CLOSE WINDOW

Ty033-002: 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

ལ་ཕབ་པ། @རྒྱ་གར་སྐད་དུ་ཨཱདྱ་སཱ་ག་རཱ་རཱ་ག་རཱ་ཛ་བ་རི་ཐཾད་ཙ་ནཱ་མ་མ་ཧཱ་ཡཱ་ན་སུ་ཏྲ་བོད་སྐད་དུ། འཕགས་པ ་ཀུའི་རྒྱལ་པོ་རྒྱ་མ་ཆོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ར། བྱ་རྒོད་ཀྱི་ཕུང་པོའི་རཱི་ལ། དགེ་སློང་བརྒྱ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས ་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་མངོན་པར་ཤེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་གཟུངས་དང་མ ་སྡེ་རྟོགས་པར་ཁོང་དུ་ཆུད་པ་སེམས་ཅན་ཐམས་ཅད་སྤོབས་པས་མགུ་བར་བྱེད་པ། མངོན་པར་ཤེས་པའི་ཡེ་ཤེས་སྟོན་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་པའི ་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་ལྡང་བ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་ལ། སྙན ་བར་བརྗོད་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་ཤེས་པ་ལ་མཁས་པ། བདུད་ཐམས་ཅད་སྐྲག་པར་བྱ་བ་ཤེས་པ་ལ་མཁས་པ། ཆོས་ཐམས་ཅད་ཇི་ལྟ ་བ་བཞིན་དུ་ཤེས་པ་ལ་མཁས་པ་སེམས་ཅད་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ ་པ་ཤེས་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི་མཆོད་པའི་ལས་ཡང་དག་པར་བསྒྲུབ་པའི་ཤེས་པ་ལ་མཁས་པ། འཇིག་རྟེན་གྱི་ཆོས་ཐམས་ཅད ་ཀྱིས་མ་གོས་པ་ལུས་དང་། ངགྲ་དང་། སེམས་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སྤྲོ་བའི་གོ་ཆ་བགོས་པ། བསྐལ་པ་གྲང་མེད་པར ་བརྩོན་འགྲུས་ཆེན་པོས་ཡིད་ཡོངས་སུ་མི་སྐྱོ་བ། སེང་གེའི་སྒྲ་ཆེན་པོ་བསྒྲགས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་ཕྱག ་རྒྱས་བཏབ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་དབང་བསྐུར་བ་ཐོབ་པ་ཁྲི་ཉིས་སྟོང་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་དང་། རི་རབ ་དང་། ལྷུན་པོ་ཆེན་པོ་དང་། ལྷུན་པོ་ཆེན་པོ་རྩེ་འཛིན་དང་། ལྷུན་པོ་མར་མེའི་རྒྱལ་པོ་དང་། ལྷུན་པོ་བརྩེགས་དང་། ལྷུན་པོའི་རྒྱལ་མཚན་དང་། ལྷུན་པོའི་རྒྱལ་པོ་དང་། ་ལྡན་པོའི་རྩེ་མོ་རྡོབ་པའི་རྒྱལ་པོ་དང་། འཇུག་སྒྲ་དང་། ཛ་སྲ་དང་། རིན་རྟེན་འབྱུང་གནས་དང་། རིན་ཆེན་ཏོག་དང་། རིན་ཆེན་རྩེ་མོ་དང་། རིན་ཆེན་དཔལ་དང་། རིན་ཆེན ་འབྱུང་དང་། རིན་ཆེན་འོད་དང་། རིན་ཆེན་ཁར་བ་ཅན་དང་། རིན་ཆེན་རྩེ་མོ་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། རིན་ཆེན་དྲ་བ་དང་། རིན་ཆེན་བཀོད་པ་དང་། རིན་ཆེན་འོད་འགྲོ། ་དང་། རིན་ཆེན་གླིང་དང་། རིན་ཆེན་སྒྲོན་མ་དང་། ལག་ན་རིན་ཆེན་དང་། དགའ་བྱེད་དང་། ཆོས་ལ་དགའ་བ་བཀོད་པ་དང་། བཀོད་པའི་རྒྱལ་པོ་དང་། མཚན་གྱིས་ཡང་དག་པར་བརྒྱན ་པ་དང་། ཚིག་བཀོད་པའི་འོད་དང་། ཚིག་རྣམ་པར་དག་པའི་འོད་དང་། གཙུག་ན་རིན་པོ་ཆེ་དང་། ལྷ་བརྩེགས་དང་། རིན་ཆེན་བརྩེགས་དང་། འོད་གཟེར་སྟོང་ལྡན་དང་། མེ་ལྕེ ་དང་། སྐར་མ་ལ་དགའ་བ་དང་། ཟླ་འོད་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གསེར་བཟངས་རྣམ་དགེ་འོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྟག་ཏུ་རྒྱུན་མི་འཆད་པར་མི་འཇིགས་པ་སྦྱིན་པ་དང་། བྱམས་པ་ལ་སོགས་པ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། འཇམ་དཔལ་ལ་སོགས ་པ་སེམས་དཔའ་དཔེ་མེད་དྲུག་ཅུ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། ལྷའི་དབང་པོ་བརྒྱ ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་རབ་འཐབ་བྲལ་ལ་སོགས་པ་འཐབ་བྲལ་བའི་ལྷ་རྣམས་དང་། ལྔའི་རྒྱལ་པོ་ཡོངས་སུ་དགའ་ལྡན་ལ་སོགས་པ ་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལ་སོགས་པ་འཕྲུལ་དགའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་བྱེད་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ ་རྣམས་དང་། ལྷའི་བུ་དེད་དཔོན་ལ་སོགས་པ་བདུད་ཀྱི་རིས་ཀྱི་ལྷའི་བུ་དཀར་པོའི་ཕྱོགས་ཐམས་ཅད་དང་། རབ་ཚངས་པ་ལ་སོགས་པ་ཚངས་པའི་འདུན་ན་འདོན་པའོ།། ་ལྔ་རྣམས་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་ཚངས་ཆེན་གྱི་རིས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འོད་གསལ་ལ་སོགས་པ་འོད་གསལ་གྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དགེ ་རྒྱས་ལ་སོགས་པ་དགེ་རྒྱས་ཀྱི་ལྷ་རྣམས་དང་། ལྷའི་རྒྱལ་པོ་འབྲས་བུ་ཆེ་ལ་སོགས་པ་འབྲས་བུ་ཆེ་བའི་ལྷ་རྣམས་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི ་ལྷའི་བུ་རྣམས་དང་། ལྷའི་རྒྱལ་པོ་དྲི་མེད་འོད་ལ་སོགས་པ་འོག་མིན་གྱི་ལྷའི་བུ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ་ལྷ་མི་ཡིན་གྱི་དབང་པོ་དྲུག་ཁྲི་དང་། མི་འམ་ཙའི་རྒྱ ་པོ་ལྗོན་པ་ལ་སོགས་པ་མི་འམ་ཅི་བཞི་ཁྲི་ཅིས་སྟོང་དང་། དྲི་ཟའི་རྒྱལ་པོ་ཕྲེང་བ་ཐོགས་པ་ལ་སོགས་པ་དྲི་ཟ་སུམ་ཁྲི་ཉིས་སྟོང་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ལ་སོགས་པ་ཀླུའི་རྒྱལ་པོ། ་བདུན་ཁྲི་ཉིས་སྟོང་དང་། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་སྟོང་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ ་ལྡིང་དང་། མི་འམ་ཅི་དང་། ལོ་ཕྱེ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སོང་དག་དང་ཐབས་ཅིག་ཏུ་བཞུགས་སོ། དེ་ནས་བཅོམ་ལྡན་འདས་འཁོར་སྟོང་བྲས་དུམས ་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་། ལྷ་ཐམས་ཅད་ཀྵི་བཀོད་པས་ལེགས་པར་བརྒྱན་པའི་སེང་ཀེ་འི་ཁྲི་ལ། དྲིའི་རྒྱལ་པོའི་རི་རབ་རྒྱ་མཚོའི་ནང་ནས་རྗེན་ཏུ་འཕགས ་པ་བཞིན་དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་རྩ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་། ལྷམ་མེ་ལྡན་ན། ལྟུང ་ཞིང་བཞུགས་སོ།། དེ་ནས་དེ་ལྟར་འདུས་པའི་འཁོར་གྱི་ནང་ན། དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་གདུགས་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང ་ལྡན་ཞིང་། རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ། རིན་པོ་ཆེའི་གདུགས་དེས་ཐམས་ཅད་དང་ལྡན་པའི་གླིང་བཞི་པ་ཆེན་པོའི་འཇིག་རྟེན་འདི་ཀུན་ཏུ་ཁེབས་པར་གྱུར་ཏོ།། ་རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་ཁ་དོག་དུ་མའི་རྒྱན་འཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ། མུ་ཏིག་དཀར་པོ་དང་། མུ་ཏིག་དམར་པོ་དང་། མུ་ཏིག་དྲི་མ་མེད་པ་དང་། གསར་ལྟ ་བུའི་མུ་ཏིགཱ་དང་། ཟླ་བ་ལྟ་བུའི་མུ་ཏིག་དང་། པདྨ་ལྟ་བུའི་མུ་ཏིག་དང་། ནམ་མཁའ་ལྟ་བུའི་མདོག་ཅན་གྱི་མུ་ཏིག་རྣམས་འཕྱང་ངོ་།། མུ་ཏིག་གི་རྒྱན་འཕྲེང་དེ་དག་ལས་ཀྱང་འོད་གཟེར་དག་ཀྱང ་བྱུང་ངོ་།། འོད་གཟེར་དེ་དག་ལས་ཀྱང་། མེ་ཏོག་ཁ་དོག་སྣ་ཚོགས་པ། ཁ་དོག་འབུམ་ཕྲག་དུ་མ། དྲི་ཞིམ་པ། བལྟ་ན་སྡུག་པ། ཡིད་དུ་འོང་བ་དག་གི་ཆར་མངོན་པར་བབ་བོ།། མེ། ་ཏོག་དེ་དག་གིས་ཀྱང་འཁོར་གྱི་ཁྱམས་ཐམས་ཅད་པུས་མོ་ཆུབ་པ་ཙམ་དུ་གང་བར་གྱུར་ཏོ།། བར་སྣང་ལ་ཡང་འབྲུག་སྒྲ་ཆེན་པོ་གྲགས་པར་གྱུར་ཏོ།། ཨ་ག་རུ་དང་ཙན་དར། ་གྱི་ཕྱེ་མ་དག་དང་། ཙན་དན་དུས་ཀྱི་རྗེས་སུ་འབྲང་བའི་ཕྱེ་མ་དག་གི་ཆར་ཡང་བབ་བོ།། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་སྟན་ལས ་ལངས་ནས། བྷཱ་གོས་ཕྲག་པ་གཅིག་ཏུ་བཟར་ཏེ། པུས་མོ་ཡས་པའི་ལྷུ་ང་ས་ལ་བརྨུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པའི་ཆོ་འཕྲུལ་འདི་ལྟ་བུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས ་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་འདི་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་དེ་བཞིན་གཤེགས་པ་ལ་ལྟར་འོང་བ་དེའི་སྔ་ལྟས་ཡིན་ནོ།། བཅོམ ་ལྡན་འདས་ཀྱིས་ཚིག་དེ་སྐད་ཅེས་བཀའ་སྩལ་ནས། རིང་པོ་མ་ལོན་པར་ཀླུའི་རྒྱལ་པོ་རྒྱ་མཚོས་ཀླུ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་དང་། ཀླུའི་བུ་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་ཅིང་མདུ ་དུ་བདར་།། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། བྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅ ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། ཀླུ་དབྱངས་བརྒྱ་སྟོང་དག་ལེན་ཅིང་། བཅོམ་ལྡན་འདས་གལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོ་ཕྱག་འཚལ། ་ཏེ། ཇི་ལྟར་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ ་དང་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཙུན་མོའི་འཁོར་དང་བཅས་པ་དང་། གཉེན་འདབ་ཀྱི་འཁོར ་དང་བཅས་པས། དེའི་ཚེ་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། འཇིག་རྟེན་དག་ན་འཇིག་རྟེན་ཕན་པར་བཞེད་པ་འཇིག་རྟེན་གྱིས ་མཆོད་འཇིག་རྟེན་མིག་སྦྱིན་པ།། འཇིག་རྟེན་དུ་སྐྱེས་འཇིག་རྟེན་དྲི་མ་རྣམས་ཀྱིས་མ་གོས་པདྨ་ཆུས་མི་ཆགས་པ་བཞིན།། འཇིག་རྟེན་སྣ་བ་རྣམ་པར་གཟིགས་པ་སྤྱན་གསུམ་མངའ་བ་འཇིག ་རྟེན་བདེ་བ་སྦྱིན་མཛད་པ།། འཇིག་རྟེན་ཉི་མ་རྐྱེན་ལ་མཁས་པ་འཇིག་རྟེན་གཙོ་བོ་ཁྱོད་ལ་དི་རིང་བདག་ཕྱག་འཚལ།། དུལ་ཞིང་དུལ་བས་ཡོངས་བསྐོར་སྟོབས་བཅུ་མངའ་བ་སྦྱིན་པ་རྣམས ་དང་དུལ་བ་རྣམས་ཀྱིས་འཕགས། འདྲེན་པ་ཉོན་མོངས་རྡུལ་དང་མུན་པ་དང་ནི་དྲི་མ་ཐ་བ་བསྲེགས་ཤིང་མྱུ་གུ་བསྲེགས།། སྙིང་རྗེས་ནོར་གྱི་གཙོ་བོ་བདུན་པོ་སྦྱིན་པར་མཛད་ཅིང་སེམས། ་རྣམས་ལ་བྱམས་པས་འཕགས།། བསོད་ནམས་ཞིང་སྟེ་འཇིག་རྟེན་རྩཝ་ལག་བརྟན་པོ་ཁྱོད་ལ་བདག་རི་མག་བོས་ཕྱག་འཚལ་ལོ།། ཁྱོད་ཀྱི་ཞལ་གྱི་སྤྲིར་མཚམས ་མཛོད་སྤུ་འབར་བ་མེ་ཏོག་ཀུན་ད་ཟླ་བ་དུང་མདོག་འདྲ།། འདི་ན་ཚངས་པའི་གནས་ན་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་སྤྱི་གཙུག་མཐོང་མི་འགྱུར།། ཟླ་བ་ལྟ་བུའི་ཞལ་ནས་བྱུང་རྨེད་བྱུང ་འོད་ཀྱིས་འགྲོ་བ་མ་ལུས་སྣང་བར་མཛད།། དེ་ཡིས་རེག་པར་གྱུར་པའི་དབང་གིས་མཚམས་མེད་སེམས་ཅན་རྣམས་ཀྱང་བདེ་བ་ཉིད་དུ་འགྱུར།། ཁྱོད་ཀྱི་གསུང་ནི་ཤིན་ཏུ་ཡིད་འོང་ཚིག་སྟེ་ཟླ ་པ་བཞིན་དུ་ཡིད་ཀྱང་ཚིམ་པར་བགྱིད།། ལྷ་དང་མི་ཡཾ་སྒྲ་སྐད་ཟིལ་གྱིས་གནོན་ཅིང་གཅིག་ཏུ་ངེས་པར་དག་ལ་གཙང་བ་སྟེ།། འདོད་ཆགས་ཞེ་སྡང་མུན་པ་རྡུལ་རྣམས་རབ་ཏུ་ཞི་བར་བགྱིད་ཅིང་ཤེས། ་རབགས་པ་པར་བགྱིད།། དགའ་དང་མགུ་བགྱི་བདེ་བ་ཤིན་ཏུ་སྐྱེད་པར་བགྱིད་ཅི་ཐར་པ་ཡང་དག་སྟོན་པ་ལགས།། ཁྱོད་ཀྱི་ཡེ་ཤེས་དུས་གསུམ་གཏོགས་པ་ཐོགས་པ་མ་མཆིས་ཀར་ཡང་ཆགས ་པ་མ་མཆིས་ཏེ། ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་སྤྱོད་པོ་ཆུང་དང་འབྲིང་དང་དམ་པ་མ་ལུས་ཐུགས་སུ་ཆུད།། གང་དག་གི་ནི་དབང་པོ་བསམ་པ་དག་དང་འགྲོ་དང་ཐར་པ་ཐ་དད་ཅི་འདྲ་བ། ་ཐམས་ཅད་ཁྱོད་ཀྱིས་སྐད་ཅིག་ཙམ་གྱིས་ཐུགས་སུ་ཆུད་པས་དགེ་སློང་ཁྱོད་ལ་ཕྱག་འཚལ་ལོ།། རྫོགས་པའི་བྱང་ཆུབ་ཤིང་རྒྱལ་དྲུང་དུ་གླགས་ལྷའི་ཕྱིར་བརྩོན་བདུད་རྣམས་བྱེ་བ་བརྒྱ་ཕྲག་སྙེད། ་ཁྱོད་ཀྱི་ཐད་དུ་ལྤགས་པར་གྱུར་ཀྱང་གནས་ལས་མ་གཡོས་ཐུགས་བརྩེར་ལྡན་པའི་ཐོ་མངའ་བ། མངའ་བདག་ཁྱོད་ཀྱིས་བདེན་དང་བརྟུལ་ཞུགས་དཔལ་དང་ཡོན་ཏན་རྣམས་དང་བྱམས་པས་ཕམ ་པར་མཛད།། དེ་སླད་མི་རྣམས་སུ་ཞིག་དེང་འདིར་ཁྱོད་ལ་མཆོད་པའི་སླད་དུ་ཁྱོད་ལ་ངོམས་པར་འཛིན།། མངའ་བདག་ཁྱོད་ཀྱིས་ཆོས་རྣམས་བྱེད་པ་མེད་དང་ཡ་མ་བརླ་དང་ཟླ་བ་འདྲ་བ་དང ་དབུ་བ་གློག་སྤྲིན་ཆུ་ཡི་ཆུ་བུར་འདྲ་ཞིང་སྒྱུ་མ་སྨིག་རྒྱུ་ལྟ་བུར་ཐུགས་སུ་ཆུད།། གང་ལ་རྒྱུ་མེད་རྟོག་པ་མི་འབྱུང་ཁྱོད་ཀྱི་ཆོས་དེ་དག་ནི་རྟག་ཏུ་བདག་མེད་དེ།། དེ་ལྟར་འགྲོ་བའི་འདོད་པ་ལྔ་སྐྱེད་མཛད ་པས་མངའ་བདག་ཁྱོད་ནི་ཐར་པ་ལགས་པར་འོས།། གང་གི་དོན་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་དཀའ་བ་རྣམས་ནི་བསྟན་པ་དང་།། གང་གི་དོན་ཏུ་རྟག་ཏུ་འགྲོ་ལ་ཕན་མཛད་འདྲེན་པ་རྣམས་ལ ་མཆོད་པ་མཛད་པ་དང་།། གང་གི་དོན་ཏུ་སྦྱིན་དང་ཡང་དག་སྡོམ་དང་དུལ་དང་བཟོད་པ་རྟག་ཏུ་བསྟེན་པ་ཡི།། རྣམ་འདྲེན་ཁྱོད་ཀྱི་སྤོར་ལམ་ཆེན་པོ་ཤིན་ཏུ་རྨད་དུ་བྱུང་བ་དེ་ནི་རྫོགས་པར་གྱུར། ་དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ ་ཞུས་ན་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ ་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྭའི་རྒྱལ་པོ་རྒྱ་མཚོལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྭའི་བདག་པོ་ཁྱོད། ་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལུང་བསྟར ་པའི་སྐབས་ཕྱེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང ་དག་པར་ཆད་པ་དང་། མི་ཁོམ་པ་བརྒྱད་ལས་འདས་པ་དང་། ལྷ་དང་མིའི་སྐྱེ་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྫུན་མི་འཆད་པར ་སངས་རྒྱས་མཐོང་བ་ཐོབ་པ་དང་། དགེ་བའི་བཤེས་གཱ་ཅན་དང་བྱུང་བ་དང་འཚང་བའི་ཡུལུ་དུ་གནས་འཐོབ་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས། ་དཔའ་རྣམས་དད་པ་དང་དང་བའི་ཤས་ཆེ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པ ་ལགས་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་དང་། ཆོས་འཚལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ་ཐོས་པ་ཚལ་བས་ཆོག་མ་འཆལ་བ་དང་། ཐོས་པ་བསྒྲུབ་པས་མངོན་པར་འཕགས་པ་ལགས། བཅོམ་ལྡན་འདས་ཇི་ལྟརན་བྱང་ཆུབ་སེམས་དཔའ་རམ་རབ་ཏུ་འབྱུང་བ་ལ་མོས་པ ་དང་ནགས་དང་ནགས་པ་དབ་ན་ཆུབ་དང་། འཕགས་པའི་རིགས་དང་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྲུངས་པ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བའི་དོན་ཏན་རྣམས་ཡོངས་སུ ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཇི་ལར་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། ཆད་པ་དང་རྟག་པར་ལྟ་བ་ཡོངས་སུ་སངས་པ ་དང་རྒྱུ་དང་རྐྱེན་གྱི་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་བྲལ་བ་ལགས་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི ་ཡེ་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེ་བ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ལགས་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི ་སྤྱོད་པ་དང་བསམ་པ་དང་། ཆོ་ག་འཚལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང་གཟུང་བ་དང་། ་ཀློག་པ་དང་བརྡ་སྤྲོད་པ་ལ་མཁས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཕྱིར་རྒོལ་བ་བཅོམ་པ་དང་། སྐྲག་པ་དང ་འཇིགས་པ་ཐམས་ཅད་དང་བྲལ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི ་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་དང་། བཟོད་པ་ཐོབ་པ་དང་། ལུང་བསྟན་པོ་ཐོབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ལེགས་སོ་ལེགས་སོ།། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་དྲི་བར་སེམས་པ་ནི་ཀླུའི་བདག་པོ་ཁྱོད་ལེགས་སོ།། ་ཀྭའི་བདག་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡོད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡནར་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས ་ངར་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་དང ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་ཐམས་ཅད་སྲུང་བ་དང་། གཞན་གྱི་ཉེས་པ་མི་གླེང་ཞིང་བརྟད་པར་མི་བྱེད་པ་དང་། བདག་གི་འཁྲུལ་པ་ལ་རྟོག་པར་བྱེད ་གཞན་གྱི་འཁྲུལ་པ་ལ་མ་རྟོག་ས་ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་པར ་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མི་ལོམ་པ་ཐམས་ཅད་སྤོང་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག ་གསུམ་པོ་འདི་ལྟ་སྷོ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གི་བསྔགས་པ་རྒྱུན་ཏུ་བརྗོད་པ་དང་། ཆོས་འདོད་པ་རྣམས ་གཡེངས་པར་མི་བྱེད་པ་དང་། གཞན་དག་གི་འགྱོད་པ་མི་སྐྱེད་པ་དང་། སེམས་ཅན་འགྱོད་ཅིང་འདུག་པ་རྣམས་ཀྱི་འགྱོད་པ་སེལ་བ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན ་ནབྱང་ཆུབ་སེམས་དཔའ་རྣམས་མི་ཁོམ་པ་ཐམས་ཅད་སྤོང་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྔ་དང་མིའི་སྐྱེ་བར་འགྲོ་བར ་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་ཞིང་གཞན་དག་ལ་ཡང་སྒྲོགས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་གཏོང་ཞིང་ཉམས་པར། ་མི་བྱེད་པ་དང་། སྨོན་ལམ་ལ་བསམ་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྔ་དང་མིའི་སྐྱེ་བར་འགྲོ་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ནུ། བྱང་ཆུབ་སེམས་དཔའ་རྣམས ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲར་པ་ཡིད་ལ་བྱེད་པ་དང་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང་། ་མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པའི་བསྔགས་པ་རྒྱུན་ཏུ་བརྗོད་པ་དང་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། དེ་བཞིན་གཤེགས་པ་བལྟ་བ་ལ ་སེམས་ཅན་རྣམས་ཡང་དག་པར་འཛུད་པ་དང་། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པ་བཞུགས་པ་ཐོས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་རྒྱུ་དེ་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་འདོད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་རོ།། ་ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྒྱུ ་མེད་པ་དང་། གཡོ་མེད་པར་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གཅེས་པ་དང་། གུས་པ་དང་རི་མོ་བྱེད་པ་དང་། དཀའ་བློ་བདེ་ཞིང་གསོ་སླ་ལ་ངེས་པ་དང་། ང་རྒྱལ་མེད་ཅིང ་སྲི་འུ་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གརྟེན་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས། ་དཔའ་རྣམས་འཚམ་པོའི་ཡུལ་དུ་གནས་པ་ཐོབ་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། མི་བརླང་ཞིང་གྱ་གྱུ་མེད་པའི་སེམས་དང་ལྡན་པ་དང་ཟག་དོག་དང་། སེར ་བསལ་བ་དང་། གཞན་དག་གི་རྙེད་པ་དང་བཀུར་སྟི་དང་བདེ་བར་སྦྱར་བ་ལ་དགའ་བ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ར་བྱང་ཆུབ་སེམས་དཔའ ་རྣམས་འཚམ་པའི་ཡུལ་དུ་གནས་པ་ཐོབ་པར་འགྱུར་རོ།། ཀྭའི་བདག་པོ་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་ཏེ། ལྔ་པོ་གང་ཞེན། འདི ་ལྟ་སྟེ། མོས་པའི་སྟོབས་དང་། བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྟོབས ་དང་། ཆོས་ཉིད་ལ་རྟོན་པའི་སྟོབས་ཏེ་ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམ་དད་པ་དང་ལྡན་པར་འགྱུར་རོ།། ཀླུའི་བདག་པོ་ཆོས ་གཉིས་དང་ལྡན་ན། དགའ་བའི་ཤས་ཆེ་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུའི་སྟོབས་དང་། ཡང་དག་པར་སྦྱོར་བའི་སྟོབས་ཏེ། ་ཀུའི་བདག་པོ་ཆོས་དེ་གཉིས་ཝ་ར་བྱང་ཆུབ་སེམས་དཔའ་རྣམས་དགའ་བའི་ཤས་ཆེ་བར་འགྱུར་རོ།། ཀླུའི་བདག་པོ་ཆོས་གསུམ་དང ་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་ཏེ། གསུམ་པོ་གང་ཞེ་ན་འདི་ལྟ་སྟེ། བདག་མེད་པ་ལ ་མོས་པ་དང་། བཟོད་པའི་སྟོབས་དང་ཡང་དག་པའི་ལས་ལེགས་པར་རྩོམ་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་ལྗོན་པར་འགྱུར་རོ།། !། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མི་དགེ་པའི་ཆོས་ཐམས ་ཅད་སྤངས་ནས། དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་གསུམ་གྱི་ཡོངས་སུ་བསྔོ་བ་དང་ལྡན་པ ་དང་བག་ཡོད་པར་གནས་པ་སྟེ། དེ་གཉིས་སོ།། གཞན་ཡང་གཉིས་ཏེ། འདི་ལྟ་སྟེ། དགེ་བའི་རང་བཞིན་དུ་གྱུར་པ་དང་། རྣམ་པར་སྨིན་པ་ལ་མི ་རེ་བ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་དགེ་བའི་ཆོས་ཐམས་ཅད་ཀྱིས་འབོག ་པར་འགྱུར། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དོན ་དུ་གཉེར་བ་མ་ཡིན་པ་དང་། སྒྲ་དོན་དུ་གཉེར་བ་མ་ཡིན་པ་དང་། དྲི་དོན་དུ་གཅེར་བ་མ་ཡིན་པ་དང་། རོ་དོན་དུ་གཅེར་བ་མ་ཡིན་དང་རེག་བྱ་དོན་དུ་གཅེར་བྱ་མ་ཡིན་པ་ས། ་ལྔ་པོ་ནི་དེ་དག་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ ་ཆོས་དོན་དུ་གཅེར་བ་ཡིན་གྱི། ལུས་དྲོན་དུ་གཉེར་བ་མ་ཡིན་པ་དང་། ཡོན་ཏར་དོར་དུ་གཉེར་བ་ཡིན་གྱི། སྲོག་དོན་དུ་གཉེར་བ་མ་ཡིན་པ་དང་། ཤེས་རབ་དོན་དུ་གཉེར་བ ་ཡིན་གྱི། རེག་པ་དོན་དུ་གཉེར་བ་མ་ཡིན་པ་དང་། དགེ་བ་དོན་དུ་གཉེར་བ་ཡིན་གྱི། ཚོར་བ་དོན་དུ་གཉེར་བ་མ་ཡིན་པ་དང་སེམས་ཅན་ཡོངས་སུ་བསྐྱབ་པ་དོན་དུ་གཉེར་བ་ཡིན ་གྱི་བདག་གི་བདེ་བ་དོན་དུ་གཉེར་བ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་ཡིན་ནོ།། ཀླུའི་བདག་པོ་ཆོས ་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ཏེ། དྲུག་པོ་གང་ཞེ་ན། འདི་ལྟ་སྟེ། རབ་ཏུ་བྱུང་བའི་ཡོན་ཏན་འདོད་ཀྱི། གོས་ཚོན་ཅན་གྱི་རྟགས་འཛིན ་པ་ཙམ་འདོད་པ་མ་ཡིན་པ་དང་། ཆོས་ཉན་པ་འདོད་ཀྱི། འཇིག་རྟེན་རྒྱང་འབེར་བའི་གསང་ཚིག་ཉན་འདོད་པ་མ་ཡིན་པ་དང་། ཆོས་བསྟར་པ་འདོད་ཀྱི། འཇིག ་རྟེན་གྱི་ཟང་ཟིང་འདོད་པ་མ་ཡིན་པ་དང་། ཆོས་ལ་སོ་སོར་རྟོག་པ་འདོད་ཀྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འདོད་པ་མ་ཡིན་པ་དང་། ཆོས་སྒྲུབ་པ་འདོད་ཀྱི། ཡི་གེ་དང་། ངེས་པའི་ཚིག ་དང་བརྡ་ཡོངས་སུ་ཚོལ་བ་འདོད་པ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ཉན་པ་འདོད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་འདོད་པ་མ་ཡིན་པ་སྟེ། ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང ་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་འདོད་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ཏེ། ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་གཏམ་ལ་དགའི་ཐེག་པ་དམན་པའི་གཏམ་ལ་མ་ཡིན་པ་དང་། བསྡུ་བའི་དངོས་པོའི་གཏམ་ལ་དགའི་ཕྱིན་ཅི་ལོག་གི་གཏམ། ་ལ་མ་ཡིན་པ་དང་། ཆོས་ཀྱི་ལུགས་ཀྱི་གཏམ་ལ་དགའི་འཇིག་རྟེན་རྒྱང་འཕེན་པའི་གཏམ་ལ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་གཏམ་ལ་དགའི་འཁོར་བ་བཅད་པའི ་གཞམ་ལ་མ་ཡིན་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བའི་ཆེན་ཅིང་འབྲེལ་བར་འབྱུང་བའི་གཏམ་ལ་དགའི་བདག་ཏུས་པ་འཛིན་པའི་གཏམ་ལ་མ་ཡིན་པ་དང་ཆོས་བདག་མང་བའི ་རང་བཞིན་དང་རྐྱེན་རྣམ་པར་དག་པའི་གཏམལ་དཀའ། ཆད་པ་དང་། རྟག་པ་དང་། བདག་དང་སེམས་ཅན་དང་། ཐོག་དུང་སྐྱེས་དུ་དང་གང་ཟག་ཏུ། ་འཛིན་པའི་གཏམ་ལ་མ་ཡིན་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་ཡང་དག་པ་ཇི་ལྟ་བ་ལ་དགའི་དམིགས་པར་ལྟོ་བའི་གཏམ་ལ་མ་ཡིན་པ ་དང་། རབ་ཏུ་བྱུང་བ་ལ་དམིགས་པ་དང་། སངས་རྒྱས་ཞིང་གི་རྒྱན་བཀོད་པའི་གཏམ་ལ་དགའི་ཞི་བ་ལ་བཏང་སྙོམས་སུ་བྱེད་པའི་གཏམ་ལ་མ་ཡིན་པ་སྟེ། ཀླུའི ་བདག་པོ་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་ཡིན་ནོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི། དོན ་གྱི་དབང་རྣམ་པ་ལྔ་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་ལས་ཤེས་རབ་འབྱུང་བར་ཡང་དག ་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་འགྱོད་པ་དང་། ཐེ་ཙོམ་མེད་པར་འགྱུར་པར་ཡང་དག་པར་མཐོང་བའི ་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྟོག་པར་འགྱུར་བར་ཡང་དག་པར་མཐོང་བའི ་ར། ཐོས་པ་ཡོངས་སུ་ཚུལ་བན་ཆོག་མི་ཤེས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་སེམས་ཅད་ཐམས་ཅད་ཡོན་མོངས་པ་སྣང་བའི་བྱ ་ར་མོངས་པ་སྤོང་བར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར་ཐོས་པ་ཡོངས་སུ་ཚོལ་བ་མཆོག་མི་ཤེས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཐོས་པས་མི་འཇིགས་པར་འགྱུར ་ལ། མི་འཇིགས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཆད་པར་འགྱུར་བར་ཡང་དག་པར་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བ་ན་ཆོག་མི་ཤེས་པ་སྟེ། ལྔ་པོ་དེ་དག་བློ ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་གྱི་དབང་རྣམ་པ་གཉིས་མཐོང་བའི་ཕྱིར། ཐོས་པ་ཡོངས་སུ་ཚོལ་བར་ཆོ་ག་མི་ཤེས་ཏེ། གཉིས་གང་ཞེ་ན། ལེགས་པའི ་ཡང་དག་པའི་ལྟ་བ་སྐྱེ་བ་དང་། ཆགས་པ་མེད་པའི་གཟུངས་ཐོབ་པ་སྟེ། དེ་གཉིས་སོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམ་ཐོས་པ ་བསྒྲུབ་པས་མངོན་པོར་འཕགས་པས་འགྱུར་ཏེ། བཅུ་གང་ཞེ་ན། རྙེད་པ་དང་། བཀུར་སྟི་རྣམས་ལ་འདོད་པ་ཉུང་ཞིང་ཆོག་ཤེས་པ་དང་། ཡོངས་སུ་ཚོལ་བ་རྣམས་ལ་ལུས ་དང་སྲོག་ལ་མི་ལྟ་བ་དང་། སྤྱོད་ལམ་རྣམས་ལ་དྲན་པ་དང་། ཤེས་བཞིན་དང་ཇི་སྐད་ཐོས་པ་ལ་ཤས་ཆེར་ཡོངས་སུ་རྟོག་པ་དང་འདུ་འཛི་མེད་པས་བྱ་བ་ཉུང་བ་དང་། ་སྦྱོར་བ་ལ་བཅོམ་པའི་བརྩོན་འགྲུས་ཀྱིས་ནམ་གྱི་ཆ་བསྟོད་དང་ནམ་གྱི་རྒྱུ་སྨད་ལ་མི་ཉལ་བ་དང་། བླ་མལ་གུས་པ་དང་། རི་མོ་བྱེད་པ་དང་། ངོ་ཚ་ཤེས་པ་དང་། རྡེག ་ཡོད་པ་ཕུན་སུམ་ཚོགས་པས་དགེ་བའི་བཤེས་གཉེན་ལ་བསྟན་པ་དང་སྙིང་རྗེ་ཆེན་པོས་སེམས་ཅན་ལ་བལྟ་བ་དང་། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཕགས་པའི ་སྐྱེ་བོ་ལ་རིམ་གྲོ་བྱེད་པ་དང་། ཤེས་པས་ལྷ་དང་བཅས་པའི་འཇིག་རྟེན་ཡོངས་སུ་བསྐྱབ་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཐོས་པ་སྒྲུབ་པས་མངོན་པར ་འཕགས་པར་འགྱུར་རོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཕན་ཡོན་རྣམ་པ་ལྔ་པོ་འདི་དག་ཡང་དག་པར་མཐོང་ནས། རབ་ཏུ་འབྱུང་བ་ལ་མོས་པར་འགྱུར་ཏེ། ལྔ་གང་ཞེ་ན། བདག ་གི་ས་ལས་བྱས་པ་ཆུད་ཟ་བར་མི་འགྱུར་བ་དང་། བདག་གིས་བྱས་པའི་བག་ཆགས་ཀྱིས་བསྒོ་བར་འགྱུར་བ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལས་བདག་གི་སེམས་གཏོང་བར་འགྱུར། ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་སྨད་པར་མི་འགྱུར་བ་དང་བདག་གྲོལ་ཟིན་ནས་ཀྱང་ཉོན་མོངས་པའི་བཅིང་བ་རྣམས་ཀྱིས་བཅིངས་པའི་སེམས་ཅན་རྣམས ་འཆིང་བ་དེ་ལས་རབ་ཏུ་ཐར་པར་བྱ་བའི་ཕྱིར་ཆོས་སྟོན་པར་འགྱུར་རོ་སྙམ་པ་སྟེ། ལྔ་པོ་དེ་དག་གོ།། གཞན་ཡང་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན་རབ་ཏུ་བྱུང་བ་ནི་ཚུལ ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང་འཐུན་པ་ཡིན་ནོ།། རབ་ཏུ་འབྱུང་བ་ནི་ཐོས་པ་ཉུང་བའི་སེམས་ཅན་ཡོངས་སུ། ་སྨིན་པར་བྱ་བའི་ཕྱིར། ཐོས་པ་དང་འཐུན་པ་ཡིན་ནོ།། རབ་ཏུ་འབྱུང་བ་ནི་སེམས་རྣམ་པར་གཡེང་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར།། ཏིང་ངེ་འཛིན་དང་འཐུན་པ་ཡིན་ནོ།། ་རབ་ཏུ་འབྱུང་བ་ནི་ཤེས་རབ་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཤེས་རབ་དང་འཐུན་པ་ཡིན་ནོ།། རབ་ཏུ་འབྱུང་བ་ནི་མྱ་ངན་ལས་འདས་པའི་བདེ་བའི་ལམ་ལ་སེམས ་ཅན་དགོད་པར་བྱ་བའི་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་དང་འཐུན་པ་ཡིན་ཏེ། ལྔ་པོ་དེ་དག་གོ། གཞན་ཡང་རྣབ་པ་ལྔ་སྟེ། ལྔ་གང་ཞེ་ན། རབ་ཏུ་འབྱུང་བ་ནི་ཕུང་པོ་ལྔ་ཡོངས་སུ ་ཤེས་པར་བྱ་བའི་ཕྱིར། ང་རྒྱལ་བཅོམ་པའོ།། རབ་ཏུ་འབྱུང་བ་ནི་ཀུན་འབྱུང་བ་སྤང་བའི་ཕྱིར། སྲེད་པའི་བག་ལ་ཉལ་སྤོང་བའོ།། རབ་ཏུ་འབྱུང་བ་ནི་འགོག་པ་མངོན་སུམ་དུ་བྱ་བ ་ཕྱིར། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བར་བྱེད་པའོ།། རབ་ཏུ་འབྱུང་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་ཕྱིར། ལམ་ལ་འཇུག་པའོ།། རབ་ཏུ་འབྱུང་བ ་ནི་འཕགས་པའི་བདེན་པ་རྣམས་ལ་སེམས་ཅན་དགོད་པའི་ཕྱིར། བདེན་པ་ལ་འཇུག་པ་སྟེ། ལྔ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས་དང་། ནགས ་འདབ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ལ་གནས་པ་ཡིན་ཏེ། བཞི་གང་ཞེ་ན། ལུས་དང་སྲོག་ལ་མི་ལྟ་བ་དང་། དགེ་བའི་ཆོས་ཐམས་ཅད་ལ་ལྟ་བ་དང་། མངོན་པར་ཤེས་པའི་ཤེས་པ ་སྐྱེད་པར་འདོད་པ་དང་། སྤྱོད་ལ་རབ་ཏུ་ཞི་བས་ལྷ་དང་མི་རྣམས་མགུ་བར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ནགས་དང ་ནགས་འདབ་ན་རྒྱུ་ཞིང་གབས་མཐའི་གནས་མལ་དག་ན་གནས་པ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དོན་གྱི་དབང་རྣམ་པ་བཞི་མཐོང་ནས། ནགས་དང་ནགས་འདས ་ན་རྒྱུ་ཞིང་བས་མཐའི་གནས་མལ་དག་ན་གནས་པ་ཡིན་ཏེ། བཞི་གང་ཞེ་ན། དགོན་པ་དང་། རབ་ཏུ་དགོན་པ་འདི་དག་ནིསངས་རྒྱས་ཀྱིས་བསྔགས་པ་ཡིན་ཏེ། དགོན་པ་ན་གནས ་ན་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དམིགས་པ་ནི། བདག་གི་བྲེ་མོ་གཏམ་ཟེར་བ་ཡིན་གྱི། ཕྱོགས་པ་ཅིག་ཏུ་གྱུར་པ་ནི་མ་ཡིན་ནོ་སྙམ་པ་དང་། བདག ་གིས་ནི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བསགས་ཀྱི། ཉོན་མོངས་པ་རྣམས་ནི་མ་ཡིན་ནོ་སྙམ་པ་དང་། བདག་གིས་ནི་ཡོངས་སུ་སྦྱངས་པ་བྱས་པའི་བྱང་ཆུབ་སེམས་དཔའ་དུ་མ་དག་གི་རྗེས་སུ། ་བསླབ་དགོས་སོ་སྙམ་པ་དང་། བདག་དགོན་པ་ན་གནས་ཏེ། ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་སོང་སྟེ། སེམས་ཅན་རྣམལ་ཆོས་བསྟན་པར་བྱའོ་སྙམ་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ནགས་དང ་ནགས་འདབ་ན་རྒྱུ་ཞིང་། བས་མཐའི་གནས་མལ་དག་ན་གནས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་གསུམ་པོ་འདི་དག་ནི། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད ་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ཏེ། གསུམ་གང་ཞེ་ན། དགའ་བ་དང་། མི་དགའ་བ་རྣམས་ལ་མི་ལྟ་བའི་ཕྱིར། འདུ ་འཛིའི་བྱ་བ་མེད་པ་དང་། སེམས་རག་ལས་པ་མེད་ཅིང་གང་དུ་འདོད་པར་འགྲོར་ཡོད་པའི་ཕྱིར། རང་ཉམ་དང་། རང་དབང་དང་ཐ་མལ་པར་གནས་པ་དང་། སེམས་ཅན་ཐམས་ཅད་མཉམ ་པ་ཉིད་དུ་སེམས་པའི་ཕྱིར། དེའི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་འགྱུར་བ་སྟེ། གསུམ་པོ་དྲུག་གོ།། གཞན་ཡང་གསུམ་སྟེ། དེ་ལ་ཚུལ་འཆོས་པ་དང་། ཁ་གསག་མི་འབྱུང་བ་དང་། དེ་ལ་རྗེས ་སུ་ཆགས་པ་དང་། ཁོང་ཁྲོ་བའི་སེམས་མི་སྐྱེ་བ་དང་། སྒྲུབ་ཅིང་འདུག་པ་ན་ཁྱིམ་ལ་རྗེས་སུ་ལྟ་བར་མི་འགྱུར་བ་སྟེ། ཀླུའི་བདག་པོ་གསུམ་པོ་དེ་དག་ནི་འཕགས་པའི་རིགས་དང་། སྦྱངས ་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་ཕུལ་དང་རབ་མཆོག་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ ་སེམས་དཔའི་རབ་ཏུ་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད ་བསྙུངས་པ་ལ་གནས་པ་དང་། མང་དུ་ཐོས་པ་དང་ག་སེམས་ངེས་པར་སེམས་པ་ལ་དགའ་བ་དང་། བྱང་ཆུབ་བླའི་བསམ་པ་ལ་ཀུན་ཏུ་རྨོངས་པ་མེད་པ་དང་། དྲན་པ་ཉེ་བར་གཞག་པས་གནས ་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྒོམ་པའི་སྦྱོར་བ་ལ་བརྩོན་པ་དང་། བརྩམས་པ་ཐམས་ཅད་སྒྲུབ་པའི་སྙིང་པོར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ ་སེམས་དཔའི་རབ་ཏུ་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། @# ་གང་ཞེ་ན། བདག་གི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་བ་དང་། བདག་དག་པས་ཆོས་ཐམས་ཅད་དག་པའི་རྗེས་སུ་འཇུག་པ་དང་། བདག་བདག་མེད་པས་ཆོས་ཐམས་ཅད ་བདག་མེད་པ་ལ་མོས་པ་དང་། བདག་སྟོང་པས་ཆོས་ཐམས་ཅད་སྟོང་པས་སོམ་ཉི་མེད་པ་དང་། བདག་དབེན་པས་ཆོས་ཐམས་ཅད་དབེན་པ་ལ་འཇུག་པ་དང་། བདག་ཞི་བས་ཆོས ་ཐམས་ཅད་ཞི་བར་སོ་སོར་རྟོག་པ་དང་། བདག་ཇི་ལྟ་བ་བཞིན་པས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་དང་། བདག་ཟབ་པས་ཆོས་ཐམས་ཅད་ཟབ་པར་ངེས་པར་སེམས་པ་དང་། ་བདག་བེམས་པོ་ཡིན་པས། ཆོས་ཐམས་ཅད་བེམས་པོ་ཡིན་པར་ངེས་པར་རྟོག་པ་དང་། བདག་གཟུང་དུ་མེད་པས་ཆོས་ཐམས་ཅད་གཟུང་དུ་མེད་པར་རབ་ཏུ་ཤེས་པ་སྟེ། ་བཅུ་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ཏེ། བཅུ་གང་ཞེ་ན། རྣམ་པར་བསྒྲུབ་པས ་གནས་པའི་མཚན་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པ་དང་ཕྱིན་ཅི་ལོག་ལས་བྱུང་བར་མཐོང་བས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་པ་དང་། ་ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་རབ་ཏུ་ཤེས་པ་དང་། རྒྱུའི་བྱ་བ་དང་། རྐྱེན་ལ་དམིགས་ཏེ་སྐྱེ་བས་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་རབ་ཏུ་ཤེས་པ་དང་། ་འཕོ་བ་མེད་པའི་མཚན་ཉིད་ལས་ཕྱིར་མ་ལོག་པས་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་རབ་ཏུ་ཤེས་པ་དང་། ཡུལ་ནི་མི་གནས་ཤིང་ཕྱོགས་ན་མི་གནས་ཏེ་ངོ་བོ་ཉིད ་མེད་པས་ཆོས་ཐམས་ཅད་བྲག་ཆ་ལྟ་བུར་རབ་ཏུ་ཤེས་པ་དང་། སྐད་ཅིག་ཀྱང་མི་སྡོད་པས་ཆོས་ཐམས་ཅད་སྤྲིན་དང་ཀློག་སྣང་བ་ལྟ་བུར་རབ་ཏུ་ཤེས་པ་དང་། འདོ། ་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཆགས་པར་མི་འགྱུར་བས་ཆོས་ཐམས་ཅད་འཇའ་ཚོན་ལྟ་བུར་རབ་ཏུ་ཤེས་པ་དང་། གློ་བུར་གྱི་ཉེ་བའི་ཉོན ་མོངས་པས་ཉོན་མོངས་པ་ཅན་དུ་མི་འགྱུར་བས་ཆོས་ཐམས་ཅད་རང་བཞིན་གྱིས་རབ་ཏུ་དག་པར་ཤེས་པ་དང་། སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་བྲལ་བས་ཆོས ་ཐམས་ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ནོ།། ཀླུའི ་བདག་པོ་ཆོས་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆད་པར་ལྟ་བར་ལྷུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། ལས་ཀྱི་བྱ་བ་ལ་འཇུག་པ་ཤེས་པ་དང་། སངས་རྒྱས ་ཀྱི་ཆོས་ཐམས་ཅད་རྣམ་པར་བསྒྲུབ་པ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ཆུད་པར་ལྟ་བར་ལྷུང་བར་མི་འགྱུར་རོ།། ཀླུའི་བདག་པོ་ཆོས ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྷུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། མི་རྟག་པའི་ཆོས་ལ་འཇུག་པ་ཤེས་པ་སྟེ། སྐྱེས་ནས་ཞིག་ཅིང་ཞུ་སྟེ། ་མི་གནས་པར་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་རོ།། ཀླུའི་བདག ་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ་འབྱུང་བ་ལ་འཇུག་པ་མཁས་པ་ཡིན་ཏེ། མ་རིག་པ་ཀུན་འབྱུང་བ་ནས་རྒ་ཤི་ཀུན་འབྱུང་བའི་བར་ལ་འཇུག་པ ་དང་རམ་རིག་པ་འགག་པ་ནས། རྒ་ཤི་འགག་པའི་བར་ལ་འཇུག་པ་དང་། ཆད་པར་ལྟ་བར་ཡང་མི་ལྟུང་བ་དང་། རྟག་པར་ལྟ་བར་ཡང་མི་གནས་པ་སྟེ། ཀླུ ་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ་འབྱུང་བ་ལ་འཇུག་པ་ལ་མཁས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཀྱི་ཤེས་པས་བདག་དང་། སེམས་ཅད་དུ་ལྟ་བར་མི་འགྱུར་བ་དང་། མཚན། ་མ་མེད་པའི་ཤེས་པས་སྲོག་དང་གང་ཟག་ཏུ་ལྟ་བར་མི་འགྱུར་བ་དང་། སྨྱོན་པ་མེད་པའི་ཤེས་པས་འབྱུང་བ་དང་། འཇིག་པར་ལྟ་བར་མི་འགྱུར་བ་དང་། རྟེན་ཅིང་འབྲེལ་པར། ་འབྱུང་བའི་ཤེས་པས་ཆད་པ་དང་། རྟག་པར་ལྟ་བར་མི་འགྱུར་བ་སྟེ། ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་ལྟ་བར་མི ་འགྱུར་རོ།། ཀླུའི་བདག་པོ་ཆོས་དྲུག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་ཏེ། དྲུག་གང་ཞེ་ན། སེམས་ཅན་ཐམས ་ཅད་ལ་ཁོང་ཁྲོ་བ་མེད་པའི་ལྟ་བས། དེའི་ལྷའི་མིག་རྣམ་པར་དག་པར་འགྱུར་བ་དང་། ངན་ཏུ་སྨྲས་པའི་ཚིག་དང་དུ་ལེན་པས། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་བ་དང་། སེམས་ཀུན ་ནས་ཉོན་མོངས་པ་མེད་པས།། གཞན་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། སྔོན་བྱས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་གཏོང་བས་ཀ་སྔོན་གྱི་གནས་རྗེས ་དྲན་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། འཐུན་པར་བྱེད་པ་དང་། བཀའ་བློ་བདེ་བ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་བ་དང་། ་ཆོས་རྣམས་ལ་སློབ་དཔོན་དཔེ་མཁྱུད་མེད་པས། ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་བ་སྟེ། དྲུག་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་མར་མེ་བྱིན་པས་ནི། ལྷའི་མིག་རྣམ་པར ་དག་པར་འགྱུར་རོ།། སིལ་སྙན་དང་། ཕེག་རྡོབ་པ་དང་། ཀླུ་དབྱངས་ཐམས་ཅད་བྱིན་པས་ནི། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ།། ཀུན་ནས་ཉོན་མོངས་པ་མེད་པར་བྱིན་པས་ནི། གཞན ་གྱི་སེམས་ཤེས་པ་རྣམ་པར་དག་པར་འགྱུར་རོ།། དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་རྣམ་པར་དག་པར་གྱུར་རོ།། སྒྲིབ་པ་དང་། འགྱོད་པ ་བསལ་བས་ནི། རྫུ་འཕྲུལ་བྱ་བ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། ཆོས་བྱིན་པས་ནི་ཟག་པ་ཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། ཀླུའི་དག་པོ་གཞན་ཡང་དེ་བཞིན་གཤེགས་པ་ལ། ་ལྟ་བས་ནི། ལྷའི་མིག་རྣམ་པར་དག་པར་འགྱུར་རོ།། དམ་པའི་ཆོས་མཉན་པས་ནི། ལྷའི་རྣ་བ་རྣམ་པར་དག་པར་འགྱུར་རོ།། སེམས་ཀྱིས་ངེས་པར་བརྟགས་པས་ནི། གཞན་གྱི་སེམས་ཤེས་པ ་ག་སུ་སྨྲ་མ་གྶ། ས་ས་ས་ན་ཥྱཀྵ ་ཤེས་པརྣམ་པར་དག་པར་གྱུར་རོ།། ཆོས་སྒྲུབ་པས་ནི་ཟག་པཟད་པ་ཤེས་པ་རྣམ་པར་དག་པར་འགྱུར་རོ།། དེ་ལ་མངོན་པར་ཤེས་བསྟནས་པར་རྩི་བགང་ད་ར། ཀླུའི་བདག་པ་འདི་ལ་བ་ས ་རང་སངས་རྒྱས་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དང་། ཕྱི་རོལ་གྱི་དྲུང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་ཁྭའི་མིག་གང་ཡིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི་ལྷའི་མིག་དེ ་ཆེས་འདས་པ་དང་། ཆེས་གསལ་བ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་པ་དང་། ཆེས་རྣམ་པར་དག་པ་སྟེ། དེའི་ལྷའི་མིག་དེས་ནི། དེ་བཞིན་གཤེགས ་པའི་སྤུན་གྱི་ཡུལ་མ་གཏོགས་པར། སེམས་ཅན་དུ་སྣང་བ་འམ། གཟུགས་སུ་སྣང་བ་འམ། ཆོས་སུ་སྣང་བ་གང་ཡང་མི་རྟོགས་པ་དང་། མི་མཐོང་བ་དང་མི་ཤེས་པ་ཅི་ཡང་མེད་དོ།། ་ཀླུའི་བདག་པོ་དེ་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་ནས། མི་དང་མི་མ་ཡིན་པའི་བར་རྣམས་ཀྱི་ལྷའི་རྣ་བ་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི ་རྩཝ་ནུ་པ་དེ་རྗེས་འདས་པ་དང་། རྣམ་གས་སུ་པ་དང་། མ་ཟད་པར་དུའ་པགས་པ་དང་། ཨུ་རྫོག་ཏུ་གྱུར་པ་དང་། སརྣམ་པར་གྱུ་། དེའི་ཤཱ་དྷཱ་ད་། ་དེ་བཞིན་གཤེགས་པའི་སྤྱན་གྱི་ཡུལ་མ་གཏོགས་པར་སྦྱར་ཟག་པར་གང་ཡང་ཐོས་པར་མི་འགྱུར་བ་ནི་ཡང་མིད་དུ། དེས་ནི་སྒྲ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། བྱེ་བ་བའང ་སྤྱོད་པ་རབ་ཏུ་ཤེས་སོ།། ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། སེམས་ཀྱི་དམིགས་པ་དང་། སེམས་ཀྱི་མཚན་མ་དང ་སེམས་ཀྱི་དཔྱོད་པ་དང་། སེམས་ཀྱི་རྒྱུ་དང་། སེམས་ཀྱི་བསམ་པ་དང་། སེམས་ཀྱི་འབྲས་བུ་དང་། སེམས་ཀྱི་ངེས་པ་དང་། སེམས་ཀྱི་བརྟག་པ་དང་། སེམས་ཀྱི་རྣམ་པ་སྣ་ཚོགས་པ ་དང་། སེམས་ཀྱི་རྗེས་སུ་ཆགས་པ་དང་། སེམས་ཀྱི་ཁོང་ཁྲོ་བ་དང་། སེམས་རྣམ་པར་གཡེང་བ་དང་། སེམས་བསྡུ་བ་དང་། སེམས་བྲལ་བར་གཡེ་བ་དང་། སེམས་ལྷག་པར་གཡོ ་བ་དང་། སེམས་བསྐུལ་བ་དང་། སེམས་གནས་པ་དང་། སེམས་ཀྱི་སྔོན་གྱི་མཐའ་དང་། སེམས་ཀྱི་ཕྱི་མའི་མཐའ་དང་། སེམས་ཀྱི་ད་ལྟར་བྱུང་བ་དང་། སེམས་ཀྱི་གནས་དང ་སེམས་གནས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེ་བཞིན་དུ་དེས་སེམས་ཅན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་འཇུག་པར་བྱེད་དོ།། དེས་སྔོན་གྱི ་གནས་རྗེས་སུ་དྲན་པས། བདག་དང་གཞན་རྣམས་ཀྱི་སྔོན་གྱི་མཐའི་བུར་ཐུག་པའི་བར་ཀྱི་འདི་འཕོ་ཡང་དག་པ་ཇི་ལྔ་བ་བཞིན་དུ་རབ་ཏུ་ཤེས་ཤིན་རྒྱུན་ཏེ། དཔཔ་དང་བཅ། ་ཡུལ་ཕྱོགས་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་གཞན་མ་ཡིན་པར་རྗོད་པར་བྱེད་དོ།། རྫུ་འཕྲུལ་བྱ་བ་རྣམས་ལ་ཡང་མངོན་པར་འདུ་བྱེད་པ་མེད་པ་ཐོབ་སྟེ། བྱ་བ་ཐམས་ཅད ་སྟོན་ཏོ།། ཀླུའི་བདག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྟེ། དེ་ལ་རང་གི་སེམས་ལ་དབང་བྱེད་པས། དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི། དེའི་རྣམ ་པར་རྩེ་བ་སྟེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་ཀུན་ཏུ་སྟོན་ལ། གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་པ་ལྟ་བུའོ།། དེ་ལ ་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་མ་ཆགས་ཏེ། སངས་རྒྱས་ཀྱི་ཡེ་ཤེས ་ཀྱི་རྣམ་པར་གྲོལ་བ་ལ་ལྷགས་པར་དམིགས་ཤིང་། རང་བཞིན་གྱི་ཟག་པ་ཟད་པ་ཤེས་ཀྱི། ཤེས་པ་དེ་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་ཟག་པ་ཟད་པར་བྱ་བ་འོ། ་ནའི་ཕྱིར། ཡང་འཁོར་བའི་ཚུན་ལ་གནས་པ་འདི་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་པའོ།། ཀླུའི་བདག་པཆོས་པའི་དང་ལྡན་ན། བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི ་ཆགས་ཡོད་པ་པ་འཇུག་པ་ན་། ། མམས་འང་བན་པཔ་མ་ཤེས་ཀྱིས་ཡངས་སུམམས་པའི་མངོན་པར་དྷཱུ་ང་། སྒྲུ་ན་དང་། ་ཡོངས་སུ་བརྣས་པཐམམ་ཡང་དག་པར་རིག་པ་པའི་དང་། བབྲས་དང་། ཤེས་རབ་གྱི་ཡོངས་སུ་བསྐོས་པའི་གགས་པ་དུའི་སྙོམས་པར་འཇུག་པ་པའི་དང་།། སོང་པ་ཉིད་དུ། ་མེད་པ་དང་། སྨོན་པ་མེད་པས་ཡོངས་སུ་བསྒོས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ ་ཤེས་མཐོང་བ་ལ་འཇུག་པ་ཡིན་ནོ།། ཀླུའི་བདག་པོ་དེ་ལ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱང་མ་མཐོང་ལ། བག་ཆགས་ཀྱི་མཚམས་སྦྱོར་བའི་རྣམ་པའི ་ཉོན་མོངས་པ་ཐམས་ཅད་ཀྱང་ཡང་དག་པར་བཅོམ་པ་གང་ཡིན་པ་དང་། འཁོར་བ་ཡང་མ་མཐོང་ལ། མྱ་ངན་ལས་འདས་པ་ལ་ཡང་དག་པར་གཞོལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས ་ཀྱིས་ཡང་མ་མཐོང་ལ། བྱང་ཆུབ་ཀྱི་སྙིང་པོ་ལ་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་ཡང་འཇུག་ལ། སེམས་ཅན་གྱི་སྤྱོད་པ་དབེན་པར་ཡང་ཤེས་པ་སྟེ་། འདི་ནི ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། གཞན་ཡང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ནི། འདུས་བྱས་ཀྱི་བྱ་བ་ཐམས་ཅད་ཀྱི་རྗེས་སུ་ཡང་འཇུག་ལ། འདུས་མ་བྱས་པ་ཡང་ཐོག ་པ་གང་ཡིན་པ་དང་། འདུས་བྱས་ཐམས་ཅད་ཀྱི་ཉེ་བར་ཞི་བ་ཡང་མཐོང་ལ། འདུས་མ་བྱས་ཀྱང་ཐོབ་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི། འདུས་བྱས་ལ། ་སྤྱོད་པ་ན་ཡང་། འདུས་མ་བྱས་ཤེས་པས་སྒྲིབ་པ་མེད་ལ། འདུས་མ་བྱས་པ་ཐོབ་པ་ལ་ཡང་འདུས་བྱས་ཀྱི་ཆོས་རྣམས་ཀྱིས་སྒྲིབ་པ་མེད་དེ། དེར་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ ་ནིབྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་བྱའོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་།། ་ཆོ་ག་ཤེས་པ་ཡིན་ཏེ། བཞི་གང་ཞེ་ན། འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཤེས་པ་དང་། སྙོམས་པར་འཇུག་པ་ལ་མཁས་པའི་ཤེས་པ་དང་། བསམ་པ་ལས་སུ་རུང་བའི་བསམ་པ་དང ་སེམས་ལ་དབང་བྱེད་པའི་ཐབས་ཏེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་ཤེས་པ་ཡིན་ནོ།། ཀླུའི ་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། ལྔ་གང་ཞེ་ན། བདག་གི་བདེ་བ་ལ་མི་ལྟ་བས་ཡིད་ཡོངས་སུ་མ་སྐྱོབ་དང་། ་བརྩོན་པ་བརྟན་པས་སེམས་ཅན་ལ་བདེ་བ་སྦྱིན་པ་དང་། སྙིང་རྗེ་ཆེན་པོ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་ལྟ་བུའི་སྤྱོད་པ་ལ་རྗེས་སུ་འཇུག་པ་དང་། གོང་དུ་ཡང་ཡོན་ཏན་ཀྱང ་པར་ཅན་ལ་ཡང་འགྱོད་པར་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན།། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་དྲུག་ང། ་ལྡན་ན། བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ཏེ། དྲུག་གང་ཞེ་ན། གཟུངས་ཐོབ་པ་དང་། དྲན་པ་དང་། ཤེས་བཞིན་གྱིས་སྒྲུབ་པ་དང་། ཡང ་དག་པ་ལ་ཚུལ་བཞིན་དུ་འཇུག་པ་དང་། སེམས་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང་། ཐོགས་པ་མེད་པའི་སྤོབས་པ་ཐོབ་པ་དང་། དགོངས་པའི་ཚིག་སྟོན་པའི་ཤེས་པ་ལ་མཁས་པ་སྟེ། ་ཀླུའི་བདག་པོ་ཆོས་དྲུག་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཛིན་པ་དང་། ཀློག་པ་དང་། བརྡ་སྤྲོད་པ་ལ་མཁས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱད་དང་ལྡན་ན། བྱང ་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ཏེ། བརྒྱད་གང་ཞེ་ན། སྒྱུ་མའི་ཆོས་ཉིད་དུ་ཕུང་པོ་ལྔ་ཡོངས་སུ་ཤེས་པ་དང་ཡང་ལྡན་ལ། འཇིགས་ཚོགས་ལ་ལྟ་བའི་ཉོན་མོངས ་པ་དང་བྲལ་ཏེ། སྟོང་པ་ཉིད་ལ་སྤྱོད་ཡུལ་བ་ཡང་ཡིན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ཡང་རབ་ཏུ་ཤེས་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམས ་བཞིན་དུ་སྐྱེ་བར་ཡང་བྱེད་པ་དང་། བརྩོན་འགྲུས་བརྟན་པས་བྱང་ཆུབ་ཀྱི་བསམ་པ་ཡང་ཡོངས་སུ་མི་གཏོང་ལ། ཁམས་གསུམ་པས་ཀྱང་ཡིད་རྟག་ཏུ་སྐྲག་པ་དང་། མངོན་པར་འདུ། ་བྱེད་པར་ཡང་མི་ལྟུང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངས་སུ་ཚོལ་བ་དང་། སེམས་ཅན་རྣམ་ལ་ཡང་ལྟ་ལ། བསོད་ནམས་ཀྱི་ཚོགས་ཀྱང་སོགས། ་པ་དང་། མི་རྟག་པའི་མཚན་ཉིད་ལ་ཡང་ཡིད་ཆེས་ལ། ཡེ་ཤེས་ཀྱི་ཚོགས་ཀྱང་སོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་པ་ལ་ཡང་མ་ཆགས་པ་སྟེ། ཀླུའི་བདག ་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ།། ཀླུའི་བདག་པོ་རོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྦགས་པ་དང་འཇིགས་པ ་ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ཏེ། བཅུ་གང་ཞེ་ན། སྦྱིན་པས་བརྟན་པ་ཡིན་ཏེ། མཚན་གྱིས་ལེགས་པར་བརྒྱན་པ་དང་། ཚུལ་ཁྲིམས་ལ་གནས་པ་ཡི།། ་ཏེ། ངན་སོང་ཐམས་ཅད་ཡང་དག་པར་གཅད་པ་དང་། བཟོད་པའི་གོ་ཆ་བགོས་པ་ཡིན་ཏེ། དབང་པོ་མ་ཉམས་པ་དང་། བརྩོན་འགྲུས་བརྟན་པ་ཡིན་ཏེ། དགེ་བའི་ཚོགས་རྣམས་ཀྱིས་ཆོག་མི ་ཤེས་པ་དང་། བསམ་གཏན་ལ་གནས་པ་ཡིན་ཏེ། ཅང་ཤེས་ཀྱི་སེམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ཏེ། ཉོན་མོངས་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་ཡིན ་ཀུན་ཏུ་ཡོངས་སུ་བསྔོ་བ་ཤེས་པ་ལ་མཁས་པ་དང་། སོ་སོ་ཡང་དག་པའི་རིག་པ་ཐོབ་པ་ཡིན་ཏེ། དོན་དང་ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་ལ་མཁས་པ་དང་། གཟུངས་ཐོབ ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་ལ་མཁས་པ་དང་། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། ཀླུའི་བདག་པོ་ཆོས་བཅུ་། ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྐྲག་པ་དང་། འཇིགས་པ་ཐམས་ཅད་དང་བྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱང་པ་ལ་སྤྱོད་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བརྒྱང་དང་ལྡན་ན ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བརྒྱད་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པར་བྱེད་ཀྱི། ་གཞན་གྱི་འཁྲུལ་པ་ལ་མི་རྟོག་པ་དང་། སྲོགས་ཀྱི་ཕྱིར་ཡང་གཞན་དག་ལ་བརྙས་པར་མི་བྱེད་པ་དང་། རྙེད་པ་དང་། བཀུར་སྟི་ཐོབ་པས་ཀྱང་མཐོ་བར་མི་འཛིན་ལ། མ་ཐོབ་པས་ཀྱང་དམའ་བར ་མི་འཛིན་པ་དང་། སེམས་ཅན་ཐར་ཅད་ལ་ཡོན་གནས་ཀྱི་སེམས་བསྐྱེད་དེ། སྦྱིན་པ་སྦྱིན་པ་དང་། བགོ་བ་ཤའི་ངང་ཚུལ་ཅན་ཡིན་ཏེ། ཆོས་ལ་སློབ་དཔོན་དཔེ་མཁྱུད་མི་བྱེད་པ་དང་། གཞན ་ངག་གི་བདེ་བས་དགའ་བ་ཡིན་ཏེ། ཕྲག་དོག་དང་། སེར་སྣ་དང་བྲལ་བ་དང་། སྡུག་པ་དང་། མི་སྡུག་པ་ཐམས་ཅད་ཡོངས་སུ་གཏོང་ལ་འགྱོད་པ་མེད་པ་སྟེ། ཀླུའི་བདག་པོ་ཆོས་བརྒྱད་པོ་དེ་དག ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ལ་ཡང་དག་པར་གཞོལ་བ་ཡི་ནོ།། ཀླུའི་བདག་པོ་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། ལྔ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཏེ། ཐབས་ལ་མཁས་པ་དང་། ཆོས་ཐམས། ་ཅད་ཇི་ལྟ་བ་ལ་མཁས་པ་ཡིན་ཏེ། ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། མངོན་པར་ཤེས་པ་མ་ཉམས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རིག་པའི་ཆོག་ཤེས་པ་དང་།། ་ལེགས་པར་ཁོང་དུ་ཆུད་པ་ཤེས་པ་ཡིན་ཏེ། ཆགས་པ་མེད་པར་སྤྱོད་པ་དང་། ཟད་མི་ཤེས་པ་མངོན་པར་བསྒྲུབ་པས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དཔྱོད་པར་བྱེད་ལ། ཟག་པ་ཐམ། ་ཅད་ཀྱང་ཟད་པར་མི་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ།། ་ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ་གསུམ་གང་ཞེ་ན། སེམས་ཅན་ཡོངས་སུ་དག་པར་བྱ་བའི་ཕྱིར་བདག་མེད་པ་དང ་ཆོས་ཡོངས་སུ་དག་པར་བྱ་བའི་ཕྱིར་དབེན་པ་དང་། ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆགས་པ་མེད་པ་སྟེ། གསུམ་པོ་དེ་དག་གོ།། གཞན་ཡང་གསུམ་སྟེ། སྔོན་གྱི་མཐའ ་རྣམ་དག་པར་བྱ་བའི་ཕྱིར་མི་ཟད་པའི་ཆོས་ཉིད་དང་། ཕྱི་མའི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར་མི་སྐྱེ་བའི་ཆོས་ཉིད་དང་། ད་ལྟར་བྱུང་བའི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར། ་ལེགས་པར་གནས་པའི་ཆོས་ཉིད་དེ། གསུམ་པོ་དེ་དག་གོ།། ཀླུའི་བདག་པོ་གཞན་ཡང་ཆོས་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ཏེ། གསུ་པ་གང་། ་ཞེ་ན། ལུས་ཡོངས་སུ་དག་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཉེ་བར་བརྟན་པ་དང་། ངག་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡེ་ཤེས་མཐའ་ཡས་པ་དང་། སེམས་ཡོངས་སུ་དག་པ ་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་དམིགས་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི་དང ་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལུང་སྟོན་པར་མཛད་དེ། བཞི་གང་ཞེ་ན། ཆོས་རྣམས་ལ་ལྷག་པའི་བསམ་པས་བསྒྲུབ་པ་དང ་དཀར་པོ་རྣམ་པར་མཐོང་བས་སྤུང་བ་ལ་སྤྱོད་པ་ཡོངས་སུ་རྫོགས་པ་དང་། སེམས་ཅན་གྱི་བསམ་པ་རྣམས་ལ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། ཤིན་ཏུ་མེད་པའི ་ཕྱིར་རང་བཞིན་གྱིས་མ་སྐྱེས་མ་བྱུང་བའི་ཆོས་རྣམས་རབ་ཏུ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དྲག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་ལུང་སྟོན་པར་མཛད་དོ།། བསྟན་པ་འདི་བཤད་པ་ན། ལྷ་དང་ག་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་།། ་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཁྲག་ཁྲིག་ཕྲག་བཅུ་གཉིས་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་སྐྱེས་སོ།། བྱ ་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་གིས་ནི། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་བོ།། དགེ་སློང་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་བ་དང་བྲལ་བ་རྣམ་པར་དག་གོ།། ་དགེ་སློང་མ་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། ལྷའི་བུ་ལྔ་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ་བོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་འདི་ཡང་དེའི་ཚེ་རྣམ་པ་དྲུག་ཏུ་གཡོས་སོ།། འཇིག་རྟེན་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། མེ་ཏོགས་ཀྱི་ཆར་ཆེན་པོ་ཡང་བབ་བོ།། ལྷའི་བུ་རྣམས་ཀྱིས་ཀྱང་བར་སྣང་ལས ་སིལ་སྙན་བརྒྱ་སྟོང་དག་དཀྲོལ་ཏེ། ཆེད་དུ་རྗོད་པ་འདི་སྐད་ཡང་ཆེད་དུ་བརྗོད་དེ། ཨ་ལ་ལ་དེ་བཞིན་གཤེགས་པས་ནི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་འདི་ཆོས་ཀྱི་རྣམ་གྲངས་འདི་ལས ་བསྐོར་ཏོ།། ཡུལ་ཝཱ་ར་ཎ་སེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་དགས་སུ། ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཡིན་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལས་བསྐོར་བ་གང་ཡིན་པ་འདི་ནི་མཚུངས་སོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལས་སེམས་ཅན་དཔག་ཏུ་མེང་གྲངས་མེད་པའི་དོན་མཛད་པའི་ཕྱིར་རོ།། གཞན་ཡང་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ ་ངག་ནིདགེ་བའི་རྩ་བ་ངན་ངོན་མ་ཡིན་པ་དང་ལྡན་པ་ཡིན་ན། སེམས་ཅན་གང་དག་ཐོས་ནས་ཀྱང་འཆང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་གིས་ནི་མིར་སྐྱེས་པ་སྙེད་པ་ལེགས་པར་རྙེད་དོ།། ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ལེགས་པར་མཐོང་ངོ་།། དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་ཐོས་སོ།། ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་ཐོས་ནས་བླང་ནས། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དེ་དག་གི་ངན་སོང་ཐམས་ཅད་ནི་བཀག་པར་གྱུར་ཏོ།། དེ་དག་གི་ལྷ་དང་མིར་སྐྱེ་བའི་སྒོ་རྣམས་ནི་བྱེ་བར་གྱུར་ཏོ།། དེ་དག་ནི་ཡོངས་སུ་མྱ་ངན ་ལས་འདས་ཟིན་པར་རིག་པར་བྱའོ་ཞེས་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག་ལེགས་སོ་ལེགས་སོ།། ཁྱེད ་ཀྱིས་ཚིག་འདི་ལེགས་པར་སྨྲས་སོ།། མདོ་སྡེའི་ཆོ་ག་བསྟན་པ་འདི་ལྟ་བུ་དག་ལ་དགའ་བ་ཐོབ་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་ཐེག་པ་ཆེན་པོས་འདུལ ་བ་ཡིན་ནོ།། སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཐུགས་སུ་ཆུད་པ་དང་། ཕྱིར་མི་ལྡོགས་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ།། ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་ཐོབ་པ་གང་ཡིན་པའི ་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་འབའ་ཤིག་ལ་ཡང་དག་པར་གཞོལ་བ་མ་གཏོགས་པར་དེ་དག་འགྲོ་བ་གཞན་དུ་འགྲོ་བར་མི་འགྱུར་ན། གང་དག་བསྔགས་པ་ཐོས་ནས ་འཛིན་པར་བྱེད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པ་རྣམ་ལྟ་ཅི་སྨོས། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པའོ།། ། ་བམ་པོ་གཉིས་པ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཤད་པ་འདི་ཐོས་ནས། ཚིམས་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དག་བླ་དང་ཡིད་བདེ་བ་སྐྱེས་ནས། རྒྱ་མཚོའི། ་གནས་རྣམ་པར་དག་པར་བྱེད་པའི་རིན་པོ་ཆེ་བཀོད་པ་ཀུན་ཏུ་འོད་ཟེར་འབྱུང་བའི་འོད་ཅན་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིབ་གང་ཡིན ་པ་དེ། བཅོམ་ལྡན་འདས་ལ་ཆོས་ཀྱི་དགབ་པར་ཕུལ་ལོ།། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་ཀྱང་ཉི་མ་དང་། ཟླ་བ་གཉིས་ཀྱི་འོད་མོག་མོག་པོར་བྱས་སོ།། འཁོར་ཐམས་ཅད་ཀྱང་ངོ་མཚུར ་དུ་གྱུར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་དུ། ཨ་ལ་ལ་སངས་རྒྱས་བྱུང་བ་ནི་ངོ་མཚར་ཆེ་སྟེ། དེ་བྱུང་བས་འདི་ལྟར་ཡ་མཚན་དུ་རུང་ཞིང་། རྨད་དུ་བྱུང་བའི ་ཆོས་དག་ཀྱང་སྣང་ངོ་ཞེས་སྨྲས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་མངོན་པར་དགབ་པར་བྱས་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་དགེ་བའི་རྩ་བ་འདིས་ནིབདག་སངས་རྒྱས་ཀྱི་སྐུའི་འོད་དྲི་མ་མཆིས་པ་ཐོབ་པར་གྱུར་ཅིག། འོད་དེས་ཀྱང་ཕྱོགས་བརྒྱའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་གྱུར་ཅིག ་སེམས་ཅན་གང་འོད་དེས་ཕོག་པ་དེ་དག་ཀྱང་། ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པར་མགྱུར་ཅིག། དེ་བཞིན་གཤེགས་པའི་སྤྲིན་མཚམས་ཀྱི་མཛོད་སྤུ་ཅི་འདྲ་བ་དེ་ལྟ་བུ་ཡང་བདག་གིས ་ཐོབ་པར་གྱུར་ཅིག། བྱང་ཆུབ་ཀྱི་ལམ་ཤེས་པ་སྒྲིབ་པ་མ་མཆིས་པ་ཡང་ཐོབ་པར་གྱུར་ཅིག། ལམ་ཤེས་པ་དེས་ཀྱང་སེམས་ཅན་ལམ་ལོག་པ་ལ་ཞུགས་པ་རྣམས་ཡང་དག་པའི་ལམ་ལ ་འགོད་པར་གྱུར་ཅིག། བཅོམ་ལྡན་འདས་གཞན་ཡང་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མུན་པ་མུན་ནག་དང་བྲལ་ཏེ། ལམ་གྱིས་ཡེ་ཤེས་ཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་དབང་གིས་བྱུང་བ། ཤེས ་རབ་ཀྱི་སྒྲོན་མ་ལག་ན་ཐོགས་པ། ཤེས་རབ་ཀྱི་ཤེས་པ་ཅན། ཤེས་རབ་སྔོན་དུ་འགྲོ་བ། ཤེས་རབ་ཀྱི་མཚོན་ཆ་ཅན་ཤེས་རབ་ཀྱིས་བྱ་བ་བྱེད་པ་དེ་ནི་ཤེས་རབ་ཀྱི་གནས་ལ། ་གནས་ནས། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་ག་ཏན་ལ་སྟོམས་པར་འཇུག་པར་བྱེད། ཆོས ་རྣམས་ལྷག་པར་མཐོང་བར་བྱེད། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ།། ཀླུའི་བདག་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་ནས། སྨིད་པ་སྦྱིན་པར་བྱེད། ་ཅེར། ཀླུའི་བདག་པོ་འདི་ལ་སྦྱིན་པ་མཉམ་པ་ཉིད་ཀྱིས་བདག་མཉམ་པ་ཉིད་དོ།། བདག་མཉམ་པ་ཉིད་ཀྱི་སེམས་ཅན་མཉམ་པ་ཉིད་དོ།། སེམས་ཅན་མཉམ་པ་ཉིད་ཀྱིས་ཆོས ་མཉམ་པ་ཉིད་དོ།། ཆོས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དེ། མཉམ་པ་ཉིད་འདི་དག་ཀྱང་མི་སྤོངས་ལ། སྦྱིན་པ་ཡང་སྦྱིན་པར་བྱེད་དེ། སྦྱིན་པ་དེ་ཡང་ཉོན་མོངས་པའི་དབང་གིས་སྦྱིན་པར ་མི་བྱེད་དོ།། དེས་དེ་ཇི་ལྟ་ཇི་ལྟར་ཡོངས་སུ་འཇལ་བ་དེ་ཁོ་ན་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་དེ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ལྟ་བའི་རྣམ་པ་ཐམས ་ཅད་ཉེ་བར་ཞི་བ་དང་། རྩོད་པ་ཐམས་ཅད་འདོར་བ་གང་ཡིན་པ་དེ་ནི་གཏོང་བའི་མཆོག་ཡིན་ཏེ། ཀླུའི་བདག་པོ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་སྦྱིན་པ་ཡོངས་སུ་གཏོང ་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་གང་ཞེ་ན། ལུས་དང་། ངག་དང་། སེམས་དབེན་པར་མཐོང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཡོངས་སུ་སྲུང་བ ་སྟེ། ལུས་དང་། ངག་དང་། སེམས་ལ་ཡང་མི་རྟེན། འཇིག་རྟེན་འདི་ལ་ཡང་མི་རྟེན། འཇིག་རྟེན་ཕ་རོལ་ལ་ཡང་མི་རྟེན། ནང་ན་ཡང་མི་རྟེན། ཕྱི་རོལ་ལ་ཡང་མི་རྟེན། ཕུང་པོ་ལ་རྨི ་རྟེན་ཁམས་ལ་ཡང་མི་རྟེན། སྐྱེ་མཆེད་ལ་ཡང་མི་རྟེན། བྱང་ཆུབ་ལ་ཡང་མི་རྟེན། མྱ་ངན་ལས་འདས་པ་ལ་མྱི་རྟེན། ཆོས་ཐམས་ཅད་ལ་ཡང་མི་རྟེན་པར་ཚུལ་ཁྲིམས་སྲུང་བར་བྱེད་ལ། ་ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་། ཤིན་ཏུ་རློམ་སེམས་སུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཚུལ་ཁྲིམས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས། ་དཔའ་ཤེས་རབ་ཀྱིས་གནས་ལ་གནས་པའི་བཟོད་པ་གང་ཞེ་ན། བཟོད་པ་གང་བསྒོམ་པ་ནི། བདག་དང་སེམས་ཅན་དང་། སྲོགས་དང་། གང་ཟག་ཏུ་མི་དམིགས་ཤིང་། ངར་འཛིན་པ་དང་། ང་ཡིར ་འཛིན་པ་ལ་ཡང་མི་གནས་པ་དྲི་ནི། ནང་དག་པ་དང་། སེམས་ཅན་དག་པ་དང་། ཆོས་ཐམས་ཅད་དག་པས་བཟོད་པ་བསྒོམ་པ་ཡིན་ཏེ། དེ་ནི་བཟོད་པ་ཡང་སྒོ་ལ། ཆོས་གང་ཡང་སྒོམ་པར་ཡང་མི་བྱེད། ་བི་སྒོམ་པར་མི་བྱེད། ཆོས་གང་ཡང་བསྐྱེད་པའི་ཕྱིར་རར། དགག་པའི་ཕྱིར་ཡང་སྒོམ་པར་མི་བྱེད། ཆོས་གང་ཡང་ཟད་པར་བྱ་བའི་ཕྱིར་རམ། ཉེ་བར་ཞི་བར་བྱ་བའི་ཕྱིར་ཡང་སྒོམ་པར་མི་བྱེད། སེམས ་ཅན་བདག་མེད་པ་དང་། སེམས་ཅན་དབེན་པས་ཀྱང་མི་སྐྲག་མི་དངང་དངང་བར་ཡང་མི་འགྱུར་ལ། བཟོད་པ་དེ་ཡང་ལུས་ལ་དམིགས་པ་དང་། ངག་ལ་དམིགས་པ་དང་། སེམས་ལ་དམིགས་པས་བཟོད་པར་མི ་བྱེད་པ་དང་། དེ་ལུས་བཤིག་པའམ། ཡན་ལག་དང་། ཉིང་ལག་རྣམས་གཅོད་པ་ན། རྩཝ་དང་། ཤིང་དང་། རྩིག་པ་དང་འདྲ་བར་སོ་སོར་རྡོག་ཅིང་བཟོད་པ་དང་། དེ་བཞིན་གྱིས་ངན་དུ་སྨྲས་པ ་ཐོས་ན། ངག་ཡ་མ་བར་དང་། ངག་གསོབ་དང་། ངག་གསོག་དང་། ངག་གཟུང་དུ་མེད་པ་དང་། ངག་ཞི་བ་དང་། ངག་མི་གནས་པར་ཤེས་ནས་བཟོད་པ་དང་། དེ་སེམས་རྙོག་པ་མེད་པ་དང་། ་སེམས་གསར་མ་ཡིན་པ་དང་། སེམས་རྙིང་མ་ཡིན་པ་དང་། གཅིག་ལ་གཅིག་མཚམས་སྦྱོར་བ་མེད་པ་དང་། སྐད་ཅིག་གིས་འཇིག་པ་མེད་པར་འགྱུར་བར་སོ་སོར། ་རྟོག་ཅིང་བཟོད་ལ། མཚམས་སྦྱོར་བ་མེད་པར་མཐོང་བ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བཟོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ ་ཀྱི་གནས་ལ་གནས་པའི་བརྩོན་འགྲུས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་རྣམ་པར་འཕེལ་བར་བྱ་བའི་ཕྱིར། བརྩོན་འགྲུས་ཀྱང་རྩོམ་ལ་བརྩོན་འགྲུས་རྣམ་པར་འཕེལ། ་བ་དེས་ཀྱང་། ཆོས་ཀྱི་དབྱིངས་རྣམ་པར་འཕེལ་བ་དང་། ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་དང་། དེས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བར་རིག་ནས ་ཆོས་གང་ཡང་བདེན་པར་ཡོངས་སུ་གྲུབ་པར་ཡང་དག་པར་རྗེས་སུ་མི་མཐོང་ལ། མི་བདེན་པ་ཕྱིན་ཅི་ལོག་ལ། འཇིག་རྟེན་གནས་པ་ཡང་མཐོང་བ་དང་། དེས་དེ་ལྟར་ཤེས་རབ་རྣམ་པར་དག་པའི་སྒོ་ནས ་ཆོས་ཐམས་ཅད་ལ་ཡང་དག་པར་ལྟ་བ་ན། ཆོས་རྣམས་འཕེལ་བར་ཡང་མི་བྱེད། འགྲིབ་པར་ཡང་མི་བྱེད་པ་དང་། ཆོས་ཐམས་ཅད་སྤུངས་པའི་རང་བཞིན་མ་ཡིན་པ་དང་། ཡུལ་ན་མི་གནས་པ་དང་། ་ཕྱོགས་ན་མི་གནས་པ་དང་། གང་ནས་ཀྱང་མི་འོང་བ་དང་། གང་དུ་ཡང་མི་འགྲོ་བར་རབ་ཏུ་ཤེས་ཏེ། དེ་དེ་ལྟ་བུའི་ཆོས་དང་ལྡན་པས། ཕྱིན་ཅི་ལོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས ་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པའི་བརྩོན་འགྲུས་རྩོམ་ལ་སེམས་ཅན་དེ་དག་ཀྱང་ཡང་དག་པར་མི་དམིགས་ཏེ། སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད། དེའི་ཆོས ་ཐམས་ཅད་མི་དམིགས་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་མ་གཏོགས་པའི་ཆོས་གང་ཡང་མེད་ལ་ཆོས་ལ་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མེད་མོད་ཀྱིའོན་ཀྱང་ཆོས་ཀྱི་ངོ་བོ ་ཉིད་གང་ཡིན་པ་དེ་ནི་བདག་གི་ངོ་བོ་ཉིད་དོ།། བདག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ངོ་བོ་ཉིད་མཉམ་པ་ཉིད་འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚོལ་བ་གང་ཡིན་པ་དང་། བཙལ་ནས་ཀྱང་ཆོས་མི་དམིགས་ཆོས་མ་ཡིན་པ་ཡང་མི ་དམིགས་པ་དང་། ཚོལ་བ་ན་ཡང་གང་གིས་བཙལ་བ་དང་། གང་བཙལ་བ་དང་། སུས་བཙལ་བ་དེ་དག་ཐམས་ཅད་མི་དམིགས་པ་འདི་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི ་གནས་ལ་གནས་པའི་བརྩོན་འགྲུས་ཤེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་གང་ཞེ་ན། བསམ་གཏན་རྣམས་ལ་ཡང་སྙོམས་པར ་འཇུག་ལ། མཉམ་པ་ཉིད་ལས་ཀྱང་ཉམས་པར་མི་འགྱུར། ཕུན་སུམ་ཚོགས་པར་ཡང་མི་འགྱུར་བ་གང་ཡིན་པ་དང་དེ་བསམ་གཏན་རྣམས་ཀྱང་བསམ་གཏན་དུ་བྱེད་ལ ་ཆོས་གང་ཡང་སྐྱེད་པར་ཡང་མི་བྱེད་འབྲི་བར་ཡང་མི་བྱེད་པ་དང་། ཡུལ་ཐམས་ཅད་ལ་ཡང་མི་རྟེན་པར་བསམ་གཏན་བྱེད་ལ་ཆོས་ཐམས་ཅད་དང ་འཐུན་པ་དང་། མི་མཐུན་པ་མེད་པར་ཡང་བསམ་གཏན་བྱེད་པ་དང་ལུས་དང་སེམས་ཀྱིས་ཀྱང་བསམ་གཏན་གྱི་ཡན་ལག་དང་། བསམ་གཏན་གྱི་བསམ་པ་དང་། བསམ ་གཏན་གྱི་སྦྱོར་བ་དེ་དག་མངོན་པར་སྒྲུབ་པར་མི་བྱེད་པ་དང་དེ་སྙོམས་པར་འཇུག་པ་ན་ཅི་རེས་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཁྱོད་ཀྱི་དབྱིན་ཀྱི་སྟོསྒོ་པར་འཇུག་པ་དེ་འདུས་སྙོམས་པ ་འཇུག་པ་དང་། དེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པས་སྙོམས་པར་འཇུག་པ་སྟེ། དེ་དེ་ལྟར་ཏིང་ངེ་འཛིན་བསྒོམ་པའི ་སྦྱོར་བ་ལ་བརྩོན་པ་ན། ནང་དང་ཕྱི་རོལ་གྱི་ལུས་དང་། སེམས་ལ་ཡང་མི་གནས་ལ་ཕྱི་རོལ་གྱི་ཡུལ་ལ་ཡང་སེམས་མི་གནས་པ་དེ་ནི། མི་གནས་པའི་རྣམ་པར་ཤེས ་པོ་སྟེ། དམིགས་པ་ཅན་གྱི་རང་བཞིན་གྱིས་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ལཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་དང་། ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བསམ་གཏན་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ།། དེའི་དགེ་བའི་རྩ་བ ་རྣམས་དང་། བསམ་གཏན་དེ་དག་ཀྱང་ཤེས་རབ་ཀྱི་ཤས་ཆེ་བ་དང་། ལྟ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ལ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་གང་ཡང་ཡིན་པ་དང་། སེམས། ་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་སྒྲུབ་པ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི། སྙོམས་པར་འཇུག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བའི་མཐའི་བར་དུ ་ཐུག་པར་མཛད་དེ།། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་བསམ་གཏན་ནོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག ་པར་མཐོང་བ་གང་ཞེ་ན། དེས་ཆོས་གང་ལྷག་པར་མཐོང་བ་དེ་དག་ཤེས་རབ་ཀྱི་མིག་ཁོ་ནས་ལྷག་པར་མཐོང་གི། ཤའི་མིག་དང་། ལྷའི་མིག་གིས་ཆོས་དེ་དག་ལྷག་པར་མཐོང་བ ་མ་ཡིན་ནོ།། དེ་དག་ཞི་བ་ཁོ་ནར་ལྷག་པར་མཐོང་གི། མ་ཞི་བར་ལྷག་པར་མཐོང་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་རྣམས་རྒྱུ་བ་མེད་པ་དང་། གནས་པ་མེད་པ་དང་། དབེན་པ་དང་། ་ཡོངས་སུ་གྲུབ་པ་མེད་པར་ལྷག་པར་མཐོང་ངོ་།། དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ལྷག་པར་མཐོང་བའོ།། དེས་ཆོས་ཐམས་ཅད་ལྷག་པར་མཐོང་བ་ན། གལ་ཏེ། ་ཆོས་འགའ་ཞིག་མཐོང་ན་ནི། ལྷག་མཐོང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་མཐོང་བས་ནི་ལྷག་མཐོང་སྐྱེས་པ་མ་ཡིན་ལ། ཤེས་པ་ནི་མི་ཤེས་པ་ཡིན་པའི་ཕྱིར་རོ།། ་། སྨུ་སྨྲ་། ་ང་ནང་ས་ཀུ་ངྒེ། ་ཅི་ལོག་ཏུ་གྱུར་བར་མཐོང་ནས། དེའི་ན་བྱང་ཆུབ་སེམས་དཔའ་། ཀྱེ་མཆིས་འདི་ལྟར་ནཱ་ཀཱ་ནཱ~ཾ། སེམས་ཅན་འདི་དག་ནི་ཀཱན་ནས་ན་ཡོངས་སུསྲ་མ་ནས། ས ་རྣམས་ལོ་ཆེས་བསྟན་པར་སྤྲིང་རྗེ་ཆེན་པོ་སྐྱེའོ།། དེ་བས་ན་དེ་སེམས་ཅན་རྣམས་རབ་ཏུ་གྲོལ་བར་བྱ་བའི་ཕྱིར། སྒྱིང་བརྩེ་བཆེན་པོ་བསྐྱེད་དོ།། སེམས་ཅན་དེ་དག་ཀྱ ་རྟག་ཏུ་སེམས་ཅན་མེད་པ་ཁོ་ན་སྟེ། འདིར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག་པར་མཐོང་བའོ།། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ ་གནས་ལ་གནས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་གང་ཞེ་ན། ཀླུའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་མེད་པའི་ཕྱིར། སེམས་ཅན་རྣམས་ཡོངས་སུ་སྨིན་པར ་བྱེད་དོ།། སེམས་ཅན་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་གྱིས་སེམས་ཅན་བརྗོད་པ་ཙམ་དུ་ཟད་པ་དང་། ་སེམས་ཅན་དུ་བདགས་པ་ཙམ་དུ་བད་པདྨ་སེམས་ཅན་སྤྱོང་པ་དང་། སེམས་ཅན་མཅན་མ་མེད་པ་དང་། སེམས་ཅན་སྨོན་པ་མེད་པ་དང་། སྐྱེམས་ང་མངོན་པར་དུ་གྱུ་པ། ་པ་དང་ཀསེམས་ཅན་རྗེ་ལྟ་བ་བཞིན་པ་ཡིན་པ་དང་། སེམས་ཅན་པ་སྐྱེས་པ་དང་། སེམས་ཅན་མབྱུང་བ་དང་། སེམས་ཅན་རྣམ་པར་དག་པའི་ཕྱིར། སེམས་ཅན་རྣམ ་ཡོངས་སུ་སྨིན་པར་བྱེད་དེ། དེ་ཡང་བདག་གཞིག་པའི་ཕྱིར་མ་ཡིན། སེམས་ཅན་གཞིག་པའི་ཕྱིར་མ་ཡིན། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་གཞིག་པའི་ཕྱིར་བ ་ཡིན། དངོས་པོ་གཞིག་པའི་ཕྱིར་མ་ཡིན། རྫས་གཞིག་པའི་ཕྱིར་མ་ཡིན་གྱི། ཀླུའི་བདག་པོ་སེམས་ཅན་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དོ།། སེམས ་ཅན་རྣམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་བདག་མེད་པའི་ངོ་བོ་ཉིད་ངོ་བོ་ཉིད་མེད་པ་ནི་སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་དོ།། སེམས་ཅདན་རྣམས་ཀྱི་ངོ་བོ་ཉིད ་གང་ཡིན་པའི་ངོ་བོ་ཉིད་དེ་ཉིད་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་མ་ཅད་དེ། དེ་བས་ན་ཆོས་ཐམས ་ཅད་ནི་སངས་རྒྱས་ཀྱི་ཆོས་ཤེས་བྱའོ།། ཀླུའི་བདག་པོ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མིང་ཙམ་དུ་ཟད་དེ། མིང་དེ་ཡང་མིང་དུ་མི་དམིགས་སོ།། ཀླུའི་བདག་པོ་ཆོས་ཐམས ་ཅད་ཅེས་བྱ་བ་བསྟན་པ་ནི། ཆོས་མ་ཡིན་པ་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ཆོས་ཐ་དད་དུ་བྱེད་པ་དེ་ཙམ་དུ་ཆོས་མ་ཡིན་པའི་ཕྱིར་རོ།། དེ་ལ་ཆོས་གང་བརྗོ། ་པ་དེ་དག་ཐམས་ཅད་ནི་ཆེས་མ་ཡིན་པ་ཁོ་ནའོ།། ཀླུའི་བདག་པོ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་བརྗོད་པའམ། སྨྲ་བར་མི་ནུས་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བརྗོད་དུ། ་མེད་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་ཏེ། དེ་ལྟ་བས་ན་ཆོས་ཐམས་ཅད་བརྗོད་པར་མི་ནུས་སོ།། ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་འདི་དག་ནི་རྣམ་གྲངས་འདི་དང། ་ཚུལ་འདིས་བསྟན་མོད་ཀྱི། འོན་ཀྱང་སངས་རྒྱས་ཀྱི་ཆོས་དེ་དག་ནི། སྒྲའི་རྣམ་པར་རིག་བྱེད་ཀྱིས། རྣམ་པར་རིག་པར་བྱ་བ་མ་ཡིན་ནོ།། ཀླུའི་བདག་པོ་སངས་རྒྱས་ཀྱི་ཆོས་རྣམས་ནི ་འཇུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་རིག་པར་བྱ་བ་མ་ཡིན། གདགས་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་དང་། འདུས་མ ་བྱས་མ་གཏོགས་པར་གང་གཞན་དུ་བཟང་དུ་རུང་བའི་ངོསཅི་ཡང་མེད་དོ།། གསོལ་པ། བཅོམ་ལྡན་འདས་འོན་སངས་རྒྱས་ཀྱི་ཆོས་རྣམས་འདུས་མ་བགྱིད་པ་ལགས་སམ། དེ་བཞི ་གཤེགས་པ་ཡང་དེ་ལྟ་བུ་ལགས་པ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་དེ་བཞིན་ནོ།། དེ་འཞིན་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འདུས་མ་བྱས་པའོ།། ་དེ་བཞིན་གཤེགས་པ་ཡང་འདུས་པ་བྱས་པའོ།། ཀླུའི་བདག་པོ་དེ་འཇི་སྙམ་དུ་སེམས། འདུས་མབྱས་པ་ལ་གདུགས་པ་ཅི་ཡང་ཡོད་དམ་གསོལ་པ། བཅོམ་ལྡན་འདས་དེ། ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྭའི་བདག་པོ་རྣབགྲངས་འདིས་ཀྱང་ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་རིག་པར་གྲུབ་པ ་པ་དང་། གདགས་པར་བྱ་བ་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟ་བ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ཀླུའི་བདག་པོ་སེམས ་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཇི་ཙམ་དུ་བརྟན་པ་ལ་ལྟོས། འདི་ལྟར་རྣམ་པར་རིག་པར་བྱ་བ་མ་ཡིན་པ་དང་། གདགས་པར་བྱ་བ་མ་ཡིན་པའི ་ཆོས་རྣམས་མིང་དང་བརྡས་འདོགས་པར་མཛད་དེ་ཆོས་འདི་དག་ནི་ཟག་པ་དང་བཅས་པའོ།། ཆོས་འདི་དག་ནི་ཟག་པ་མེད་པའོ།། དེ་བཞིན་དུ་འཇིག་རྟེན་པ་རྣམས་དང་།། ་འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྣམས་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས ་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་འཐུན་པ་རྣམས་དང་། རྣམ་པར་བྱང་བའི་ཕྱོགས་དང་འཐུན་པ་རྣམས་དང་། བསྟེན་པར་བྱ་བ་རྣམས་དང་། ཡོངས ་སྤངས་པར་བྱ་བ་རྣམས་དང་། གདག་པར་བྱ་བ་རྣམས་དང་གཞིག་པར་བྱ་བ་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སྐྱོབ་པའི་ཆོས་རྣམས་དང་། ་མི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་འདོགས་པར་མཛད་དེ ་ཀླུའི་བདག་པོ་དེ་ལྟར་ན། དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་རྣམ་པར་གཞག་པ་བསྟན་པ་ཡང་སྟོན་པར་མཛད་ལ་ཆོས་གང་ལ་ཡང་མཚན་མར་ཡང་དག་པར་རྗེས་སུ་མི་གཟིགས ་སོ།། ཀླུའི་བདག་པོ་དཔེར་ན། མི་ལ་ལ་ཞིག་སྐྱེས་ལ། དེས་ནམ་མཁའི་ཁམས་གཟུགས་མེད་ཅིང་བསྟན་དུ་མེད་པ་འདི་ལ། ཚོན་རྩི་ཐམས་ཅད་ཀྱིས་རི་མོ་བྲིས་ཏེ། ལྷའི ་གཟུགས་རྣམས་ཀྱང་དེར་བསྟན། མིའི་གཟུགསོ་རྣམས་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། གཞོན་པ་རྣམས་ཀྱང་དེར་བསྟན་ན ་ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས་སོ།། བདེ་བར་གཤེགས་པ་དཀའ་བ ་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་དེ་བས་ནི་གང་གཟུགས་མེད་ཅིང་བསྟན་དུ་མེད་པ་གཟུང་དུ་མེད་པ་ཡི་གེ་མེད་པ། བརྗོད་དུ་མེད ་པའི་ཆོས་འདི་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ལ་བརྡ་སྤྲད་ཅིང་ཡི་གེ་རྣམས་ཀྱིས་མཚོན་ཏེ། ཐབས་སྣ་ཚོགས་ཀྱིས་གོ་བར་བྱས་པ་དེ། དེ་བཞིན་གཤེགས་པས ་ཆེས་དཀའ་བ་མཛད་པ་ཡིན་ནོ།། ཀླུའི་བདག་པོ་དེ་བས་ཀྱང་གང་དག་འདི་ལྟར་བསྟན་པའི་ཆོས་འདི་དག་ལ་མོས་པར་འགྱུར་བའམ། འཇུག་པར་འགྱུར་བ་དེ་དག་ནི་ཆེས་ངོ་མཚར་རྗེ་བ་བྱེད ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་ཟབ་མོའི་ཚུལ་འདི་ལ་འཇུག་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་སྤྱད་པ་བྱས་པ་ཡིན་ཏེ། དེ་དག ་ལ་ནི་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་དོ།། ཀླུའི་བདག་པོ་ངས་མངོན་པར་ཤེས་པ་འདས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་ངས་མཉེས་པར་བྱས་ཏེ། མཆོད་པ ་ཡང་བྱས། དེ་དག་གི་བསྟན་པ་ལ་ཡང་ང་རབ་ཏུ་བྱུང་སྟེ། ཚངས་པར་སྤྱོད་པ་ཡང་སྤྱད་ན། འོན་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལ་འདི་ལྟར་ཟབ་ཅིང་། འདི་ལྟར་རྒྱུ་བ་ཆད་པའི་ཆོས་པ ་བསྟན་ཏེ། གཞན་དུ་ར་སྦྱོར་བའི་གཏམ་ཉི་ཚེ་དང་། སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པའི་གཏམ་ཉི་ཚེ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་གཏོང་བ་དང་། བཟོད ་པ་དང་། བརྩོན་འགྲུས་དང་། བག་ཡོད་པའི་གཏམ་ཉི་ཚེ་དང་། ཚངས་པར་སྤྱད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་སྤུངས་པའི་གཏམ་ཉི་ཚེ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འདི ་ལྟར་ཡོངས་སུ་སྦྱང་བ་མ་བྱས་པའི་ཕྱིར་རོ།། ཀླུའི་བདག་པོ་གང་གི་ཚེ་ང་ཡོངས་སུ་སྦྱངས་པ་བྱས་པར་གྱུར་པ་དེའི་ཚེ་ནི་ངས་དེ་བཞིན་གཤེགས་པ་བར་མེ་མཛད་ཆེན་པོ་ལས། ་ཟབ་མོའི་ཆོས་ཀྱི་ཚུལ་འདི་ཐོས་སོ།། ཐོས་རས་ཀྱང་འཐུན་པའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ།། ཀླུའི་བདག་པོ་དེ་ལྟ་བས་ན། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་ཟབ་ཅིང་། ངའོ། ་སྙམ་པའི་ང་རྒྱལ་ལས་རྣམ་པར་གྲོལ་བ། ཡོངས་སུ་རྟོག་པ་བྱས་པས་རྒྱུ་དང་རྐྱེན་ལས་བྱུང་བ། སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་ཏུ་རྟོག་པ་མེད་པའི་ཆོས་རྣམས ་ལ་མོས་པ་དང་། དད་པ་དང་། འཛིན་པ་དང་། གཞན་དག་ལ་ཡང་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་དེ་དག། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་སྦྱང་བ་བྱས ་པ་ཡིན་པ་དང་། དེ་དག་ལ་ནི་བསོད་ནམས་ཀྱང་མང་དུ་འཕེལ་བར་འགྱུར་བ་དེ་ལྟར་རིག་པར་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཕན་པ་དང་། བདེ་བའི ་དོན་ལ་ཞུགས་པ་གང་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ལྷ་རྣམ་དང་། མི་རྣམས་ཀྱི་བདེ་བའི་ཡོ་བྱད་ཇི་སྙེད་ཡོད་པའི་བདེ་བའི་ཡོ་བྱད་དེ་སྙེད། སེམས་ཅན་རེ་རེ་ལ་བྱིན་ན ་ཀླུའི་བདག་པོ་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དེ་དག་ལ་བདེ་བའི་ཡོད་བྱེད་མང་པོ་བྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། ། ་བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་དེ་སྙེད་བྱིན་པ་གང་། ་ཡིན་པ་དང་། དེ་དག་ལ་མི་རྟག་པ་དང་ལྡན་པ། ཚིག་ཅིག་ཙམ་བསྟན་ཏམ། སྡུག་བསྔལ་བ་དང་ལྡན་པ་འམ། བདག་མེད་པ་དང་ལྡན་པའམ། ཞི་བ་དང་ལྡན་པའམ ་པ་ཉིད་དང་ལྡན་པའམ། མཚན་མ་མེད་པ་དང་ལྡན་པ་འམ། སྨོན་པ་མེད་པ་དང་ལྡན་པའམ། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང ་ཟག་མེད་པ་དང་ལྡན་པ་འམ། མ་སྐྱེས་པ་མ་བྱུང་བ་དང་ལྡན་པ་ཚིག་གཅིག་ཙམ་བསྟན། དེ་ཉིད་དེས་བདེ་བའི་ཡོ་བྱད་དེ་བས་ཆེས་མྱང་དུ་བྱིན་པ་ཡིན་ཏེ། བསོད་ནམས་ཀྱང་ཆེས་མང་དུ ་འཕེལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདུས་བྱས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ནི། སེམས་ཅན་རྣམས་ཀྱིས་སྔོན་མྱོང་ཟིན་གྱི། འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད ་ནི། སེམས་ཅན་རྣམས་ཀྱིས་སྔོན་མ་མྱོང་བའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལ་འདི་ལྟར་ཟབ་པའི་ཆོས་འདི་དག་ཐོས་པ་གང་ཡིན་པ་འདི་ནི། འདུས་མ་བྱས་ཀྱི་བདེ་བའི་ཡོ་བྱད་འདྲེན་པ ་ཡིན་ཏེ། དེ་བས་ན་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་གི་དོན་དང་། གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་འདོད་པ་རྣམས་ཀྱིས་ནི།། ཆོས་ཟབ་མོ་རྣམས་ལ་བརྩོན་པར ་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འཁོར་གྱི་ནང་དུ་འོངས་ལ། འཁོར་གྱི་ནང་དུ་འདུག་ནས། ཟབ་མོའི་གཏམ་གྱི་བར་གཅད་དེ། གཏམ་སྣ། ་ཚོགས་གླེང་བ་གང་ཡིན་པ་དེ་ནི། དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདིར་ཇི་སྲིད་དུ་ཟབ་མོའི་ཆོས་གྲགས་པ་དེ་སྲིད་དུ། དམ། ་པའི་ཆོས་ནུབ་པར་མི་འགྱུར་བའི་ཕྱིར་རོ།། ཀླུའི་བདག་པོ་གཞན་ཡང་མི་ཆོས་འདོད་དེ། ཆོས་ཉན་པ་ནི་ཉུང་ལ། མི་མ་ཡིན་པ་ཆོས་ཉན་པ་ནི་མིང་སྟེ། དེར་དམ་པའི་ཆོས་སྨྲ་བ་པོ་ག། ་གྲིས་ཟབ་མོའི་གཏམ་ནི་འཆབ་པར་བྱེད་ལ། གཏམ་སྣ་ཚོགས་ནི་གླེང་བར་བྱེད་ན། དེར་ཟབ་མོ་ལ་མོས་པའི་ལྷ་རྣམས་ཡི་མ་རངས་པར་འགྱུར་ཏེ། འདི་སྐད་དུ་རིགས་ཀྱི་བུ་འདི ་ནི་གང་ཁོ་ན་ལ་འཇིག་རྟེན་པ། ཉོན་མོངས་པ་སྤྱོད་པ་དེ་ཉིད་ཀྱི་འཇིག་རྟེན་པའི་གཏམ་གླེང་ཞིང་འདུག་སྟེ། ཀྱེ་རེ་ངན་འདི་ན་སངས་རྒྱས་ཀྱིས་གསུང་མི་གྲག་གོ་ཞེས་ཚིག་ངན་མཐོན་ནས ་དག་འཁོར་དེ་དག་ལ་མི་དགའ་སྟེ་འདོང་བར་བྱེད་དོ།། སྨོན་ལམ་གྱིས་ལེའུ་སྟེ་གཉིས་པའོ།། །། དེས་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་འཇིག་རྟེན་པའི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པའི་གཏམ་དང་། རབ་ཏུ་འབྱུང་བ་དང་། ངེས་པར་འབྱུང ་བའི་གཏབ་དང་། ཚངས་པར་སྤྱོད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་གཏམ་སངས་རྒྱས་ཀྱི་གསུང ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྭའི་བདག་པོ་ཆོས་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བ་དང་། འགོག་པར་འགྱུར་བའི་ཕྱིར ་སྐྱེ་བ་པ་ཡིན་པ། ཁམས་གསུམ་ན་སྤྱོད་པ། ངེས་པར་འབྱུང་བར་འགྱུར་བ་མ་ཡིན་པ་དེ་དག་ཐམས་ཅད་ནི། འཇིག་རྟེན་པའི་ཡིན་གྱི། དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན། ་རོ།། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང ་དག་པ་བཅུའི་ལས་ཀྱི་ལམ་དང་། འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཤེས་པ་དང་། ་ཡི་གེ་དང་། གྲངས་དང་། བགྲང་བ་དང་། ལག་རྩིས་ཤེས་པ་དང་། འབྱུང་ཁུང་ཤེས་པ་དང་། སྔགས་དང་། སྨན་དང་། གསོ་བ་ཤེས་པ་དང་། ལས་དང་། བཟེའི་གནས་ཤེས ་པ་དང་། མཚན་པ་དང་བཅས་པ་དང་། ཆེད་དུ་བྱ་བ་དང་བཅས་པ་དང་། ཟང་ཟིང་དང་བཅས་པ་དང་། རྒྱུ་བ་དང་བཅས་པ་དང་། རྫས་དང་བཅས་པ་ཤེས་པ་དང་། འཇིག་རྟེན་པ་དང་། ་ཁམས་གསུམར་སྤྱོད་པ་གང་ཡིན་པ་དེ་དག་ནི། སངས་རྒྱས་ཀྱི་གསུངས་མ་ཡིན་ནོ།། ཀླུའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བའི་ཆོས་སྔོན། ་མ་ཐོས་པ་ལས་ཐོས་པ་གང་དག་ཡིན་པ་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་དང་། སྡུག་བསྔལ་ཡོངས་སུ་ཤེས་པའི། ་དོན་དང་། ཀུན་འབྱུང་བ་སྤང་བའི་དོན་དང་། འགོག་པ་མངོན་སུམ་དུ་བྱ་བའི་དོན་དང་། ལམ་སྒོམ་པའི་དོན་དང་། སྟོང་པ་ཉིད་སྒོམ་པའི་དོན་དང་། མཚན་མ་མེད་པས་ངེས་པར་རྒལ་བའི ་དོན་དང་། སྨོན་པ་མེད་པས་ངེས་པར་འབྱུང་བའི་དོན་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བའི་དོན་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་གི་དོན་དང་། ཇི་ལྟ་བ་བཞིན་དུ་རང་བཞིན་གྱིས་མ་སྐྱེས ་པའི་དོན་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དབེན་པའི་དོན་དང་། ཆོས་གང་རྗེས་སུ་རྟོགས་ནས། ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་གཉིས་སུ་མི་འབྱེད་པ་དང་། རོས ་ཐམས་ཅད་ཀྱང་གཏམ་ཏུ་མངོན་པར་མི་འགྲུབ་པར་རབ་ཏུ་ཤེས་པ་དང་། སྐྱེ་བ་མེད་པ་དང་། ཆད་པ་མེད་དང་། རྟག་པ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཐོབ་པ་རྣམས་དང་། རང་བཞིན། ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་དང་། དེ་ལྟར་འདུས་མ་བྱས་པའི་ཆོས་མཐོང་བས་ཡང་དག་པར་ངེས་པ་ལ་འཇུག་ལ། ཆོས་རྣམས་ཀྱི་ངེས་པ་ལ་ཡང་མི་རྟོག། རྟོག་པ་དང་། ་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་ཡང་བྲལ་བ་དང་། ཕྲི་བ་ཡང་མེད། བསྣན་པ་ཡང་མེད་པ་དང་། མུན་པ་ཡང་མེད། སྣང་བ་ཡང་མེད་པ་དང་། ནམ ་མཁའི་ངོ་བོ་ཉིད་དང་། མཉམ་པ་ཉིད་ཐོབ་པ་དང་། རང་བཞིན་གྱི་མཚན་ཉིད་དང་། མཉམ་པའི་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་མ་ཡིན་པ་དང ་མཚན་ཉིད་མེད་པར་མཚན་ཉིད་ཅིག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་དང་རིག་པ་མེད་པ་དང་། ཚོར་བ་ཐམས་ཅད་རྒྱུན་བཅད་པ་དང་། ཕྱིན་ཅི་ལོག་མཉམ་པ་ཉིད་དུ་མཐོང་བ ་ནི་ཐ་སྙད་ཀྱི་སྒོ་རས་འབྲས་བུ་ཐོབ་པ་ཞེས་བྱ་སྟེ། དོན་དམ་པར་ནི་མ་ཡིན་པ་དང་། དེས་ཅི་ཡང་ཐོབ་པ་མེད་ལ། མ་ཐོབ་པ་ཡང་མེད་པ་དང་། བླངས་པ་ཡང་མེད། བོར་བ་ཡང་མེད་པ ་སྟེ་ཀླུའི་བདག་པོ་དེ་ལྟར་ན་ངེས་པར་འབྱུང་བའི་ཆོས་གང་དག་ཡིན་པ་རྣམས་སྟོན་ཅིང་འཆད་པ་གང་གིས་ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཤེས་པ་ཐོབ་པ་དང་། རང་སངས ་རྒྱས་རྣམས་ཀྱིས་རང་སངས་རྒྱས་རྣམས་ཀྱི་ཤེས་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པ་དང་། དེ་བཞིན་གཤེགས་པ་རྣམས ་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི། སངས་རྒྱས་ཀྱི་གསུང་ཞེས་བྱའོ།། དེ་ཡང་ཀུན ་རྫོབ་ཀྱི་གཞིའི་གནས་ལས་བརྟེན་པ་ཡིན་གྱི། དོན་དམ་པར་ནི་ཇི་ལྟར་ཡང་སངས་རྒྱས་ཀྱི་གསུང་ཐ་སྙད་དུ་གནས་པར་མི་ནུས་ཏེ། སངས་རྒྱས་ཀྱི་གསུང་ནི་ཚིག་མེད་པའོ།། སངས་རྒྱས་ཀྱི ་གསུང་ནི་ངག་མེད་པ། སྒྲ་མེད་པ། ཚིག་གི་ལམ་མེད་པ། བརྗོད་དུ་མེད་པ། རྣམ་པར་རིག་པར་བྱེད་པ་མེད་པ། གདགས་པ་མེད་པ་མིང་མེད་པ། མཚན་མ་མེད་པ། བྱེ་བྲག་ཕྱེད་པ་མེད་པ། རྣམ ་པར་ཤེས་པ་མེད་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་སྟེ། རབ་ཏུ་དབྱེ་བ་དང་། བརྡ་སྤྲད་པ་དང་། ཉེ་བར་བསྟན་པར་མི་ནུས་སོ།། ཀླུའི་བདག་པོ་སངས་རྒྱས་ཀྱི་གསུང་ནི ་དེ་ལྟ་བུ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་ང་ནི་ཡི་གེ་འདོད་པའི་སེམས་ཅན་རྣམས་ལ་ཆོས་མི་སྟོན་མོད་ཀྱི་འོན་ཀྱང་ཡི་གེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས། ་ན་སངས་རྒྱས་ཀྱི་གསུང་ནི་ཡི་གེ་མེད་པའོ།། ཀླུའི་བདག་པོ་ང་ནི་བརྗོད་པ་འདོད་པ་ལ་ཆོས་མི་སྟོན་མོད་ཀྱི་འོན་ཀྱང་བརྗོད་པ་ཐམས་ཅད་གསལ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སངས ་རྒྱས་ཀྱི་གསུང་ནི་བརྗོད་དུ་མེད་པའོ།། ཀླུའི་བདག་པོ་ང་ནི་རྣམ་པར་རིག་པར་བྱེད་པ་ལ་མངོན་པར་ཞེན་པར་བྱ་བའི་ཕྱིར་ཆོས་མི་སྟོན་མོད་ཀྱི། འོན་ཀྱང་རྣམ་པར་བྱེད་པ་དང་ཡོངས་སུ་རྟོག ་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་སྤྱོན་ཏེ།། དེ་སྐབས་ན་སངས་རྒྱས་ཀྱི་གསུང་ནི་རྣམ་པར་རིག་པར་བྱེད་པ་མ་ཡིན་ནོ།། ཀླུའི་བདག་པོ་ང་ནི་ཆོས་གཟུང་བར་བྱ་བའི་ཕྱིར་དང་། ་ཆོས་ལ་མངོན་པར་ཞེ་པ་བྱ་བའི་ཕྱིར་དང་། ཆོས་སྤྲོས་པར་བྱ་བའི་ཕྱིར་དང་། ཆོས་ཡོངས་སུ་རྟག་པར་བྱ་བའི་ཕྱིར་དང་། ཆོས་བསྐྱེད་པར་བྱ་བའི་ཕྱིར་དང་། ཆོས་འགག་པར་བྱ་བའི ་ཕྱིར་དང་། ཆོས་རྣམ་པར་འཇིག་པར་བྱ་བའི་ཕྱིར་དང་ཆོས་གནས་པར་བྱ་བའི་ཕྱིར་དང་། ཆོས་དམིགས་པར་བྱ་བའི་ཕྱིར་དང་། ཆོས་རློམ་སེམས་སུ་བྱ་བའི་ཕྱིར་དང་། ཆོས་ཀྱི་ངོ་བཅད། ་ཀྱི་ཕྱིར་དང་། ཆོས་བརྟག་པར་བྱ་བའི་ཕྱིར་དང་། ཆོས་མཚན་མར་བྱ་བའི་ཕྱིར་དང་ཆོས་ལ་བསྒྲིམ་པར་བྱ་བའི་ཕྱིར་དྲང་ཆོས་འཆད་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ།། ཀླུའི་བདག་པོ ་འནི་ཆོས་གང་ཡང་སྤང་བར་བྱ་བ་འམ། འགག་པར་བྱ་བའི་ཕྱིར་ཆོས་མི་སྟོར་མོད་ཀྱི་འོར་ཀྱང་འནི་ཆོས་ཐམས་ཅད་རང་བཞིན་གྱིས་སློ་བཏགས་པ་མེད་པའི་ཕྱིར་ཆོས་སྟོན་ཏེ། ཀླུའི་བདག་པོ་དེ་ལྟ ་བས་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲོ་བཏགས་པ་མེད་པ་གང་ཡིན་པ་འདི་ནི། སངས་རྒྱས་ཀྱི་གསུངས་ཞེས་བྱའོ།། ཅིའི་ཕྱིར་དེ་ལ་སངས་རྒྱས་ཀྱི་གསུང་ཞེས་བྱ་ཞེ་ན། ཚིག་ཐམས་ཅད ་ཀྱི་ཚུལ་ནི་སངས་རྒྱས་ཡིན་ཏེ། དེས་ན་ས་ངྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་གཅོད་པ་ནི་སངས་རྒྱས་ཡིན་ཏེ། ངེས་ན་སངས་རྒྱས་ཀྱི་གསུང ་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་ལྡེམ་པོར་དགོངས་པ་སྟོད་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་ལན་མ་བྱིན་པ་ནི་སངས ་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས་ཅད་ཀྱི་རྒྱུ་དང་། དམིགས་པ་དང་། ཐ་སྙད་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཚིག་ཐམས ་ཅད་བྲག་ཆ་དང་འདྲ་བ་ཡང་དག་པར་གཞོལ་བར་མཁྱེན་པ་ནི་སངས་རྒྱས་ཡིན་ཏེ། དེས་ན་སངས་རྒྱས་ཀྱི་གསུང་ཞེས་བྱའོ།། ཀླུའི་བདག་པོ་གཞན་ཡང་ཡི་གེ་ཅི་ཡང་རུང་བ་དང་ཚིག་ཅི་ཡང་རུང་བ་དེ་དག་ནི ་སངས་རྒྱས་ཀྱི་གསུང་མ་ཡིན་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཉིད་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང ་གསུངས་པ་དང་། གསུང་བར་འགྱུར་བའི་ཕྱིར་རོ།། དེ་ལྟ་བས་ན་ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལྟ་བུའི་ཚིག་གི་དོན་དེ་ལ་འཇུག་པ་གང་ཡིན་པ་འདི་ནི། བྱང ་ཆུབ་སེམས་དཔའ་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་རིག་ཅིག་པར་ཤེས ་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་ཆོས་སོ་སོ་ཡང་དག་པར་རིག་པ་ཞེ་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་ཅི་རིགས་པར་ཆོས་ལ་དཔྱོད ་པ་ཤེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཡི་གེ་ཐམས་ཅད་དང་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དེ་ལ་གྱི་། ་པའི་གནས་ལས་ཆགས་པ་མེད་པར་སྟོན་པ་ཤེས་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཀླུའི་བདག་པོ་དེ་ལྟར་ན་སོ་སོ་ཡང་དག་པར ་རིག་པ་བཞིས་པ་བསྡུས་པའི་ཆོས་གང་ཡང་མེད་ལ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་ཡི་གེ་ཅི་ཡང་རུང་བ་དེ་དང་། ཚིག་ཅི་ཡང་རུང་བ་དེ་དང་། ངེས་པའི ་ཚིག་ཅི་ཡང་རུང་བ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱིས་གསུང་ཡིན་ནོ་ཞེས་བྱ་བ་ལ་འཇུག་སྟེ། ངེས་ན་དེ་ནི་ཆགས་པ་མེད་ཅིང་ཐོགས་པ་མེད་པར་བསྐལ་པ་སྟོང་གི་བར་དུ་ཡང་སྟོན་ཅིང་འཆད་དེ། ་ཐོགས་པ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་འདི་ནི་མི་བཟང་བའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡིན་ཏེ། གཟུངས་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི། ཚིག་དང་ཡི་གེ་མི་ཟད། ་པའི་མོས་པའི་ཚིག་ལེགས་པར་བྱས་པ་རྣམས་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་ཕན་ཚུན་གྱིས་ཉེས་པ་སྤངས་པ་རྣམས་དང་། ཐོགས་པ་མེད་པ་རྣམས་དང་། འཐད་པ་རྣམས་དང་། ་ཀུན་རྫོབ་ཀྱི་བདེན་པས་བརྒྱན་པ་རྣམས་དང་། དོན་དམ་པ་དང་ལྡན་པ་རྣམས་དང་། རྟེན་རྣམ་པར་དག་པ་རྣམས་དང་། དྲང་བའི་དོན་དང་། ངེས་པའི་དོན་མཉམ་པར་རྟག་པ་རྣམས ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་ཇི་ལྟ་བ་བཞིན་དུ་བསྟན་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་པ་རྟོགས་པའི ་བསྟན་པ་འཆད་པ་རྣམས་དང་། དབང་པོ་བརྒྱད་ཁྲི་བཞི་སྟོང་རྐྱེན་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་རྣམས་དང་། ཡི་གེ་རྣམས་ཀྱིས་ཀྱང་ཆོས་དེ་དག་གླེང་བར་བྱེད་ལ། འོན་ཀྱང་དེའི་ཡི།། ་གེ་ཟད་པ་འམ། ཆོས་བརྗོད་པ་ཟད་པ་འམ། དཔེར་བྱ་བ་བཀོད་པ་ཟད་པ་འམ། དུས་བསྟན་པ་ཟད་པ་འམ། རྒྱུ་དང་འབྲས་བུ་བསྟན་པ་ཟད་པའམ།། ཚོང་དང་། གནས་དང་། མཚམ་ཟད་པ་འམ། སམ ་ཀྱི་འཇུག་པ་ཟད་པའམ། ཨ་ཞེས་བྱ་བའི་སྒོའི་ཚིག་ཟད་པ་འམ། ཨ་ཞེས་བྱ་བའི་མཚམས་སྦྱོར་བ་ཟང་བ་འམ། དེ་བཞིན་དུ་སྦྱར་ཏེ། པ་ཞེས་བྱ་བ་ཟད་པ་ནས་ལ་ཞེས་བྱ་བའི་བར་དུ་ཟད་པའམ། ་རྣམ་པར་བྱང་བ་རྣམ་པར་གཞག་པའི་བར་དུ་ཟད་པ་འམ། ཆོས་ཀྱི་ངེས་པའི་ཚིག་གི་ཏ་མ་ཟད་པ་འམ། སྣ་ཚོགས་དང་ཟབ་མོའི་གཏམ་ཟད་པའམ། སྣརེལ་ཞིའི་རྒྱུད་སྟོན་པའི་གཏམ་ཟད་པའམ ་སྤྱི་རུ་ཚུགས་དང་འཐུན་པའི་གཏམ་ཟད་པ་འམ། འཐུན་པ་དང་མི་འཐུན་པའི་གཏམ་ཟད་པའམ། ངེས་པའི་ཚིག་མེད་པའི་གཏམ་ཟད་པའམ། སངས་རྒྱས་དང་ཆོས་དང་། དགེ་འདུན་གྱི་ཡོན་ཏན། ་བསྔགས་པ་བརྗོད་པ་འམ། བདེན་པ་བསྟན་པའི་གཏམ་ཟད་པའམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་པའི་གཏམ་ཟད་པའམ། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་གཏམ་ཟད་པའམཕ་རོལ ་ཏུ་བྱིན་པ་བསྟན་པའི་གཏམ་ཟད་པ་མེད་དོ།། ཀླུའི་བདག་པོ་དེ་ལྟར་ན་ཡི་གེ་ཐམས་ཅད་བསྟན་པ་ལ་ཟད་པ་མེད་པ་གང་ཡིན་པ་འདི་ནི། མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཤེས་བྱའོ།། ཀླུའི ་བདག་པོ་མཟང་པའི་ཟམ་ཏོག་གི་གཟུངས་འདི་ནི་མི་ཟད་པ་ཉིད་བཞིས་རྟོགས་པར་བྱསྟེ། བཞི་གང་ཞེ་ན། ས་མ་ཡང་དག་པར་རིག་པ་མི་ཟད་པ་ཉིད་དང་། ཡེ་ཤེས་མི་ཟད་པ་ཉིད་དང་། ཤེས་རབ ་ཟ་པ་ཉིད་དང་། གཟུངས་ཀྱི་སྤོབས་པ་མི་ཟད་པ་ཉིད་དེ། གཞི་པོ་དེ་དག་གོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི་གཏིང་དཔག་དཀའ་བ་བཞིས་རྟོགས་པར་བྱ་བ་སྟེ། བཞི་གང་ཞེན ་བསམ་པའི་གཏིང་དཔག་དཀའ་བ་དང་། བློ་གཏིང་དཔག་དཀའ་བ་དང་། ཆོས་ལ་འཇུག་པ་གཏིང་དཔག་དཀའ་བ་དང་། སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་གཏིང་དཔག་དཀའ་བ་སྟེ། བཞི་པོ་དེ་དག ་གོ་ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྙིང་པོ་དང་། ཡི་གེ་ཡིན་པར་རྟོགས་པར་བྱ་སྟེ། བཞི་གང་ཞེ་ན། ཤེས་རབ་སྙིང་པོར་བྱེད་པ་དང་། སྒྲུབ་པ་སྙིང་པོར་བྱེད་པ ་དང་། བཟོད་པ་ལ་གནས་པ་སྙིང་པོར་བྱེད་པ་དང་། བརྩམས་པ་ཉམས་འོག་ཤུ་ཆུད་པར་བྱེད་པ་སྙིང་པོར་བྱེད་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དཀ་ནི། མི་ཟད་པའི་ཟ་བ་ཏོག་གི ་གཟུངས་ཀྱི་ངེས་པར་འབྱེད་པ་སྟེ། བཞི་གང་ཞེ་ན། བདེན་པ་ངེས་པར་འབྱེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ངེས་པར་འབྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ངེས་པར་འབྱེད་པ་དང་། ་ཐེག་པཐམས་ཅད་ངེས་པར་འབྱེད་པ།། ངན་པ་དེ་དག་གོ།། རྒྱུའི་བདག་པ་བཞི་བ་འད་གན། མི་ཟད་པའི་ཐ་མཏོག་ས་གཟུངས་ཀྱིང་བྱུ་ཏེ། བནི་ཀླུ་ཤེན། ་ལྷ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣང་བ་དང་། ཤེས་རབ་ཀྱི་སྣང་བ་དང་། ཤེས་རབ་ཀྱི་མིག་གི་སྡང་བ་དང་། སོ་ས་ས་རིགས་པར་ཆོས་སྟོང་པའི་སྣང་བ་སྟེ། བཞི་པོ་དེ་དག་གོ།། པྲའི་བདག་པོ་པ ་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་རྒུད་པ་ཡིན་ཏེ། བཞི་གང་ཞེ་ན། བརྩོན་འགྲུས་རྐུན་པ་དང་། ཚུལ་ཁྲིམས་རྟུན་པ་དང་། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བ་རྫུན་པ་དང་། ཡེ ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བརྟུན་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཆོས་ཡོངས་སུ་ཚོལ་བ་མཐར་ཐུག་པ་མེད་པ་སྟེ། བཞི་གང་ཞེ་ན ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། འཁོར་བས་ཡོངས་སུ་མི་སྐྱོ་བ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་མཐར་ཕྱིན་པ་མེད་པ་སྟེ། བཞི་པོ་དེ་དག་གོ། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་བྲ་མ་ཏོག་གི་གཟུངས་ལ་ཆོག་མི་ཤེས་པ་སྟེ། བཞི་གང་ཞེ་ན ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་སུམ་དུ་ཆོས་མཉན་པས་ཆོག་མི་ཤེས་པ་དང་། སེམས་ཅན་རྣམས་ལ་ཆོས་བསྟན་པས་ཆོག་མི་ཤེས་པ་དང་། དགེ་བའི་རྩ་བ་ཡོངས་སུ་ཚོལ་བས་ཆོག་མི་ཤེས་པ་དང ་ད་མ་ཡས་ཐས་མས། མམ་པ་ལ་ང ་བཞི་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་རྨུགས་པར་དཀའ་བ་དང་། བདུད་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་དང་། ཕས་ཀྱིས་རྒོལ་བ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བདུ ་གཞན་གྱིས་བྱས་པ་ཐམས་ཅད་ཀྱིས་ཚུགས་པར་དཀའ་བ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱིས་འདྲེས་པ་སྟེ། བཞི་གང་ཞེ་ན། ཉན་ཐོས ་དང་། རང་སངས་རྒྱས་རྣམས་དང་མ་འདྲེས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་མ་འདྲེས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་དང་མ་འདྲེས་པ་དང་། ་སོ་སོའི་སྐྱེ་བོའི་ཉེས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། བཞི་པོ་དེ་དག་ནི་མ་འདྲེས་པ་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་སྨད་དུ་མེད་པ་སྟེ། བཞི་གང་ཞེ་ན། ་སྐྱེ་བ་སྤང་དུ་མེད་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྤང་དུ་མེད་པ་དང་། ཆོས་བསྟན་པའི་ཐེ་མོ་གཏམ་གཅིག་པུ་ལ་སྨད་དུ་མེད་པ་དང་། ཐེག་པ་ཆེན་པོ་སྒྲོལ་བའི ་ཁྱེར། སློང་བ་པོ་སྤང་དུ་མེད་པདེ། བཞི་པོ་དེ་དག་ནི་སྔང་དུ་མེད་པ་ཡིན་ནོ།། ཀྭའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ལམ་ཏོག་གི་གཟུངས་ཀྱི་སྟོབས་ཡིན་ཏེ། བཞི་གང་ཞེ་ན། སེམས ་ཅན་ཐམས་ཅད་ཀྱི་ཉེས་པ་བྱས་པ་བཟོད་པའི་ཕྱིར། བཟོད་པའི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པའི་ཕྱིར། ཡེ་ཤེས་ཀྱི་སྟོབས་དང་། སེམས ་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པའི་ཕྱིར། མངོན་པར་ཤེས་པའི་སྟོབས་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པའི་ཕྱིར། ཐབས་ཀྱི་སྟོབས་ཏེ་བཞི་པོ་དེ་དག་ནི་སྟོབས་ཡིན ་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་གཏེར་ཆེན་པོ་མི་ཟད་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པའི་གཏེར་ཆེན། ་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི ་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ།། ཀླུའི་བདག་པོ་བཞི་པོ་འདི་དག་ནིམི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཚད་མེད་པ་ཉིད་དེ། བཞི་གང་ཞེ་ན ་ཐོས་པ་དང་མེད་པ་ཅིང་དང་། ཤེས་རབ་ཆད་མེད་པ་ནིད་དང་། ཡོངས་སུ་འཐོ་ལ་ཚད་མེད་པ་ཉིད་དང་། ངེས་པའི་ཚོགས་བསྟན་པ་རྣམས་ལ་སྒྲ་ཆད་མེད་པ་ཉིང་དེ། བཞི་པོ་དེ་དག་སོ ་ཀྭའི་བདག་པོ་བཞི་པོ་འདི་དག་ནི་། མི་ཟང་བའི་ཐམ་ཏོག་ག་གཟུངས་ཀྱི་དོན་ཡོད་པ་ཉིད་དེག་བཞིནི་གང་ཞེན་། ཆོས་བསྐུར་པ་དོན་མེང་པ་ཉིད་དང་བདེན་པའི་ཚིག་བསྟན་པ་དོན་མེད་པཉིད་དང་། ་ཆོས་ལ་སྦྱོར་བ་རྣམ་པར་འདབྱེ་བདོན་ཡོད་པ་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་ན་ཡོད་པ་ཉིད་དེ། འདི་པ་དེ་དག་གོ། བུའི་བདག་པོ་ངའི་བློ་འདྲི་ག་ནི། མི་བླང་བའི་མ་པ་ཏོག་གི་གཟུངསས ་མི་འཇིགས་པ་ཐོབ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། གང་ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་ཐོབ་པ་དང་། འཁོར་རྣམས་ཀྱི་རང་དུ་ཟིལ་གྱིས་གནོན་པས་མི་འཇིགས་པ་ཐོབ་པ་དང་། ་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པ་ལ་མི་འཇིགས་པ་ཐོབ་པ་དང་། སངས་རྒྱས་ཀྱི་ས་ལ་འཇུག་པ་ལ་མི་འཇིགས་པ་ཐོབ་པ་སྟེ། བཞི་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་མི་འཇིགས ་བ་ཐོབ་པ་ཡིན་པར་རིག་པར་བྱ་སྟེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི། ཡོན་ཏན་བསྟན་པ་ཚད་མེད་པ་དང་། ཡེ་ཤེས་ལ་འཇུག་པ་ཚད་མེད་པའོ།། ཀླུའི་བདག་པོ་བྲང ་ཆུབ་སེམས་དཔའ་སྤྱོད་པ་རྣམས་དང་། བྱང་ཆུབ་སེམསད་པའི་ཡེ་ཤེས་རྣམས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་བརྩེ་བ་རྣམས་དང་། བྱང་ཆུབ་སེམས་དཔའི་རྒྱ་ཆེར་རྩེ་བ་རྣམས་དང་། བྱང ་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་བཀོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ལམ་རྣམས་དང་། བྱང་ཆུབ་སེམས་དཔའི་སྣོད་རྣམས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་དང་། ་སྡེ་སྣོད་དེ་ལ་འཇུག་པ་རྣམས་དང་། གཟུངས་ཀྱི་སྒོའི་ཕྱག་རྒྱ་ལ་འཇུག་པ་རྣམས་དང་། བསྒྲེ་བ་དང་། བསྒྲེ་བ་མ་ཡིན་པ་ལ་མཁས་པ་དང་། ལུས་དང་། ངག་དང་། སེམས་ཀྱི་རྒྱན་བཀོད་པ ་རྣམས་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་འཛིན་པ་དང་། བྱང་ཆུབ་ཀྱི་སྙིང་པོའི་ཚོགས་བསགས་པ་རྣམས་དང་། སེམས་ཅན་ཡོངས་སུ་སྦྱངས་པའི་ཡེ ་ཤེས་ལ་འཇུག་པ་རྣམས་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་འཐུན་པ་དང་། སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཉེ་བར་བརྟན་པ་ཤེས་པ་དང་། བྱང་ཆུབ་ཀྱི་སྙིང ་པོའི་རྒྱན་བཀོད་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཇི་སྙེད་པ་ཞེས་ཚིག་ཏུ་སྨྲ་བ་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཡང་དག་པར་སྨྲ་བས་སྨྲ་བར་བྱའོ།། ཀླུའི་བདག་པོ་སེམས ་ཅན་གྱི་བརྡའི་རྗེས་སུ་འཇུག་པའམ། ཆོས་ཀྱི་བརྡའི་རྗེས་སུ་འཇུག་པའི་ཡི་གེ་གང་ཡིན་པ་དེ་དག་ཐམས་ཅད་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་རྗེས་སུ་འཇུག་པའི་ཚུལ་གྱིས་བྱང ་ཆུབ་སེམས་དཔས་ཡི་གེ་དེ་དང་དེ་རྣམས་ཀྱི་ཚུལ་གྱི་དགོངས་པ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་གཟོད་པ་ནས་དག་པས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སླུ་བར་མི་བྱེད ་དོ།། ཆོས་ཐམས་ཅད་ལ་དགའ་བས་ན། ཆོས་ཀྱི་ཀུན་དགའ་ལ་དགའ་བ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དོན་དམ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་སླ་བར་མི་བྱེད ་དོ།། ཆོས་ཐམས་ཅད་མིག་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྣང་བ་ལ་སླུ་བ་མི་བྱེད་དོ།། ཆོས་ཐམས་ཅད་མིང་ཙམ་དུ་ཟད་པས་ན། ཆོས་ཐམས་ཅད་ཀྱི་བརྡ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས ་ཅད་ཐོབ་པ་ཡིན་པས་ན་ཆོས་ཐམས་ཅད་ཀྱི་དགོངས་པ་སྦྱོར་བ་ལ་སླ་བར་མི་བྱེད་དོ།། ཆོས་ཐམས་ཅད་དུལ་བས་ན། ཆོས་ཐམས་ཅད་ཀྱི་ཅང་ཤེས་ཉིད་ལ་སླ་བར་མི་བྱེད་དོ།། ཆོས་ཐབས ་ཅད་ཞི་བས་ན།། ཆོས་ཐམས་ཅད་ཀྱི་སྡང་བར་ཉིད་ལ་སུ་བར་མི་བྱེད་དོ།། ཆོས་ཐམས་ཅད་སྟོབས་དང་བྲལ་བས་ན། ཆོས་ཐམས་ཅད་ཀྱི་སྟོབས་མེད་པ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད ་ཚིག་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དང་བ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་མོས་པ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་ཚིག་གི ་ལམ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་བརྗོད་པ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་དེ་བཞིན་ཉིད་ཡིན་པས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་ལ་སླུ་བར་མི་བྱེད་དོ།། ཆོས ་ཐམས་ཅད་ཇི་ལྟ་བ་བཞིན་པས་ན། ཆོས་ཐམས་ཅད་ཀྱི་དུས་གསུམ་མཉམ་པ་ཉིད་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་གནས་ན་གནས་པས་ན། ཆོས་ཐམས་ཅད་ཀྱི་མི་གཡོ་བ་ཉིད་ལ་སླུ་བར་མི་བྱེད ་ངོ།། ཆོས་ཐམས་ཅད་ལག་མཐིལ་ན་འཇུག་པས་ན། ཆོས་ཐམས་ཅད་ཀྱི་བྱ་བ་ཡོད་པ་ལ་སླུ་བར་མི་བྱེད་དོ།། ཆོས་ཐམས་ཅད་མཉམ་པས་ན། ཆོས་ཐམས་ཅད་ཀྱི་ཁྱད་པར་མེད་པ་ཉིད་ལ་སླུབ་མི་བྱེད་དེ།། ་ཆོས་ཐམས་ཅད་ལམ་ཡིན་པས་ན་། ཆོས་ཐམས་ཅད་ཀྱི་ཀུན་ནས་འཇུག་པ་སྟོན་ཏོ།། ཆོས་ཐམས་ཅད་ནམ་མཁའ་ཡིན་པས་ན་། ཆོས་ཐམས་ཅད་ཀྱི་ནམ་མཁའ་ལྟ་བུ་ཉིད་སྟོན་ཏོ།། ཆོས་ཐམས་ཅད ་ནན་གྱིས་བྱས་པས་ན། ཆོས་ཐམས་ཅད་ཀྱི་སྒྲོལ་བ་ཉིད་སྟོར་ཏོ།། ཆོས་ཐམས་ཅད་བསྲང་དུ་མེད་པས་ན། ཆོས་ཐམས་ཅད་ཀྱི་བདག་པོ་མེད་པ་ཉིད་སྟོན་ཏོ།། ཆོས ་ཐམས་ཅད་དྲན་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་བརྗེད་པ་མེད་པ་སྟོན་ཏོ།། ཆོས་ཐམས་ཅད་གཟུངས་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མི་ཟད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཞི ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཉེ་བར་ཞི་བ་སྟོན་ཏོ།། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པས་ན། ཆོས་ཐམས་ཅད་ཀྱི་ཡངས་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཟད་པའི་སྒོ་ཡིན།། ་པས་ན། ཆོས་ཐམས་ཅད་ཀྱི་ཟད་པའི་མཐའི་སྒོ་སྟོན་ཏོ།། ཆོས་ཐམས་ཅད་གནས་ན་གནས་པས་ན། ཆོས་ཐམས་ཅད་ཀྱི་གནས་པའི་ཆོས་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཡེ་ཤེས་ལ་འཇུག ་པས་ན། ཆོས་ཐམས་ཅད་ཀྱི་གཏི་མུག་དང་བྲལ་བ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཁོངས་སུ་འདུས་པས་ན། ཆོས་ཐམས་ཅད་ཀྱི་སྣརེལ་ཞི་ཉིད་སྟོན་ཏོ།། ཆོས་ཐམས་ཅད་དངོས་པོ་དང་བྲལ ་པས་ན། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་གཡོ་བ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་ཚུལ་བཞིན་མ་ཡིན་པ་ཡོངས་སུ་འཛིན་པ་སྟོན་ཏོ།། ་ཆོས་ཐམས་ཅད་དྲན་པར་བྱེད་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པ་སྟོན་ཏོ།། ཆོས་ཐམས་ཅད་ཡོ་བྱད་མང་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་སྲིད་པ་ཉིད་སྟོན ་ཏོ།། ཆོས་ཐམས་ཅད་ས་ཞེས་བྱ་བ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་མ་ནིང་གི་ཚིག་ཐ་དགས་སྟོན་ཏོ།། ཆོས་ཐམས་ཅད་ཧ་ཞེས་བྱ་བ་དང་། ན་ཞེས་བྱ་བ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི ་མི་འདྲ་བ་ཉིད་སྟོར་ཏོ།། ཆོས་ཐམས་ཅད་རྒྱ་མཚོ་ལ་འཇུག་པས་ན། ཆོས་ཐམས་ཅད་ཀྱི་དགོངས་པའི་ཚིག་རྒྱ་ཆེན་པོ་སྟོན་ཏོ།། ཆོས་ཐམས་ཅད་ལྷུན་ལྷུག་པས་ན། ཆོས་ཐམས་ཅད་ཀྱི་བསྐྱོད ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་གནས་ན་གནས་པས་ན། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གནས་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་འདྲེན་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི ་ཡང་དག་པའི་འདུལ་བ་སྟོན་ཏོ།། ཆོས་ཐམས་ཅད་འབྲས་བུ་ཐོབ་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ཡིད་ལ་བྱེད་པ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་ཕུང་པོ་ཙམ་དུ་ཟད་པས་ན ་ཆོས་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པ་སྟོན་ཏོ།། ཆོས་ཐམས་ཅད་ཆོམ་རྐུན་ཡིན་པས་ན། ཆོས་ཐམས་ཅད་ཀྱི་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད ་སྤངས་པ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མངོན་པར་ཞེན་པ་མེད་པ་ཉིད་སྟོན་ཏོ།། ཆོས་ཐམས་ཅད་དུ་ཞེས་བྱ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་ལམ་ཆད་པ་ཉིད་སྟོན་ཏོ།། ཆོས་ཐམས ་ཅད་དཱ་ཞེས་བྱ་བ་ཡིན་པས་ན། ཆོས་ཐམས་ཅད་ཀྱི་མཐའ་ཡས་པ་དང་། ཡོངས་སུ་ཆད་པ་མེད་པ་ཉིད་སྟོན་ཏོ།། ཀླུའི་བདག་པོ་འདི་ནི་ཡི་གེའི་བརྡལ་འཇུག་པ་ཞེས་བྱ་བ་མི་ཟད་པའི་ཟམ་ཚོ། ་གི་གཟུངས་ལ་བྱང་ཆུབ་སེམས་དཔས་གཟུངས་ཐོབ་ནས་ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གི་དགོངས་པ་རྟོགས་པར་འགྱུར་བའོ།། ཀླུའི་བདག་པོ་དཔེར་ན ་ཡི་གེ་རྣམས་མི་ཟད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་བསྟན་པ་མི་ཟད་དོ།། དཔེར་ན། ཡི་གེ་རྣམས་ནི་ལུས་སམསེམས་གང་ནས་ཀྱང་མི་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང ་མི་འབྱུང་སྟེ། ལུས་ལ་ཡང་མི་གནས། སེམས་ལ་ཡང་མི་གནས་སོ།། དཔེར་ན། ཡི་གེ་རྣམས་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ་ཀུན་ནས་ཉོན་མོངས་པ་ཡང་བརྗོད་དོ།། ་རྣམ་པར་བྱང་བར་ཡང་མི་འགྱུར་ལ། རྣམ་པར་བྱང་བ་ཡང་རྗོད་དོ།། དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་ཡང་བརྗོད་ལག་ཀུན། ་ནས་ཉོན་མོངས་པའི་ཆོས་ཀྱིས་ཀྱང་། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ།། རྣམ་པར་བྱང་བའི་ཆོས་ཀྱང་རྗོད་ལ། རྣམ་པར་བྱང་བའི་ཆོས་ཀྱིས་ཀྱང་རྣམ་པར་དག་པར་མི་འགྱུར་ཏེ། ཤིན་ཏུ་རྣམ ་པར་དག་པའི་ཕྱིར་རོ།། དཔེར་ན། ཡི་གེ་རྣམས་ནི་གང་ནས་ཀྱང་མ་འཕོས་ལ། གོ་བར་ཡང་བྱེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མ་འཕོས་ལ། གོ་བར་ཡང་བྱེད་དེ། གཞན་གྱི ་སེམས་ཀྱང་རྣམ་པར་དག་པར་བྱེད་དོ།། དཔེར་ན། ཡི་གེ་བརྗོད་པ་རྣམས་ཀྱང་། ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ། མ་བརྗོད་པ་རྣམས་ཀྱང་ནང་དུ་སོགས་པ་མེད་པ་དེ་བཞིན ་དུ། ཆོས་བརྗོད་པའམ། བསྟན་པ་ཐམས་ཅད་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ། མ་བསྟན་པ་རྣམས་ཀྱང་ནང་དུ་སོགས་པ་མེད་དོ།། དཔེར་ན། ཡི་གེ་རྣམས་ནི་གཟུགས་མེད་ཅིང ་བསྟན་དུ་མེད་པར་འབྱུང་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་གཟུགས་མེད་ཅིང་བསྟན་ཏུ་མེད་པར་སེམས་ཀྱི་དམིགས་པ་རྣམས་ལས་འབྱུང་ངོ་།། དཔེར་ན། ཡི་གེ་རྣམས་ནི་སྐད་ཅིག་པ་དང་ཡ ་བརླ་དང་། གསོབ་དང་། གསོག་ཡིན་ལ། དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་སྐད་ཅིག་པ་དང་། ཡ་མ་བ་རླ་དང་། གསོབ་དང་། གསོག་ཡིན་ལ ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་དོ།། དཔེར་ན། ཡི་གེ་རྣམས་ནི་ཆགས་པ་ཡང་མེད། སྡང་བ་ཡང་མེད། རྨོངས་པ་ཡང་མེད་པར་འགྱུར་ལ་ཡི་གེ་རྣམ་པར་རིག་བྱེད་དེས་ཀྱང་བྱིས་པ་རྣམས་རྗེས ་སུ་ཆགས་པ་འམ། ཁོང་ཁྲོ་བའམ། རྨོངས་པར་འགྱུར་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཆགས་པའང་མེད། སྡང་བའང་མེད། རྨོངས་པའང་མེད་པར་ཡོངས་སུ་རྟོགས་ལ་མངོན་པར ་ཞེན་པས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འགྱུར་རོ།། དཔེར་ན་ཡི་གེའི་བརྡས་ནི་འབྲས་བུ་ཐོབ་པ་ཡང་བསྟན་ལ། ཡི་གེ་རྣམས་ཀྱིས་ཐོབ་པ་ཡང་མེད། མངོན་སུམ་དུ ་བ་ཡང་མེད་པ་དེ་བཞིན་དུ། ཆོས་རྣམ་པར་བཞག་པས་འབྲས་བུ་ཐོབ་པ་བསྟན་མེད་ཀྱི། འདི་ལ་ཆོས་འགའ་ཐོབ་པ་འམ། མངོན་སུམ་དུ་བྱ་བ་ཡང་མེད་དོ།། དཔེར་ན། ཆོས་གང་ཡང་ཡི་གེ་རྣམ ་ཀྱིས་མ་བསྡུས་པ་མེད་པ་དེ་བཞིན་དུ་ཆོས་གང་ཡང་བྱང་ཆུབ་ཀྱིས་མ་བསྡུས་པ་མེད་དེ། ཀླུའི་བདག་པོ་དེ་ལྟར་ན། མི་ཟད་པའི་ཟ་མ་ཏོག་གཟུངས་ལ་གནས་པའི་བྱང་། ་ཆུབ་སེམས་དཔའ་ནི་ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ཚོལ་བར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་སྟོན་པར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ་གླེང་བར་བྱེད་དོ།། ཡི་གེ་རྣམས་ཁོ་ནས་བྱང་ཆུབ ་ལ་རེག་པར་བྱེད་དོ།། ། བམ་པོ་གསུམ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པས། སྟོབས་བཅུ ་ཐོབ་པར་འགྱུར་རོ།། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། ་བླ་ན་མེད་པའི་ཤེས་རབ་ཐོབ་པར་འགྱུར་ཏོ།། དེའི་ཤེས་རབ་དེ་ཡང་སེམས་ཅན་ཐམས་ཅད་གཟུགས་མེད་པར་སྒྲོལ་བའོ།། ཉོན་མོངས་པ་ཐམས་ཅད་སྲེག་པའོ།། སེམས་ཅན་ཐམས་ཅད ་ཡོངས་སུ་སྨིན་པར་བྱེད་པའོ།། ཆུ་བོ་བཞི་ལས་སྒྲོལ་བའོ།། བདུད་བཞི་རྣམ་པར་འཇོམ་པའོ།། སེམས་ཅན་ཐམས་ཅད་ལ་འཛུམ་པའི་བཞིན་སྟོན་པའོ།། སེམས་ཅན་ཐམས་ཅད་མགུ ་བར་བྱེད་པའོ།། ཤེས་རབ་རིན་པོ་ཆེའི་སེམས་ཡང་དག་པར་སྐྱེད་པའོ།། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ།། ཕས་ཀྱི་རྒོལ་བ་ཐམས་ཅད་ཡང་དག་པར་འཇོམ་པའོ།། ་ཉོན་མོངས་པའི་ཆེ་བ་སྲེ་མར་རྟོག་པའོ།། གསང་བ་གསུམ་གྱི་གསང་སྔགས་ཀྱིས་ཀུན་ཏུ་སྲུང་བའི་གཟུངས་སོ།། ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའོ།། ཉོན་མོངས་པའི་ཁུར་ལས་སྒྲོལ་བའོ།། ་འཇིགས་པ་དང་སྐྲག་པ་ཐམས་ཅད་དང་བྲལ་བའོ།། རྒྱ་ཆེ་ཞིང་ཟབ་པའི་ཆོས་ལ་ལྟ་བའོ།། སེང་གེའི་རྩ་ལ་སྤྱོད་པའོ།། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ།། མྱ་ངན་ལས་འདས་པའི ་ལམ་དུ་འགྲོ་བའོ།། གཡོན་ཕྱོགས་ཀྱི་ལམ་ཡོངས་སུ་སྤོང་བའོ།། གཡས་ཕྱོགས་ཀྱི་ལམ་དུ་འཛུད་པའོ།། དེ་ལྟར་ཡེ་ཤེས་རིན་པོ་ཆེ་དང་ལྡན་པ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། ་བསམ་པ་དང་། ཆོག་ཤེས་པའོ།། མངོན་པར་ཤེས་པ་ལྔ་རྟོགས་པར་ཁོང་དུ་ཆུད་པའོ།། བསཔ་གཏན་རྩེ་གཅིག་པ་ལ་དགའ་བའོ།། འཕགས་པའི་བདེན་པ་བཞིའི་ཁ་དང་ལྡན་པའོ།། ་སྤུན་ལྔའི་མིག་བཟང་པོ་དང་ལྡན་པའོ།། མཁའི་དཀྱིལ་མཐའ་དག་གི་ལུས་དང་ལྡན་པའོ།། ཆོས་ཀྱི་དབྱིངས་དང་མཉམ་པའི་དཔྲལ་བ་དང་ལྡན་པའོ།། དེ་བཞིན་ཉིད་ཀྱི་མགྲིན་པ་དང་ལྡན ་པའོ།། མི་སྐྱེ་བའི་ལྕེ་དང་ལྡན་པའོ།། མཉམ་པ་ཉིད་དང་རོ་གཅིག་པའོ།། ཆོས་ཐམས་ཅད་ལ་ཐོས་པ་འཛིན་པའོ།། སྒྲ་ཐམས་ཅད་རྟོགས་པའི་ཐོས་པ་དང་ལྡན་པའོ།། དྲིལ་རྗེས་སུ་ཆགས ་པ་མེད་པའོ།། དྲིལ་ཁོང་ཁྲོ་བ་མེད་པའོ།། དྲི་ཐམས་ཅད་རིག་པའོ།། དྲན་པ་ཉེ་བར་གཞག་པ་བཞིའི་མགོ་བོ་དང་ལྡན་པའོ།། ཚངས་པའི་གནས་པ་བཞིའི་སྒྲ་དྲི་ཞིམ་པོ་དང་ལྡན་པའོ།། རྣམ ་བར་ཐར་པ་གསུམ་གྱི་གཙུག་ཕུད་དང་ལྡན་པའོ།། ཡང་དག་པར་སྤོང་བ་བཞིའི་ཐལ་གོང་ཤིན་ཏུ་རྒྱས་པ་དང་ལྡན་པའོ།། རྫུ་འཕྲུལ་གྱི་རྐང་པ་བཞིའི་དཔུང་མགོ་དང་ལྡན་པའོ།། ་སྟོབས་ལྔའི་ཐོང་ཀ་ཤིན་ཏུ་ཡངས་པ་དང་ལྡན་པའོ།། དབང་པོ་ལྔའི་ལྟེ་བ་ཤིན་ཏུ་ཟབ་པ་དང་ལྡན་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ལྟོ་བ་དང་ལྡན་པའོ།། ལམ་ཡན་ལག་བརྒྱད་པའི་སྒྲ་ཟུརང ་ལྡན་པའོ།། ཡེ་ཤེས་མཐའ་ཡས་པའི་སྤུའི་ཁུང་བུ་དང་ལྡན་པའོ།། དགེ་བའི་རྩ་བའི་ཕུན་སུམ་ཚོགས་པ་ཐམས་ཅད་འདྲེན་པའི་ཡན་ལག་དང་ལྡན་པའོ།། དགེ་བ་བཅུའི་ལས་ཀྱི་ལམ་ལེགས ་པར་སྲུང་བའི་སོར་མོ་དང་ལྡན་པའོ།། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས་ཉིད་མཐོང་བ་དང་བསྒོམ་པའི་སོ་མོ་དང་ལྡན་པའོ།། ཆོས་ཐམས་ཅད་ལ་སོམ་ཉི་མེད་པའི་རྩི་བ་ལོགས་དང་ལྡན ་པའོ།། སའི་རིམ་པའི་ཚུལ་ཐོབ་པའི་སྐལ་ཚིགས་དང་ལྡན་པའོ།། དུས་ལས་མི་འདའ་བར་ཆོས་སྟོན་པའི་སྟོབས་དང་ལྡན་པའོ།། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། ་སྙོམས་པར་འཇུག་པ་ཐམས་ཅད་ལ་ཡོངས་སུ་སྦྱངས་པ་ལེགས་པར་བྱས་པའི་འི་གནས་དང་། ལྷག་མཐོང་གི་བརླ་དང་ལྡན་པའོ།། ཆོས་ཀྱི་ངེས་པ་ལ་འཇུག་པའི་པུས་མོ་དང་ལྡན་པའོ།། ཆོས་ཇི་ལྟ་བ་བཞིན། ་དུ་སོན་པའི་། ངར་དང་ལྡན་པའོ།། ཆོས་རྟོགས་པས་གསུངས་པའི་རྣམ་པར་དྲར་པ་དང་ལྡན་པའོ།། ཉོན་མོངས་ཐམས་ཅད་ལས་རྣམ་པར་རྒྱལ་བར་ལོང་པོ་དང་ལྡན་པའོ།། ཕྱོགས་བཅུར་འགྲོ་བའི་། ་པ་དང་ལྡར་པའོ།། བསྟན་པ་ཚམས་འབྱོར་པར་འགྲོ་ར་འོང་བ་དང་ལྡན་པའོ།། ངོ་ཤེས་པ་དང་ཁྲེལ་ཡོད་པ་ཐམ་སགྱོར་པའོ།། བླང་ཆུབ་ཀྱིཡ་ལག་ག་ཆོས་ཀྱིའི་ཏོག་ཀྱི་དྲང་བས་བཅར་པགྲོ ་ཤིན་ཏུ་རྣམ་པར་སྤེལ་བའི་ཚིག་གིས་ཆོས་སྟོན་པའོ།། འཐུན་པ་དང་མི་མཐུན་པ་དང་བྲལ་བའོ།། འཆི་འཕོ་བ་དང་། འགྲོ་བ་དང་། སྐྱེ་བའི་ཤེས་རབ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་ཟབ་མོའི ་མའི་བསྒོ་བས་བསྒོས་པའོ།། ཚུལ་ཁྲིམ་ཀྱི་ཕུང་པོ་མཐའ་ཡས་པའི་བྱུག་པ་དང་ལྡན་པའོ།། ཚངས་པའི་གཡོག་འཁོར་དང་ལྡན་པའོ།། ཚངས་པའི་ལམ་མྱ་ངན་ལས་འདས་པའི་ལམ་དང་ལྡན་པའོ།། ཁས་བཟང་པོ་སྟོན་པའོ།། ཐར་པའི་ལམ ་དུ་ཁྲིད་པའོ།། འགྲོགས་ན་བདེ་བའི་མཛའ་བཤེས་དང་མཛའ་བོའི་མཆོག་དང་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་རྩ་ལག་གོ།། སྙིང་རྗེ་ཆེན་པོ་དང་ལྡན་པའོ།། སེམས་ཅན་ཐམས་ཅད་ཀྱི་ཕན་པ་རོལ ་བའོ།། སྐྱེས་བུ་མཆོག་གོ།། སྐྱེས་བུ་ཆེན་པོའོ།། སྐྱེས་བུ་དམ་པའོ།། སྐྱེས་བུ་ཁྱུ་མཆོག་གོ།། སྐྱེས་བུ་སེང་གེའོ།། སྐྱེས་བུ་པདྨའོ།། སྐྱེས་བུ་པདྨ་དཀར་བའོ།། སྐྱེས་བུ་གཅེས་པ་འཛིན་པའོ།། སྐྱེས ་བུག་ཙོ་ཟའོ།། སྐྱེས་བུ་ཅང་ཤེས་སོ།། སེམས་ཅན་ཐམས་ཅད་ཕོངས་པ་དང་སྡུག་བསྔལ་བ་ལས་ཐར་པར་བྱེད་པའོ།། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ།། སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བའོ།། ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་གཅོད་པའོ།། བདུད་རྩིའི་ཆོས་ཀྱི་མཆོག་སྟོན་པའོ།། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡང་དག་པར་འཛིན་པའོ།། ཆོས་ཐམས་ཅད་ལ་དབང་བྱེད། ་པ་ཐོབ་པའོ།། སེམས་ཅན་ཐམས་ཅད་ཀྱི་བདག་པོའོ།། ཕ་མ་དང་ཉེ་དུར་གྱུར་པའོ།། འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པའོ།། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ། ་འཐུན་པའོ།། ཆོས་ཀྱི་དབང་ཕྱུག་གོ།། སེམས་ལ་དབང་བྱེད་པའོ།། བསྟན་བཅོས་དང་ཡི་གེ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་སེམས་ཀྱི་གྲོགས་བྱེད་པའོ།། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གོས་དང་། ཟས་དང་། སྐོམ་དང་། བཟའ་བའི་བྱ་བ་བྱེད་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་དུས་ཚིགས་ཀྱི་བདེ་བ་བྱེད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ ་ནི། དེའི་ཐམས་ཅད་ལས་མི་འཇིགས་པར་བྱེད་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ལེགས་པར་བྱ་བའི་ལས་བྱེད་པའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་འགྱོད་པ་མེད་པར་བྱེད་པ། ་དང་ཉེ་བར་ཞི་བར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཆོས་ཐམས་ཅད་ཡོངས་སུ་དག་པར་བྱེད་པའོ།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ན། དེའི་གཉིས་ཀའི་དོན་བྱེད་པའོ།། ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཅི་འདོད་པའི་དོན་ཡང་དག་པར་ཐོབ་པར་བྱེད་པའོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེའི་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ།། ཡེ་ཤེས ་ཀྱི་ཕ་རོལ་ཏུ་ཕྱིད་པ་ནི། དེའི་དུས་གསུམ་ལ་ཡེ་ཤེས་ཐོགས་པ་མེད་པར་བྱེད་པའོ།། བྱམས་པ་ནི་དེའི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་གྲུབ་པར་བྱེད་པའོ།། སྙིང་རྗེ་ནི་དེའི་སེམས་ཅན་ཐམས་ཅད་ལ ་སྡུག་བསྔལ་སེལ་བར་བྱེད་པའོ།། དག་ར་བ་ནི་དེའི་རངས་པ་དང་། དགའ་བར་བྱེད་པའོ།། བཏང་སྙོམས་ནི་དེའི་རྗེས་སུ་འཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་བྱེད་པའོ།། བདེན་པའི་གཏུ་པ་ནི་དྲི ་འཇིག་རྟེན་ཐམས་ཅད་ལ་མི་སུ་བར་བྱེད་པ་སྟེ། ཀླུའི་བདག་པོ་འདི་དག་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཁ་དོག་གི་ལུས་ཡིན་ནོ།། བྱང་ཆུབ་སེམས་དཔའ་གང་གཟུངས་འདིས་ཆོས་ཀྱི་ཀུན ་དགའ་ལ་དགའ་བ་དེ་ལ། རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་མགོ་བོར་གྱུར་པ་ལྟ་བུ་ཡིན་ནོ།། བརྒྱ་བྱིན་རི་རབ་ཀྱི་ཟོམ་ན། བདག་པོར་གྱུར་པ་ལྟ་བུ་ཡིན་ནོ།། ཚངས་པ་ལྟ་བུར་ཚངས་པར་གྱུར་པ་ས ་ཡིན་ནོ།། ལྷ་མ་ཡིན་གྱི་དབང་པོ་སྒྲ་ག་ཅན་ལྟ་བུར། ལུས་ཁྱད་པར་དུ་འཕགས་པ་ཡང་ཡིན་ནོ།། རྒྱ་མཚོ་གཏིང་དཔག་དཀའ་ཞིང་མུ་མེད་པ་ལྟ་བུ་ཡང་ཡིན་ནོ།། རི་རབ་ལྟ་བུར་བསོད་ནམས་དག ་གིས་མངོན་པར་འཕགས་པ་ཡང་ཡིན་ནོ།། ལྷ་རྣམས་ཀྱི་སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བ་ཡང་ཡིན་ནོ།། ཕ་མའི་བུ་གཅིག་པ་ལྟ་བུ་ཡང་ཡིན་ནོ།། ནམ་མཁའི་དཀྱིལ་ན་ཟླ་བ་ཉ་འདུག་པ ་ལྟ་བུར་བལྟ་ན་སྡུག་པ་ཡང་ཡིན་ནོ།། སྟོན་པ་ལྟ་བུར་ལྔ་དང་མི་རྣམས་ཀྱིས་ཕྱག་བྱ་བའི་གནས་ཀྱང་ཡིན་ནོ།། ཉི་མ་ཤར་བ་ལྟ་བུར་སྣང་བ་བྱེད་པ་ཡིན་ནོ།། ནགས་ན་འདུག་པའི་རྨ་བྱ་ལྟ་བུར ་སྐད་སྙན་པ་ཡང་ཡིན་ནོ།། རིའི་ཕུག་ན་འདུག་པའི་སེང་གེ་ལྟ་བུར་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ་ཡང་ཡིན་ནོ།། སེམས་ཤིན་ཏུ་དུལ་བའི་གླང་པོ་ཆེ་ལྟ་བུར་ཅང་ཤེས་ཀྱི་ཟས་ལ་ལོངས་སྤྱོད་པ་ཡང ་ཡིན་ནོ།། ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུར་ཆོས་ཀྱི་རྒྱལ་སྲིད་སྟོན་པ་ཡང་ཡིན་ནོ།། ཀྭའི་ཚོགས་རྩེ་བ་ལྟ་བུར་ཆོས་ཀྱི་སྦྱིན་བགྱིད་པ་ཡང་ཡིན་ནོ།། ཀླུའི་བདག་པོ ་ཆར་ཆེན་པོ་འབེབས་པ་ལྟ་བུར་ཆོས་ཀྱི་འབྲུག་སྒྲ་མངོན་པར་སྒྲོགས་པ་ཡང་ཡིན་ནོ།། བརྒྱ་བྱིན་ལྟ་བུར་དུས་སུ་ཆོས་ཀྱི་ཆར་ཆེན་པོ་འབེབས་པ་ཡང་ཡིན་ནོ།། དཔའ་བོས་གཞན་གྱི་དམག་ལ་བྱ་བ་ལྟ ་བུར་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཡང་ཡིན་ནོ།། ཆུའི་རྒྱུན་གྱིས་མེ་ལ་བྱ་བ་ལྟ་བུར་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡང་ཡིན་ནོ།། རླུང་གིས་ཕུབ་མ་སྤར་གང་ལ་བྱ་བ་ལྟ་བུར ་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ཡང་ཡིན་ནོ།། མ་མས་བྱིས་པ་ལ་བྱ་བ་ལྟ་བུར་སེམས་ཅན་ཐམས་ཅད་དང་འཐུན་པར་བྱེད་པ་ཡང་ཡིན་ནོ།། ས་གཞི་རྫས་རྣམས་ཀྱིས་མི་བསྐྱོད་པ་ལྟ་བུར་བདེ་བ་དང་།། ་སྡུག་བསྔལ་རྣམས་ཀྱིས་མི་བསྐྱོད་པ་ཡང་ཡིན་ནོ།། རླུང་གིས་ཤིང་གི་ལོ་མ་རྣམས་ལ་བྱ་བ་ལྟ་བུར་ཕས་ཀྱི་རྒོལ་བ་ཐམས་ཅད་གཡོ་བར་བྱེད་པ་ཡང་ཡིན་ནོ།། རྣམ་ཐོས་ཀྱི་བུ་རིན་པོ་ཆེ་ཐམས་ཅད་འབྱོར་པ་ལྟ ་བུ་ཆོས་ཀྱི་ནོར་འཐུན་པར་སྦྱིན་པ་ཡང་ཡིན་ནོ།། འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ ་ཡང་ཡིན་ཏེ། ཀླུའི་བདག་པོ་དེ་ལྟར་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ཞེས་བྱ་བའོ།། ཀླུའི་བདག་པོ་དཔེར་ན། རྒྱ་མཚོ་ཆེན་པོ ་ནི་རིན་པོ་ཆེ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་པ་དེ་བཞིན་དུ། མི་ཟང་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས ་ཅད་ཀྱི་འབྱུང་གནས་དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ནོ།། ཀླུའི་བདག་པོ་དཔེར་ན། སྤོས་བརྒྱ་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟ་མ་ཏོག་ནི། སེམས་ཅན་ཐམས་ཅད་སྤོས་ཀྱིས་ཡོངས་སུ་མགུ་བར ་བྱེད་པ་དེ་བཞིན་དུ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ལེགས་པར་སྨྲ་པས། ཡང་དག་པར་མགུ་བར་བྱེད་དོ།། ཀླུའི་བདག ་པོ་གཞན་ཡང་གཟུངས་འདི་ནི། སྒྲ་ཐམས་ཅད་ལ་འཇུག་པ་སྟེ། འདི་ན་བྱང་ཆུབ་ཀྱི་སེམས་ཤེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་རིན་ཆེན་གདུག་གཅིག་པའི་སངས་རྒྱས་ཀྱི་ཞིང་མི་ཟད ་པ་དང་། ལྡན་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་གཞག་པ་ཞེས་བྱའོ།། འདི་ན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི་སངས་རྒྱས ་ཞིང་ཁྱད་པར་བསྡུས་པའི་འཇིག་རྟེན་གྱི་ཁམས་ན་ཐམས་ཅད་དང་ལྡན་པ་ཞེས་བྱའོ།། འདི་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་གྲུབ་པར་གཤེགས་པའི ་སངས་རྒྱས་ཀྱི་ཞིང་ཞི་བའི་འཇིག་རྟེན་གྱི་ཁམས་ན་གཟི་བྱིན་ཅན་ཞེས་བྱའོ།། འདི་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་མྱ་ངན་དང་བྲལ་བའི་སངས ་རྒྱས་ཀྱི་ཞིང་མྱ་ངན་མེད་པའི་འཇིག་རྟེན་གྱི་ཁམས་ན་ལེགས་སོ་ཞེས་བྱ་བའི་ཚུལ་ཞེས་བྱའོ།། འདིན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེག། ་བ་དྲི་མ་མེད་པའི་ཞལ་གྱི་སངས་རྒྱས་ཀྱི་ཞིང་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་ན། རྒྱ་ཆེན་པོ་མོ་ཟད་པ་དང་ལྡན་པ་ཞེས་བྱའོ།། འདི་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན ་གཤེགས་པ་དྲི་མེད་འོད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བའི་འཇིག་རྟེན་གྱི་ཁམས་ན་སྒྲོལ་བར་བྱེད་པ་ཞེས་བྱའོ།། འདི་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ ་བརྟན་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་སྙིང་པོ་ཅན་གྱི་འཇིག་རྟེན་ཁམས། ཉེ་བར་ཞི་བར་སྤྱོད་པ་ཞེས་བྱའོ།། འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྤྲིན ་གྱི་རྒྱལ་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་སྤྲིན་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། ཡོངས་སུ་དག་པ་ཞེས་བྱའོ།། འདི་ན་ཐབས་ལམ་ཁས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཕྱག། ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཞིང་མཆོག་དམ་པའི་འཇིག་རྟེན་གྱི་ཁམས་ན། འཇིག་རྟེན་དང་འཐུན་པ་ཞེས་བྱའོ།། འདི་ན་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤེས་བྱ་བ་གང ་ཡིན་པ་དེ་ནི། རེ་བཞིན་གཤེགས་པ་དོན་གྲུབ་ཀྱི་སངས་རྒྱས་ཀྱི་འདི་ལེགས་པའི་འཇིག་རྟེན་གྱི་ཁམས་ན། བར་པ་དང་། ཡིད་དུ་འོང་བ་དང་། ཐུབ་པ་དང་། གཉིས་ཀ་ལས་ནི་བཞེས་བྱའོ།། འདི། ་ན་རྫུག་བསྔལ་དང་། སུ་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་གང་ཡི་པ་དེ་དག་ནི། དེ་བའི་གཤེགས་པ་དཔལ་སྲང་གི་སངས་རྒྱས་ཀྱི་ཞིང་ལྡང་དུམ་པའི་འཇིག་རྟེན་གྱི་ལམས་ད།། ་བ་དང་། རྩ་བའི་རྗེས་སུ་འགྲོ་བ་དང་། རྩ་བ་ཟད་པ་དང་། རྩ་བཞི་པར་འགྱུར་བ་ཞེས་བྱའོ།། འདི་ན་དྲན་པ་ཉེ་བར་གནག་པ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གནར་དག་ན་གནས་པ་རྣམས ་ཤེས་བྱའོ།། འདི་ན་ཡང་དག་པར་སྤོང་བ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་ཁྱད་པར་དུ་གྲོལ་བ་རྣམས་ཤེས་བྱའོ།། འདི་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་བྱ་བ་གང་ཡིན་པ་དེ ་ངག་ནི། གཞན་དག་ནི་ཕྱོགས་སུ་འགྲོ་བ་རྣམས་ཤེས་བྱའོ།། འདི་ན་དབང་པོ་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་རབ་ཏུ་ཤེས་པ་རྣམས་ཤེས་བྱའོ།། འདི་ན་སྟོབས་རྣམས་ཤེ་བྱ་བ ་གང་ཡིན་པ་དེ་དག་ནི། གཞན་དག་ན་བརྟན་པ་རྣམས་ཤེས་བྱའོ།། འདི་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་རྗེས་སུ་འགྲོ་བ་རྣམས་ཤེས་བྱའོ།། འདི་ན་ལམ ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་སྒྲོལ་བ་ཞེས་བྱའོ།། འདི་ན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་མངོན་སུམ་གྱི་སྒོ་ཞེས་བྱའོ།། འདི་ནི་ཆོས་ཀྱི་སྦྱིན་པ་ཞེས ་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་ལེགས་པར་བསྡུས་པ་ཞེས་བྱའོ།། འདི་ན་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ཉེ་བར་ཞི་བ་དང་། རྣམ་པར་ལྟ་བར་ཞེས་བྱའོ།། ་འདི་ནི་རྣམ་པར་ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ནི། གཞན་དག་ན་དོན་ཡོད་པ་ཞེས་བྱའོ།། འདི་ན་བསོད་ནམས་ཤེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ཕན་པ་ཞེས་བྱའོ།། འདི། ་ན་ཡེ་ཤེས་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དགར་རྟོགས་མེད་ཅེས་བྱའོ།། འདིར་རབ་ཏུ་འབྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ལམ་གྱི་རྗེས་སུ་འགྲོ་བ་ཞེས་བྱའོ།། འདི་ན་བསྙེན་པར ་རྫོགས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་འདའ་བར་མི་བྱ་བ་ཞེས་བྱའོ།། འདི་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཞན་དག་ན་ཉེ་བར་ཞི་བ་ཞེས་བྱའོ།། འདི་ན་སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་བསྔགས་པ་མཐའ་ཡས་པ་དང་ལྡན་པའོ་ཞེས་བྱ་བ་གང་ཡིན་པ་དེ་ནི། འཇིག་རྟེན་གྱི་ཁམས་གཞན་དག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བགེགས་མེད་པའི་ཚུལ་ཅན་ནོ་ཞེས ་བྱའོ།། ཀླུའི་བདག་པོ་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཚིག་འདི་དག་ནི། སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་འབྱུང་སྟེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས ་དཔའ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་དག་གི་ངེས་པའི་ཚིག་ཤེས་སོ།། ཀླུའི་བདག་པོ་ངེས་པའི་ཚིག་གི་ཆོག་དང་། བརྡའི་ཚིག་གི་ཆོག་བསྟན་པ་ཕྱོགས་བཅུ་དག་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི ་བསྐལ་པའམ་བསྐལ་པ་ལས་ལྷག་པར་ངས་བསྟན་ཀྱང་། སངས་རྒྱས་ཀྱི་ཞིང་གི་ངེས་པའི་ཚིག་གི་ཚིག་དང་། བརྡའི་ཚིག་གི་ཆོ་ག་བསྟན་པ་རྣམས་མཐར་ཐུག་པ་གང་ཡང་མེད་དོ།། མི་ཟད་པའི་ཟ་མ་ཏོག་གི ་གཟུངས་འདི་བསྟན་པ་ན།། བྱང་ཆུབ་སེམས་དཔའ་དྲུག་ཁྲིས་གཟུངས་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་ནི། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། མི་སུམ། ་ཁྲི་ཉིས་སྟོང་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག ་པོ་བྱང་ཆུབ་སེམས་དཔའ་རྣམས་ནི། མུན་པ་མུན་ནག་དང་བྲལ་བའི་ལམ་འདིས་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་སྒྲུབ་པར་བྱེད་དོ།། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ལེའུ་སྟེ་གསུམ ་པའོ།། ། ཀླུའི་བདག་པོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་དཔག་ཏུ་མེད་བསམ་གྱི་མི་ཁྱབ་པའི་སྔོན ་རོལ་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས ་བཅོམ་ལྡན་འདས་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། དེའི་ཚེ་དེའི་རུས་ན། འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་དེ་འབྱོར་པ་དང་། རྒྱས་པ ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་མང་པོ་དང་། ལྷ་དང་མི་རྣམས་ཀྱི་གང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་འདི་ནི་གླིང་བཞི་པའི ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་པ་ཇི་ཙམ་པ་དེ་ཙམ་གྱི་གླིང་བཞི་པར་གྱུར་ལ། དེ་ལྟ་བུའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས ་པའི་དཔལ་ལྷའི་རྒྱལ་པོ་དེའི་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པར་གྱུར་ཏེ། དེ་ལྟར་ཐ་གླུ་ཆེ་ཞིང་ཡངས་ལ་དེ་ལྟར་ཚང་མེད་དོ།། འཇིག་རྟེན་གྱི་ཁམས་དེ་ནོར་བུ་རིན་པོ་ཆེ་ཛ ་རྗེའི་འོད་འདྲ་བར་གྱུར་ཏེ། དེ་ཉིད་ཀྱི་སྣང་བས་རྟག་ཏུ་སྣང་བར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་དྲ་བས་ཀུན་ཏུ་ཁེབས་ཤིང་། དར་གྱི་ལྔ་ལྡིང་མང་པོ་ནི་བཏགས། གདུགས་དང ་རྒྱལ་མཚན་དང་། བ་དན་བསྒྲེང་བས་ནི་ལེགས་པར་བརྒྱན། བླ་རེ་ཆེན་པོ་རྣམས་ནི་བྲེས། མཚན་མོ་བར་སྣང་ལས་ཀྱང་སིལ་སྙན་བརྒྱ་སྟོང་དག་མ་བརྡུངས་མ་དཀྲོལ་བར་སྒྲ་རང་བྱུང་སྟེ་གསིལ ་སྙན་དང་། ཀླུའི་དབྱངས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ཐམས་ཅད་མངོན་པར་གོ་བར་བྱས་ཏེ། སིལ་སྙན་དང་། གླུ་དབྱངས་ཀྱི་སྒྲ་དེ་དག་ལ་འདོད་པ་དང ་ལྡན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རབ་ཏུ་འབར་བའི་སྒྲ་ནི་མི་འབྱུང་གི། ཞི་བ་དང་རབ་ཏུ་ཞི་བ་དང་། ཆོས་ཀྱི་དགའ་བ་དང ་མགུ་བ་དང་ལྡན་པའི་སྒྲ་དེ་དག་འབའ་ཤིག་འབྱུང་བར་འགྱུར་ཏེ། དེ་ཐོས་པ་ཙམ་གྱིས་ལྷ་དང་མི་དེ་དག་ཐམས་ཅད་ཀྱིས་དྲན་པ་དང་། ཉེ་བར་ཞི་བ་དང་། དགའ་བ་དང་། བདྲེ་བ་ཐོབ ་ལཉོན་མོངས་པ་ཐམས་ཅད་ཀྱི་ཀྱང་དེ་དག་ལ་གནོད་པར་མ་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་ལ། ཀ་ཙ་ལིན་དའི་གོས་ལྟར་འཇམ་ཞིང་རེག་ན་བདེ་བར ་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ན། ངན་སོང་ངན་འགྲོར་གདགས་པ་མེད་དེ། ལྷ་དང་མི་དེ་དག་ཀྱང་དགའ་བ་འབའ་ཤིག་ཏུ་གྱུར་ཏོ།། དེ་དག་ནི་ཕལ་ཆེར་རྒྱ་ཆེན་པོ་ལ་མོས་པ་དང་། ་ཐེག་པ་ཆེན་པོ་ལ་ཞུགས་པ་དང་ཤ་སྟག་གོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ནི་ཉུང་ངོ་།། དེ་དག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡིད་ལ་བསམས་པས་འབྱུང་ལ། ལྷ་དང་མི་དེ ་དག་བདེ་ཞིང་ལོངས་སྤྱོད་དང་ལྡན་པར་གྱུར་ཏོ།། དེ་ན་སུའང་སྡུག་པ་དང་། དབུལ་པོ་མེད་དེ། དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱད་པ་ཇི་ལྟ་བ་བཞིན ་དུདེ་ན་འཁོད་པའི་མི་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཏོ།། དེ་བཞིན་གཤེག་པ་དེའི་སྐུ་ཚེའི་ཚད་ཀྱང་ལོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཕྲག་བརྒྱད་དུ་བསྒྲེས་པ་སྙེད་དུ་གྱུར་ཏོ།། མི་དེ ་དག་གི་ཚེའི་ཚད་ཀྱང་དེ་ཉིད་དེ།། དེ་ན་ཚེའི་མཐར་མ་ཕྱིན་པར་སུ་ཡང་འཆི་བ་མེད་དོ།། དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ཡང་ཁྲག་ཁྲིག་ཕྲག་འདུན་ཅུ་རྩ་གཉིས་ཡོད་པར ་གྱུར་ཏོ།། དེའི་ཉན་ཐོས་ཀྱི་དགེ་འདུར་ནི་ཚད་མེད་དོ།། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་ཆེན་པོ་བཞིའི་དབང་ཕྱུག་གིས་རྒྱལ་པོ ་བསོད་ནམས་མི་ཟད་པ་ཞེས་བྱ་བའི་བྱུང་སྟེ། རྒྱལ་པོ་བསོད་ནམས་མི་ཟད་པ་དེའི་བཙུན་མོ་བུད་མེད་ལྷ་མོ་དང་འདྲ་བ་ཁྲག་ཁྲིག་བརྒྱད་ཕྲག་བདུ་རྩི་བཞི་ཡོད་དེ། དེ་དག་གི་ནང་ན་དེའི་ཙུན་མོའི་དམ་པ་ནི ་བཞི་ཡོད་པར་གྱུར་ཏོ།། འདི་ལྟ་སྟེ། དྲི་མ་མེད་པ་ཞེས་བྱ་བ་དང་། དྲི་མ་མེད་པའི་འོད་ཅེས་བྱ་བ་དང་། དག་པ་ཞེས་བྱ་དང་། དག་ལྡན་མ་ཞེས་བྱའོ།། དེའི་བུ་ཡང ་བརྒྱད་ཁྲི་བཞི་སྟོང་ཡོད་དེ། ཚན་པོ་ཆེའི་སྟོབས་དང་ལྡན་ལ། མཚན་ཉི་ཤུ་རྩ་བརྒྱད་ཀྱི་གཟུགས་དང་ལྡན་པ། ཐེག་པ་ཆེན་པོ་ལ་ཞུགས་པ་ཤ་སྟག་གོ།། ཀླུའི་བདག་པོ་རྒྱལ་པོ་བསོད་ནམས ་མི་ཟད་པ་དེ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་ཞེས་བྱ་བ་ན་གནས་སོ།། གྲོང་ཁྱེར་ཆེན་པོ་དེ་ཡང་། ཤར་དང་། ནུབ་དང་། བྱང་དང་། ལྷོའི་ངོས་རེ་ལ་དཔག་ཚད་དྲུག་ཅུ་རྩ་བཞི་ཡོད ་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་དུ་སྐུ་བལྟམ་མོ།། གྲོང་ཁྱེར་ཆེན་པོ་དེའི་ནང་དུ། རྒྱལ་པོ་བསོད་ནམས ་མི་ཟད་པའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་བྱས་པར་གྱུར་ཏོ།། གྲོང་ཁྱེར་ཆེན་པོ་དེའི་ནང་ན། ལམ་ཆེན་པོ་དང་། སྲང་གི་སྒོ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་པར་གྱུར་ཏོ།། ལམ་པོ་ཆེ་དང་། སྲང་གི ་སྒོཐམས་ཅད་ན་ཡང་ཁྱིམ་བྱེ་བ་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་གནས་སོ།། གྲོང་ཁྱེར་ཆེན་པོ་དེ་ཡང་རབ་ཆེན་པོ་རིམ་བདུད་དང་ལན་ཀན་རིམ་བདུན་དང་། ཏ་ལའི་ཕྲེང་རིམ་བདུན་དང་། དྲིལ་བུ་གཡེར་ཀའི། ་དྲ་བ་རིམ་བདུན་གྱི་བསྐོར་ཏོ།། སྐྱེས་མོས་ཚལ་ཁྲིས་ཀྱང་བསྐོར་ཏོ།། འོ་བས་བདུན་རིམ་གྱིས་ཀྱང་བསྐོར་ཏེ། འོབས་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ལ། མེ་ཏོག་ཨུཏྤལ་དང་། ་པདྨ་དང་། ཀུ་མུ་དཱ་དང་། པདྨ་དཀར་པོ་དང་། དྲི་མཆོག་གི་ཁེབས་པ། ངང་ངུར་ལ་སོགས་པ་རྟག་ཏུ་སྐུད་འབྱིན་པར་གྱུར་ཏེ། དེ་ལྟར་གྲོང་ཁྱེར་ཆེན་པོ་དྲ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་རྒྱན ་བཀོད་པ་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེ་ཡང་། གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་ན་ནགྲ་ཚལ་སྤོས་མཆོག་འོད་ཅེས་བྱ་བ་གང་དུ ་རྒྱལ་པོ་བསོད་ནམས་མི་ཟད་པས། བཅོམ་ལྡན་འདས་དེས་གཙུག་ལག་ཁང་བྱས་པ་ན་བཞུགས་སོ།། རྒྱལ་པོ་བསོད་ནམས་མི་ཟད་པ་བུ་དང་བཅས། བཙུན་མོ་དང་བཅས། གཉེན་འདབ་དང ་ཚལ་ཟའི་འཁོར་དང་བཅས་པས། བསྐལ་པ་འབུམ་ཐམ་པའི་བར་དུ། དེ་བཞིན་གཤེགས་པ་དེ་ལ་ཡིད་དུ་འོང་བའི་བདེ་བའི་ཡོ་བྱད་དང་། ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ།། ཀླུའི ་བདག་པོ་དེ་ནས་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་འཁོར་དེ་དག་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ག་ལ་བ་དེར་སོང་ནས། བཅོམ་ལྡན ་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཇུག་གོ།། དེ་འོངས་པར་ཐུགས་སུ་ཆུད་ནས། དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ ་པོ་ཆེན་པོ་ཆོས་བཞི་དང་ལྡན་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། ་དད་པ་ལ་གནས་ཏེ། དགེ་བ་གང་ཡིན་པ་ཚོལ་ཞིང་། ང་རྒྱལ་མེད་པར་འཕགས་པ་དག་གི་ཐང་དུ་འགྲོ་བ་དང་། ཆོས་དོན་དུ་གཉེར་ཏེ། ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་སྟེ། རྟག་ཏུ ་དོན་གྱི་རྗེས་སུ་བལྟ་བ་དང་། མི་རྟག་པའི་ཆོས་ཉིད་ལ་སོ་སོར་རྟོག་པ་དང་། འདུས་བྱས་ཀྱི་ཉེས་པ་རྫོགས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་རྣམ་པར་འགྱུར་བའི་ས་ཅན་ཡིན་ནོ་སྙམ་དུ་དྲན་པས་ཉེ་བར ་གནས་པར་བྱེད་པ་དང་། བག་ཡོད་པར་བྱེད་དེ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལྷག་པར་ཞེན་པ་མེད་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་ཟད་པར་མི་བྱེད་ལ། གོང་དུ་ཡང་རྣམ་པར་འཕེལ ་པར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ཡང་རྣམ་པར་མི་སྤོང་བ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས། ཆོས་ཀྱི་དབང་ཕྱུག ་ཐོབ་པར་འགྱུར་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ལ་རྒྱལ་པོ་བསོད་ནམས་མི་ཟད ་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱལ་པོ ་ཆེན་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། རྣམ་པར་རྩེ་ཞིང་མི་ཉམས་པར་འགྲོ་བའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡིན ་ཆགས་པ་མེད་པ་དང་། ཐོགས་པ་མེད་པ་དང་། བསྐྱོད་དུ་མེད་པའི་ཤེས་རབ་དང་ལྡན་པ་ཡིན། ཡེ་ཤྭེ་ཀྱིས་བསྡུས་པ་དང་། ཡོངས་སུ་སྦྱངས་པ་བྱས་པ་དང་། མངོན་པར་འདུ་བྱེད་པ་མེད ་པའི་རྫུ་འབྲལ་གྱི་རྐང་པ་བཞི་དང་ལྡན་པ་ཡིན། ཤེས་རབ་དང་། ཡེ་ཤེས་ངེས་པ་དང་། ལྟ་བ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ཡིན།། ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ་དང་། ཆགས་པ་མེད་པའི་བྱིན་གྱིས་རླབས་དང་། བྱིན་གྱིས་བརླབས་ཀྱི་སྟོབས་དང་ལྡན་པ་ཡིན། བསོད་ནམས་མི་ཟད་པའི་རྒྱ་མཚེའི་བྱ ་རྒྱའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་མགུ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་དང་། བརྗེད་ངེས་པ་མེད་པ་ཡོངས་སུ་དག་པའི ་གཟུངས་དང་ལྡན་པ་ཡིན། ཆོས་ཇི་ལྟ་བ་བཞིན་རྗེས་སུ་འགྲོ་བ་དང་། ཚུལ་གཅིག་པའི་ཆོས་ཀྱི་རྗེས་སུ་འགྲོ་བ་དང་། གཉིས་སུ་མེད་པའི་ཡང་དག་པའི་མཐའ་ལ་གནས་པ་དང་། མི་སྐྱེ་བའི་ཆོས ་ལ་བཟོད་པ་ཐོབ་པ་དང་ལྡན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་གཞན་ཡང་རིན། ་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡོད་དེ། དེ་ཐོབ་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་རིན་པོ་ཆེའི་ཟ་མ་ཏོག་གི་གཟུངས་ལས་བརྩམས་ནས། ལོ ་འབུམ་གྱི་བར་དུ་རྒྱས་པར་རྣམ་པར་དབྱེ་བས་དེ་ལ་ཡང་དག་པར་བསྟན་ཏོ།། རྒྱལ་པོ་བསོད་ནམས་མི་ཟད་པ་དེ་ཡང་། རྒྱལ་པོའི་བྱ་བ་ཐམས་ཅད་བཏང་སྟེ། ལས་གཞན་མི་བྱེད་ལ། སེམས་ཀྱི་རྒྱུད་རྣམ་པར་གཡེངས་པ ་མེད་པར་དཔུང་དང་བཅསའཁོར་དང་བཅས་པས་ཆོས་མཉན་ཏེ། དེས་ལོ་འབུམ་པོ་དེའི་བར་དུ་འདོད་པའི་རྟོག་པའམ། གནོད་སེམས་ཀྱི་རྟོག་པའམ། རྣམ་པར་འཚེ་བའི་རྟོག་པ་འམ། བུ་དང་། ཆུང་མ་དང་། ་རྒྱལ་སྲིད་དང་། ཡོངས་སུ་འཛིན་པ་དང་། སྡུག་པ་ཐམས་ཅད་ལ་ངེས་པའི་རྟོག་པ་རྣམས་ལ་རྟག་པར་མ་བསམས་ཏེ། ཆོས་ལ་སྡུག་པར་ངེས་པར་ཡིད་ལ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ལ་གནས་པར་གྱུར ་པ་དང་། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། སྙིང་རྗེ་ཆེན་པོ་གོ་ཆ་བགོས་ནས། ཆོས་འབའ་ཤིག་གཉན་ཏོ།། དེས་བཅོམ་ལྡན་འདས་དེས་ལས་ལོ་བུམ་ཐམ་པའི་བར་དུ། དམ ་བའི་ཆོས་མཉརན་ཏེ། ཐོས་ནས་ཀྱང་རིན་པོ་ཆེའི་ཟ་མ་ཏོག་གི་གཟུངས་འདི་ཉིད་ཀྱི་རྩ་བ་ཡོངས་སུ་སྦྱངས་པ་བྱས་སོ།། དེ་བསྐལ་པ་ས་ཡ་ཕྲག་བདུན་གྱི་འཁོར་བ་ཕྱིར་བསྙིལ་བར་གྱུར་ཏོ།། བསྐལ་པ་ཟིའི་བར་དུ་ལས ་བསྒྲིབ་པ་བམམས་པའི་རྣམ་པར་དག་པར་གྱུར་ཏོ།། སངས་རྒྱས་བརྩམ་ན་པའི་རིག་ལས་དུ་མྱང་བར་གྱུར་ཏོ།། སངས་རྒྱ་བྱེ་བ་དྲུག་འཐམ་པ་དོངས་སུ་དུ་མཐོང་བར་འགྱུར་བའི་དགེ་བའི་རྩ་བ་ཡང་དེས་སོ ་གཟུང་ངོ་།། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་དུ་འགྱུར་བ་དང་། འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ཐོབ་པའི་དགེ་བའི་རྩ་བ་ཡང་བསྐྱེད་དོ།། དྲན་པ་དག་པ་ཞེས་བྱ་བའི་ཐོས ་པའི་གཟུངས་ཀྱང་ཐོབ་སྟེ། ཐོས་པའི་གཟུངས་དེས་ན། སངས་རྒྱས་བརྒྱས་གསུངས་པ་ཡང་དག་པར་འཛིན་པར་བྱེད་དོ།། གཞོན་ནུ་དེ་དག་དང་། དེ་དག་གིས་མ་དེ་རྣམས་ཀྱིས་ཀྱང་རྗེས་སུ་འཐུན་པའི་ཆོས་ཀྱི ་བཟོད་པ་ཐོབ་བོ།། བཙུན་མོ་དེ་དག་གི་ནང་ནས་ཀྱང་བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི། བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བུད་མེད་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ཏོ།། ལྷ་དང་མི་ཁྲག་ཁྲིག ་ཕྲག་དགུ་བཅུས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལྷ་དང་མི་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ཏོ།། ཉན་ཐོས་ཀྱི་ཐེག་པ་པ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ ་པར་དག་གོ།། དགེ་སློང་ཁྲི་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། རྒྱལ་པོ་བསོད་ནམས་མི་ཟད་པ་ཡང་རྒྱལ་སྲིད་ཐམས་ཅད་སྤངས་ནས། ལྷ་དང་མིའི་འདོད་པ་རྣམས ་ལདོན་ཏུ་གཉེར་བ་མེད་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་རྟེར་བཅས་ཏེ། དས་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།། རབ་ཏུ་བྱུང་བ་དེ་ཐོས་ནས། རྒྱལ་པོའི་བུ་དེ་དག ་ཐམས་ཅད་ཀྱང་རབ་ཏུ་བྱུང་ངོ་།། དེ་དག་ཀྱང་རབ་ཏུ་བྱུང་བར་ཤེས་ནས། ཡུལ་གྱི་མི་ངང་འཁོར་དྲུག་འབུམ་རབ་ཏུ་བྱུང་ངོ་།། རྒྱལ་པོའི་བཙུན་མོའི་ནང་ནས་ཀྱང་བཙུན་མོ ་དམ་པ་བཞི་རབ་ཏུ་བྱུང་སྟེ། ཀླུའི་བདག་པོ་དེ་ལྟར་ན་དག་པའི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ། ཡོངས་སུ་སྦྱང་བ་བྱས་པ་རྣམས་ཀྱི་གནས་སུ་གྱུར་པའི་གསུང་རབ་དེ་དགའ་དགའ་ལྟར་འདུག་པར ་གྱུར་ཏོ།། ཀྭའི་བདུག་པོ་དེའི་ཚེ་སྤྱན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོ་མཅིའམ། ཡིད་གཉིས་སམ། བེ་ཙོང་ཟ་བར་གྱུར་ན། དེ་ལྟར ་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན། ཁྱོད་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ།། ཀླུའི་བདག་པོ་ཁྱོད་རྒྱལ་པོའི་བུ་དང་། རྒྱལ་པོའི ་བུའི་མ་དེ་དག་གཞན་ཅིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འཁོར་འདིར་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག ་ཉིད་ཡིད་ནོ།། ཀྭའི་བདག་པོ་འདི་ཇི་སྙམ་དུ་སེམས། རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་གང་། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེས། རྒྱལ་པོ་བསོད་རམས་མི་ཟད་པ ་དེ་ལ་བསྟད་པ་དེ་གཞར་ཞིག་ཡིན་པ་སྐབ་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། མི་ཟད་པའི་ཟ་བ་ཏོག་གི་གཟུངས་འདི་ཉིད་དེའི་ཚེ། རིན་པོ་ཆེའི་ཟབ་ཏོག་ཅེས་བྱའོ།། ཀྭའི་བདག་པོ ་དེ་ལྟར་ན་དེ་བཞིར་གཤེགས་པ་ནི། སངས་རྒྱས་ཀྱི་སྤྱན་ཆགས་པ་མེད་པས་རྣམ་པར་གཟིགས་ནས། སེམས་ཅན་རྣམས་ལ་སྔོན་གྱི་རྒྱུ་ལས་བྱུང་བའི་ཆོས་ཀྱི་གཏམ་བརྗོད་པར་མཛད་དོ།། ཀླུའི་བདག་པོ ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མང་པོ་ལས་མི་ཟད་པོའི་ཟ་མ་ཏོག་གི་གཟུངས་འདི་ཐོས་སོ།། ཁྱོད་ཀྱིས་སངས་རྒྱས་འབུམ་ཕྲག་བང་པོ་ལས་གཟུངས་འདིའི་དོན་ཡང་དང་ཡང་དུ་ཐོས་ཏེ། ངེས་ན་ད་ལྟར ་ཁྱོད་འདི་ལྟར་དྲན་པ་དང་ལྡན་པ་དང་། འདི་ལྟར་བློ་གྲོས་དང་ལྡན་པ་དང་། འདི་ལྟར་རྟོགས་པ་དང་ལྡན་པ་དང་། འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་། འདི་ལྟར་ཤེས་རབ་དང་ཡེ་ཤེས་དང་ལྡན ་པ་ཡིན་ནོ།། ཀླུའི་བདག་པོ་གང་དག་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདིའི་མིང་ཙམ་འམ། བསྟན་པའི་ཕྱོགས་ཙམ་ཐོས་པ་དེ་དག་ཐམས་ཅད་ཀྱང་སྤོབས་པ་མི་ཟད་པར་ངེས་པར་འབྱུང་བར་འགྱུར། ་རོ།། དེ་ཅིའི་ཕྱིར་ཞེ་ན། གཟུངས་འདིའི་རྒྱུ་དང་འཐུན་པ་ནི་དེ་ཡིན་པའི་ཕྱིར་རོ།། ཀླུའི་བདག་པོ་གཟུངས་ཀྱི་ངེས་པར་འབྱུང་བའི་བསྲུང་བ་འདི་ཕྱི་མའི་དུས་ཕྱི་མའི་ཚེ། སྤྱོད་པར་འགྱུར་བ་གང་ཡིན་པ ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཁོ་ན་ལས་གྱུར་པར་བལྟ་བར་བྱའོ།། ཀླུའི་བདག་པོ་དེ་ལ་གཟུངས་འདི་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ཡིན་ནོ།། ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པ་ཡིན་ནོ།། ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་འགྲོ་བ་ཡིན་ནོ།། གཟུངས་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ནི་མི་ཟད་པའི་ཟ་མ་ཏོག་གཟུངས་འདི་ཉིད་ཡིན་ནོ།། ་ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུར་ཆགས་པ་མེད་ཅིང་ཐོགས་པ་མེད་པར་སོ་སོ་ཡང་དག་པར་རིག་པ་བཞིས་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་གང་ཡིན ་པ་དེ་ཡང་། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འབའ་ཤིག་གི་རྒྱུ་དང་འཐུན་པ་ལས་གྱུར་པ་ཡིན་ནོ།། ཀླུའི་བདག་པོ་དེ་ལ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་འཇུག་པའི་ཚིག་རྣམས་དང་། ་མཚམས་སྦྱོར་བའི་ཚིག་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་གི་བསྲུང་བའི་ཚིག་རྣམས་ངས་བསྟན་པར་བྱའོ།། ཏདྱ་ཐཱ། ཧེ་ཏུ་མ་ཎྜི། ་བ་མ་ཏི། པྲ་སཱ་ད་མ་ཏི། ཨུད་ཛུ་མ་ཏི། ཡུད་ཏ་རཱ་ཎ་མ་ཏི། སཀྵ་པ་མ་ཏི། ཨ་ནུ་སན་དྷཱི། སུ་ལ་ཀྵཱ་མུ་ལེ། པྲ་བྷཱ་མུ་ག་ཏྲེ། པྲ་བྷཱ་ཀེ་ཏུ། པྲ་ཙཱ་ར་ཀེ་ཏུ། སྨྲྀ་ཏཱི་ཀཱ་ར་ཎེ། མ་ཏི་བི་ཤོ་དྷཱ་ནེ། ག་ཏི་པྲ་བེ+ེ་ཤེ། ་ཤཱུ་ར་བ་ལེ། ཏ་མོ་རུ་ཏེ། སན་དྷ་ར་ཎི། ཨུད་ཏཱ་ར་ཎི། ཤཱ་ན་ཏ་མུ་ཁེ། ཤཱན་ཏ་པྲ་བྷེ་ཤཻ། ཤཱན་ཏཀྵ་ཤེ། བྷ་ས་ན་ཨ་པ་ག་ཏེ། ཀུ་ཤ་ལ་བཱ་ས་ནི། ཨ་ནུ་སན་དྷི། བི་སན་དྷི། བི་ག་ཏེ་སྭེ་ཏེ། ཨ་བསྠི་ཏེ། ་སྠི་ན་ཨ་ནུ་ག་ཏེ། ཨ་བ་སྠ་ན་ག་ཏེ། ཨཱ་བཾ་སཱ་རཾ། ཨཱ་ཤུ་པྲ་ཛྙེ། པྲ་ཛྙཱ་མུ་ལེ། མུ་ལ་བ་ཏི། ཤ་ཤི་པྲ་བྷེ། སཱུརྱ་བ་ཏི་ཛྱོ་ཏིཥྨ་བྷེ། སུ་བི་པ་ལེ། ཨ་མ་ལེ། སརྦ་ཏ་མོ་བ་ཤོ་དྷ་ནཱི། བུདྡྷ་ཨ་དྭིཥྛ་ཏེ། ་སརྦ་དེ་བ་ཏཱ་པ་རི་གྲི་ཧཱི་ཏེ། སརྦ་བྷུ་ཏྲ་ནན་སྭ་ཏྱ་ཡ་ནེ། ཨ་ནུ་ད་ཉྫ་ཙུ་བྲཧྨ་ནཱ། པྲད་ཏིད་ཚི་ཏཱ་ཤ་གྲེ་ན། པཱ་ལི་ཏཱ་ལོ་ཀ་པཱ་ལེའི། པ་རི་གྲྀ་ཧཱི་ཏྲ་ཨརྱེའི། སང་གྲི་ཧཱི་ཏཱ་རི་ཥ་བི་གོ་ཏྲན་ཡུག་ཏཱ་ནཱ་ན། མོརྠོ ་བན་དཱ་ནཱན། སང་གྲ་ཙོང་པ་མ་རུ་ཤྱནྡྷན། ནི་གྲ་བཀྵེ་ཤྭེ་དྷར། ནིརྒ་ཏཱ་དྷན་མ་རཱ་ཎ་ན། ཙིར་ཥ་ཏྲཱན། ཏཱིརཱི་ཀཱ་ཎན། ནིགྲ་ཧྱ་སརྦ་པ་ར་པྲ་བཱ་དཱི་ནཱན། ཙྪིན་ན་ས་བྷ་མཱ་ནི་ཀ་ནཱན། ཨ་ནུ་བཀྲ་མོ་དྷཱ་རྨཱཿ། ་ཀཱ་ཎཱ་ན། ཨ་བཛྲཱ་ནཱན་པ་རི་ཥ་ད་སན་ཏོ་ཥ་ནཱན། དྷརྨ་ཀཱ་མཱ་ནཱར། པ་རི་རཀྵ་དྷརྨ་ཀོ་ཥ་སྱཱ། ཨ་ནུ་པད་ཚེད་སཱི་རཏྣ་བད་ཤ་སྱ། མེའི་ཏྲི་སརྦ་སད་ཏྲ་རཱམ། སཱུ་ཏྲ་སརྦ་གུཏྟཱ་རཱི་ཀེ། ཀླུའི་བདག་པོ་འདི་ནི། མི ་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཀུན་ཏུ་བསྲུངས་པ་དང་། ཡོངས་སུ་བསྲུང་བའི་ཚིག་ཡིན་ཏེ། དེ་དག་བརྗོད་ན། ཆོས་སྨྲ་བ་དེས་མི་འཇིགས་པ་སུམ་ཅུ་རྩ་གཉིས་ཐོབ་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས ་གང་ཞེ་ན། གཞན་ཡང་དག་པར་དགའ་བར་འགྱུར་བའི་ཕྱིར། ཐོབ་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པའི་ཕྱིར། བསྟན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཟློས་བུ ་མེད་པའི་ཕྱིར། ངེས་པའི་ཚིག་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར། བརྟག་པ་མི་འཇིག་པ་ཐོབ་པར་འགྱུར་བ་དང་། བྱིན་གྱིས་བརླབས་སྟོན་པའི་ཕྱིར། སྤོབས་པ་མི ་འཇིགས་པ་ཐོབ་པར་འགྱུར་བ་དང་། འཛིན་པའི་བློ་དང་ལྡན་པའི་ཕྱིར། དྲན་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་བློ་གྲོས་ཡང་དག་པར་མགུ་བར་བྱེད་པའི་ཕྱིར། བློ་གྲོས་མི་འཇིགས་པ ་ཐོབ་པར་འགྱུར་བ་དང་། སོམ་ཉི་མྱུར་དུ་གཅོད་པའི་ཕྱིར། རྟོགས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། གཞན་གྱི་ངོར་མི་བལྟ་བའི་ཕྱིར། བློ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཇི་སྐད་སྨྲས་པ ་བཞིན་དུ་འགྱུར་བའི་ཕྱིར། འཁྲུལ་པ་མེད་པའི་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར། སྤ་གོང་བ་མེད་པ་མི་འཇིགས་པ་ཐོབ་པར ་འགྱུར་བ་དང་། བཟོད་པ་ཡོངས་སུ་དག་པའི་ཕྱིར། འཛུམ་པ་བཞིན་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཡང་དག་པར་དམ་བཅས་པ་ལས་མི་ཉམས་པའི་ཕྱིར། བརྟན་པ་མི་འཇིགས་པ་ཐོབ་པར ་འགྱུར་བ་དང་། ཀླན་ཀ་མི་ཚོལ་བའི་སེམས་དང་ལྡན་པའི་ཕྱིར། ཚིག་བཟུང་བར་འོས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། འཁོར་མངོན་པར་མགུ་བར་བྱེད་པའི་ཕྱིར། ཚིག་བཙན་པ་མི་འཇིགས།། ་པ་ཐོབ་པར་འགྱུར་བ་དང་། ཟབ་མོའི་ཆོས་གླེང་བའི་ཕྱིར། ཤེས་རབ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཁེངས་པ་མེད་པའི་ཕྱིར། དཔྱོད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཕས་ཀྱི ་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར། སེང་གེའི་སྒྲ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟང་ཟིང་མེད་པར་ཆོས་སྟོན་པའི་ཕྱིར། སྐུར་པ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉམས་སུ་ལེན ་བ་གཏམ་ལ་འབེབས་པའི་ཕྱིར། བསྟན་པ་ཁ་ན་མ་ཐོ་བ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མཁས་པས་མ་སྨད་པའི་ཕྱིར། སྨད་ཏུ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། མདོ་སྡེ་དང ་མི་འགལ་བའི་ཕྱིར། སྦྱོར་འབྱོར་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། དུས་སུ་ཡང་དག་པར་སྐུལ་བའི་ཕྱིར། ཡང་དག་པར་སྐུལ་བ་མི་འཇིགས་པ་ཐོབ་པར་འགྱུར་པ་དང་། ཇི་སྐད་སྨྲས་པ་དེ ་བཞིན་དུ་བྱེད་པའི་ཕྱིར། ཕྱིན་ཅི་མ་ལོག་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་འདུད་པའི་ཕྱིར། ང་རྒྱལ་མེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། སྔོན་ཐོས་པ། ་ལེགས་པར་གཟུང་བའི་ཕྱིར། ཚིག་དང་ཡི་གེ་ཟད་མི་ཤེས་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆོས་ཚད་མེད་པ་རྟོགས་པའི་ཕྱིར། ཐམས་ཅད་ཀྱི་དྲི་བ་སྐབས་འབྱེད་པ་མི་འཇིགས་པ་ཐོབ ་པར་འགྱུར་བ་དང་། བདག་ཉིད་ཡོངས་སུ་དག་པར་བྱེད་པའི་ཕྱིར། འཁོར་ཐམས་ཅད་མངོན་པར་མགུ་བར་བྱེད་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས ་པའི་ཕྱིར། བདུད་དང་ཕྱིར་རྒོལ་བ་བཅོམ་པ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཞེས་འགྲས་པ་མེད་པའི་སེམས་དང་ལྡན་པའི་ཕྱིར། བྱམས་པ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ་དང ་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའི་ཕྱིར། སྙིང་རྗེ་ཆེན་པོ་མི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆོས་ཀྱི་རྒྱལ་པོ་བྱེད་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་མི་འཇིགས་པ་ཐོབ་པར་འགྱུར་བ་སྟེ ་བདག་པོ་དེ་ལྟར་ར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཉར་བ་དང་། མོས་པ་དང་། སྒྲུབ་པ་ན་མི་འཇིགས་པ་སུམ་ཅུ་རྩ་གཉིས་པོ་དེ་དག་ཐོབ་པར་འགྱུར་རོ།། མི ་འཇིགས་པ་སུ་བཅུ་རྩ་གཉིས་པོ་དེ་དག་རྒྱུན་མ་ཆད་པས་ན། དེས་ར་མཐར་གྱིས་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཐོབ་པར་འགྱུར་ཏེ། མི་འཇིགས་པ་དེ་དག་དང་ལྡན་པས། ལྷ་དང་བཅས་པའི ་བྱ། འཇིགཔ་རྟེན་གྱི་མདུན་དུ་དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་སོ།། སེམས་ཅན་ཐམས་ཅད་ཀྱི་དྲི་བ་ལུང་བསྟན་པའི་ཕྱིར་ཡང་སྐབས་འབྱེད་དོ།། སེམས་ཅན་གྱི་རིས་ན།། ་གང་དེ་བཞིན་གཤེགས་པ་ལ་ཆོས་དང་འཐུན་པར་རྒོལ་ནུས་པ། དེ་བཞིན་གཤེགས་པའི་ཆོས་གསུང་བ་མཛད་པ་ལ་གཅོད་རུས་པ་དེ་ལྟ་བུའི་སེམས་ཅན་ནི་གང་ཡང་མེད་དོ།། ཀླུའི་བདག་པོ་དེ་ལྟ་བས་ན། བྱང ་ཆུབ་སེམས་དཔས་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་སྦྱར་བར་བྱའོ།། ཀླུའི་བདག་པོ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་སྦྱོར་བ་གང་ཞེ་ན། གང་ལ་མིག་ཏུ་སྦྱོར་བ་ཡང་མེད། གཟུགས ་སུ་སྦྱོར་བ་ཡང་མེད། མིག་གི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། རྣ་བར་སྦྱོར་བ་ཡང་མེད། སྒྲར་སྦྱོར་བ་ཡང་མེད། རྣ་བའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། སྣར་སྦྱོར་བ ་ཡང་མེར་དྲིར་སྦྱོར་བ་ཡང་མེད། སྣའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ལྕེར་སྦྱོར་བ་ཡང་མེད། རོར་སྦྱོར་བ་ཡང་མེད། ལྕེའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ལུས་སུ ་སྦྱོར་བ་ཡང་མེད། རེག་བྱར་སྦྱོར་བ་ཡང་མེད། ལུས་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད་པ་དང་། ཡིད་དུ་སྦྱོར་བ་ཡང་མེད། ཆོས་སུ་སྦྱོར་བ་ཡང་མེད། ཡིད་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མེད ་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་གང་ལ་གཟུགས་སུ་སྦྱོར་བ་ཡང་མེད། གཟུགས་སྐྱེ་བར་སྦྱོར་བ་ཡང་མེད། གཟུགས་གནས་པར་སྦྱོར་བ་ཡང་མེད་གཟུགས ་འགག་པར་སྦྱོར་བ་ཡང་མེད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་སྐྱེ་བར། ་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་གནས་པར་སྦྱོར་བ་ཡང་མེད། རྣམ་པར་ཤེས་པ་འགག་པར་སྦྱོར་བ་ཡང་མེད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་གཟུགས ་སྟོང་པ་ཉིད་དུ་སྦྱོར་བ་དང་། གཟུགས་སྟོང་པ་ཉིད་དུ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་སྦྱོར་བ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང ་གཟུགས་མཚར་མེད་པར་སྦྱོར་བ་དང་། གཟུགས་མཚན་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་དང་། རྣམ་པར་ཤེས་པ་མཚན་མ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་མཚན་མེད་པར་ཡང་རློབ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག ་བོ་གཞར་ཡང་གཟུགས་སྨོན་པ་མེད་པར་སྦྱོར་བ་དང་། གཟུགས་སྨོན་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང ་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྨོན་པ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་སྨོན་པ་མེད་པར་ཡང་རློབ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས ་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས་མངོན་པར་འདུ་བྱེད་པ་མེད་པར་སྦྱོར་བ་དང་། གཟུགས་མངོན་པར་འདུ་བྱེད་པ་མེད་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་། འདུ ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བངོན་པར་འདུ་བྱེད་པ་མེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་མེད་པར་ཡང་རློབ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུང ་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། གཟུགས་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་སྦྱོར་བ་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ ་སྦྱོར་བ་ཡིན་ནོ།། གཟུགས་དབེན་པར་སྦྱོར་བ་དང་། གཟུགས་དབེན་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ། ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་སྦྱོར་བ་དང་། རྣམ་པར་ཤེས་པ་དབེན་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི།། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས་རང་བཞིན་གྱིས ་རྣམ་པར་དག་པར་སྦྱོར་བ་དང་། གཟུགས་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས། ་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་འདི་ནི། ་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞར་ཡང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང ་སྐྱེ་མཆེད་རྣམས་ལ་རང་བཞིན་གྱིས་སྟོང་པ་ཉིད་དུ་སྦྱོར་བ་དང་། རང་བཞིན་གྱིས་སྟོང་པ་ཉིད་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཆོས ་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་སྦྱོར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་བརྟག་པ་ལ་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ལ་གནས་མེད ་པར་སྦྱོར་བ་དང་། གནས་མེད་པར་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར་བ་དང་། དེ་བཞིན་ཉིད་དུ་ཡང་མངོན་པར་ཞེན་པ་མེད་པའི་སྦྱོར ་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པར་སྦྱོར་བ་དང་། ཡང་དག་པའི་མཐའ་ལ་གནས་པར་ཡང་རློམ་སེམས་མི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས ་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་སེམས་ཅད་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་ཀྱི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས། ་འདོད་ཆགས་ཀྱི་སྤྱོད་པ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་གི་སྤྱོད་པ་ཡོངས ་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ཞེ་སྡང་གི་སྤྱོད་པ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། སེམས་ཅན་གཏི་མུག་སྤྱོད་པ་རྣམས ་ཀྱི་གཏི་མུག་གི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་གཏི་མུག་གི་སྤྱོད་པ་དང་། ཀུན་ཏུ་སྦྱོར་བ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། སེམས ་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཆ་མཉམ་པ་ཆད་པ་ཡང་མེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་མདོར་བསྡུ་ན། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་སྦྱོར་བ་ཡང་མེད་པ་གང་ཡིན་པ་དེ་ནི། གཟུངས་འདི་ལ ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་སྦྱོར་བ་གང་ཡིན་པ་དང་། མི་སྦྱོར་བ་གང་ཡིན་པའི་ཆོས་གང་ཡང་དེ་ལ་སྦྱོར་བ་ཡང་མེད། མི་སྦྱོར་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་དེ་ནི། ་སྡང་བ་ཡང་མ་ཡིན། བརྟགས་པ་ཡང་མ་ཡིན། མཚན་མར་བྱས་པ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་བ་ཡིན་ནོ།། ཡང་དག་པའི་སྦྱོར་བ་ཡང་ཆོས་གང་ཡང ་འདྲེན་པར་ཡང་མི་བྱེད། མི་འདྲེན་པར་ཡང་མི་བྱེད། འཛིན་པར་ཡང་མི་བྱེད། གཏོང་བར་ཡང་མི་བྱེད། གནས་པར་ཡང་མི་བྱེད། འགྲོ་བར་ཡང་མི་བྱེད་དེ། དེ་བས་ན་སྦྱོར་བ་དེ་རི་ཡང་དག་པའི ་སྦྱོར་བ་ཞེས་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་དེ་ལྟར་སྦྱོར་བ་ནི། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ ་བཅད་པ་འདི་དག་བཀའ་སྩལ་ཏོ།། གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན།། དེ་ཡི་དྲན་དང་བློ་གྲོས་ཡོངས་སུ་དག། མདོ་སྡེ་རྟོགས་པ་ཀུན་གྱི་ཕ་རོལ་ཕྱིན།། འགྲོ་བའི་སྐད་དང་སྒྲ་ཡང་རབ་ཏུ་ཤེས།། ། ་འགྲོ་བའི་སེམས་དང་སྤྱོད་པ་ངན་པ་དང་།། བཟང་དང་འབྲིང་གི་རྒྱུ་བ་གང་ཡིན་ཤེས།། སྤྱོད་དང་སེམས་ཀྱི་རྒྱུད་རྣམས་ཤེས་ནས་ཀྱང་།། ཇི་ལྟར་འཚམ་པར་ཆོས་ཀྱི་ཚིག་རྣམས་སྟོན།། གང ་ཚེ་དེ་ནི་གཟུངས་ལ་རབ་མཁས་ན།། དེ་ནི་རྒྱུ་དང་བྱེད་དང་རྐྱེན་ལ་མཁས།། རྟག་དང་ཆད་པར་ལྟ་བར་མི་འགྱུར་ཏེ།། མཐར་འཛིན་ཐམས་ཅད་རྣམ་པར་སྤངས་པ་ཡིན།། གང་ཚེ་དེ་ཡིས་གཟུངས་ནི ་ཐོབ་གྱུར་ར།། ཡི་གེ་དང་ནི་ཚིག་རྣམས་འབྱེད་ལ་མཁས།། སྐད་རྣམས་མང་པོ་དུ་མ་ཐ་དད་ཤེས།། དོན་དང་ཡི་གེ་ལ་ཡང་མཁས་པར་འགྱུར།། དེ་ཡི་ལྷ་ཡི་མིག་ཀྱང་དྲི་མེད་འགྱུར།། དེ་ཡི་ལྷ ་ཡི་རྣ་བའང་རྣམ་པར་དག། ཤེས་རབ་མཐའ་ཡས་ཕ་རོལ་སེམས་ལ་མཁས།། འདས་པ་དང་ནི་མ་འོངས་བསྐལ་པ་དྲན།། དེ་བཞིན་རྫུ་འཕྲུལ་རྐང་པ་ཐོབ་གྱུར་ནས།། ཞིང ་རྣམས་བྱེ་བ་མཐའ་ཡས་སྐད་ཅིག་འགྲོ།། འཇིག་རྟེན་འདྲེན་རྣམས་ལ་ནི་མཆོད་པ་བྱེད།། དེ་བཞིན་གཟུངས་ལ་ཐོས་པས་ཆོས་ཀྱང་འཛིན།། བདུད་རྣམས་འབུམ་ཕྲག་ཇི་སྙེད་ཡོད་པ་ཡིས།། དེ་ཡིས ་འགྲོ་བའི་ཡུལ་རྣམས་མི་ཤེས་ལ།། མུར་བསལ་སེམས་ཅན་དག་པ་ཉོན་མོངས་མེད།། མདོ་སྡེ་སྟོང་ཕྲག་ཚད་མེད་སྟོན་པར་བྱེད།། ཆུ་ཡི་ནང་ན་པདྨ་མ་གོས་བཞིན།། དེ་ནི་འཇིག་རྟེན་ཆོས་རྣམས་གོས་མེད། ་སྤྱོད།། རྗེས་ཆགས་ཁོང་ཁྲོ་རྣམས་ལས་རྟག་ཏུ་གྲོལ།། འཇིག་རྟེན་ཀུན་ལ་སེམས་ནི་མཁའ་ལྟར་སྟོམས།། མཚན་གྱི་དམ་པ་གཟུགས་འཆང་དག་པ་སྟེ།། དེ་ལ་ལྟ་བས་སྐྱེ་བོ་ཆོག་མི་ཤེས།། སྤྱོད་ལམ ་དོང་ནི་སྤྱོད་པ་ཤེས་བཞིན་རྒྱུ།། འགྲོ་ལ་ཕར་དོན་བྱེད་ཅིང་འཇིག་རྟེན་རྒྱུ།། གང་ཚེ་གཟུངས་འདི་ཐོབ་པར་གྱུར་པ་ན།། བརྒྱ་བྱིན་དེ་བཞིན་ཚངས་པ་འཇིག་རྟེན་སྐྱོང་།། དེ་ཡི་རྐང་མཐིལ་དུ་ནི་གུས་པར་འདུ ་འོན་ཀྱང་དེ་ཡིད་གང་དུའང་ཁེངས་པ་མེད།། དེ་ནི་སྐད་སྐར་ཚངས་པའི་དབྱངས་དང་ལྡན།། སྐྱེ་བོའི་ཡིད་ནི་རྣམ་སྐྱོང་མགུ་བར་བྱེད།། སྐྱོན་མེད་སྤྱད་ཅིང་དག་ལ་དུས་སུ་སྨྲ།། དེ་ཡི་བསྟན་པ་དོན་ཡང ་ཡོང་མི་འགྱུར།། གང་ཚེ་དེ་ཡིས་གཟུངས་ནི་ཐོབ་གྱུར་ན།། དེ་ནི་འཁོར་གྱི་ནང་དུ་འཇིགས་པ་མེད།། སེང་གེའི་སྒྲ་ཆེན་མི་འཇིགས་སྒྲོགས་པར་བྱེད།། ཕ་རོལ་ཚོགས་རྣམས་ཐམས་ཅད་རབ་ཏུ ་འཇོམས།། སེམས་ཅན་གཡོར་ཅར་གདུལ་དཀའ་ང་རྒྱལ་ཁེངས།། མངོར་པའི་ང་རྒྱལ་སྐྱོར་ལྡན་གང་ཡིན་པ།། དེ་དག་མཁས་པའི་ཆོས་ནི་ཐོབ་གྱུར་ན།། ང་རྒྱལ་སྤངས་ནས་རྐང་མཐིལ་འདུད། ་པར་བྱེད།། ཆོས་ཀྱི་དབྱིངས་ནི་རང་བཞི་མ་ནི་བ་དང་།། དོན་རྟོགས་དང་ནི་ཆོས་ཉིད་ངེས་པར་ཤེས།། དེ་ཕྱིར་ཆོས་ནི་གཏར་ལ་འབེབས་པ་དང་།། ཡི་གེ་འབྱེད་ལ་དེ་ཡི་ཚིག་མི་ཟད།། སེམས ་ཅན་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས།། དེ་བཞིར་བདག་ཉིད་རྣམ་དག་དེ་ཡིས་ཤེས།། དེ་ལྟར་སེམས་ཅན་དེ་བཞིན་ཉིད་ཤེས་པས།། དེ་ཡི་ཆོས་རྣམས་བརྟན་པ་ཐོགས་པ་མེད།། ཟ ་པ་ནམ་ཡང་ཟད་པར་མི་ནུས་ལ།། མི་ཟད་པ་ཡང་ནམས་ཀྱང་ཟད་མི་འགྱུར།། ཆོས་ཉིད་རབ་ཞི་འདི་ནི་རྟོགས་ནས་ཀྱང་།། དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྟོན།། ཡི་གེ་འདི་དག་ལུས་ལ ་མི་གནས་ཤིང་།། ཡིད་ལ་མི་གནས་སེམས་ལས་མ་བྱུང་སྟེ།། ཇི་ལྟར་བྲག་ཆའི་སྒྲ་ནི་ཐོས་པ་བཞིན།། ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དབེན།། གཟུངས་འདི་ཡི་གེ་རྣམས་དང་སྒྲ ་ལ་མེད།། ཚིག་གི་ལམ་དང་ལུས་དང་ངག་ལའང་མེད།། དེ་ལྟར་ཡི་གེའི་ཚུལ་རྣམས་རྟོགས་པ་ན།། སྨྲས་ཀྱང་དེ་ཡི་ཚིག་ནི་ཐོགས་མེད་པ།། དེ་ནི་སྟོན་ཀྱང་ཡིད་ལ་རྣམ་རྟོག་མེད།། སེམས། ་ལའང་རློབ་སེམས་བྱེད་པ་ཡོང་མེད་དེ།། འོན་ཀྱང་ཆོས་འདི་རྟོགས་པར་བྱ་བའི་ཕྱིར།། ཆོས་ཉིད་རབ་ཏུ་འཐང་བའི་ཆོས་ཀྱང་སྟོན།། གང་ཚེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ན། ་སོ་སོ་ཡང་དག་རིག་བཞི་རྗེས་སུ་རྟོགས།། དོན་ལ་རབ་བསླབས་ཆོས་ཉིད་ཆོག་ཤེས།། སྒྲ་དང་སྐད་དང་ངེས་པའི་ཚིགས་ལ་མཁས།། དེ་བཞིན་སྤོབས་པ་ཐོགས་མེད ་ཚད་ཀྱང་མེད།། དེ་ནི་ཀུར་རྫོབ་དོན་དམ་ཤེས་པ་སྟེ།། དེ་བཞིར་སྣ་ཚོགས་ཟབ་མོ་བསྟར་པ་ཤེས།། དེ་ནི་ལུགས་འབྱུང་ལུགས་ལས་བཟློག་པའང་ཤེས།། མཐོ་དམར་འགྲོ་བ་རྣམས་ལའང ་ཕ་མཐར་ཕྱིར།། སེམས་ཞུབ་པ་ན་རབ་ཏུ་འཛིན་ལ་མཁས།། དེ་བཞིར་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས།། བསྟན་པ་དག་འབྱ་བའི་ཚུལ་ཀུན་ཤེས།། ལུས་དང་ངག་དང་སེམས་ཀྱི་ལས ་རྣམས་ལ།། ཤེས་པ་ཐོགས་མེད་རྣམ་པར་ངེས་པར་འཇུག། གཟུངས་དང་ལྡན་པ་ཚིག་ལ་འཁྲུལ་པ་མེད།། ཉེས་པ་སྤངས་ཤིང་བསྟན་པོར་གྱུར་པ་ཡིན།། སེམས་ཅན་འདུལ་གཟུངས་ཡིད་དང ་དྲན་པ་ལ།། ཞུགས་པར་གྱུར་ན་ཆོས་ཤེས་ཞུགས་པ་སྟེ།། ཟོས་པ་གང་ཡིན་ནམས་ཀྱང་ཆུད་མི་ཟ།། ཇི་སྐད་ཐོས་པ་མཚུངས་པར་རིལ་གྱིས་འཛིན།། གཟུངས་ནི་ཆོས་ཉིད་འགལ་བ་མ་ཡིན་ལ། ་དེ་ནི་ཆོས་ལ་ཞི་བའང་མ་ཡིན་ཏེ།། ཆོས་དང་ཤིན་ཏུ་མི་མཚུངས་མི་མཉམ་མཉམ།། ཆོས་ཉིད་སྦྱོར་དང་ལྡན་ཕྱིར་བཟོད་ནས་ཞི།། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྦྱོར་བ་འདི་བསྟར་བ ་དང་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བསྟན་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ནང་ནས། ཀླུ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་ནས། ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས ་པ་ཆོས་སྟོན་པ་དེ་ཁོ་ན་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཆོས་སྟོར་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ།། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་བཞི་པའོ།། ་བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་སྐྱེ་གནས་སུ་སྐྱེས་པ ་ངག་ཀྱང་། འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ལ། འདི་ན་མིར་གྱུར་པ་ཁ་ཅིག་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྔོ་མི་ཐོག་པ་ནི་ངོ་མཚར ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཀླུ་ཁྲི་ཉིས་སྟོང་པོ་འདི་དག་ནི། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། འདི་དག་གིས ་དེ་བཞིན་གཤེགས་པ་དེ་ལས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གཏམ་གཅིག་ཐོས་སོ།། ཐོས་ནས་ཀྱང་དེ་བཞིར་གཤེགས་པ་དེ་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏོ།། ཐེག་པ་ཆེན་པོ་ནི ་བསམ་གྱིས་མི་ཁྱབ་སྟེ་། ལེགས་སོ་ལེགས་སོ་ཞེས་ཚིག་ཏུ་སྨྲས་སོ།། མི་དགེ་བའི་འདུ་འཛི་འདི་ལྟ་སྟེ། མཛའ་བཤེས་ཀྱི་ཁྱིམ་དང་། སློང་པོ་སྟེར་བའི་ཁྱིམ་ཡོངས་སུ་གཟུང་བའི་ཕྱིར། ་ཚུལ་ཁྲིམས་རྣམས་ཉམས་སུ་མ་སྤངས་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པར་བྱས་པ་དེས་ན། འདི་དག་དེ་ནས་ཤི་འཕོས་ནས། ཀླུའི་སྐྱེ་གནས་སུ་སྐྱེས་པར་གྱུར་ཏོ།། ་འདི་དག་གིས་ཐེག་པ་ཆེན་པོའི་གཏམ་དེ་ཐོས་ལ། བཅོམ་ལྡན་འདས་དེ་ལ་ཡང་ལེགས་སོ་ཞེས་གསོལ་བའི་རྒྱུ་དེ་དང་། རྐྱེན་དེ་དང་། དགེ་བའི་རྩ་བ་དེས་ནི། ད་ལྟར་ང་ལས་ཐེག་པ་ཆེན་པོའི་གཏམ་ཐོས ་ཏེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་བསྟན་པ་ཐོབ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། ཤཱ་རིའི་བུ་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས། ངས་འདི་དག་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བསྐལ་པ་བགྲང་བ་ལས་འདས་པ་དག་ན། དེ་བཞིན་གཤེགས་པ་ཡང་བགྲང་བ་ལས་འདས་པ་དག་ལ་མཆོད་པ་བྱས་ནས། བྱང་ཆུབ ་ཀྱི་ཕྱོགས་དང་འཐུར་པའི་ཆོས་རྣམས་ཡང་དག་པར་བསྒྲུབས་ཏེ། བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་སྙིང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཡེ་ཤེས་བླ་མ་ཞེས་བྱ་བ་དང་། བསོད་ནམས་བླ་མ་ཞེས་བྱ་བ་དང་། ཆོས་བླ་མ་ཞེས་བྱ་བ་དང་། ཤེས་རབ་བླ་མ་ཞེས་བྱ་བའི་མཚན་འདི་བཞིར ་འཐུན་པ་ཤ་སྟག་གི་དེ་བཞིན་གཤེགས་པར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་བསྐལ་པ་དེ་གཅིག་དེ་ཁོ་ན་ལ་འབྱུང་བར་འགྱུར་ཏེ། དཔེར་ར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་འགྱུར། ་བ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ། བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེར་པོའི་ནང ་གནས་པ་དང་། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱུང་བ་དེའི་ཚེ། རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཉུང་བར་གྱུར ་ཏེ། བདག་ཀྱང་འཁོར་ཉུང་བར་གྱུར་བཅོམ་ལྡན་འདས་ད་ནི་རྒྱ་མཚོ་ཆེན་པོའི་ནང་ནཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཀྱང་འདི་ལྟར་ཚད་མ་མཆིས་ཏེ། གྲངས་ཀྱིས་མཐའ་རྟོགས་པར་མི་རུས ་ལགས་ན། བཅོམ་ལྡན་འདས་འདི་ལ་རྒྱུ་ནི་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་གང་དག་ལེགས་པ་གསུངས་པའི་ཆོས་འདུལ་བ་ལ ་རབ་ཏུ་བྱུང་ནས། ཚུལ་ཁྲིམས་དག་པ་ཡོངས་སུ་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་ནི་ཡོངས་སུ་རྫོགས་པར་མ་བྱས་ལ ་དེ་དག་གི་ལྟ་བ་ཡང་དྲང་པོར་གྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའི།། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་འཁོར ་བ་འཇིག་གི་གསུང་རབ་ལས་ནི་སྲོགས་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་ཆོ་ག་དང་། འཚེ་བ་དང་། ཚུལ་ཁྲིམས་ཉམས་ཏེ་ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས ་སུ་སྐྱེས་སོ།། དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལས་ནི། སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་རབ་ཏུ་བྱུང་བ་ལས་ཚུལ། ་ཁྲིམས་འཆལ་པར་གྱུར་པས་ཤི་འཕོས་ཏེ། ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ།། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལས་ནི། སྲོག་ཆགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག ་བརྒྱད་ཅུ་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ་ཤི་འཕོས་ནས། ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ།། ཀླུའི་བདག་པོ་ད་ལྟར་ངའི་གསུང་རབ་འདི་ལས་ནི། སྲོག་ཆགས་ཁྱིམ་པ ་དང་། རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་ཅུ་རྩ་དགུ་རབ་ཏུ་བྱུང་བ་ལས། རྩོད་པ་སྣ་ཚོགས་དང་། འཐབ་པ་སྣ་ཚོགས་དང་། འདུ་འཛི་སྣ་ཚོགས་ཀྱིས་ཆོ་ག་དང་། འཚོ་བ་དང་ཚུལ་ཁྲིམས་ཉམས ་ཏེཤི་འཕོས་ནས། ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ཏེ། དེས་ར་ད་ལྟར་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་རྣམས་དེ ་ལྔལྟར་ཚད་མེད་དོ།། ཀླུའི་བདག་པོ་ད་དུང་ཡང་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག། ཕྱི་མའི་དུས་ཕྱི་མའི་ཚེ་ན་དགེ་སློང་སྡིག་ཅན་རྣམས་དང་། དགེ་སློང་མ་སྡིག་ཅན་རྣམས་དང་། དགེ ་བསྙེན་སྡིག་ཅན་རྣམས་དང་། དགེ་བསྙེན་མ་སྡིག་ཅན་རྣམས་ཚུལ་ཁྲིམས་ཉམས་པས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ།། དེའི་ནང་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་རྣམས ་སུ་ལྟུང་བར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བར་གཏོགས་ལ། ཚུལ་ཁྲིམས་ཉམས་པ་ཀྭའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ལགས་པ་དེ་དག། ་གི་ལས་རྣམས་ལ་ཁྱད་པར་ཅི་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་རབ་ཏུ་བྱུང་བར་གཏོགས་ལ།། ཚུལ་ཁྲིམས་ཉམས་པ། ཀླུའི་སྐྱེ་གརས་རྣམས་སུ་སྐྱེས་པ ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་གི་སྦྱོར་བ་ནི་ཡོངས་སུ་མ་དག་ལ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པའི་ཕྱིར། དེ་དག་གི་བསམ་པ་ནི་ཡོད་དེ། དེ་དག་ནི་ཀླུའི་སྐུ་གནས ་དེ་ནས་ཤི་འཕོས་ནས། ལྷག་པའི་བསམ་པ་དེའི་སྟོབས་ཀྱིས། ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སུ་འགྱུར་བ་གང་ཡིན་པའི ་དེ་ཞིན་གཤེགས་པ་དེ་དག་གི་བསྟན་པ་ལ་ཐེག་པ་ཇི་ལྟ་བ་བཞིན་དུ་མོས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་མ་གཏོགས་པར་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་ཡོངས་སུ ་མྱ་ངན་ལས་འདའ་བར་འགྱུར་རོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་བསྟན་པའི་ཆེ་བ་ཉིད་དང་། རབ་ཏུ་འབྱུང་བའི་ཡོན་ཏན་གྱི་རྒྱུའི་ཁྱད་པར་ལ་ལྟོས། འདི་ལྟར་སེམས་ཅན་དེ་དག་མི་དགེ་བའི ་ཆོས་ཐམས་ཅད་སྤངས་ནས་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་། ཐོས་པ་དོར་མཆིས་པ་ལགས་ཏེ། ངོ་མཚར་ལགས་སོ།། འདི་ལྟར་རྨད་དུ་མཆིས་པའི་ལས་ཅན་རྣམས་ཀྱིས ་སངས་རྒྱས་ལ་དམིགས་པའི་སེམས་གཅིག་ཙམ་པ་སྐྱེས་པ་ཡང་ཆབ་འཚལ་བར་མི་འགྱུར་ཏེ། དེ་ནི་དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་རྒྱུར་འགྱུར་བ་ལགས་སོ།། བཅོམ་ལྡན ་འདས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལྟ་སྟེ། མཐོང་བ་དང་ཐོས་པ་དོན་མཆིས་པར་སེམས་བསྐྱེད་པར་འཚལ་ལོ།། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བདག་གི ་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མཆིས་པར་གྱུར་ཅིག། བདག་སེམས་རྨོངས་པར་མ་གྱུར་ཅིག། དགེ་བ་ལ་རྨོངས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་རྨོངས་པར་མ་གྱུར་ཅིག ་བདག་ཚེ་རབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་འབྲལ་བར་མ ་གྱུར་ཅིག་དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་བདག་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟངས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད ་ཀྱི་རྟེན་གྱི་སེམས་བསྐྱེད་པ་ལེགས་སོ་ལེགས་སོ།། འདི་ལྟ་བུའི་ལྷག་པའི་བསམ་པ་དང་། འདི་ལྟ་བུའི་སྙིང་རྗེ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་དེ་ནི་དེ ་བཞིན་གཤེགས་པས་ལོ་བདུན་དང་། ཟླ་བ་བདུན་དང་། ཞག་བདུན་དུ་བཤད་ཀྱང་མཐར་ཕྱིན་པར་བཤད་པར་མི་སྤྱོད་དེ། ཁྱོད་ཀྱིས་དགེ་བའི་ཚོགས་དེ་ཙམ་དུ་ཚད་མེད་པ་འདི་ཡོངས་སུ ་བཟུངས་སོ།། དེ་རས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་རས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི ་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་གཟེར་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་དམར ་བོ་དང་། དཀར་པོ་དང་། བཙེང་ཀ་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་།། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བ་ཆེན་པོས་ཁྱབ་པར་བྱས ་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཉི་མ་དང་ཟླ་བ་གཉིས་ཀྱི་གཟི་བརྗིད་དང་། འོད་ཀྱང་མོག་མོག་པོར་བྱས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ།། ཨ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལངས་ཏེ། བླ་གོས་ཟག་པ་གཅིག་ཏུ་བཟར ་རས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུ་ནས། བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཚིགས་སུ་བཅད་པས ་ཞུས་པ། བདེ་གཤེགས་བསོད་ནམས་བརྒྱས་སྤྲས་སྐུ་མངའ་བ།། མཚར་མཆོག་སུམ་ཅུ་རྩ་གཉིས་ལྡན་པའི་སྐུ། ཟླ་བ་ལྟ་བུར་དྲི་མེད་དག་པའི་ཞལ།། ཅི་ཡི ་སླད་དུ་འཛུམ་པ་སྟོན་པར་མཛད།། བཅོམ་ལྡན་དྲི་མེད་དྲི་མ་གསུམ་བྲལ་བ།། ཐ་བ་མི་མངའ་རྣམ་དག་པརླའི་སྤྱ་ར།། ལྷ་དང་ལྷ་མ་ཡིན་དང་ཀླུས་མཆོད་པ།། ཅི་ཡི་སྐད་དུ་འཛུམ་པ་སྟོན ་བར་མཛད།། བཅོམ་ལྡན་ཚེམས་སྙོམས་ཐགས་བཟངས་དཀར་བར་ལྡན།། སྟོབས་བཅུ་མངའ་ཞིང་དྲི་བསུང་བདའ་བའི་ཞལ།། རྒ་དང་འཆི་བ་མཐར་ཐུག་མཛད་པ་པོ།། ཅི་ཡི་སླད་དུ་འཛུམ། ་བསྟོན་པར་མཛད།། རབ་མཁའི་དཀྱིལ་ལྟར་དྲི་མ་མེད་པའི་ཐུགས།། མགོན་པོ་ཐུགས་ཀྱི་དགྲ་ཟུར་མཉམ་སྙོམས་པ།། ཐུགས་ནི་རི་བོ་ལྟ་བུར་མི་གཡོ་བ།། བཅོམ་ལྡན་འཛུམ་པའི་དོར་འདིར ་བཀའ་སྩལ་གསོལ།། བཅོམ་ལྡན་ཚངས་པའི་སྒྲ་སྐད་སྒྲོགས་པ་པོ།། མི་འམ་ཅི་དང་ཀ་ལ་བིང་ཀ་དང་།། རྔ་སྒྲ་ལྟ་བུར་སྙན་ཅིང་དགའ་བ་དང་།། མཉེན་པོར་གསུངས་པ་འཛུམ་པའི ་ཐབས་གསུངས་ཤིག། འདྲེན་པ་ཐོགས་པ་མེད་པའི་བློ་མངའ་བ།། དུས་གསུམ་འགྲོ་བའི་སྤྱོད་དང་མོས་པ་དང་།། དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་པ་པོ།། ཅི་ཡི་སླད་དུ་འཛུམ་པ ་སྟོན་པར་མཛད།། བཅོམ་ལྡན་སྨན་པའི་རྒྱལ་པོ་མི་རྣམས་དང་།། ལྷ་ཀླུ་རྣམས་ཀྱི་རང་ནི་ཞི་མཛད་པ།། བཅོམ་ལྡན་གཏན་དུ་བདེ་བ་སྟོན་པ་པོ།། ཅི་ཡི་སླད་དུ་འཛུམ་པ་སྟོན་པར་མཛད ་ཡོར་ཏན་མངའ་བ་བདག་ལ་བཀའ་སྩོལ་ཅིག། ལྷ་དང་མི་རྣམས་ཁྲག་ཁྲིག་ཉན་ཅིང་མཆིས།། ཐོས་ན་ཡིད་ནི་རབ་ཏུ་དགའ་འགྱུར་ཞིང་ཀ་ཐམས་ཅད་མཁྱེན་པའི་དགོངས་པ་བགྱིད། ་པར་འགྱུར།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་རྒྱལ་པོ ་བུ་དཔལ་གྱི་གཟི་བརྗིད་ངའི་མདུན་ན་འདུག་རས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་མཐོང་ངམ། གསོལ་པ། བཅོམ ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་རི།། བསྐལ་པ་གྲངས་མེད་པ་ཕྲག་བརྒྱད་བརྒྱར།། བསྐལ་པ་ཀུན་ཏུ་ལྟ་བ ་ལ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པར་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཅེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། ཀུན་དགའ་བོ་དཔལ་གྱི་གཟི ་བརྗིད་འདི་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་ཡོད་པར་སྤྱོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་མཉེས་པར་བྱས་ཏེ་མཆོད་པར་བྱས་ནས། རབ་ཏུ་འབྱུང་སྟེ། ཚངས་པར ་སྤྱོད་པར་འགྱུར་རོ།། སེམས་ཅན་ཚད་མེད་པ་ཡང་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་དོ།། ཀུར་དགའ་བོ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ ་དག་ཅིང་བརྟན་པ་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་འགྱུར་ལ། སྐྱེ་བོ་མང་པོ་དང་། ལྔ་དང་མི་རྣམས་ཀྱིས ་གང་བར་འགྱུར་ཏེ། དཔེར་ན་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་པ་ཇི་ལྟ་བ་བཞིན་དུ་ག་དེ་ན་མི་རྣམས་ཀྱི་ཡང་དེ་དང་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ ་དེའི་ཚེའི་ཚད་ཀྱང་ལོ་ཁྲི་ཐུབ་པར་འགྱུར་རོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཟག་དྲུག་ཅུ་ཡོད་དོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འབུམ་ཕྲག་བཅུ་གཉིས་འདུ་བར་འགྱུར་རོ། ་ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོར་ཡོད་དེ་སེམས་ཅན་གང་དག་གི་མིག་སྔར་སྣང་བ་དེ་དག་ཀྱང་མཐོང་བའི་མོད་ལ། བྱམས་པའི་རྣམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། ཀུར་དགའ ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ནི། མཐོང་བའི་མོད་ལ་སེམས་ཅན་རྣམས་འདུལ་བར་འགྱུར་རོ།། དེ་ལ་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི། དང་པོ་མཐོང་བས ་རྒྱུན་ཏུ་ཞུགས་པར་འགྱུར་རོ།། ལང་གཉིས་མཐོང་བས་ནི་ལན་ཅིག་ཕྱིར་འོངས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ལན་གསུམ་མཐོང་བས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་འགྱུར་རོ།། ལན། ་བཞི་མཐོང་བས་དེ་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཐེག་པ་པར་འགྱུར་བ་གང་དག་ཡིན་པ་དེ་དག་རི། དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ་མཐོང་བའི་མོད ་ན་ལ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ།། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་ན། སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པ་འམ། ལྦ་བ་རྣམས ་པ་འམ། ཆོ་ག་ཉམས་པ་འམ། འཚེ་བ་ཉམས་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་འགྱུར་རོ།། སེམས་ཅན་དེ་ནས་ཤི་འཕོས་པ་སུ་ཡང་ངན་འགྲོར་འགྲོ་བར་མི ་འགྱུར་ཏེ། དེ་དག་ཐམས་ཅད་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡང་སྐྱེ་བར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི ་བུ་དཔལ་གྱི་གཟི་བརྗིད་ཀྱིས། བདག་ཉིད་ལུང་བསྟན་པ་ཐོབ་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དྲ་བ་ནོར་བུ་རིན་པོ་ཆེ་འབུམ་གྱིས ་སྤྲས་པ། དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། མངོན་སུམ་དུ་བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད། ་བ། མི་དབང་ཟླ་བ་དྲི་མེད་འོད་ཀྱི་ཞལ། གཟི་བརྗིད་མཐའ་ཡས་ལྷ་དང་མེས་མཆོད་པ། མཚུངས་མེད་སྟོབས་ལྔར་མཐའ་ཡས་ཤུགས་མངའ་བ།། ཡེ་ཤེས་ཚད་མ་མཆིས་ལ་མགོས་ཕྱག ་འཚལ།། ཕར་པར་མཛད་པའི་ཡེ་ཤེས་ཚད་མ་མཆིས།། དེ་བཞིར་ཤེས་རབ་འོད་ཀྱང་བསམ་མི་ཁྱབ།། ཚུལ་ཁྲིམས་དྲི་མེད་རབ་བརྟན་རྣམ་པར་དག། མི་དབང་མཁའ་དཀྱིལ་འདྲལ་ཕྱག ་འཚལ་ལོ།། བསྐལ་པ་དཔག་ཏུ་མེར་པ་མཐའ་ཡས་པར།། སྤྱོད་པ་སྦྱང་རས་སངས་རྒྱས་ཡེ་ཤེས་བརྙེས།། དེས་ན་འགྲོ་བའི་སྤྱོད་པ་རབ་ཏུ་མཁྱེར།། དེ་བཞི། ་དེ་དག་དབང་པོ་བསམ་པ་མཁྱེན།། འཇིག་རྟེན་བཅོམ་ལྡན་གཟུགས་དང་མཚུངས་མ་མཆིས།། དེ་ཕྱིར་འགྲོ་བས་ལྟ་བ་ཆོག་མ་འཚལ།། དེ་ཡི་ཉོན་མོངས་སྐྱེ་བར་མི་འགྱུར་ཞིང་།། དེ་ཚེ་ཉོན ་མོངས་ཐམས་ཅད་རབ་ཏུ་ཞི།། ཀ་ལ་བིངྒ་ཁུ་བྱུག་མི་འམ་ཅི།། དེ་བཞིན་ཚངས་པའི་སྒྲ་དང་ལྷ་མི་སྒྲ།། ཕྱོགས་བཅུ་དག་ན་ཡིད་འོང་སྒྲ་དེ་དག། བདེ་གཤེགས་གསུང་གཅིག་གིས་ནི ་ཟིལ་གྱིས་མནན།། མཁའ་ལས་ཟླ་བ་ས་ལ་ལྷུང་ཡང་གདའ།། རྒྱ་མཚོ་བསྐམས་ཤིང་རི་རབ་བརྙིལ་ཡང་གདའ།། ས་ལ་གནམ་ལྷུང་དུམ་བུ་བརྒྱར་འགྱུར་གདའ།། རྒྱལ་བའི་བཀའ ་ནི་གཞན་དུ་ཡོངས་མི་འགྱུར།། བདེན་པའི་བརྟུལ་ཞུགས་རབ་འབྲེལ་སྟོན་པས་འདིར།། སངས་རྒྱས་ཡེ་ཤེས་གཙོ་བོས་བ་ག་ལུང་བསྟན།། བདག་ནི་རྒྱལ་བར་རང་བྱུང་ཡོན་གནས་འགྱུར།། ་བདག་ལ་ཡིད་གཉིས་སོམ་ཉི་དོགས་མ་མཆིས།། ཕྱོགས་བཅུ་དག་ཏུ་རིན་ཆེན་ལེགས་སྤྲས་པ།། བྱེ་བ་མཐའ་ཡས་འདྲེན་པ་རྣམས་ལ་ཕུལ།། བྱང་ཆུབ་སེམས་གཅིག་བསྐྱེད་པ་གང ་ལགས་ལ།། བསོད་ནམས་སྔ་མས་འདི་ཡི་ཆར་མི་ཕོར།། གང་ཞིགས་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིད།། དེ་ནི་སངས་རྒྱས་མཆོད་པ་མཆོག་ཏུ་འཕགས།། གང་ཞིག། ་འདྲེན་རྣམས་ཚུལ་འདི་མི་གཅོད་པ།། དེ་ནི་སྟོབས་བཅུ་ཀུན་གྱི་བཀའ་དྲིན་བཟོ།། ཀླུའི་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དེས།། ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་སྨྲས་པ ་ན། སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེས། བྱང་ཆུབ ་བརྙེས་པ་དེའི་ཚེ། བདག་ཅག་ཀྱང་བཅོམ་ལྡན་འདས་དེ་དང་ཕྲད་དེ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་དེར་སྐྱེ་བར་གྱུར་ཅིག། དེ་བཞིན་གཤེགས་པ་དེའི་དམ་པའི་ཆོས་ཡོངས་སུ ་འཛིན་ཅིང་མཆོད་པ་དང་། བསྙེན་བཀུར་ཡང་བགྱིད་པར་གྱུར་ཅིག། བཅོམ་ལྡན་འདས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་ཀྱང་སྨྲས་སོ།། བཅོམ ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ།། ལུང་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། ་དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་སྲད་དུ། རྒྱ་མཚོ་ཆེན་པོར་སང་གདུགས་ཚེད་གསོལ་བར་གནང་བ་མཛད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་ནང་ན་ལྷ་དང ་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལཱ་མ་ཡིན་དང་། དེ་མ་ལགས་པ་ཡང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་ཚད་མ་མཆིས་པ་དག་མཆིས་ཏེ། དེ་དག ་གིས་དེ་བཞིན་གཤེགས་པ་མཐོང་བ་ན། དགེ་བའི་རྩ་བ་དག་སྐྱེད་པར་འགྱུར་ལ་དམ་པའི་ཆོས་ཐོས་པས་ཀྱང་འཁོར་བ་ཐོག་མ་མ་མཆིས་པའི་མཐའ་རྟོགས་པར་འགྱུར་བ་དང་། བདག་གི་ཀླུའི་རྒྱལ ་པོའི་གནས་ཀྱང་ཡོངས་སུ་ལོངས་སྤྱོད་པར་འགྱུར་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྙས་པར་མི་འགྱུར་ལ། དེ་བཞིན་གཤེགས་པས་ཀྱང་། སངས་རྒྱས་ཀྱི་ཆེ་བ་ཉིད་བསྟན་པར་འགྱུར། ་བ་དང་། བདག་གིས་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ཆོས་ཉེ་བར་བརྟན་པ་བགྱིས་པར་འགྱུར་བའི་སླད་དུའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཐུགས་བརྩེ་བ་དང ་སེམས་ཅན་ཚད་མེད་པ་དག་གིས་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར་གནང་ངོ་། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས། ཚིམ་ཞིང་མགུལ ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་བདུན་དུ་བསྐོར་བ་བྱས་ཏེ། དཔུང་དང་བཅས། འཁོར་དང ་བཅས་པར་བཅོམ་ལྡན་འདས་ཀྱི་ཐད་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོ་ཆེན་པོའི་ནང་དུ་ཕྱིར་སོང་ངོ་།། དེ་ནས་དེར་སྐྱེ་བོའི་ཚོགས་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ།། ་བདག་གིས་དེ་བཞིར་གཤེགས་པ་སང་གདུགས་ཚོད་གསོལ་བར་སྦྱ་ར་དྲངས་ཏེ། དེས་ཀྱང་བདག་ལ་ཐུགས་བརྩེ་བའི་ཕྱིར་གནང་གིས། དེར་ཁྱེད་ཀུན་གྱི་ཀྱང་ལྷན་ཅིག་ཏུ་འཐུན་པ་དང་། ཡང་། ་དག་པར་དགའ་བ་དང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་ལ་བརྩོན་པ་གྱིས་ཤིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས།། ལྷ་མ་ཡིན་གྱི་དབང་པོ་སྤྲུག་ཅར ་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། སིམ་བྱེད་དང་ཐག་བཟངས་རིས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོ་འདིར་གཤེགས ་ཀྱིས་དེར་ཁྱེར་འཁོར་དང་བཅས་པ་ཐམས་ཅད། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་བདག་གིས་སྐབས་ཕྱེ་བ་ལགས་ཀྱིས་བདག་གི་གནས་སུ་སྤྱོན་ཅིག ་དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་འཇོག་པོ་དང་། ཁ་དོག་མཐའ་ཡས་པ་དང་། དྲི་མ་མེད་པ་དང་། འོད་ཅར་དང་། རྣམ་པར་རྩེ་བ་དང་། བཀོད་པ་དང་ལག་ན་རྡོ་རྗེ་དང་། ་བྱ་དང་། ཁ་དོག་ཐམས་ཅད་སྟོན་པ་དང་། ཙན་དན་གྱི་རྣམ་པ་དང་། དེ་ལས་སོགས་པའི་ཀླུའི་རྒྱལ་པོ་འབུམ་ཕྲག་དུ་མ་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་ཐམས་ཅད་ཀྱང་དེ ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར། བདག་གི་གནས་སུ་སྤྱོན་ཅིག། དེ་རས་ཀླུའི་རྒྱལ་པོ་རྒྱ་མཚོས་གཞོན་ནུ་དཔལ་གྱི་གཟི ་བརྗིད་ལ་བསྒོ་བ་བཞིན་བཟངས་ཁྱོད་སོང་ལ་ཀླུའི་རྒྱལ་པོ་མ་ཟོས་པའི་རྐང་པ་ལ་མགོ་བོས་ཕྱག་ཚོལ་ལ་ངའི་འབྲིར་འདི་སྐད་གྱིས་ཤིག། བདག་གི་པའི ་མཆིད་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བཤོས་གསོལ་གྱིས། རྒྱ་མཚོ་ཆེན་པོར་སྤྱོན་ཅིག། ཅེས་བགྱིས་ཤིག། ལེགས་སོ་ཞེས་བྱས་ཏེ། མཉར་རས ་ཇི་སྐད་བསྒོ་བ་བཞིན་དུ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་བྱས་སོ།། དེ་རས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་ཤུགས་དྲག་ལ་སྦས་པ། ཤུགས ་དྲག་ཁྱོད་སོང་ལ། རི་རབ་ཀྱི་སྟེང་དུ་སོང་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ཀྱང་བོས་ཤིག། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིར་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ ་དང་བསྙེན་བཀུར་བགྱི་ཡིས་རྒྱ་མཚོ་ཆེན་པོར་བདག་གི་གནས་སུ་སྤྱོན་ཅིག་ཅེས་གྱིས་ཤིག། དེ་རས་ཀླུའི་རྒྱལ་པོ་རྒྱ་མཚོས་ཇི་སྐད་བསྒོ་བ་བཞིན་དུ་ཀླུའི་ཤུགས་དྲག ་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཐད་དུ་སོང་ནས། ཇི་སྐད་བསྒོ་བ་བཞིན་དུ་བོས་སོ།། དེ་ནས་ཀླུའི་རྒྱལ་པོཿ ་མཚོས་རང་གི་གནས་སུ་འཁོར་གྱི་ཁྱམས་བཀོད་པ། བཻ་ཌཱུཪྻ་སྔོན་པོ་དག་པ་དང་། འཛམ་བུ་ཆུ་བོའི་གསེར་ལས་བྱས་པ་བཤམས་ཏེ། རིན་པོ་ཆེ་དུ་མས་ནི་སྦས་རིན་པོ་ཆེའི་དྲ་བས་ནི་ཁེ ་པར་བྱསདྲིལ་བུ་གཡེར་ཀའི་དྲ་བ་ནི་དབྱངས་དར་གྱི་ལྔ་ལྡིང་མང་པོ་ནི་བཏགས། བླ་རེ་རི་བྲེས། རྒྱལ་མཚན་དང་བ་དན་ནི་བསྦེད། རྒྱ་མཚོའི་སྤོས་ཀྱི་མཆོག་གིས་ནི་གདུགས ་མེ་ཏོག་སྣ་ཚོག་ནི་བཀྲབ་སྟེ། འཁོར་གྱི་ཁྱམས་ཡངས་ཤིང་རྒྱ་ཆེ་བ་དེའི་རང་རུ། བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་འཕང་དུ་དཔག་ཚད་བཅུ་གཉིས་པ། རིང་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ ་ལྷ་རྫས་ཀྱི་རས་བཅོས་བུ་རྣམ་པ་སྣ་ཚོགས་དུ་མ་མང་པོ་བཏིང་བ། བླ་རེ་བྲེས་པ། རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུས་བསྐོར་བ། རིན་པོ་ཆེའི་དྲ་བས་ཁེབས་པ། དྲིལ་བུ་གཡེར་ཀའི་དྲ་བ་དཔྱད། ་པ་དར་གྱི་ལྔ་ལྡི་བཏགས་པས་བརྒྱན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞིག་བཤམས་སོ།། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་གདན་ཡང་ཇི་ལྟར་འཚལ་བ་བཞིན་དུ་བཤམས ་རོ་བརྒྱས་བསྒོས་པའི་ཞལ་ཟས་དག་ཀྱང་བཤམས་ཏེ། ཐམས་ཅད་ལེགས་པར་ཟིན་པར་རིགས་རས། བུ་དང་། གཉེན་འདབ་དང་། འཁོར་དང་བཅས་ཏེ། རིའི་རྒྱལ་པོ་རི་རབ ་ཀྱི་བང་རིམ་ལ་འཁོད་ནས། བཅོམ་ལྡན་འདས་ལ་གདུགས་ཚོད་དབབ་པའི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། ཆོས་ཀྱི་དབང་ཕྱུག་ཡེ་ཤེས་རྒྱ་ཆེན་ཁྱད་པར་བརྙེས།། ཡེ་ཤེས་འབྱུང ་གནས་མཁའ་འདྲ་ཡེ་ཤེས་མཐའ་ཡས་པ།། འཇིག་རྟེན་འདས་པ་སྤྱན་ཡངས་དག་པའི་སྦྱར་དང་ལྡན། ཕན་པ་མཛད་པ་གདུགས་ཚེད་བབ་ཀྱི་གཤེགས་སུ་གསོལ།། ཚངས་པའི་གསུང་དང ་རྣམ་པར་དག་ལྡན་དབྱངས་སྙན་པ།། ཀ་ལ་བིངྒ་རྔ་སྒྲ་བདུད་རྩིའི་དོན་སྟོན་པ།། སྨན་པའི་མཆོག་སྟེ་ཉོན་མོངས་སྣ་ཚོགས་མུར་སེལ་བ།། སེམས་ཅན་རིན་ཆེན ་གདུགས་ཆོད་བབ་ཀྱིས་གཤེགས་སུ་གསོལ།། ཞི་ཞིང་རབ་ཞི་ཐུགས་མངའ་རྟག་ཏུ་ཞི་བར་སྦྱོར།། རྒྱལ་བ་གྲོལ་བ་ལྷ་དང་མི་རྣམས་རབ་གྲོལ་མཛད།། ཆུ་བོ་བཞི་ལས་བརྒལ་བ་འགྲོ་བ ་སྒྲོལ་བ་པོ།། ཕ་རོལ་གཤེགས་པ་བདེ་སྦྱིན་གདུགས་ཚོད་དུས་ལ་བབ།། སྦྱིན་རུལ་ཡང་དག་སྡོམ་དགྱེས་ཚུལ་ཁྲིམས་ཡོངས་སུ་དག་བཟོད་པའི་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ཆེན ་པོ་བརྙེས།། བསམ་གཏན་རྣམ་ཐར་དགྱེས་པ་ཤེས་རབ་ཡོངས་སུ་རྫོགས།། ཞལ་རས་ཟླ་འདྲ་གདུགས་ཚོར་བབ་ཀྱིས་གཤེགས་སུ་གསོལ།། ལམ་མཁྱེན་ལམ་ལ་མཁས་ཤིང་ངན ་པའི་ལམ་སྲང་ངན་པ་སྤངས།། བྱང་ཆུབ་ཡང་ལག་དབང་སྟོབས་བདེན་པ་བཞི་སྟོན་པ།། ཡང་དག་སྤོང་དང་རྫུ་འཕྲུལ་བཞི་དང་དྲན་དང་ལྡན།། ཐམས་ཅད་ཟིལ་གནོན་ཡོན་ཏན་མངའ ་བ་གདུགས་ཚོད་བབ།། སུམ་ཅུ་རྩ་གཉིས་མཚན་མངའ་བསོད་ནམས་འཚལ་རྣམ་བསོད་ནམས་ཞིང་ཆེན་བཅོམ་ལྡན་འདས།། མཆོད་སྦྱིན་དམ་པ་བཞེས་པའི་འོས་ལགས་ཡོན་གྱི ་གནས།། བྱམས་ལ་དགྱེས་པ་གདུགས་ཚོད་བབ་ཀྱིས་གཤེགས་སུ་གསོལ།། ལྷུན་པོ་འདྲ་ཞིང་ས་དང་མཚུངས་ལ་སྦྱོར་བ་སྙོམས།། བྱམས་སྔར་མི་མངའ་ནམ་མཁའི་ངོ་བོ་ཉིད་དང་མཚུང ་པི་ཡི་དབང་པོ་ཁེངས་པ་མི་མངའ་དམན་མི་མངའ།། སྟོང་དང་རྣམ་པར་ཐར་ལ་དགྱེས་པ་གདུགས་ཆོད་བབ།། ཀུན་མཁྱེན་ཀུན་ལ་མཁས་པ་དུས་དང་ཆོ་ག་མཁྱེན།། ཆོས་རྣམས ་འབྱེད་ལ་མཁས་པ་རྟག་ཏུ་དུས་བཞིན་སྟོན།། སེམས་ཅན་བསམ་པ་རབ་མཁྱེན་དོན་རིག་མཁྱེན་པར་ལྡན།། ཆོས་ཀྱི་ངོ་བོ་ཉིད་མཁྱེན་གདུགས་ཚོད་དུས་ལ་བབ། དེ་ནས། ་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཚོད་ཕབ་པ་དེ་ཐུགས་སུ་ཆུད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཚེད་པབ ་ཀྱིས་ལྷུང་བཟེད་དང་ཆོས་གོས་ལོང་ལ་སེམས་ཅན་ཡོང་སུ་སྨིན་པར་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་ཡོངས་སུ་ལོངས་སྤྱད་པའི་ཕྱིར། རྒྱ་མཚོ་ཆེན་པོར་འདོང་ངོ་།། ་དེ་རས་བཅོམ་ལྔར་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར།། ཉན་ཐོས་ཀྱིས་དགེ་འདུན་གྱིས་ནི་མདུན་དུ་བདར།། ལྷའི་ཚོགས་ཀྱིས་མི་ཕྱག་བྱས། ལྷ་མ ་ཡིན་གྱི་ཚོགས་ཀྱིས་ནི་བསྟོད་དེ། ངང་པའི་རྒྱལ་པོ་བཞིན་དུ་སྟེང་གི་བར་སྣང་ལ་འཕགས་ཏེ་གཤེགས་ནས། འོད་ཟེར་ནི་འགྱེར། སངས་རྒྱས་ཀྱི་ཞིང་རྣམས་ནི་སྣང་བར་མཛད། པདྨའི་ཆར ་ནི་འབེབས། སིལ་སྙན་འབུམ་ནི་སྒྲོ་གྲ། ཀླུའི་དབྱངས་འབུམ་ནི་གྲག་པར་མཛད་དེ། རྒྱ་མཚོའི་འགྲམ་ག་ལ་བ་དེར་གཤེག་ཏེ་བྱོན་ནས། རྒྱ་མཚོའི་འགྲམ་ན་དགའ་བའི་ཚལ་ལྟར་ཉམས་དགའ་བ་ཞེས་བྱ་བའི ་ཙམ་པ་ཀའི་ཚལ་ག་ལ་བ་དེར་གཞེས་སོ།། དེ་རས་ཀླུའི་རྒྱལ་པོ་རྒྱ་ཚེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས། ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ།། མཆོད་པ་བྱས་ནས་གདུགས་ཚེད་ཕབ་བོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བདག་གི་གནས་སུ་གཤེགས་པ་དེ་ནི། བདག་གི་རིགས་པ་མ་ཡིན་། ཆ་མ་ཡིན་གྱིས་བདག་གིས་བཅོམ་ལྡན་འདས ་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཐེམ་སྐས་ཇི་ལྟ་བུ་དག་གིས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ནས། འཛམ་བུའི་གླིང་དུ་གཤེགས་པ་དེ་ཁོ་ན་ལྟ་བུའི་ཐེམ་སྐས་དག་བྱིན ་གྱིས་བརླབས་ལ་ཐེམ་སྐས་དེ་དག་ལས་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་པར་བྱ་གོར་མ་ཆག་སྙམ་མོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ཆེན་པོའི་འགྲམ ་ནས།། རང་གི་གནས་ཀྱི་བར་དུ་ཐེམ་སྐས་ཀྱི་རིམ་པ་གསུམ་བཤམས་ཏེ། གཅིག་ནི་གསེར་ལས་བྱས། གཅིག་ནི་བཻ་ཌཱུཪྻ་ལས་བྱས། གཅིག་ནི་མུ་ཏིག་དམར་པོ་ལས་བྱས ་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། བཀྲ་བ། བལྟ་ན་སྡུག་པ་དག་བཤམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ ་ལུས་ཀྱང་རིགགིས་མི་མཐོང་བ་དང་། སུས་ཀྱང་སེམས་ཅན་དག་ལ་གནོང་པར་མི་འགྱུར་བ་དེ་ལྟ་བུ་བྱིན་གྱིས་བརླབས་ཀྱིས་བྱིར་གྱིས་བརླབས་སོ།། བཅོམ་ལྡན་འདས་ཀྱི་སྐུལ ་ཀྱང་འོད་གང་གིས་རྒྱ་མཚོ་ཆེན་པོ་སྡང་བར་གྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་འགྱུར་བ་དེ་ལྟ་ཆུའི་འོད་འབྱེར་བར་མཛད་དོ།། རྒྱ་མཚོ་ཆེན་པོ་ནི་སེམས ་ཅན་གནས་པ་གང་ཡིན་པ་དེ་དག་ཀྱང་འོང་དེས་རེག་པ་ཙམ་གྱིས། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། མཉེན་པའི་སེམས་དང་། བདེ་བའི་སེམས་སུ་གྱུར་ཏེ། ཕྱིན་ཆད་སྲ ་ཡང་ཕན་ཚུན་རྣམ་པར་འཚེ་བ་མེད་ཅིང་གནོད་པ་བྱེད་པ་མེད་དེ།། དེ་དག་ཐམས་ཅད་ཅིག་ལ་གཅིག་པ་མར་འདུ་ཤེས་པར་གྱུར་ཏོ།། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི ་བུ་རྣམས་ཀྱང་། ཆོས་མཉན་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀྱི་བཀོར་པ་བལྟ་བར་འདོད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཕྱི་བཞིམ་འབྲང་ངོ་།། དེ་ནས་བཅོམ་ལྡན། ་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷ་དང་། ཀྵ་དང་། གནོད་སྦྱིན་དང ་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་དང་མི་མ་ཡིན་པ་རྣམས། དགའ་བའི་ཚལ་ལྟར་ཉམས་དགའ་བའི་ཙམ་པ་ཀའི་ཚལ ་རས་ལངས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཐེམ་སྐས་ཀྱི་རིམ་པ་བཤམས་པ་ག་ལ་བ་དེར་དོང་སྟེ་ལྷགས་རས། ཐེམ་སྐས་དབུས་མ་ལ་རི་བཅོམ་ལྡན་འདས་བཞུགས ་སོ།། གཡས་རོལ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་འཁོད་དོ།། གཡོར་རོལ་ར་ནི་ཉན་ཐོས་ཆེན་པོ་རྣམས་འཁོད་དོ།། མདུན་ལོགས་ན་ནི་བརྒྱ་བྱིན་བྱེ་བ་ཕྲག་དྲུག་ཅུ་ལག་པ་གཡས་པས ་ལམ་མཚོན་པར་བྱེད་དོ།། ཚངས་པ་བྱེ་བ་དྲུག་ཅུ་རི་ན་མ་མཁའི་དཀྱིལ་ན་འཁོད་དེ། བཅོམ་ལྡན་འདས་ལ་རིན་པོ་ཆེའི་གདུགས་རྣམས་འཛིན་ཏོ།། ལྷ་བྱེ་བ་ཕྲག་དྲུག་ཅུ་རི་བཅོམ་ལྡན་འདས་ཀྱི ་སྣམ་ལོགས་ན་འཁོད་དེ། མེ་ཏོག་གི་ཆར་འབེབས་སོ།། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ནི། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། སིལ་སྙན་བྱེ་བ་ཕྲག་དྲུག་ཅུ་དཀྲོལ་བར་བྱེད། ་དེ། ལྷའི་བུ་མོ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ཀྱི་ཤུལ་སྤོས་ཆུའི་ཆག་ཆག་འདེབས་སོ།། ཀླུའི་བུ་མོ་བྱེ་བ་ཕྲག་དྲུག་ཅུ་ནི་ནམ་མཁའི་དཀྱིལ་ན་འཁོད་དེ། རོ་སྟོད་ཁེབས་པའི་མུ་ཏིག ་གི་འཕྲེང་བ་དག་འཕྱང་བར་བྱེད་དོ།། མི་འམ་ཅི་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པས་སྟོད་པར་བྱེད་དོ།། དྲི་ཟ་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས ་ཀྱི་སྤྱན་སྔ་ན། མེ་ཏོག་གྱི་འཕྲེང་བ་རྣམས་འཕྱང་བར་བྱེད་དོ།། ལྷ་མ་ཡིན་བྱེ་བ་ཕྲག་དྲུག་ཅུ་ནི་རས་བཅོས་བུ་ཁ་དོག་སྣ་ཚོགས་སྟོང་གིས། བཅོམ་ལྡན་འདས་ལ་འགབས་པར་བྱེད་དོ།། ་ཀླུའི་རྒྱལ་པོ་མ་རྡོས་པ་ཡང་འཁོར་བྱེ་བ་ཕྲག་རྒྱ་དང་ནམ་མཁའི་དཀྱིལ་ནུ་འཁོར་དེ། མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ་བ་དན་ཐམས་ཅད་དང་། སིལ་སྙན་དང་། ཀླུ་དབྱངས་དང་། ཕེག་རྡོབ་པ་དང་། ལྷའི་བཀོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱེད་དེ། དེ་ལ་སོགས་པ་ཀླུའི་རྒྱལ་པོ ་དྲུག་ཁྲི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་པ་ལ་ཞུགས་སོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེར་གྱི་ཁམས་བདེ་བ་ཅན་ནས་ཀྱང་། བྱང་ཆུབ ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའི་འཁོར་མང་པོ་བྱེ་བ་ཁྲག་ཁྲི་ཕྲག་འབུམ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ། ་བ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷགས་སོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་བཀོད་པ་སྔ་མ་གང་ཡིན་པ་དེ་མོག་མོག་པོ་བྱེད་ཅིང་། མི་མངོན་པར ་བྱེད་པ་དེ་ལྟ་བུའི་མཆོད་པ་བྱས་སོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟོད་དཀའ་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་གཟེར་ཅན་ནས་ཀྱང་། བྱང་ཆུབ་སེམས ་དཔའ་འོད་ཀྱི་ཏོག་དང་། འོད་ཀྱི་དཔལ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིར་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་དགའ་ནས་ཀྱང ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་མང་པོ་དང་།། གླང་ཆེར་སྤོས་ཀྱི་གླང་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་རྗེའི་སངས་རྒྱས་ཀྱི ་ཞིང་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བྱེད་རས་ཀྱང་། བྱང་ཆུབ་སེམས་དཔའ་སེང་གེ་དང་། སེང་གེའི་བློ་གྲོས་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྦྱར་བཟངས ་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མིག་མི་འཛུམ་པ་རས་ཀྱང་བྱང་ཆུབ་སེམས་དཔའི་ཁ་ལོ་སྒྱུར་བ་དང་། ཆོས་ཐམས་ཅད་ལ་དབང་བྱེད་པ་གཉིས་འོངས་སོ།། བཅོམ་ལྔར ་འདས་དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་ཅན་ནས་ཀྱང་བྱང་ཆུབ་སེམས་དཔའི་རིན་ཆེན་དཀྱིལ་འཁོར་ཅན་དང་། རིན་ཆེན་ཏ་ལ་ལ ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དགའ་བའི་སྙིང་པོ་རས་ཀྱང་། བྱང་ཆུབ་སེམས་དཔའ་མཐོང་བ་དོན ་ཡོད་དང་། རྣམ་པར་གནོད་པ་དོར་ཡོད་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེར་གྱི་ཁམས་ཀུན་ཏུ ་ལྟ་བ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྲིན་གྱི་རྒྱལ་པོ་དང་། ཆོས་ཀྱི་རྒྱལ་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སངས ་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་རས་ཀྱང་བྱང་ཆུབ་སེམས་དཔའ་བདུད་རབ་ཏུ་འཇོམས་པ་དང་། ཟག་འཇོམས་རྒྱལ་པོ་གཉིས་འོངས་སོ།། བཅོམ་ལྡན་འདས། ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་རས། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་གནས་དང་། སྒྲིབ་པ་ཐམས་ཅད་རྣམ་པར ་སེལ་བ་གཉིས་འོངས་སོ།། དེ་ལྟར་ཕྱོགས་བཅུ་རས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲི་འབུམ་ཕྲག་བྱེ་བ་མང་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ལ ་མཆོད་པའི་ལས་བྱ་བའི་ཕྱིར་ལྤགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ ་ཆེན་པོ་དང་། སངས་རྒྱས་ཀྱི་བཀོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་མཆོད་པ་ཆེན་པོ་དང་། སངས ་རྒྱས་ཀྱི་སེང་གེའི་སྒྲ་ཆེན་པོས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་འོད་ཀྱིས་ཁྱབ་པར་མཛད་དེ། སངས་རྒྱས་ཀྱི་གསུང་གིས་གོ་བར་མཛད་རས་ཀ་ལྷ་འབུམ་གྱིས་སིལ ་སྙན་དང་། གླུའི་དབྱངས་ལེན་ཅིང་། མེ་ཏོག་གི་ཆར་འབེབས་ལ། ངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཞི་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ ་བ་བསྒྲུབས་ནས། སྙིང་རྗེ་ཆེན་པོ་བརྟན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུས ་རིན་པོ་ཆེའི་ཐེམ་སྐས་དེ་དག་ལས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། དེ་ལྟ་བུའི་གླུ་དབྱངས་ལེན་པ་ར། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་གསུང་གིས་གོ་བར་མཛད་རས། སངས ་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ ་དང་། འཇིག་རྟེར་སྐྱོང་བ་རྣམས་དང་། ལྔ་དང་། ཀཱ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལཱ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན ་པ་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་དེ་བཞིར་གཤེགས་པ་ཤཱཀྱ་ཐུབ་པ་རྒྱ་མཚོ་ཆེན་པོར་གཤེགས་པ་མཐོང་ངོ་།། དེ་ནས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་གྱི་བུ ་མོ་དང་ལྷ་མ་ཡིན་གྱི་བུ་མོ་དང་། རམ་མཁའ་ལྡིང་གི་བུ་མོ་དང་། དྲི་ཟའི་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོ་བུ་མོ་བྱེ་བ་ཕྲག་འབུམ་དག་གིས་སིལ་སྙན་དང་། ཀླུའི་དབྱངས་ལེན་ཅིང་། ་བཅོམ་ལྡན་འདས་མདུན་ནས་བསུ་རས། དེའི་ཚེ་རྒྱུད་ཀྱི་སྒྲ་སྐད་ལས་འབྱུང་བའི་ཚིགས་སུ་བཅད་པ་ཁྱད་པར་དུ་འཕགས་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། སྦྱིན་པ ་ལས་བྱུང་ཚུལ་ཁྲིམས་མཛེས་དང་ལྡན།། བཟོད་པའི་སྟོབས་ལས་བྱུང་བ་བྱམས་པ་བསྒོམས།། བརྩོན་འགྲུས་ལས་བྱུང་དོན་གྱི་རྒྱ་མཚོ་ལགས།། བསམ་གཏན་རྣམས་ཐར་དགྱེས་པ་ཁྱོད་ཕྱག ་འཚལ།། ཤེས་རབ་འོད་ལྡན་དགོངས་པ་རྣམ་པར་དག། འོད་རང་གཟི་བརྗིད་དཔལ་གྱི་མངོན་པར་བརྒྱན།། རྣམ་པར་གྲོལ་བ་མངོན་སུམ་སྦྱོར་མཛད་པ།། ཐུབ་པ་ཉོན་མོངས་བསལ་ལ ་ཕྱག་འཚལ་ལོ།། བརྟུལ་ཞུགས་ཤིན་ཏུ་རྫོགས་པ་བརྟུལ་ཞུགས་མཆོག། དཀའ་ཐུན་མཐར་ཕྱིན་རྟོགས་པར་ཐུགས་སུ་ཆུད།། རིག་ནི་སྦྱིན་པར་མཛད་ཅིང་མིག་སྐྱོང་བ།། འགྲོ་བ་ཀུན ་ཏུ་རྒྱུ་བ་འགྲོ་བའི་མཆོག། དོན་དམ་ཟབ་མོ་ཤིན་ཏུ་སྦྱོར་བ་པོ།། གཞན་ལ་ཕན་པ་ཟླ་མེད་ཐུགས་སུ་ཆུད་།། ཆགས་པ་མེད་པར་ཚིག་གི་དོན་སྟོན་པ།། གཞན་ལ་ཕན་པ་ཟླ་མེད་འོང་མཛད ་པ།། དུས་སྐབས་མཁྱེན་པ་ཀུན་ཏུ་སྟོན་པ་པོ།། རྒོལ་བ་ངན་པའི་ཚོགས་ཀུན་རབ་འཇོམས། ཡོན་ཏན་རྒྱ་མཚོ་བསོད་ནམས་མི་ཟད་པ།། བརྟུལ་ཞུགས་ཡོངས་སུ་རྫོགས་པ་བརྟུལ ་ཞུགས་མཆོག། བདུད་རྩིའི་བདེ་སྐྱིད་བདེ་བ་སྦྱིན་མཛད་པ།། རམ་མཁའ་འདྲ་ཞིང་དགོངས་པ་དག་པ་སྟེ། དྲི་མ་ཀུན་སེལ་རྣམ་པར་འདྲེན་པ་པོ།། ཡོན་ཏན་རྒྱ་མཚོ་བསོད་ནམས་མི ་ཟད་པ།། རྒྱ་མཚོར་འཇུག་པ་ཡེ་ཤེས་རྒྱ་མཚོར་ལྡན།། ཆོས་ཀྱི་དབང་ཕྱུག་ཉོན་མོངས་སེལ་མཛད་པ། ཆོས་ཀྱི་སྤྱིར་བདག་སེར་སྔ་མི་མངའ་བ།། ཆོས་ཀྱི་རིན་ཆེན་ནོར་མཆོག་སྦྱིན ་བྱ། མཛད་པ།། ཆོས་མཆོག་ཡེ་ཤེས་དེ་ཉིད་སྟོན་པ་པོ།། དགའ་བ་སྟོན་པ་བདེ་བ་སྟོན་མཛད་པ་བག་ལ་ཉལ་གྱི་ཉེས་པ་སྤོང་བ་སྟོན།། རི་ཡི་དབང་པོ་བཞིན་དུ། ་མི་གཡོ་བ།། དེ་བཞིན་གཤེགས་པ་ཁྱོད་ལ་མགོས་ཕྱག་འཚལ།། མི་དང་ལྷ་དང་མཁའ་ལྡིང་གསང་བ་པ་ལྷ་མིན་སྲིན་པོ་མི་འམ་ཅི་ཡི་བ་དག། ཀླུ་རྣམས་དང་ནི་གྲུལ་བུམ་གནོད ་སྦྱིན་རྣམས།། ཁྱོད་ཀྱི་ཞབས་ལ་མགོ་བོས་ཕྱག་ཀྱང་འཚལ།། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན་པ་སྟེ་རབ་མཛེས་དཔེ་མེད་ཤིན་ཏུ་སྟོན་མཛད་པ།། གསེར་གྱི་མདོག་ཅན་དཔ ་ལྡན་མདོག་སྡུག་པ།། སེན་མོ་ཟངས་འདྲ་མདོག་སྡུག་ཕྱག་མཐིལ་མཉམ།། ཀ་ལ་བིངྒའི་གདངས་ཅན་ཡ་མཚན་གསུང་།། ཚངས་པ་ལྷ་དབང་གདངས་ཅན་གདངས་ཀྱི་མཆོག། གསུང་གིས ་སྟོང་གསུམ་སོ་སོར་འགེངས་པར་མཛད།། འཇམ་མཉེན་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། དབང་པོ་དུལ་ཞིང་ཐུགས་ཀྱང་རུལ་བ་སྟེ། ཞལ་རས་ཟླ་བ་འདྲ་ཞིང་སྤྱན་ལེགས་པ། ་ཏུ་བདེན་པ་གསུང་ཞིང་མཉམ་པར་གཞག། ཛཱ་ཏུ་ཆོས་འཛིན་ཁྱོད་ལ་ཕྱག་འཚལ་ལོ།། རྒ་ནད་སྡུག་བསྔལ་རབ་ཏུ་གྲོལ་མཛད་པ།། འགྲོ་བའི་དོན་མཛད་ཉོན་མོངས་སྤོར་མཛད་པ། ་རྒྱལ་བར་འོས་པ་བདུད་འཇོམས་རྒྱལ་བ་པོ།། སྐྱེ་བ་ཟད་པ་དེ་ཉིད་སྟོན་མཛད་པ།། དགྲ་བཅོམ་དགྲ་ཡི་ཚོགས་རྣམས་འཇོམས་པ་པོ།། ལྷ་ལས་འདས་པ་ལྷ་མང་རྣམས་ཀྱིས་མཆོད།། ཁྱོད ་ནི་རྟག་ཏུ་བཞེས་པའི་འོས་ཀྱི་མཆོག། སྐྱེ་དགུ་ཀུན་མཆོག་འཛིན་པ་བཟངས་པོ་ལགས་དེ་ནས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ནམ། ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟའི་བུ་མོ་དེ་དག་གིསབཅོམ་ལྡན་འདས་ལ་ཚིགས་སུ་བཅང་བ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས།། ཐམས་ཅད་ཅིག་ཏུ་འཐུར་བར་གྱུར། ་བས་བླ་རེ་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རང་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ།། དེ་རས་བཅོམ་ལྡན་འདས ་མཐར་གྱི་རྒྱ་མཚོ་ཆེན་པོ་གཤེགས་ཏེ་། རྒྱ་མཚོ་ཆེན་པོའི་གཏིང་གི་དཀྱིལ་གྱི་གནས། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ག་ལ་བ་དེར་གཤེགས་རས། སེང་གེའི་ཁྲི་དེ་ལ་བཞུག ་སོ།། དགེ་སློང་གི་དགེ་འདུན་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྟན་ཇི་ལྟར་བཤམས་པ་དེ་དག་ལ་འཁོར་དོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། བཅོམ་ལྡན ་འདས་རང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་རཔའ་རྣམས་བཞུགས་པར་རིག་ནས་ཀ་བུ་དང་བཅས། ཆུང་མ་དང་བཅས། གཉེན་འདབ་དང་འཁོར་དང་བཅས་པས། རང་གི ་ལག་གིས་ཞལ་ཟས་རོ་བརྒྱ་དང་ལྡན་པ་བསོད་པ་མང་པོས་ཚིམ་པར་བྱེད་ཅིང་། ཅི་བཞེད་པ་སྟོབས་པར་བྱེད་དོ།། ཚིམ་པར་བྱེས་ཤིང་ཅི་བཞེས་པ་སྟབས་ནསབཤོས་གསོལ་ལགས་ཏེ། ་སང་སྡེར་གྲུ་བ་དང་། ཕྱག་བཅབས་པར་རིག་ནས། ཆོས་མཉར་བའི་ཕྱིར་ཀྵའི་རྒྱལ་པོ་རྒྱ་མཚོས་ལྔ་དང་། ཀླུ་དང་། གནོད་སྤྱིར་དང་། དྲི་ཟ་དང་། ལྷ་མ་ཡིན། ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིར་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། རི་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར ་དེ་ཚོགས་ཏེ། འཁོད་པར་ཐུགས་སུ་ཆུད་རས་བདེ། བདེ་བ་དང་དགའ་བ་དང་། མཆོག་ཏུ་དགའ་བའི་ཆོས་མཉན་པ་ཞེས་བྱ་བའི་འོད་གཟེར་སྐུ་ལས་འགྱེད་པར་མཛད་དོ།། འོད་གཟེར་དེ་དག ་གིས་རྒྱ་མཚོ་ཆེན་པོའི་རང་ན། སྲོག་ཆགས་རབ་དང་འབྲིང་དང་། ཐ་མ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་མདུར་ར་བཞུགས་པར་མཐོང་བར་གྱུར་ཏེ། བདེ་བ་དང་། ་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་རས། ཆོས་མཉན་པ་ལ་ཐོད་ཅིང་། གུས་པ་དང་བཅས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདུད་ཅིང་འཁོད་པར་གྱུར་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་འཇིག་རྟེན་གནས་པ་འདི་ནི་ལས་སྣ་ཚོགས་ཀྱིས་བསྐྱོད་ནས། སེམས་ཀྱི་དམིགས་པ་སྣ་ཚོགས ་ཀྱིས། ལས་རྣམ་པ་སྔ་ཚོགས་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དེ། དེའི་འགྲོ་བ་ཡང་རྣམ་པ་སྣ་ཚོགས་སུ་གྱུར་ཏོ།། ཀླུའི་བདག་པོ་རྒྱ་མཚོ་ཆེར་པོ་འདི་ན་གཟུགས་རྣམ་པ་སྣ་ཆོག ་ཇི་སྙེད་པ་དང་། ཐ་མལ་པ་ཇི་སྙེད་སྡང་བ་ལ་ལྟོས། ཀླུའི་བདག་པོ་འདི་དག་ཐམས་ཅད་རི་རང་རང་གི་སེམས་དང་།། དགེ་བ་དང་མི་དགེ་བའི་རྩ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་སྨྲ། ་ཚོགས་ཀྱིས་སྣ་ཚོགས་སུ་བྱས་པ་དག་གོ།། སེམས་ནི་གཟུགས་མེད་པ་བསྟན་ཏུ་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་མ། ཆོས་ཐམས་ཅད་ནི་བཅོས་མ་རྣམ་པར་བསྒྲུབས་པས་ཉེ་བར་གརས་པ ་མཚན་ཉིད་དེ། བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པའོ།། དེ་དག་ནི་ལས་ཇི་ལྟར་བསགས་པ་བཞིན་དུ་བསྒྲུབས་པ་སྣ་ཚོགས་སུ་བྱས་པ་དག་སྟེ། འདི་ལ་བྱེད ་པ་པོ་གང་ཡང་མེད་དོ།། དེ་ལྟར་ན། ཆོས་འདི་དག་ནི་བསམ་གྱིས་མི་ཁྱབ་པ། སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ།། ཀླུའི་བདག་པོ་དེ་ལ་མཁས་པས་ཆོས་ཐམས་ཅད་རྣམ་པར ་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དུ་ཤེས་ནས། དགེ་བ་མངོན་པར་འདུ་བྱ་བ་དག་ཁོ་ན་མངོན་པར་འདུ་བྱ་སྟེ། དགེ་བ་མངོན་པར་འདུ་བྱ་བ་དག་མངོན་པར་འདུ་བྱེད་པ་དེའི་ཕུང་པོ ་དང་སྐྱེ་མཆེད་རྣམ་པར་བསྒྲུབས་ནས་ཉེ་བར་གནས་པའི་མཚན་ཉིད་མངོན་པར་བསྒྲུབས་པ་གང་ཡིན་བ་དེ་དག་མཛེས་ཤིང་གཟུགས་བཟང་ལ་བལྟ་ན་སྡུག་པ་མངོན་པར་འགྲུབ་པར་འགྱུར ་རོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས། ཇི་ལྟར་བརྒྱན་པ་དང་། ཇི་ལྟར་རྣམ་པར་བསྒྲུབས་པ་དང་། གང་གིས ་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་། ནོན་པར་འདུག་པ་དང་། གང་གིས་འབུམ་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་འདི་དག་ཀྱང་མོག་མོག་པོ་བྱེད་པ་དང་། དེ་བཞིན ་གཤེགས་པའི་སྐུ་ལ་བལྟ་བ་ན་ཡང་མིག་ཁྲལ་ཁྲུལ་དུ་གྱུར་པ་ལ་བལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གི་ལུས་ཀྱི་རྒྱན་གཟུགས་ཀྱི་མཚར་རྣམས་ལ་བལྟོས ་འདི་དག་ཐམས་ཅད་ནི་དགེ་བ་མངོན་པར་འདུ་བྱེད་པས་མངོན་པར་འདུ་བྱས་པས་བརྒྱན་པ། རྣམ་པར་བསྒྲུབ་པ་དག་གོ།། ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས ་ལས་བྱུང་བ་ཡིན་ནོ།། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང ་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདི་རྣམས་ཀྱི་བཀོད་པ་འདི་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བ་དག་གོ།། ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ནི་གང ་དག་ལུས་སྣ་ཚོགས་གཟུགས་མི་སྡུག་ཅིང་དབྱིབས་མ་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། གང་དགེ་ལུས་ཕྲ་ཞིང་ཆུང་བ་དེ་དག་ཐམས་ཅད་ཀྱང་། རང་རང་གི་སེམ ་དང་བ་དགེ་བ་དང་། མི་དགེ་བའི་རྩ་བའི་ལུས་དང་། ངག་དང་། ཡིད་ཀྱི་ལས་སྣ་ཚོགས་ཀྱི་སྣ་ཚོགས་སུ་བྱས་པ་དག་སྟེ། ཀླུའི་བདག་པོ་དེ་ལྟ་བས་མཇེད་ཀྱིས་ལུས་བདག་གིར་བྱ ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟེན་པར་འགྱུར་བ་དེ་ལྟར་སློབས་ཤིག་དང་། ལས་བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོག་པ་ཁྱེད་དགེ་བའི་ལས་མངོན་པར ་འདུ་བྱ་བ་དག་ལ་བློ་འཇུག་པར་འགྱུར་རོ།། ལྟ་བ་ཆུད་གཟོན་པར་བྱེད་པར་མི་འགྱུར་རོ།། ཆར་པ་དང་། རྟག་པར་ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། ཁྱེད་ཀྱིས་སྦྱིན་པའི ་གནས་མཉེས་པར་གྱིས་ཤིག། མཉེས་པར་བྱས་ནས་ཀྱང་ཐུགས་དབྱུང་བར་མ་བྱེད་ཅིག། བཀུར་སྟིའི་རྒྱུ་ལས་བྱུང་བའི་དགེ་བ་མངོན་པར་འདུ་བྱེད་པས་ཀྱང་ལྷ་དང་བཅས་པའི་འཇིག ་རྟེན་གྱི་བཀུར་སྟིའི་གནས་སུ་འགྱུར་བར་གྱིས་ཤིག།། བམ་པོ་ལྔ་པ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས ་ངན་སོང་ངན་འགྲོ་ལོག་པར་ལྷུང་བར་སྐྱེ་བ་ཡང་དག་པར་གཅོད་དོ།། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ། དགེ ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། དེ་དགེ་བའི་ཆོས་ལ་སོ་སོར་རྟོག་པ་མང་བས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ།། དེ་མི་དགེ་པའི་ཆོས་སྤང ་ཏེ། དགེ་བའི་ཆོས་དང་ལྡན་པས། བསམ་པ་དགེ་བའི་སེམས་ཅན་འདི་ནཱ་སྟྭཾ། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འགྲོགས་པ་རྙེད་པར་ཇུ། ་རོ།། ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཤེས་བྱ་བ་ནི། ལྷ་དང་མིའི་སྐྱེ་དགུའི་ཕུར་སུམ་ཚོགས་པའི་རྩ་བའི་རྟེན་ཏོ།། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང ་ཆུབ་ཀྱི་རྩ་བའི་རྟེན་ཏོ།། བླ་ར་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ།། རྩ་བའི་རྟེན་ཀྱང་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། བཅུ་གང་ཞེ་ན། ་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུར་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ངག་རྩུ་པོ་སྤོང་བ་དང་། ་ཚིག་ཁྱལ་བ་སྤོང་བ་དང་། བསླབ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་སྟེ། དེ་ནི་རྩ་བའི་རྟེན་ཅེས་བྱའོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་སྐྱེས ་བུ་གང་ཟག་ནི། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་ཡིན། དེའི་སེམས་བྱམས་པར་དམིགས་པ་ལ་ཉེ་བར ་གནས་པ་ཡིན། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན། དེས་རང་ཉུང་བར་འགྱུར་བའི་ལམ་ཡོངས་སུ་བཟུང་བ་ཡིན། དེས་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ་ཡིན། དེ་ལ་མིམ ་ཡིན་པ་རྣམས་ཀྱང་སྲུང་བ་དང་། སྒྲུབ་པ་དང་། སྦེད་པར་བྱེད་པ་ཡིན། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་རྨི་བ་ཡིན། གཉིད་ལོག་པ་ན་ཡང་དེ་ལ་ལྷ་རྣམས་བསྲུང་བ ་ཡིན། དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། དེ་ལ་ཤར་གཉེར་བའི་བག་ལ་ཉལ་བ་མེད་པ་ཡིན། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག། ་རྟེན་དུ་སྐྱེ་བ་ཡིན་ཏེ། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་ཐོབ་བོ།། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། ་དེས་དེ་བྱང་ཆུབ་ཐོབ་པ་ན། ཚེའི་ཚད་སེམས་ཀྱི་དབང་དུ་འགྱུར་རོ།། ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་ལྔ་ཐོབ་སྟེ། ལྔ་གང་ཞེ་ན། ལོངས ་སྐྱོང་ཆེ་བར་ཡང་འགྱུར་ལ། དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུམ་དང་། ཆུ་དང་མེད་ར། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་རྣམས་ཀྱིས་མི་འཕྲོགས་པ་ཡིན། སྐྱེ་བོ་མང་པོའི ་ཡིད་དུའོང་ཞིང་དགའ་བ་ཡིན། དོགས་པ་མེད་པ་ཡིན། ཕྱོགས་དང་ཕྱོགས་མཚམས་སུ་དེའི་བསྔགས་པ་བརྗོད་ཅིང་།། དེ་ལ་ཕ་རོལ་གྱི་གནོད་པས་འཇིགས་པ་མེད་པ་ཡིན། དེའི་སེམས་སྦྱིན་པའི ་བགོ་བཤའ་ལ་འཇིག་པ་ཡིན་ཏེ། ལྔ་པོ་དེ་དག་གོ།། མ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་བཞིན ་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་རྟོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱའོ།། ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། མཁས་པས་བསྔགས་པའི་ཆོས་བཞི་ཐོབ་སྟེ། བཞི་གང་ཞེ་ན། དབང་པོ་བསྡམ ་པ་དང་། རྒོད་པ་ལས་ཡང་དག་པར་འདས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོག་པ་སྟེ། བཞི་པོ་དེ་དག་གོ།། འདོད་པས་ལོག་པར་གཡེམ་པ་སྤངས ་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་སྐྱེས་བུ་ཆེན་པོའི་མཚན་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་བོ།། ཀླུའི་བདག ་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི། ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། ཨུཏྤལའི་དྲི་འབྱུང་བས་ཁ་ཡོང་སུ་དག་པ་ཐོབ་པ་དང་། འཇིག ་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་ལྷ་དང་མི་དགའ་བས་དབང་གཅིག་པུར་འགྱུར་བ་དང་། ཡང་དག་པའི་བསམ་པ་དང་ལྡན་པས་དོགས་པ་མེད་པར་འགྱུར་བ་དང་། ལྷག ་བའི་བསམ་པ་ཕུན་སུམ་ཚོགས་པས། ལུས་དང་ངག་དང་། སེམས་ཡོངས་སུ་དག་པར་འགྱུར་བ། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིག་བཟུང ་བར་འོས་པས་ངག་སྙན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྔ་དང་མིར་སྐྱེས་ན་དབང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པོ་དེ་དག་གོ། བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་ཆ། ་བདེ་གལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེས་དེ་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ།། ཀླུའི་བདག་པོའི་ཕྲ་མ་སྤངས་པའི་སྐྱེས ་བུ་གང་ཟག་ནི། མི་ཕྱེད་པ་ལྔ་ཐོབ་སྟེ། ལྔ་གང་ཞེ་ར། གཞན་གྱིས་གནོད་པར་བྱ་བ་དང་བྲལ་བས་ལུས་མི་ཕྱེད་པ་ཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས་གཡོག་འཁོར་མི་ཕྱེད། ་པ་ཐོབ་པ་དང་། ལས་ཀྱི་རྣམ་པར་སྨིད་པ་མཐོང་བས་དད་པ་མི་ཕྱེད་པ་ཐོབ་པ་དང་། བསྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་ཐོབ་པ་དང་། མི་སླུ་བས་མཛའ་བཤེས་མི་ཕྱེད་པ་ཐོབ ་པ་སྟེ། ལྔ་པོ་དེ་དག་གོ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེས་དེ་གཡོག་འཁོར་མི་ཕྱེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་འཁོར་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དབྱེ་བར་མི་ནུས་སོ།། ཀླུའི་བདག་པོ་ངག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག། ་ནི། ངག་ཡོངས་སུ་དག་པ་བརྒྱད་ཐོབ་ལ། ཤི་འཕོས་ན་ཡང་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རན་པའི་ཚིག་དང་། ཕན་པའི་ཚིག་དང་། ་རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མི་སྨད་པའི་ཆོ་ག་སྟེ། བརྒྱད་པོ་དེ ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ། བླ་ར་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་ཚངས་པའི་སྒྲ་སྐད་ཀྱི་གདངས་ཅན་གྱི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག ་པོ་ཚིག་ཁྱལ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི། གཅིག་ཏུ་ངེས་པ་གསུམ་ཐོབ་སྟེ། གསུམ་གང་ཞེ་ན། མཁས་པ་རྣམས་གཅིག་ཏུ་ངེས་པར་དགའ་བ་དང་། ལན་ལེགས་པར་གློན་པས་གཅིག་ཏུ ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པས་གཅིག་ཏུ་ངེས་པར་ལྷ་དང་མིའི་བདག་ཉིད་ཆེན་པོ་ཐོབ་པ་སྟེ། གསུམ་པོ་དེ་དག་གོ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེས་དེ་ཕྱེད་པར་ལུང་སྟོན་ཅིང་གཞན་དུ་མི་གསུང་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་བསྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི ་བདག་པོའི་ཆོས་ལྔ་ཐོབ་སྟེ། ལྔ་གང་ཞེ་ན། དབང་པོ་མཚངས་མེད་པས། ལུས་དང་ངག་དང་། སེམས་ཀྱི་བདག་པོ་ཐོབ་པ་དང་། དགྲ་ཐམས་ཅད་ཀྱིས་མི་བརྫི་བས་ལོངས་སྤྱོད་དང ་དབང་ཕྱུག་རྒྱ་ཆེན་པོའི་བདག་པོ་ཐོབ་པ་དང་། བསོད་ནམས་ལ་དབང་བྱེད་པས། དེའི་སེམས་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས་ལ་འཇུག་པ་དང་། ཕྱིས་བཀྲབ་པ་ཐོབ་པས ་རྒྱལ་པོ་བདག་པོས་མཆོད་པ་དང་། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་འབུམ་འགྱུར་དུ་ཁྱད་པར་དུ་འགྱུར་བ་ཐོབ་པ་སྟེ། ལྔ་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ། ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་འཇིག་རྟེན་གསུམ་གྱི་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ།། ཀླུའི་བདག་པོ་གནོད ་སེམས་སྤངས་པའི་སྐྱེས་བུ་གང་ཟག་རི། ཡིད་བདེ་བར་བྱེད་པའི་ཆོས་བརྒྱར་ཐོབ་སྟེ། བརྒྱད་གང་ཞེ་ན། དེའི་སེམས་རྣམ་པར་མི་འཚེ་བ་ལ་འཇུག་པ་དང་། དེའི་སེམས་གནོད་སེམས ་རབ་ཏུ་ཞི་བར་འཇུག་པ་དང་། དེའི་སེམས་རྩོད་པ་མེད་ཅིང་། འཐབ་པ་མེད་པ་ལ་འཇུག་པ་དང་། དེའི་སེམས་འཇམ་པ་དང་། མཉེན་པ་དང་། ངེས་པ་ལ་འཇུག་པ་དང་། བྱམས་པའི ་སེམས་དང་ལྡན་པའི་ཕྱིར། འཕགས་པའི་སྐྱེ་བོས་བཀུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་མངོན་པར་དགའ་བའི་ཕྱིར། ཕན་པའི་དངོས་པོ་མང་བ་དང་། སྐྱེ་བོ་མང་པོས ་བཀུར་སྟི་བྱ་བའི་ཕྱིར་མཛེས་པ་དང་། སེམས་འཇམ་ཞིང་ལས་སུ་རུང་བའི་ཕྱིར། དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་དཀའ་བ་མེད་པ་སྟེ། བརྒྱད་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་ག ་ཏེབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་སེམས་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལྟ་བས་ཆོག་མི་ཤེས་པར་འགྱུར་རོ།། ཀླུའི་བདག་པོ་ལོག་པར ་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི། ཡོན་ཏན་གྱི་ཆོས་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། བསམ་པ་དགེ་བར་འགྱུར་ཞིང་གྲོགས་པོ་དགེ་བ་རྙེད་པ་དང་། ལས་ཀྱི། ་རྣམ་པར་སྨིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། ལྔར་སངས་རྒྱས་འཛིན་ཏེ། གཞན་ལྷར་མི་འཛིན་པ་དང་གདགེ་མཚན་དང་། བཀྲ་ཤིས་སུ་འཛིན་པ ་མེད་པས་ལྟ་བ་དྲང་བ་དང་། གྲོགས་ལྷ་དང་མི་ཡིན་ཏེ། དུད་འགྲོའི་སྐྱེ་ག་རས་དང་། གཤིན་རྗེའི་འཇིག་རྟེར་གྲོགས་མ་ཡིན་པ་དང་། བསོད་ནམས་འབར་བས་ཁྱབ་པར་དུ་འགྲོ་བ་དང་། ལོག ་བ་ཐམས་ཅད་མེད་པས། འཕགས་པའི་ལམ་དུ་ཞུགས་པ་དང་། འཇིག་ཚོགས་ལ་བལྟ་བ་ལས་བསྐྱོད་དེ་སྡིག་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། བསྒྲིབས་པ་མེད་པར་མཐོང་བ་ཡིན་ཏེ། ཡང ་དག་པར་སོང་། ཡང་དག་པར་ཞུགས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་མི་ཁོམ་པ་དང་བྲལ་བ་ཡིན་ཏེ། བཅུ་པོ་དེ་དག་གོ།། ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་བྱང་ཆུབ་ཐོབ་པ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་དུ་འགྱུར་ཞིང་མངོན་པར་ཤེས་པ་མྱུར་བའི་དེ་གལ་ཏེ་བླ་ན་མེད་དེ ་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི་བྱང་ཆུབ་སེམས་པས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚེ་རིང་བར་ཡང་འགྱུར་རོ།། བྱང་ཆུབ ་སེམས་དཔའི་སྲུང་བ་སྤྱོད་དུ་ཡང་། གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ།། མ་བྱིར་པར་ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་དུ ་ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ལོངས་སྤྱོད་མི་འཕྲོག་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་ཐམས་ཅད་ཡང་དག་བསྒྲུབ་པས། བླ་ན་མེད་པ་ཐོབ ་པར་འགྱུར་རོ།། འདོད་པས་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔའ་སྤྱིར་བ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཆུང་མ་མི་གཡེམ་པར་ཡང་འགྱུར་རོ།། བྱང་ཆུབ་སེམས ་རབའི་སྤྱད་པ་སྤྱོད་པ་ན་ཡང་། དེའི་མ་དང་། བུ་དང་ཆུང་མ་ལ་སུ་ཡང་ཆགས་པའི་སེམས་ཀྱིས་བལྟ་བར་མི་འགྱུར་རོ།། བརྫུན་དུ་སྨྲ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིར་ན། ལོང ་སྤྱོད་ཆེ་བར་ཡང་འགྱུར་ཞིང་ལོངས་སྤྱོད་མི་འཕྲོགས་པ་དང་། སྐུར་པ་འདེབས་པ་མེད་པར་འགྱུར་བའི་ལམ་ཡང་ཡོངས་སུ་འཛིན་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་དེ། དམ་བཅས་པ་བརྟན་པར་འགྱུར་རོ།། ཕྲ་མ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། གཡོག་འཁོར་མི་ཕྱེད་པར ་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤུད་པ་སྤྱོད་པ་ན་ཡང་། བསམ་པ་འཐུན་པས་བྱང་ཆུབ་སེམས་དཔའི་གཡོག་འཁོར་ཐོབ་བོ།། ངག་རྩུབ་པོ་སྤངས་པའི་བྱང་ཆུབ་སེམས་རཔས་སྦྱིན་བ ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཚིག་བཙུན་པར་འགྱུར་ལ། ཚིག་སུན་དབྱུང་དུ་མེད་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང ་འཁོར་བ་མགུ་བར་སུ་ཡང་མི་འགྲོའོ།། ཚིགས་ཁྱལ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། ཚིག་མཉན་པར་ཡང་འགྱུར་རོ།། བྱང་ཆུབ་སེམས ་དཔའི་སྤྱད་པ་སྤྱོད་པ་ན་ཡང་། ཐེ་ཙོམ་ཐམས་ཅད་གཅོད་པ་ལ་མཁས་པར་འགྱུར་རོ།། བརྡབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ནས་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ག་ལོངས་སྤྱོད་དང ་ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ་དག་ལ། དེའི་སེམས་འཇུག་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། རྒྱ་ཆེན་པོ་ལ་མོས་ཤིང། དབང་ཆེ་བར་གྲགས་པར་འགྱུར་རོ།། གནོད་སེམས ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་། མཛེས་པ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན ་ཡང་བློ་ཐོགས་པ་མེད་ཅིང་། སེམས་ཐོགས་པ་མེད་ལ་དབང་པོ་མ་ཚང་བ་མེད་པར་འགྱུར་རོ།། ལོག་པར་ལྟ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང ་སངས་རྒྱས་ལ་དད་པ་དང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ར་ཡང་། སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲལ་བར་མི་འགྱུར་རོ།། ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན། དེ་ལྟར་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ་བྱིན་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ།། ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ། སྨོན་པ་ཡོངས་སུ་རྫོགས་པར་བྱེད་དོ།། བཟོད་པ་ས་བརྒྱར་ར་མཚར་དང་། དཔེ་བྱད་བཟང་པོ ་དང་སངས་རྒྱས་ཀྱི་གསུང་གི་གདངས་ཡོངས་སུ་རྫོགས་པར་འགྱུར་རོ།། བརྩོན་འགྲུས་ཀྱིས་བརྒྱན་ན། བདུད་ཕྱིར་རྒོལ་བ་འཇོམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ།། ་བསམ་གཏན་གྱིས་བརྒྱར་ན། དྲད་པ་དང་བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། བརྟན་པ་ཡོངས་སུ་དག་པར་འགྱུར་རོ།། ཤེས་རབ་ཀྱིས་བརྒྱན་ན། ལྟ་བ་ཐམས་ཅད་ཡང་དག་པར ་འཇོམས་པར་འགྱུར་རོ།། བྱམས་པས་བརྒྱད་ར། སེམས་ཅན་ཐམས་ཅད་དང་ཞེ་འགྲས་པ་མེད་པར་འགྱུར་རོ།། སྙིང་རྗེས་བརྒྱར་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར ་རོ།། དགའ་བས་བརྒྱན་ན། སེམས་ཞུམ་པ་མེད་པར་འགྱུར་རོ།། བཏང་སྙོམས་ཀྱིས་བརྒྱན་ན། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོངས་པར་འགྱུར་རོ།། བསྡུ་བའི་དངོས་པོས་བརྒྱན་ན། ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། དྲན་པ་ཉེ་བར་གཞག་པས་བརྒྱན་ན། ལུས་དང་། ཚོར་བ་དང་སེམས་དང་། ཆོས་ལ་མཁས་པར་འགྱུར་རོ།། ཡང་དག ་པར་སྤོང་བས་བརྒྱན་ན། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། རྫུ་འཕྲུལ་གྱི་རྐང་པས་བརྒྱན ་ན། ལུས་དང་སེམས་ཡང་བར་འགྱུར་རོ།། དབང་པོ་ལྔས་བརྒྱན་ན། དད་པ་བཏན་པ་དང་། བརྩོན་འགྲུས་བརྟན་པ་དང་། རྨོངས་པ་མེད་པ་དང་། སེམས་ལས་སུ་རུང་བ་དང་། ཉོན་མོངས ་པ་ཐམས་ཅད་སྤོང་བར་འགྱུར་རོ།། སྟོབས་ཀྱིས་བརྒྱན་ན། རྫི་བ་མེད་པ་དང་། དགྲ་དང་འཁུ་བ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ།། བྱང་ཆུབ་ཀྱི་ཡན་ལག་གིས་བརྒྱན་ར། ཆོས ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་རུང་བར་འགྱུར་རོ།། ལམ་གྱིས་བརྒྱར་ན། ཡང་དག་པའི་ཡེ་ཤེས་འདྲེན་པར་འགྱུར་རོ།། ཞི་གནས་ཀྱིས་བརྒྱན་ན། ཉོན་མོངས་པ་ཐམས་ཅད ་ཚར་གཅོད་པར་འགྱུར་རོ།། ལྷག་མཐོང་གིས་བརྒྱན་ན། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ།། ཐབས་ཀྱིས་བརྒྱན་ན། འདུས་བྱས་དང་། འདུས ་མ་བྱས་ཀྱིས་བདེ་བ་ཡོངས་སུ་རྫོགས་པར་འགྱུར་རོ།། ཀླུའི་བདག་པོ་མདོར་ན། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཁོ་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པ་དང་། ་མི་འཇིགས་པ་བཞི་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀླུའི་བདག་པོ་ལྟ་བས་ན། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་རྒྱས ་བར་རྣམ་པར་དག་པར་དབྱེ་བ་དང་། བརྒྱན་པར་བརྩོན་པར་བྱའོ།། ཀླུའི་བདག་པོ་དཔེར་ན། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས ་ཅད་དང་། རྩཝ་དང་ཤིང་གེལ་བ་དང་། སྨན་དང་། ཤིང་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚོགས་ཐམས་ཅད་དང་ལོ་ཏོག་ཐམས་ཅད་སྐྱེ་ཞིང་རྨོ་བ་དང་། ཤ་ལ ་བས་བཤལ་བ་དང་། འབྱུང་བ་རྣམས་ནི་ས་ལ་གནས་ཏེ། དེ་དག་གི་གནས་ནི་ས་ཡིན་རོ།། ཀླུའི་བདག་པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི། ལྷོ་དང་མིར་སྐྱེ་བ་དང ་སློབ་པ་དང་མི་སློབ་པའི་དགེ་སྦྱོང་གི་འབྲས་བུ་ཐོབ་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས ་ཡིན་ནོ།། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཆོས་ཀྱི་སྒོར་འཇུག་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་སྒྲིབ་པའི་ནོངས་པ་རྣམས་སྤོང་ཞིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་ནས་ཀྱང་། ཁྱད་པར་གྱི་གནས ་སུ་མཆི་བར་འགྱུར་བའི་ཆོས་ཀྱི་སྒོར་འཇུག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་གཅིག་གིས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ ་ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྡོམ་པ་ལ་གནས་པ་ཉེས་པ་བྱུང་བ་འཆགས་པ་སྟེ། གཅིག་ནི་དེ་ཡིན་ནོ།། ཀྭའི་བདག་པོ་ཆོས་གཉིས་ཀྱིས་ལས་ཀྱི་སྒྲིབ ་པ་རྒྱུན་ཆད་པར་འགྱུར་ཏེ།། གཉིས་གང་ཞེ་ན། འདི་ལྟ་སྟེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་། ད་ལྟར་བྱུང་བ་མངོན་པར་འདུ་མི་བྱེད་པ་སྟེ། དེ་གཉིས་སོ།། ཀླུའི་བདག་པོ་ཆོས ་གསུམ་གྱིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། རྐྱེན་གྱི་ཆོས་ལ་འཇུག་པའི་ཤེས་པ་ལ་སོ་སོར་རྟོག་པ་དང་། མི་གསར་མི་རྙིང་པའི་ཆོས་ལ་སོ་སོར་རྟོག་པ་དང་། ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། གསུམ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་བཞིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། བཞི་གང་ཞེ་ན ་འདི་ལྟ་སྟེ། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་དང་བྲལ་བ་དང་། མངོན་པར་འདུ་བྱེད་པ་མེད་པ་ཤེས་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བད ་པོ་ཆོས་ལྔས་ལས་ཀྱི་སློབ་པ་རྒྱུན་ཆད་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ཉིད་དང་། སེམས་ཅན་མེད་པ་ཉིད་དང་། སྲོག་མེད་པ་ཉིད་དང་། གང་ཟག་མེད་པ ་ཉིད་དང་། གསོ་བ་མེད་པ་ཉིད་དེ། ལྔ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་དྲུག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། དྲུག་གང་ཞེ་ན། འདི་ལྟ་སྟེ། མོས་པ་དང་། ཡིད་ཆེད་པ་དང་། ་གཅིག་ཏུ་ངེས་པ་དང་། ཐེ་ཙོམ་མེད་པ་དང་། ཡང་དག་པ་ལ་སོ་སོར་རྟོག་པ་དང་། ལྷག་པའི་བསམ་པས་ལས་བྱ་བ་ལ་འཇུག་པ་སྟེ། ཆོས་དྲུག་པོ་དེ་དག་གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད ་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར། ་དུ་མཆི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་ལ་མ ་ཆགས་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པས་བརྩོན་འགྲུས་བརྟན་པ་དང་། སེམས་ཅན་ལ་ལྟ་ཞིང་སྙིང་རྗེ་ཆེ་བ་དང་། བསོད་ནམས་ལ་ཆོག་མི་ཤེས་པ་དང་། ཐོས ་པ་བཙལ་བ་ལ་ཆོག་མི་ཤེས་པ་དང་། བག་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་འཐོབ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མི་གཏོང་བ་སྟེ། ཆོས་བ.རུ། ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་རས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མ་ཡིན་གྱི་དབང་པོ་ཆོས་བརྒྱད་དང་ལྡན་ན། བྱང ་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྒྲ་གཅན་ཐེག་པ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི ་རྒྱལ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་འདུད་ཅིང་། མངོན་པར་འདུད་པ་དང་། བཀའ་བློ་བདེ་བ་ཡིན་ཏེ། འཐུན་པར་འཛིན་པ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། བླ་མ་རྣམས ་ལ་གུས་པ་སྐྱེས་པ་དང་། དགེ་བ་སྤྱོད་པ་ཐམས་ཅད་ལ་སྔོན་དུ་འགྲོ་བ་དང་། དགེ་བའི་ཆོས་རྣམས་ལ་དམ་བཅས་པ་བརྟན་པ་དང་། རྒྱ་ཆེན་པོ་ལ་མོས་པ་ཡིན་ཏེ། སྦྱིན་པ་རྣམ་པ་སྣ་ཚོགས་སྦྱིན ་པ་དང་། སྲོག་གི་ཕྱིར་ཡང་གཞན་འཁྲུག་པར་མི་བྱེད་པ་དང་། གང་དུ་ཡང་སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་ཞིང་སྐྱབས་སུ་འོངས་པའི་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ ་དང་། བསོད་ནམས་དང་། ཡེ་ཤེས་ཐམས་ཅད་ཡོངས་སུ་ཚོལ་བ་ན། ཆོག་མི་ཤེས་པ་སྟེ། ཆོས་རྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱི་མངོན་པར་འཕགས ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས ་དཔས་ལུས་ཆེ་བ་དང་། གཟུགས་ཆེ་བ་ཉིད་དང་། འཁོར་ཆེ་བ་ཉིད་དང་། སེམས་ཆེ་བ་ཉིས་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་གཅན་ཆོས་བཞི་དང་ལྡན་ན། ་བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་སྤྱོད་ལམ་ལ་མི་འཕྱ་བ་དང་། དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས། ་པར་བྱེད་དུ་འཇུག་པ་དང་། སེམས་ཅན་བྱེ་བ་དང་འཐབ་པ་རྣམས་བསྡུམས་ཤིང་འཐུན་པར་བཀོད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུད་བ་དང་། སེམས་ཅན་ཐམས ་ལ་དབང་པོ་ཞེ་འགྲས་པ་མེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔས་གཟུགས་ཆེ།། ་བ་ཉིད་ཐོབ་པར་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱན་རྣམ་པ་སྣ་ཚོགས་སྦྱིན་པ་དང་། ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། དེ་བཞིན་གཤེགས་པ་ལ་བྱམས་པའི ་མིག་གིས་བལྟ་བ་དང་། གཞན་བྱང་བཞིན་བཟང་པོ་དག་ལ། ཕྲག་དོག་དང་། སེར་སྣ་མི་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་གཟུགས་ཆེ་བ་ཉིད་ཐོབ ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྲ་མའི་ཚིག་སྤོང་ཞིང་གཞན་གྱི་འཁོར་མི་འབྱེད་པ་དང ་གཞན་གྱི་འཁོར་ལ་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པ་དང་། གཞན་དག་བྱང་ཆུབ་ལ་འཛུད་པ་སྟེ། ལྷ་མ་ཡིན་གྱི་དབང་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས ་དཔས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསམ ་པ་དག་པ་སྟེ་གཡོ་མེད་པ་དང་། སྒྱུ་ཅན་མ་ཡིན་པ་དང་། འདུན་པ་དྲག་པོ་དང་ལྡན་པ་དང་། བར་མ་དོར་སྐྱེ་བ་མེད་པ་དང་། རྒྱ་ཆེན་པོ་ལ་མོས་ཤིང་ཐེག་པ་དམན་པ་མི་འདོད་པ་དང་། ཆོས་ཐམས ་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་འཇུག་པས། ཆོས་ཟབ་མོའི་ཚུལ་ལ་འཇུག་པ་སྟེ། སྐྲག་ཅན་ཆོས་བཞི་པོ་པ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་སེམས་ཆེ་བ་ཉིད་ཐོབ་པར་འགྱུར། ་དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་ག་ཅན་འཁོར་སུམ་ཁྲི་ཉིས་སྟོང་དང་བཅས་པ་ཚིམས་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། ་རིན་པོ་ཆེའི་མེ་ཏོག་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་ཁལ་བཅུ་ཚད་བརྒྱས་བཅོམ་ལྡན་འདས་ལ་གཏོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ།། ཕྱོགས་བཅུ་དག་ན་སེམས་ཅན་ཁམས་རྣམས་མཐའ་ཡས་གང་སུ་དག། སྐད་ཅིག་ཐད་ཡུད་ཙམ་ཅིག་ལ་རྒྱལ་བ་མཆོད ་བྱེད་དང་།། ཕྱོགས་བཅུ་དག་ན་སེམས་ཅན་གང་དག་བསྐལ་པ་འབུམ་དུ་ཡང་།། མཆོད་ལ་བརྩོན་པའི་སེམས་ཅན་དག་ནི་ཕན་པ་བྱེད་པ་དང་། བྱམས་དང་བསོད་ནམས་འཕགས་པའི་རང ་བཞིན་ལས་བྱུང་མཆོད་པ་རྣམས།། ཇི་འདྲ་བ་དང་མཚུངས་ཤིང་མཉམ་པ་མ་ལགས་ཁྱོད་ལ་འོས།། མཚུངས་མེད་སེམས་ཀྱིས་ཡང་དག་གནས་ནས་བསྐྱེད་པ་གང་ལགས་པ།། དེ་ནི་སྟོབ་པ། ་བཅུ་ལྡན་པ་རྣམས་ལ་རྗེད་དང་མཆོད་པ་ལགས།། བདག་ནི་བྱང་ཆུབ་རེག་འགྱུར་སྙམ་སྟེ་དེ་ལ་སྒྲིམ་གནས་ནས། བདག་ནི་གཡོ་མེད་བྱང་ཆུབ་མཚུངས་མ་མཆིས་ལ་ཞུགས་པ་ལགས།། ་པི་དབང་ལས་གཞན་སྲིད་གསུམ་སུ་ཡང་བདག་གི་དབང་མ་མཆིས།། བདག་གི་བསམ་པ་ཅི་འདྲའི་དབང་ན་སྟོབས་བཅུ་ལྡན་པ་ལགས།། བདག་ནི་ཀུན་ལ་ཤིན་ཏུ་སྡུག་ཅིང་ང་རྒྱལ ་བསལ་བ་དང་།། སྦྱིན་དང་དུལ་དང་ལྡན་ཞིང་ཚུལ་ཁྲིམས་ལྡན་ལ་བཟོད་ལྡན་དང་།། བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་རྣམ་དག་གནས་པ་དང་། བྱམས་དང་སྙིང་རྗེར་ལྡན ་ཞིང་བདེན་པའི་ཆོས་ལ་སྤྱོད་གྱུར་ཅིག། ཕན་བཞེད་རྒྱལ་བ་གལ་ཏེ་བདག་ལ་ལུང་སྟོན་མི་མཛད་ཀྱང་།། མི་ཡི་དབང་པོ་བདག་ནི་རང་གིས་རང་ལ་ལུང་ཡང་བསྟན།། བདག་ནི་རང་བྱུང་མི་འགྱུར ་སྙམ་དུ་ཡིད་གཉིས་དོགས་མ་མཆིས།། དེ་ལྟར་བདག་ནི་བསམ་པ་ཟག་པས་བྱང་ཆུབ་ཉིད་སེམས་ངེས།། མི་དབང་འཛུམ་པ་མཛད་ནས་ཟླ་བའི་ཏོག་གིས་ཞུས་པ་ནི།། རང་བྱུང་འཛུམ་པ་མཛད་པ་འདི ་ནི་ཅི་ལགས་ལུང་བསྟན་གསོལ།། གང་གི་ཕྱིར་ན་ངས་ནི་དག་པའི་འོད་རྣམས་བསྟན་མཛད་པ།། ཟླ་བའི་ཏོག་ཁྱོད་མཉན་པར་གྱིས་ཤེས་སྟོན་པས་དེ་ལེ་གསུངས།། ལྷ་མིན་སྒྲ་གཅན་བདག་ཉིད་ཆེན ་པོ་བྱང་ཆུབ་ཆོ་ག་ལ་ཞུགས།། གཡོག་འཁོར་སུམ་ཁྲི་ཉིས་སྟོང་གང་ལགས་རྣམས་ཀྱང་དེ་བཞིན་ཏེ།། བསྐལ་པ་སྟོང་ཕྲག་བརྒྱར་རི་བྱང་ཆུབ་སྤྱོད་སྤྱད་ནས།། ཐམས་ཅད་རྗེས ་སུ་འཐུན་པར་བྱང་ཆུབ་གཙོ་བོ་ཐོབ་པར་འགྱུར།། རྒྱལ་བ་གངྒཱའི་བྱེ་མ་སྙེད་རྣམས་ལ་ནི་མཆོད་བགྱིད་དེ།། དེས་ན་སེམས་ཅན་ཤིན་ཏུ་མང་པོ་བྱང་ཆུབ་བཀོད་ནས་ཀྱང་།། དེ་ཡི་འོག་ཏུ་བསྐལ་པ ་དགེ་བ་བཀོད་པ་མཛེས་པ་ལ།། བྱང་ཆུབ་རྡུལ་བྲལ་ཞི་བ་མྱ་ངན་མེད་པར་འཚང་ཡང་རྒྱ།། སྒྲ་གཅན་བདག་ཉིད་ཆེན་པོ་འདི་ནི་ཆོས་ཀྱི་རྒྱལ་པོར་འགྱུར།། བརྩོན་འགྲུས་སྟོབས་དང་ལྡན་ཏེ། ་དབང་པོའི་རྒྱལ་མཚན་ཞེས་ཀྱང་བགྱི།། འཇིག་རྟེམ་ཁམས་ཀྱང་དགའ་བསྐྱེད་པའི་བཀོད་པ་ཞེས་བགྱི་སྟེ།། དགའ་ལྡན་གནས་དང་འདྲ་བར་འབྱོར་ཅིང་རྒྱས་ལྔ་ལོ་ཡང་ལེགས།། སྟོབས ་བཅུ་ལྡན་གྱི་ཚེ་ནི་ལོ་གྲངས་བྱེ་བ་བདུན་ཅུ་སྟེ།། དགེ་སློང་འཕགས་པའི་དགེ་འདུན་ཁྲག་ཁྲིག་དྲུག་བཅུ་ཐམ་པར་འགྱུར།། བྱང་ཆུབ་སེམས་དཔའི་དགེ་འདུན་ཁྲག་ཁྲིག་ཕྲག་བཅུ་བརྒྱད་ཅུ་སྟེ། ་ཐོས་པ་དང་ནི་འདུལ་བ་འཛིན་པ་གཟུངས་ལ་ཤིན་ཏུ་གནས།། བསྐལ་པ་དགེ་བ་བཀོད་པ་ཞེས་བགྱི་མཛེས་པ་དེ་དག་ཏུ།། སེམས་ཅན་བརྒྱ་སྟོང་དག་ནི་བྱང་ཆུབ་བཀོད་པ་བགྱིས་ནས་ཀྱང་། ་འདི་དག་ཐམས་ཅད་རིམ་གྱིས་བྱང་ཆུབ་མཆོག་ཏུ་འཆང་ཡང་རྒྱ།། བྱང་ཆུབ་སེམས་མཆོག་གི་ནི་ཡོན་ཏན་ཁྱད་པར་དག་ལ་ལྟོས།། དེར་སྒྲ་གཅན་གཟང་པོས་ལུང་བསྟན་པར་ཐོས་པར་གྱུར་ནས ་ཀྱང་། སྲོག་ཆགས་འབུམ་ཕྲག་བཞི་དག་བྱང་ཆུབ་མཆོག་ལ་ཞུགས་པར་གྱུར།། ལེགས་པར་ཡོན་ཏན་འཆང་བ་རྣམས་ཀྱི་བསམ་པའི་ཁྱད་པར་གྱིས།། སྟོང་གསུམ་རབ་གཡོས་ལྷས་ཀྱང ་མེ་ཏོག་ཆར་ནི་རབ་ཏུ་ཕབ། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོལ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ་བྱེད་པ་པོ་མ ་མཆིས་པ་ལགས་ན།། ལུང་བསྟར་བ་ནི་གང་ལགས། དེ་བཞིན་གཤེགས་པ་ནི་གང་ལགས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀླུའི་བདག་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བདག་མེད་པ་བྱེད་པ་པོ་མེད་པ་ཡིད་ཏེ། དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་དང་། ་ངར་འཛིན་པ་དང་། ང་ཡིར་འཛིན་པ་གནས་པ་རྣམས་སེམས་ཅན་མེད་པ་དག་ལ་སེམས་ཅན་དུ་འདུ་ཤེས་སྐྱེད་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས། ་ཕྱིན་ཅི་ལོག་གི་འདུ་ཤེས་སྤོང་དུ་གཞུག་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་གོ་ཆ་གྱོན་པར་ཟད་ཀྱི། སྐྱེས་བུ་དམ་པ་དེ་དག་གིས་སེམས ་ཅན་མེད་པ་དང་། གང་ཟག་མེད་པ་མི་ཤེས་པ་ནི་མ་ཡིན་ཏེ། བདག་དང་། སེམས་ཅན་དང་། སྲོག་དང་གསོ་བ་དང་། སྐྱེས་བུ་དང་གང་ཟག་ཏུ་ལྟ་བའི་སེམས་ཅན་དེ་དག་ཡོངས་སུ་གྲོལ་བར་བྱེད་དོ།། ་ཀླུའི་བདག་པོ་ཁྱོད་འདི་སྐད་དུ་འདི་ལ་ལུང་བསྟན་པ་གང་ལགས་ཤེས་ཟེར་བ་གང་ཡིན་པ་དེ་ལ་མངོན་སུམ་དུ་ཆོས་ཁོང་དུ་ཆུད་པ་ནི་ལུང་བསྟན་པའོ།། སེམས་ཅན་མེད ་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་ལ་ངེས་པར་སེམས་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།། མ་བྱུང་བ་དང་། མ་སྐྱེས་པ་དང་། རྩ་བ་མེད་པ་དང་། གནས་མེད་པ་ལ་གནས ་པ་ནི་ལུང་བསྟན་པའོ།། སེམས་ཅན་ཐམས་ཅད་མཚུངས་པར་བདག་མེད་པ་ལ་མོས་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད་མཚུངས་པར་ཆོས་དབེན་པར་མཐོང་བ་ནི་ལུང་བསྟན་པའོ།། ཞིང་ཐམས་ཅད། ་ཞིང་དུ་མཚུངས་པར་ནམ་མཁའ་བཞིན་དུ་དག་ཅིང་དྲི་མ་མེད་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་དང་། ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་ཡེ་ཤེས་མཐོང ་བ་ནི་ལུང་བསྟན་པའོ།། བདུད་ཐམས་ཅད་དང་མཚུངས་པར་བདུད་ཀྱི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་དང་ལྡན་པ་ནི་ལུང ་བསྟན་པའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་མི་རྟོག་རྣམ་པར་མི་རྟོག་ལ། མི་ལེན་མི་འདོར་བ་ནི་ལུང་བསྟན་པའོ།། ཀླུའི་བདག་པོ་དེ་ལྟར་ན་སེམས་དང་ཡིད་དང་རྣམ་པར་ཤེས ་པབ་མི་གནས་པ་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དམིགས་སུ་མེད་དོ།། རོས་ཐམས་ཅད་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཡིན་ཏེ། དེ་ལ ་ནི་དོན་དམ་པར་ན་གང་གིས་ལུང་བསྟན་པ་འམ།། གང་གིས་བྱང་ཆུབ་བམ་གང་ལུང་བསྟན་པར་བྱ་བ་འམ། གང་གིས་ལུང་བསྟན་པ་འམ། ཅིས་ལུང་བསྟན་པ་ཅི་ཡང་མི་དམིགས་སོ།། ཀླུའི། ་བདག་པོ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་སྟེ། རྩ་བ་ནས་ཡོངས་སུ་ཆད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། རྒྱུ་དང་རྐྱེན་རྣམས་ལས་འབྱུང་བའི ་ཕྱིར་རོ།། ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་སྟེ། ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། བྲལ་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར ་རོ།། ཆོས་ཐམས་ཅད་ནི་མ་འོངས་པ་སྟེ། སྔོན་གྱི་མཐའ་ནས་མ་འཕོས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མེད་པར་གྱུར་པ་སྟེ། ཕྱི་མའི་མཐར་མི་འབྱུང་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི ་མི་གནས་པ་སྟེ། གནས་མི་དམིགས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མི་དམིགས་པ་སྟེ། བྱེད་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བྱེད་པ་མེད་པ་སྟེ། ལུས་མེད་པའི་ཕྱིར་རོ།། ཆོས ་ཐམས་ཅད་ནི་ལུས་མེད་པ་སྟེ། གནས་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་གནས་མེད་པ་སྟེ། རྟེན་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྟེན་མེད་པ་སྟེ། མི་གཡོ་བའི་ཕྱིར་རོ།། ཆོས ་ཐམས་ཅད་ནི་མི་གཡོ་བ་སྟེ། མི་གནས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མི་གནས་པ་སྟེ་བེམས་པོ་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བེམས་པོ་ཡིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ།། ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་རིག་པར་མི་བྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྣམ་པར་རིག་པར་མི་བྱེད་པ་སྟེ། སྒྲོ་བཏག་པ་མེད་པའི་ཕྱིར་རོ།། ་ཆོས་ཐམས་ཅད་ནི་སྒྲོབཏགས་པ་མེད་པ་སྟེ། ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་མེད་པ་སྟེ། དམིགས་སུ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་དམིགས་སུ་མེད་པ ་སྟེ། འགྱུར་བ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། རྟོགས་པ་མེད་ཅིང་དཔྱོད་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་སྟེ། ཞི་བའི་ཕྱིར་རོ།། ཆོས ་ཐམས་ཅད་ནི་ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་སྟེ། རྒྱུ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྒྱུ་ལས་བྱུང་མ་ཡིན་པ་སྟེ། རང་བཞིར་གྱིས་རྣམ་པར་གྲོལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི ་རང་བཞིན་གྱིས་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དེ། གཉིས་དང་བྲལ་བའི་ཕྱིར་རོ།། ཆོས་ཐམས་ཅད ་ནི་གཉིས་དང་བྲལ་བ་སྟེ། བགྲོད་པ་གཅིག་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བགྲོད་པ་གཅིག་པ་སྟེ། སོ་སོ་ཐ་དད་པ་དང་བྲལ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་སོ་སོ་ཐ་དད་པ་དང་བྲལ་བ་སྟེ། ་བྱེ་བྲག་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བྱེ་བྲག་མེད་པ་སྟེ། མཉམ་པ་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ལ་ནི་ལུང་བསྟན ་བར་བྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་ཅི་ཡང་མེད་དོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པའི ་སྟོབས་ལ་ལྟོས།། གང་ཆོས་འདི་ལྟ་བུ་དག་ལ་མིང་དང་བརྡས་རྣམ་པར་ཕྱེ་ནས། སེམས་ཅན་དག་ལ་གོ་བར་བྱེད་ལ། སེམས་ཅན་ལ་མ་གཏོགས་པའི་ཆོས་རྣམས་ཀྱང་མ་མཐོང་། ཆོས ་པ་གཏོགས་པའི་སེམས་ཅན་རྣམས་ཀྱང་མ་མཐོང་ངོ་།། སེམས་ཅན་རྣམས་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱང་དེ་དང་འདྲའོ།། བྱང་ཆུབ་ཀྱང་དེ་དང་འདྲའོ།། སངས་རྒྱས་ཀྱང་དེ་དང་འདྲའོ།། ་ལུང་བསྟན་པ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱི་དཔྱིང་ཀྱང་དེ་དང་འདྲ་སྟེ། དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་བཞིན་ཉིད་རྟོགས་པའི་དོན་དང་། དེ་བཞིན་ཉིད་ལ་གནས ་པའི་དོན་གྱིས་ན། དེ་བཞིན་ཉིད་དོ།། དེ་བཞིན་ཉིད་མ་བསྒྲིབས་པའི་དོན་དང་། དེ་བཞིན་ཉིད་དབྱེར་མེད་པའི་དོན་དང་། དེ་བཞིན་ཉིད་ཁོང་དུ་ཆུད་པའི་དོན་དེས་ན། དེ་བཞིན་གཤེགས་པ། ་ཞེས་བྱའོ།། ཇི་ལྟར་དེ་བཞིན་གཤེགས་པ་དང་། དེ་བཞིན་ཉིད་མཚུངས་པར་རབ་ཏུ་ཕྱེ་བ་དེ་བཞིར་རུ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་དང་མཚུངས་པར་རབ་ཏུ་ཕྱེ་བ་ཡིན་ཏེ། ཀླུའི་བདག ་པོ་འདི་ནི་དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱི་ས་ཡིན་ཏེ། བྱང་ཆུབ་སེམས་དཔའི་རྣམས་པ་དེ་ལ་གནས་ན། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ལ། དེ་བཞིན་གཤེགས་པའི་ས ་མཉམ་པ་ཉིད་འདི་ཡང་སེམས་ཅན་རྣམས་ལ་གོ་བར་བྱེད་དོ།། བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སུམ་སྟོང་ཉིས་བརྒྱས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ ་ཐོབ་པར་གྱུར་རོ།། ཀླུའི་བདག་པོ་མ་དྲོས་པ་ཡང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། འཛམ་བུའི་གླིང་རི་བའི་མུ་ཏིག་གི ་འཕྲེང་བ་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ།། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་ཚ་མོ་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ ་དེས། ཀླུའི་བུ་མོ་ཁྲི་དང་ལྷན་ཅིག་ཏུ། ལག་པ་གཡས་པས་མུ་ཏིག་གི་འཕྲེང་བ་བླངས་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་བལྟས་སྟེ། ཕྱག་འཚལ་ཞིང་འདུག་པར་གྱུར ་དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་དང་། ཀླུའི་བུ་མོ་ཁྲོ་བོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་མུ་ཏིག་གི་འཕྲེང་བ་དེ་དག་གསོལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བདག་ཅག་རྣམས་ལྷན་ཅིག་ཏུ་འཐུན་ཞིང་། ཡང་དག་པར་དགའ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བདག་ཅག་ཀྱང་མའོ། ་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག། ད་ལྟར་གྱི་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ། འདིའདྲ་བར་ཆོས་ཀྱང་སྟོན་པར་གྱུར། ་ཅིག། དགེ་འདུན་ཡང་སྲུང་བར་གྱུར་ཅིག་དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས། ཀླུའི་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང། ་ཆུབ་ནི། བུད་མེད་ཀྱི་ལུས་ཀྱི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ་འགྲུབ་པར་དཀའོ།། དེ་ནས་བུ་མོ་རིན་ཆེན་སྣ་ཚོགས་ཅན་གྱིས་ཚེ་དང་ལྡན་པ་འོད་སྲུངས ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་འོད་སྲུངས་ཆེན་པོ་བུད་མེད་ཀྱི་ལུས་ཀྱིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུ ་ལལྷག་པའི་བསམ་པ་ལ་ཞུགས་པ་ལ་ཡང་བྱང་ཆུབ་འགྲུབ་པར་དཀའ་བ་མ་མཆིས་སོ།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སེམས་བསྐྱེད་པ་ལ་རག་ལས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་མ ་ཐག་ཏུསངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་བར་འགྱུར་རོ།། བཙུན་པས་གང་འདི་སྐད་དུ། བུད་མེད་ཀྱི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ།། ཞེས ་གསུངས་པ་དེ་ནི། སྐྱེས་པའི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་འདི་སྐད་དུ། མིག་ནི་སྐྱེས་པ་ཡང་མ་ཡིན། ་བུད་མེད་ཀྱང་མ་ཡིན་ནོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། བཙུན་པ་འོད ་སྲུངས་ཆེན་པོ་དེ་ཅིའི་སླད་དུ་ཞེ་ན། མིག་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི། བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། བཙུན་པའོང། ་སྲུངས་ཆེན་པོ་དེ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི། བུད་མེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། ་བཙུན་པ་དེ་ལ་ནི་མིག་ཁོང་དུ་ཆུད་པ་གང་ལགས་པ་དེ་ནི། བྱང་ཆུབ་ལགས་སོ།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཁོང་དུ་ཆུད་པ་གང་ལེགས་པ་དེ་ནི་བྱང་ཆུབ་ལགས་སོ།། བྱང ་ཆུབ་གང་ལགས་པ་དེ་ལ་ནི། བུད་མེད་ཀྱི་ཆོས་རྣམས་སམ། སྐྱེས་པའི་ཆོས་རྣམས་མ་མཆིས་སོ།། བཙུན་པ་འོད་སྲུངས་ཆེན་པོ་དེ་ལྟ་བས་ན། བྱང་ཆུབ་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ནི། བདག ་གི་ངོ་བོ་ཉིད་ཀྱང་དེ་ལགས་སོ།། སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་ཡིན་ནམ། སྨྲས་པ། གནས་བརྟན་དང་བདག་ཅག་གཉིས་ཀ་ཡང་བྱང་ཆུབ་ལགས་སོ།། སྨྲས་པ། བུ་མོ་ཁོ་བོ་ནི་བྱང་ཆུབ་མ ་ཡིན་གྱི། ཁོ་བོ་ནི་ཉན་ཐོས་ཡིན་ནོ།། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་ཁྱོད་སུས་བཏུལ། སྨྲས་པ། བུ་མོ་ཁོ་བོ་ནི་དེ་བཞིན་གཤེགས་པས་བཏུལ་ཏོ།། སྨྲས་པ། གནས་བརྟན་གལ ་ཏེ། དེ་བཞིན་གཤེགས་པས་བཏུལ་ན། གལ་ཏེ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ན། དེ་བཞིན་གཤེགས་པས་གནས་གཏན་གདུལ་བར་སྤྱོད་དམ། བུ་མོ ་དེ་ནི་མ་ཡིན་ནོ།། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་དེ་ལྟ་བས་ན་ཁྱོད་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་མ་ལགས་པའི་ཆོས་ཅི་ཡང་མ་མཆིས་སོ།། སྨྲས་པ། བུ་མོ་ཙ་མཚམས་མེད་པ་རྣམས ་ཀྱང་བྱང་ཆུབ་ཡིན་ནམ། སྨྲས་པ། བཙུན་པ་དེ་དེ་བཞིན་ཏེ། མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་མཚམས་མེད་པའི་རང་བཞིན་ཅན་ལགས་ཏེ། ་མཚམས་མེད་པའི་ཆོས་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གང་ལགས་པ་དེ་ནི་བྱང་ཆུབ་ལགས་ལ། སྟོང་པ་ཉིད་ཀྱི་ཆོས་ཀྱི་རང་བཞིན་གང་ལགས་པ་དེ་ནི། བྱང་ཆུབ་ལགས་པའི་སར་དུའོ།། བཙུན་པ་དེ ་ལྟར་ན་མཚམས་མེད་པ་ཁོང་དུ་ཆུད་པ་ལས་བྱང་ཆུབ་འབྱུང་ངོ་།། བཙུན་པ་བྱང་ཆུབ་མ་ལགས་པ་གང་ལགས་པ་དེ་ནི་མ་མཆིས་ཏེ། གལ་ཏེ་ཆོས་འགའ་ཞིག་དང་མི་ལྡན་ན་མ་ལགས་ཀྱི། ཆོས ་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་དེ་ནི་བྱང་ཆུབ་ལགས་སོ།། སྨྲས་པ། བུ་མོ་ཁྱོད་ཀྱི་སྤོབས་པ་འདི་སུས་བྱིན། སྨྲས་པ། གནས་བརྟན་གྱིས་སྩལ་ཏོ།། དེ་ཅིའི་སླད་དུ་ཞེ་ན། གལ ་གནས་བརྟན་གྱིས་མ་རྨས་ན། བདག་གི་སྤོབས་པ་འདི་སྐྱེ་བར་མི་འགྱུར་བ་སླད་དུའོ།། བཙུན་པ་དཔེར་ན། གལ་ཏེ་མ་སྨྲས་ན། ཟག་ཆའི་སྒྲ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ། བཙུན་པ་འོ།། ་སྲུངས་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་མ་དྲིས་ཀྱི་བར་དུ་སྤོབས་པ་སྐྱེ་བར་མི་འགྱུར་རོ།། སྨྲས་པ། བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ལ་བསྙེན་བཀུར་བྱས། སྨྲས་པ། ་གནས་བརྟན་གྱིས་ཉོན་མོངས་པ་ཇི་མེད་སྤངས་པ་སྙེད་པའོ།། སྨྲས་པ། བུ་མོ་མཐའ་ཉོན་མོངས་པ་རྣམས་ནི་སྦྱངས་པ་མེད་དོ།། སྨྲས་པ། བཙུན་པ་ཉོན་མོངས་པ ་དང་བཅས་པ་ལགས་སམ། སྨྲས་པ། ཁོ་བོ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། ཉོན་མོངས་པ་རྣམས་སྦྱངས་པ་ཡང་མ་ཡིན་ནོ།། སྨྲས་པ།། ཅི་བཙུན་པ་ཁྱོད་ཀྱིས་ཉོན་མོངས་རྣམས ་བཞག་གམ། སྨྲས་པ། བསྐྱེད་པ་ཡང་མེད། འགག་པར་བྱས་པ་ཡང་མེད། བཞག་པ་ཡང་མེད་དེ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཤེས་སོ།། སྨྲས་པ། ཅི་དེ་བཞིན་ཉིད་ཤེས་པར་བགྱི་བ ་ཞིག་ལགས་སམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། འོ་ན་ཅིའི་སླད་དུ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཉོན་མོངས་པ་ཤེས་སོ།། ཞེས་གསུངས་གལ་ཏེ་མཁྱེན་ན་ནི་དེ་བཞིན་ཉིད ་མ་ལགས་སོ།། ཅི་སྟེ་མི་མཁྱེན་ན་ནི་དེ་ལྟར་ན་བཙུན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་མི་ཤེས་པ་ཅན་དུ་མཚུངས་སོ།། སྨྲས་པ། བུ་མོ་ཁྱོད་ཀྱི་ཚིག་ཐམས་ཅད་ནི་གཞན་གྱི་ཚིག ་གཅོད་པར་བྱེད་པའོ།། སྨྲས་པ། བདག་ནི་སུའི་ཚིག་ཀྱང་གཅོད་པར་ཡང་མི་བགྱིད། བསྒྲུབ་པར་ཡང་མི་བགྱིད་དོ།། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་གཅད་ན་དུ་མ་མཆིས ་པ་ལགས་ལ། ཚིག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་སླད་དུའོ།། སྨྲས་པ། གང་ཁྱོད་ཀྱིས་བདག་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་བསྙམས་ཏེ། བཞག ་པ་དེ་ཁྱོད་འགྱོད་པར་མ་འགྱུར་རམ། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་གལ་ཏེ་བདག་གིས་གནས་བརྟན་ཡང་ཐ་དད་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཐ་དད་པར་བནག་ར་རཱི། ་དེ་ལྟ་ར་བདག་འགྱོད་པར་འགྱུར་བ་ཞིག་ན། སྨྲས་པ། གང་གི་སླད་དུ་བདག་གིས་གནས་བརྟན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་མི་དད་པར་བཞག་པ་དེས་ནས། བདག་འགྱོད་པར་མི ་འགྱུར་རོ།། བཙུན་པ་མཚུངས་ཤེས་བགྱི་བ་དེ་ནི། ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པ་དང་། ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཚིག་བླ་དགས་སོ།། སྨྲས་པ། བུ་མོ་ཅི་ཁྱོད་སོ་སོའི ་སྐྱེ་བོ་རྣམས་དང་མཚུངས་སམ། འོན་ཏེ་འཕགས་པ་རྣམས་དང་མཚུངས། སྨྲས་པ། བཙུན་པ་བདག་ནི་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་པ་ཡང་མ་ལགས། འཕགས་པ་རྣམས་དང ་མཚུངས་པ་ཡང་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་བདག་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་ན་ནི་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མ་མཆིས་པར་འགྱུར་རོ།། ཅི ་སྟེ་འཕགས་པ་རྣམས་དང་མཚུངས་ན་ནི་ཉན་ཐོས་རྣམས་དང་མཚུངས་པར་འགྱུར་ཏེ། དེ་ལྟ་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་རོ།། སྨྲས་པ ་བུ་མོ་གལ་ཏེ་ཁྱོད་སོ་སོའི་སྐྱེ་བོ་རྣམས་དང་ཡང་མི་མཚུངས། འཕགས་པ་རྣམས་དང་ཡང་མི་མཚུངས་ན། ཅི་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སམ། སྨྲས་པ། བཙུན ་པ་འོད་སྲུངས་ཆེན་པོ་བདག་ནི་དེ་བཟོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཐོགས་མ་ནས་ཀྱང་སངས ་རྒྱས་ཀྱི་ཆོས་རྣམས་དང་མཚུངས་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་དང་མཚུངས་ན། ཅི་སངས་རྒྱས་ཀྱི་ཆོས་དེ་དག་ཁྱོད་ལ་ཡོད་དམ་སྨྲས་པ། གནས ་བརྟན་ཅི་སངས་རྒྱས་ཀྱི་ཆོས་སུ་གདགས་པ་འདས་པ་འམ། མ་འོངས་པ་འམ་ད་ལྟར་བྱུང་བ་འམ། ཡུལ་ན་གནས་པ་འམ། ཕྱོགས་ན་གནས་པ་འམ། སྔོན་པོ་འམ། སེར་པོ་འམ ་དམར་པོ་འམ། དཀར་པོ་འམ། བཙོང་ཀ་འམ། ཤེལ་གྱི་ཁ་དོག་གམ་དངུལ་གྱི་ཁ་དོག་ལྟ་བུ་ལགས་སམ་སྨྲས་པ། བུ་མོ་སངས་རྒྱས་ཀྱི་ཆོས་རྣམས་གདགས་པ་ནི། ཁ་དོག་དང་དབྱིབས ་ཀྱི་སྒོ་ནས་བསྟན་པར་མི་ནུས་སོ།། སྨྲས་པ། བཙུན་པ་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་གདགས་སུ་མ་མཆིས་པ་དང་། གདགས་སུ་མི་རུང་བ་ལགས་ན། དེ་ཅིའི་སླད་དུ་བདག་ལ་ཚོལ་བར་མཛད། ་སྨྲས་པ། བུ་མོ་བོ་ན་སངས་རྒྱས་ཀྱི་ཆོས་གང་ལས་བཙལ་བར་བྱ། སྨྲས་པ་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་བཙལ་བར་བགྱིའོ།། སྨྲས་པ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱང་གང་ལས ་བཙལ་བར་བྱ། སྤྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་བར་བགྱིའོ།། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཡང་གང་ལས་བཙལ་བར་བྱ། སྨྲས་པ། མཚམས ་མེད་པ་ལྔ་ལས་བཙལ་བར་བགྱིའོ།། སྨྲས་པ། མཚམས་མེད་པ་ལྔ་ཡང་གང་ལས་བཙལ་བར་བྱ། སྨྲས་པ། གརས་བརྟན་འོད་སྲུངས་ཆེན་པོའི་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ལས་བཙལ། ་བར་བགྱིའོ།། སྨྲས་པ། བུ་མོ་ཁྱོད་ཀྱི་གཏམ་འདི་འདྲ་བ་དེ་ཇི་ལྟ་བུ་ཞིག། སྨྲས་པ། བཙུན་པ་གཏམ་འདི་ནི་མ་བཅིངས་མ་གྲོལ་བའི་གཏམ་ལགས་སོ།། བླང་དུ་མ་མཆིས་ཤིང་དོར་དུ་མ ་མ་རིས་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་གཏམ་ལགས་སོ།། ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པའི་གཏམ་ལགས་སོ།། སྨྲས་པ། བུ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱུང ་ཆུབ་དང་འཐུན་པ་མ་ཡིན་ནོ།། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་དེ་ནི་མེད་དེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་དང་འཐུན་པ་མ་ལགས་སོ།། ད་ཅིའི་སླད་དུ་ཞེ་ར། འདི ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མ་མཆིས་པ་བསྙེད་དུ་མ་མཆིས་པ་ལགས་པའི་སླད་དུའོ།། བཙུན་པ་འོད་སྲུངས་ཆེན་པོ་བཤད་པའི་དངོས་པོ་གང་ལགས་པ་དེ་དག་ཐམས ་ཅད་ནི་སྒྲས་རྣམ་པར་དབྱེ་བ་ལགས་ལ། བྱང་ཆུབ་གང་ལགས་པ་དེ་ནི་དོན་དམ་པར་སྤྲས་བརྡ་སྦས་པར་མི་ནུས་ལགས་སོ།། བཙུན་པ་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཉེ་བར་ཞི་བའི་གཞི་ལགས ་སོ།། འདི་ནི་ཡི་གེ་མ་མཆིས་པའི་གཞི་ལགས་སོ།། འདི་ནི་ཇི་ལྟ་བ་བཞིན་གྱིས་གཞི་ལགས་སོ།། འདི་ནི་གཞི་མ་མཆིས་པའི་གཞི་ལགས་སོ།། སྨྲས་པ་བུ་མོ་གལ་ཏེ་བྱང་ཆུབ་ཀྱི ་མཚན་ཉིད་དེ་ལྟ་བུ་ཡིན་ན། དེ་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་ལུས་དང་སེམས་ཀྱིས་མངོན་པར་རྫོགས ་པར་འཚང་རྒྱ་བར་མི་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་ལུས་དང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལགས་ཏེ་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ།། ་སྨྲས་པ། བུ་མོ་ཅི་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། སྨྲས་པ་བདག་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི ་འགྱུར་ལགས་སོ།། སྨྲས་པ། བུ་མོ་གལ་ཏེ་ཁྱོད་ཉིད་བྱང་ཆུབ་ཡིན་ན། ཅི་ཆོས་ཀྱི་འཁོར་ལོ་བསྐོར་རམ། སྨྲས་པ། བདག་ནི་ཆོས་ཀྱི་འཁོར་ལོ་བསྐོར་ལ་གནས་སོ།། སྨྲས་པ། ཁྱོད ་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཇི་ལྟ་བུ་ཞིག། སྨྲས་པ། འཁོར་ལོ་ད་ནི་རྟེན་ཐམས་ཅད་དང་བྲལ་བའི་སླད་དུ་མི་གཡོ་བ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཀྱི་དབྱིངས་ལ་གནས་པའི་ཚུལ ་གྱིས་གནས་པ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་བྲལ་བ་མ་མཆིས་པའི་ཚུལ་གྱིས་དེ་བཞིན་ཉིད་ལགས་སོ།། འཁོར་ལོ་ད་ནི་ཡང་དག་པའི་མཐའ་ལ་གནས་པས་མི་གནས་པ་ལགས་སོ།། ་འཁོར་ལོ་དེ་ནི་གནས་ཐམས་ཅད་ལས་བྱུང་བ་མ་ལགས་པས་གནས་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས། གཉིས་སུ་མ་མཆིས་པ་ལགས ་སོ།། འཁོར་ལོ་དོན་གཅིག་དང་ཐ་དད་པར་མི་དམིགས་པས་པ་ཐ་དད་པ་མ་ལགས་སོ།། འཁོར་ལོ་དེ་ནི་སྒྲ་དང་། སྐད་དང་། ཚིག་གི་ལམ་ཐམས་ཅད་རོ་གཅིག་པས། བརྗོད་དུ་མ་མཆིས་པ ་ལགས་སོ།། འཁོར་ལོ་དེ་ནི་ཤིན་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ལགས་པས། རྣམ་པར་དག་པ་ལགས་སོ།། འཁོར་ལོ་ད་ནི་ཆད་པ་དང་རྟག་པ་མི་དམིགས་པས་ཡོད་པ་ཡོངས་སུ་ཆད་པ་མ ་ལགས་སོ།། འཁོར་ལོ་དེ་ནི་རྒྱུ་དང་རྐྱེར་ཤིན་ཏུ་བརྟགས་པས་འགལ་བ་མ་མཆིས་པ་ལགས་སོ།། འཁོར་ལོ་དེ་ནི་བདེན་པ་ལགས་སོ།། འཁོར་ལོ་དེ་ནི་མི་སྐྱེ་མི་འགག་པ་ལགས་སོ།། འཁོར། ་འཁོར་ལ་དན་སྟོང་པ་ཉིད་དང་། མཚན་པ་མེད་པ་དང་། སྨོན་པ་མེད་པ་ལགས་སོ།། བཙུན་པ་འོད་སྲུངས་ཆེན་པོ་འཁོར་ལོ་དེ་འདྲ་བ་གང་ལགས་པ་དེའི་བསྐོར་བ་ཇི་འདྲ་བ་ཞིག་ལགས་སྨྲས་པ། བུ་མོ་ཁྱོད་ཀྱིས་བསྟན ་པ་འདི་འདྲ་བ་ལས་ནས། ཁྱོད་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། སྨྲས་པ། གང་གི་ཚེ་གནས ་བརྟན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ། བདག་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ།། སྨྲས་པ། ཁོ་བོ་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་བ་དེ་ནི་གནས་མེད། སྐབས་མེད་དོ།། སྨྲས་པ། དེ་དེ་ལྟ་ལགས་ཏེ། བྱང་ཆུབ་ནི་གནས་མ་མཆིས་པ་ལ་གནས་པ་སྟེ། དེ་ནི་སུས་ཀྱང་མངོན་པར་རྫོགས་པ ་འཚང་རྒྱ་བར་མི་རུས་ལགས་སོ།། བུ་མོ་དེས་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། བཅོམ ་ལྡན་འདས་ཀྱིས་ཀྱང་བུ་མོ་དེ་ལ་ལེགས་སོ།། ཞེས་བྱ་བ་བྱིན་ཏེ། བུ་མོ་ལེག་སོ་ལེགས་སོ།། ཁྱོད་ཀྱིས་ཆོས་བསྟན་པ་འདི་ལེགས་པར་སྨྲས་སོ།། ། བམ་པོ ་དྲུག་པ། དེ་ནས་འཁོར་དེའི་ནང་ནས། ལྔ་དང་། ཀྭ་དང་། གནོད་སྦྱིན་དང་། དྲི་ཟ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བུ་མོ་འདི་ཡུན་ཇི་སྲིད་ཅིག་ན། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས། དགེ་སློང་དག་ལ་བཀའ་སྩལ་པ ་དགེ་སློང་དག་བུ་མོ་རིན་ཆེན་རྫ་ཚེགས་ཅན་འདི་ནི་བསྐལ་པ་གྲངས་མེད་པ་སུམ་བརྒྱན།། བསྐལ་པ་རྣམ་པར་སྤོང་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དུ་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་གཟིགས་ཤེས་བྱ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་སྣང་བ་ཅན་དེ་ཡང་། དེ་བཞིན་གཤེགས་པ་དེའི་འོད ་ཀྱིས་རྟག་ཏུ་སྣང་བར་འགྱུར་རོ།། ཞམ་རིང་བ་བྱང་ཆུབ་སེམས་དཔའ་ནི་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་སུ་འགྱུར་རོ།། དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུར་འགྱུར་རོ།། ་དེ་ནས་ཀླུའི་བུ་མོ་ཁྲོ་པོ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས་དེས ་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་གྱུར་ཅིག་གསོལ་ནས། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ལུང ་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལེ། ལྔའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷ་འདི་དག་ནི ་ལྷ་མ་ཡིན་གྱི་འཇིགས་པས། རྟག་ཏུ་སྐྲག་བཞིན་དུ་གནས་ལ། ལྷ་དང་། ལྷ་མ་ཡིན་གཡུལ་འགྱེད་པ་ན་ཡང་ཕན་ཚུན་འགྱེད་ཅིང་རྩོ་པར་འགྱེད་དེ། དེ་བས་ན་བཅོམ་ལྡན་འདས ་དེ་བཞིན་གཤེགས་པས། ཅི་ནས་སེམས་ཅན་ཐམས་ཅད་སེམས་འཐུན་པར་འགྱུར་བ་དེ་ལྟ་བུ་ར་ཆོས་བསྟན་ན་ལེག་སོ་ལེགས་སོ།། འཁོར་འདིར་ལྷ་དང་། ལྷ་མ་ཡིན་འདུས་པ་འདི ་དག་ཐམས་ཅད་ཀྱང་། ཅི་ནས་གཅིག་ལ་གཅིག་འཐུན་པར་བགྱིད་པ་དང་། བྱམས་པར་སེམས་པ་དང་། ཕན་པར་སེམས་པ་དང་། གནོད་པར་སེམས་པར་མི་འགྱུར་བ་དེ་ལྟ་བུར ་སེམས་དད་པར་བཅོམ་ལྡན་འདས་ཀྱིས་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། ་ཐགས་བཟངས་རིས་དང་། ལགས་བཟངས་དང་། སིམ་བྱེད་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་བྱམས་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ།། བྱ ་པའི་རྗེས་སུ་འཇུགས་པའི་སྐྱེས་བུ་གང་ཟག་གིས་ནི། ཚེ་འདི་དང་ཚེ་ཕྱི་མའི་དོན་ཐོབ་པར་འགྱུར་རོ།། གྲོགས་པོ་དག་ཚེ་འདི་ནི་ཡུན་ཐུང་ངོ་ཆེ་ཕྱི་མར་ནི་འགྲོ་དགོས་སོ།། འབྱོར་པ་ཐམས་ཅད་ཀྱི ་མཐའ་ནི་རྒུད་པའོ།། རྒྱལ་པོའི་ལོངས་སྤྱོད་དང་། དབང་ཕྱུག་རྣམས་ནི་མི་རྟག་གིས། ཁྱོད་ལྷན་ཅིག་འཐུན་པ་དང་། གནོད་སེམས་མེད་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་དང་། ལས་ཀྱི ་རྣམ་པར་སྨིད་པ་ལ་རྟོན་པས་གནས་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཅི་ནས་སུབ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷྭ་མ་ཡིན་དེ་དག་འཐུན་པར་གནས་པར་འགྱུར་བ་དེ་ལ་དུ ་བའི་གཏམ་མཛད་དོ།། དེ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དེང་སླན་ཆད་མཉེར་བའི་ཚུལ་དུ་བགྱིད་ཅིང་གཅིག་ལ་གཅིག་བྱམས་པའི་སེམས ་དང་། གནོད་སེམས་མ་མཆིས་པས་གནས་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེགས་སོ་ལེགས་སོ།། བྱམས་པའི་རྣམ་པའི་སེམས་གང་ཡིན་པ་དེ་ནི ་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པའི་མཆོག་ཡིན་ནོ།། རྫས་ལས་བྱུང་བའི་བསོད་ནམས་བྱའི་དངོས་པོ་རྣམ་པས་ནི། འདི་ལྟ་སྟེ། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་མཆོག་ཡིན་ཏེ། ་ངས་དེ་ལས་དགོངས་ནས་དེ་སྐད་བསྟན་ཏོ།། གྲོགས་པོ་དག་གཞན་ཡང་བཞི་པོ་འདི་དག་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པ་ཡིར་ཏེ། བཞི་གང་ཞེ་ན། བསླབ་པ་ལས ་འགའ་བར་མི་བྱེད་པ་དང་། བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆ་པར་བྱ་བའི་བྱང་ཆུབ་ཀྱི་སེམས་དང་། ཇི་ལྟ་ཐོས་པའི་ཆོས་ལ་སོ་། ་སོར་རྟོག་པའི་ཆོས་ཀྱི་ནན་ཏན་ཏེ། བཞི་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཁྱད་པར་དུ་འཕགས་པའོ།། བསྟན་པ་འདི་ཐོས་ནས་ལྷའི་འཁོར་དང་། ལྷ་མ་ཡིན་གྱི་འཁོར་དེ་དག་གི་ནང་ནས ་བཞི་ཁྲིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ་པོ་དབུགས་ཅན་དང་། ཀླུའི་རྒྱལ་པོ་དབུགས་ཅན་ཆེན་པོ་དང་། འཇོག་པོ་དང་ཁ་དོག ་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་འདིའི་ནང་ན། ཀླུའི་རིགས་ཚད་མ་མཆིས་པ་ལས་ཀྱི་རྣམ་པར་སྨིན་པ་སྣ་ཚོགས་ལས་སྐྱེས་པ་དག་མཆིས་ཏེ། དེ་ལ ་ཁ་ཅིག་ནི་དབང་ཆེ་བར་གྲགས། ཁ་ཅིག་ནི་ལུས་ཉམ་ཆུང་ཞིང་ཆུང་བར་གྲགས་ལ་ལུས་ཆུང་བ་དག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་དེར་བབས་ནས། ཀླུའི ་གཞོན་ནུ་དང་། ཀླུའི་བུ་མོ་ལུས་ཉམ་ཆུང་བ་རྣམས་གཏོན་ཏེ། འཚལ་བར་བགྱིད་ལ། རྒྱ་མཚོའི་ནང་གི་ཀླུའི་རིགས་ཐམས་ཅད་ཀྱང་སྐྲག་པར་བགྱིད་ལགས་ར། ཅི་ནས་རྒྱ་མཚོ་ཆེར་པོའི་ཀླུ་རེ ་དག་ཐམས་ཅད་ཀྱང་། འཇིགས་པ་མ་མཆིས་པ་དང་། སྐྲག་པ་མ་མཆིས་པར་གནས་པར་འགྱུར་བ་དེ་ལྟ་བུར། བཅོམ་ལྡན་འདས་ཀྱིས་བསྲུངས་པ་དང་། བསྐྱབས་པ ་དང་། སྦ་བ་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རས་ཕྲག་ཟར་ཕྲག་པ་ལས་ཕབ་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀྱེ་ཀླུའི་བདག་པོ་རས་ཕྲག་ཟར ་འདི་ལོང་ལ། ཀླུའི་རིགས་ཐམས་ཅད་དང་། ཀླུའི་གནས་ཐམས་ཅད་དང་། དུམ་བུ་དུམ་བུར་གཤོགས་ཏེ། བྱིན་ཅིག་དང་། ཇི་སྲིད་དུ་རས་ཕྲག་ཟར་འདི་ལས་ཐ་ན། ཉག་མ་གཅིག་ཙམ ་གནས་པ་དེ་སྲིད་དུ་ཡང་རྒྱ་མཚོ་ཆེན་པོར་ནམ་མཁའ་ལྡིང་ཐམས་ཅད་རྒྱུ་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དང་ལྡན་པའི་མཆོག་གི་ཐུགས་ཀྱི ་སྨོན་པ་ནི་འགྲུབ་པའི་ཕྱིར་རོ།། དེ་ནས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད། རས་ཕྲག་ཟར་འདི་ལྟར་ཆུང་བ་འདི་རྒྱ་མཚོ་ཆེན་པོའི་ཀླུ་ཐམས་ཅད་ཀྱིས་ཇི་ལྟར་ཐོབ་པར་འགྱུར་སྙམ་སྟེ ་ཞུམ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཀཱའི་རྒྱལ་པོ་དེ་རྣམས་ཀྱི་སེམས་ཀྱི་ཡོངས་སུ་རྟོགས་པ་ཐུགས་ཀྱིས་མཁྱེན་རས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ་ཀླུའི་བདག་པོ་གལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས། རས་ཕྲག་ཟར་འདི་ལས་དུམ་བུ་དུམ་བུར་ཁྱེར་དུ་ཟིན་ཀྱང་། རས ་ཟག་ཟར་འདི་ཡོངས་སུ་ཟད་པར་མི་འགྱུར་ཏེ། དེ་དག་གིས་གོས་ཇི་ཙམ་གྱི་ཆད་དུ་འགྱུར་བར་འདོད་ན་ཡང་། དེ་ལས་དེ་དག་གི་གོས་དེ་ཙམ་དུ་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི ་བྱིན་གྱིས་རླབས་ནི་དེ་ལྟར་བསམ་གྱིས་མི་ཁྱབ་བོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། རས་ཕྲག་ཟར་དེ་བླངས་ཏེ། རུམ་བུ་འབུམ་ཕྲག་དུ་མར་བྱས་ནས། ཀླུ་ཐམས་ཅད་དང ་ཀླུ་གཞོན་ནུ་ཐམས་ཅད་ལ་སོ་སོར་བྱིན་ནོ།། དེར་སུ་ཇི་ཙམ་དུ་འདོད་པ་དེ་ལ་དེ་ཙམ་གྱིས་གོས་སུ་མངོན་པར་འགྲུབ་པར་འགྱུར་ཏེ། ཡངས་ཤིང་རྒྱ་ཆེ་བར་འགྱུར་ལ། རས་ཕྲག་ཟར་དེ་ཡང ་ཡོངས་སུ་ཟད་པར་མི་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་རས་ཕྲག་ཟར་དེ་ལ་སྟོན་པའི་འདུ་ཤེས་དང་། ་མཆོད་རྟེན་གྱི་འདུ་ཤེས་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རས་ཕྲག་ཟར་འདི་ནི། དེ་བཞིན་གཤེགས་པས་ལོངས་སྤྱད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡིན་ནོ།། ་གྲོགས་པོ་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་གང་ཡིན་པ་དང་། རས་ཕྲག་ཟར་འདི་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་ལ་ནི། བྱེ་བྲག་གམ། ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། ་དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ལེགས་སོ།། ཞེས་བྱ་བ་བྱིན་ཏེ། ཀླུའི་བདག་པོ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། རས། ་ཕྲག་ཟར་དེ་ལ་མཆོད་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཡིན་ནོ།། ཀླུའི་བདག་པོ་ཀླུ་དང་། ཀླུའི་གཞོན་ནུ་དང ་ཀླུའི་བུ་མོ་ཇི་སྙེད་ཀྱིས་རས་ཕྲག་ཟར་དེ་ལས་དུམ་བུ་དུམ་བུར་ཁྱེར་བ་མཐོང་ངམ་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག ་ཐམས་ཅད་ནི་བསྐལ་པ་བཟང་པོ་འདི་ཁོ་ན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ངས་ལུང་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་མ་གཏོགས་སོ།། ཀླུའི་བདག་དེ་བཞིན་གཤེགས། ་པ་ནི། དེ་ལྟར་འཇིག་རྟེན་ན་ཡོན་གནས་ཡིན་ཏེ། དེ་ལ་སེམས་གཅིག་བསྐྱེད་པ་ཙམ་ཡང་ཆུད་ཟ་བར་མི་འགྱུར་རོ།། དེ་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཀུ་དང་། ཀླུ་གཞོན ་ནུ་དང་། ཀླུའི་བུ་མོ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས ་ཏེ། ཚིག་འདི་སྐད་ཅེས་ཀྱང་སྨྲས་སོ།། དེ་བཞིན་གཤེགས་པ་ནི་གཉིས་སུ་མི་གསུང་བའོ།། དེ་བཞིན་གཤེགས་པ་ནི་བདེན་པ་གསུང་པའོ།། ཡང་དག་པ་གསུང་བའོ།། ཕྱིན་ཅི་མ་ལོག་པ་གསུང ་བ་སྟེ། དེས་བདག་ཅག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་ལུང་བསྟན་ནོ།། བཅོམ་ལྡན་འདས་བདག་ཅག་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཤིན་ཏུ་སྐྱབས་སུ་མཆིའོ།། ་སློབ་པའི་གཞི་རྣམས་ཀྱང་གཟུང་བར་འཚལ་ལོ།། དེ་བཞིན་གཤེགས་པ་ལ་ཡང་བཀའ་དྲིན་དུ་གཟོ་བར་འཚལ་ཏེ། དེ་བཞིན་གཤེགས་པ་བཞུགས་པ་ན་ཡང་། བལྟ་བ་དང་། ཕྱག་འཚལ་བ ་དང་བསྙེན་བཀུར་བགྱི་བ་དང་། ཆོས་མཉན་པའི་སླད་དུ་རྒུན་མི་འཆད་པར་ཐད་དུ་མཆིའོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་སྐུ་གདུང་འཆང་བ་རྣམས་ལ་མཆོད ་པ་བགྱིའོ།། བཀུར་སྟི་དང་། རིམ་གྲོ་ཐམས་ཅད་ཀྱང་བགྱིའོ།། ཀླུ་ཡོངས་སུ་བསྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། ། དེ་ནས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞིས ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་འདི་ཐོས་ནས། མི་དགའ་ཞིང་རིངས་པའི་ཚུལ་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། མཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ཅག་གི་འཚལ་མ་བཀུམ་སྟེ་ཅི་བགྱི་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བ་ཡིན་ཏེ། བཞི་གང ་ཞེ་ན། གྲོགས་པོ་དག་ཟས་གང་སྲོག་ཆགས་གཞན་གསད་པ་དང་། སྲོག་ཆགས་གཞན་ལ་རྣམ་པར་འཆེ་བ་དང་། གཞན་གྱི་སྲོག་གཅད་པས་འཚོ་བ་འདི་ནི། སེམས་ཅན་དམྱལ་བ་དང་། དུད ་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་དང་པོའོ།། གྲོགས་པོ་དག་གཞན་ཡང་ཟས་གང་མ་བྱིན་པར་ལེན་ཅིང་འཕྲོག་པ་དང་། གཞན ་གྱི་ལོངས་སྤྱོད་འཇིག་པར་བྱེད་པ་དང་། དབྱུག་པ་དང་། རལ་གྲི་དང་། མཚོན་ཆ་དང་། ལག་ཆས་འཚོ་བ་འདི་ནི་སེམྦ་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ ་བར་འགྱུར་བའི་ཟས་གཉིས་པའོ།། གྲོགས་པོ་དག་གཞན་ཡང་ཟས་གང་ཚུལ་འཆོས་པ་དང་། ཁ་གསག་དང་ཕ་རོལ་ལ་གནོད་པ་བྱེད་པ་དང་སྤྱོད་ལམ་ཡང་དག་པར་སྟོན་པ་དང་། ཆོ་ག་ཉམ ་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། འཚེ་བ་ཉམས་པ་དང་། ལོག་པ་དང་། ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་འཚེ་བ་འདི་ནི། སེམས་ཅན་དམྱལ་བ་དང ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་ཟས་གསུམ་པའོ།། གྲོགས་པོ་དག་གཞན་ཡང་ཟས་གང་སྟོན་པ་མ་ཡིན་པ་ལ་སྟོན་པར་ཁས་འཆེ་བ་དང་། ཡང་དག ་པར་སོང་བ་མ་ཡིན་པར་དག་པར་སོང་བར་ཁས་འཆེ་བ་དང་། དགེ་སློང་མ་ཡིན་པར་དགེ་སློང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བས་འཚེ་བ་འདི་ནི།། ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་བའི་ཟས་བཞི་པ་སྟེ། གྲོགས་པོ་དག་ང་ནི་ཟས་བཞི་པོ་འདི་དག་ཡང་དག་པར་གཅད་པའི་ཕྱིར ་ཆོས་སྦྱོར་ཏེ། གྲོགས་པོ་དག་ལུས་གསོ་བའི་ཕྱིར་གཞན་གྱི་སྲོག་གཅད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་ནཱི། སྲོག་གཅེས་ཤིང་པངས་པའི་ཕྱིར་ཏེ། གྲོགས་པོ ་དག་དེ་ལྟ་བས་ན། བདག་ཉིད་འསྲུང་བའི་ཕྱིར་དང་། འཇིག་རྟེན་ཕ་རོལ་སྲུང་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པའི་ཕྱིར། མཁས་པས་སྲོག་གི་ཕྱིར་ཡང་གཞན་གྱི་སྲོག ་མི་གཅད་ཅིང་། བྱ་བ་མ་ཡིན་པ་ཐམས་ཅད་མི་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱའི་རྒྱལ་པོ་ནམ་མཁའི་ལྡིང་བཞི་གཡོག་འཁོར་ས་ཡ་ས་ཡ་དང་ལྡན་པས་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་པདག་ཅག་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ།། སྔོན་གྱི་སྡིག་པའི་ལས་བགྱིས་པ་ཡང་སོ་སོར ་བཤགས་སོ།། སླན་ཆད་ཀྱང་སྡོམ་པར་འཚལ་ལོ།། ཀླུའི་རིགས་ཐམས་ཅད་ལ་ཡང་མི་འཇིག་པ་སྩམ་ཏོ།། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡུན་ཇི་སྲིད་གནས་པ་དེ་སྲིད་དུ་ཡང་རྟག་ཏུ་རྒྱུན ་མི་འཆད་པར། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ལ་བརྩོན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་པོ་དེ་དག་ལ་བཀའ་སྩལ་པ ་གྲོགས་པོ་དག་ཁྱེར་ནི། དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་ལ་དགེ་སློང་བཞིར་གྱུར་ཏེ། དགའ་བྱེད་དང་། དགའ་བྱེད་ཆེན་པོ་དང་། བླ་མ་དང་། བླ་མའི་བཤེས་གཉེན་ཞེས་བྱ་བར་གྱུར ་ཏོ།། དགེ་སློང་བཞི་པོ་དེ་དག་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་རྒྱགས་པས་མྱོས་ཤིང་། མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི། ་རྒྱགས་པས་མྱོས་ལ་བདག་ཉིད་ནི་ཚུལ་ཁྲིམས་དང་། ཆོ་ག་དང་། ལྟ་བ་ཉམས་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་ནི་འཁྲུག་པ་དང་། གནོད་པ་བྱས་ཏེ། ལུས་དང་ངག་དང ་ཡིད་མ་བསྡམས་ཤིང་སྡིག་པ་མང་པོ་བྱས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་གསེར་ཐུབ་དེ་ལ་ཡང་དེ་དག་གིས་མཆོད་པ་མང་པོ་བྱས་སོ།། དེས་ན་ཁྱེད་སེམས་ཅན་དམྱལ་བར་མ་སོང ་སྟེ། དུད་འགྲོའི་སྐྱེ་གནས་འདིར་སྐྱེས་ནས་འདི་ལྟར་སྡོམ་པས་མ་བསྡམས་པའི་ཕྱིར། ཁྱེད་ཀྱིས་སྲོག་གཅོད་པ་མང་དུ་བྱས་ཤིང་། སྡིག་པའི་ལས་མང་དུ་བྱས་ལ། མང་པོ་དག་ཀྱང ་འཇིགས་པར་བྱས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་པོ་དེ་དག་གིས་ཅི་ནས་ཚེ་རབས་དྲན་པར་འགྱུར་བ་དང་། དེ་བཞིར་གཤེགས་པ་གསེར་ཐུབ་དེ་དང་། ་དེར་དགེ་སློང་དུ་གྱུར་ནས་ལས་མངོན་པར་འདུ་བྱེད་པ་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་འགྱུར་བ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མཛད་དོ།། དེ་དག་གིས ་ཀྱང་མངོན་སུམ་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ནི་དམུ་རྒོད་དངུལ་དཀའ་ཞིང་། སྲུང་དཀའ་བ་ལགས་ཏེ་དེར་བདག་གི་སེམས་བརྐམ་ཆགས་ཅན་དུ ་གྱུར་པསབཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་དེ་མ་མཉེས་པར་བགྱིས་སོ།། བཅོམ་ལྡན་འདས་བདག་ཅག་གིས། ད་སླན་ཆད་རང་གི་སྲོག་ཀྱང་ཡོངས་སུ་གཏམ་པར་འཚལ་གྱི། ་སྡིག་པའི་ལས་རི་མི་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་དེ་དག་ཆོས་ཀྱི་གཏམ་གྱིས་དགའ་བ་བསྐྱེད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་ཁྱེད་དེ་བཞིན་གཤེགས་པ་བྱམས་པའི ་འདུས་པ་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱ་མཚོ་ཆེན་པོར་སེམས་ཅན་གྱི་དོན་ཇི་སྙེད་བྱ་དགོས་པ་དེ་དག་ཐམས་ཅད་མཛད་ནས ་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཚུར་ཤོག། ད་རང་གི་མལ་ཆ་དང་སྟན་རྣམས་སྡུས་ཤིག། ད་ནི་རང་གི་གནས་སུ་འགྲེའོ།། དེ་ནས་བཅོམ་ལྡན ་འདས་ཞམ་རིང་བ་དང་བཅས་པར་གདན་ལས་བཞེངས་ནས། རྒྱ་མཚོ་ཆེན་པོའི་ནང་ནས། ཕྱིར་ཡང་རིན་པོ་ཆེའི་ཐེམ་སྐས་རྣམས་ལས་བཀོད་པ་ཆེན་པོ་དང་། མཆོད་པ་ཆེན་པོ་དང ་སངས་རྒྱས་ཀྱི་ཆེ་བ་ཉིད་ཆེན་པོས་གཤེགས་ནས། མགུར་བསལ་ཏེ། རྒྱ་མཚོའི་འགྲམ་དུ་གཞེས་སོ།། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས། བཅོམ་ལྡན་འདས་ལ་ཚིག ་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། སུམ་ཅུ་རྩ་གཉིས་མཚན་མངའ་ལྷ་དང་མེས་མཆོད་པ་ལྷ་མི་དབང་པོས་བསྙེན་བཀུར་མི་མཆོག་དང་ཕྱག་འཚལ།། པདྨ་ལྟ་བུའི་སྤྱན ་མངའ་ཞལ་རས་ཟླ་བ་འདྲ།། དགེ་བའི་ཆོས་ཀྱིས་འཕགས་པ་བདེ་སྦྱིར་དེང་ཕྱག་འཚལ།། གཟུགས་མཆོག་སྟོན་པས་བསོད་ནམས་བརྒྱ་ཡི་མཚན་དང་ལྡར།། ཡོན་ཏན ་ཡེ་ཤེས་བསགས་པ་རྣམ་འདྲེན་དེང་ཕྱག་འཚལ།། སྦྱིན་དང་དུལ་བས་འཕགས་པ་ཚུལ་ཁྲིམས་བཟང་པོ་བརྩེགས།། བཟོད་པའི་སྟོབས་ཀྱིས་འཕགས་པ་མི་མཆོག་དེང་ཕྱག་འཚལ།། བརྩོན་འགྲུས་སྟོབས ་ཀྱིས་བྱུང་བ་བསམ་གཏན་བློ་གྲོས་སྦྱངས།། ཤེས་རབ་མཁའ་མཚུངས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། བྱམས་པས་སྙོམས་པའི་ཐུགས་ལྡན་ཐུགས་རྗེས་འགྲོ་ལ་གཟིགས།། འདྲེན་པ་ཐུགས ་དགྱེས་རྟག་ཏུ་ཕ་རོལ་གཤེགས།། ཀ་ལ་བིངྒ་ལྟ་བུར་གསུང་སྙན་ཚངས་སྐད་སྟོན།། གསུང་སྙར་སྟོན་པ་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། བདུད་དཔུང་འཇོམས་པ་བདུད་སྟོབས་ངེས་པར་འཇོམས ་མཛད་པ།། བྱང་ཆུབ་བརྟུལ་ཞུགས་སྒྲུབ་པ་སྲིད་གསུམ་སྲིད་པས་མཆོད།། དྲི་གསུམ་དྲི་མ་སྦྱོང་བ་རྣམ་ཐར་གསུམ་སྟོན་པ།། འཇིག་རྟེན་གསུམ་གྲགས་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། ་བདེན་པའི་བརྟུལ་ཞུགས་བཟང་པོ་རྟག་ཏུ་ཆོས་ཀྱིས་འཕགས།། རྟག་ཏུ་དགོན་པ་སྤྱོད་ཡུལ་རྟག་ཏུ་ཡེ་ཤེས་སྦྱོར།། ཉོན་མོངས་དགྲ་འཇོམས་གཟི་བརྗིད་ལྷག་པས་གཟི་བསྐྱེད་པ།། པདྨ་ལྟ་བུའི ་སྤྱན་མངའ་དེང་ཁྱོད་མགོས་ཕྱག་འཚལ།། ལྷུན་པོའི་རྩེ་འདྲ་དགོངས་པ་རྡོ་རྗེ་ལྟ་བུ་རོ་བརྟན།། དགོངས་པས་འདྲའི་ཡོན་ཏན་རྒྱ་མཚོ་ཕྱག་འཚལ་ལོ།། འགྲོ་ལ་སྟོང་བཞི་གནས་ཕ་རོལ་ཕྱིན།། ་རབ་ཏུ་ཞི་བའི་ཐུགས་ལྡན་ཁྱོད་ལ་སྐྱབས་སུ་མཆི།། བདུད་རྩི་དམ་པ་སྟོན་པ་འགྲོ་མིན་འགྲོ་བ་གཅོད།། ལྷ་དང་མིས་མཆོད་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། ས་སྟེང་ལྷ་ཡུལ་གྲགས་པ ་སྙན་དང་གྲགས་པ་འཕགས།། ཡོན་ཏན་རྒྱ་ཆེན་མི་ཟད་ཡོན་ཏན་འབྱུང་གནས་འདུང་།། ཇི་སྐད་གསུངས་བཞིན་མཛད་ཅིང་ཅི་སྐད་མཛད་བཞིར་གསུང་།། ཇི་སྐད་སྤྱོད་བཞིན་སྐུལ་བ་དེང་ཁྱོད ་བགོས་ཕྱག་འཚལ། རྒ་ཤི་གྲོལ་མཛད་སྨན་པ་འགྲོ་བའི་བསྙེན་བཀུར་བ།། ཐར་པའི་ལམ་སྟོན་ཁྱོད་ལ་དེ་རིང་མགོས་ཕྱག་འཚལ།། རྒྱུ་ཡི་བྱད་པ་རབ་སྟོར་ལྟ་བའི་མུན་པ་སིལ།། ལམ ་མཆོག་སྟོན་པ་རྒྱལ་བ་ཁྱོད་ལ་སྐྱབས་སུ་མཆི།། རིན་ཆེན་སྦྱིར་བ་གཅིག་པུ་ཆོས་ཀྱི་དགའ་བ་གསུང་།། ས་འདྲའི་ཐུགས་ལྡན་ཁྱོད་ལ་བདག་ནི་སྐྱབས་སུ་མཆི།། འདྲེན་པ་ཡོན་ཏན་རྒྱ་མཚོ་ཡོན ་ཏན་ལས་བསྐྱོར་པའི།། བདག་གི་བསོད་ནམས་གང་ལགས་དེས་ནི་ཁྱོད་འདྲར་ཤོག་དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས། བཅོམ་ལྡན་འདས་ལ་དེ་སྐད་བསྟོད་ནས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་སླར་བྱུང་སྟེ་གཤེགས་པས། དེ་ནི་རྒྱ་མཚོ་ཆེན་པོ་མི་མཛེས་ལགས་ན། ཅི་ནས་བདག་རྒྱ་མཚོ་མཛེས་པར་བགྱིད་པ་དེ་ལྟ་བུར། བཅོམ ་ལྔར་འདས་ཀྱིས་རྗེས་སུ་བསྟེན་ན་ལེག་སོ་ལེགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡར་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་ལྡན་མཆོས ་བཅུ་པོ་འདི་དག་ནི་རྒྱན་ཏུ་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱམས་པའི་རྗེས་སུ་འཇུག ་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཆེ་བར་བྱ་བའི་ཕྱིར་སྙིང་རྗེས་ཆེན་པོ་ལ་གནས་པ་དང་། བསམ་པའི་སྦྱོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས ་སུ་བསྔོ་བའི་སེམས་བསྐྱེད་པས་དགའ་བར་གནས་པ་དང་། སྦྱིན་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱི་སྨོན་ལམ་ལ་བརྩོན་འགྲུས་ཀྱི་བརྟེན་པ་དང་། དགེ་བའི་རྩ་བའི ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དྲན་པ་དང་ཤེས་བཞིན་དུ་གནས་པ་དང་། སྔོན་གྱི་དགེ་བ་ཆུད་མི་ཟ་བའི་ཕྱིར་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་དང་ལྡན་ཞིང ་ཆོས་འདོད་པ་དང་། ཕན་པའི་དངོས་པོས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཐམས་ཅད་སྐྱེད་པ་དང་། གཉིས་སུ་མེད་པས་གོང་དུ་ཁྱད་པར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་སུ་ཆུད ་པ་ལ་ཡང་དག་པར་གཞོལ་བས་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པ་སྟེ། འོད་ལྡན་མ་ཆོས་བཅུ་པོ་དེ་དག་ནི་རྒྱན་ཏུ་འགྱུར་བ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱ་མཚོ་ཆེན་པོའི ་མོ་འོད་ལྡན་པ་ལྷ་མོ་ཁྲི་དང་ལྷན་ཅིག་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱ་མཚོ ་ཆེན་པོ་བརྒྱན་ལགས་སོ།། དེ་ཅིའི་སྲད་དུ་ཞེན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱུར་ལགས་ན། རྒྱ་མཚོཚམ ་པོའི་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་བརྒྱན་པའི་སླད་དུ། བདག་ཅག་གིས་བསྐྱེད་ལགས་སོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བདག་ནི་རྒྱ་མཚོ་ཆེན་པོའི་ནང་ན་གནས་བཞིན་དུ། དམ་པའི་ཆོས་ཡོངས་སུ་བསྲུང་བའི་སླད་དུ། རྟག་ཏུ ་བརྩོན་པ་ཁོ་ནར་འཚལ་ལོ།། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ཡང་། བཀོད་པ་ཐམས་ཅད་ཉེ་བར་བསྟན་པར་འཚལ་ལོ།། ཆོས་ཀྱི་འབེལ་བའི་གཏམ་མཛད་པ་ན་ཡང་། ་འཁོར་གྱི་ཁྱམས་ཀྱི་བཀོད་པ་བསྒྲུབ་པར་འཚལ་ལོ།། བཅོམ་ལྔས་འདས་ཀྱིས་བཀའ་སྩལ་པ། འོད་ལྡན་མ་འདི་ལྟར་ཁྱོད་ཀྱིས་ནི་སངས་རྒྱས་ཁྲི་ལ་མཆོད་པ་བྱས་སོ།། འཁོར་གྱི ་ཁྱམས་ཀྱི་བཀོད་པ་ཡང་བསྟན་ཏོ།། དམ་པའི་ཆོས་ཀྱང་ཡོངས་སུ་བསྲུངས་སོ།། འོད་ལྡན་མ་ཁྱོད་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱེད ་པར་འགྱུར་རོ།། དམ་པའི་ཆོས་ཀྱང་ཡོངས་སུ་སྲུང་བར་འགྱུར་རོ།། ཁྱོད་ནི་བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི ་འཇིག་རྟེན་གྱི་ཁམས་མངོན་དགར་སྐྱེ་བར་འགྱུར་ཏེ། བུད་མེད་ཀྱི་དངོས་པོ་བརྗེས་ནས་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ།། ཁྱོད་ནི་དེ་བཞིན་གཤེགས་པ་མི ་འཁྲུགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ།། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡར་མས། བཅོམ་ལྡན་འདས་ལས་བདག་ཉིད་ཀྱི་ལུང ་བསྟན་པ་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། རྒྱ་མཚོའི་རིན་པོ་ཆེ་དང་། རིན་ཐང་མཉམ་པའི་རིན་པོ་ཆེའི་ཕྲེང་བ་བཅོམ་ལྡན་འདས ་ཀྱི་སྐུ་ལ་གསོལ་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བདག་ནི་ཐུབ་པ་ཡེ་ཤེས་ཡོན་ཏན་ཀུན་གྱི་འབྱུང་གནས་དེ་ཡིས་ལུང་བསྟན་ཏེ།། ་བདག་ནི་འདྲིན་པར་འགྱུར་བར་བདག་ལ་ཡིད་གཉིས་ཐེ་ཙོམ་ཅི་ཡང་ཡོད་མ་མཆིས།། སྟོང་གསུམ་ས་གཞི་ཐམས་ཅད་རྣམ་པར་ཞུགས་ཤིང་ཟླ་བ་ས་ལ་ལྟུང་ཡང་གདའ།། ལྷ་ལས་ལྷག་པའི་ལྷས ་མཆོད་སངས་རྒྱས་ཕྱིན་ཅི་ལོག་གི་ཚིག་གསུང་ཡོངས་མི་གདའ།། བསམ་པ་བྱམས་པ་བརྩོན་འགྲུས་ཡུལ་ལ་ཐུགས་ནི་འཁྲུགས་པར་འགྱུར་བ་མི་མངའ་ལྟོས།། བདག་ནི་སྦྱོང་པའི་ཡེ་ཤེས་ཡུལ་གྱི་ཆོས ་རྣམས་དག་ལ་གུས་པར་བགྱིད་ལ་ལྟོས།། བདེ་བར་གཤེགས་པའི་ཡང་དག་སྤྱོད་པ་རྣམས་དང་ཡེ་ཤེས་ཐོགས་པ་མི་མངའ་ལྟོས།། དེ་ཡིས་འདིར་ནི་བདག་གི་སེམས་ཀྱི་ཡུལ་བདེན་མཁྱེན་ནས་དེ་བཞིན ་ལུང་ཡང་བསྟར། སྤར་བ་རབ་མཆོག་བདེ་སྦྱིན་སྡུག་བསྔལ་ཀུན་ལས་གྲོལ་བར་མཛད་ལ་ཕྱག་འཚལ་ལོ།། གནས་དང་སྐྱབས་དང་དཔུང་གཉེན་སྐྱོབ་པ་འཇིགས་པ་རྣམས་ལ་འཇིགས་མེད་སྤྱིར ་མཛད་པའི།། རྣལ་བ་ལམ་མཆོག་རབ་བསྟོན་མངར་ལམ་ངན་ཡོངས་སུ་མྱོང་ལ་ཕྱག་འཚལ་ལོ།། འཇིག་རྟེན་རྣམ་པར་གཟིགས་ལ་མཁས་པ་འཇོག་རྟེན་འདས་པའི་འདྲེར་ལ་ཕྱག་འཚལ་ལི ་འདིར་ན་ལྷ་དང་མི་རྣམས་གང་དག་སངས་རྒྱས་ཆོས་དང་ཚོགས་རྣམས་ཐོས་པ་དང་།། བྱང་ཆུབ་སྤྱོད་ཅིང་བྱང་ཆུབ་བསམ་པ་སེམས་པ་དེ་དག་བརྙེད་པ་ལེགས་པར་རྙེད།། དེ་དག་ལ་ནི་ངན་སོང་ངན ་འགྲོའི་འཇིགས་པ་མེད་དེ་མི་ཁོམ་བརྒྱད་ལས་ཡོངས་སུ་གྲོལ།། དེ་དང་དེ་དག་ལྷ་དང་མི་ཡི་བདེ་བ་ངེས་ཤིང་ཞི་བའི་གོ་འཕངས་ཐོབ། དེ་ནས་བཅོམ་ལྡན་འདས་ལ། ཀླུའི་རྒྱལ ་རྒྱ་མཚོའི་བུ་མཐོང་དགས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང ་འཕྱེ་ཆེན་པོ་དང་། མི་དང་མི་མ་ལགས་པ་མང་པོ་དག་གིས་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ལགས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བ་མཛད་ན། བདག་གིས ་ཀྱང་། དེ་བཞིན་གཤེགས་པ་ལ། མཆོད་པའི་ལས་ཅུང་ཟད་ཙམ་འཚལ་ཏེ། བདག་གིས་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་རྣམ་པར་རྒྱལ་བྱེད་དང་འདྲ་བའི་བཀོད་པ་ཆེན་པོའི་ཁང ་བཟངས་ཀྱི་རང་དུ་བཞུགས་པར་གསོལ་ལ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བསྐྱལ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ད་དེའི་དུས་ལ ་བབ་པར་ཤེས་ན་སྐྱོལ་ཅིགདེ་རས་ཀླུའི་རྒྱལ་པོ་རྒྱ་ཚེའི་བུ་མཐོང་དགས། སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁང ་བཟངས་བྱིན་གྱིས་བརླབས་ནས། དེར་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་བཞུགས་པར་གསོལ་ནས། སྟེང་གི་བར་སྣང་ལས་གཤེགས་ཏེ། ཀླུའི་བུ་མོ་བརྒྱད་ཁྲི་བ་ནི་སྟོང་ཡང་སིལ ་སྤྱན་བྱེད། ཕེག་རྡོབ། གླུ་དབྱངས་ལེན་ཅིང་མེ་ཏོག་གི་ཆ་ར་ཆེན་པོ་འབེབས་ལལྷའི་སྤོས་དང་། ཕྱེ་མ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་དུ་མཐར་གྱིས། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི ་རི་ལ་བསྐྱལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བུ་དང་བཅས་ཆུང་མ་དང་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན ་ལྡན་འདས་ལ་བཟོད་པ་གསོལ་ཏེ། བཅོམ་ལྡན་འདས་བདག་ཅག་གིས་མ་འབྱོར་པར་གྱུར་པ་གང་ལགས་པ་རྣམས་བདག་ཅག་བཟོད་པ་མཛད་དུ་གསོལ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་དང་མཚམ་པའི་མཆོད་པའི་འོས་ལགས་ལ། བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་བླ་ན་མ་མཆིས་པའི་བསོད་ནམས་ཀྱི་ཞིང་རིན་པོ་ཆེ་ལགས་ཏེ། མཆོད་པའི་འོས ་ལགས་ན། དེས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འབྱོར་པ་འམ། ཡོངས་སུ་རྫོགས་པར་བགྱིད་པའི་རྔོ་མི་ཐོག་སྟེ། དེ་བའི། ་གཤེགས་པ་ནི་དེ་ཙམ་དུ་ཚད་མ་མཆིས་པའི་མཆོད་པའི་འོས་ལགས་པའི་སླད་དུའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ནན་ཏན་བྱེད་པས། དེ་བཞིན་གཤེགས་པ་ཇི་ལྟར་མཆོད་པ་ཉོན་ཅིག། བསམ་པ་རྣམ་པར ་དགྲ་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཅོས་མ་མ་ཡིན་པ་དཔག་ཡོ་མེད་པའི་ཕྱིར་རོ།། ལྷག་པའི་བསམ་པ་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། ་དགེ་བའི་རྩ་བ་ཐམས་ཅད་ལ་ལྷག་པར་དམིགས་པའི་ཕྱིར་རོ།། ཞེ་འགྲས་པ་མེད་པའི་སེམས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་འོད་སྙོམས ་པའི་ཕྱིར་རོ།། ཚུལ་འཆོས་པ་དང་། ཁ་གསག་ཐམས་ཅད་རྣམ་པར་སྤངས་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སྤྱོད་ལམ་ཡོངས་སུ་དག་པའི་ཕྱིར་རོ།། ཇི་སྐད་སྨྲས་པ་དེ་བཞིན ་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལ་མི་སླུ་བའི་ཕྱིར་རོ།། འཕགས་པའི་རིགས་ཀྱིས་ཆོག་པོར་འཛིན་ཅིང་ཀ་སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར ་བླངས་པ་མི་འདོར་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། དམ་བཅས་པ་ལ་བརྟན་པའི་ཕྱིར་རོ།། དབེན་པ་ལ་དགའ་ཞིང་ཐེ་མོ་གཏམ་ཡོངས་སུ་སྤོ་བ་ནི། རེ ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། སེམས་ཡོངས་སུ་འདུལ་བའི་ཕྱིར་རོ།། ཇི་སྐད་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། ཡང ་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ།། བདག་མེད་པ་དང་། སེམས་ཅན་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་ཉེ་བར་རྟོགས་པ་ནི། དེ་བཞིན་གཤེགས་པ་ལ ་མཆོད་པ་ཡིན་ཏེ། བཟོད་མ་ནས་མ་བྱུང་བའི་ཕྱིར་རོ།། སྟོང་པའི་ཆོས་ལ་འཇུག་པ་དང་། མཚན་མ་མེད་པ་ལ་ངེས་པར་རྟོག་པ་དང་། སྨོན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མངོར་སུམ་དུ་བྱེད་པའི་ཕྱིར་རོ།། རྐྱེན་འདི་པ་ཉིད་ལ་འཇུག་ཅིང་མཐར་ལྟ་བསེལ་བ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། རྟག་པ་དང་། ཆད་པར་ལྟ ་བ་ཡོངས་སུ་སྤངས་པའི་ཕྱིར་རོ།། མ་བྱུང་བ་དང་། མ་སྐྱེས་པར་བཟོད་པ་ནི། དེ་བཞིར་གཤེགས་པ་ལ་མཆོད་པ་ཡིན་ཏེ། རང་བཞིན་གྱིས་མ་བྱུང་བའི་ཕྱིར་རོ།། ཀླུའི་བདག་པོ་དེ་ལྟར ་ལུས་དང་ངག་དང་། སེམས་ཀྱི་རྩོམ་པ་གང་ཡིན་པ་དེ་དགོར་དེ་བའིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་མ་ཡིན་གྱི། གང་ན་ལུས་དང་ངག་དང། སེམས་ཀྱི་རྩོམ་པ་མེད་པ་དེ་ནི། དེ ་བཞིན་གཤེགས་པ་ལ་མཆོད་པ་ཡོངས་སུ་དག་པ་ཡིན་ནོ།། མངོན་པར་འདུ་བྱེད་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། དུས་གསུམ ་མཉམ་པ་ཉིད་དང་། དྲི་མ་གསུམ་གྱི་དྲི་མ་སེལ་བ་དང་། ཁམས་གསུམ་པ་ལ་མི་རྟེན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འདུག་པ་དང་། རིག་པ་གསུམ་གྱི་རིག་པ་ཤེས་པ་དེ་ནིདེ་བཞིན་གཤེགས ་པ་ལ་མཆོད་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག ་འཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་སྨན་དང་། ཡོ་བྱད་དང་། ་སིལ་སྙན་དང་། ཕེག་རྡོབ་པ་དག་གིས། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་པ་གང་ལགས་པ་དེ་དག་ཀྱང་། ཅི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཀླུའི་བདག་པོ་དེ་ནི་བླ་ན་མེད་པའི་མཆོད་པ་དེ་ཉིད་ཀྱིས་ཡོངས་སུ་སྦྱངས་པ་ཡིན་གྱིས། མཆོད་པ་དེ་ནི་ཤིན་ཏུ་མཐར་ཐུག་དང་། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་ཚངས་པར་སྤྱོད་པའི ་མཐར་ཐུག་པ་མ་ཡིན་ནོ།། ཀླུའི་བདག་པོ་དགེ་བའི་རྩ་བ་བསྐྱེད་པའི་སློབ་པ་དེ་དག་ནི། འཕགས་པའི་རྣམ་པར་གྲོལ་བ་ལ་སེམས་གནས་ཀྱི། དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ།། ་ཀླུའི་བདག་པོ་གཞན་ཡང་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས། ་མི་བརྗེད་པས། བསོད་ནམས་ཀྱི་ཚོགས་གསོགས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པའི་སེམས་ཀྱིས་ཡེ་ཤེས་ཀྱི་ཚོགས་གསོགས་པ་དང་། བརྩོན་འགྲུས་ཆེན་པོ་ཤིན་ཏུ་བརྩམས་པའི། ་སེམས་ཀྱིས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཆོས་ཟབ་མོ་རྒྱ་ཆེན་པོ་ལ་སེམས་བསྐྱེད་པས། བཟོད་པ་བསྐྱེད་པ་ཐོབ་པ་སྟེ། ཀླུའི་བདག་པོ་ཆོས་འདི་བཞི་དང་ལྡན ་པའི་བྱང་ཆུབ་སེམས་དཔའ་དེ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་ནོ།། དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག ་རྣམས་དང་། གྲོང་རྡལ་བ་དང་། ཡུལ་གྱི་མི་རྣམས་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བློན་པོ་དང་། ནང་འཁོར་དང་། སྒོ་དཔོན་དང་། འཁོར་དང་། ཚོང་དཔོན་རྣམས་ཀྱིས། དེ་བཞིན ་གཤེགས་པ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་བཤོས་གསོལ་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ལ་གཤེགས་སོ་ཞེས་ཐོས་ནས་དེར་སྲོག་ཆགས་བདུན་ཁྲི་ཉིས་སྟོང་དང་། རྒྱལ་པོ་མ་སྐྱེས་དགྲ་གཡོག ་འཁོར་སུམ་ཁྲོ་ཉིས་སྟོང་དང་ལྷན་ཅིག་ཏུ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་ནས་བུ་ཅོད་ཀྱི་ཕུང་པོའི་རིག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱགས ་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་གཤོགས་ན། ཆབ་ཀྱི་ཆོ་གས་དེ་ན་མཆིས་པ་དེ་གང་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ ་དགེ་སློང་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་མཐོང་ན། དེར་ཆུའི་ཕུང་པོ་དེ་གང་དུ ་སོང་། གསོལ་པ། བཅོམ་ལྡན་འདས་དེ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་དེ་ལྟ་བུར་ལས་སུ་རུང་བ་ལས་གྱུར་པ་ལགས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས། དེ་ཉན་ཐོས ་ཀྱི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་དབང་ཐོབ་པའི་སེམས་ལས་སུ་རུང་བ་ལས་གྱུར་པར་འདོད་ན། དེ་བཞིན་གཤེགས་པ་ལ་རྟག་ཏུ་མཉམ་པར་གཞག་པ་ཏིང་ངེ་འཛིན་དང་། སྙོམས ་པར་འཇུག་པ་ཐམས་ཅད་ལ་མཁས་པ། སེམས་ལ་དབང་ཡོད་པ། ཆོས་ཐམས་ཅད་ཀྱི་དབང་ཕྱུག། ཆོས་རྣམས་ལ་དབང་ཡོད་པ་ནི་དེ་ལྟར་མི་འདོད་དམ། རྒྱལ་པོ་ཆེན་པོ་གང་གི་ཆེང ་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ། ཆུ་དེའི་ནང་ན་གནས་པའི་སེམས་ཅན་རྣམས་ནི་བདག་ཉིད་ཆུའི་ནང་ན་གནས་སོ་སྙམ་དུ་འཛིན་ཏོ།། སྐམས་ན་གནས་པའི་སེམས་ཅན་རྣམས་ཀྱིས་ནི ་རྒྱ་མཚོ་བསྐམས་པར་མཐོང་ངོ་།། ཇི་ལྟར་གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་གནས་བཀོད་པ་རྣམས་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་དེ་བཞིན་དུ། ཀླུ་དང་། ་དྲི་ཟ་དང་། ལྷ་མ་ཡིན་གྱི་གནས་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་འོད་ཀྱིས་ཁྱབ་པར་གྱུར་ཏོ།། རྒྱ་མཚོ་ཆེན་པོའི་ནང་གི་སེམས་ཅན་ཐམས་ཅད་ཀྱང་། གཅིག་ལ་གཅིག་བྱམས ་པའི་སེམས་དང་ཕན་པའི་སེམས་དང་། གནོད་པའི་སེམས་མེད་པ་དང་། རྣམ་པར་འཆེ་བ་མེད་པས་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས ་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པོ་དེ ་ཙམ་དུ་བསམ་གྱིས་མི་ཁྱབ་པ་ནི་ངོ་འཚར་ལགས་ཏེ། འདི་ལྟར་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ། དེ་ལྟར་སེམས་ཅན་གྱི་དོན་ཚད་མ་མཆིས་པ་བགྱིས་ན ་བཅོམ་ལྡན་འདས། ཀླུའི་རྒྱལ་པོ་རྒྱ་མཚོས་ཡུན་ཇི་སྲིད་ཅིག་ནས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལགས། དེ་བཞིན་གཤེགས་པ་ཇི་སྙེད་ཅིག། ་ལ་ནི་མཆོད་པ་གྱིས། ཡུན་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་མངོན་པར་རྫོགས་པར་སངས ་རྒྱས་པའི་མཚན་ནི་ཅི་ཞེས་བགྱི་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ནི་ཅི་འདྲ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྟོར་བྱུང་བ་འདས་པའི ་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། ཡུན་རིང་བ་ཚད་མེད་པའི་སྔ་རོལ། དེའི་ཚེ་དེའི་དུས་ན། བསྐལ་པ་ཡིད་དུ་འོང་ཞིང་ཞི་བ ་ཞེས་བྱ་བ་ལ་ཤར་ཕྱོགས་ཀྱི་འཇིགས་རྟེན་གྱི་ཁམས་ཡོངས་སུ་དག་པ་ཞེས་བྱ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ ་ལྡན་འདས་འོད་རྣམ་པར་དག་པའི་འོད་གཟེར་གྱི་རྒྱལ་པོ་ཞེས་བྱ་བ། འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ལྟ་བ་ཡོངས་སུ་དག་པ་དེའི་བཀོད་པ་བྱུང་བ་དེ། ་དག་ནི། ངའི་ཚེའི་ཚད་བསྐལ་པར་གནས་སུ་ཟིན་ཀྱང་།། རྒྱས་པར་བསྟན་པར་རུས་པར་སླ་བ་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས ་བཙའ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་གཟེར་རྒྱལ་པོ་དེ་ལ། ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་མཆོད་པ་བྱས་ཏེ། ་དགེ་བའི་རྩ་བས་ཉེ་བར་བརྟར་པ་དེ་གཉིད་ལོག་པའི་རྨི་ལམ་དུ། ཚིགས་སུ་བཅད་པ་འདི་གཉིས་ཐོས་སོ།། སྐྱེས་བུ་ཁྱུ་མཆོག་ལ་ནི་མཆོད་ཆེན་མེད།། དཔས། ་མེད་རྒྱ་ཆེན་བསམ་ཡས་བྱས་ཟིན་གྱིས།། འགྲོ་བ་དག་ལ་སྙིང་བརྩེ་བསྐྱེད་ནས་ཀྱང་།། རབ་མཆོག་བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས།། བྱང་ཆུབ་སེམས་ནི་ཡང་དག་སྒྲུབ་བྱེད་གང་། ་དེ་ནི་མཚོམ་དམ་པ་ཁྱད་པར་འཕགས།། དོ་ནི་དེ་བཞིན་གཤེགས་རྣམས་བཀུར་སྟི་ཡིན་ཏེ།། དེར་ཕྱི་མའི་བསོད་ནམས་གཟི་བྱིར་ཡིན།། བམ་པོ་བདུན་པ་སྡེཐ་མའོ། ་རྒྱལ་པོ་ཆེན་པོ་དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ།། ལྷས་བཅའ་དེས་ཚིགས་སུ་བཅད་པ་འདི་གཉིས་ཐོས་ཏེ། དེའི་མཚན་མོ་འདས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ ་འདས་དེ་བཞིན་གཤེགས་པ་འོད་རྣམ་པར་དག་པའི་འོད་གཟེར་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། སྲོག ་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་སྤྱར་སྔར་འཁོད་དེ། ཐལ་མོ་སྦྱར་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། གཟུགས་ལ་བནམ་དང་སྦལ་རྟེན་པ་དང་།། དྲི་དང་རོ་དང་རེག་ལ་གནས་པ་དང་།། འདོད་ལ་བརྐམ་དང་བདེ་ལ་དགའ་བ་ཡིས།། བྱང་ཆུབ ་མཆོག་འདི་རྟོགས་པར་མི་རུས་སོ།། ལེ་ལོ་ཅན་དང་དམའ་ལ་བརྩོན་པ་དང་།། སེར་སྣ་ཅན་དང་ཚུལ་ཁྲིམས་མ་བསྡམས་དང་།། སྡང་བའི་སེམས་དང་བློ་ནི་འཁྲུལ་པ་ཡིས།། བྱང་ཆུབ་མཆོག་འདི ་རྟོགས་པར་མི་ནུས་སོ།། རང་གི་བདེ་བ་ཐམས་ཅད་སྤངས་པ་དང་།། འགྲོ་བའི་སྡུག་བསྔལ་ཐམས་ཅད་བཟོད་པ་དང་།། བརྩོན་འགྲུས་བརྩམས་ཤིང་རྟག་ཏུ་ཆོས་འདོད་གང་།། དེ་ནི་འཇིག་རྟེན་དེ ་འདྲའི་སངས་རྒྱས་འགྱུར།། སངས་རྒྱས་བྱང་ཆུབ་ལ་ནི་བདག་ཞུགས་པ།། སངས་རྒྱས་རྣམས་དང་ལྷ་རྣམས་དབང་བཙུགས་ཏེ།། ཅི་ནས་བདག་ཚིག་ལོག་པར་མི་འགྱུར་བ།། དེ་ལྟར་སྨན ་སླད་སྤྱོད་པ་སྤྱད་པ་བགྱི།། བྱང་ཆུབ་སེམས་ནི་བདག་གིས་རྨི་ལམ་ཐོས།། ཐོས་ན་བདག་ནི་བྱང་ཆུབ་མཆོག་ལ་ཞུགས།། དེ་ཡི་སྐད་དུ་སངས་རྒྱས་མི་ཡི་མཆོག། ཡེ་ཤེས་ལྡན་པ་དེ་འདྲ་བདག་གིས ་བགྱི། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔས་བཅའ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉི་འམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན། རྒྱལ་པོ ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མརོ་འདི་ཉིད་དེའི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་བཅའ་ཞེས་བྱ་བར་གྱུར་ཏོ།། དེ་ཡང་དེའི་དང་པོ་བྱང་ཆུབ་ཏུ་སེམས ་བསྐྱེད་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་ཁྱོད་འདི་སྐད་དུ། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡུན་ཇི་སྲིད་ཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར ་ཞེས་ཟེར་བ་དེ་ཉོན་ཅིག་། རྒྱལ་པོ་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ནི། བསྐལ་པ་གྲངས་མེད་པ་ཉིས་བརྒྱམ་བསྐལ་པ་དཔལ་གྱི་མེ་ཏོག་ཅེས་ཟླ་བ་ལ། འཇིག་རྟེན་གྱི་ཁམས ་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།། ་སྐྱེས་བུ་འདུལ་བའི་ཁ་ལོས་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང ་བའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་དེ་ནི་རིན་པོ་ཆེས་ཡས་སྦས་པར་འགྱུར་ཏེ། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་དུ་མས ་བྲིས་ཤིང་ཡིག་མངས་རིས་སུ་རྣམ་པར་ཕྱེལ། ལག་མཐིལ་བཞིན་དུ་མཉམ་སྟེ། ཀཱ་ཙ་ལིན་དི་ཀའི་གོས་བཞིན་དུ་འཇམ་ཞིང་རིག་ན་བདེ་ལ། ཡངས་ཤིང་ཐག་ཟླ་ཆེ་སྟེ། གླིང་བྱེ་བ་ཕྲག་འབུམ་དང ་ལྡན་ལ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ཡིད་དུ་འོང་བ་སྟེ། ལྷ་དང་མི་མང་པོ་དག་གིས་གང་ལ། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད ་ལྟ་བ་བཞིན་དུ་མི་དེ་དག་གི་ཡང་དེ་དང་འདྲ་བར་འགྱུར་ཏོ།། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བ་དེ་ན། རིན་པོ་ཆེ་ཐམས་ཅད་ལས་ཐུབ་པའི་ཤིང་ཏ་ལའི་ཕྲེང་བ་དག ་འབྱུང་བར་འགྱུར་ཏེ། ཤིང་ཏ་ལ་དེ་དག་གི་ལོ་མ་དང་། མེ་ཏོག་དང་འབྲས་བུ་ཐམས་ཅད་ལས་ཆོས་ཀྱི་སྒོ་ཁྲག་ཁྲིག་ཕྲག་འབུམ་མང་པོ་དག་འབྱུང་ངོ་།། འཇིག་རྟེན་གྱི་ཁམས་དེར། ་སྒྲ་ཇི་སྙེད་འབྱུང་བ་འདི་ལྟ་སྟེ། ལྷའི་སྒྲ་འམ། མིའི་སྒྲ་འམ། མི་མ་ཡིན་པའི་སྒྲ་འམ། སྤྲུལ་པའི་སྒྲ་འམ། བྱའི་སྒྲའམ། རླུང་གི་སྒྲ་ཡང་རུང་སྟེ། སྒྲ་དེ་དག་ཐམས་ཅད་ཆོས་དང་ལྡན་པར་འབྱུང་། ་བར་འགྱུར་རོ།། དེ་བཞིན་དུ་ཞི་བ་དང་ལྡན་པ་དང་། རབ་ཏུ་ཞི་བ་དང་ལྡན་པ་དང་། ཉེ་བར་ཞི་བ་དང་ལྡན་པ་དང་། དགའ་བ་དང་དབེན་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་དང་ལྡན་པ་དང ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། བསྡུ་བའི་དངོས་པོ་དང་ལྡན་པ་དང་། ཐབས་ལ་མཁས་པ་དང་ལྡན་པ་དང་། སྐྱོ་བ་དང་འདོད་ཆགས་དང་བྲལ་བའི་ལྟ་བ་དང་ལྡན་པ་དང་། སྟོང་པ་ཉིད་དང་། @# ་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་ལྡན་པའི་སྒྲ་དག་འབྱུང་བར་འགྱུར་ཏེ། དེས་ན་འཇིག་རྟེན་གྱི་ཁམས་དེའི་མིང་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བར་འགྱུར་རོ།། ་འཇིག་རྟེན་གྱི་ཁམས་དེར་ལྷ་དང་། མི་གང་དག་སྐྱེ་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དགའ་བའི་ཟས་ཁོ་ན་དང་ལྡན་པར་འགྱུར་ཞིང་། མངོན་པར་ཤེས་པའི་ཤེས་པ་ལ་མཁས་པ་དང་། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཚོམ་མེད་པོ་ཤ་སྟག་གོ།། བཅོམ་ལྡན་འདས་དེ་བཞིརན་གཤེགས་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་ལ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི ་རྒྱལ་པོ་དེ་ཡང་གང་གི་ཚེ་ཆོས་སྟོན་པར་བཞེད་པ་དེའི་ཚེ། ཉིད་ཀྱི་སྐུ་ལས་འོད་འགྱེད་པར་མཛད་དེ། འོད་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་འགྱུར་རོ།། དེ་བཞིན། ་གཤེགས་པའི་འོད་དེ་ལས་ཀྱང་། སངས་རྒྱས་བྱེ་བ་ཕྲག་སྟོང་གསུང་བའི་ཆོས་སྟོན་པ་འབྱུང་བར་འགྱུར་རོ།། དེ་ན་ལྷ་དང་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་འོད་དེ་ཡང་མཐོང་ལ། ཆོས་བསྟན ་པ་དེ་ཡང་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་རྒྱ་ཆེར་སྐྱེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་པ་ལ་ཡོན་ཏན་གྱི་ཚོགས་མཐའ ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མེད་པ་བྱས་ཏེ། རྫུ་འཕྲུལ་དང་། མངོན་པར་ཤེས་པའི་སྟོབས་ཀྱིས། ནམ་མཁའི ་དཀྱིལ་ན་རིན་པོ་ཆེའི་བཀོད་པ་ཆེན་པོ་དང་ལྡན་པའི་པདྨ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཡང་ནམ་མཁའི་དཀྱིལ་ཉིད་ན། སེང་གེའི་ཁྲི ་ལ་བཞུགས་ཏེ། ལྷ་དང་མི་དེ་དག་ལ་ཆོས་སྟོན་ཏོ།། དེ་ཆོས་སྟོན་པ་ན། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་བརྒྱ་སྟོང་དག་ཆོས་མཉན་པའི་ཕྱིར་འོང་བར་འགྱུར་རོ།། འཇིག ་རྟེན་གྱི་ཁམས་དེ་ན་སེམས་ཅན་སུ་ཡང་ཆོས་ལ་ཞེ་འགྲས་པ་མེད་དོ།། དེར་བདུད་སྡིག་ཅན་དག་དང་། གཞན་མུ་སྟེགས་ཅར་དག་གི་སླར་གདགས་པ་ཡང་མེད་དོ།། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི། ་ཚད་ནི་བསྐལ་པ་བཅུར་འགྱུར་རོ།། དེའི་བྱང་ཆུབ་སེམས་དཔའ་ནི་བགྲང་བ་ལས་འདས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་དེའི་བཀོད་པ་ནི་བསམ་གྱིས་མི་ཁྱབ་བོ།། ཆོས ་བསྟན་པ་ཡང་བསམ་གྱིས་མི་ཁྱབ་བོ།། ཞམ་འབྲིང་བ་འཁོར་བྱང་ཆུབ་སེམས་དཔའ་ཡང་བསམ་གྱིས་མི་ཁྱབ་བོ།། ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ན ་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྒྱུའི་རྗེས་སུ་འབྲང་བ་དང་། རྣམ་པར་བསྐྱབས་ན་འབྱུང་བའི་མཚན་ཉིད་ལགས་ཏེ། དེ་དག་ནི་རྫི ་ལྟར་འདོད་པ་དེ་ལྟ་དེ་ལྟར་རྣམ་པར་འགྲུབ་པ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྤྱོད་པ་ནི་མཐའ་ཡས་པ་ལགས་སོ།། དེ་ལ་བྱང་ཆུབ་སེམས་དཔས་ནི་ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང ་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་བཟུང་བ་དེ་སྲིད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔ་འཐམས་ཅད་ཀྱིས་ནི། ཀླུའི་རྒྱལ་པོ་རྒྱ་མཚོ་ཇི་ལྟ་བ་དེ ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཇི་སྐད་ཟེར་བ་བཞིན་ཏེ། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་ལས་འབྱུང་སྟེ། ་ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར། དེ་དག་ནི་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་འགྲུབ་བོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། ཀླུའི། ་བདག་པོ་གང་ཁྱོད་དེ་བཞིན་གཤེགས་པས། འདི་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱར་བཀོད་པ་བསམ་གྱིས་མི་ཁྱབ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ལུང་བསྐུར་བ་ནི། ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ།། དེ་སྐད་ཅེས་སྨྲས་པ་དང་། ཀྭའི་རྒྱལ་པོ་རྒྱ་མཚོས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་ཆོས་གང་ཡང་ལུང ་བསྟན་དུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཟོད་མ་ནས་རྣམ་པར་དག་པའི་ཕྱིར་རོ།། རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱང་ལུང་བསྟན་ཏུ ་མེད་དམ། ཀླུའི་རྒྱལ་པོ་རྒྱ་མཚོས་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དུ་གདགས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སུ་ཟད་ལ། ཕུང་པོ་དང་། ཁམས་དང་། སྐྱེ ་མཆེད་རྣམས་ནི་ལུང་བསྟན་ཏུ་མེད་དོ།། རྒྱལ་པོ་ཆེན་པོ་མིང་དང་གཟུགས་ལ་སེམས་ཅད་དུ་གདག་པར་ཟད་ལ། མིང་དང་གཟུགས་ནི་ལུང་བསྟན་ཏུ་མེད་དོ།། རྒྱུ་དང་ལྟ་བ་དང་། འདུ་ཤེས་དང་། ་ཡིད་ལ་བྱེད་པ་ལ་སེམས་ཅན་དུ་གདགས་པར་ཟླང་ནུ། རྒྱུ་དང་ལྟ་བ་དང་། འདུ་ཤེས་དང་། ཡིད་ལ་བྱེད་པ་དེ་དེ་ལ་ཡང་ལུང་བསྟན་ཏུ་མེད་དོ།། དགེ་བའི་རྩ་བ་གང་དག་གིས་བྱང་ཆུབ་སེམས་དཔའ་ཐམ ་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་འགྲུབ་པའི་རིགེ་པའི་རྩེ་བ་དེ་དག་ཀྱང་ལུང་བསྟན་མེད་དོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ལ། སྟོང་པ་ཉིད་ནི་ལུང་བསྟན་དུ་མེད་དོ།། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི། མཚར་མ་མེད་པ་དང་། སྨོར་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ལ། མཚན་མ་མེད་པ་དང་། སྤོད་པ་མེད་པ་དང་། མངོན་པར། ་འདུ་བྱེད་པ་མེད་པའི་མཚན་ཉིད་ནི་ལུང་བསྟར་དུ་མེད་དོ།། རྒྱལ་པོ་ཆེན་པོ་གཞན་ཡང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེར་པོ་འདི་རི་བསམ་གྱིས་མི་ཁྱབ་སྟེ། མིང་མེད་པ་དང་། མཚན་མ་མེད་པའི་ཆོས་ཐརས ་ཅད་མིང་དང་མཚན་མས་སྟོར་བར་མཛད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མིང་དང་མཚར་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་ཅར་ཡང་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་ལུང་བསྟན་པ། ་འདི་ནི་འཇིག་རྟེན་བརྡ་སྦས་པར་ཟད་དེ། འདི་ལ་གང་ལུང་བསྟན་པར་བྱ་བའི་མིང་ཆོས་གང་ཡང་། རང་ངམ་ཕྱི་རོལ་ནི་མི་དམིགས་སོ།། རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་བཟོད་པ་ཐོབ་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་པ་མེད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པ་དེ་ཡང་སྐད་ཅིག་པ། ཟད་པའི་མཚན་ཉིད། མི་ཟད་པའི་མཐའ་ཅན། ཡང་དག་པའི་མཐའ་ངེས་པ། ་མཉམ་པའི་མཐའ་ཅན། གཉིས་སུ་མེད་པའི་མཐར་ངེས་པ་སྟེ། གཉིས་སུ་མེད་པའི་མཐའ་ནི་ཡང་དག་པའི་མཐའོ།། ཡང་དག་པའི་མཐའ་ནི་གཏན་དུ་མི་འབྱུང་བའི་མཐའོ།། མཐའ་ཅན་གང་ཡིན་པ་རེ ་ནི། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་རྣམས་སོ།། དེའི་མཐའ་ཅན་ནི་རྣམ་པར་གྲོལ་བའི་མཐའོ།། གང་མཐའ་དེའི་སྒོར་ཞུགས་པ་ནི་གང་དུ་ཡང་མངོན་པར་ཞེན་པ་མེད་དོ།། གང་མངོན་པར་ནར ་པ་མེད་པ་དེ་ནི་ཐ་སྙད་ཀྱིས་བརྡལ་ཆགས་པ་མེདང་པོ།། བླ་ཆགས་རགྲོལ་བར་འགྱུར་རོ།། གྲོལ་ན་ཕྱིར་ཆད་མི་རྒྱུ་རབ་ཏུ་མི་རྒྱུའོ།། མི་རྒྱུ་རབ་ཏུ་མི་དྷྱ་ན་གང་དུ་ཡང ་ཉམས་པར་མི་འགྱུར་རོ།། བློ་མ་ཉམས་ན་ཐམས་ཅད་ལས་ངེས་པར་འབྱུང་བར་མཐོང་སྟེ། ཇི་ལྟར་རྣམ་པར་མི་མཐོང་བ་དེ་ལྟར་ཡང་མཐོང་ངོ་།། གང་གི་ཚེ་རྣམ་པར་མི་མཐོང་བ་དེའི་ཚི་ག་གཉིས་སུ་མི ་འབྱེད་དོ།། གཉིས་སུ་མེད་པ་ལ་གནས་ན།། མཉམ་པ་ཉིད་ལ་འཇུག་གི། མཉམ་པ་ཉིད་ལ་ཞུགས་ན། མཐོ་བར་ཡང་མི་འགྱུར།། དམའ་བར་མི་འགྱུར་རོ།། མཐོ་བ་ཡང་མེད། དམའ་བ་ཡང ་མེད་ན། མཉམ་པ་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་ཕྱི་བའི་བཟོད་པ་ཐོབ་པར་འགྱུར་ཏེ། དེ་ལ་བཟོད་པ་གང་ཡིན་པ་དང་། ལུང་བསྟན་པ་གང་ཡིན་པ་དང་། གང་ལུང་བསྟན་པར་བྱ་བ་དང་། སུས ་ལུང་བསྟན་པ་དང་། ཅིའི་ཕྱིར་ལུང་བསྟན་པའི་ཆོས་དེ་དག་ཐམས་ཅད་ཆོས་མཉམ་པ་དང་། ཆོས་མེད་པའི་ཆོས་ཀྱི་དབྱིངས་སུ་ངེས་པ་དང་། བརྡ་མེད་པ་དང་། འབྱུང་བ་མེད་པ་དང་དངོས ་པོ་དང་། དངོས་པོ་མེད་པ་དང་བྲལ་བ་དང་། གནས་སུ་མེད་པའི་མཐའ་ཅན་དེ་དག་གི་དོར་ཡོངས་སུ་གནལ་ནས། ཆོས་གང་ཡང་བཟང་བར་མི་བྱེད་དོ།། དཔེར་ན། ནམ་མཁར་ནི་བཟང་དུ ་མེད་ཅིང་བཟང་བ་ལས་ཡང་དག་པར་འདས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བསྟར་བུ་འདི་བཤད་པ་མ། བྱང་ཆུབ་སེམས་དཔའ ་ཉིས་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། དགེ་སློང་ཉིས་བརྒྱ་རི་ལེར་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ལ།། ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོའི་སྤོབས་པ་རི་ངོ་བ་རང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ ་འདིའི་སྤོབས་པ་ནི་ངོ་མཚར་ཡང་མི་རེ་ལ་གང་དཀའ་བ་ཡང་ལ་ཡིར་གྱི་ལས་དང་པོ་པ་གང་དག་གིས་བསྟན་པ་འདྲི་ཐོས་ན། མི་སྐྲག་མེ་དྲ་དང་དངང་པར་མི་འགྱུར་བ་འདི་རི་དེ་དག་གི་རེས ་ངོ་མཚར་བ་དང་ཆེས་དཀའ་བ་ཡིར་རོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་དེ་ལྟར་མོས་པར་དཀའ་བ་སྟེ། དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་འཇུག ་པར་མི་འགྱུར། འགྲོ་བར་མི་འགྱུར།། མོས་པར་མི་འགྱུར། ཡིད་ཆེས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་རྣམ་གྲངས་འདིས་ཀྱང་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག་མི་དངང ་ཞིང་དངང་བར་མི་འགྱུར་བའི་སེམས་ཅད་དེ་དག་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པར་དེ་ལྟར་རིག་པར་བྱའོ།། རྒྱལ་པོ་ཆེན་པོ་གཞན་ཡང་འདི་ཇི་སྙམ་དུ་སེམས་སྐྱེས་བུ ་གང་གིས་ནམ་མཁའི་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་ནི་འདི། གཟུགས་ཅན་དུ་སྟོར་པར་བྱེད་ན། ཅི་དེ་དཀའ་བར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ཆོག་ཏུ་དཀ ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་དཀའ་ལགས་སོ།། བཀའ་སྩལ་པ། ཆོས་འདི་ལྟ་བུར་ཟབ་པ་ཟབ་པར་སྣང་བ། ཚོར་བ་ཐམས་ཅད་རྒྱུན་ཆད་པ ་བདག་མེད་པ། སེམས་ཅན་མེད་པ་སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ་རྒྱུ་བ་མེད་པ་འདི་ལ་མོས་ལ་མོས་རས་ཀྱང་དེ་ཁོ་ན་བཞིན་དུ་སྒྲུབ་པ་གང་ཡིན་པ་དེ་དག་ནི་དེ་བས་ཀྱང་ཆེས ་དཀའ་བ་བྱེད་པ་ཡིན་ཏེ། དེ་དག་རི་དེ་བཞིན་གཤེགས་པ་རྣམས་ཀྱི་འཐུར་པའི་དགེ་བ་དང་གྲོགས་དང་མཛའ་བཤེས་ཡིན་རོ།། དེ་དག་གིས་ནི་སེམས་ཅན་རྣམ་ཀྱི་ཕྱིན་ཅི་ལོག་སྤང་བའི ་ཕྱིར། ཆོས་སྟོན་ནུས་སོ།། དེ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་ནས། བདུད་ཀྱི་དཔུང་བྱེ་བ་ཕྲག་རྒྱ་བྱམས་པ་དང་ཤེས་རབ་དང་ཡེ་ཤེས་དང་བརྩོན་འགྲུས་ཀྱིས་གཞོམ་པར ་ནུས་སོ།། དེ་དག་གིས་ཆོས་ཐམས་ཅད་ལ་དབང་བྱེད་པ་དང་། སེམས་དཔའ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་དང་། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས། ཐམས་ཅད ་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ།། དེ་དག་གིས་ནི་སེམས་ཅན་ཐམས་ཅད་བརྡ་སྤྲད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། སེམས་ཅན ་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་རུས་སོ།། དེ་དག་གིས་ནི་ཕས་ཀྱི་རྒོལ་བ་རྣམས་ཚར་བཅད་པ་དང་། མུ་སྟེགས ་ཅན་ཐམས་ཅད་བྲལ་གྱིས་མནར་པ་དང་། དགྲ་ཐམས་ཅད་ཆར་གཅད་པའི་ཕྱིར། ཆོས་ཀྱི་དུང་འབུང་རུས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོབསམ་པ་གྲུབ་ཅིང་བརྡག་པ་དང་། ཡིད་ལ ་བསམ་པ་ཡོངས་སུ་རྫོགས་ཏེ། རང་གི་ལུང་བསྟན་པ་ཐོས་ནས། བར་སྣང་ལ་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། བདུད་རྣམས་སྡེ་བཅས་དཔུང་བཅས ་དེས་བཅོམ་ཞིང་།། ལྟ་བངན་པའི་ཕྱོགས་ཀུར་བཤིག་ནས་ནི།། ཐུབ་པ་ཆེར་པོས་ཆོས་ཀྱི་ཆར་ཕབ་སྟེ།། འཇིག་རྟེར་ཐམས་ཅད་བདུད་རྩིས་ཚིམ་པར་མཛད།། ཁྱོད་ནི་ཆོས་རྒྱལ་མི་འཇིགས་སྩོལ་བ་ལགས། ་འཇམ་ལས་རྒལ་ཏེ་འཇིགས་མེད་འགྲམ་ན་ཞུགས།། འཇིག་རྟེན་མིག་སྟེ་ལམ་མཆོག་སྟོན་པ་པོ།། སྐྱེ་བོ་སྐྱབས་མ་མཆིས་པའི་མགོན་པོ་ལགས།། སྨན་པའི་རྒྱལ་ཁྱོད་ཟུག་རྔུ་འབྱིན་པ་ཡི།། སྨར་བརྒ་ཤི ་མེད་པའི་སྨར་ཚོལ་བ།། ཅི་ནས་ཕྱིན་ཆད་ནད་རྣམས་མི་འབྱུང་བར།། ནད་དང་རྒ་བས་གཟིར་རྣམས་གསོ་མཛད་པ། ཁྱོད་ནི་སྟོན་སྐྱབས་བླ་མ་གཅིག་པུ་ལགས།། གཏན་དུ་བདེ་བ་སྦྱིན་པ་ཁྱོད་ཉགཅིག། ་ཁྱོད་ནི་རུ་སྒྲ་འཛིན་པ་དོར་དམ་མཁྱེན་པ་ལགས།། འཁོར་བའི་སྡུག་བསྔལ་ལས་ནི་ཟློག་མཛད་པ།། ལྷ་ཡི་ལྷ་སྟེ་འགྲོ་བ་རྣམས་ཀྱི་གཙོ།། འཇིག་རྟེན་ཀུན་གྱི་སྒྲོན་མར་གྱུར་པ་ལགས།། ཁྱོད་དང་བརྡལ་ན ་འཇིག་རྟེན་ཆུ་ཆེན་བརྒལ།། མི་རྣམས་ཀྱི་རོ་མིག་མཆོག་ཁྱོད་ཉག་ཅིག། ཡེ་ཤེས་གཟུགས་དང་ཕ་རོལ་གནོད་པ་ཡིས།། ཐུབ་དབང་ཁྱོད་འདྲས་སུ་ཡང་མ་མཆིས་ཏེ། ཁྱོད་ནི་ཝར་བཅས་འཇིག་རྟེན་ཐ་མ ་ཅད་ཀྱི།། སྟོན་པ་པོ་སྟེ་ཐར་པའི་ལམ་མཚོན་ལགས།། ཁྱོད་ནི་ཐམས་ཅད་ཟིལ་གནོན་ཀུན་མཁྱེན་མཆོག། འཇིག་རྟེན་ཆོས་རྣམས་ཀྱིས་ནི་ཁྱོད་མ་གོས།། ཀུན་མཁྱེན་སྲེད ་བྲལ་རྣམ་གྲོལ་དཔའ་བ་དང་།། ཡེ་ཤེས་མཆོག་བརྙེས་ཁྱོད་ལ་བདག་ཕྱག་འཚལ།། ཇི་ལྟར་བར་སྣང་ནམ་མཁའ་རྣམ་པར་དག། གཟུགས་མེད་གཟུང་དུ་མ་མཆིས་འདུས་མ་བགྱིས།། དེ་བཞིན ་ཆོས་རྣམས་དྲི་མེད་རྣམ་པར་དག། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། ཡོད་དང་མེད་པར་ལྟ་བ་སྤངས་ནས་ཀྱང་།། རྣམ་དག་ཆོས་རྣམས་བདེ་བར་གཤེགས་པས་གསུངས།། རྐྱེན་དང ་བཅས་ཤིང་རྒྱུ་དང་བཅས་པ་སྟེ། སེམས་ཅན་མ་མཆིས་གང་ཟག་སྲོག་མ་མཆིས།། བཟོད་ནས་རྣམ་དག་ནམ་མཁའི་ངོ་བོ་ཉིད།། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འདྲ་བ་སྟེ།། ཤིན་ཏུ་དག་པར་མ་མཁའི་ངོ་བོ་ཉིད།། ་གནས་པ་མ་མཆིས་ཀློག་དང་འདྲ་བའི་ཚུལ།། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་ཡང་སྟོང་།། སྐྱེ་དང་འཇིག་དང་གནས་པའི་ངོ་བོ་སྟོང་།། འདིར་ནི་དེ་དག་དངོས་མེད་དངོས་མེད་མིན།། འདི་དག་ཐམས ་ཅད་རང་བཞིན་མ་མཆིས་སྟོང་།། ཆོས་དབྱིངས་རང་བཞིན་ངོ་བོ་གང་ལགས་དེ།། སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་ལགས།། སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་གང་།། སངས་རྒྱས་ཆོས་ཀྱི་རང ་བཞིན་ངོ་བོ་དེ།། སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་གང་།། དེ་ནི་ཆོས་ཀུན་རང་བཞིན་ངོ་བོ་ཉིད།། ཆོས་ཀུན་རང་བཞིན་ངོ་བོ་གང་ལགས་པ།། སངས་རྒྱས་ཞིང་གི་ངོ་བོ་རང་བཞིན་དེ།། སངས་རྒྱས ་ནིང་གི་རང་བཞིན་ངོ་བོ་གང་།། སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་དེ།། སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་གང་།། དེ་ནི་ཆོས་དབྱིངས་རང་བཞིན་ངོ་བོ་ཉིད།། ཆོས་རྣམས་ཀུན་ལ་རྣམ་པར་དག་པ། ་འདི།། གང་ཆེ་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་། དེ་ནས་རྒྱལ་རྣམས་ཡེ་ཤེས་དམ་པ་ཡིས།། བྱང་ཆུབ་མཆོག་ཏུ་དེ་ནི་ལུང་སྟོར་མཛད།། ཆོས་རྣམས་བརྡ་དང་མིང་དང་ཐ ་སྐད་ཙམ།། མཉམ་པ་ལགས་ཏེ་མི་བདེན་མིང་དུ་བཏགས།། དེ་དག་སྔན་ཆད་ལུས་ཀྱང་མ་ཐོབ་སྟེ།། དེ་དག་གི་ནི་མིང་རྣམས་ཀུན་ཏུ་བརྗོད།། མིང་མ་མཆིས་པར་མིང་ནི་རྣམ་པར་བཏགས།། ཆོས ་རྣམས་སྟོང་སྟེ་རང་བཞིན་རྣམ་པར་དག། འཇིག་རྟེན་འདུ་ཤེས་མཁས་པར་རིག་ནས་ནི།། ཐ་སྙད་ཙམ་ལ་ཀུན་ཏུ་སྤྱོད་པར་བགྱི།། ཆོས་ཀུན་སྒྱུ་མ་བཞིན་དུ་རིག་ནས་ཀྱང་།། མི་བདེན་སྙིང་པོ་མ་མཆིས ་རྨི་ལམ་འདྲ། རྣམ་སྨིན་སྒྱུ་དང་ཉིང་མཚམས་སྦྱོར་བ་ཙམ།། དེ་ལ་བདེན་པའི་འདུ་ཤེས་ཡང་མི་བགྱི།། ཆོས་ཀུན་སླུ་བར་བགྱིད་ཅིང་འཇིག་པ་ལགས།། སྒྱུ་མ་སྡིག་རྒྱུ་འདྲ་སྟེ་མི་བདེན་པ།། ་མགལ་མེའི་འཁོར་ལོ་གཟུགས་བརྙན་འདྲ་བ་ལགས།། རྟག་ཏུ་བྱིས་པའི་སྐྱེ་བོ་རྨོངས་པར་བགྱིད།། བྱིས་པས་བདག་དང་བདག་གིར་འདིར་བརྟགས་ནས།། བླུན་པོ་སྲེད་པས་གཟིར་བ་འདིར ་རྨོངས་ཏེ།། འཁོར་བའི་འཁོར་ལོར་ཡོངས་སུ་འཁོར་བ་ན།། སྡུག་བསྔལ་གྱིས་ནོར་ཞི་བ་ཐོབ་མི་འགྱུར།། འགྲོ་བའི་འཇུག་པ་འདི་ནི་ཡང་དག་མིན།། གང་གི་འཇུག་པ་དེ་ནི་མ་མཆིས་ཏེ།། འཚེ ་བའི་འཇིག་རྟེན་ལྟ་བ་གཏི་མུག་མདོངས།། རྒྱུན་ཏུ་ཡང་དང་ཡང་དུ་སྡུག་བསྔལ་རྙེད།། ལྷ་རྣམས་སྡུག་བསྔལ་འཆི་འཕོའི་ཆོས་གཅིག་པ།། མི་རྣམས་ཀྱི་ནི་སྡུག་བསྔལ། ་ཚོལ་ཁྲོ་ལགས།། དམྱལ་བ་དག་གི་སྡུག་བསྔལ་གནོད་པ་རྣམས།། གཅིག་ལ་གཅིག་འཚལ་དུད་འགྲོ་རྣམས་ཀྱི་ལགས།། ཡི་དགས་སྡུག་བསྔལ་འདི་ན་བཀྲེས་དང་སྐོམ།། འཇིག་རྟེན་ཐམས། ་ཅད་སྡུག་བསྔལ་རྣམས་སུ་ནུབ།། སྐྱབས་མེད་གྱུར་དང་རྟེན་མེད་གྱུར་པ་ཡི།། འཇིག་རྟེན་སྡུག་བསྔ་ཐམས་ཅད་གཟིགས་ནས་ནི།། དྲང་སྲོང་ཆེན་པོ་ཐུགས་བརྩེ་ཐུགས་རྗེ་ཅན།། སྡུག་བསྔལ ་རྣམ་པར་དགྲོལ་ཕྱིར་འབྱུང་བར་མཛད།། བྱང་ཆུབ་སེམས་དཔའ་བསྐལ་མང་བྱེ་བར་ཡང་།། བརྟུལ་ཞུགས་བརྟན་ཞིང་ཕ་རོལ་ཕྱིན་ལ་བརྩོན།། སྲིད་ན་མཆིས་པ་དེ་འདྲ་མཁྱེན་ནས་ནི།། འདམ ་ལས་རྒལ་ཏེ་སེམས་ཅན་རྣམས་ཀྱང་འདུལ།། གང་ཚེ་ཆོས་རྣམས་གསོག་དང་གསོབ་ཏུ་གཟིགས།། ནམ་མཁའ་ཆང་སྟོང་འདྲ་ཞིང་སྙིང་པོ་མེད།། དེ་དག་བདག་གི་ངོ་བོ་མ་མཆིས་པས། ་བདག་མེད་དངོས་མེད་དངོས་པོ་མེད་མ་ལགས།། མཐའ་རྣམས་ཀུན་ཏུ་ལྟ་བ་ཀུན་སྤངས་ན།། བྱང་ཆུབ་རྡུལ་མེད་རྣམ་དག་ཐོབ་པར་འགྱུར།། སྐྱེ་དང་རྒ་དང་གནོད་པར་བགྱི་བ་གང་།། ་འཆི་དང་གནས་པ་གང་ལགས་སུ་ཡང་མེད།། གང་འདིར་སྐྱེ་དང་རྒ་དང་ན་དང་འཆི།། ཤེད་ལས་སྐྱེས་དེང་ཤེད་བུ་དེ་མ་མཆིས།། འདི་ན་བདག་དང་བདག་གི་མ་མཆིས་ཏེ།། གང་ཟག ་ཤེད་སྐྱེས་ཤེད་བུ་ཡོང་མ་མཆིས།། འདི་བརྫུན་བདག་པོ་མ་མཆིས་དབང་མ་མཆིས།། འཚོ་བའི་འཇིག་རྟེན་སྒྱུ་མ་ལྟ་བུར་འཇུག། བྱེད་པ་མ་མཆིས་ཚོར་བ་པོ་མ་མཆིས།། འོན་ཀྱང ་ལས་མཆིས་འབྲས་བུའི་དོན་ཡང་མཆིས།། གྲོ་བའི་ལས་ཀྱིས་རྐྱེན་གྱིས་རང་བཞིན་འབྱུང་།། ཕན་ཚུར་དུ་ནི་རྒྱུ་ལས་རྟེན་པར་འདུས།། དག་དང་མི་དགེའི་ལས་གང་བགྱིད་པ་དང་། ་གང་ཞིག་བསྒོམས་དང་གང་ཞིག་མང་དུ་བགྱིས།། ཡུལ་ན་མ་མཆིས་ཕྱོགས་ནམ་མཆིས་ཏེ།། ངོ་བོ་ཉིད་སྟོང་འོན་ཀྱང་རྣམ་པར་སྨིན།། ནང་དང་སླད་རོལ་བར་ན་མི་གནས་ཏེ།། ཆོས་རྣམས ་གང་དུའང་འཕུངས་པ་ཡོད་མ་མཆིས།། དེ་དག་གང་ལའང་རྟེན་པ་མ་མཆིས་ལ།། རྣམ་པར་སྨིན་པ་སླུ་བར་ཡོང་མི་བགྱིད།། སྐྱེས་པ་མི་མངའ་འགག་པ་མངའ་མ་ལགས།། མཁས་པ་རྣམས་ནི ་གོ་བར་བགྱི་སྐད་དུ།། ཉན་པ་ལ་ནི་སྨྲ་བས་ཚིག་ཀྱང་བསྟན།། ལྟ་བ་རྣམ་པར་སྦྱང་བའི་སླད་དུ་བསྟན།། གང་གི་འདུ་ཤེས་འདུ་ཤེས་ཅན་མ་མཆིས།། མྱ་ངན་འདས་མཆིས་སུ་ཡང་ཞིམ་མཆི། ་སྐྱེ་བ་མ་མཆིས་མཐའ་གང་མཐའ་དེ་ལགས།། བདག་གི་བདག་མེད་མཐའ་ནི་ནམ་མཁའ་མཐའ།། ཀུན་གྱི་མཐའ་ནི་མཉམ་པར་ཐོབ་པ་དེས།། སངས་རྒྱས་བསམ་གྱིས་མི་ཁྱབ་དམ་པ་ཐོབ།། ་སྔོར་གྱི་མཐའ་དང་ཕྱི་མའི་མཐའ་དང་ནི།། སྐྱེ་བའི་མཐའ་དང་སྐྱེ་བ་མ་མཆིས་མཐའ།། མཐའ་ཀུན་དེ་ལྟར་མཉམ་པར་མཐོང་བ་དང་།། ཆགས་མེད་མཐའ་ཡི་སྒོ་ཤེས་ལྡན་པ་དང་།། དུས ་གསུམ་མཐའ་རྣམས་ལ་ནི་མཆགས་དེས།། རྒྱལ་བ་རྣམས་ཀྱི་རིགས་མཆོག་ཐོབ་པར་འགྱུར།། འགྲོ་བ་བཅིངས་ལས་རྣམ་པར་གྲོལ་མཛད་དགྶ། ནིམཆོག་ཟུང་དས་པ། ་རྣམ་པར་འགྱུར། འགྲོ་ཀུར་ཟིལ་བ་ལྟ་བུར་དེས་གཟིགས་རས། འདིར་ནི་མིང་དང་གཟུགས་ལ་སེམས་མ་ཆགས།། ཆོས་ཀུན་ལ་ནི་རྣམ་པར་དྲུག་པའི་མིག། ནི་བ་དང་རི་རིག་གསོལ་འབུམ་ཐོག ་ཆོས་རྣམས་ཐམས་ཅད་སྒྲ་མེད་སྐད་མེད་པ།། གཟུང་དུ་མེད་ཅིང་དངོས་མེད་རྣམ་པར་དག། དེ་བཞིན་རྒྱལ་བ་དམ་པ་རྣམས་ཀྱི་གདུང་།། ཞི་བའི་ངོ་བོ་ཉིད་དེ་སྨོན་པ་སྤངས།། སྐྱོན་མེད་རིམས་ནད་མེད་ཅིང ་མྱ་ངན་བྲལ།། སྤྲོས་ཀུན་ཉེ་བར་ཞི་ཞིང་བསམ་མི་ཁྱབ།། རྒྱལ་བ་མཆོག་རྣམས་ཀྱི་ནི་ཆོས་འདི་དག། གཟུང་བྲལ་རང་བཞིན་སྒྲ་དང་སྐད་པ་མཆིས།། འགྲོ་ལ་སྨན་སྤང་སྐྱེས་བུ་དམ་པ་ཡིས།། དེ་ཡང ་ཡི་གེ་རྣམས་ཀྱི་གླེང་བཞི་བསྟན།། གང་གིས་འཇིག་རྟེན་བླ་མ་རང་འབྱུང་མཐོང་།། མཐོང་ནས་ཀྱང་ནི་ཡིད་ལ་དང་བགྱིད་དང་།། ཁྱད་པར་འགྲོ་བའི་ཆོས་ཀྱང་ཉན་པ་ཡི།། ལྷ་དང་མི་རྣམས་རྙེད ་པ་ལེགས་པར་རྙེད།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཆོས་འདི་ནི།། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། གང་དག་མ་འོངས་སངས་རྒྱས་འགྱུར་བ་རྣམས།། ཐམས་ཅད་ཀྱང་ནི་མཉམ ་པའི་ཆོས་སུ་འགྱུར།། སྒྲ་རྣམས་ཐམས་ཅད་བྲག་ཆ་ཙམ་དུ་བས།། དེ་ནི་བརྗོད་ན་རྣ་བར་གྲག་པར་འགྱུར།། དེ་ནི་ཚུལ་བཞིན་ལམ་གྱི་རྒྱུར་འགྱུར་ཏེ།། ཆོས་སོ་འཚལ་གྱི་སླད་དུ་བཏགས་པ་ཙམ། ་ཆོས་ཀུར་སྒྱུ་མ་འདྲ་ཞིང་གསོལ་ལགས་ཏེ།། དེ་དག་སེམས་ཅན་སྐད་དུ་རྣམ་མང་ཕྱེ།། དེ་དག་དང་བཞིན་ངོ་བ་གང་ཡིན་པ།། དེ་ནི་རྣམས་ཀྱང་རྣམ་པར་དབྱེར་པ་རུང་།། འཇིག་རྟེན་ན་ནི་སང། ་རྒྱས་ཆོས་རྒྱལ་མཆོག། ཆོས་ཀྱི་དབང་ཕྱུག་ཀུར་རིག་ཀུན་མཁྱེན་པ།། སྟོན་པ་དེ་ལ་སློབ་ན་དེ་བཞིན་དུ།། འཕགས་པ་ཀུན་གྱིས་དེ་ཉིད་དོན་ཀྱང་རྟོགས།། བྱུང་བ་གང་ལགས་པ་དང་ད་ལྟར་དྲང ་མ་འོངས་པ་ན་འབྱུང་བ་གང་ལགས་པ།། ཐམས་ཅད་ལ་ཡང་ཐུག་པ་སྐྱེས་མཆོག་གི། ཡེ་ཤེས་འཇུག་སྟེ་ཐོག་པ་ཡོད་མི་མངའ།། སྐྱེས་བུ་དམ་པ་དེ་ཡིས་དེ་རིང་བདག། དོགས་མ་མཆིས ་པར་བྱང་ཆུབ་མཆོག་ལུང་བསྟར།། བདག་ནི་འགྲོལ་ཕན་ཕྱིར་སངས་རྒྱས་འགྱུར།། བདག་ལ་སོམ་ཉི་མ་མཆིས་དོགས་མ་མཆིས།། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ལེའུ་སྟེ་དགུ ་པའོ།། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ་སྐྱེས་བུ་དམ་པ་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་བྱང་ཆུབ ་ཅི་རུས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དྲུང་ཤིག། ཁྱེད་ཀྱི་ནང་ནས་སུ་དག་མདེ་སྡེ་འདི་ལྟ་བུ་འདི་སྐད་ཅེས་དག་གཟུང་བར་སྷོ། དེ་ནས་དེར་བྱང་ཆུབ་སེམས་དཔའ་ནི་ད། ་བྷའི་བུ་ཝ~ཾ་ཐ་ལས་ཡང་ཏེ། ས་མ་ལྡན་འདས་གལ་བ་དེ་ལགས་སུལལམ་གྱུར་བ་བདུན་ནས། བཅོམ་ལྡར་འདས་ལ་འདི་གད་ཀྱིས་གསོལ་ཏོ།། བ་མ་པའི་འདས་པདས་ཅག་ཀྱིས་མད ་འདུ་ཟུང་བར་འཕྲུལ་། ལ་ནས་མུ་ག་ཨུ ་གཤེགས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་དེར་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྒྱལ་མ་ཏོག་ཅེས་བྱ་བདས། བཅོམ་ལྡན་འདས་ལ་འདི་གད་ཅེས་གསོལ་ཏོ།། མ ་འདས་བདག་གིས་དམ་པའི་ཆོས་གཟུང་བར་འཚལ་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ ་ལྷར་སྒྲུབ་ན། དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་མཉམ་པར་ལྟས་གསོལ་པ། བཅོམ་ལྡན་འདས་བདག་གིས་མཚམས་མ་མཆིས། ་པ་མནམ་པ་ཉིད་ཀྱིས། བྱང་ཆུབ་མཉམ་པ་ཉིད་དུ་མཐོང་ན། ཙཾ་བདགུ་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགསུ་སམ། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་སྒྲུབ་ན། ད་བྱང ་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལྟ་བ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་མཐོང་ན།། སློབ་པའི་ཆོས་དང་། མི་སློབ ་བའི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་པའི་ཆོས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ། ་བཀའ་སྩལ་པ།། དགས་ཀྱི་བུ་དེན་བན་རོ།། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ལས་འཇིབ་མེད་ཀྱི་གནས་པས་སོས་པ། བཅོམ་ལྡམ་འདས་བདག་གིས་ས་ཀྱི་རླུ་ན ་ཅི་ཡང་འཚལ་ཅིང་མི་འཛིར་ན། ཅི་བདག་དམ་པའི་ཆོས་འཛིན་བ་ལགས་སཱ་པ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མིག་མི་འཛུམ་གྱིས་གསོལ་པ ་བཅོམ་ལྡན་འདས་བདག་མིག་གིས་མི། སེམས་ཀྱིས་མི་གཏོད། དྲར་པ་མི་སྦེད་ན། ཙཾ་བདག་རྣམ་པའི་ཆོས་འཛིན་པ་ལགས་སམ། བཀར་སྤྲུལ་པ། རིགས་ཀྱི་བུ་རི་དྲི་བའི་རོ།། ་ཆུབ་སེམས་དཔའི་བརྗོད་དུ་མེད་པས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཀྱང་མི་སྟོན། ཆོས་པ་ལགས་པ་ཡང་མི་སྟོན། བདག་ལ་ཆོས་ཀྱི་སྒྲ་ཡང་མི་འབྱུང་།། ཆོས་ཀྱི་འདུ་ཤེས་ལ ་ཡང་རྟོགས་པར་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ་རིགས་ཀྱི་བུ་དེ་ནི་དེ་བཞིན་རོ།། བྱང་ཆུབ་སེམས་དཔའ་མིང་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས ་བདག་གང་གིས་མི་དང་། མཚན་མ་ཡང་མི་ཉན་ལགས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། རིགས་ཀྱི་བུ་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་ནམ་མཁའ ་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་རིགས་ནས། གང་ལ་འཛིན་པའི་ཆོས་རྣམས་དང་། ཆོས་མ་ལགས་པ་རྣམས་མི་མཐོང ་ཅི་བདག་དམ་པའི་ཆོས་འཛིན་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མི་གཡོ་བའི་སྟབ་ཀྱིས་གྲོ་བས་གསོལ་བ ་བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ། མི་དམིགས་མི་གཡོ་མངོན་པར་ཞེན་པ་མ་མཆིས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་ནོ།། ་བྱང་ཆུབ་སེམས་དཔའ་བདུད་འཇོམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་སངས་རྒྱས་ཀྱི་ཡུལ་ལ། བདུད་ཀྱི་ཡུལ་གྱི་རྗེས་སུ་མཆིས་ལ་བདུད་ཀྱི་ཡུལ་ལ་ཡང་སངས་རྒྱས་ཀྱི་ཡུལ་གྱི ་རྗེས་སུ་མཆིས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྟབས་ཀྱིས་འགྲོ་བས་གསོལ་པ། བཅོམ་ལྡན ་འདས་གང་ཆོས་ཀྱི་དབྱིངས་ཀྱང་འབྱེད་པར་མི་བགྱིད། སེམས་ཅན་གྱི་ཁམས་ལ་མ་གཏོགས་པར་ཡང་། ཆོས་ཀྱི་དབྱིངས་ལ་འཇུག་པར་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མི་དམིགས་པས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཅི་ཡང་མི་དམིགས་ལ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་ཆོས་ཀྱི་སྒྲ ་ཡང་བྱུང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་རི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་ཀུན་ནས་བསྲུངས་པས་གསོལ་པ། བཅོམ་ལྡན་འདས ་གང་བདུད་ཀྱི་ཞགས་པས་ཀྱང་མ་བཅིངས་ལ། བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་སྤྱོད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ། ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་རྒྱ་མཚོའི་ཕྱག་རྒྱར་ཡང་དག་པར་འདུ་བ་དང་། རྣམ་པར་གྲོལ་བའི་ངོ་བོ་ཉིད་རོ་གཅིག་པར་འཚལ་ན། ཅི་དེ་དམ་པའི ་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་མཚན་བཟང་གིས་གསོལ་བ། བཅོམ་ལྡན་འདས་གང་སྐྱེ་ཡང་སྐྱེ་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད ་རྣམ་འབྱུང་བ་ཡང་མི་འཛིན། འབྱུང་ཡང་འབྱུང་ལ། དེ་སེམས་དང་ཡིད་དུ་དོགས་པར་ཡང་མི་བགྱིད་ར། ཅི་དེ་དམ་པའི་ཆོས་འཛིན་པ་ལ་གྲ་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ་ལྷའི་བུ་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་དྲི་མ་མ་མཆིས་པ་དང་། སྙིགས་མ་མ་མཆིས་པ་དང་། འདོད་ཆགས་ཀྱི་རྡུལ་དང་བྲལ་བར་རིག་ནས། རྒྱུ་ལས་བྱུང་བ ་ལས་རྣམ་པར་གྲོལ་བར་མི་བགྱིད་ན། ཅི་རེ་དམ་པའི་ཆོས་འཛིར་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་སེམས་ཅན་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས ་གང་སེམས་ཅན་རྣམས་ཀྱང་སྒྲོལ་བར་བགྱིད་ལ། བ.རག་མ་མཆིས་པ་ཡང་འཚལ། བསྒྲལ་ནས་ཀྱང་འཇུ་པར་བགྱིད་ལ། ཚུལ་རོལ་དང་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་ན། ཅི་དེ་དམ ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་དབང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ ་ལ་ཆོས་གང་ཡང་སྐྱེད་པར་ཡང་མི་བགྱིད། འགག་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་རྒྱལ་པོ་བཟང་གིས་གསོལ ་པ། བཅོམ་ལྡན་འདས་གང་སེམས་ཅན་ཐམས་ཅད་སེམས་ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞིང་ཐམས་ཅད་ཞིང་མཉམ་པ་དང་། སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པར ་རྗེས་སུ་སོང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཅི་ཡང་མི་སེམས ་ཤིང་སྤྲོས་པར་མི་བགྱིད་དེ། མཚན་མར་བགྱིད་མིན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ་དེ་ནི་དེ་བཞིན་ཏེ། དེ་ནི་དེ་བཞིན་ནོ།། སྲིང་མོ་ཨུཏྤ་ལས་གསོལ་པ། ་བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས་པར་འཚལ། འོན་ཀྱང་བདག་མངོན་པར་རྫོགས་པར་འཚང་མི་རྒྱན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ ་པ། སྲིང་མོ་དེ་ནི་དེ་བཞིན་ནོ།། བུ་མོ་མུ་ཏིག་འཕྲེང་གིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བུད་མེད་ཀྱི་ཆོས་རྣམས་ཀྱང་མ་དམིགས། སྐྱེས་པའི་ཆོས་རྣམས་ཀྱང་མ་དམིགས་ཏེ། སངས་རྒྱས ་ཀྱིས་ཆོས་རྣམས་ཀྱི་མཚན་ཉིད་གང་ལགས་པ་དེ། བུད་མེད་དང་། སྐྱེས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལགས་ལ། ཅི་ཆོས་དེ་དག་ཀྱང་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས ་ཏེ། དེའི་སླད་དུ་འདི་ལྟར་བདག་ནི་སྐྱེད་པར་མི་བགྱིད། ཁས་ལེན་པར་ཡང་མི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིར་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞིན་ནོ།། བུ་མོ་རིན་ཆེན་གྱིས ་གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མ་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་གོ་ཅ་ཡང་བདག་གིས་བགོས། དེ་དག་ཀྱང་གཏན་དུ་བདག ་གིས་མ་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། བུ་མོ་དེ་ནི་དེ་བཞིན་ནོ།། བུ་མོ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ ་ཡང་། ཆོས་ཀྱི་འདུ་ཤེས་མི་སྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཡང་སེམས་ཅན་གྱི་འདུ་ཤེས་མི་སྐྱེད། ཆོས་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་རྣམ་པར་མི་རྟོག་སྟེ། སངས་རྒྱས ་ཀྱི་ཆོས་རྣམས་ཀྱི་ཁོངས་སུ་ཡང་ཆོས་ཐམས་ཅད་འདུས་པར་ཡང་དག་པར་མཐོང་ལ། དེ་དག་གིས་ཁོངས་སུ་ཡང་མ་ཞེན་པར་ཡང་དག་པར་མཐོང་ན། བཅོམ་ལྡན་འདས་བདག་དེ་ལྟར་བརྩོན་ར། ཅི་དམ་པའི་ཆོས ་འཛིན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱོད་དེ་ལྟར་བསྒྲུབ་ན། དམ་པའི་ཆོས་འཛིན་པ་ཡང་དག་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ ་བརྒྱ་བྱིར་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བསམ་མི་ཁྱབ་པའི་ཆོས་རྣམ་པར་ངེས་པའི་སྤོབས་པ་དང་ལྡན་པའི་བུ་མོ་རྣམས་ཀྱིས་འདིར་རྣམ་པ་དང ་སྒྲ་དང་། བརྡ་སྣ་ཚོགས་ཀྱིས་ཆོས་ཉིད་དེ་ཁོ་ན་གླེངས་ཏེ། ཆོས་གང་ལ་ཡང་འགལ་བར་མི་བགྱིད་ལ། ཆོས་ཐམས་ཅད་ཀྱང་བྱང་ཆུབ་དང་མཉམ་པ་ཉིད་དུ་སྟོན་པ་ནི་ངོ་མཚར་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེ་བཞིན་ཏེ། བུ་མོ་འདི་དག་ནི་བསམ་གྱིས་མི་ཁྱབ་པའི་ཆོས་རྣམ་པར་ངེས་པ་སྟོན་པ་ལ་མཁས་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ་བཟོད་པ་ཐོབ་པ་ཤ་སྟག་གོ།། ཀོའུ་ཤི་ཀ་གཞན་ཡང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། གཞན་དག་ལ་ཡང་རྒྱས་པར་བསྟན་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ ་ཡང་ག་མ་འོངས་པའི་སེམས་ཅན་ཆེན་པོ་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྲུང་བ་དེ་དག་ལ་བསྟབས་པའི་ཕྱིར་ཁྱོད་ལ་གཏད་དོ།། དེ་ལྟར་བྱས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པའི་མཆོག་བྱས་པར ་འགྱུར་རོ།། བརྒྱ་བྱིན་གྱིས་གསོབ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་མངས་འདི་བདག་གིས་གཟུང་ལགས་སོ།། འདི་ནི་བདག་གིས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཁོ་ནས་རྒྱས་པར ་བགྱིའོ།། མ་འོངས་པའི་སེམས་ཅན་ཆེན་པོ་དེ་དག་ལ་ཡང་བསྟབས་པར་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་ལབཀའ་དྲིན་བསབ་པའི ་རྔོ་མ་ཐོག་སྟེ། འདི་ལྟར་བདག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཕར་གདགས་པས་ཕན་བཏགས་པའི་སླད་དུའོ།། བཅོམ་ལྡན་འདས་གཞན་ཡང་ཅི་རས་གདག་བདུད་དང་། ཕྱིར་རྒོལ་བ་ངེས ་པར་བཅོམ་ནས། འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ཚུལ་པ ་ཀོའུ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བར་དུ་བཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་དང་། གསང་སྔགས་ཀྱི་གཞིའི་བྱིན་གྱིས ་བརླབས་ངས་བསྟན་པར་བྱ་སྟེ། རིགས་སྔགས་དང་། གསང་སྔགས་ཀྱི་གཞི་དེ་དག་གིས་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱང་ཤིན་ཏུ་ཚར་གཅད་པར་འགྱུར་ལ ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་རོ།། ཏྲདྱ་ཐཱ། ཨ་བྷ་ཡེ། བྷཱུ་ཡ་བི་ག་ཏེ། བྷ་ཡ་བི་ཤོ་དྷ་ནེ། ཨ་བྷ་ཡ་དཱ་དེ། ནི་རུ་པད་དྲ་བ། ་ནཱ་ཀུ་ལེ། ཨ་ཀུ་ལ་སང་ཤོ་དྷ་ནྭེ། ཨ་གྲ་ཧེ། ཨཾ་བི་བྷ་དྲེ། ཨ་ཀལ་པེ། ཨད་ཙྱུ་ཏེ་ཤུ་བྷ་ཏེ་ཛ། ཏེ་ཛོ་བ་ཏི། མ་ཧཱ་ཏེ་ཛ། ཨུ་བ་ཤཱ་མེ། མེ་ཏྱུ་ག་ཏེ། ཤོ་ཥ་ཡ་མཱ་ནེ ་སད་ཏེ་ད་ར་ཤ་ནེ། ཨ་བི་རུང་དྷེ། ས་ཧི་ཏ་ཨཪྵེ། ཨརྠ་སིདྡྷི། ཨ་མྲི་ཏ་པ་ཏེ། སཱ་ག་རེ། སཱ་ག་ར་བ་ཏི། ཨ་བྷི་དེ། བཛྲ་སན་དྷི། ཨ་ཀྵ་ཡེ། ཨཀྵ་ཏ། པྲ་བྷེ། ཛ་ཏི་\ུ0f7f། ་ཤོ་དྷ་ནེ། ཤུ་དྷེ་ཤུ་བྷེ། ཨ་བ་བྷ་ས་བ་ཏི། ས་མ་པྲ་ཡོ་གེ། ས་མ་ཙིད་ཏེ། ཨ་རུ་ཏ་རེ་བུདྡྷ་ཨ་དྷི་ལཱནེ། ཤི་ལ་བི་ཤོ་དྷ་རེ། ཨ་ན་ཏི་ཀྲ་མ་ཎཾ། ཨ་ས་ཧཨཱརྱེ། ནི་གྲྀཧྣི། ་ཏ་མ། མཱ་ར་བ་ལམ་པ་རཱ་ཛ་ཡོ་དྷིཥྚི་ག་ཏཱ་རཱ་ན། ཛཱ་ལཱ་ནཱན། དྷ་ར་མོ་ཝཱ་ནཱན། སང་གྲྀ་ཧཱི་ཏཱ་ན། དྷརྨ་ཏཱ་ནཱན། ཨུད་པཱ་ཊི་ཏཱན། རཱརྨ་ནི་དྷ་ནཱན། ཀོའུ་ཤི་ཀ་རིག་སྔགས་དང་། གསང་སྔགས་ཀྱི ་གཞི་ནི་འདི་དག་ཡིན་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གསུངས་སོ།། རིག་སྔགས་དང་། གསང་སྔགས་ཀྱི་གཞི ་འདི་རག་གིས་ནི། རྩོད་པའི་བདག་པོ་བདུད་ཐམས་ཅད་ཆར་གཅོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚངས་པ་ཀུན་ཏུ་སྣང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བདག་གིས་ཀྱང་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། རྒྱས་པར་བགྱིའོ།། དེ་ཅིའི་སྐད་དུ་ཞེ་ན། བཅོམ་ལྡན་འདས་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ནི། དཀར་པོའི་ཆོས ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ།། བཅོམ་ལྡན་འདས་བདག་ནི། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་དང་། བྱས་པ་ཚོར་བ་རྗེས་སུ་དྲམ་ཞིང་རྗེས་སུ་སུང་སྟེ། དེ་བཞིན ་གཤེགས་པའི་ཆོས་ཀྱི་ཚུལ་འདི་གཟུང་བར་བགྱི། ཡོངས་སུ་བསྲུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ། ཀྭའི་བུ་བསོད་ནམས་འཕགས་ཀྱིས་གསོལ་བ། བཅོམ་ལྡན་འདས་རིག་ཀྱི་བུ་འམ། རིགས་ཀྱི་བུ་མོས ་བནིར་གཤེགས་པའི་ཆོས་བཟུང་ར། བསོད་ནམས་ཇི་སྙེད་ཅབ་ཞིག་སྐྱེད་པར་འགྱུར་ལགས་དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་ཚིགས་སུ་བཅད་དེ་བཀའ་བྲལ་བ། སངས། ་རྒྱས་སྨན་གྱིས་ཕྱོགས་བཅུ་ཡི།། ཞིང་རྣམས་ཇི་སྙེད་པས་མཐོང་བ།། དེ་ཀུར་རིན་ཆེར་གང་བྱས་ནས།། མི་གང་སྤྱིར་བ་སྤྱིར་བྱེད་ལ།། གང་ཞིག་འཇིག་རྟེན་མགོན་པོའི་ཆོས།། སྙིང་ནས་ཡོངས་སུ ་འཛིན་བྱེད་མ། དེ་བས་མི་ཡི་བསོད་ནམས་ནི།། ཤིན་ཏུ་མང་དུ་འཕེལ་བར་འགྱུར།། བསྐལ་བའི་བར་དུ་བཟུགས་ནས་ནི།། དཔེ་རྣམས་བསྟན་པས་བཤད་ན་ཡང་།། དམ་པའི་ཆོས་ནི་འཛིན་པ་ཡི། ་བསོད་ནམས་ཟད་པར་ཡོང་མི་འགྱུར།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན།། ལྷ་ཁྲག་ཁྲིག་བདུན་ཅུ་རྩ་དྲུག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས ་དཔའ་དྲུག་ཁྲོ་ན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དང་། མཚན་མ་ཆེན་པོ་བཅོ་བརྒྱད་དུ་རབ་ཏུ་གཡོས་པར་འགྱུར་ཏེ། འདི་ལྟ་སྟེ། ཤར ་ཕྱོགས་མཐོ་ན། ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན། ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན། བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན། ལྷོ་ཕྱོགས་དམའ། དབུས་མཐོ་ན། མཐའ་དམའ། ་མཐའ་མཐོ་ན། དབུས་དམའ་བར་གྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུག ་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཟུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། ་སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་བབ་བོ།། སིལ་སྙན་དག་ཀྱང་མ་བཀྲོལ་བར་རང་འཁྲོལ་ཞིང་། སིལ་སྙན་དང་། ཀླུ་དབྱངས་དེ་དག་ལས་ཀྱང་སྒྲ་འདི ་ལྟ་བུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱིན་གྱིས་བརླབས་སོ།། ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་དཀྲུག་ཏུ་མེད་པའི་ཚུལ ་དུ་ཆོས་ཀྱི་དབྱིངས་ཀྱི་ཕྲག་རྒྱས་ལེགས་པར་བཏབ་བོ་ཞེས་སུ་བྱུང་ངོ་།། ཀླུའི་རྒྱལ་པོ་རྒྱ་ཆོས་ཀྱང་སོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མུ་ཏིག་གི་ཆར་ཆེན་པོ་པས ་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལ། གཞན་དག་ལ་ཡང་རྒྱས་པར་ཡང་དག ་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི། ཀླུའི་རྒྱལ་པོ་རྒྱ་མཚོས་ནུས་པ་ཞེས་བྱ་བར་ཟུང་ཤིག། ཀླུའི་བདག་པོའི་གཟུངས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། རིན ་པོ་ཆེ་ཀུར་ནས་བཏུས་པའི་ཆོས་ཀྱི་སྒོ་ཡོངས་སུ་དག་ངའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཆོ ་ཀླུའི་རྒྱལ་པོ་མ་དྲོས་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། ་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇོག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཀླུའི་རྒྱལ་པོ ་རྒྱ་མཚོས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་གྱི་མཁར་པོ་ཛི་ན་མི་ཏྲ་དང་། པྲདྡྷ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། @རྒྱ་གར་སྐད་དུ། ཨཱརྱ་སཱ་ག་ར་ནཱ་ག་རཱ་ཛ་པ་རི་བྲིད་ཚ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས ་