| Wylie | e-texts produced with BDRC’s OCR application |
དང་ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྔ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། @རྒྱ་བར་སྐད་དུ། མཱ་ཡ་ཛྭ་ལན་རཱ་བི་མཧཱ ་སྭཱངྱས། བྱང་སྐང་དུ། མང་ཆེརན་པ་སྒྱུ་ནའི་དྲ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་ཡང་བདག་གིས་ཐས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡང་བར་རྣམ ་དུརྒྱལ་བྱེད་ཀྱི་ཚལ་མགོན་མེད་རས་མྱུར་གྱི་ཀུན་དགའ་རོ་བ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷག་ངའི་ཚུལ ་རྨོངས་ཀྱི་བསླབ་པ་ཡང་ལ་ལྤས་པའི་སེམས་མེད་ཅིང་། ལྡས་པའི་ཤེས་རབ་མེད་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་ཡོད་ལ། ལྡབ་པ་རྫོགས་རབ་མང་པའང་། ་། ཡོད་དེ། འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་ན། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པའི་བསྒོམ་པ་ཡོད། ་སུ་རྫོགས་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱི་འཚོ་བ་རྣམས་ཀྱི་ནང་ན་བླ་ན ་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཇི་ལྟར་ན་འཕགས་པའི་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས། ་འཚེ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད ་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར ་གྱུར། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ།། ་དེ་ལྟར་བདག་ཡུམ་བློ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་འཆི་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར་གྱུར་པས། བདག་གིས་ང་ནི་མིག་གིས་རྣམ་པར་ཤེས ་པར་བྱ་བའི་གཟུགས་དག་ལ་སྔོན་ཇི་ལྟར་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་མིག་གིས་རྣམ་པར་ཤེས་པར་བྱ་བའི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པ། ་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་དད་པ ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པོ་དང་། འདི་བདོན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མདོག་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ། ་དེ་དག་སྤངས་པའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོགས་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ནི་ཁ་ཅིག་ལ་ནི་མིག་གིས་རྣམ་པར་ཤེས་པར ་བྱ་བའི་གཟུགས་དེ་དག་ཉིད་སྲིད་དུ་འོདྲ་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིང་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། ་ཞེང་དུས་ལ་ལར་ནི་ཡོད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏིང་སྙོམས་ཀྱི་གནས་ལྟ་བུ་བདག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིངག ་ནས་སེམས་ཀྱིས་བསླབས་ཤིང་སེམས་ཀྱིས་དྲིང་། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ། ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་གཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱིས། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། མིག་གིས་རྣམ ་པར་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བའི་གནས་ལྔ་བུ་དག་ལ་རྗེས་སུ་རགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྡབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུད་ནས་སུན་བྱུང་བ། རྗེས་སུ་ཆགས ་ངའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་དེ་ནས་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་པ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས ་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མས་པ་དག་ལ་ནན་གྱིས་གཟུངས་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདན ་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་མིག་གིས་རྣབ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། ་དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་བྱུང་བ། ཁང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པའིས ་ནོ།། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁ་ཅིག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག། ་པ་མོས་པ་དག་ལ་ནན་གྱིས་དབུངས་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེར་གྱི་གཞན་ནི་བརྫུན་པའོ་ཞེས་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། མིག་གིས་རྣམ་པར་ཤེས་པར། ་བའི་གཟུགས་བཏང་སྙོམས་ཀྱིས་གནས་ལྟ་བུ་དག་ལ་སོ་ས་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་འདི་ཉིད་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང ་མཆོག་ཏུ་འཛིན་པའི་ཚོགས་ཀྱིས་མདུད་པས་ཀུན་ནས་སུན་བྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ ་སློང་དགུ་འདི་ལྟ་སྟེ་དཔེར་ན། མི་སྨྱོན་པ་སེམས་གཡེངས་པ་ནི་གཅེར་བུར་དེ་དང་དེ་དག་ཏུ་འཁྱམ་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས། ་བང་གི་ཚེ་དེས་རང་གི་སེམས་ཕྱིར་ཐོབ་པ་དེའི་ཚེ། སྔོན་གྱི་སྔོན་སྨྱོན་པའི་སྤྱོད་པ་དང་སེམས་གཡོངས་པའི་སྤྱོད་པ་དང་། གནོར་བུའི་སྤྱོད་པ་དེས་གདུང་བར་བྱེད། ངོཚ་བར་བྱེད། གདོང་བ་གྱུང ་ཅིང་རྣམ་པར་སྤོང་བར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པོ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། འབོགས་པ་འཇིག་རྟེན་ལས་འོངས་པའི་ཤེས་རབ་འོང་ཉིད་ཐོབ་ནས། སྔོན་གྱི་བྱིམ་དྲི ་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཚལ་བའི་སྤྱོད་པ་དེས་གདུངས་པར་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ། ་སེམས་ཏེ། བདག་གིས་ནི་སྔོན་གྱི་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས་བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས། ་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་།། ་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུས་སྟེ། སྒྱུ ་མ་རྣམ་པ་བཞི་པོ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་བྱས་ཏེ། རྣམ་པར་བརྟན་པར་གྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང ་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འདུལ་པའི་རང་བཞིན་ཅན་གང་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་ཤིང་རྟའི་ཚོགས་དང་། ་དཔུང་བུ་ཆུང་གི་ཚོགས་གང་སྣང་བ་འདི་ནི་བདེན་པ་དང་གནས་པའི་སྒོས་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚིགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དག་སྣང་བ་འདི་ནི ་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན། སྒྱུ་མར་བྱས་པ་འདི་འབའ་ཤིག་ཡོད་དོ།། མིག་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ། འཕགས་པ ་ཅན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གི་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་པ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། ་སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན ་པར་བརྗོད་པར་བྱ་བ་ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས ་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས། མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ནདང་ཏུ་ཡང་དག། ་པར་རྗེས་སུ་མཐོང་ཞིང་། འབྲས་དང་། བུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་མིག་གིས་རྣམ་པར་ཤེས ་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། ་སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེ་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་འམ།། ་འདུ་ཤེས་ཕྱིན་ཅི་ལོག་བམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། ་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས ་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ ་སྤྲད་དེ། གསལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ། ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚེ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ ་གནས་པ། ཤེས་རབ་ཀྱིས་འཚེ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལྔ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི།། ་བདག་སྔོན་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྷ ་བུང་དབ་ལ་དེ་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། དེ་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི ་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་ན་བ་དང་འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས ་བདག་གིས་ང་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ ་དུག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་ཀུམ། ལྦུ་བ་ཕྱིན་ཅི་ལོག་ཏུ་གྱུར་པ། འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་།། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས ་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤངས་པའི་ཕྱིར་བསླབ་པར་བྱ་ཞིང་། དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་རྣ ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྷ ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དྲག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདྲི་ལ་སེམས་ཅན་རྣམས་ཡུན ་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན། ་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག ་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི། ་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང ་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པོ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྔུབས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན ་པ་དང་། གནས་པའི་སྒོ་ནིས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མེས་དག་ག་ལ་ནན་གྱིས་གཟུངས་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བྱེད་པ་དེ་དག་ནི། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་མི་བདེ་བའི་གནས་ལྟ་བུ་དག་འཁོང་ཁྲོ་བ་དང་ལྡན་པས་གནས་ཏེ། དགེ་སྦྱོང་ངམ། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད ་བས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁོ ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མི་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐཱ་སྨད་འདོགས་པར་བྱེད་པ་དེ་དག་ནི། རྣ་བས་རྣམ་པ་ཤེས་པར་བྱ་བའི་སྒྲ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ས ་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ང་རྒྱལ་གྱི ་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མི་སྨྱོན་པ་འམ། ཆང་གིས་ར་རོ་བར་གྱུར་པ་ནི་མ་དང་ལྡན ་ཅིག་ཉལ་པོ་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས། གང་གི་ཚེ་དེ་སྨྱོས་པ་འམ། ར་རོ་བ་སངས་པར་གྱུར་པ་དེའི་ཚེ། མ་དང་ལྷན་ཅིག་ཉལ་པོ་བྱས ་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། འཕགས་པ་འཇིག་རྟེན་ལས། ་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཚལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ ་བར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟོག་པར་བསམས་ཤིང་བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང ་བ་ཁོ་ན་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འ། ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྷ་སྟེ་དཔེར་ན། ཆུ་ཀླུང་གི་འགྲམ་འམ། ཡུརེ། ་པོ་ཆེའི་འགྲམ་ན། སྒྲ་བརྙན་གྱི་སྒྲ་བྲབས་པར་འགྱུར་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང ་ངག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་ཟག་པའི་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞི། ་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་ལས་སྒྲ་འདི་གྲགས་པའི ་སེམས་ཅན་དེ་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། སྒྲ་བརྙན་འདི་འབའ་ཤིག་ཡོད་དོ།། རྣ་བ་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གིས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་གང་དག་ཡིན་པ་འདི་དག་ལ་རྟག་པ ་ཉིད་ངམ། བརྟད་པ་ཉིད་དང། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་པ་དེ་བཞིན་ཉིད་དམ། བཱནནཱ་མ་ཡིན་པ་དེ་བཞིན་ཉིད་དམྦྷ། ཡང་དག་པ་ཉིད་དམ། བདེན། ་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་དེ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བའམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ།། ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི། ་སྒྲ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་བ་དང་། བདག་མེད་པར་ཡང་དག་དག་རྗེས་སུ་མཐོང་ངོ་།། དེས་རྣ་བ ་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནད་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། ་སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིར་ཅི ་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ། འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས ་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ ་དང་། ཡྀ་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ། གཡུལ་ལས་རྣམ་པར་རྒྱལ་བ ་དང་རྟ་གཡུལ་པོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང ་ན། བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། བླ་ན ་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོན་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད ་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་འགྱུར་ལ། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་མི་བདེ་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས ་པར་གྱུར། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་གནས་པར་གྱུར་ཏེ ་དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་འཆི་བ་ཉམས་སུ་མྱོངས་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས། བདག་གིས་ད་ནི་སྣས་རྣམ་པར་བྱ།། ་བའི་དྲི་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས་པ་འམ ་འདུ་ཤེས་ཕྱིན་ཅི་ལོག་པམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོབ་ཏུ་གྱུར་པ། འདི་ལྟ་སྟེ། བརྣ་བ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད ་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག ་ཡིན་པ་དེ་དག་སྤངས་པའི་ཕྱིར་བསླབ་པར་བྱ་ཞིང་དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་སྣས་རྣམ་པར་ཤེས་པར ་བྱ་བའི་དྲི་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་བདག་ཏུ་འགྱུར།། ་ཞིང་། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས ་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིངསེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་ངེས་པར་འབྱུང་བར་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན ་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྔས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནནྡ་གྱིས་གཟུངས་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར ་བྱེད་པ་དེ་དག་ནི། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད ་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡོག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ ་བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ ་ནན་གྱིས་གཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་ཡིད ་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང ་ལྡན་པར་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་སྣས་རྣམ་པར་ཤེས་པར་བྱ་བའི་དྲི་འདི་དག ་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནོན་གྱི་བཟུང་སྟེ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི ་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྔས་རྣམ་པར་ཤེས་པར་བྱ་བའི་དྲི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས ་པ་མ་ཡིན་པའི་བཏང་སྙོམས་སུ་བནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་ནི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་ན་ནས་སུན་ཕྱུང ་ང་རྒྱལ་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ནཱ་མི་ཞིག་གི ་ཕྱི་ཐོག་ཐག་ཏུ་གཤེད་མ་ཕྱིར་རྒོལ་བ་དགྲ་བོ་ཞིག་རྗེས་སུ་འབྲང་བར་གྱུར་ཅིང་། དེ་དེ་ལ་མངོན་པར་དགའ་བར་བྱེད་ལ་དེ་ལ་ཉེ་དམིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོགས ་པར་བྱེད་ན། འདི་ནི་བདག་གི་གཤེད་མ་ཕྱིར་རྒོལ་བ་དགྲ་བོ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་པར་བྱེད་ཅིང་རྣམ ་པར་སྤྱོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོབ་ནས ་སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད ་ལ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་གིས་མི་གཙང་བ་ཁོ་ན ་ལ་ནི་གཙང་བར་བསམས། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར ་འདུ་ཤེས་པ་དང་མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་བདག་མེད་པ་ལ་བདག་ཏུ་འདུ་ཤེག་པར་འགྱུར་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་གིས་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་བླངས་ཏེ། རང་གི་བཞིན་གྱི་མཚན་མ་སོ་སོར་རྟོག་པར་བྱེད་ན ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ་གང ་ལྟར་སྡང་བའི་སེམས་ཅན་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་ས་པས་སོ།། སེམས་ཅན་བྲིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ ་དང་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་སེམས་ཅན་འདི་ནི་བདེན་པ་དང་གནས་པའི་སྒོ་ནས་ཡོང ་པ་མ་ཡིན་ཏེ། གཟུགས་བརྙན་འདི་འབའ་ཤིག་ཡོད་དོ།། མིག་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཟོས ་པ་དང་ལྡན་པ་ཡང་བདག་གིས་སྔས་རྣམ་པར་ཤེས་པ་འདས་པ་དང་། མི་འོངས་པ་དང་། ད་ལྟར་བྱུང་བའི་དྲི་གང་དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ་བརྟན་པ་ཉིད ་དམ་ཟེར་ཟུག་ཉིད་དམ་དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ་བདེན་པ་ཉིད་དམ། ་དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་པ་ཉིད་དམ། ཕྱིན་ཅི་མ་ལོབ་པ་ཉིད་མེད་དེ། གསོབ་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སྨྲ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོ་ཡིའི་གཟུགས་ཀྱང་དེ་ཉིད་ཡིན ་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་སྣས་རྣམ་པར་ཤེས་པར་བྱ། ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དྲི་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང ་ལྷར་བྱུང་བའི་དྲི་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་ཟུག་རྔུ་དང་སྡིག་པ་དང་མི་རྟག་པ་དང་། སྡུག་བསྔལ་བ་དང་། ་སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་སྣས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དྲི་དག་ལ་ལོག་པར་མོས ་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ། འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམ་གྱི་ཚོགས་ཀྱི། ་མདུད་པ་དང་། ཚུལ་ཁྲིམ་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིའི་བདུད་ལྡོངས་པ་དང་ཡི་ཆད་པ་དང་། ཕྱོགས་མེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས ་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་དེ་གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་ཤེས་རབ་ཀྱིས་འཚེ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ཞེ་ནག། ་དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པཱ་ནི་བདག་སྔོན་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་བདེ་བའི་གནས་ལྷ་རུ། ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། ལྕེ་སོ་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར ་ལྔས་རྣམ་པར་ཤེས་པར་བྱ་བའི་རོ་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ ་རྗེས་སུ་སློབ་ཅིང་རྗེས་སུ་བྱེད་པ་ན། རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས། བདག་གིས་ད་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི ་རོ་ག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་དག་ལ་ལོག་པར་འོས ་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ་སེམས་ཕྱིན་ཅི་ལོག་གམ། ལྟ་བ་བྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་གནོད་སམས ་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང ་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་བྱང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་དེ་དག་སྤངས་པར་གྱུརརོ་ཅིག་ཅེས་དེ་ལྟར་སོ་སོར་རྡོག་པར་བྱེད་པའི་ཕྱིར་རོ།། ་དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅི་བོ་ལ་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ་གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད ་ལ་དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་དུས་ལ་ལང་ནི་ཡིད་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི ་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན། འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིད་སེམས་ཀྱིས ་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། ་བྲམ་ཟེ་གང་དག་ཁ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན ་གྱིས་བཟུང་སྟེ་མངོན་པར་ཞེན་པར་བྱས་ནསའདི་ཉིད་བདེན་གྱིས་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དག་ནི་ལྕེས་རྣམ་པར་ཤེས་པར ་བྱ་བའི་རོ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ་དགེ་སྦྱོང་དང་བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ་རྗེས་སུ། ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལྷས ་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར ་བྱས་ནས་འདི་ཉིད་བདེན་གྱིས་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལྔས་རྣམ་པར་ཤེས་པར་བྱ་བའི་རོ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང ་ལྡན་པར་གནས་ཏེ། དགེ་སྦྱོང་ངམ། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ་ད་ཁོང་ཁྲོ་བོའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི ་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ཁེ་ཅིག་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་འདི་དག་ཉིད་བདེན་པ་དང་། གནས ་པའི་སྒོ་ནས་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ་མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ།། ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་བཏང་སྟོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོ་བརྟགས་པ་མ་ཡིན་པའི ་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེརན་ནོ་སྙམ་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ་ང་རྒྱལ ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱང་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་སློབ་མ་ཞིག་གིས་སློབ་དཔོན་ཟས ་སྦྱིན་པར་བྱའོ་ཞེས་པ་གླང་གིས་ལྕི་བཟར་བཅུག་ཅིང་སྐེམ་བྲུད་པར་བྱའོ་ཞེས་གཅིན་འཐུང་ངུ་བཅུག་ལ་དེ་དེས་མངོན་པར་དགའ་བར་བྱེད་ཅིང་དེ་ལ་ཉེས་དམིགས་སུ་མ་མཐོང་བ ་ལེས་གང་བཚོ་ངེས་སོར་རྫོག་པར་བྱེད་འད་བདག་གིས་སློབ་དབེན་པས་སྦྱིར་བར་བྱལ་ཞེས་བཟུང་གི་ཧཱུཾ་བ་ཟང་བཅུག་ཅིང་། ཐུད་བར་བའོ་ཞེས་བཅིར་འཐུང་དུ་འཇུག་པར ་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱདགནོད་པར་བྱེད་ཅིང་རྣམ་པར་སྤྱོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ ་མང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཞིང་ཐོབ་ནས་སྔར་གྱི་བྱི་བའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད ་ངོཚ་བར་བྱེད། གནོང་བར་བྱེད་ཅིང་རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་བདག་གིས་སྡུག་བསྔལ ་བ་ཁོ་ན་ལ་ནི་བདེ་བར་བསམས། བདག་བྲིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས་བདག་གིས་མེད་པ་ཁོ་ན་ལ་ནི་བདག་ཏུ་སམས་ཏེ། དེ་ལྟར་ན་བདག་ནི་སྔོར་མི་རྟག་པ་ལ་རྟག་པར ་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ།། ་དགེ་སློང་དག་འདི་ལྟ་སྟེ། དཔེར་ན། སོས་ཀའི་ཟླ་བ་ཐ་མ་ལ་སྤྲིན་མེད་ཅིང་སྤྲིན་དང་བྲལ་བའི་ཉི་མའི་གུང་ཚིགས་ལ་བབ་པའི་ཚེ། ཚ་བས་སྨྲིག་རྒྱུ་དག་གཡོ་བར་གྱུར་པ་ན། དེ་ལ ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་ཤེས་རབ་འཆལ་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སཔས་ཏེ། གང་འདི་ལྟར ་སྣང་བའི་ཆུ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ཆུ་འདི་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད། ་པ་མ་ཡིན་ཏེ། སྨིག་རྒྱུ་འདི་འབའ་ཤིག་ཡོད་དོ།། མིག་སླུ་བར་བྱེད་པ་འདི་འབའ་ཤིག་ཡོད་དོ།། སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཟོས་པ་དང་ལྡན་པ ་ཡང་བདག་གིས་ལྕེས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་གང་དག་ཡིན་པ་དེ་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དང། ་དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟར་བ་བཞིན་ཉིད་དང་། མནོར་པ་ཉིད་དམ། ཕྱིན་ཅིམ ་ལོག་པ་ཉིད་མེད་དེ། གསོགས་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན།། ་བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པ། ་བྱ་བ་འམ། ལྷག་པར་ཆབས་ཤིང་གནས་པར་བྱ་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། ་ངས་དེ་ལྟར་ཤེས་ནས་པ་ལུས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། དཀར་བྱུང་བའི་རྣངས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཤིང་། འབྲས་དང་། ཟུག་རྔུ་དང་། ་སྡིབ་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་ལྔས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ ་དང་ང་ལྗང་བྱུང་བའི་རོ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་ནག་པ་དང་། སྡུག་བསྔལ་པོ་དང་། སྟོང་པ་དང་བདག་དང ་པར་ཡང་དག་པར་རྗེས་སུ་མཐོང་བ་ན་། དེའི་ལྕེས་རྣམ་པར་ཤེས་པར་བྱ་བའི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རོ་དག་ལ་ལག་པར་མས་པ་འམ། འདུགས་ཕྱིན་ཅི་ལོག ་གམ་སེམས་ཕྱིན་ཅི་ལོག་གམ་ལྟ་བ་ཕྱིན་ཅི་ལོག་ཏུ་བྱུར་བ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། ་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དགྲ་སྤོང་བར་བྱེད་དོ།། ་དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆིད་པ་དང་། ཕྱོགས་མེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ ་ཆེན་པའི་གཡུལ་སྣ་། གསུལ་ལས་རྣམ་པར་རྒྱལ་བ་དང་། བརྡུལ་དྲོ་ཅིང་མན་པར་བམ་པར་ད་ཤིང་གནས་ཏེ། དུ་མྱུ་ན་འདི་ལ་འཕམས་པ་ཉན་ས ་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན ་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན ་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། བདག་སྔོར་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི། རྗེས་སུ་ཆགས་ཤིང་གནས ་བར་གྱུར་ལ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པརདེ་འགྱུར། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་། ་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་རྗེས ་སུ་བྱེད་པ་ན། རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར་གྱུར་པས། བདག་གིས་ད་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་དག་ལ་སྔོན་ཇི་ལྟ་བ་དེ་ལྟར ་བསླབ་པར་མི་བྱ་ཞིང་། བདག་གིས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། བཀར་བྱུང་བའི་རབ་འདུག་ལ་ལོག་པ་མོས་པའམ། འདུགས་བྱིམ་གྱི་ལོག་ནས། ་སེམས་ཕྱིན་ཅི་ལོག་གམ། ལྦུ་བ་བྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས ་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེར་ངོ་སྙམས་དུ་མངོན་པར་ཞེན་ཅིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསྒྲུབ་པར་བྱ་ཞིང་། ་དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་ས་སོར་རྟོག་པར་བྱེང་བའི་ཕྱིར་རོ།། དགེ་སློང་དག་འོད་ཀྱང་འདི་ན་ཁ་ཅིག་ལ་ནི། ལུས་ཀྱི་རྣམ་པར་ཤེས་པར་བྱ་བའི་རག་བྱད་དགེ་ཉིད་ཡིད་དུ་འོང་བར ་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིང་མི་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་བདེ ་བའི་གནས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས ་ཤིང་། སེམས་ཀྱིས་བྲིད་སེམས་ཀྱིས་བསླུས་ནས་ཉེས་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། ་དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང ་ཇི་ལྟར་རང་རང་ལོག་པར་མོས་པདག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོབས་པར་བྱེད་པ་དེ་དགྲ་ནི ་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་ཡིང་དད་པའི་བནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚགས་ཀྱི་མདུད་པས་ཀུན་ནས་སུན་བྱུང ་བ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་གང་དག་ལུས་ཀྱིས ་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རག་བྱ་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ཁོང་ཁྲོ་བ་དང་ལྡན ་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུམ་བྱུང་བ། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིབ་ཅན་ཇི་ལྟར་འདོད ་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ། ཟམ་པ་གང་དག་ཁ་ཅིག་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོནས། ་མ་མཐོང་ཞིང་ཇི་ལྟར་རང་རང་ལོག་པར་མས་པ་དེག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིང་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས ་པར་བྱེད་པ་དེ་དག་ནི། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་བཏང་སྙོམས་ཀྱི་གནས་ལྔ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས ་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམས་དུ་མངོན་པར་ཞེན་རྙིང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ནས་སྨན་ཕྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ ་དང་ལྡན་པ་དེ་དག་ཀྱང་། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་སྟེ། དཔེར་ནི། མི་ཞིག་རྐུན་པོ་དག་གིས་གཙེས་པ་ན། ་རང་གི་བུ་ཡིན་ནོ་སྙམ་དུ་སེམས་ཤིང་། གཞན་གྱི་བུ་བླངས་ཏེ། གྲོང་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དཔའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུ་མ་མཐོང་བ་ལས ་གང་གི་ཚེ་དེ་སོ་སོ་རྟོག་པར་བྱེད་པ་ན། འདི་ནི་བདག་གི་བུ་མ་ཡིན་གྱི། འདི་ནི་གཞན་གྱི་བུ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད ་བར་བྱེད་ཅིང་རྣམ་པར་སྤྱོད་པར་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས ་པའི་ཤེས་རབ་འདི་ཉིད་ཐོས་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད། ་པར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིངབདག་གིས་སྡུག་བསྔལ་བ་ཁོ་ན་ལ ་ནི་བདེ་བར་བསམས་བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམས་བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམས་ཏེ། དེ་ལྟར་བདག་ནི་སྔོན་མི་རྟག་པ་ལ་རྟག ་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་མི་གཙང་བ་ལ་གཙང་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམས་དུ་སརྦ ་སོ། དགེ་སློང་དག་འདི་ལྕི་སྟེ། དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པར་བྱེད་པ་ལས་བྱིས། ་སད་པ་ན་ཆུང་བད་ཀྱང་མི་སྣང་བར་གྱུར་པའི་ཚེདེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དང་། རྨོངས་པའི་རང་བཞིན་ཅན་དང་། ཤེས་རབ་འཇལ་བའི་རང་བཞི། ་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་བདག་བདག་ཅག་གིས་རྨི་ལམ་ན་དགའ་དགུར་སྤྱད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་། གནས་པའི་སྒོ་ནས་ཡོད་དོ་སྙམ་དུ། ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙབ་དུ ་སེམས་ཏེ། གང་དག་བདག་ཅག་གིས་རྨི་ལམ་ན་དགའ་དགུར་སྤྱད་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་བདེན་པ་དང་། གནས་པའི་སྒོནས་ཡོད་པ་མ་ཡིན་ཏེ། རྨི་ལམ་དེ་འབའ་ཤིས་ཡོད་དོ།། སེམས་སླུ་བར་བྱེད། ་བདེ་འབའ་ཤིང་ཡོད་དོ་སྙམ་དུ་སེམས་སོ།། དགེ་སློང་དག་དེ་བཞིན་དུ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་། བདག་གི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོང ་པ་དང་། ད་ལྟར་བྱུང་བའི་རེག་བྱ་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཟེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ ་གཞན་མ་ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟར་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅི་མ་ལོག་པ་ཉིད ་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ལ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བའི་ཆོས་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད ་ཡིན་བདུད་ཀྱི་ཡོ་བྱེད་ཀྱང་དེ་ཉིད་ཡིན་རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས་དེ་ལས་ནི་མངོན་པར་དགའ་བར་བྱ་བ་འམ་མངོན་པར ་བརྗོད་པར་བྱ་བའམ་ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བ་མི་རིགས་ཀྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་འཕགས་པ་འཇིག་རྟེན ་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ། ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ཡང་དག་པར་རྗེས ་སུ་མཐོང་ངོ་།། དེ་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རེག་བྱ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག ་རྔུ་དང་། སྡིག་པ་དང་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རབ་བྱ་དག་ལ་ལོབ་པར་མོས་པའམའདུ་ཤེས་ཕྱིན་ཅི་ལོག་གམ་སེམས་ཕྱིན་ཅི་ལོག་གམ་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར ་པ་འདི་ལྟ་སྟེ། བན་བསེམས་ཀྱི་ཚོགས་ཀྱི་མདུང་པ་དང་། གནོད་སམས་ཀྱི་ཚགས་ཀྱི་མདུད་པ་དང་། རྡུལ་ཁྲིམས་དང་བརྡལ་ཞུགས་མཛ་དུ་འཛིན་པའི་ཚོགས་ཀྱི་མདུད་པ་ཧཱ། འ ་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤོང་བར་བྱེད་དོ།། དེ་དགེ་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་ཡི་ཆད་པ་དང་། ་ཕྱོགས་མེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་གྱིས་མི་མཐོང་བར་སོང་ནས། བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་གཡུལ་ཆེན་པོའི་གཡུལ་སྤྲད་ཏེ། གཡུལ་ལས་རྣམ་པར ་རྒྱལ་བ་དང་། གསུལ་ངོ་དེ་ཉིད་མངོན་པར་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་བརྩོན་པའི་རྗེས་སུ་སྦྱོར་བ་ལ་གནས་པ་ནི། ་རབ་ཀྱིས་འཚོ་བ་རྣམས་ཀྱི་ནངན། བླར་མེད་པས་འཚེ་བ་ཡིན་ནོ།། དགེ་སློང་དག་ཡང་ཇི་ལྟར་ན་འཕགས་པ་ཉན་ཐོས་ལྡབ་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས ་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན། བླ་ན་མེད་པས་འཚོ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི ་བདག་སྔོན་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཚུགས་ཤིང་གནས་པར་འགྱུར་ལ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི ་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ནི། སོ་སོར་བརྟགས ་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་གྱུར་ཏེ། དེ་ལྟར་བདག་ཡུན་རིང་པོ་ནས་འདི་ལ་རྗེས་སུ་སློབ་ཅིང་། རྗེས་སུ་བྱེད་པ་ན། རྒ་བ་དང་། འཆི་བ་ཉམས་སུ ་མྱོང་ཞིང་སྔོན་གྱི་མཐའ་མི་མངོན་པར་གྱུར་པས། བདག་གིས་ང་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི་བྱ་ཞིང་། བདག་གིས་ཡིད་ཀྱིས་རྣམ ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག། ་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱིས་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསྒྲུབ་པར་བྱ་ཞིང་། དེདག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར ་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོན་ཀྱང་འདི་ན་ཁ་ཅིག་ལ་ནི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང། ་བྱར་འགྱུར་བ་ཡང་ཡོང་ལ། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་ཏུ་འགྱུར་ཞིང་། དུས་ལ་ལང་ནི་ཡིད་མི་བདེ་བའི་གདས་ལྟ་བུ་དག་ཏུ་འགྱུར། དུས་ལ་ལར་ནི་བདང་། ་སྙོམས་ཀྱི་གནས་ལྟ་བུ་དག་ཏུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣཔས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་། སེམས་ཀྱིས་བྲིས། སེམས་ཀྱིས་བསྡུས་ནས་ཉེས ་དམིགས་སུ་མི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག། དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད ་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་འདིན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནོན་གྱིས་བཟུང་སྩ། མངོན་པར་ཞེན ་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུད་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི ་ལྟར་འདོད་པ་བཞིར་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག། དགེ་སློང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་དག་ཉིད་བདེན་པ་དང་། གནས ་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས། ་བར་བྱེད་པ་དེ་དག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང ་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག། དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི།། ་ཆོས་འདི་དག་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱི་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད ་འདོགས་པར་བྱེད་པ་དེ་དག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ཡིད་མི་བདེ་བའི་བནན་ལྟ་བུ་དག་ལ་ཁོང་ཁྲོབ་དང་ལྡན་པར་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་གནོད་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུ་གྱུ། ་བ་ཁོང་ཁྲོ་བོའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་། སྤྱད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་འཇུག་པ་ཡིན་ནོ།། ས་སློང་དགི།། དགེ་སློང་དང་། བྲ་མ་འ་གང་དག་བ་ཅིག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདི་། ་ཉིད་བདེན་པ་དང་། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ན་གྱིས་འབྲང་སྟེ། མངོད་པར་ན་པོར་བྱས་ནས། འདི་ཉིད་བདེར་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་། ་བདེག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྷ་བྲེ་དག་ལ་སོ་སོང་བརྟགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་ཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། ཟམ་པ་འདིབ་དང་སྣངང་། ་དངོན་པར་འད་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུདུ་པས་ཀུན་ནས་སུར་ཕྱུང་བ། དརྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་དག་ཀྱང་བདང་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་འདི་ལྟ་ས ་དཔེར་ན། སྐྱེས་བུ་ཞིག་གིས་རིན་པོ་ཆེ་ཟ་མ་ཏོག་ཡིན་པར་སེམས་ཤིང་། སྦྲུལ་གྱི་བ་མ་ཏོག་བླངས་ཏེ། གྲོང་ཁྱེར་ཀུར་ཏུ་འབར་བ་ནས་འབྲོས་པར་བྱེད་ཅིང་དངས་མངོན་པར་དགའ་བར་བྱེད་ལ། དེ་ལ་ཉེས་དམིགས་སུམ་མཐང་བ ་ལས། གང་པོ་ཆེ་དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་སྦྲུལ་གྱི་ཟ་མ་ཏོག་ཡིན་གྱི། འདི་ནི་རིན་པོ་ཆེའི་ཟམ་ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ། ད་དེས་གདུང་བར་བྱེད། ངོ་ཚ་བར་བྱེད།། གནོད་པར་བྱེད། རྣམ་པར་སྨོད་པ ་བྱེད་དོ།། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་འདི་ཉིད་ཐོས་ནས། སྔོན་གྱི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབའ ་པའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སྔོན་མི་རྟག་པ་ཁོ་ན་ལ་རྟག་པར་བསམས་ཤིང་། བདག་གིས་སྡུག་བསྔལ་བ་ཁོ་ན་ལ ་ནི་འདེ་བོར་བསམས། བདག་གིས་མི་གཙང་བ་ཁོ་ན་ལ་ནི་གཙང་བར་བསམ། བདག་གིས་བདག་མེད་པ་ཁོ་ན་ལ་ནི་བདག་ཏུ་བསམ་ཏེ། དེ་ལྟར་ན་བདག་ནི་སྔོན་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུག ་བདག་མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ཏོ་སྙམ་དུ་སེམས་སོ།། དགེ་སློང་དག་འདི་ལྟ་སྟེ། དཔེར་ན།། སྒྱུ་མ་མཁན་ནམ།། སྒྱུ་མ་མཁན་གྱི་སློབ་མ་མཁས་པ ་ཞིག་འན་ལོ་ཆེའི་བནི་མདོར་འདུག་སྟེ། སྦྲུམ་སྣ་ཚོགས་འདི་ལྟ་སྟེ། ནོར་དུ་དག་གམ། རྣ་ཆ་གདུ་ཀོ་ད་བ་གམ། མདུལ་རྒྱན་དག་ལས། གདུང་རྒྱན་ཅན་དགག། དདུང་རྒྱན་དཔག་མ། ལ་བརྒྱན་དག་གས། ནང་རྒྱུན་དག་གས། སོང་གདུང་རྒྱན་དག་གམ། གསེ་དུ ་དདུལ་གྱི་འདྲེང་བ་དག་བྱས་ཏེ། རྣམ་པར་བསྟན་པར་བྱུང་ན།། དེལ་སེམས་ཅན་གྱིས་པའི་རང་ཞིན་ཅ་དང་། རྨོངས་པའི་རང་བ་ནི་ཅན་དང་། ཤེས་རབ་འཇལ་པའི་ང་བཞིན་ཅན་གང་དག་ཞིན་པ་དེ་དག་ནི་འདི་སྙམ་དུསམས་ཏེ། གང་འདི་ལྟར་སྣང་བའི་རྣ ་བུ་དགགམ།། རྣ་མག་དུ་ཀོར་དག་གམ། མགུལ་རྒྱུན་དག་གམ། གདུས་བུ་རྒྱན་ཅན་དག་གམ། དཔུང་རྒྱན་དག་གམ། ལག་རྒྱན་དག་གས། གང་རྒྱན་དག་གས།། སོར་གདུབ་རྒྱན་དག་གམ། གསར་དང་། དངུལ་གྱི་འཕྲེང་བ་འདི་དག་ནི་བདེན་པ་དང་། གནས་པའི་སྒོན། ་ཡོད་དོ་སྙམ་དུ་སེམས་སོ།། སེམས་ཅན་བྱིས་པའི་རང་བཞིན་ཅན་མ་ཡིན་པ་དང་། རྨོངས་པའི་རང་བཞིན་ཅན་མ་ཡིན་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གང་དག་ཡིན་པ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། གང་འདི་ལྟར་སྣང་བའི་ནོར་བུ་དག ་ས་ན་ཆུབ་དུས་ཀོར་དག་གམ་མགུལ་རྒྱན་དག་གས། གདུ་བུ་རྒྱན་ཅན་དག་གས།། དཔུ་དུན་དག་གམ། ལག་རྒྱན་དག་རམ། གང་རྒྱན་དག་གམ། སོར་གདུང་རྒྱན་དགགས། གསར་དང་། དངུལ་གྱི་འཕྲེང་བ་འདི་དག་ནི་བདེན་པ་དང་།། གནས་པའི་སྒོ་ནས ་འོད་པ་མ་ཡིན་པ་བྱིན་སུམར་བྱས་པ་འདི་བ་གིག་ཡོད་དོ། ག་སུ་པར་བྱེད་པ་འབང་ཤིག་མོད་དོ་སྐང་དུསམས་སོ།། དགེ་སློང་དབང་བཞིན་དུ་འབགས་པ་འར་ཐོས་ཐོས་པ་དང་ལྡན་པ་ལང་། བདག་གིས་མིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འག་དང་། ་མའོས་པ་དང་། ད་ལྟར་བྱུང་བའི་ཆོས་གང་དག་ཡིན་པ་འདི་དག་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ་ཐེར་མུག་ཉིད་དམ། དེ་བཞིན་ཉིད་དམ། མནོར་པ་དེ་བཞིན་ཉིད་དམ། གནན་མ་ཡིན་པ་དེ་བཞིན་ཉིད་དམ་པ་ཡང་དག་པར་ཉིད་དམ། བདེན་པ་ཉིད ་དམང་འོན་ཅིད་དམ་། ཇི་ལྟ་བ་བཞིན་ཉིད་དམ་མནོར་པ་ཉིད་དམ། བྱིན་ཅི་མ་ལོག་པ་ཉིད་མེད་དེ། གསོགས་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང་དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན་བརྫུན་པ་འང་ང་ཉིད་ཡིན། སྲུ་ངའི་ཆོས་ཀྱང ་ཉིད་ཡིན། བདུད་ཀྱང་ང་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ་། ལྷག་པར་ཆགས་པར་བྱ་བ་འམ། ་ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས། ཡིད་ཀྱི་རྣམ་པར་ཤེས་པར་བྱ ་པའདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་།། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། ་དེས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་ནག་པ་དང་། སྡུག་བསྔལ་བ་དང་། སྟོང་བ་དང་། བདག་མེད་པར་ཡང ་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དག་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ། འདི་ལྟ། ་ང་བད་སེམས་ཀྱི་ཆོགས་ཀྱི་མདུང་པ་དང་། གདོང་སམས་ཀྱི་ཚོགས་ཀྱི་མདུང་དང་། སུལ་ཁྲིམས་དག་བཅུ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུང་པ་དག་འདི་དེན་ནོ་སྙམ་དུ་ངོད་པར་ནན་ཅིག་མཆོད ་ཏུའཛིན་པའི་ཚོགས་ཀྱི་བདུད་པ་གང་དག་ཡིད་པ་དེ་དག་སློངས་བྱེད་དོ།། དག་སྤངས་པའི་ཕྱིང་བདུད་ལྡོངས་པ་དང་། ཡིད་ཅད་པ་དང་། ཕྱོགས་མེད་པར་བྱས་ཏེ་གནས་ཤིག་བདུད་སྡིག་ཅན་གྱིས་མི་མཐོང་བར་སོ་ནས། ་བདུད་དང་བདུད་ཀྱི་འཁོར་བཅོམ་ཞིང་།། གཡུལ་ཆེན་པོའི་གཡུལ་སྨད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་ངོ་ཉིད་མངོན་པར་བམ་པར་བྱས་ཤིང་གནས་ཏེ།། དེ་ལྟར་ན་འདགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པས་འཚོ་བ་ཡིན་ནོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས ་གསུངས་པ་ལ་མངོན་པར་བསྟོད་དོ།། བར་སྡོམ་ནི། སྨྱོན་པ་དང་ནི་སྒྱུ་མ་དང་།། ར་རོ་བ་དང་སྒྲ་བརྙན་དང་།། གཤེད་མ་དང་ནི་མེ་ལོང་དང་།། ཟས་སྦྱིན་པ་དང་སྨིག་རྒྱུ་དང་། རྐུན་པོ་གཙེས་པའི་གྲོང་ནས་དང་། ་རྨི་ལམ་དགའ་སྤྱོད་ཟ་མ་ཏོག། ནོར་བུ་དཔུང་རྒྱན་རྣམ་དག་ནི།། སྒྱུ་མའི་དྲ་བ་ཀུན་བསྡུས་པའོ།། མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ་རྫོགས་སོ།། རྒྱགར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ ་ཙ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། གླེགས་བམ་དུམ་ལ་གཏུགས་ཏེ། ཞུས་དག་ཅི་ནུས་བགྱིས།། བསྟན་པ་རྒྱས་པར་ཤོག ་