CLOSE WINDOW

Ty036-003: 'phags pa tshangs pas zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ཞུས་ཏེ་གཏན་ལ་བབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་བྲཧྨ་པ་རི་པྲིད་ཚ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་། བོད་སྐད་དུའཕགས་པ་ཚངས ་པས་ཞུས་པ་ཞེས་བྱ་བ་ཐེག་པ་རྟེན་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དྲཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནབཅོམ་ལྡན་འདས ་གྲོང་ཁྱེར་ཡངས་པར་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགེ་སློང་ཁྲི་ནས་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས ་ཅིག་ཏུ་བཞུགས་ཏེ།། དེན་བཅོམ་ལྡན་འདས་མིནལ་ཙམ་ནམ་གྱི་གུང་ཐུན་ལ་སྐྱིལ་མོ་ཀྲུང་བཅས་ནས། དྲན་པ་མངོན་དུ་བོན་གྱི་སྟེ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ ་འཛི་ལས་སྐྱེས་པའི་དགའ་བ་དང་བདེ་བ་མན་པསམ་གཏན་དང་པོལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་ཡ་ས། སློང་སྨད་པ། པྱོད་པ་ད་པ ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་ང་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས་དགའ་བའི་འདོད་ཆགས་དང་བྲལ་བ་བཏང་སྙོམས ་པ་དྲན་པ་དང་ལྡན་པ།། བདེ་བར་གནས་པ། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས། བདེ་བའང་སྤངས་ཏེ། སྔ་ནས་སྡུག་བསྔལ ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བའང་ནུས་པས། ཕྱིར་སྡུག་བསྔལ་ཡང་མེད་པ་ལ་བདེ་བའང་མེད་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ ་སྙོམས་པར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས་བཞེངས་ནས་ཀ་བསམ་ག་ཏན་གསུམ་པ་ལ་ཞུགས་སོ།། བསམ་གཏན་གསུམ་པ་ལས་བཞེང་ས་ནས ་བསམ་གཏན་གཉིས་པ་ལ་ཞུགས་སོ།། བསམ་གཏན་གཉིས་པ་ལས་བཞེངས་ནས། བསམ་གཏན་དང་པོ་ལ་ཞུགས་སོ།། བསམ་གཏན་དང་པོ་ལས་བཞེངས་ནས་གདུལ་བྱ་ཇི་ལྟ་བ ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་གདུལ་བྱ་ཇི་ལྟ་བ་བཞིན་དུ།། སེམས་ཅན་ལ་གཟུགས་ཀྱི ་ལུས་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཤིན་ཏུ་ལྡུམ་མེ་ལྡན་ནེ་ལྗང་དེར་བཞུགས་ཏེ ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་པའི་གནས་ན་འདུག་བཞིན་དུ། བཅོམ་ལྡན་འདས་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྒང་ངེ་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས ་པཱར་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྡང་བར་བྱས་ཏེ། བཅོམ་ལྡན་འདས ་ཀྱི་སྤྱན་སྔ་ར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འདུག་གོ།། དེ་ནས་མི་མཛད་ཀྱི་བདག་པོ་ཚངས་པས་འདི་སྙམ་དུ་བསམས་ཏེ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་རྣམ་པར ་ཤེས་པར་དཀའ་བ་ཡིན་ན། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུང་པ་བསལ་བའི་སྒྲ་འམ། སྤ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག་གི་ཆ་མ ་ཡིན་གྱིས་བདག་གིས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ་གོར་མ་ཆག་སྙམ་སྟེ་། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བླ་གོས་ཕུག་པ་གཅིག་ཏུ་གཟར ་ནས་འདུག་བཞིན་དུ་། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་མགོ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གི་བཞེངས་པར་གསོལ་ཏོ།། མ་གོས ་དྲི་མམ་མཆིས་རྣམ་པར་དག། རྩཝ་དང་མི་མཆོག་རྣམས་དང་དྲི་ཟ་དང་།། ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ།། སེམས་ཅན་སྨན་སྲང་མགོན་པོ་ཁྱོད་ལ་མཆོད།། དཔེར་ན་རི་ནི་ར། ་ཏུ་མི་གཡོས་དང་།། ཇི་ལྟར་རྒྱ་མཚོ་གཏིང་ནི་མི་དཔོགས་ལྟར།། བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡོས་ལ།། ཐུབ་པ་སྐྱེས་བུ་མཆིག་ནི་བསམ་གཏན་མཛད།། ཟང་ཟིང་རིམ་པ་མཚན་མ་མི ་མངའ་ཞིང་།། ཐ་དད་མི་མངབ་རྟེན་པ་མི་མངའ་ལ།། གནས་མི་མངའ་ཞིང་སྣང་བ་མི་མངབ་བ།། ཐུབ་པ་སྐྱེས་བུ་དམ་པ་བསམ་གཏན་མཛད།། རྟོག་གེ་རྣམས་ཀྱི་ཡུལ་ནི་མ་ལགས་ཤིང་།། བྱིས་པ ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་ལ།། སེམས་དང་སེམས་ལས་བྱུང་ལས་རབ་འདུས་པ།། བསམ་གཏན་ཕ་རོལ་གཤེགས་པ་བསམ་གཏན་མཛད།། མགོན་པོ་སེང་གེ་བཞིན་དུ་གསུང་ཡང་སྒྲོག ་ཐུབ་པ་འབྲུག་བཞིན་སྒྲོག་པ་རབ་ཏུ་མཛད།། དཔའ་བོ་ཟླ་བ་བཞིན་དུ་རབ་ཏུ་མཛེས།། སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཛད་ཀྱི་བདག་པ ་ཚངས་པས་བསྐུལ་བའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་གིས་བསྐུལ་བར་ཐུགས་སུ་ཆུད་ནས། ཇི་ལྟར་སྐྱིལ་མོ་ཀྲུང་བཅུས་པ་དེ་ཉིད་ཀྱིས།། ཏིང་ངེ་འཛིན་དེ་ལས་བཞེངས་སོ།། བརྡུངས་ནས། བཅོམ་ལྡན ་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ལྡན་པའི་ཕྱིར་ཀ་མགུར་བསལ་པའི་སྒྲ་མཛད་པ་དང་། མི་མཛོད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཇི་ལྟར་གྱིར། ་ང་རྣགས་། ག་འང་སུས་པ་། ས་སུ ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་བདུག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད ་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་སྣང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། མི་མཇེད་ཀྱི་བདྲག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཞུ་བ ་ལུང་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་བྱས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང ་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས།། མི་མཇེད་ཀྱི་བདག་པོ་ཚུངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས ་དེ་གད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས།། མི་མཇེད་ཀྱི་བདག་པོ་ཚུངས་པལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས ་གཅིག་དང་ལྡན་ན།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ། ་ཚངས་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ཇི་ལྟ་བུ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འགྲོའོ་སྙམ་པའི་དྲན་པ་དང་ལྡན་པ་ཡིན་ཞིང་།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ ་ཏུ་ཤེས་སོ།། ལྡོག་གོ་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཉལ་ལོ་སྙམ་པ་དང་། ལྡང་ངོ་སྙམ་པ་དང་། འཆག་གོ་སྙམ་པ་དང་། འདུག་གོ། ་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་འཁྲུག་པ་མེད་པའི་ཡིད་ཀྱིས་ལུས་འདི་ཉིད་ལ ་འདི་ལྟ་སྟེ། ཀྱེ་མ་ལུས་འདི་ནི་མི་བརྟན་པ། མི་རྟག་པ། རང་བཞིན་གྱིས་ཉམ་ཆུང་བ། སྙིང་པོ་མེད་པ།། ཐེར་ཟུག་མ་ཡིན་པ། རྣམ་པར་འཐོར་བའི་ཆོས་ཅན།། རྣམ་པར་འཇིག་པའི་ཆོས ་ཅན་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་དང་འདྲ་བ་ཟིལ་པའི་ཐིགས་པ་དང་འདྲ་བ། གཡོ་བ། མི་གནས་པ། མི་གཙང་བ། རྣག་གི་དྲི་ང་བ་ཅན། རླུང་དང་ཉིམས་མཐར ་གཏུགས་པ། མཐར་འདྲུལ་བ། མཐར་རྡུལ་དུ་འགྱུར་བ་ངན་སྐྱུགས་ཀྱི་མཐར་ཐུག་པ། ནད་མང་བ། གནོད་པ་ཅན་། འགྲོ་བའི་ནད་མང་བཀན་པ།། འཇིག་པའི། ་ངང་ཅན། རུས་པ་བསོགས་པ། དྲི་ང་བ་འཛག་པ་ཅན། བསྒྲིམས་ཏེ་རིམ་གྲོ་བྱ་དགོས་པ་ཡིན་པར་ཡང་དག་པའི་དྲན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ། དེ་དེ་ལྟ ་ཡང་དག་པའི་དྲན་པས་ལུས་ཀྱི་སྐྱོན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས།། ལུས་ལ་ཆགས་པ་དང་། ལུ་ས་ལ་ཀུན་ཏུ་འདོད་ཆགས་དང་། ལུས་ལ་བདག་གི་ཉིད་ཡིན་པ་མི་སྐྱེད་དོ།། ་དེ་ལུས་ལ་མི་ལྟ་བས་སྲོག་ལ་ཆགས་པ་དང་། སྲོག་ལ་ཀུན་ཏུ་འདོད་ཆགས་དང་། སྲོག་ལ་བདུག་གི་ཉིད་ཡིན་པ་མི་སྐྱེད་དོ།། དེ་ལུས་དང་སྲོག་ལ་མི་ལྟ་བས། ཆོས་གོས་ངན་ངོན་དང་། ཁྭ ་ཟས་ངན་ངོན་དང་། མལ་ཆ་དང་། སྟན་ངན་ངོན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ངན་ངོན་ཙམ་དག་གིས་ཆོག་པར་འཛིན་པ་ཡིན་ནོ།། དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་། ་བྱ་བ་གང་དག་ཡིན་པ་དོན་དང་ལྡན་པ་རྣམས་སམ་པ་དགེ་བ་དང་ལྡན་པ་རྣམས་ཀྱང་དེ་དག་ལ་གཏོང་བར་བྱེད་དེ་ཡོངས་སུ་མི་སྐྱོ་ཞིང་། ཡོངས་སུ་ཡི་ནད་པ་མེད་ལ། ཡོངས་སུ་སྐྱོ་བའི་སེམས ་མི་སྐྱེད་དོ།། དེ་མཁན་པོ་དང་སློབ་དཔོན་གྱི་གན་དུ་འགྲོ་ན་དྲན་པ་དང་ལྡན་ཞིང་འདི་སྙམ་དུ་སེམས་ཏེ། མཁན་པོ་དག་ནི་བསྙེན་པར་དཀའ་བ་སློབ་དཔོན་དག་ནི་བསྙེན་པར ་དཀའ་བ་སྟེ། བདག་དེར་སོང་བ་ན།། སྡིག་པ་མི་དགེ་བཀུན་ཏུ་སྟོང་པ་འག་ཡིག་གིས་བདག་པ་གླེངས་ཤིང་དྲན་པར་བྱས་ནམི་རུང་ངོགམནས།། དེ་ད་དང་། ཅན་དེ་དང་། གནས། ་བསླབ་པ་རྣམས་ལ་གུས་པར་བྱེད་པར་འགྱུར་ཏེ། རྟེན་པར་བྱེད་པ་དང་། ལེགས་པར་བྱ་བ་བྱེད་པ་དང་། ཞི་བ་རྣལ་དུ་བྱེད་པ་དང་ཤིན་ཏུ་ཡོངས་སུ་མཐར་ཐུག་པར་བྱེད་པ་ཅན་དུ་འགྱུར། ་རོ།། དེ་བསླབ་པ་རྣམས་ལ་གུས་པར་བྱེད་པ་ཉིད་དང་། རྟུན་པར་བྱེད་པ་ཉིད་དང་། ལེགས་པར་བྱ་བ་བྱེད་པ་ཉིད་དང་། ཞི་བ་རྣལ་དུ་བྱེད་པ་ནི་དང་། ཤིན་ཏུ་ཡོངས་སུ་མཐུར་ཐུག་པར ་བྱེད་པ་ཉིད་ཀྱིས་མཁན་པོ་དང་། སློབ་དཔོན་གྱི་གན་དུ་འགྲོ་བ་ན། བག་ཚ་བ་མེད་པ་དང་བག་འཁུམས་པ་མེད་པར་འགྲོ་ཞིང་མི་འཇིགས་པ་དང་ལྷན་ཅིག་ཏུ་བྱུང་བའི་རྒོད་པའང་མི ་སྦྱིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གུས་པ་དང་བཅས་ཤིང་པ་ཞེས་དང་བཅས་པ་ཡིན་ལ། རིགས་ཀྱི་བགྲ་མ་བཞིན་དུ་འཛེས་པ་དང་ལྡན་པའི་ཕྱིར་རོ།། དེ་འཛུམ་པ་དང་ལྡན་པས་ལུས་ཀྱི ་སྔོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་།། ཚངས་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ནུས་པར ་སྤྱོད་པ་དེ་དག་གང་ཞེ་ན། ཚངས་པ་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།། ཚངས་པ་མ་བྱིན་པར་ལེན་པ་དང་ག་མི་ཚངས ་བྱཧཱ། པར་སྤྱོད་པ་ན་། བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་རྗེས་པར་སྤྱོད་པ་ཡིན་ནོ།། ཚངས་པ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་སྲོག་གཅོད་པ་སྤོང ་པ་ཡིན་ཞེ་ན་ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་གིས་སྲོག་གཅོད ་པར་མི་བྱེད་དོ།། དེ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ལ་བདག་ཙམ་དུ་འདུ་ཤེས་པར་བྱེད་ཅིང་། སྡུག་པ་བུ་ཙམ་དུ་འདུ་ཤེས་པར་བྱེད་དོ།། བདག་ཉིད་ཀྱིས ་སམས་ཅན་གཞན་དག་དང་གང་ཟག་གཞནུ་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་དོ།། གཞན་དག་ཀྱང་སྲོག་གཅོད་དུ་མི་འཇུག་གོ།། གཞན་དག་སྲོག་གཅོད་པ་ལའང་རྗེས་སུ་ཡི་རང ་པར་མི་བྱེད་དོ།། བདག་གིས་ཀྱང་མི་གཅོད་དོ།། གཞན་དག་ཀྱང་གཅོད་དུ་མི་འཇུག་གོ་གཞན་དགྲ་གཅོད་པ་ལའང་རྗེས་སུ་ཡི་རུང་བར་མི་བྱེད་དོ།། བདག་ཀྱང་མི་རྡེག་གོ། ་གཞན་དག་ཀྱང་རྡེག་ཏུ་མི་འཇུག་གོ།། གཞནུ་དག་རྡེག་པར་བྱེད་པ་ལའང་རྗེས་སུ་ཡི་རང་བར་མི་བྱེད་དོ།། ཇི་ལྟར་ན་མ་བྱིན་པར་ལེན་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་འཚོ་བའི་ཡོ་བྱད་གང་དག་ཡིན་པ་འདི་ལྟ་སྟེ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་རཱུཪྻ་དང་། དུང་དང་། མན་ཤེལ་དང་བྱུ་རུ་དང ་ས་ལེ་སྣུ་མ་དང་དངུལ་ལ་སོགས་པ་དང་གོས་དང་རྒྱུན་གྱི་རྣམ་པ་དག་དང་། ནོར་དང་འབྲུ་དང་། མཛོད་དང་བང་བའི་རྣམ་པ་དེ་དག་ལ་ཆགས་པ་མི་སྐྱེད་པ་དེ་དག་ལ་རྣམ ་པར་རྟོག་པར་མི་བྱེད་ཅིང་རྐུང་ཕྲོག་མི་བྱེད་དོ།། རྐུ་འཕྲོག་བྱེད་དུ་མི་འཇུག་གོ།། རྐུ་འཕྲོག་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ།། ད་གྲོང་ན་ཡོད་པའམ། དབོན་པ་ན་ཡོད་པ ་མ་ཡིན་ཞིང་ག་མ་གནང་བ་རྩཝའི་འདབ་མ་ཙམ་ཡང་ལེན་པར་མི་བྱེད་དོ།། ཇི་ལྟར་ན་མི་ཚངས་པར་སྤྱོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་སྒོ ་ལེགས་པར་བསྲུང་སྲ་ཤིང་གནས་པ་ཡིན། ལེགས་པར་བསྡམས་པ་ཡིན།། འཐུན་པའི་གནས་སུ་རྒྱུ་བ་ཡིན། ཤིན་ཏུ་བསྲུངས་པའི་དྲན་པ་དང་ལྡན་པ་ཡིན། རྟག་ཏུ་བསུངས་པའི ་དྲན་པ་དང་ལྡན་པ་ཡིན་པ་དེ་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ཡིན།། ལུས་དང་ངག་ཤིན་ཏུ་བསྡམས་པ་ཡིན་ནོ།། འཐུན་པའི་གནས་སུ་རྒྱུ་ལ་དྲན་པ་དང་ལྡན་པ་ཡིན་ཞིང་འདི་སྙམ ་དུའང་སེམས་བསྐྱེད་དེ་ག་མི་ཞིག་གིས་བྱེ་མ་ཞིབ་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་སྙིམ་པར་བླངས་ཏེ་མིག་གཉིས་བཀང་བ་ནི་བླའི།། ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ ་ལ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལ་བལྟས་པས།། ཡུན་རིང་པོར་ཕུང་ཞིང་བཅོམ་ལ་མ་རུང་བར་གྱུར་པའི་ཕྱིར་རོ་སྙམ་མོ།། དེ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས ་དུ་། བྱུ་ད་མྦྷ་རྦྦ་དུ་རྒྱུན་ནས་སུ་ན་པ་སྒྲུགས་པ་གན་། ལ་སྤྱོད ་རོ་མྱང་བ་མ་བྱེད་ཅིང་ཆགས་པའི་སེམས་མེད་པ་ཡིན་ནོ།། གལ་ཏེད་ཡོངས་སུ་སྐྱེད་པན་བདེ་བསྐྱེ་རྙན་ཀྱིངས་དུས་པར་བརྟག་པར་བྱ། པ་བྱང་བྱུང ་བཟློག་པའི་རྒྱ་ནས་ཐུག་བསྔལ་སྦྱིན་ཏེ། ཁམས་གསུམ་པ་འདི་ན་འདུས་བྱས་ཀྱི་དངོས་པོ་བདེ་བགང་ང་མེད་དོ།། དེཔོའི་ཕྱིར་རྟེན་། འདུས་བྱུང་མེ་ག་ཕྱི་རོ།། ་པའི་རང་བཞིན་ཅན་དག་དངོས་པོ་མི་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་སྐྱེད་སྙམ་དུ་བཛག་པར་བྱའོ།། ཚུངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱོད་ངན། སྡུག་བསྔལ ་ཁོ་ན་སྐྱེའི་བདེ་བ་ནི་མ་ཡིན་ཏེ། སྡུག་བསྔལ་དེས་ཀྱང་ཡོངས་སུ་གནོན་ཅིང་ཉོན་མོངས་ན་དེས་དེ་ལ་སེམས་འདི་ལྟར་ཉེ་བར་གཞག་པར་བྱ་སྟེ། ལུས་འདི་ནི་བསློབས་ཏེ་ཡོངས་སུ་བསྐྱང ་དགོས་པ་ག་སུག་གིས་བསྒྲུབ་དགོས་པ་སྟེ་འདི་ནི་སྡུག་བསྔལ་རྩོམ་པས་གཟུང་བར་མི་ནུས་ཀྱི་བདེ་བ་རྩོམ་པས་གཟུང་བར་བྱ་བ་ཡིན།། དེ་ལ་བདག་གི་ལུས་བརྟན་ཞིང་འཚོ་བ ་འདིས་དགེ་བའི་ཆོས་རྣམས་བསྒྲུབ་པར་བྱའོ།། དཔེར་ན་རྙེད་པ་འདོད་པའི་ཚོང་པ་ཁུ་ར་ཁལ་རྣམས་སྡོང་བྲན་བྱེད། བཅོས་ལེགས་བྱེད་པ་ནི་ཁུར་ཁལ་རྣམས་བརྒྱན་པའི་ཕྱིར་མ་ཡིན་པ་བདེ ་བར་བྱ་བའི་ཕྱིར་མ་མིན་གྱི་གཞན་དུན་ཇི་ཙམ་ཕྲ་ལལ་བཀལ་པ་བསྐུར་བ་འབྱོར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དུ་ཟས་བུབའང་ལུས་བརྟན་པའི་ཕྱིར་ཟས་ཟ་པ་ས་མི ་བདེ་བར་བྱ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་ཇི་ཙམ་དུ་ལུས་དང་འབྲེལ་བའི་དགེ་བའི་ཕྱོགས་བསྔལ་པོའི་ཕྱིར་རོ་སྙམ་དུ་སེམས་ཉེ་བར་གཞག་པར་བྱའོ།། ཚངས་པ་གལ་ཏེ་བྱང ་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མི་ནུས་ན། དེས་འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཞེས་བྱ་བ་འདི་ནི་མཐར ་ཕྱིན་པར་དཀའ་བ་མི་མཐུན་པ་འཛིན་པ་། འཁོར་བ་ལ་མངོན་དུ་ཕྱོགས་པ། དགེ་བའི་ཕྱོགས་ལ་མི་ཕྱོགས་པ། ཡུལ་ལ་མངོན་དུ་ཕྱོགས་པ། དབེན་པ་ལ་མི་ཕྱོགས་པ་བདེ ་བ་ལ་མངོན་དུ་ཕྱོགས་པ་སྡུག་བསྔལ་ལ་མི་ཕྱོགས་པ་སྨྲ་བ་ལ་དགའ་བ་ལ་མངོན་དུ་ཕྱོགས་པ་སྤྲོས་པ་ལ་མངོན་དུ་ཕྱོགས་པ། དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་མི་ཕྱོགས་པ། ་མི་གཙང་བ་ལ་མངོན་ཕྱོགས་པ། གཙང་བ་ལ་མི་ཕྱོགས་པ། གདུལ་དཀའ་བ། གཟུང་དཀའ་བ་གནས་མེད་པ་རྟེན་མེད་པ་གསོག། གསོབ་སྐད་ཅིག་པ། ་རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན་མཁས་པའི་རང་བཞིན་ཅན་སུ་ཞིག་འདི་ལྟ་བུའི་རང་བཞིན་ཅན་གྱི་སེམས་ཀྱི་དབང་དུ་འགྲོ་ཞིང་། རྗེས་སུ་འཇུག་སྙམ་དུ་བསམ་མོ།། ་དེ་དེ་ལྟར་སེམས་ལ་དྲན་པ་ཉེ་བར་གནས་པས་སེམས་གརྡུལ་བའི་ཕྱིར་ནན་ཏན་བྱེད་དོ།། དེ་སེར་སྣའི་སེམས་གདུལ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་དོ།། ངན། ་ཁམ་གཅིག་ཙམ་མམ། རྒྱ་ཤུག་ཙམ་མམ། མོན་སྲན་གྲེའུ་ཙམ་མ་མུ་ཏིལ་འབྲུ་ཙམ་ཡང་རུང་། དེའང་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི། སྡུག་པ་རྣམས་ལ་མ་ཡིན་། འདྲིས་པ ་རྣམས་ལ་མ་ཡིན་ནོ།། རེ་བ་ཚུལ་པའི་ཚུལ་ཁྲིམས་ཀྱི་སེམས་འདུལ་བའི་ཕྱིར་ཚུལ་ཁྲིམས་སྲུང་སྟེ། ལུས་དང་། དྲུག་དང་། ཡིད་ཀྱིས་སྐྱོན་མེད་པར་བྱེད་པ་ཡིན་འདྲེན་མུར་མི་བྱེད ་པ་ཡིན། ནག་ནོག་ཅན་དུ་མི་བྱེད་པ་ཡིན་ཏེ།། ཚུལ་ཁྲིམས་དེས་བདག་ལ་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དོ། དེ་གནོད་སེམས་ཀྱི་སེམས་གདུལ་བའི་ཕྱིར་བཟོད་པ་སྒོམ ་སྟེ། དེ་གྲོང་ངམ་གྲོང་རྡལ་དུ་ཞུགས་པ་ནུ། ག་ཤེའང་ཅི་མི་སྡུམ་པར་བྱེད་དོ།། བརྒྱད་ཀྱང་རུང་། བརྡེག་ཀྱང་རུང་། བསྡིགས་ཀྱང་རུང་། རྣམ་པར་འཇོམ་ཡང་རུང་།། སྤྱོད་ཀྱང་རུང ་ཅི་མི་སྙམ་པར་བྱའོ།། ཀྱེ་མི་དགེ་སྦྱོང་བདེ་ནི་མགོ་རེག་ངན་པའོ།། ཀྱེ་མ་དགེ་སྦྱོང་འདྲིན་མགོ་རེག་མི་སྡུག་པ་ངན་པའོ་ཞེས་འཇིག་རྟེན་གྱིས་དཔྱས་ཀྱང་ཅི་མི་སྙམ་པར་བྱེད་དོ།། ཡང་དག ་པ་མ་ཡིན་པས་སུར་ཀྱང་བཟོད་པར་བྱེད་ཅིང་དང་དུ་ལེན་ལ་གལས་བདག་དིར་བྱ་བ་ཉིད་ལ་རྟོན་ཏེ། བཟོད་པ་དེས་ཀྱང་བདག་ལ་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དོ།། དེ་ལེ་ལེར་སེམས ་གདུལ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་པའི་ཆོས་མཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་།། ཐོབ་པ་རྣམས་འཕེལ་བར་བྱ་བའི་ཕྱིར་དང་། འཕེལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི ་ཕྱིར་དང་། ཡོངས་སུ་སྨིན་པ་རྣམས་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་དང་། ཡང་དག་པར་གཟུང་བ་རྣམས་རྣམ་པར་དབྱེ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ།། དེ་སེམས་ཅན་གྱི་ཆེད ་རྣམས་དང་ཤསེམས་ཅན་གྱི་བྱ་བ་རྣམསལ་ཡོངས་སུ་མི་སྐྱོ་ཞིང་།། ཡོངས་སུ་ཡི་མི་ཆེད་དེ་། ཡོངས་སུ་སྐྱོ་བའི་སེམས་མི་སྐྱེད་དོ།། དོ་གདོལ་པ་ལ་ཕན་གདགས་ཀྱང་རུང་། རྒྱལ་པོ་ལ ་པ་ན་གདགས་ཀྱང་རུང་ག་ཤིན་ཏུ་ལམ་རིང་པོར་ཡང་འགྲོ་སྟེ། ཐ་དད་པར་མི་དམིགས་ཤིང་ཀ། རྒྱུན་མོ་གཅོད་པ་ཡིན་ནོ།། གལ་ཏེ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཞིང་བཀྲེན་པའི ་སེམས་ཅན་གྱི་དངོས་པོ་ཐ་ཆུ་ངན་པ་ཞིག་གིས་བསྟབས་སམ། འབྱོར་ཅིང་ནོར་ཆེ་བ་གྲང་ཡང་རུང་བ་ཞིག་གིས་དངོས་པོ་བཟང་པོ་མཆོག་གྱ་ནོམ་པ་ཞིག་བསྟབས་ཀྱང་། དེ་ལ་བྱང་ཆུབ ་སེམས་དཔའ་སྙིང་བརྩེ་བའི་སེམས་བཞུག་ལ། གུས་པར་བསྟོད་ཅིང་ཡང་དག་པར་གཟེངས་བསྟོད་ལ་ཀྲ་ཡང་དག་པར་འཛིན་དུ་གཞུག་ཅིང་དངོས་པོ་ངན་པ་དེ་བླང་བར་བྱའོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟ་སྟེགསྡུག་བསྔལ་བའི་སྦྱིན་པ་འདི་ནི་སྦྱིན་པ་བྱ་དཀའ་བ་ཡིན་པའི་ཕྱིར་རོ།། དེ་རྣམ་པར་གཡེང་བའི་སེམས་འདུལ་བའི་ཕྱིར། བསམ་གཏན་ལ་བསམ་གཏན་བྱེད་དེ། ཇི་ལྟར ་བསམ་གཏན་བྱེད་ཅེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་ལུས་ལེགས་པར་བསྡམས་པ་ཡིན་ནོ།། ལུས་དབེན་པར་གནས་པ་ཡིན་ནོ།། ་ལུས་ཀྱི་འདུ་འཛི་རྣམས་ཀྱང་ཡོངས་སུ་སྤོང་ངོ་།། ལུ་ས་ལ་ལྷག་པར་ཆགས་པའང་འདོར་རོ།། ལུས་ལྕི་འམ་ཡང་བའང་ཤེས་སོ།། ལུས་དང་འཐུན་པ་དང་། ལུས་འཚོ་བ་དང་། ལུས་ཀྱི ་སྟོབས་ཀྱང་རབ་ཏུ་ཤེས་སོ།། ངག་ལེགས་པར་བསྡམས་པ་ཡིན་ཏེ། སྨྲ་བ་ཉུང་ཞིང་བརྗོད་པ་ཉུང་ངོ་།། དོན་སྨྲ་བ་ཡིན་ཞིང་། རིགས་པར་སྨྲ་བ་ཡིན་ཏེ། བྲེ་མོ་གཏམ་ལ་དགའ་བ་ཡོངས་སུ ་སྤངས་པ་ཡིན་ནོ།། དེ་ཡིད་ལེགས་པར་བསྡམས་པ་ཡིན་ཏེ། མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་སོ།། དེ་དེ་ལྟར་གནས་གསུམ་ཡོངས་སུ་དག་པས། སྔོན་པོ་དང་། སེར་པོ་དང་། ་དམར་པོ་དང་། དཀར་པོའི་གཟུགས་རྣམས་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། དེ་དག་ལ་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་ཏོ།། རྒྱན་དང་གོས་ཀྱི་རྣམ་པ་སྣ་ཚོགས་དག ་ལའང་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།། གཟུགས་དང་། སྒྲ་དང་། དྲི་དང་།། རོ་དང་།། རེག་པ་སྣ་ཚོགས་དག་ལའང་མཚན་མར་མི་འཛིན་ཅིང་། མངོན ་རྟགས་སུ་མི་འཛིན་པ་ཡིན་ནོ།། སྐྱེས་པ་དང་། བུད་མེད་དང་ག་ཁྱེའུ་དང་ཕ་བུ་མོ་རྣམས་ལའང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།། དེ་གཅིག་པུ་དབེན་པར ་བདུག་ནས་ཀ་ནང་དུ་ཡང་དག་འཇོག་ཅིང་སེམས་གནས་པར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། མི་སྡུག་པ་ལ་དམིགས་པའམ། བྱམས་པ་ལ་དམིགས་པ་འམ་ཀ་སྙིང་རྗེ་ལ་དམིགས་པའམ ་ཡིད་འབྱུང་བར་འགྱུར་བུ་གང་ཡང་རུང་བས་ཇི་ལྟར་ལུས་ཁེངས་པར་མི་འགྱུར་བ་དེ་ལྟར་དམིགས་པར་བྱེད་དེ། དབུགས་རྔུབ་པ་དང་འབྱུང་བ་མི་འགག་གོ།། རྒྱུན་རྣམས་ཀྱང་མི་འཆད་དོ།། རླུང ་འཁྲུག་པར་མི་འགྱུར་རོ།། སེམས་ལོག་པར་རྣམ་པ་ར་གཡེང་བར་མི་འགྱུར་རོ།། དེ་བཆག་གམ་གཉལ་ལམ་འགྲེང་ངམ་འདུག་ཀྱང་དམིགས་པ་དེ་ཉིད་ཀྱིས་འདུག་གོ ་ལ་སེམས་གཏོང་ངོ་།། ཚངས་པ་གང་གི་ཆུ་བྱང་ཆུབ་སེམས་དཔའ་དམིགས་པ་ལ་སེམས་བརྟན་པ་གྱུར་པ་དེའི་ཚེ་སེམས་ལ་སེམས་མཉམ་པར་འཇོག་སྟེ་ག་སེམས་ཀྱིས་སེམས་ཀྱི ་དམིགས་སོ།། གང་གིས་མཉམ་པར་འཇོག་པ་དེའང་མི་དམིགས་སོ།། གང་གི་ཕྱིར་མཉམ་པར་འཇོག་པ་དེའང་མི་དམིགས་སོ།། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱིས་པ་སོ་སོའི་སྐྱེ ་པོ་འདྲི་དགུ་ནི་གསོག་གི་ཆོས་རྣམས་དང་། གསོབ་ཀྱི་ཆོས་རྣམས་ལ་མངོན་པར་ཞེན་ཏོ་སྙམ་དུ་སེམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ལྷག་མཐོང་ཞེས་བྱའོ།། དེ་ལྟར་རྣམ་པར་མཐོང ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་འབྱུང་ཞིང་མི་འཇུག་པ་དེ་ནི། བྱང་ཆུབ་སེམས་དཔའི་ཞི་གནས་ཞེས་བྱའོ།། ཚངས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྡེ ་བྱ། ནང་དུ་ཡང་དག་བཞག་ནས་མིང་དང་ཡི་གེ་ཇི་ལྟར་ཐོས་པ་རྣམས་ངེས་པའི་ཚིག་གིས་གདགས་པས་ཀཡང་དག་པར་འཇོག་ཅིང་། ཡི་གེ་དེ་དག་ལ་ཉེ་བར་རྟོག་སྟེ ་དེ་དེ་ལྟར་ཉེ་བར་རྟོག་པ་ན་ཡི་གེ་རྣམས་གསོག་དང་གསོབ་ཏུ་མཐོང་ངོ་།། དེ་ཡི་གེ་རྣམས་གསོག་དང་གསོབ་ཏུ་མཐོང་ནས་མིང་རྣམས་ཀྱང་གསོག་དང་གསོབ་ཏུ་མཐོང་ངོ་།། གང་ལ་མིང ་དེ་འདོགས་པ་དེ་བང་གསོག་དང་གསོབ་ཏུ་མཐོང་ངོ་།། དེ་གཟུགས་གང་དང་གང་སྣང་བ་དེ་དང་དེའང་གསོག་དང་གསོབ་ཏུ་སྣང་ངོ་།། དེས་གསོག་དང་གསོབ་ཏུ་སྣང་བས་ཡང་དག་པ་ཇི ་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས། དེ་ལ་འདུས་བྱས་རྨི་ལམ་དང་འདྲ་བར་སྣང་ངོ་།། དེ་ལ་བྱང་ཆུབ་སེམས་དཔའ་སོ་སོར ་བརྟགས་ནས་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་བཞག་ནས་གནས་སོ།། དེ་འཆལ་པའི་ཤེས་རབ་ཀྱི་སེམས་གདུལ་བའི་ཕྱིར་ཤེས་རབ་སྒོམ་པར་བྱེད་དོ།། ཇི་ལྟར ་སྒོམ་པར་བྱེད་ཅེ་ན།། དེ་ཀུན་རྫོབ་ཀྱི་ཚུལ་དུ་བཤད་པའམ། དོན་དམ་པའི་ཚུལ་དུ་བཤད་པའི་མདོ་སྡེ་གང་དྲག་ཡིན་པ་དེ་དག་བརྗོད་པ་གསལ་ཞིང་། ཟུར་ཕྱིན་པ་དག་གིས་མངོན་པར་འཛིན ་ཏོ། མ་ནོར་བར་ཆོས་སྟོན་པ་ལས་བཟུང་ནས་ཀྱང་། མ་ནོར་བའི་བསམ་པས་སེམས་པར་བྱེད་དོ།། བསྒོམ་པའི་རྣལ་འབྱོར་ལའང་བརྩོན་པར་བྱེད་དོ།། དེ་ཡེ་ཤེས་ཀྱི་སྟོབས་དང་ཤེས ་རབ་ཀྱི་བྱེ་བྲག་གིས་སེམས་ཅན་མི་དམིགས་པ་སྲོག་མི་དམིགས། གསོ་བ་མི་དམིགས་པ་སྐྱེ་བ་མི་དམིགས།། གང་ཟག་མི་དམིགས་ཀ་ཤེད་ལུས་སྐྱེས་པ་མི་དམིགས་ཀཤེད་བུ་མི ་དམིགས་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཆུད་པར་ལྟ་བར་ཡང་མི་ལྟུང་ངོ་།། བཏགས་པའོ་ཐ་སྙད་རྣམས་ལའང་ལེགས་པར་བསླབས་པ་ཡིན་ནོ།། དེ་ཟིན་པའི་སའི་ཁམས་དང་གམ་ཟིན ་པའི་སའི་ཁམས་ལ་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ་གཟིན་པའི་ཆུའི་ཁམས་དང་། མའི་ཁམས་དང་། རླུང་གི་ཁམས་དང་། མ་ཟིནུ་པ་ལའང་ཡང་དྲུག་པའི ་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་སྟེ་དེ་གཉིས་ཀའང་གསོག་ཉིད་དང་གསོབ་ཉིད་དུ་མཐོང་ཞིང་བེམས་པོ་ཉིད་དང་། སྙིང་པོ་མེད་པ་ཉིད་དང་སྟོང་པ་ཉིད་དུ་མཐོང་ངོ་།། ་དེས་དེ་ལྟར་མཐོང་བས་ཇི་ལྟར་ཕྱི་རོལ་གྱི་ཁམས་རྣམས་ལ་མངོན་པར་ཆགས་པ་མེད་པ་དེ་ལྟར་ནང་གི་རྣམས་ལའང་ངོ་།། མིག་གི་རྣམ་པར་ཤེས་པ་དང་། གཟུགས་རྣམས ་ལའང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ། རྣ་བའི་རྣམ་པར་ཤེས་པ་དང་། སྒྲ་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། དྲི་རྣམས་དང་། ལྕེའི་རྣམ་པར ་ཤེས་པ་དང་། རོ་རྣམས་དང་། ལུས་ཀྱི་རྣ་བར་ཤེས་པ་དང་། རེག་བྱ་རྣམས་ལའང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།། དེས་ཁམས་ལ་ནི་སྲ་བ ་ཉིད་དུའང་རུབ་ཏུ་ཤེས་ལ་ག་གཤེར་བ་ཉིད་དང་། ཚ་བ་ཉིད་དང་། ཁོང་སྡོང་ཉིད་དུའང་རབ་ཏུ་ཤེས་སོ།། ཆུའི་ཁམས་ལ་གཤེར་བ་ཉིད་དུ་རབ་ཏུ་ཤེས་པ། ་སྲང་ཉིད་དུང་།། ཚ་བ་ཉིད་དང་། ཁོང་སྟོང་ཉིད་དུའང་རབ་ཏུ་ཤེས་སོ།། མའི་ཁམས་ལ་ཚ་བ་ཉིད་དུའང་རབ་ཏུ་ཤེས་ལ། སྲ་བ་ཉིད་དང་། གུ་ཤུར་བ་ཉིད་དང་། ཁོང་སྟེང་ཉིད་དུའང་རབ ་ཏུ་ཤེས་སོ།། རླུང་གི་ཁམས་ལ་གཡོ་བ་ཉིད་དུའང་རབ་ཏུ་ཤེས་ལ། ཡང་ཞིང་གཡོ་བ་ཉིད་དུའང་རབ་ཏུ་ཤེས་སོ།། དེ་ནམ་མཁའི་ཁམས་ལ་ཁོང་སྟོང་ཉིད་དུའང་རབ་ཏུ་ཤེས་ལ། ཐམས ་ཅད་དུ་སོང་བ་ཉིད་དུའང་རབ་ཏུ་ཤེས་སོ།། རྣམ་པར་ཤེས་པའི་ཁམས་ལ་སྒྱུ་མ་ལྟ་བུ་ཉིད་དུའང་རབ་ཏུ་ཤེས་ལ།། ཕྱིན་ཅི་ལོག་ཉིད་དུའང་རབ་ཏུ་ཤེས།། ཕྱིན་ཅི་མ་ལོག་པ་ཉིད་དུའང་རབ ་ཏུ་ཤེས་སོ།། དེ་མིག་གི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་མི་རྟག་པ་ཉིད་དུའང་རབ་ཏུ་ཤེས་སོ།། རྣ་བའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། སྒྲལ་མི་རྟག་པ ་ཉིད་དང་སྣའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། དྲི་ལ་མི་རྟག་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་།། རོལ་མི་རྟག་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་སྟོང་པ ་དི་དང་། རེག་བྱལ་མི་རྟག་པ་ཉིད་དུང་རབ་ཏུ་ཤེས་སོ།། དེ་དེ་ལྟར་ཤེས་རབ་ལ་མཁས་པས། ཤིན་ཏུ་རྟོགས་པའི་ཤེས་རབ་དང་ལྡན་ཅིང་། ཤེས་རབ་རྡོ་བ་དང་ལྡན་ཏེ། མི་དག་པར ་ཆོས་རྣམས་ཀྱང་རབ་ཏུ་ཤེས། དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། རང་སསྤངས་རྒྱས་ཡང་དག་པར་འཐུབ་པ་རུ ་བྱེད་པའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།། དེ་མི ་དགེ་པའི་ཆོས་རྣམས་ཀྱིས་རྣམ་པར་སྨིན་པ་ཆུང་ངུ་དང་།། འབྲིང་དང་། ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་སུ་སྐྱེ་བའང་རབ་ཏུ་ཤེས་སོ།། དེར་སྐྱེས ་པ་རྣམས་ཀྱི་ཚོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོའང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལྷ་རྣམས་ཀྱི་ནང་དུ་འམ། མི་རྣམས་ཀྱི་ནང ་དུ་སྨིན་པའང་རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའང་རབ་ཏུ་ཤེས་སོ།། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྒྱུན ་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་དང་། ལན་ཅིག་ཕྱིར་བོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན ་དུ་བྱ་བའི་རྣམ་པརང་རབ་ཏུ་ཤེས་སོ།། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཉིད་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའང་རབ་ཏུ་ཤེས་སོ།། རང་སངས་རྒྱས་ཡང་དག་པར་འགྲུབ་པར ་བྱེད་པའི་ཆོས་རྣམས་ཀྱི་ཡང་དག་པར་འགྲུབ་པའང་རབ་ཏུ་ཤེས་སོ།། འབྲས་བུ་དང་ཞི་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། བྱང་ཆུབ་སེམས་དཔའ་ཡང་དག་པར ་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ཚོགས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།། ཡེ་ཤེས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ།། ཤེས་ནས་ཀྱང་ཚོགས་ཀྱི་ལམ་དང་ཡེ་ཤེས་ཀྱི་ལམ་ལ་བརྩོན་པར ་བྱེད་དོ།། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། མཐུ་ཆེ་བ་ཉིད་དང་ག་དམ་པ་ཉིད་དང་། རབ་མཆོག་ཉིད་དང ་ཕུལ་དུ་བྱུང་བ་ཉིད་དྲང་། ཆེ་བ་ཉིད་དང་གཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐུན་མོང་བའང་མ་ཡིན་ན། གཞན་སེམས་ཅན་ལྟ་སྨོས་ཀྱང་ཅི་དགྲོ། ་པའི་ཐུན་མོང་མ་ཡིན་པ་ཉིད་ཀྱང་རབ་ཏུ་ཤེས་སོ།། དེ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་།། དྲན་པ་ལེགས་པར་ཉེ་བར་གནས་ལ། སྡིག་པའི་ཆོས་ཐམས་ཅད་དང་ནི་བྲལ། དགེ་བའི ་ཆོས་ནི་ཡང་དག་པར་ཐོབ་པ་ལུས་ཀྱི་གནོད་པ་ནི་མེད།། རྣམ་པར་ཤེས་པ་སྲ་འཕངས་པ་ནི་མེད། སེམས་ཀྱིས་འཕངས་པ་ནི་མེད་ལ།། ཆོས་རྣམས་ཀྱི་རྒྱུའི་ཚོགས་དང་། འབྲས་བུ་ཡང་དག་པ ་ཇི་ལྟ་བ་བཞིན་དུ་ཤེས་པས།། དཔེར་ན་རྒྱ་མཚོའི་རླབས་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། ཇི་ལྟར་རྒྱ་མཚོའི་རླབས་འབྲི་ཞིང་། ཡང་འབྱུང་བ་ལྟར་བྱང་ཆུབ་སེམས ་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ།། དེ་དཔེར་ན་ཟླ་བའི་སེར་གྱི་ངོ་ཟླ་བུའི་དཀྱིལ་འཁོར་དང་འདྲ་བར།། དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་མར་གྱི་ངོལ ་ཟླ་བའི་དཀྱིལ་འཁོར་འབྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྷ་མ་ཡིན་ནོ།། དེ་དཔར་ན་དབྱར་གྱི་དུས་ཀྱི་ཕུ་ཆུ་བྲུག་པ་ལྟར། དགེ་བའི་ཆོས ་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་ཕུ་ཆུ་བྲུག་པ་དབྱར་གྱིས་དུས་ཟད་པ་འབྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ།། ཚངས་པ ་དེ་ལྟར་བསླབས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལུས་ཀྱི་སྐྱོན་རྣམས་རབ་ཤེས་ན། ལུས་ཡོད་སྐྱོན་རྣམས་མི་སྟེན་ཏོ།། ལུས་ལ་དྲན་པ་ལེགས་གནས་ན།། སྐྱོན་མེ་ཞི་བའི་གནས་འཐོབ་བོ།། ་ལུས་ཀྱི་སྐྱོན་རྣམས་མི་ཤེས་ན།། ལུས་ལ་ཡོད་པའི་སྐྱོན་མ་རྟོགས།། ལུས་ལ་དྲན་པ་མོ་གནས་ན།། སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ།། སེམས་ཀྱི་སྐྱོན་རྣམས་རབ་ཤེས་ན།། ་སེམས་ཡོད་སྐྱོན་རྣམས་མི་སྟེན་ཏོ།། སེམས་ལ་དྲན་པ་ལེགས་གནས་ན།། སྐྱོན་མེད་ཞི་བའི་གནས་པ་ཐོབ་བོ།། སེམས་ཀྱི་སྐྱོན་རྣམས་མི་ཤེས་ན།། སེམས་ལ་ཡོད་པའི་སྐྱོན་མི་རྟོགས།། ་སེམས་ལ་དྲན་པ་མི་གན་སྭ་ན།། སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ།། དགེ་བའི་ཆོས་རྣམས་སྟེན་བྱེད་ཅིང་།། མི་དགེ་ཆོས་རྣམས་མི་སྟེན་པ། ་ཆོས་རྣམས་ལ་ནི་མཁས་པའི་མི།། སྐྱོན་མེང་ཞི་བའི་གནས་འཐོབ་བོ།། དགེ་བའི་ཆོས་རྣམས་མི་ལྡན་ཅིང་།། མི་དགེའི་ཆོས་རྣམས་སྟེན་བྱེད་པ།། ཆོས་རྣམས་ལ་ནི་མི་མཁས་མི།། ་སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས།། ལྷའི་མེ་ཏོག་མནྡ་རབ་དུག་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ།། ་མངོན་པར་གཏོར་ནས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས ་ཀྱི་ཐད་ནས་སོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་ནངས་པར་མཁྱེན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདུན་བཤམས་པ་ལ་བཞུགས་སོ།། བཞུགས་ནས་བཅོམ་ལྡན ་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདངས་འདིར་མི་ཉལ་ཙམ་གྱི་གུང་ཐུན་ལང་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ན། མི་མཇེད་ཀྱི ་བདག་པོ་ཚངས་པས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ནས། ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས།། ང་ལ་མངོན་པར་བསྟོད་དེ། ལན་གསུམ་བསྐོར་བ་བྱས་ནས། ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། མི་མཇེད་ཀྱི་བདག་པོ་ཚངས་པས་ངལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ནུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ།། ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན་ག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ ་ཞིག་ཞུ་ལེགས་སོ།། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་ངས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར། ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེས་པ་ཚངས་པ་ཁྱོད་ཅི་འདོད་པ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས། དུས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས ་སྐབས་ཕྱེ་བས་མི་མཇེད་ཀྱི་བདག་པོ་ཚངས་པས། ང་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན།། མྱུར་དུ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། དུས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེས་གཅིག་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ་ཆོས་གཅིག་གང་ཞེ་ནུ། འདི་ལྟ་སྟེ། ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ།། དགེ་སློང་དག་ངས་མི་མཇེད་ཀྱི་བུ་དགྲ་པོ་ཚངས་པ་དེ་ལ་ལུས་ཀྱི་རྗེས་སུ་སོང་བའི ་དྲན་པའི་རྒྱུ་དང་།། ལས་དང་འབྲས་བུའང་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་ལེགས་སོ།། བཅོམ་ལྡན ་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བསྟན་པ་དེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་།། ལྷ་དང་མི་རྣམས་ཀྱི་དྲོན་དང་། སྨན་པ་དང་། བདེ་བར་བགྱི ་བའི་སླད་དུ་བཤད་དུ་གསོལ། དགེ་སློང་གསར་པ་གསར་པ་རྣམས་དང་།། ཆོས་འདུལ་བ་འདི་ལ་རབ་བྱུང་ནས།། རིང་པོ་མ་ལགས་ཤིང་མཆིས་ནས། རིང་པོ་མ་ལགས་པ་རྣམས་དང ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ན་དགའ་བ་དང་། དད་པ་ཐོབ་པར་འགྱུར། བསླབ་པུ་དེ་ལའང་སྦྱོར་བར་བརྩོན་པར་གནས་པར་འགྱུར ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་དུདེ། དགེ་སློང་དེ་དག་འང་བཤད་དོ།། དེ་ནས་བཅོམ་ལྡན་འདུས་ལ། ཆ་དང་ལྡན ་བཀུན་དགའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམལྡན་འདས་ལེགས་པར་བཀའ་སྩལ་ཏོ།། དང་བར་གཤེགས་པ་ལེགས་པར་བཀའ་སྩལ་ཏོ།། མི་མཛད་ཀྱི་བདག ་པ་མདོ་སྡེ་འདི་ལྔ་བུ་དགྲ་ཡོངས་སུ་ཞུ་བའི་སླད་དུ། བཅོམ་ལྡན་འདས་ཀྱི་ཐང་དུ་མཆིས་ནསྲ། ཞུས་པའང་ལགས་པར་སྦས་པ་ལེགས་སོ།། བཅོམ་ལྡན་འདས་མི་མཇེད་ཀྱི་བདག་པོ་ཚ ་པས་གལ་ཏེ་དགེ་བའི་རྩ་བ་གནན་མ་མཆིས་ན་འང་།། ཞུ་བ་ཞུས་པའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་དེ་ཁོ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིའི་མཐའ་དང་མུ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་རྔོ་ཐོགས ་པའི་སླད་དུའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་མཇེད་ཀྱི་བདག་པོ་ཚངས་པས་ཞུ་བ་འདི། སེམས་ཅན་ཐམས་ཅད་ཀྱི་སྤྱིའི་དོན་དུ་ཞུས་པའི་སླད་དུའོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ ་གྲངས་འདིའི་མིང་ཅི་ལགས། འོད་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་འདི་ཚུངས་པས་ཞུས་པ་ཞེས་བྱ་བར་ཟུང་ཞིག། དྲན་པ་ཉེ་བར ་གཞག་པའི་ཚུལ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། བག་ཡོད་པའི་ཚུལ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྔ་དང་། མི་དང ་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན ་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ཙྪ་བ་བན་དྷ་ཡ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་