CLOSE WINDOW

Ty031-007: chos bzhi pa'i mdo
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། @ ་རྒྱ་གར་སྐད་དུ། ཙ་ཏུར་དྷ་ར་མ་ཀ་སཱུ་ཏྲ། བོད་སྐད་དུ། ཆོས་བཞི་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས ་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བརྟེན་ཞིང་ཟབ་ལ་སྙན་ཅིང་རྒྱ་ཆེ་བའི་སྒྲ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་མཁས་པས་ཇི་སྲིད ་འཚོའི་བར་དུ་གནས་བཞི་ལ་ཡིད་བརྟན་པར་མི་བྱའོ།། བཞི་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་མཁས་པས། བདག་ནི་བུད་མེད་ངག་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚེའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། ་དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་རྒྱལ་པོའི་ཕོ་བྲང་འཁོར་ལ་དགའ་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་གཟུགས ་བཟང་བ། མཛེས་པ། བལྟན་སྒྲུབ་པ། ནད་ཉུང་བའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས་བདག་ནི་ཕྱུག་པ། ནོར་མང ་བ་ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སྩལ་ཏེ། དེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང ་འདི་སྐད་ཅེས་བཀའ་སྩལ་ཏོ།། བུད་མེད་བརྟེན་དུ་ག་ལ་རུང་།། རྒྱལ་པོའི་ཕོ་བྲང་ག་ལ་དགའ།། དབུ་བ་སྙིང་པོ་ག་ལ་ཡོད།། ལོངས་སྤྱོད་རྟག་པ་ག་ལ་ཡིན།། ལོངས་སྤྱོད་དག་ནི་འབང་ཆུ་བཞིན། ་ཅི་འདྲ་བར་ཁྱིམ་དེ་འདྲ།། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན།། སྲོག་ནི་ཆུ་བུར་འདྲ་བ་ཡིན།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀོའ་སྩལ་ནས།། དགེ་སློང་དེ་དག་དང་། ལྷ་དང་མི་དང་། ལཱམ་ཡིན། ་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་བྲལ་མངོན་པང་བསྟོད་དོ།། ཆོས་བཞི་པའི་མདོ་རྫོགས་སོ།། བཀའ་འཁོར་ལོ་དང་པོར་གཏོགས། ་པའོ།། @། ནྱ་བར་སྐད་དུ། པན་ཙཏྟཱ་ཡ་ན་ནཱ་མ་མ་ཧཱ་སཱུ་ཏྲ་མ། བོད་སྐད་དུ། མདོ་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག ་