CLOSE WINDOW

Ty031-002: 'phags pa chos kyi tshul zhes bya ba theg py chen po'i mdo
Wyliee-texts produced with BDRC’s OCR application

མདོ་རྫོགས་སོ།། ། བམ་པོ་བཅུ་གཅིག་རྒྱ་ལས་འགྱུར། འགྱུར་རྙིང་པ་སྐད་གསར་ཆད་ཀྱིས་མ་བཅོས་པར་སྣང་ངོ་།། @ ་རྒྱ་གར་སྐད་དུ་ཨཱརྱ་དྷརྨཱ་ནི་དྷཱི་རཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་བོད་སྐད་དུ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དངབྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འོད་སྲུང་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན། སྨིག་མ་ལས་བྱས་པའི་འཁོར་གྱི་ཁྱམ་ན ་བཞུགས་ཏེ། དེའི་ཚེ་སྨིག་མ་ལས་བྱས་པའི་འཁོར་གྱི་ཁྱམས་སུ་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གོས་ཇི་ལྟར་གནས ་པར་བྱ། ཇི་ལྟར་བསྒྲུབ་པར་བྱ། ཇི་ལྟར་རྣལ་འབྱོར་དུ་བྱ། ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨོན་པར་བྱ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་ས། ་དཔའ་རབ་ཏུ་མང་པོ་དེ་དག་གི་བསམ་པ་མཁྱེན་ནས། སྨིག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་གདན་བཏིང་བ་ལ་བཞུགས་སོ།། བཞུགས་ནས་བཅོབ ་ལྡན་འདས་ཀྱིས་བྱང་ཆུབ་དཔའ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱི་རྟོག་པ་ནི་བཟང་པོ་ཡིན་གྱི ་དྲི་བ་ནི་མཛེས་སོ།། སྤོབས་པ་ནི་དགེའོ།། ཡོད་ལ་བྱ་བ་ནི་ཚུལ་བཞིན་ནོ།། རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྣམས་ཀྱི་ཚུལ་གང་བྱང་ཆུབ་སེམས་དཔང་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྗོད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་རུལ་དེ་ངས་ཁྱེད་ལ་བཤད་དོ།། བཅོམ་ལྡན ་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྷར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་དེ ་ལྟ་བས་ན།། མྱ་ངན་ལས་འདས་པའི་བ་སེམས་པ་ཅད་དུ་བྱས་ཤིག། འཁོར་བར་སྦྱོར་བ་ཅན་གྱིས་གོག། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་གནས་པར་མ་བྱེད་ཅིག། དེ་དག་གིས་གསོལ་པ་། བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་རྣམས་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་། འཁོར་བར་སྦྱོར་བ་ཅན་ལགས། ཇི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པ་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆི་བ་མེད་པའི་བདེ་བ་ལ་རེག་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡིན། དགེ་བའི་རྩ་བ་བསགས་པའི་ཕྱིར་འཁོར་བར་སྦྱོར་བ་ཅན་ཡིན།། ་དམགས་པ་དངས་ས་ཐུ་བ་དང་བསྣན་པའི་ཕྱིར་འཁོར་བ་དང་མྱ་ངང་ལས་འདས་པ་ལ་ཡང་བ་གངས་པར་ཚུལ་ལོ།། རིགས་ཀྱི་བ་དེ་ལྟབསར་ངམ་སམས་ཡོངས་སུ་སྣངས་ཤིག་ག ་སེམས་སྲུངས་ཤིག། སོམས་ད་བཅན་དུ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔར་རྣམས་རང་གི་སེམས་ཡོངས་སུ་སྐྱོང་བར་དགྱེད་པ་ལགས། ཇི་ལྟར་ན ་གཞན་གྱི་སམས་སྲུང་བ་ལགས། ཇི་ལྟར་ན་སེམས་དཔའ་བཅན་ལགས་བཀའ་སྩལ་པ། ཉོན་མོངས་པ་སེལ་བས་རང་གི་སེམས་ཡོངས་སུ་སྦྱོང་བར་བྱེད་པོ་ཡིན། ཁོང་ཁྲོ་བ་མེད་པས་གཞན ་གྱི་སེམས་སྲུང་བ་ཡིན།། བྱང་ཆུབ་ཀྱི་སེམས་མི་གཏོང་བས་སེམས་དཔའ་བ་ཅན་ཡིན་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བྱ་བ་དང་ཡང་འགལ་བར་མ་བྱེད་ཅིག། བྱ་བ་མ་ཡིན་པ་ལ། ་ཡང་སྣང་བར་གྱིས་ཤིག། བྱ་བ་ལ་ལན་རེ་བ་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བགྱི་བ་དང་མི་འགལ་བར་བགྱིད་པ་ལགས། ཇི་ལྟར ་ན་མི་བགྱི་བ་ལ་ཡང་འདའ་བ་ལགས། ཇི་ལྟར་ན་བགྱིས་པ་ལ་ལམ་རེ་བ་མ་མཆིས་པ་ལགས། བཀའ་སྩལ་བ། བྱ་བ་དང་འགལ་བར་མི་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་འཇུག། ་པ་འམ། ལས་ཀྱི་རྣམ་པར་སྨིད་པ་ལ་ཡིད་ཆེད་པར་བྱའོ།། བྱ་བ་མ་ཡིན་པ་ལ་སྣང་བ་ནི་སྙིང་རྗེ་ཆེན་པོ་ལ་འཇུག་པའོ།། བྱས་པ་ལ་ལན་རེ་བ་མེད་པ་ནི་ལེན་དུ་ཕན་འདོགས་པར་རེ་བ་མེད་པ་སྟེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པར་ནི་མ་ལྡང་ཤིག། དུས་ལ་བབ་ན་ནི་མཉལ་ཅིག། ཉལ་བ་རྣམས་ནི་སློངས་ཤིག། རྟག་ཏུ་ནི་ཉོལ་ཅིག། གསོལ། ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པར་མི་ལྡང་བ་ལགས། ཇི་ལྟར་ན་དུས་ལ་བབ་ན་མི་ཉལ་བ་ལགས། ཇི་ལྟར་ན་ཉལ་བ་རྣམས་སློང་བ་ལགས། ་ཇི་ལྟར་ན་རྟག་ཏུ་ཉལ་བ་ལགས། བཀའ་སྩལ་པ། དུས་མ་ཡིན་པར་མི་ལྡང་བ་ནི། སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་མི་བསྟན་པའོ།། དུས་ལ་བབ་ན་མི་ཉལ་བ་ནི་སྣོད་དུ་གྱུར་པ་ལས་འདའ་བར་མི ་བྱའོ།། རྟ་ཉལ་བ་རྣམས་བསླང་བ་ནི་དུས་དང་དུས་མ་ཡིན་པས་བསྐུལ་ལོ།། རྟག་ཏུ་ཉལ་བ་ནི་སྙོམས་པར་འཇུག་པ་ལས་མི་ཉལ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་བརྟན ་པ་མེད་པར་གྱིས་ཤིག། ཡིད་བརྟན་པ་གཞིག་པར་གྱིས་ཤིག། ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ ་རྣམས་ཡིད་མི་ནོན་པ་ལགས། ཇི་ལྟར་ན་ཡིད་བརྟན་པ་འཇིག་པར་བགྱིད་པ་ལགས། ཇི་ལྟར་ན་ཡིད་མ་བརྟན་པ་རྣམས་ལ་ཡིད་རྟོན་པ་ལགས། བཀའ་སྩལ་པ། ཡིད་མི་བརྟན་ཅེས་བྱ་བ་ནི ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་མི་གཞག་པའོ།། ཡིད་བརྟན་པ་གཞིག་པར་བྱ་བ་ནི་སྙོམས་པར་འཇུག་པར་བཟློག་པའོ།། ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར ་བྱ་བ་ནི། ལོག་བཞུགས་པ་རྣམས་ལ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ནོར་དང་ལྡན་པར་གྱིས་ཤིག། བྱམས་པ་ཤེས་པ་མེད་པར་སྦྱོར་ཅིག། ཅི་ལ་ཡང་ན་རེ་བར་མ་བྱེད་ཅིག། ་རྙེད་པ་ཆེན་པོས་ཉེ་བར་འཚེ་བར་གྱིས་ཤིག་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱས་པ་འཚལ་བ ་མ་མཆིས་པར་སྦྱོར་བ་ལགས། ཇི་ལྟར་ན་ཅི་ལ་ཡང་ལན་མི་རེ་བ་ལགས། ཇི་ལྟར་ན་རྙེད་པ་ཆེན་པོས་ཉེ་བར་འཚེ་བ་ལགས། བཀའ་སྩལ་པ། ནོར་དང་ལྡན་པ་ཞེས་བྱ་བ་ནི་ནོར་བདུན་དང་ལྡན་པའོ།། ་བྱས་པ་ཤེས་པ་མེད་པར་སྦྱར་བ་ནི་སར་སྣ་ཅན་རྣམས་སྦྱིན་པ་ལ་སྦྱར་བ་དང་། ཤེས་རབ་འཆལ་བ་རྣམས་ཤེས་རབ་ལ་སྦྱར་བའོ།། ཅི་ལ་ཡང་ལན་རེ་བ་མེད་པ་ནི་རང་གི་དགོད་པ་ལ་གནས་ཀྱང་ན ་ཏན་དུ་བྱའོ།། རྙེད་པ་ཆེན་པོས་ཉེ་བར་འཚོ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་རགས་པ་ཡང་ཤེས་པར་གྱིས། ་ཤིག། ཆགས་པ་རྣམས་ལ་ཡང་སྤྱོད་ཅིག། ཆགས་པ་ལ་ཞེན་པ་རྣམས་ལ་ཡང་ལྟོས་ཤིག། ཆགས་པ་མེད་པ་ཡང་སྲུངས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ ་རྣམས་ལ་ཆགས་པ་འཚལ་བ་ལགས། ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས། ཇི་ལྟར་ན་ཆགས་པར་ཞེན་པ་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་བསྲུང་བ་ལགས། བཀའ ་སྤྲུ་ལ་པ། ཆགས་པ་ཤེས་པར་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ།། ཆགས་པ་རྣམས་ལ་སྤྱོད་པ་ནི་སྐྱེ་མཆེད་དྲུག་བཅད་པའོ།། ཆགས་པར་ཞེན། ་པ་ལ་ལྟ་བ་ནི། སོ་སོའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱའོ།། ཆགས་པ་མེད་པ་བསྲུང་བ་ནི་སྐྱོན་མེད་པར་མི་འཇུག་པ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟར་བས་ན་འཇིགས་པར་གྱིས་ཤིག། ་མངོན་པར་དགའ་བ་མེད་པར་གྱིས་ཤིག། སྙིང་བརྩེ་བ་མེད་པར་གྱིས་ཤིག། སྙིང་རྗེ་བོ་མེད་པར་གྱིས་ཤིས། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས ་འཇིགས་པར་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དགའ་བ་མ་མཆིས་པ་ལགས། ཇི་ལྟར་ན་སྙིང་བརྩེ་བ་མ་མཆིས་པ་ལགས། ཇི་ལྟར་ན་སྙིང་རྗེ་བ་མ་མཆིས་པ་ལགས། བཀའ་སྩལ་པ། ་འཇིགས་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སས་འཇིགས་པའོ།། མངོན་པར་དགའ་བ་མེད་པ་ཅེས་བྱ་བ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ་བ་མེད ་པའོ།། སྙིང་བརྩེ་བ་མེད་པ་ནི། ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་བཏང་བ་ལའོ།། སྙིང་རྗེ་བ་མེད་པ་ནི། ནང་གི་དངོས་པོ་མགོ་ལ་སོགས་པ་ཡོངས་སུ་བཏང་བ་ལ་སྟེ་དེ་ནི་ཚུལ་ལོ།། རིགས ་ཀྱི་བུ་དག་དེ་ལྟ་བས་ན། བདེན་པ་ཡོང་ཁོང་དུ་ཆུད་པར་གྱིས་ཤིག། བརྫུན་དུ་སྨྲ་བ་ཡང་མ་སྤངས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟ་ན། བྱང་ཆུབ་སེམས་དཔའ་རྣམས་བདེན་པ་ཁོང ་དུ་ཆུད་པར་བགྱིད་པ་ལགས། ཇི་ལྟར་ན་བརྫུན་དུ་སྨྲ་བ་མི་སྤོངས་ལགས། བཀའ་སྩལ་པ། བདེན་པ་ཁོང་དུ་ཆུད་པར་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་འདུལ་བའི་ཕྱིར་རོ།། བརྫུན་དུ ་སྨྲ་བོ་མི་སྤོང་བ་ནི་འདུས་བྱས་ཐམས་ཅད་ལ་ཉེ་བར་སྤྱོད་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བསན་ཕ་རོལ་ཏུ་ཕྱིན་པར་གྱིས་སོ།། ཚུ་རོལ་གྱི་ངོགས་ལ་བལྟ་བོར་གྱིས་ཤིག། ་རོལ་ཏུ་ཕྱིན་པར་མ་བྱེད་པར་ཕ་རོལ་གྱི་ངོགས་ལ་བལྟ་བར་བྱོས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔལ་ཏུ་ཕྱིན་ཅིང་ཚུ་རོལ་གྱི་ངོགས་ལ་བལྟ་བ་ལག ་ཇི་ལྟར་ན་ཕ་རོལ་དུཏུ་བྱིན་པར་མི་བགྱིད་ཅིང་ཕ་རོལ་གྱི་ངོགས་ལ་ལྟ་བ་ལགས། བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་བསམ་པ་ལའོ།། ཚུ་རོལ ་གྱི་ངོགས་ལ་བལྟ་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།། ཕ་རོལ་ཏུ་ཕྱིན་པར་མི་བྱ་བ་ནི་ཕ་རོལ་ཏུ་བསྒྲལ་བའི་ཕྱིར་རོ།། ཕ་རོལ་གྱི་ངོགས་ལ་བལྟ་བ་ནི་རྟག་ཏུ་མྱ་ངན་ལས ་འདའ་བ་ལ་གཞོལ་བར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། རྟག་ཏུ་མི་མཐུརན་པར་ཡང་གྱིས་ལ་རྩོད་པ་མེད་པ་མཆོག་ཏུ་ཡང་གྱིས་ཤིག། བྱམས་པ་ལ་ཡང་གནས་ལ་སྐྱོན ་ཡང་མཐོང་བར་གྱིས་ཤིག། གསོལ་པ།། བཅོམ་ལྡན་འདས་ཇི་ལྟར་ན།། བྱང་ཆུབ་སེམས་དཔའ་དབ་རྟག་ཏུ་མི་མཐུན་པར་བགྱིད་པ་དང་རྩོད་པ་མ་མཆིས་པ་མཆོག་ཏུ་བགྱིད་པ་ལགས། ཇི་ལྟར་ན་བྱམས་པ་ལ་གནས་ཤིས ་རྒྱུན་དང་ང་གླུན་དུ་ས་དུ་ས་སྤྱ ་། བྱ་མ་པལ་གནས་པ་ནི་སེམས་ཅན་པངས་སུ་བསྒྲུབ་གྱུར་རོ།། སྐྱེ་པ་མེད་ས་སུ་ས་ས་པོ་ཡང་བ་དེ་དི་རྒྱལའོ།། རིགས་ཀྱི་བདག་རྒྱུ་མེད། ང་པཡང ་བྱང་ཅིག། མི་བང་པར་ཡང་བྱུང་བར་མ་བྱེད་ཅིག། ཟེད་པའི་ཆོས་ཉིད་ཀྱང་ཁོང་དུ་ཆུ་པར་གྱིས་ཤོག།། གསོལ་བ། བཅོམ་ལྡན་འདས་ཇི་ས་ན། བྱ་ཆུབ་སངས་དཔ་རྣམས་པང་དུ་འངས ་མི་མྱོད་པ་ལགས། ཇི་ལྟར་ན་མ་ཟང་པོར་མི་ལྟུང་བ་ལགས། ཇི་ལྟར་ན་ཟང་པའི་ཆོམ་ཚད་ཁོང་དུ་ཆུད་བ་ལགས། བཀའ་སྩལ་པ། ཟད་པ་ཞེསོ་བྱ་བ་ནི་འདུས་བྱས་སོ།། མཽ་ད་པ་ཞེས ་ནི་འདུས་མ་བྱས་སོ།། དེ་ལ་བྱང་ཆུ་སདཔས་དགེ་པའི་རྩ་བ་བསགས་པའི་ཕྱིར། འདུས་བྱས་ཀྱང་དྲང་པར་མི་བྱའོ།། ཐབས་ལ་མཁས་པས། འདུས་མ་བྱས་སུ་ལོང་ཟུང་བར་མི་བྱའོ།། ཛཱད ་དེའི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་བ་ནི། མི་རྟག་པའི་མཐར་འགྱུར་བ་སྟེ་དེ་ནི་ཚུལ་ལ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། མུན་པའི་ནང་ན་ཡང་གནས་པར་གྱིས་ཤོག། སྣང་བ་ཡིང་ཟིན་པར་གྱིས་ཤིག། ་མི་བྱ་བ་ནི་གྱིས་ཤིག། བྱ་བ་ནི་ཡོལ་བར་ཞོག་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མུན་པའི་ནང་ན་གནས་པ་ལགས། ཇི་ལྟར་ན་སྣང་བ་ཟིན་པ་དང་། ་ཇི་ལྟར་ནམ་པབྱེ་བ་བབྱེད་པ་ལགས། ཇི་ས་ན་འགྱི་བ་ལལ་བར་གཞོག་པ་ལགས། བཀའ་སྩལ་པ། མུན་པ་ཞེས་བྱ་བ་ན་མ་ཤེས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་པ་ཞེས། ་བ་རྣམས་ཀྱི་དོན་དུ་བདེན་པ་ཐོབ་པར་བྱའོ།། སྣང་བ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཤེས་རབ་དེས་ཀྱང་མུན་པ་བསལ་བར་བྱའོ།། མི་བྱ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། བྱ་བ་ཞེས་བྱ་བ་ནི་མངོན་པར ་འདུ་བྱ་བ་མེད་པའོ།། དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་གཞག་པར་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟབ་མའི་ཆོས་ཀྱི་སྣང་བ་ལ་ཡང་གནས་པར་གྱིས་ཤིག། སྣང་བའི་ཆོས ་རྣམས་ལ་ཡང་བརྙས་པར་མ་བྱེད་ཅིག། སྣང་བ་དང་མི་སྣང་བ་ལ་ཡང་མ་གནས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཟབ་མའི་ཆོས་ཀྱི་སྣང་བ་ལ་གནས་པ་ལགས། ་ཇི་ལྟར་ན་སྣང་བར་བྱུང་བའི་ཆོས་རྣམས་ལ་བརྙས་པ་ལ་མཆིས་པ་ལགས། ཇི་ལྟར་ན་སྣང་བ་དང་མི་སྣང་བ་ལ་གནས་པ་ལགས། བཀའ་སྩལ་པ། ཟབ་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལ ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་བ་ཐམས་ཅད་དང་བྲལ་བ་ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་རིག་པར་བྱའོ།། ཆོས་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བས་སྣང་བར་གྱུར་པ་དེ ་དག་ལ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྙས་པར་མི་བྱའོ།། སྣང་བ་དང་མི་སྣང་བ་ལ་གནས་པར་མི་བྱ་བ་ནི་གཉིས་དང་བྲལ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ་གང་ཡང་དག་པར་བསྡུ་བར་བྱ་བ་དེ་ལ་འདོད་པ་མེད་པར་གྱིས་ཤིག། ཡང་དག་པར་བསྡུ་བའི་ཕྱིར་ཡང་བརྩོན་འགྲུས་མ་གྲོང་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ་བྱང་ཆུབ་སེམས་དཔའ་རྣམས་གང་ཡང་དག་པར་བསྡུ་བར་བགྱི་བ་དེ་ལ་འདོད་པ་མ་མཆིས་པ་ལགས། ཇི་ལྟར་ན་ཡང་དག་པར་བསྡུ་བ་བགྱི་བའི་སྲད་དུ་བརྩོན་འགྲུས་གླད་པར་མི་བགྱི་བ་ལགས། བཀའ་སྩལ་པ། ཡང ་དག་པར་བསྡུ་བ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་སོ།། དེ་ལ་འདོད་པ་མེད་པ་ནི་མི་ལྟ་བར་སེམས་ཅན་རྣམས་ལ་བཏང་བའོ།། ཡང་དག་པར་བསྡུ་བ་ལ་བརྩོན་འགྲུས་མི་ཀློང་པ་ནི་དགེ་བའི་རྩ་བ་ལ་ངོམས་མི། ་ཤེས་པར་བརྩོན་པར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གཏིང་དཔག་དཀའ་བར་ཡང་གྱིས་ཤིག། སྤྱོད་པ་གསལ་བ་ལ་ཡང་སྣང་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་གཏིང་དཔག་དཀའ་བ་ལགས། ཇི་ལྟར་ན་སྤྱོད་པ་ལ་གསལ་བ་ལ་ཡང་དགའ་བ་ལགས། བཀའ་སྩལ་པ། གཏིང་དཔག་དཀའ་བ་ཞེས་བྱ་བ་ནི་ཟབ་པ ་ལ་སྙོམས་པར་འཇུག་པ་སྟེ། གང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་གཏོང་མི་རྙེད་པའོ།། སྤྱོད་པ་གསལ་བ་ལ་ཡང་སྣང་བ་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་འདྲ ་བར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ལམ་ལས་གཟུར་བར་གྱིས་ཤིག། ལམ་གོལ་བ་ནི་ཡང་སྣང་བར་གྱིས་ཤིག། ཡང་དག་པའི་ལམ་ཡང་མ་དོར་ཅིག། གསོལ་པ། བཅོམ ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ལམ་ལས་འཛུར་བ་ལགས། ཇི་ལྟར་ན་ལམ་གོལ་བ་ན་ཡང་བདག་པ་ལགས། ཇི་ལྟར་ན་ཡང་དག་པའི་ལམ་མི་འདོར་བ་ལགས། བཀུར ་སྩལ་པ་ལམ་ལས་འཛུར་བ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་ལས་འབྱོལ་བའོ།། ལམ་གོལ་བ་ན་སྣང་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།། ཡང་དག་པའི་ལམ ་མི་འདོར་བ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཕྱིར་མི་ལྡོག་པའི་གོ་ཆ་ཡང་བགོ་བར་གྱིས་ཤིག། ཐམས་ཅད་ལས་ཀྱང་ཕྱིར་མི་ལྡོག་པར ་གྱིས་ཤིག། ཕྱིར་ལོག་ནས་ཀྱང་སྒྲོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་གོ་ཆ་བགོས་པ་ལགས། ཇི་ལྟར་ན་ཐམས་ཅད་ལས ་ཕྱིར་མི་ལྡོག་པ་ལགས། ཇི་ལྟར་ན་ཕྱིར་ལོག་ནས་སྒྲོལ་བ་ལགས། བཀའ་སྩལ་པ། ཕྱིར་མི་ལྡོག་པའི་གོ་ཆ་བགོས་ཞེས་བྱ་བ་ནི་ཆོས་དང་མཐུན་པའི་དམ་བཅས་པ་ལ་གནས་པའོ།། ཐམས་ཅད་ལས ་བྱོར་ལྡོག་པ་ནི་ཆོས་དང་མི་མཐུན་པའི་དམ་བཅས་པ་ལས་ལྡོག་པའོ།། ཕྱིར་ལོག་ནས་བསྒྲལ་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱིས་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདུམ་པར་གྱིས་ཤིས ་རྟག་ཏུ་བྱེ་བར་བྱིས་ཤིག། བརྟན་པར་གྱིས་ཤིག། བློ་རྒོད་ཅིང་མི་རྒོད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་འདུམ་པ་ལགས། ཇི་ལྟར ་ན་རྟག་ཏུ་བྱེ་བ་ལགས། ཇི་ལྟར་ན་བརྟན་པ་ལགས། ཇི་ལྟར་ན་བློ་རྒོད་ཅིང་མི་རྒོད་པ་ལགས། བཀའ་སྩལ་པ། འདུམ་པ་ཞེས་བྱ་བ་ནི་བདུད་ཟིལ་གྱིས་མནན་པའི་ཕྱིར་རོ།། ་རྟག་ཏུ་བྱེ་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མི་གནས་པའི་སེམས་གཞན་དང་གནན་ཤེས་པའོ།། བརྟན་པ་ནི་བསྒྲུབ་པ་ལའོ།། བློ་རྒོད་ཅིང་མི་རྒོད་པ་ནི་དགེ་བའི་ཆོས་གཞན་དང་གཞན་ལ་དམིགས་པའི ་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། རྗེས་སུ་ཆགས་པར་ཡང་གྱིས་ཤིག། རྟག་ཏུ་ཞེ་འབྲས་པར་ཡང་གྱིས་ཤིག། ཡུན་རིང་པོར་བལྟ་བར་ཡང་གྱིས་ཤིག། བྱས་པ་མི་གཟོ་བར་ཡང ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་ཆགས་པ་ལགས། ཇི་ལྟར་ན་རྟག་ཏུ་ཞེ་འགྲས་པ་ལགས། ཇི་ལྟར་ན་ཡུན་རིང་པོར་ལྟ་བ་ལགས། ་ཇི་ལྟར་ན་བྱས་པ་མི་གཟོ་བ་ལགས། བཀའ་སྩལ་པ། རྗེས་སུ་ཆགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ།། ཞེ་འགྲས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་ལའོ།། ཡུན་རིང་པོར་བལྟ་བ་ནི་འཁོར་བ་ཡོད། ་སུ་བཟུང་བའི་ཕྱིར་རོ།། བྱས་པ་མི་གཟོ་བ་ནི་སྡིག་པ་བྱས་པ་རྣམས་ལ་ཕྱིར་ལན་མི་གློན་པ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏོང་བ་ཡང་ཤིན་ཏུ་ཐོང་ཤིག། སེར་སྣ་ཅན་དུ་ཡང་གྱིས་ཤིག། ་འཛིན་པའི་སེམས་ཀྱང་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མ། བྱང་ཆུབ་སེམས་དཔའ་རྣམས་གཏོང་བ་ཤིན་ཏུ་གཏོང་བ་ལགས། ཇི་ལྟར་ན་སེར་སྣ་ཅན་ལགས། ཇིཿ ་ན་འཛིན་པའི་སེམས་མ་མཆིས་པ་ལགས། བཀའ་སྩལ་པ། གཏོང་བ་ཤིན་ཏུ་བཏང་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་བཏང་བའི་ཕྱིར། སྦྱིན་པ་བཏང་བའོ།། སེར་སྣ་ཅད་དུ་བྱ་བ་ནི་རྗོང། ་དུ་མགྱུར་པ་རྣམས་ལའོ།། འཛིན་པ་མེད་པའི་སེམས་སུ་བྱ་བ་ནི། ཆོས་ལ་སློབ་དབེན་གྱི་དཔེམ་བུད་མེད་པར་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་སྤངས་པ་དེ་དག་ནི་ཡོངས་སུ ་གར་གང་དག་ཡོངས་སུ་བཟུང་བ་དེ་དག་ནི་ཡལ་བར་ཞོག་ཤིག། ནང་པ་ལྟར་ཡང་གྱིས་ཤིག། ནི་བ་རྣམས་ཀྱང་གསོས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམ ་གང་དག་ཡོངས་སུ་འཛིན་པ་ལགས། ཇི་ལྟར་ན་གང་དག་ཡོངས་སུ་བཟུང་བ་དེ་དག་ཡལ་བར་འཇོག་པ་ལགས། ཇི་ལྟར་ན་ནད་པ་ལྟ་བུར་གྱུར་པ་ལགས། ཇི་ལྟར་ན་ན་བ་རྣམས་ཀྱང་གསོ་བ་ལགས།། ་བཀའ་སྩལ་བ། གང་དག་སྤངས་པ་དེ་དག་ཡོངས་སུ་བཟུང་བ་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་སངས་རྒྱས་ས་ཅད་ཀྱིས་སྤངས་པ་དག། བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་བར་བྱ་བའོ།། གང་དག ་ཡོངས་སུ་བཟུང་བ་དེ་དག་ཡལ་བར་གཞག་པ་ནི། སློབ་པ་དང་མི་སློབ་པ་ཐམས་ཅད་དོ།། ནད་པ་ལྟར་ཡང་བྱ་ཞིང་ན་བ་རྣམས་ཀྱང་གསོ་བར་བྱ་བ་ནི་བསམས་བཞིན་དུ་རྒ་བ་དང་ན་བ་བསྟན་ནས་སོ་སོའི་སྐྱེ ་རྣམས་ལ་ཆོས་བསྟན་པ་སུ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བསན། བདུད་ཀྱི་ལས་རྣམས་ནི་འབར་བར་གྱིས་ཤིག། སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འངས། ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་རྣམས་ནི་འབར་བར་བགྱིད་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་བགྱིད་པ་ལགས་། བཀའ་སྩལ་པ་བདུད། ་ཀྱི་ལས་འབར་བར་བྱེད་པ་ནི་དགེ་བའི་ཆོས་ལ་བརྩོན་པ་རྣམས་ལའོ།། སངས་རྒྱས་རྣམས་ཀྱི་ཆོས་ནི་བར་བྱེད་པ་ནི།། ཆོས་ཐམས་ཅད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་མེད་པར་སྦྱོར་བ་སྟེ་དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྣམས་དང་ནི་འཐབ་པར་གྱིས་ཤིག། སྟོན་པ་ནི་མ་ཚོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བདུད་དང་འཐབ་པ་ལགས།། ་ཇི་ལྟར་ན་སྟོན་པ་མི་ཚོལ་བ་ལགས། བཀའ་བྲལ་བ། བདུད་དང་འབབ་པར་བྱ་བ་ནི།། བྱང་ཆུབ་སེམས་དཔའ་དག་གང་གི་ཚེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེའི་ཚེ། བར་ཆད་བྱ་བའི་ཕྱིར་བདུད་བརྩོན་པར་བྱེད་པ ་ནའོ།། སྟོན་པ་མི་ཚོལ་བ་ནི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་དེ་ཁྱེད་ཀྱིས་མ་སྨད་ཅིག། གང་ལ་ཉན་ཐོས ་མངོན་པར་དགའ་བ་དེ་ལ་ཁྱེད་དགའ་བར་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་གང་དག་ཉན་ཐོས་ཀྱིས་སྨད་པར་བགྱིད་པ་དེ་དག་ལ་མི་སྨད་པ ་ལགས། ཇི་ལྟར་ན་གང་ལ་ཉན་ཐོས་དགའ་བ་དེ་ལ་མི་དགའ་བ་ལགས། བཀའ་སྩལ་པ། ཉན་ཐོས་ནི་སྐྱེ་བའི་གནས་རྣམས་ལ་སྨོད་དེ། དེ་དག་ཁྱེད་ཀྱིས་སྨད་པར་མི་བྱའོ།། ཉན་ཐོས་ནི་རང ་ཡོངས་སུ་མྱ་ངན་ལས་འདའ་བ་ལ་མངོན་པར་དགའ་ན། དེ་ལ་ཁྱད་ཀྱིས་མངོན་པར་དགའ་བར་མི་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། འཇིག་རྟེན་ན་གནས་པར་གྱིས་ཤིག ་འཇིག་རྟེན་གྱིས་ཆོས་རྣམས་མྱོང་བར་གྱིས་ཤིག། འཇིག་རྟེན་གྱིས་ཀྱང་མ་གོས་པར་གྱིས་ཤིག། འཇིག་རྟེན་ན་ཐོགས་པ་རྣམས་ཀྱང་སྒྲོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ན་གནས་པ་ལགས། ཇི་ལྟར་ན་འཇིག་རྟེན་གྱི་ཆོས་རྣམས་མྱོང་བ་ལགས། ཇི་ལྟར་ན་འཇིག་རྟེན་གྱིས་མི་གོས་པ་ལགས། ཇི་ལྟར་ན་འཇིག་རྟེན་དུ་ཐོག། ་བསྒྲོལ་བ་ལགས། བཀའ་སྩལ་པ། འཇིག་རྟེན་ན་གནས་པར་བྱ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་རྣམས་སུའོ།། འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་བྱ་བ་ནི་འཇིག་རྟེན ་བྱི་ཆེས་བརྒྱད་པོ་དག་གོ། འཇིག་རྟེན་གྱིས་མི་གོས་པར་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པའི་ཕྱིར་རོ།། འཇིག་རྟེན་དུ་ཐོགས་པ་བསྒྲལ་བའི་ཁམས་གསུམ་གྱི་བཙོན་ར་ནས་འདོད་པ་སྟེ་དེ། ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་གྱིས་ཤིག། ལྕི་བར་གྱིས་ཤིག། སྡུག་བསྔལ་བར་གྱིས་ཤིག། བདེ་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམ། ་དཔའ་རྣམས་ཡང་བ་ལགས། ཇི་ལྟར་ན་ལྕི་བ་ལགས། ཇི་ལྟར་ན་སྡུག་བསྔལ་བ་ལགས། ཇི་ལྟར་ན་བདེ་བ་ལགས། བཀའ་སྩལ་པ། ཡང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ལ་ཡོད་པ་ལ་སྙིང ་ལས་སུ་བྱེད་པའོ།། ཝུ་བ་ནི་ཡི་དམལ་བསྟན་པའོ།། སྡུག་བསྔལ་བར་བྱ་བ་ནི་པོ་མཐུན་པའི་གཉེན་པོ་རྣམས་ལའོ།། བདེ་བར་བྱ་བ་ནི་བསོད་ནམས་བྱས་པའི་ཕྱིར་ཏེ་ནི་ཚུབ་འོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན། མི་སྣང་བར་ཡང་གྱིས་ཤིག། ཐམས་ཅད་དུ་སྣང་བར་ཡང་གྱིས་ཤིག། བྱོལ་བར་བྱ་བ་རྣམས་ལས་ནི་བྱོལ་ཅིག། བསྡང་བར་བྱ་བ་རྣམས་ལ་ནི་སྡོད་ཅིག། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ལ་མི་གནའ་བ་ཡང་ལགས། ཇི་ལྟར་ན་ཐམས་ཅད་དུ་གདའ་བ་ཡང་ལགས། ཇི་ལྟར་ན་བྱོལ་བར་བགྱི་བ་རྣམས་ལ་བྱོལ་བ་ལགས། ་ལྟར་ན་བསྡད་པར་བགྱི་བ་རྣམས་ལ་སྡོད་པ་ལགས། བཀའ་སྩལ་པ། མི་སྣང་བར་བྱ་བ་ནི་ལྷུང་བ་དང་འཁྲུལ་པ་ཐམས་ཅད་ལས་ཡང་དག་པར་འདས་པར་བྱའོ།། ཐམས་ཅད་དུ་སྣང་བར་ཡང་བྱ་བ་ནི། བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། བྱོལ་བར་བྱ་བ་རྣམས་ལས་བྱོལ་བ་ནི་འཐབ་མོ་དང་། རྩོད་པ་རྣམས་ལས་སོ།། བསྡད་པར་བྱ་བ་རྣམས་ལ་སྡོད་པ་ནི། སེམས་ཅན་ཚོགས་པར ་བྱ་བའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱས་པ་རྣམས་ལ་ཡང་གནས་པར་གྱིས་ཤིག། བྱས་པ་རྣམས་ལ་ཡང་གནས་པར་གྱིས། བྱས་པ་དང་མ་བྱས་པ་རྣམས་ལ་ཡང་སེམས ་མཉམ་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མ་བགྱིས་པ་རྣམས་ལ་གནས་པ་ལགས། ཇི་ལྟར་ན་བགྱིས་པ་རྣམས་ལ་ཡང་གནས་པ་ལགས ་ཇི་ལྟར་བབྱིས་པ་དང་མ་བགྱིས་པ་རྣམས་ལ་ཡང་སེམས་མཉམ་པ་ལགས། བཀའ་སྩལ་པ། མ་བྱས་པ་རྣམས་ལ་ཡང་གནས་པར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་གྱུར་རོ།། བྱས་པནན། ་ལ་གནས་པ་ནི། དགེ་བའི་རྩ་བ་དེའི་གོང་མའི་ཆོས་དང་སྦྱར་བར་བྱ་བའི་ཕྱིར་རོ།། བྱས་པ་དང་མ་བྱས་པ་རྣམས་ལ་སེམས་མཉམ་པར་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་བ ་རྣམས་ལ་བྱེ་བྲག་མེད་པའི་འདུ་ཤེས་སུ་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། སྙིང་པོ་མེད་པ་ལས་ཀྱང་སྙིང་པོ་ཚོལ་ཅོག། སྙིང་པོ་ལ་ཡང་སྙིང་པོ་མེད་པའི་འདུ་ཤེས་བསྐྱེད་ཅིང་། ་སྙིང་པོ་དང་སྙིང་པོ་མེད་པ་ལ་ཡང་སྤྱོད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་མ་མཆིས་པ་ལ་སྙིང་པོ་ཚོལ་བ་ལགས། ཇི་ལྟར་ན་སྙིང་པོ་ལ་སྙིང་པོ་ལ་མ ་པར་འདུ་ཤེས་བསྐྱེད་པ་ལགས། ཇི་ལྟར་ན་སྙིང་པོ་དང་སྙིང་པོ་མ་མཆིས་པ་ལ་སྤྱོད་པ་ལགས། བཀའ་སྩལ་པ། སྙིང་པོ་མེད་ཅེས་བྱ་བ་ནི། ལུས་དང་སྲོག་དང་ལོངས་སྤྱོད་རྣམས་ཏེ། དེ་ལས ་དམ་པའི་ཆོས་ཡོངས་སུ་རྫོགས་པར་བྱ་བས་སྙིང་པོ་བཙལ་བའོ།། སྙིང་པོ་ཞེས་བྱ་བ་ནི། འདུས་མ་བྱས་ཏེ། སངས་རྒྱས་ཀྱི་ཆོས་ལ་གཟུང་བའི་ཕྱིར་ཏེ་དེ་ལ་སྙིང་པོ་མ་ཡིན་པོའི་འདུ་ཤེས་བསྐྱེད་པ ་བྱའོ།། སྙིང་པོ་དང་སྙིང་པོ་མ་ཡིན་པ་ལ་སྤྱོད་པ་ནི། འདུས་བྱས་དང་འདུས་མ་བྱས་ཀྱིས་ཆོས་རྣམས་ལོ་བློ་བཏང་བ་ལྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། དམ་བཅས་པ་ནི་ཉམ་པར་རྒྱས་ཤེག ་ཚུལ་ཁྲིམས་ནི་མ་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ལྟོས་ཤིག། ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ཡལ་བར་ཞོག་ཤིག། གསོལ་པ། བཅོམ་ལྡན ་འདས་ཇི་ལྟར་ནབྱང་ཆུབ་སེམས་དཔའ་རྣམས་དམ་བཅས་པ་ཉམས་པར་བགྱིད་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་མ་ཉམས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ལགས།། ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཡལ་བར་གཞོག་པ་ལགས། བཀའ་སྩལ་པ། དམ་བཅས་པ་ཉམས་པར་བྱ་བ་ནི་དགེ་བའི་རྩ་བ་གོང་མ་དང་། གོང་མ་ལ་ལྷགས་པར་དམིགས་པའི་ཕྱིར། ་རོ། ཚུལ་ཁྲིམས་མ་ཉམས་པར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་དམིགས་པའི་ཕྱིར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ནི། ཚུལ་ཁྲིམས་ལ་སྦྱར་བའི་ཕྱིར་རོ།། ཚུལ་ཁྲིམས་དང་ལྡན་པ ་རྣམས་ཡལ་བར་བཞག་པའི་བྱ་བ་བྱས་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གཞན་གྱི་ནོར་ལ་དགའ་བར་གྱིས་ཤིག། རང་གི་ནོར་ནི་ཡོངས་སུ་ཐོང་ཤིག། ཉེ་བར་གནས་པར་གྱིས ་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་ནོར་ལ་དགའ་བ་ལགས། ཇི་ལྟར་ན་རང་གི་ནོར་ཡོངས་སུ་གཏོང་བ་ལགས། ཇི་ལྟར་ན་ཉེ་བར་གནས་པ་ལག། ་བཀའ་སྩལ་པ། གཞན་གྱི་ནོར་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས ་སུ་ས་རང་བར་བྱ་བའོ།། རང་གི་ནོར་ཡོངས་སུ་བཏང་བ་ནི། རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏང་བར་བྱའོ།། ཉེ་བར་གནས་པར་བྱ་བ་ནི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའི་ཕྱིར། ་ཏེདེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མཆོག་ཏུ་ཕྱིན་པར་ཡང་གྱིས་ཤིག། སེམས་དམའ་བར་ཡང་གྱིས་ཤིག། ལེ་ལོ་ཅན་དུ་ཡང་གྱོས་ཤིག། རྟག་ཏུ་བརྩོན་པར་ཡང་གྱིས་ཤིག། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མཆོག་ཏུ་ཕྱིན་པ་ལགས། ཇི་ལྟར་ན་སེམས་དམར་བ་ལགས། ཇི་ལྟར་ན་ལེ་ལོ་ཅན་ལགས། ཇི་ལྟར་ན་རྟག་ཏུ་བརྩོན་པ་ལགས། བཀའ ་སྩལ་པ། མཆོག་ཏུ་ཕྱིན་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་སོ།། སེམས་དམའ་བ་ནི་ང་རྒྱལ་མེད་པའི་ཕྱིར་རོ།། ལེ་ལོ་ཅན་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བ་ལའོ།། རྟག་ཏུ་བཙོན ་པ་ནི་ཕ་རོལ་ཕྱིན་པ་རྣམས་ལ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་བསྲུན་པར་ཡང་གྱིས་ཤིག། དུལ་བའི་ས་ལ་གནས་པར་ཡང་གྱིས་ཤིག། འཇིགས་པར་ཡང་གྱིས་ཤིག། སེང ་གེའི་རྩལ་གྱིས་རྣམ་པར་གནོན་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་བསྲུན་པ་ལགས། ཇི་ལྟར་ན་དུལ་བའི་ས་ལ་གནས་པ་ལགས ་ཇི་ལྟར་ན་འཇིགས་པ་ལགས། ཇི་ལྟར་ན་སེང་གེའི་རྩལ་གྱིས་རྣམ་པར་གནོན་པ་ལགས། བཀའ་སྩལ་པ། མི་བསྲུན་པར་བྱ་བ་ནི་བདུད་ཐམས་ཅད་གདུལ་བའི་ཕྱིར་རོ།། དུལ་བའི་ས་ལ ་གནས་པ་ནི་སེམས་ཅན་ཅང་ཤེས་གདུལ་བའི་ཕྱིར་རོ།། འཇིགས་པར་བྱ་བ་ནི་སྡིག་པ་ཐམས་ཅད་ལས་སོ།། སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་བྱ་བ་ནི་ཕས་ཀྱི་རྒོལ ་བ་ཐམས་ཅད་སྨ་དབབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་དུ་འོང་བར་ཡང་གྱིས་ཤིག། ཡིད་དུ་མི་འོང་བར་ཡང་གྱིས་ཤིག། སྨད་དུ་མེད་པར་ཡང་གྱིས་ཤིག། སྨད་དུ་ཡོད ་པར་ཡང་བྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་དུ་འོང་བ་ལགས། ཇི་ལྟར་ན་ཡིད་དུ་མི་འོང་བ་ལགས། ཇི་ལྟར་ན་སྨད་དུ་མ་མཆིས་པ ་ལགས། ཇི་ལྟར་ན་སྨད་དུ་མཆིས་པ་ལགས། བཀའ་སྩལ་པ། ཡིད་དུ་འོང་བར་བྱ་བ་ནི་ཡོན་ཏན་གྱིས་ཕྱུག་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་བྱོན་པའོ།། ཡིད་དུ་མི་འོང ་བ་ནི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པའི་ཕྱིར། བདུད་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའོ།། སྨད་དུ་མེད་པ་ནི་ལུས་དང་ངག་དང་། ཡིད་ཡོང་སུ་དག་པའི་ཕྱིར་རོ།། སྨད་དུ ་ཡོད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལ་སྨོད་པའི་ཕྱིར་ཏེ་ནི་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། རྨ་བྱུང་བ་རྣམས་ལ་རྨ་མ་འབྱིན་ཅིག། རྨ་མ་བྱུང་བ་རྣམས་ལ་རྨ་ཕྱུང་ཤིག། ཡེ་ཤེས ་ཚོལ་ཅིག། ཡེ་ཤེས་ཀྱི་བྱ་བ་རྣམས་ལ་དགའ་བར་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་རྨ་བྱུང་བ་རྣམས་ལ་རྨ་མིའི་བྱིན་པ་ལགས། ་ཇི་ལྟར་ན་ཟླུ་མ་བྱུང་བ་རྣམས་ལ་རྨ་འབྱིན་པ་ལགས། ཇི་ལྟར་ན་ཡེ་ཤེས་ཚོལ་བ་ལགས། ཇི་ལྟར་ན་ཡེ་ཤེས་ཀྱི་འབྱི་བ་རྣམས་ལ་མི་དགའ་བ་ལགས། བཀའ་སྩལ་པ། རྨ་བྱུང་བ་རྣམས། ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་སྟེ། དེ་ལ་རྨ་དབྱུང་བར་མི་བྱའོ།། རྨ་མ་བྱུང་བ་རྣམས་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོ་ཐམས་ཅད་དེ། དེ་དག་ནི་རྨ་དབྱུང་བར་བྱའོ།། ཡེ་ཤེས་བཙལ ་བར་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ།། ཡེ་ཤེས་ཀྱི་བྱ་བ་ལ་དགའ་བར་མི་བྱ་བ་ནི་འདུས་མ་བྱས་སུ་ལྷུང་བར་མི་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མཉམ་པར་གཞག་པར་ཡང ་གྱིས་ཤིག། སེམས་རྣམ་པར་གཡེང་བར་ཡང་གྱིས་ཤིག། སེམས་མི་གནས་པར་ཡང་གྱིས་ཤིག། རྟག་ཏུ་སྙོམས་པར་ཞུགས་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང ་ཆུབ་སེམས་དཔའ་རྣམས་མཉམ་པར་གཞག་པ་ལགས། ཇི་ལྟར་ན་སེམས་རྣམ་པར་གཡེང་བར་བགྱིད་པ་ལགས། ཇི་ལྟར་ན་སེམ་མི་གནས་པ་ལགས། ཇི་ལྟར་ན་རྟག་ཏུ་སྙོམས་པར་ཞུགས་པ་ལག། ་བཀའ་སྩལ་པ། མཉམ་པར་གཞག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སོ།། སེམས་རྣམ་པར་གཡེང་བར་བྱ་བ་ནི་ཉན་ཐོས་ཀྱི་སེམས་ལས་སོ།། མི་གནས་པ་ནི་དེ་ལ་མི་ཚུགས་པའི་ཕྱིར་རོ།། རྟག་ཏུ ་སྙོམས་པར་ཞུགས་པ་ནི། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བསྲེག་པར་བྱ་བ་ནི་སྲེགས་ཤིག། ཚིག་པ་ནི་བསྐྱོད་ཅིག། སྐྱེས་པ ་ནི་ཐོང་ཤིག། རྣམ་པར་ཕྱེ་བ་ནི་སྡུས་ཤོག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་སྲེག་པར་བགྱི་བ་བསྲེག་པ་ལགས། ཇི་ལྟར་ན ་ཚིག་པ་རྣམས་བསྐྱེད་པ་ལགས། ཇི་ལྟར་ན་སྐྱེས་པ་རྣམས་གཏོང་བ་ལགས། ཇི་ལྟར་ན་རྣམ་པར་བྱེ་བ་རྣམས་སྡུད་པ་ལགས། བཀའ་སྩལ་པ། བསྲེག་པར་བྱ་བ་སྲེགས་པ་ནི་ཉོན་མོངས་པ་ཐམ ་ཅད་ཤེས་རབ་ཀྱི་མེས་བསྲེག་པའོ།། ཚིག་པ་བསྐྱེད་པ་ནི། ཐབས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཟུང་བའོ།། སྐྱེས་ནས་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ ་ཡོད་པ་ལ་སྙིང་ལས་སུ་བྱ་བའོ།། རྣམ་པར་ཕྱེ་བ་བསྡུ་བ་ཞེས་བྱ་བ་དེ་ནི་ཡོངས་སུ་བསྔོ་བའི་ཚིག་བླ་དགས་སོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། དུས་མ་ཡིན་པ་ནི་དུས་སུ་ཤེས་པར་གྱིས་ཤིག། ་དུས་ནི་དུས་མ་ཡིན་པར་ཤེས་པར་གྱིས་ཤིག། དུས་དང་དུས་མ་ཡིན་པ་ལ་མཁས་པར་ཡང་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་དུས་མ ་ལེགས་པ་ལ་དུས་སུ་འཚལ་བ་ལགས། ཇི་ལྟར་ན་དུས་ལ་དུས་མ་ལགས་པར་འཚལ་བ་ལགས། ཇི་ལྟར་ན་དུས་དང་དུས་མ་ལགས་པ་ལ་མཁས་པ་ལགསབཀའ་སྩལ་པ་གང་ཉན ་ཐོས་ཀྱིས་ཐོབ་པར་བྱ་བའི་དུས་དེ་ནི། བྱང་ཆུབ་སེམས་དཔའི་དུས་མ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན། ་པར་རྫོགས་པར་འཚང་རྒྱ་བ་ནི། བྱང་ཆུབ་སེམས་དཔའི་དུས་སོ།། དུས་དང་དུས་མ་ཡིན་པ་ལ་མཁས་པར་བྱ་བ་ནི། དུས་བཞིན་དུ་དགེ་བའི་རྒྱུ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ།། དགས། ་ཀྱི་བུ་དག་དེ་ལྟ་བས་ན། འབྱོར་པ་ནི་ཕྱེ་ཤིག། མ་འབྱོར་པ་ནི་སྦྱོར་ཅིག། འབྱོར་པ་དང་མ་འབྱོར་པ་ལ་ཆགས་པར་ཡང་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་འབྱོར་པ་འབྱེད་པ་ལགས། ཇི་ལྟར་ནམ་འབྱོར་པ་རྣམས་ནི་སྦྱོར་བ་ལགས། ཇི་ལྟར་ན་སྦྱོར་བ་དང་། མི་སྦྱོར་བ་ལ་མ་ཆགས་པ་ལགས། བཀའ་སྤྲུལ་པ་འབྱོར་པ་ནི་ཕྱིན ་ལོག་བཞི་འཁོར་བའི་འདམ་དང་འབྱོར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔོས་དབྱེ་བར་བྱའོ།། མ་འབྱོར་པ་ནི་མྱ་ངན་ལས་འདས་པའི་ཚུལ་བཞིན་ཡིད་ལ་བྱ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔས་སྦྱར་བར ་བྱའོ།། འབྱོར་པ་དངཔ་འབྱོར་བ་ལ་ཆགས་པར་མ་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་པ་དང་། སོ་སོའི་སྐྱེ་བོའི་སྤྱོད་པ་ལ་མ་ཆགས་པར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དོག་དེ ་ལྟ་བས་ན། དབུགས་བྱིན་པ་རྣམས་དབུགས་མ་དབྱུང་ཤིག། དབུགས་མ་ཕྱིན་པ་རྣམས་ནི་དབུ་གོས་ཕྱུང་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས ་དབུགས་ཕྱིན་པ་རྣམས་དབུགས་མི་འབྱིན་པ་ལགས། ཇི་ལྟར་ན་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་ལགས། བཀའ་སྩལ་པ། དབུགས་ཕྱིན་པ་རྣམས་དབུགས་མི་དབྱུང་བ་ནི་ཡོངས ་སུ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨོན་པར་མི་བྱ་བའོ།། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་ནི་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་རྨ་བྱུང་བར་ཡང་གྱིས་ཤིག། རྨ་སྨས་པར་ཡང་གྱིས་ཤིག། རྨ་བྱུང་བ་རྣམས་ནི་སོས་པར་གྱིས་ཤིག། རྨ་མ་བྱུང་བ་རྣམས་ནི་རྨ་མ ་འབྱུང་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་རྨ་འབྱིན་པ་ལགས། ཇི་ལྟར་ན་མ་སྨྲས་པ་ལགས། ཇི་ལྟར་ན་རྨ་བྱུང་བ་གས་པ་ལགས། ཇི་ལྟར ་ན་རྨ་མ་བྱུང་བ་རྨ་མི་འབྱིན་པ་ལགས། བཀའ་སྩལ་པ། རྨ་འབྱུང་བ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏང་བའི་ཕྱིར་རོ།། མ་སྨྲས་པར་བྱ་བ་ནི་སེམས་ཀྱིས་སོ།། མ་བྱུང་བ་རྣམས་གསོ ་བ་ནི་ལྷུང་བ་བྱུང་བ་རྣམས་ཆོས་བཞིན་དུ་བཅོས་པའོ།། མ་མ་བྱུང་བ་རྨ་མི་དབྱུང་བ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ལས་འགལ་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཉེ་བར ་འཚེར་མེད་པར་ཡང་གྱིས་ཤིག། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་ཡང་གྱིས་ཤིག། མ་བསགས་པ་རྣམས་ཀྱང་བསོགས་ཤིག། བསགས་པ་རྣམས་ཀྱང་སོགས་ཤིག། བསགས་པ། ་རྣམས་ཀྱང་ཆུང་མ་གཟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་འཚོར་མ་མཆིས་པ་ལགས། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ ་ལགས། ཇི་ལྟར་ན་མ་བསགས་པ་བསོག་པ་ལགས། ཇི་ལྟར་ན་བསགས་པ་ཆུང་མི་གཟོན་པ་ལགས། བཀའ་སྩལ་པ། ཉེ་བར་འཚེར་མེད་པ་ནི་བདུད་དང་། མུ་སྟེགས་ཅན་ཐམས་ཅད་ཀྱིས ་གླགས་མི་རྙེད་པའོ།། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ནི་དཔག་བསམ་རྒྱ་ཤིང་ལྟ་བུའོ།། མ་བསགས་པ་བསོགས་པ་ནི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ།། བསགས་པ་ཆུང་མི་གཟོན་པ་ནི་དགེ ་བའི་སེམས་སྐྱེས་སོ་ཅོག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྟོབས་ཆུང་བར་ཡང་གྱིས་ཤིག། སྟོབས་དང་ལྡན་པར་ཡང་གྱིས་ཤིག། རྟེན་པ་མེད་པར་ཡང ་གྱིས་ཤིག། དཔུང་གཉེན་མེད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་སྟོབས་ཆུང་བ་ལགསཇི་ལྟར་ན་སྟོབས་དང་ལྡན་པ་ལགས། ་ཇི་ལྟར་ན་ཡངས་མ་མཆོས་པ་ལགས། ཇི་ལྟར་ན་དཔུང་གཉེན་མ་མཆིས་པ་ལགས། བཀའ་སྩལ་པ། སྟོབས་ཆུང་ངུ་བྱ་བ་ནི་གནོད་པར་བྱེད་པ་རྣམས་ལ་ལན་མི་བྱ་བའོ།། སྟོབས་དང་ལྡན་པར་བྱ། ་བ་ནི་ཕན་པར་མི་བྱེད་པ་རྣམས་ལ་བཟོད་པས་ཕན་གདགས་པའོ།། རྟེན་པ་མེད་པར་བྱ་བ་ནི་སོ་སོ་རང་གིས་ཤེས་པས་སོ།། དཔུང་གཉེན་མེད་པར་བྱ་བ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ་དེ་ནི་ཚུལ ་ལོང་རིགས་ཀྱི་བུ་དག་དེ་ལྟ་བས་ན་དང་བདག་ནི་རྙོག་པ་ཅན་དུ་གྱིས་ཤིག། རྙོ་ག་པ་ཅན་དག་ནི་དང་བར་གྱིས་ཤིག། རྙོག་པ་མེད་པ་ཡང་གྱིས་ཤིག། རྟག་ཏུ་དང་བར་ཡང་གྱིས་ཤིག། གསོལ ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་དང་བདག་རྙོག་པ་ཅན་དུ་བགྱིད་པ་ལགས། ཇི་ལྟར་ན་རྙོག་པ་ཅན་དག་ནི་དང་བར་བགྱིད་པ་ལགས ་ཇི་ལྟར་ན་རྙོག་པ་མ་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་དང་བ་ལགས། བཀའ་སྩལ་པ་། དཔེ་བ་དག་རྙོག་པ་ཅན་དུ་བྱ་བ་ནི། མཉམ་པར་གཞག་པའི་སེམས་ལ་དགེ་བའི་རྩ་བ་དག་གིས་བསྒོ ་བའོ།། རྙོག་པ་ཅན་དག་དང་བར་བྱ་བ་ནི་ཉོན་མོངས་པས་རྙོག་པའི་སེམས་བྱང་ཆུབ་ཀྱི་སེམས་སུ་དང་བར་བྱ་བའོ།། རྙོག་པ་མེད་པར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་བསལ་བའོ།། རྟག་ཏུ་དང་བར་བྱ་བ ་ནི་སེམས་ཅན་ཐམས་ཅད་ལ་སེམས་དང་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ལུགས་ལས་བཟློག་པར་འཇུག་པར་ཡང་གྱིས་ཤིག། ལུགས་བཞིན་དུ་ཡང་སྤོབས་ཤིག། སྤྱིའུ་ཚུགས་ཀྱི ་རྒྱུད་ཀྱང་ཤེས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ལུགས་ལས་བཟློག་པར་འཇུག་པ་ལགས། ཇི་ལྟར་ན་ལུགས་བཞིན་དུ་སློབ་པ ་ལེགས། ཇི་ལྟར་ན་སྤྲིའུ་ཚུགས་ཀྱི་རྒྱུད་འཚལ་བ་ལགས། བཀའ་སྩལ་པ། ལུགས་ལས་བཟློག་པར་འཇུག་པར་བྱ་བ་ནི་བྱིམ་སོ་སོའི་སྐྱེ་བློ་ཐམས་ཅད་ཀྱི་སྤྱོད་པ་ལས་ཕྱིར་ལོག་པའོ།། ་ལུགས་བཞིན་དུ་བསླབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལའོ།། སྤྱིའུ་ཚུགས་ཀྱི་རྒྱུད་ཤེས་པར་བྱ་བ་ནི་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལོག་སྟེ ་འདོད་པའི་ཁམས་སུ་སྣང་བར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བསན། བདུད་རྩི་དང་དུག་སུམ་འདྲེས་པར་བྱོས་ཤིག་གདུག་མེད་པ་རྣམས་དང་ཡང་མ་བསྟེན་ཅིག། དུག་དང་ལྡན་པ་རྣམ། ་ལ་བདུད་རྩིའི་སྦྱིན་བ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་།། བྱང་ཆུབ་སེམས་དཔའ་རྣམས་བདུད་རྩི་དང་དུག་ཏུ་མ་འདྲེས་པ་ལགས། ཇི་ལྟར་ན་དུག་མ་མཆིས་པ་རྣམས་དང་མི ་བསྟེན་པ་ལ་གོས། ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བདུད་རྩིའི་སྦྱིན་པ་བགྱིད་པ་ལགས། བཀའ་སྩལ་པ། བདུད་རྩི་ཞེས་བྱ་བ་ནི་བག་ཡོད་པའོ།། དུག་ཅེས་བྱ་བ་ནི་བག་མེད་པ་སྟེ། དེ ་ལ་བྱང་ཆུབ་སེམས་དཔས་བག་ཡོད་པར་བྱ་ཞིང་། བག་མེད་པའི་བྱང་ཆུབ་དང་མ་འདྲེས་པར་བྱའོ།། དུག་མེད་པ་རྣམས་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཏེ། དེ་དག་དང་བསྟན་པར་མི་བྱའོ།། དུག་དང་།། ་ལྡན་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཏེ། དེ་དག་ལ་བདུད་རྩི་བསྟན་པར་བྱ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མངོན་པར་དགའ་བར་བྱ་བ་ལ་ནི་མངོན་པར་དགའ་བར་མ་བྱེད་ཅིག། ་མངོན་པར་དགའ་བར་མི་བྱ་བ་ལ་མངོན་པར་དགའ་བར་གྱིས་ཤིག། དགའ་བ་དང་འདོད་ཆགས་དང་ལྡན་པར་ཡང་གྱིས་ཤིག། དགའ་བ་དང་འདོད་ཆགས་ཡོངས་སུ་གཅད་པར་ཡང་བྱིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་དགའ་བར་བགྱི་བ་ལ་མངོན་པར་དགའ་བར་མི་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དགའ་བར་མི་བགྱིད་པ ་ལ་མངོན་པར་དགའ་བར་བགྱིད་པ་ལྕགས་ཇི་ལྟར་ན་དགའ་བ་དང་འདོད་ཆགས་དང་ལྡན་པ་ལགས། ཇི་ལྟར་ན་དགའ་བ་དང་འདོད་ཆགས་ཡོངས་སུ་གཅོད་པ་ལགས།། ་བཀའ་སྩལ་པ། མངོན་པར་དགའ་བ་ཞེས་བྱ་བ་ནི། ངར་འཛིན་པ་དང་། ང་ཡིར་འཛིན་པ་སྟེ།། དེ་དག་ལ་མངོན་པར་དགའ་བར་མི་བྱའོ།། མངོན་པར་མི་དགའ་བ་ནི་བདུད་རྣམས་ཀྱིས་སངས་རྒྱས ་ཀྱི་ཡེ་ཤེས་ལ་སྟེ། དེ་ལ་མངོན་པར་དགའ་བར་བྱའོ།། དགའ་བ་དང་འདོད་ཆགས་དང་ལྡན་པར་བྱ་བ་ནི་འཁོར་བ་ན་སྲེད་པ་ནི་ཟླ་ཡིན་པའོ།། དགའ་བ་དང་འདོད་ཆགས་ཡོངས་སུ་གཅད་པ་ནི། ་འགོག་པ་ཡོངས་སུ་ཤེས་པར་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བཅིང་བས་བཙོངས་པར་ཡང་གྱིས་ཤིག། བཅིང་བས་བཅིངས་པ་རྣམས་ཀྱང་ཁྲོལ་ཅིག། གྲོལ་བ་རྣམས་ལ ་ཡང་བསྙེན་བཀུར་གྱིས་ཤིག། མ་གྲོལ་བ་རྣམས་ཀྱི་རྗེས་སུ་ཡང་འབྲང་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ནབྱང་ཆུབ་སེམས་དཔའ་རྣམས་བཅིང་བས་བཅིངས་པ་ལགས། ་ཇི་ལྟར་ན་བཅིངས་པ་རྣམས་འགྲོལ་བ་ལགས། ཇི་ལྟར་ན་གྲོལ་བ་རྣམས་ལ་བསྙེན་བཀུར་བགྱིད་པ་ལགས། ཇི་ལྟར་ན་མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བ་ལགས། བཀའ་སྩལ་པ། བཅིང ་བས་བཅིངས་པར་བྱ་བ་ནི་བསླབ་པའི་བཅིང་བས་སོ།། བཅིངས་པ་རྣམས་འགྲོལ་བ་ནི་སྲིད་པའི་བཅིང་བ་ལས་སོ།། གྲོལ་བ་རྣམས་ལ་བསྙེན་བཀུར་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས ་འཕྱོ་མ་ཐོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ན། བྱིས་པས་མན་སྨྲ་པོ་རྣམས་ཡོངས་སུ་སྨིན་པར་བྱ་བ་སྐུ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདོད་པར་བྱ་བ་རྣམས་ལན ་འདོད་པར་གྱིས་ཤིག། འདོད་པར་མི་བྱ་བ་རྣམས་ལ་ནི་འདོད་པར་མ་བྱེད་ཅིག། འདོད་པ་དང་བྲལ་བར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ ་རྣམས་འཚལ་བར་བགྱི་བ་རྣམས་འཚོལ་བ་ལགས། ཇི་ལྟར་ན་འཚལ་བར་མི་འགྱི་བ་རྣམས་མི་འཚལ་བ་ལགས། ཇི་ལྟར་ན་འཚལ་བ་དང་བྲལ་བ་ལགས། བཀའ་སྩལ་པ། བྱང་ཆུབ ་སེམས་དཔའི་འདོད་པར་གྱི་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དེ། དེ་དག་ལ་འདོད་པར་མི་བྱའོ།། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཁམས་འདོད་པར་བྱ་བ་ནི་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཏེ། དེ་དག་ལ་འདོད་པར་བྱའོ།། འདོད་པ་དང་བྲལ་བར་བྱ་བ་ནི་བརྒྱ་བྱིན་དང་ཚངས་པར་སྐྱེ་བ་ལ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཇི་ཙམ་དུ་རུང་བའིས ་དོན་ལ་ཡང་མ་བརྙས་ཤིག། ཞིང་ཚད་མེད་པ་ལ་ཡང་མོས་པར་གྱིས་ཤིག། ཐོབ་པ་ཆེན་པོ་ནི་མ་སྒྲུབ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཇི་ཙམ ་དུ་ཆུང་བའི་ས་བོན་ལ་ཡང་བརྙས་པར་མི་བགྱིད་པ་ལགས་ཇི་ལྟར་ན་ཞིང་ཚད་མ་མཆིས་པ་ལ་ཡང་མོས་པ་ལགས། ཇི་ལྟར་ན་ཐོབ་པ་ཆེན་པོ་མི་སྒྲུབ་པ་ལགས། བཀའ་སྩལ་པ། ཇི་ཙམ ་དུ་རླུང་བའི་ས་འོན་ཞེས་བྱ་བ་ནི་ཙམ་དུ་རུང་བ་དག་པའི་རྩ་བ་སྟེ། དེ་ལ་བརྙས་པར་ཙྪ།། རླུང་རདུ་མང་བ་ལ་ཡང་མས་པར་བྱ་བནསས་རྒྱས་འ་དུས་པ། ་སྦྱིན་པ་ཆད་མེད་པ་ལམས་པར་བྱབའོ།། ཟབ་པརྗོན་པོ་མི་སྒྲུབ་པ་ནི་སེམས་པར་ཐམས་ཅད་ལ་སྦྱོར་པ་འབྱོར་དེ་ན་ཚུལ་ལོ།། རིགས་ཀྱི་བུང་ག་ལྦ་བསད། ཆོགས་པ་རྣམ་པར་འདོད་དུ ་པོར་གྱིས་ཤིག། ཆགས་པ་རྣམས་ལ་ནི་སྤྱོད་ཅིག། ཆགས་པ་ལ་ཞེན་པ་རྣམས་ལ་ནི་ལྟོམ་ཤོག། དགས་པ་མེད་པར་ཙམ་ལྷུང་ཞིག། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་། ་དཔའ་རྣམས་ཆགས་པ་རྣམས་འཚལ་བ་ལགས། ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས། ཇི་ལྟར་ན་ཆགས་པ་འཞོན་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་རགས་པ་མ་མཚམ་པ ་ཉིད་དུ་མི་ལྟུང་བ་ལགས། བཀའ་སྩལ་པ། ཆགས་པ་ཤེས་པར་བྱ་བ་ནི་ཐེག་པ་དམིན་པ་ལ་འདོད་པ་དང་ཁོང་ཁྲོ་བབ་སེམས་ཏེ། དེ་གཉིས་ནི་བྱང་ཆུབ་སེམས་དཔས་བསྲུང་བར་བྱའོ།། རགས ་པ་རྣམས་ལ་སྤྱད་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་སུའོ།། ཆགས་པ་ལ་ཞེན་པ་རྣམས་ལ་བལྟ་བནི། ཆགས་པ་མེད་པ་ཉིད་དུ་མི་ལྟུང་བ་ནི་མངོན་པར་འདུ་བྱ་བ ་མང་བ་སུཾ་ང་ནི་ཚུལ་ལོ།། རིགས་ཀྱི་དྲུག་དེ་ལྟ་བསན། ཡང་བར་ཡང་གྱིས་ཤིག། ཁུར་ཆེར་པོ་ཡང་ཁྱེར་ཅིག། མ་བླངས་པ་ནི་མ་ལེན་ཅིག། བླངས་པ་ནི་ཉམས་འོག་ཏུ་ཆུང་བར་གྱིས་ཤིག ་གསོལ་བ་། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས། ཇི་ལྟར་ན་ཁུར་ཆེན་པོ་ཁྱེར་བ་ལགས། ཇི་ལྟར་ནམ་བླངས་པ་མི་ལེན་པ་ལགས། ཛཾ་ལྟར་ན་བླངས་པ། ་འམས་འོགས་ཆུད་པར་བགྱིད་པ་ལགས། བཀའ་སྩལ་པ། ཡང་བར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དོ།། ཁུར་ཆེན་པོ་བཀུར་བ་ནི་སེམས་ཅན་ཐམས་ཅད་དོ།། མ་བླངས་པ་མི་བླང་བ་ནི་ཉན་ཐོས། ་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པའོ།། བླངས་པ་ཉམས་འོག་ཏུ་ཆུད་པར་བྱ་བ་ནི་ཐེག་པ་ཆེན་པོ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། སྨད་པར་ཡང་གྱིས་ཤིག། བསྟོད་པར་གྱིས ་ཤིག་དེ་ཉེ་བར་བསྙེན་པར་ཡང་གྱིས་ཤིག། སྤང་བར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་སྨོད་པ་ལགས། ཇི་ལྟར་ན་བསྟོད་པ་ལགས། ཇིཿ ་ནཉེ་བར་བསྙེན་པ་ལགས།། ཇི་ལྟར་ན་སྤང་བ་ལཿ། བཀའ་སྩལ་པ། སྨད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་སྨད་པའོ།། བསྟོད་པ་ནི་དགེ་བའི་ཆོས་ཐམས་ཅད་བསྟོད་པའོ།། བསྙེན་པ་ནི་འཕགས་པའི་ལམ་མོ།། ་སྤང་བ་ནི་མི་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ནི། བསམ་གཏན་གྱི་སྟོབས་སྟོན།། ་ཅིག། དགོན་པ་དང་། བས་མཐའ་རྣམས་སུ་ནི་ཉོན་མོངས་པ་ཆུང་བར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་གྲོང་དང་། གྲོང་ཁྱེར་དང་། ཡུལ ་འཁོར་དང་། ཕོ་བྲང་འཁོར་རྣམས་སུ་བསམ་གཏན་གྱི་སྟོབས་སྟོན་པ་ལགས། ཇི་ལྟར་ན་དགོན་པ་དང་། བས་མཐའ་རྣམས་སུ་ཉོན་མོངས་པ་ཆུང་བར་སྟོན་པ་ལགས། ་བཀའ་སྩལ་པ། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དག་ཏུ་ཕྱིན་པ་ན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རགས་པ་དག་སྣང་བར་འགྱུར་ཏེ། ་དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་མནན་པར་བྱའོ།། དགོན་པ་དང་བས་མཐའ་རྣམས་ན་འདུག་པའི་ཚེ། ཉོན་མོངས་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི་དབེན་པའི་ཡོན་ཏན་གྱིས་མནན་པར་བྱ། ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་དུ་ཡང་འདུག་པར་གྱིས་ཤིག། རྟག་པར་སྐོམ་པར་ཡང་གྱིས་ཤིག། སྐོམ་པ་ཡང་སོལ་ཅིག། སྐོམ་པ་མེད་པར་ཡང་མ་བྱེད་ཅིག་པ་གསོལ། ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་སྐོམ་པ་ལགས། ཇི་ལྟར་ན་སྐོམ་པ་བསལ་བ་ལེགས། ཇི་ལྟར་ན ་སྐོམ་པ་མ་མཆིས་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཆུའི་ནང་ན་འདུག་པར་བྱ་བ་ནི་ཆོས་ཀྱི་ཆུ་ལ་གནས་པར་བྱའོ།། རྟག་པར་སྐོམ་པར་བྱ་བ་ནི་ཆོས་ཀྱིས་ནོ་པང་བྱ་བའོ།། སྐོམ ་པ་བསལ་བ་ནི་ཆོས་ཀྱི་བྱ་བ་སྒྲུབ་པའོ།། སྐོམ་པ་མེད་པར་མི་བྱ་བ་ནི་འདུས་མ་བྱས་སུ་ལྟུང་བར་མི་བྱ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གཅིག་པུ་གྲོགས་མེད་པར ་ཡང་གྱིས་ཤིག། གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་གཅིག་པུ་གྲོགས་མ་མཆིས་པར ་བགྱིད་པ་ལགས། ཇི་ལྟར་ན་གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པ་ལནས། ག་རྒྱལ་པ། གཅིག་པུ་གྲོགས་མེད་པར་བྱ་བ་ནི། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་ལའོ།། གཡོགས ་པོ་དང་ལྡན་པར་བྱ་བ་ནི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་འཚོ་བར་བྱའོ།། འཁོར་མང་པོ་དང་ལྡན་པར་བྱ་བ་ལ་འཁོར་མང་པོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་པའི ་ཆོས་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། གྲོལ་བར་ཡང་གྱིས་ཤིག། བཙན་རར་ཆུད་པར་ཡང་གྱིས་ཤིག། ཕ་རོལ་ཏུ་ཕྱིན་པར་ཡང་གྱིས་ཤིག། ཆུ་བ་ཆེན་པོའི་ནང་དུ་འདུ། ་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་གྲོལ་བ་ལགས། ཇི་ལྟར་ན་བཙོན་རར་ཆུད་པ་ལགས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལག། ་ཇི་ལྟར་མཆུ་བོ་ཆེན་པོའི་ནང་དུ་གནས་པ་ལགས། བཀའ་སྩལ་པ། གྲོལ་བར་བྱ་བ་ནི་ཉོན་མོངས་པ་དང་བདུད་ཀྱི་བཅིང་བ་ཐམས་ཅད་ལས་སོ།། བཙོན་རར་ཆུད་པར་ཡང་བྱ་བ་ཡང་ནི་བསམ ་གཞན་དུ་སྐྱེ་བ་རྣམས་སུའོ།། ཕ་རོལ་ཏུ་ཕྱིན་པར་ཡང་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་ལའོ།། ཆུ་བོ་ཆེན་པོའི་ནང་ན་གནས་པར་ཡང་བྱ་བ་ནི། ཆུ་བོ་བཞིས་ཁྱེར་བའི་སེམས ་ཅན་སྒྲོལ་བའི་ཕྱིར་ཏེང་ནི་ཚུལ་ལོ།། རིགས་ཀྱི་བུ་དབ་དེ་ལྟ་བས་ན་ཚད་ཡོད་པ་ལ་ཡང་སོ་སོར་རྟོག་པར་གྱིས་ཤིག། ཚད་མེད་པ་ལ་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར ་གྱིས་ཤིག། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཚད་མཆིས་པ་ལ་ཡང་སོ་སོར་རྟོག་པར་ལགས། ཇི་ལྟར་ན་ཚད་མ་མཆིས་པ་ཡང་མཉམ་པ་ཉིད ་ཁོང་དུ་ཆུད་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཚད་ཡོད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། ཚད་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ལ ་བྱང་ཆུབ་སེམས་དཔས་འདུས་བྱས་ཀྱང་སྤང་བར་མི་བྱ་སྟེ། འདུས་བྱས་སུ་རྟོག་པའི་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མི་བྱའོ།། འདུས་མ་བྱས་ལ་ཡང་བརྟག་པར་བྱ་སྟེ། སྐྱོན ་མེད་པར་ཡང་འཇུག་པར་མི་བྱའོ།། འདུས་བྱས་དང་། འདུས་མ་བྱས་གཅིག་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས ་པར་བྱ་སྟེ་དེ་ནི་ཚུལ་ལོ།། ཚུལ་གྱི་ཚིག་འོད་དག་བསྟན་པའི་ཚེ་། ལྷའི་བུ་བརྒྱད་སྟོང་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཐོབ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དེ་དག་དང་། ལྷ་དང་མི་དང་ལྷ་མོ་ཡིན་དང་། དྲི་ཟར་བཅས ་བའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ་རྫོགས་སོ།། ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྤེ་ལ་སོགས་པས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་བོ།། རྒྱ་གར་སྐད་དུ། ་