོ་འདྲ།། དེ་དག་བསོད་ནམས་ཡིན་ལ་བསོད་ནམས་ཞིང་།། དེ་དག་དཔྱད་པའི་རྒྱལ་པོ་སྨན་པའི་མཆོག། སེམས་ཅན་ཡུན་རིང་ན་བ་ཐར་པར ་བྱེད།། དེ་དག་གནས་ཡིན་སྐྱབས་དང་དཔུང་གཉེན་ཏེ།། སྐྱོབ་པ་སྒྲོན་མ་དེ་བཞིན་བོད་བྱེད་པ།། སྐྱེ་བོ་མདོངས་པ་རྣམས་ཀྱི་མིག་སྐྱེད་པ།། དེ་ཐོབ་པས་ནི་དེ་དག་བདུད་རྩི་འཐོབ།། དེ་དང ་དེ་དག་ཆོས་ཀྱི་རྒྱལ་མཆོག་འབར།། དེ་རྣམས་བརྒྱ་བྱིན་དོན་མང་སེམས་པ་སྟེ།། ཚངས་པ་བསམ་གཏན་བཞི་ལ་གནས་པ་ཡིན།། དེ་དག་ཚངས་པའི་ཆོས་ཀྱི་འཁོར་ལོ་བསྐོར།། དེ་དག ་དེད་དཔོན་མཁས་པ་འདྲེན་པ་སྟེ།། ལོག་པའི་ལམ་དུ་གནས་ལ་ལམ་སྟོན་པ།། དེ་དང་དེ་དག་བདུད་འཛེམ་དཔའ་བོ་སྟེ།། སེམས་ཅན་དམ་པ་བྱང་ཆུབ་སྙིང་པོར་གནས།། དེ་དག་ཆོས ་དཀར་ཚད་མེད་ཟླ་བ་བཞིན།། དེ་དག་འོད་ཟེར་མངོན་འཕགས་ཉི་མ་བདྲ།། སྡིན་ལྔ་བུ་ཡང་ཚད་མེད་བྲོ་གྲོས་ཤིང་།། འཇིག་རྟེན་གསུམ་དུ་བདུད་རྩིའི་ཆར ་པ་འབེབས།། དེ་དག་སེང་གེ་ལྟ་བུར་འཇིགས་སྐྱོན་མེད།། གླང་པོ་ཆེ་ལྟར་ཤིན་ཏུ་དུལ་བའི་སེམས།། དེ་དག་རི་རབ་རི་བོ་བདྲ་མཚུངས་ཏེ།། དེ་དག་ཕ་རོལ་རྒོལ་བས་མཐུབ་བོ།། དེ་དག ་རྣམ་པར་དང་བ་ཆུ་བཞིན་ཏེ།། རྟག་ཏུ་བསྙེན་པར་དཀའ་བ་མ་དང་འདྲ།། དེ་དག་རླུང་ལྟར་རྟག་ཏུ་ཆགས་མེད་ཅིང་།། ས་དང་འདྲ་བར་ཐ་བ་རབ་ཏུ་སྤངས།། གནོད་སེམས་ང་རྒྱལ་ཐབ་ཕྲག ་དོག་དྲལ།། དེ་དག་རྩའམ་ཤིང་ལྟར་རྟོག་པ་མེད།། འཇིག་རྟེན་ཆོས་རྣམས་བརྒྱད་པོས་མགོས་ཤིང་།། དེ་དག་ཚུལ་ཁྲིམས་རྣམ་དག་པདྨ་བཞིན།། དེ་དག་ཨུ་དུམཐ་རའི་མེ་ཏོག་ལྟར། ་དག་ཞིང་བསྐལ་པ་བྱེ་བར་སྒྲ་ཐོས་དཀའ།། དེ་དག་རྐང་གཉིས་གརྩོལ་བྱས་པ་གཟོ།། དེ་དག་སངས་རྒྱས་རིགས་ལ་གནས་པར་བརྩོན།། དེ་དག་སྙིང་རྗེ་ཆེ་ཞིང་བརྟུལ་ཞུགས་བརྟན།། ་བྱམས་ལ་གནས་དང་དག་ལ་མངོན་པར་འཕགས།། འདོད་པའི་ཡོན་ཏན་ལྔལ་བཏང་སྙོམས་ཤིང་།། རྟག་ཏུ་རྒྱལ་བ་དག་གི་ནོར་རྣམས་ཚོལ།། དེ་དང་དེ་དག་སྦྱིན་པས་བྱང་ངུར་སོང་།། ཡེ་ཤེས ་ཚུལ་ཁྲིམས་ལ་ཡང་རབ་ཏུ་གནས།། དེ་དག་བཟོད་པའི་སྟོབས་ཀྱིས་གཅིག་ཏུ་དང་བ།། བརྩོན་འགྲུས་འཕགས་ཤིང་རྟག་ཏུ་མཐུ་དང་ལྡན།། དེ་དག་བསམ་གཏན་མངོན་པར་ཤེས་ལ་མཁས།། ་དེ་དག་ཚད་མེད་ཞིང་དུ་འཕྲུལ་གྱིས་འགྲོ།། ཐུབ་པ་དམ་མཆོག་ལ་ཡང་ཆོས་ཅན་ཅིང་།། ཇི་ལྟར་ཐོས་པ་དག་ཀྱང་སྟོན་པར་བྱེད།། ཇི་ལྟར་བདི་མོས་རྣམ་པར་འགྲོལ་བ་ཡང་།། སྐྱེ་བོ་དག་གི་སྤྱོད ་པ་དེ་དག་ཤེས།། ཇི་ལྟར་མོས་པ་མཁས་ཤིང་རྟོགས་པ་སྟེ།། ནན་ཏན་སྙིང་པོར་བྱེད་ཅིང་མུ་སྟེགས་ཐོབ།། འདི་རྣམས་ཚོགས་པ་ལས་ནི་འདི་སྐྱེ་ཞེས།། དེ་དང་དེ་དག་ཆོས་ཀུན་རབ་ཏུ་ཤེས།། ་དེ་དག་རྐྱེན་ལ་མཁས་ཤིང་རྟོགས་པ་སྟེ།། མཐའ་གཉིས་ལྟ་བ་སྤངས་ཤིང་མཉམ་ལ་དགའ།། ཆོས་འདི་གང་ནས་འོངས་ཤིང་གར་འགྲོ་ཞེས།། དེ་དག་ཆོས་ལ་ཚུལ་བཞིན་རྣམ་པར་ལྟ།། ་ཆོས་ཀུན་འོངས་པ་མ་ཡིན་བྱུང་བ་མིན།། གནས་པ་ཆོས་ཉིད་མཚུངས་པར་རབ་ཏུ་ཤེས།། ཇི་ལ་ཇི་ལྟར་འདུས་བྱས་རྫུན་དུ་མཐོང་།། དེ་ལྟ་དེ་ལྟར་སྙིང་རྗེ་ཅན་དུ་འགྱུར།། མི་བདེ་ཉོན་མོངས ་སྐྱེ་བོ་སྡུག་བསྔལ་ཏེ།། དེ་དག་ཐར་པར་བྱ་ཕྱིར་སྤྱད་པ་སྤྱོད།། ང་དང་ང་ཡི་ཞེས་ནི་རྣམ་བརྟགས་ནས།། བྱིས་པ་མི་མཉམ་པ་ལ་བརྩོན་པས་སྤྱོད།། ཆོས་དེ་ཡང་དག་མ་ཡིན་ཤེས་ནས ་ནི། ལྟ་བ་སྤངས་པའི་ཕྱིར་ནི་རོས་པ་སྤྱོད།། བདག་མེད་བདག་ཏུ་མི་སྡུག་སྡུག་པར་ཏེ།། སྡུག་བསྔལ་བདེ་བར་མི་རྟག་རྟག་པར་ཡང་།། སེམས་ལོག་སོ་སོའི་སྐྱེ་བོ་རྣམས་ལ་ནི།། འཁོར ་བའི་སྔོན་གྱི་མཐའ་ཡང་ཡོད་མ་ཡིན།། དེ་དག་ལོག་པའི་སྦྱོར་བ་དེ་ཤེས་ནས།། འདི་ལ་སེམས་ཅན་མིང་དང་གང་ཟག་མེད།། གང་ལ་བདག་སྡུག་རྟག་བདེ་མེད་པ་ཡི།། ཡང་དག་སྦྱོར་བ ་ལ་ཡང་རྣམ་པར་སྒོམ།། འོད་སྲུངས་དེ་ཡི་ཡོན་ཏན་འདི་བརྗོད་པ།། ས་མི་རྡུལ་ཕྲན་ཇི་བཞིན་ཕྱོགས་ཙམ་སྟེ།། བྱང་ཆུབ་སེམས་དང་བ་ཡོངས་དག་སྤྱོད་ཡུལ་གང་།། ་དེ་དག་ཡེ་ཤེས་བསྔགས་པ་མཐའ་ཡས་སོ།། སྟོང་གསུམ་འཇིག་རྟེན་མཆོད་པ་ཅི་ཡོད་པ།། ཀུན་གྱིས་བྱང་ཆུབ་སེམས་དང་བ་དེ་ལ་མཆོད།། དེ་ལས་ལྷག་པར་ཡང་ནི་མཆོད་འོས་སྟེ། ་རྒྱལ་བའི་ཐུགས་སྲས་དག་ནི་ཕྱིར་མི་ལྡོག། གང་རྣམས་སངས་རྒྱས་འགྱུར་བར་བརྩོན་ལྡན་པ།། དེ་དག་གིས་ནིང་དང་མ་བྱོན་དང་།། གང་ཡང་མྱ་ངན་ལས་འདས་པའི་རྒྱལ་བ་དང་། ་མ་ལུས་ཕྱོགས་བཞུགས་རིམ་གྲོ་བྱས་པར་འགྱུར།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཅི་ནས་ཆོས་ཀྱི ་རྣམ་གྲངས་པ་དེ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཕྱི་མའི་རོ་དུས་ལྔ་བརྒྱ་པ་ཐ་མ་ལ་རབ་ཏུ་སྤྱོད་པ་དང་།། རྒྱས་པར་འགྱུར་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ལ་གསོལ་བ་ཐོབ་ཅིག། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས ་པ་དེ་ཇི་སྙམ་དུ་སེམས།། ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་གང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གང་ཡང་དེ་བཞིན་གཤེགས་པས་ཡོངས་སུ་བསྟན་ཏམ ་སྦས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ།། འཇམ་དཔལ་གྱིས་སྤྲས་པ། ཚངས་པ་དེ་ལྟ་བས་ན་འདི་ལ་བརྗོད་པ་མེད་པས་ན། ཆོས་ཐམས་ཅད་བྱིན་གྱིས་མ་རླབས་པ་སྟེ། དེ་ནི་ནུབ་པར་མི ་འགྱུར་ཞིང་བསྲུང་བར་བྱ་བ་མ་ཡིན་ནོ།། ཚངས་པ་གང་ཆོས་གང་ལའང་བྱིན་གྱིས་བརླང་པར་འདོད་པ་དེ་ནི་ནམ་མཁའ་བྱིན་གྱིས་བརླངས་པར་འདོད་དོ།། ཚངས་པ་བྱང་ཆུབ་སེམས་དཔའ ་གང་ཆོས་གང་ཡང་ཁས་ལེན་ན་དེ་ནི་རློས་སྦ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྨྲ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ནི་རྩོད་པ་མེད་པ་ལྷུར་བྱེད་པ་ཡིན་ནོ།། ཚངས་པ ་བྱང་ཆུབ་སེམས་དཔའ་གང་དག་འདི་སྙམ་དུ་འཁོར་འདིར་ཆོས་འདི་སྟོན་ཏོ་སྙམ་དུ་སེམས་ན། དེ་དག་ལ་ཆོས་ཐོས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཐོས་པ་མེད་པ་ནི་ཆོས་ཐོས་པའོ།། སྨྲས ་པ་འཇམ་དང་ལ་ཐོས་པ་མེད་པ་ནི་ཆོས་ཐོས་པའོ་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་ཟེར། སྦས་པ། ཚངས་པ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་ཐོས་པ་མེད ་པ་ནི་ཆོས་ཐོས་པ་སྟེ་གང་སྐྱེ་མཆེད་དེ་དག་ནས་གཟུགས་དང་། སྨྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་མི་འཛག་པ་དེ་དག་ནི་ཆོས་ཐོས་པའོ།། དེ་ནས་འཁོར་དེ་ནས་ལྷའི་བུ་སྟོང་དྲག ་སུམ་ཅུ་རྩ་གཉིས་དང་། དགེ་སློང་སྟོང་ཕྲག་ལྔ་དང་། དགེ་སློང་མ་སུམ་བརྒྱ་དང་།། དགེ་བསྙེན་བརྒྱད་བརྒྱ་དང་། དགེ་བསྙེན་མ་བརྒྱད་བརྒྱ་དེ་དག་ཐམས་ཅད་ཀྱིས་འཇམ་དཔལ་གྱིས་བསྟན ་པ་འདི་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་སྟེ། ཚིག་ཀྱང་འདི་སྐད་དུ་འཇམ་དཔལ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་དེ་བཞིན་ཏེ་ཐོས་པ་མེད་པ ་ནི་རོས་ཐོས་པའོ་ཞེས་འཛེར་ཏོ།། དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས། བཟོད་པ་རབ་ཏུ་ཐོད་པའི་བྱང་ཆུབ་སེམས་དང་འདེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཀྱིས་ཆོས་ཀྱི ་རྣམ་གྲངས་འདི་ཐོས་སམ། སྨྲས་བུ། ཚངས་པ་ཐོས་པ་མེད་པའི་ཚུལ་གྱིས་ཐོས་སོ།། སྨྲས་པ། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟ་བུར་ཤེས། སྨྲས་པ། ཇི་ལྟར་ཤེས་པ་མེད ་པ་དང་། རྣམ་པར་ཤེས་པ་མེད་པ་དེ་ལྟར་རོ།། སྨྲས་པ། ཁྱེད་ཀྱིས་ཆོས་གང་རབ་ཏུ་ཐོབ་པས་བཟོད་པ་རབ་ཏུ་ཐོབ་པར་འགྱུར།། སྨྲས་པ།། ཆོས་ཐམས་ཅད་རབ་ཏུ་ཐོབ་པ་མེད་པའི་ཕྱིར ་རོ་སྨྲས་པ།། ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་རྟོགས་པར་བྱ། སྦས་པ།། རྟོགས་པར་བྱ་བ་མེད་པའི་ཚུལ་གྱིས་སོ།། སྨྲས་པ།། ཆོས་བསྟན་པ་འདི་ཁྱེད་ཀྱིས་མངོན་སུམ་ཡིན ་ནམ། སྦས་པ།། ཚངས་པ་ཆོས་ཐམས་ཅད་བདག་དང་གཞན་མེད་པའི་ཕྱིར་མངོན་སུམ་ཡིན་ནོ།། དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་དྲི་མ་མེད་པའི་ཏོག་ཅེས་བྱ་བ་འདུས་པར་གྱུར་པ་དེས ་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་གང་ཆོས་ཀྱི་རྣམ་གྲངས་འདི་ལས་རླུང་ངུ་ན་ཅན་པར་འགྱུར་བ་དེ་དག་གལ་ཏེ་དེ་བཞིན་གཤེགས་པས་ལུང་མ་བསྟན་ཀྱང་རོ ་བོས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་འབྲས་བུ་དང་ས་བོན་ཆུད་མི་གཟོན་པའོ།། འཕགས། ་པ་ཡང་དག་པར་ཞུགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བའོ།། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྐྱེད་པའོ།། བདུད་དང་ཕྱིར་རྒོལ་བ་ཚར་གཅོད་པའོ།། བར་དུ་གཅོད་པ ་ཐམས་ཅད་དང་བྲལ་བའོ།། དང་བསྐྱེད་པར་བྱེད་པའོ།། དད་པ་དང་ལྡན་པ་རྣམས་དགའ་ཞིང་མགུ་བར་བྱེད་པའོ།། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ཡོངས་སུ་གཟུང་བའོ།། ་ཆོས་ཀྱི་རྣམ་གྲངས་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལེགས་པར་བསྲུངས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཅིག་ཏུ་ངེས་པ་སྟེ་ཕྱིར་མི་ལྡོག་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི ་བྱང་ཆུབ་ཀྱི་སྙིང་པོ་ལ་མི་སྲུབའོ།། ཆོས་ཀྱི་རྣམ་གྲངས་པདེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བདེན་པའི་འབྱུང་གནས་སོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་ཀྱི་འཁོར་ལོ་སྐོར་བའོ།། ཆོས་ཀྱི ་རྣམ་གྲངས་འདི་ནི་འགྱོད་པ་རྣམས་སེལ་བར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་འཕགས་པའི་ལམ་རྣམ་པར་སྦྱོང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཐར་པར་འདོད་པ་རྣམས་ཀྱིས་ལེགས་པར ་ཐོས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཟུངས་འདོད་པ་རྣམས་ཀྱིས་ལེགས་པར་གཟུང་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་བསོད་ནམས་འདོད་པ་རྣམས་ཀྱིས་ལེགས་པར་རབ་ཏུ་བསྟན་པའོ།། ་ཆོས་ཀྱི་རྣམ་གྲངས་འདི་ནི་རོས་འདོད་པ་རྣམས་ཀྱིས་ལེགས་པར་སྲུང་བའོ།། ཆོས་ཀྱི་རྣམ་གྲངས་འདིནི་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་གྲངས་མེད་པའོ།། ་ཆོས་ཀྱི་རྣམ་གྲངས་འདི་ནི་ཕ་རོལ་རྒོལ་བ་དམིགས་པ་ཅན་གྱི་མི་འཕྲོགས་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་སྦྱིན་པར་འོས་པ་རྣམས་དང་འཐུན་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་མཁས ་པ་རྣམས་དགའ་བར་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལྟ་བ་ངན་པ་དང་བྲལ་བས་ཤེས་རབ་སྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་གཏི་མུག་འཇོམས་པར་བྱེད་པས་ཡེ་ཤེས་སྐྱེད་པའོ།། ་ཆོས་ཀྱི་རྣམ་གྲངས་དོནི་ཡི་གེའི་ཚིག་ངེས་པས་ཤིན་ཏུ་ངེས་པའི་རིག་གོ།། ཆོས་ཀྱི་རྣམ་གྲངས་འདི་ནི་འབྲུ་འབྲེལ་བས་ལེགས་པར་བསྟན་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་དོན་དམ ་པ་ཡང་དག་པར་སྟོན་པས་དོན་ཡང་དག་པར་སྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ན་ཆོས་བརྗོད་པ་རྣམས་ཀྱིས་ཡོངས་སུ་མ་བཏང་བའོ།། ཆོས་ཀྱི་རྣམ་གྲངས་འདོན་ཤེས་པ་དང་ལྡན་པ ་རྣམས་ཀྱིས་མབོར་བའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ནོར་འདོད་པ་རྣམས་ཀྱི་གཏེར་རོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ཏུ་གདུངས་པ་རྣམས་ཡོངས་སུ་བདུད་བ་མེད་པར་བྱེད་པའོ།། ་ཆོས་ཀྱི་རྣམ་གྲངས་འདི་ནི་བྱས་པ་ལ་གནས་པ་རྣམས་ཀྱི་མཉམ་པ་ཉིད་མྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ལེ་ལོ་ཅན་རྣམས་ཀྱི་བརྩོན་འགྲུས་སྐྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདིན ་བརྗེད་ངས་པ་རྣམས་ཀྱི་བསམ་གཏན་བྱེད་པའོ།། ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས་རབ་འཆལ་པ་རྣམས་ལ་སྣང་བར་བྱེད་པའོ།། ཚངས་པ་ཆོས་ཀྱི་རྣམ་གྲངས་འདི་ལ་ནི་སངས་རྒྱས་ཀྱི ་ཆོས་ཐམས་ཅད་ཤིན་ཏུ་ལེགས་པར་གནས་སོ།། དེ་ནས་ལྷའི་བུ་དེས་ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་བསྟན་པ་ན།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ ་པ་དྲུག་ཏུ་གཡོས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་ལྷའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་ལ།། ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ ་ཏོ། བཅོམ་ལྡན་འདས་ལྷའི་བུ་འདེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ལས་ཆོས་ཀྱི་རྣམ་གྲངས་སྔོན་ཐོས་སམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཚངས་པ ་ལྷའི་བུ་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བཞི་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། ཚངས་པ་ལྷའི་བུ་དྲི་མ་མེད་པའི་ཏོག་འདི་བསྐལ་པ་བརྒྱ་སྟོང་དྲག་བཞི་བཅུ་རྩ་གཉིས་ན། ་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་དུ་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། གང་ཡང་དེའི་བར་དུ་སངས་རྒྱས་འབྱུང་བ་དེ་དག་ཐམས ་ཅད་ལའང་མཉེས་པར་བྱེད་པར་འགྱུར།། བཀུར་སྟིར་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱི་རྣམ་གྲངས་འདིའང་ཐོས་པར་འགྱུར་རོ།། ཚངས་པ་དགེ་སློང ་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད ་པ་རབ་ཏུ་ཐོབ་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་དུ་སྐྱེ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ ་ལྔའི་བུ་དྲིམ་མེད་པའི་ཏོག་གིས་འདི་སྐད་ཅེས་གསོད་དོ།། བཅོམ་ལྡན་འདས་གང་བདག་ནི་བྱང་ཆུབ་མི་འཚལ། མི་སྟོན།། མངོན་པར་མི་དགའ།། མངོན་པར་མཆགས། མི་དམིགས ་མི་སེམས། མི་རྟོག། རྣམ་པར་མི་རྟོག་ན། ཅིའི་སྲད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ལུང་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འདི་ལྟར་སྐྱེས་བུ་ལ་ལ ་ཞིག་གིས་རྩཝ་དང་། ཤིང་དང་། ཡལ་ག་དང་།། ལོ་མ་དང་། བདེ་བ་མ་དག་མེར་བཅུག་ནས་འདི་སྐད་དུ་རྩཝ་དང་། ཤིང་དང་། ཡལ་ག་དང་།། ལོ་མ་དང་།། འདབ་མདག་མཆོག ་ཅིག་ཅེས་སྦས་ན།། དེ་དེའི་དབང་གིས་མི་འཚིག་པ་མ་ཡིན་ནོ།། ཝའི་བུ་དེ་བཞིན་དུ་འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་མངོན་པར་མི་དགའ་མངོན་པར་མ་ཆགས ་མི་དམིགས། མི་འདོད། མི་སྔོན། མི་སེམས། རྣམ་པར་མི་རྟོག་ཀྱང་སངས་རྒྱས་ཐམས་ཅད་ལུང་སྟོན་ཏེ། ལཱའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར ་མི་དགའ་། མངོན་པར་མ་ཆགས་མི་དམིགས།། མི་འདོད།། མི་སྨོན། མི་སེམས།། རྣམ་པར་མི་རྟོག་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ལུང་སྟོན་ཏོ།། དེ་ནས་འཁོར་དེར ་ལྷའི་བུ་ལྔ་བརྒྱ་ཙམ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས། མི ་དམིགས་མིང་ཚལ།། མི་སྨོན།། མི་རྟོག། རྣམ་པར་མི་རྟོག་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་བསྟན ་ཏོ། དེ་ནས་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བ་ནི་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ།། ལྔའི་བུ་དེ་དག་གིསྲ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འདི་སྐད་དུ་བྱང་ཆུབ ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས།། མི་དམིགས། མི་འདོད།། མི་སྨོན།། མི་སེམས། མི་རྟོག། རྣམ་པར་མི་རྟོག་པ་དེ་བྱང་ཆུབ་ཏུ ་ལུང་བསྟན་པར་འགྱུར་རོ་ཞེས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ཏེ། བཅོམ་ལྡན་འདས་བདག་ཅག་གིས་སྟེང་གི་ཕྱོགས་ན།། སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མཐོང་སྟེ ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདག་ཅག་ལ་བྲན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། དེ་ནས་བཛྲམ་དཔལ་གཞོན་ནུར་གྱུར ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སླད་མའི་དུས་ལྔ་བརྒྱ་པ་ཐ་མལ་འཛམ་བུའི་གྲོང་འདིར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དང་།། ཡུན་རིང་དུ ་གནས་པར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་གོར་ཆེན་པོ་དགོས་པདག་གི་རྣ་ལམ་དུ་གདབ་པར་འགྱུར་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བདུད་ཀྱི ་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱི་དབང་དུ་མི་མཆི་བ་དང་།། དེ་དག་ལ་བདུད་དམ།། བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་མི་འགྱུར་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཟུང ་ཞིང་གོ་ཆ་ཆེན་པོ་བགོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མ་ཉམས་པར་བྱིན་གྱིས་བརླབ་པར་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འཇམ་དཔལ ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང ་དང་མིབམ་ཅི་དང་།། ལྟོ་འཕྱེརཆེན་པོ་དང་། གྲུལ་བུམ་འབེབས་པ་ཞེས་བྱ་བའི་རེག་པ་དང་། སྔགས་ཀྱི་རེག་འདི་བཤད་ཀྱིས་ཉོན་ཅིག། རིག་པ་དང་སྔགས་ཀྱི་ཚིག་དེ་བཅངས་པས་རིགས ་ཀྱི་བུ་འམ།། རིགས་ཀྱི་བུ་མོ་རོས་སྤ་བདེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།། ལྷ་མ་ཡིན་དང་།། ནམ་མཁའ་ལྡིང་དང་།། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།། གྲུལ་བུམ ་རྣམས་ཀྱིས་ཡོངས་སུ་བསྲུང་བ་རབ་ཏུ་ཐོབ་སྟེ།། རིགས་ཀྱི་བུ་བམ།། རིགས་ཀྱི་བུ་མོ་དེ་དག་ལམ་མམ།། ལམ་ལོག་པར་སོང་ངམ། གཙུག་ལག་ཁང་དུ་སོང་ངམ། གནས་ཁང ་དུ་སོང་ངམ། བ.རག་པ་ལ་ཞུགས་སམ། འཁོར་གྱི་ནང་དུ་སོང་ཡང་རུང་སྟེ། སྲུང་བར་བྱེད་དོ།། སྤོབས་པ་སྐྱེད་པར་བྱེད། དྲན་པ་དང་། བློ་གྲོས་དང་།། རྟོགས ་པའི་སྟོབས་བསྐྱེད་པ་ཉེ་བར་སྦྱོར་ཏེ།། དེ་ལ་ཕ་རོལ་གྱི་རྒོལ་བ་བམ། ཕས་ཀྱི་དགྲ་གྲགས་ཚོལ་བ་དག་གིས་གྲགས་ཀྱང་རྙེད་པར་མི་འགྱུར་རོ།། དེ་དྲན་ཞིང་ཤེས་བཞིན་དུ་ལྡང་བར ་འགྱུར། འཆག་པར་འགྱུར།། འདུག་པར་འགྱུར།། ཉལ་བར་འགྱུར་རོ།། འཇ་དཔལ་དེ་ལ་རིག་པ་དང་སྔགས་ཀྱི་ཚིག་དེ་དག་གང་ཞེ་ན།། འདི་ལྟ་སྟེ། ཨུད་དྲུ་དྲུ་རེ། རནྡ་ད ་ཙ་ཏྭེ་གོ་ཙ་རེ་ཤི་ལ་ལི། ཧི་ལི་མི་ལི། ཐཻ་ལི་ཐི་མིའོ།། ཧུ་ལུ་ཧུ་ལུ་ཧུ་ལུ། ཨེ་བད་ཊེ། བེ་ཏ་ཊེ། ཁ་ཁ་རེ། ཐ་རེ། ཁ་ར་ཀེ། ཨཱ་སཱན་ནེ། ག་ཏི་མ་ཧི་ལེ། མཱ་ན་ཤ་ཏ་ནེ་མཱ་ན་ས་བེ་ར ་གན་དྷེ། སརྦ་རུ་ཏེ་ར་དཱ་བ་ག་ཏེ། སིན་དྷུ་ལེན་མོ་བུད་དྷེ་ཎྱ། ཙཱ་རིད་དྲ། ན་མོ་དྷརྣཱ་ཡ། ནརྒ་ཏ་ནི། ན་མཿ། སང་གྷཱ་ཡ། བཱ་ཧི་ཏ་པཱ་པེ།། བྷུ་པ་ཤྭན་ཏྲ་ན། སརྦ་པཱ་པཱ་ནེ་མཻ་དྲྀ་མ ་སརྦ་དྷ་ཏེ་བྱ། སད་དྷྱ་ནི་དེ་ཤོ་ཟ་སྡང་རྡོ།། མཧཱ་རིའི་ཏི་པྲ་ཤསྟྲ། ཏད་རྦ་ཏིཥྛཱན་ཏེ་སརྦ་ཏྲུ་ཏ་ཐ་ཏ། ནསཿསརྦ་བུད་ཏེབྷྱ། སིད་དྷན་ཏུ་མེམན ་ཏྲ་པ་དཱ་སྭཱ་ཧཱ། འཇམ་དཔལ་རིག་པ་དང་སྔགས་ཀྱི་ཚིག་འདི་བྱང་ཆུབ་སེམས་དཔབ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་པ། རྟག་ཏུ་ཤེས་བཞིན་དང་ལྡན་པ་མི་རྒོད་པ ་ཁེངས་པ་མེད་པ།། སེམས་མི་གཡེངས་པ། ཀུན་ཏུ་སྤྱོད་པ་གཙང་བ།། སོགས་པ་དང་བྲལ་བ། ཆོག་ཤེས་པ་པས་མཐའི་གནས་མལ་ལ་མངོན་པར་དགའ་བ།། འདུ་འཇི ་ཉུང་བ།། ལུས་དང་སེམས་དབེན་པ། བྱམས་པ་དང་སྙིང་རྗེ་ལ་མངོན་པར་དགའ་བ།། ཆོས་ལ་དགའ་ཞིང་མོས་པ། བདེན་པའི་ཚིག་ལ་རབ་ཏུ་གནས་པ།། མི་སླུ་བ། ནང་དུ་ཡང་དག ་འཇོག་ལ་མངོན་པར་དགའ་བ། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན ་པར་དགའ་བ།། རྙེད་པ་དང་མ་རྙེད་པ་ལ་སེམས་མཉམ་པ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། འཁོར་བས་འཇིགས་ཤིང་སྐྲག་པ་སྡུག་པ་དང་མི་སྡུག་པ་ལ་སེམས ་མཉམ་པ།། འདུ་ཤེས་སྣ་ཚོགས་དང་བྲལ་བ།། ལུས་དང་སྲོག་འདོར་བ་དངོས་པོ་ཐམས་ཅད་ལ་མི་བལྟ་བ། སྤྱོད་པ་དང་ཆོ་ག་ཕུན་སུམ་ཚོགས་པ།། ཚུལ་ཁྲིམས་དང་སྡོམ་པ་ལ ་མངོན་པར་དགའ་བ། བཟོད་པ་དང་ངེས་པ་མང་བ་། ངན་དུ་ཟེར་བ་བཟོད་པའི་རང་བཞིན་ཅན་བརྩོན་འགྲུས་བརྩམས་པ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་བརྩོན་པ།། ་བཞིན་བཛུམ་པ་ཁྲོ་གཉེར་དང་བྲལ་བ། གསོང་པོར་སྨྲ་བ།། ང་རྒྱལ་བཅོམ་པ། དེས་པ།། འགྲོགས་ན་བདེ་བ། དེ་ལྟ་བུའི་སྤྱོད་པ་ལ་རབ་ཏུ་གནས་པའི་རིགས་ཀྱི་བུའམ།། རིགས་ཀྱི་བུ ་མོས་འཇམ་དཔལ་སྔགས་ཀྱི་རིག་འདི་རབ་ཏུ་གདོན་པར་བྱའོ།། འཇམ་དཔལ་དེ་ལྟར་ན་ཆོས་སྨྲ་བ་དེ་ཚེ་འདི་ཉིད་ལ་སྟོབས་སྐྱེད་པ་བཅུ་རབ་ཏུ་འཐོབ་བོ།། བཅུ་གང་ཞེ་ན། མི་བརྗེད་པའི ་ཆོས་ཉིད་པས་དྲན་པའི་སྟོབས་སྐྱེད་པ་དང་།། ཚེས་རབ་ཏུ་འབྱེད་པ་ལ་མཁས་པས་བློ་གྲོས་ཀྱི་སྟོབས་སྐྱེད་པ་དང་། མདོ་སྡེའི་ཚུལ་ཁོང་དུ་ཆུད་པས་རྟོགས་པའི་སྟོབས་སྐྱེད་པ་དང ་སྡོམ་པ་དང་སྤྱོད་པ་མི་གཏོང་བས་དད་པའི་སྟོབས་སྐྱེད་པ་དང་། བདག་དང་གཞན་སྲུང་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་སྟོབས་སྐྱེད་པ་དང་།། ཤེས་རབ་ཡོངས་སུ་རྫོགས་པས་ཐོས ་པའི་སྟོབས་སྐྱེད་པ་དང་།། ཐོས་པ་ཐམས་ཅད་ཡོངས་སུ་འཛིན་པས་གཟུངས་ཀྱི་སྟོབས་སྐྱེད་པ་དང་།། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཡོངས་སུ་བཟུང་བས་སྤོབས་པའི་སྟོབས་སྐྱེད ་པ་དང་། མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་པས་ཟབ་རོའི་སྟོབས་སྐྱེད་པ་དང་། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེད་པ་སྟེ། འཇམ ་དཔལ་སྤྱོད་པ་ལ་ཞུགས་པའི་ཆོས་སྦ་བ་གང་རིག་པ་དང་། སྔགས་ཀྱི་ཚིག་འདི་རབ་ཏུ་འདོན་འ་དེནི་སྟོབས་སྐྱེད་པདེ་བཅུ་རབ་ཏུ་ཐོབ་པར་འགྱུར་རོ།། རིག་པ་དང་སྔག ་ཀྱི་ཚིག་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ། རྒྱལ་པོ་ཆེན་པོ་བཞི་སྲེག་ཅིང་བསྤུ་ལངས་པར་གྱུར་ཏེ། གཡོག་བརྒྱ་སྟོང་ཕྲག་དུ་མ་དང་། བཅོམ་ལྡན་འདས་ག་ལ་བ་དེར ་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག ་རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་རྒྱུན་དུ་ཞུགས་པ།། དེ་བཞིན་གཤེགས་པའི་བཀའ་སྒྲུབ་པར་བགྱིད་པ་སྟེ། གཉེན་བཤེས་དང་བཅས།། འཁོར་དང་བཅས་པས་རིགས་ཀྱི་བུ་དང་། ་རིགས་ཀྱི་བུ་མོ་ཆོས་སྨྲ་བ་དང་། ཆོས་སྟོན་པ་དང་། མདོ་སྡེ་འདི་ལྟ་བུའི་རང་བ་དང་། ཀློག་པ་དེ་དག་ལ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་བསྲུང་བ་དང་། བསྐྱབ་པ་དང ་སྦ་བར་བགྱིའོ།། དེ་དག་གྲོང་ངམ། གྲོང་ཁྱེར་རམ།། ལྗོངས་སམ།། ལྗོངས་ཀྱི་ཕྱོགས་གང་ན་གནས་ཀྱང་རུང་།། ཁྱིམ་པའམ། རབ་ཏུ་བྱུང་བའང་རུང་སྟེ། བཅོམ་ལྡན་འདས་བདག། ་ཅག་རྒྱལ་པོ་བཞི་སྟོབས་དང་བཅས།། འཁོར་དང་བཅས་པས།། རིགས་ཀྱི་བུའམ།། རིགས་ཀྱི་བུ་མོ་དེ་དག་གི་རིམ་གྲོ་བགྱི་བར་བདག་ཅག་སྤྲོའོ།། བསྲུང་བ་དང་བསྐྱབ་པ་དང་། ་སྤོང་དང་། སྤོབས་པ་དང་། གཞན་གྱིས་གནོད་པར་མི་བགྱི་ཞིང་མི་གཙེ་བར་བགྱི་བའི་སླད་དུ་བདག་ཅག་སྤོའོ།། བཅོམ་ལྡན་འདས་ས་ཕྱོགས་གང་ན་ཆོས་ཀྱིས་རྣམ་གྲངས་འདི་རབ་ཏུ ་སྤྱོད་པར་འགྱུར་བའི་ས་ཕྱོགས་དེར་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་ལྦའམ། ཀླུ་འམ། གནོད་སྦྱིན་ནམ།། གྲུལ་བུམ་གྱིས་གྲགས་མི་རྙེད་དོ།། དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས ་པོས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། བདག་ལ་བུ་དང་གཉེན་བཤེས་དང་།། བྲན་དང་འཁོར་རྣམས་ཅི་མཆིས་པ།། དེ་དང་བདག་ཅག་གྲོགས་བཅས་པས།། ་བདག་པོ་དེ་དག་རིམ་གྲོ་བགྱིད།། དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་རིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་ཆོས་ཀྱི་རྒྱལ་པོའི་སྲས།། ཆོས་ལས་སྐྱེས་པ ་ཆོས་ཀྱི་སྤྲུལ།། ཁྱོད་ཀྱི་སྲས་གང་བྱང་ཆུབ་ཏུ།། ཞུགས་པ་དེ་དག་རིམ་གྲོ་བགྱིད།། དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་རིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། ་སངས་རྒྱས་གསུངས་པའི་མདོ་སྡེ་འདི།། གང་དག་འཛིན་པར་འགྱུར་བ་རྣམས།། དེ་དག་ཕྱོགས་བཅུ་རྣམས་སུ་ཡང་།། བདག་གིས་ཀུན་ཏུ་བསྲུང་བར་བགྱི།། དེ་ནས་རྒྱལ་པོ་ཆེན ་པོ་རྣམ་ཐོས་ཀྱི་བུས་རིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། གང་དག་བྱང་ཆུབ་ཕྱིར་བརྩོན་པ།། དེ་ལ་ཅི་འདྲ་འོས་པ་ཡི།། དེ་འདྲའི་མཆོད་པ་བགྱིད་པར་ན།། སེམས་ཅན ་ཀུན་གྱིས་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་རིན་པོ་རྣམ་ཐོས་ཀྱི་བུ་བདེན་པའི་ཟླ་བ་ཞེས་བྱ་བ་དེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུས ་གསོལ་ནས།། ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་ལས་བདག་ཉིད་ཀྱིས།། ཆོས་ཀྱི་རྣམ་གྲངས་གཟུང་བར་བགྱི།། ཕ་རོལ་ལ་ཡང་བསྟན་པར ་བགྱི།། བདག་གི་བསམ་པ་དེ་འདྲའོ།། བཅོམ་ལྡན་འདས་ཀྱིས་བདག་སེམས་དང་།། སྔོན་གྱི་སྤྱད་པ་ཅི་འདྲ་ཁྱེན།། ཇི་ལྟར་བདག་གིས་སེམས་བདུད་པ།། བདག་ནི་འཇིག ་རྟེན་རྣམ་འདྲེན་འགྱུར།། སངས་རྒྱས་དཔག་མེད་སྐྱོབ་པ་ལ།། བདག་གིས་གདུགས་འདི་ཕུལ་བ་ཡིས།། བདག་ནི་ཐུབ་པ་ཁྱོད་འདྲ་བར།། སྤྱི་གཙུག་བལྟར་ཡང་མིག་དར ་འགྱུར།། སངས་རྒྱས་སྐྱེས་བུ་དམ་པ་ཡང་།། བདག་གིས་བྱམས་པས་བལྟས་པ་ཡིས།། ཡོངས་སུ་དག་པའི་མིག་ཐོབ་སྟེ། རྒྱལ་བ་མ་བུམ་བལྟ་བར་བགྱི།། ཡེ་ཤེས་པ་རོལ ་ཕྱིན་པ་ཡི།། སྟོན་པས་དེ་ནས་ལུང་བསྟན་ཏེ།། ཁྱོད་ནི་འདི་ནས་བྱི་དུས་ན།། དགའ་ལྡན་དུ་ཡང་སྐྱེ་བར་འགྱུར།། དགྲའ་ལྡན་ནས་ནི་ཤི་བབོས་ནས།། རྒྱལ་བ་བྱམས་པ་མཐོང་བར ་འགྱུར། བསྐལ་པ་སྟོང་ཕྲག་ཉི་ཤུར་ནི།། མཆོད་པ་བྱས་ནས་འབྱུང་བར་འགྱུར།། ཁྱེད་ནི་རབ་ཏུ་བྱུང་ནས་ཀྱང་།། ཚངས་པར་སྤྱོད་པ་རབ་སྤྱད་དེ།། བསྐལ་པ་བཟང་འདིར་གང ་ཟུང་བ།། བདག་པོ་དེ་དག་མཐོང་བར་འགྱུར།། ཐམས་ཅད་ལ་ཡང་མཆོད་བྱས་ཏེ།། ཚངས་པར་སྤྱོད་པ་སྤྱད་ནས་ནི།། བསལ་པ་བྱེད་དྲུག་ཅུན།། དེ་ནས་ཁྱོད་ནི་སངས་རྒྱས ་འགྱུར། སངས་རྒྱས་ཞིང་ནི་ལེགས་བརྒྱན་པ།། རིན་ཆེན་གདུགས་ཞེས་བྱ་བར་ནི།། བྱང་ཆུབ་སེམས་དཔའ་ཤ་སྟག་ལ།། ཁྱོད་ནི་ཆོས་རྣམས་སྟོན་པར་འགྱུར།། ཚེ་མི་ཚད་ནི ་བསྐལ་པར་འགྱུར།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། མྱ་ངན་ལས་འདས་པའི་དམ་ཆོས་ཀྱང་།། མ་འདྲེས་བསྐལ་པ་བྱེད་དུ་གནས།། དེ་ནས་བཅོམ་ལྡན་འདས་ལ། ལྷའི ་དབང་པོ་བརྒྱ་བྱིན་གྱིས་གཡོག་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྔ་བ་མདོ་སྡེ་འདི་འཆང་བ་དེ་དག་བསྲུང་བ་དང ་ཡོངས་སུ་གཟུང་བར་བགྱིའོ།། བསྙེན་བཀུར་དང་རིམ་གྲོར་ཡང་བགྱིའོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེ་ར་འདྲི་བའམ། ཀློག་པ་དེར་ཅི་ནས་ཀྱང་ཆོས་སླུ་བ་དེའི་སྟོབས་དང་།། མཐུ ་དང་ཆོས་ཀྱི་མཚམས་སྦྱོར་བ་སྤོབས་པར་འགྱུར་བར་བདག་འཁོར་དང་བཅས་ཏེ་ཆོས་ཉན་དུ་མཆིའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་སྦེད་བྱེད་ཅེས་བྱ་བ་དེས།། དོ་ཤལ་རིན་པོ་ཆེ།། ་ཐམས་ཅད་ཀྱིས་སྦས་པ་དེ་བཞིན་གཤེགས་པ་ལ་ཕུལ་ནས་རིགས་སུ་བཅད་པ་འདི་དག་གསོལ་ཏོ།། ཐུབ་པ་བདག་འདིར་མངོན་སུམ་སྟེ།། ཇི་ལྟར་ཁྱོད་ཀྱིས་སྔོན་སྤྱད་པ། ་དེ་བཞིན་བདག་ཀྱང་སངས་རྒྱས་ཀྱི།། ཡེ་ཤེས་ཚོལ་བར་བསྒྲུབ་པར་བགྱི།། ཁྱོད་ཀྱིས་སྔན་ཆད་མ་སུལ་བར།། ཡོངས་སུ་མ་བཏང་ཅི་མ་མཆིས།། བདོག། ་པ་ཐམས་ཅད་གཏོང་བ་ཡི།། བདག་ཀྱང་རྗེས་སུ་བསླབ་པར་བགྱི།། ཁྱོད་ཀྱིས་མདོ་སྡེ་འདི་ཡང་ནི།། འཇིག་རྟེན་མགོན་ལས་མངོན་དུ་བླངས།། ཡང་དང་ཡང་དུ་བཤད་པར་དགྱི།། བདག ་པོ་བྱེད་ལ་བགྱིས་པ་གཟོ།། མདོ་སྡེ་འདྲིལ་སུ་དགའ་བ།། དེ་དག་བདག་གི་སྟོན་པ་འདྲ།། བདུག་ནི་སངས་རྒྱས་ཆོས་འཚལ་བས།། དེ་ལ་རྟག་ཏུ་རིམ་གྲོ་བགྱི།། དམ་པའི་ཆོས་རྣམས་ཡོངས ་སྲུང་བ།། མགོན་པོ་ཉན་ཐོས་མི་ནུས་ཏེ།། ཕྱི་དུས་འཇིགས་པ་རིན་པོའི་ཚེ།། བདག་གིས་ཡོངས་སུ་བསྲུང་བར་བགྱི།། མགོན་པོ་བདག་ཀྱང་དབུགས་དབྱུང་གསོལ།། ལྷ་རྣམས་ཐེ ་ཙམ་གཅད་དུ་གསོལ།། ཐུབ་པ་ཁྱུ་མཆོག་ཁྱོད་བདྲ་བ།། ཇི་སྲིད་ཡུན་གྱིས་འགྲུབ་པར་འགྱུར།། ཀུན་མཁྱེན་ཡེ་ཤེས་མཁས་པ་ཡི།། བདེ་བར་གཤེགས་པས་དེ་ལུང་བསྟན ་ང་ནི་ཅི་བདྲ་དེ་འདྲ་བར།། ཁྱོད་ཀྱང་རྫོགས་པའི་སངས་རྒྱས་འགྱུར།། བསྐལ་པ་བྱེ་བ་ཕྲག་སྟོང་དང་།། བསྐལ་པ་བྱེ་བ་བརྒྱ་ཡི་ཆེ།། འཇིག་རྟེན་དུ་ནི་སངས་རྒྱས་འགྱུར།། མིང་ནི་ཡེ་ཤེས ་འབྱུང་ཞེས་བྱ།། བྱང་ཆུབ་ཞི་བཟོབ་ནས་ཀྱང་།། བདུད་རྣམས་རབ་ཏུ་བརྟུལ་ནས་ནི།། སེམས་ཅན་བྱེ་བ་ཕྲག་སྟོང་རྣམས།། བྱང་ཆུབ་ལ་ཡང་བགོད་པར་འགྱུར།། དེ་ནས་མི་མཇེད་ཀྱི་བདག ་པོ་ཚངས་པས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་བསམ་གཏན་ལ་གནས་པའང་བཏང་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲང ་འདི་ཡང་དག་པར་སྟོན་པ་དེ་ལ་ཆོས་ཉན་དུ་མཆིའོ།། དེ་ཅིའི་སླད་དུ་ཞེ་ན། བརྒྱ་བྱིན་དང་ཚངས་པ་ནི་འདི་ལས་སྐྱེས་ཏེ། བཅོམ་ལྡན་འདས་བདག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ ་བསྙེན་བཀུར་དང་རིམ་གྲོ་བགྱི་བར་སྤྲོའོ།། དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིམ་གྲོ་བགྱི་བ་དང་།། མཆོད་པར་འོས་པ་ལགས་སོ།། དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་། བཅོམ ་ལྡན་འདས་ལ་རིགས་སུ་བཅད་པས་འདི་སྐད་ཅེས་གསོལ་ཏོ།། དགེ་སློང་དང་ནི་དགེ་སློང་མ།། དགེ་བསྙེན་དང་ནི་དགེ་བསྙེན་མ།། གང་རྣམས་མདོ་སྡེ་འདི་འཛིན་པ།། སྐྱེ་བོ་ཀུན་གྱི་མཆོད། ་རྟེན་དེ།། གལ་ཏེ་མདོ་སྡེ་འདི་ལ་ནི།། སེམས་ཅན་གཅིག་འགའ་བརྩད་ན་ཡང་།། འགྲོ་བའི་མགོན་པོ་བདག་སྤོ་བ།། ཆོས་སྨྲ་བ་ནི་དེ་དག་ལ།། ཁྲི་སྟན་གང་ལ་དེ་མཆིས་ཏེ།། ་མདོ་སྡེ་འདི་ནི་རེ་བསྟོན་པར།། ཚངས་པའི་འཇིག་རྟེན་མན་ཆད་དུ།། མེ་ཏོག་དགྲམ་པར་བདག་སྔོའོ།། གང་གི་ལག་ནས་མདོ་སྡེ་འདྲི།། ཕྱི་མའི་དུས་ན་ཐོས་འགྱུར་བ།། དེ་ལ་ཨ ་ལ་ལ་ཞེས་ནི།། ལེགས་སྤྲས་ལེགས་ཞེས་བརྗོད་པར་བགྱི།། གང་ན་མདོ་སྡེ་འདི་མཆིས་པར།། མ་ཡི་ཕུང་པོས་གང་བ་ཡི།། བྱེ་བ་སྙེད་ཀྱི་ཞིང་བརྒལ་ནས།། སྐྱོ་མི་འཚལ་བར་མ་ཆི ་བར་བགྱི།། རིན་ཆེན་ཕུང་པོ་རི་རབ་ཙམ།། དགའ་བཞིན་དུ་ནི་དུལ་ནུས་ཀྱང་།། སངས་རྒྱས་ཀྱི་ཡང་ལ་བསྐྱོང་བ།། མདོ་སྡེ་འདི་ཡང་མཉན་པར་བགྱི། ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྫུ་བཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མཛད་དེ། རྫུབཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུ་བྱས་པས།། བདུད་སྡིག་ཅན་དཔུང་གི་སྟོབས་པ་ནི ་དང་བཅོམ་ལྡན་འདས་ག་ལ་བདེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དཔུང ་དང་བཅས།། གཡོག་དང་བཅས་པ་འདི་དག་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ། གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ལྗོངས་ཀྱི་ཕྱོགས་དེར་ཆོས་ཉན ་པ་དང་། ཆོས་སྨྲ་བ་དག་ལ་བདུད་ཀྱི་ལས་མི་བགྱི་བའི་སྟེང་དུ་བསྲུང་བ་དང་། བསྐྱབ་པ་དང་། སྲ་བར་ཡང་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུས་སྤངས ་རྒྱས་ཀྱི་ཞིང་འདི་ཁྱབ་པར་མཛད་དེ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་འདི་ལྟ་སྟེ། སྐྱེས་བུ་དབ་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་དེ་དག་གིས ་དམ་པའི་རོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས་བསླབས་སོ།། འཇམ་དཔ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་དུ་འཛམ་བུའི ་གླེང་འདིར་སྤྱོད་པར་འགྱུར་བ་ཡུན་དེ་སྲིད་དུ་ད་པའི་ཆོས་ནུབ་པར་མི་འགྱུར་རོ།། དེ་ནས་འཁོར་དེ་དག་ཐམས་ཅད་དགའ་མགུ་ཡི་རངས། རབ་ཏུ་དགའ་རངས།། ཡིད་བདེ་བར་གྱུར་ནས་སྤོས ་ཐམས་ཅད་དང་། འཕྲེང་བ་ཐམས་ཅད་དང་གབྱུག་པ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས།། ཚིག་ཀྱང་འདི ་སྐད་ཅེས་ཨེ་མ་ཧོ་ཆོས་ཀྱི་རྣམ་གྲངས་འདི་འཛར་བུའི་གླིང་ན་ཡུན་རིང་དུ་གནས་པ་དང་། རྒྱས་པར་གྱུར་ཅིག་ཅེས་འཛེར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ངམ་གསོལ་པ། བཅོམ་ལྡན་འདས་བདག་གིས་གཟུང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དག ་བེ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར། ཁྱོད་ལ་ཡོངས་སུ་གཏད་དོ།། གསོལ་པ། བཅོམ་ལྡན་འདས་གང ་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམའརང་ངམ། ཀློག་གམ།། གཞན་དག་ལ་སྟོན་ཏམ་ག་ཡི་གེར་བྲིས་པ་ལ་མཆོད་པ་བགྱིད་ན། དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ཡི་གེ་དང་ངེས་པའི་ཚིག་ཇི་སྙེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བདེ་བའི་ཡོ ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། བཟུང་ནས་ཀྱང་གཞན་ལ་སྟོན་པ་དང་། ཀློག་པ་དེ་ནི་དེ་བས ་ཀྱང་བསོད་ནམས་ཆེས་མང་དུ་སྐྱེད་དོ།། ཀུན་དགའ་བོ་གང་གིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་གྲགས་བམ་དུ་བྲིས་ཏེ་མཆོད་ན་དེའི་ཚེ་འདི ་ཉིད་ལ་གཏེར་བ་ཐོབ་པ་བཅུ་ཐོབ་བོ།། བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་རྣ་བས་རབ་ཏུ་ཐོས་པས་ཆོས་ཉན་པའི་གཏེར་དང ་ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས། དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དང་། མཚན་དང་དཔེ་བྱད ་བཟང་པོ་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། གཟུངས་རབ་ཏུ་ཐོབ་པས་ཐོས་པའི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པརས་དྲན ་པའི་གཏེར་དང་། ཕ་རོལ་གྱི་རྒོལ་བ་ཆར་གཅོད་པས་མི་འཇིགས་པའི་གཏེར་དང་། སེམས་ཅན་ཐམས་ཅད་འི་བར་འཚེ་བས་བསོད་ནམས་ཀྱི་གཏེར་རོ།། ཡང་བཅོམ་ལྡན་འདས་ཀྱིས་ཆོས ་ཀྱི་རྣམ་གྲངས་འདི་བསྟན་པ་ན།། བྱང་ཆུབ་སེམས་དཔའ་ས་ཡ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། སེམས་ཅན་དཔག་ཏུ་མེད་པ ་བྱང་ཆུབ་ལ་རབ་ཏུ་ཞུགས་སོ།། སེམས་ཅན་ཚད་མེད་པའང་ལེན་པ་མེད་པར་རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོར་ཏོ།། ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདོའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲང ་འདིའི་མིང་རོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཟུང་ཞིག། སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བར་ཟུང་ཞིག། ཚངས་པ་ཁྱད་པར་སེམས་ཀྱིས་ཀུན་དྲིས་པ་ཞེས་བྱ་བར་ཟུང ་ཞིགཔ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བར་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ཅེས་བཀའ་སྩལ་ནས།། བཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚངས་པ་ཁྱད ་པར་སེམས་དང་། བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུའི་བུ་མཉམ་པ་འདི་ལ་གནས་པ་དང་། བྱང་ཆུབ་སེམས་དང་འདྲ་བ་ཅན་གྱི་འོད་དང་། གནས་བརྟན་བོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན ་པ་ཀུན་དགའ་བོ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་།། ཉན་ཐོས་ཆེན་པོ་དེ་དག་དང་།། ལྷ་དང་། མི་དང་། ལྷ་མ་ཡིན་དང་།། དྲི་ཟར་བཅས་པའི་འཇིག་རྟེན ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། བཔགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲངྒ་དང་། དྷརྨ་པཱ་ལ་དང་། ཛིན་མིཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་དྷ.ཱཏྨ་ཤཱི་ལ་དང་བར་ལུས་ཀྱི་ལོ་ཙྪ་བ་བན་ཏེ་དེ་བེན་དྲཱ་ཤཱི་ལ་དང་། ་ཀུ་མ་ར་ཤཱི་ལ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ.ཨཱརྱ་ཛུ་མ་ཀི་ན་ན་རཱ་ཛ་པ་ཟད་ཚ་ནཱ་མ་མ་ཧཱ་མཱན་ཏུ་ཏྲ ་