| Wylie | e-texts produced with BDRC’s OCR application |
རྣམ་པར་སྨིན་པའང་བསམ་མི་ཁྱག། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་རྫོགས་སོ།། རྒྱ་གར་སྐད་དུ། ཧསྟི ་ཀ་ཀྵཱ་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། གླང་པོའི་རྩ་ལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད ་བདོག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་མངོན་པར ་གྲགས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། གཉིས་སུ་མེད་པའི་ཆོས་འཆད་པ། རྫུ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དྲུག་ཁྲི་དང་ཡང་ཐབས་ཅིག་ཏུ ་བཞུགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དཔེ་མེད་བློ་གྲོས་དང་། མངོན་པར་གནོན་པའི་སྒྲ་སྒྲོགས་གཟི་བརྗིད་སྙིང་པོ་དང་། བྱང་ཆུབ་སེམས་དཔའ ་རིན་པོ་ཆེ་བཞིའི་མེ་ཏོག་རྒྱས་པ་དང་། གློག་ཆེན་སྒྲོན་མ་དང་། མཐའ་ཡས་པར་ལྟ་ཞིང་ཡུལ་ཐམས་ཅད་ལས་འདས་པ་དང་། རི་རབ་བརྩེགས་པ་ལྟར་མངོན་པར་འཕགས་པ་དང་། མངོན་པར ་དགའ་བས་མགུ་བ་བསྐྱེད་པ་དང་། དཔུང་པ་དྲི་མ་མེད་པས་འོད་ཟེར་བཅོམ་པ་དང་། སེམས་ཅན་གྱི་བསམ་པ་ངེས་པའི་དོན་གྱི་ཕ་རོལ་ཏུ་བགྲོད་པར་དོང་བ་དང་། རྡོ་རྗེ་ལྟ་བུར་བསྟན་པ་ཐོབ་པ་དང་། སྒྲར ་རྗོད་པ་དང་། དབྱངས་དཔའར་ཐམས་ཅད་ལས་འདས་པ་དང་། ཚངས་པའི་སྒྲ་གཟི་བརྗིད་མངོན་པར་འཕགས་པ་དང་། གྲགས་པའི་སྒྲས་འཇིགས་པ་བཅོམ་པ་དང་། དགེ་བའི་རྩ་བ་རིན་པོ་ཆེ་ཐམས་ཅད ་བསགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་ཁྲི་རྣབས་དང་ཐབས་ཅིག་གོ།། དེ་ནས་ཚེ་དང་ལྡན་པ་ཤཱ། ་ར་དྭ་ཏིའི་བུ་ཕྱི་དྲའི་དུས་ནནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། ཡང་དེའི་ཚེ་བཅོམ་ལྡན་འདས་ཤིང་གཞན་ཞིག་གི་དྲུང་ན། རབ་ཏུ་ཞི་བ་སྒྲུབ་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་སྤྱོད་ལམ་རབ་ཏུ་ཞི་བ་མཐོང་བ་དང་། མྱུར་དུ་རྩ་བ་བསྡུས་ནས་ཕྱོགས ་གཅིག་ཏུ་སྐྱིལ་མོ་ཀྲུང་བཅས་ལུས་བསྲང་སྟེ། དྲན་པ་མངོན་དུ་བྱས་ནས་འདུག་གོ། དེ་དེར་འདུག་མ་ཐག་ཏུ། ཨེ་མའོ་དེ་བཞིན་གཤེགས་པའི་སྤྱོད་པ་རབ་ཏུ་ཞི་བ་འདི་དང་། བདེ་བ་དང་ཡི་དེ་བདེ་བ་འདི། ་ངོ་མཚར་ཏོ།། སེམས་ཅད་གང་དག་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པར་རབ་ཏུ་ཤེས་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ་སྙམ་དུ་སེམས་ལ་སེམས་ཀྱི་རྟོག་པ་དེ་ལྟ་བུ་སྐྱེས་ས། ་དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེད་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མགུར་བསལ་བའི་སྒྲ་ཕྱུང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་པྲེ་ཏིའི་བུ་བཅོམ་ལྡན་འདས་ཀྱི་མགུར་བསལ ་བའི་སྒྲ་ཐོས་པ་དང་། དགའ་མགུ་ཡི་རངས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན ་འདས་ལ་ཕྱག་འཚལ་ནས། ངོ་མཚར་དུ་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སྟོང་པའི་ཆོས་ལ་ཇི་ལྟར་བདག་བཟོད་བཞིན།། གང་དག་སེམས་ཅན་ཡང་དག་མེ་རྟོག་ཅིང་།། ཆོས་ལའ ་ནམ་ཡང་རྟོག་པར་མི་བྱེད་པ།། འཇིག་རྟེན་ན་ནི་དེ་དག་མཉམ་པར་གཞག། སེམས་ཅན་འཁྲུལ་ལ་ནམས་ཀྱང་མི་བལྟ་ཞིང་།། ཆོས་རྣམས་ནམ་མཁའ་བཞིན་དུ་བསམས་བྱས་ནས།། གང་དག་སྒྱུ་མའི་ངོ་བོ་ཉིད ་མོས་པ།། གང་དག་བདག་ཏུ་ལྟ་མེད་དེ་དག་བདེ།། འདི་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེས།། འདུ་ཤེས་ཐམས་ཅད་ལ་ནི་མི་དམིགས་པ།། སེམས་ཅན་ཀུན་ལ་འདུ་ཤེས་མེད་པ་དང་།། གང་དག་སེམས་ཅན། ་ལྷ་མེད་དེ་དག་བདེ།། རིང་པོར་འདུ་ཤེས་རྣམས་ཀྱང་གང་མ་ཆགས།། ནམས་ཀྱང་དངོས་པོའི་འདུ་ཤེས་རྨོངས་པ་མེད།། ལྡང་བར་མི་བྱེད་འདུག་པར་བྱེད་པའང་མེད།། གང་དག་སྲོག་ཏུ་ལ་མེད་དེ་དག་བདེ།། ་སེམས་ཅན་ཐ་དད་མི་བྱེད་མ་བས་པ་གང་།། ཆོས་ཀྱི་དབྱིངས་དང་འགལ་བར་མི་འགྱུར་ལ།། གང་ཟག་འདུ་ཤེས་ཐམས་ཅད་རྣམ་པར་ཤིག། གང་དག་ཐ་དད་བློ་མེད་དེ་དག་བདེ།། གང་དག་སྦྱིན་དང་ཚུལ ་ཁྲིམས་རྟག་ཏུ་གནས།། འཇུངས་པའི་བསམ་པར་ནམས་ཀྱང་མ་གྱུར་ཅིང་།། གོང་བུའི་ཆོས་ལའང་ཡང་དག་མི་གནས་པ།། གང་དག་ཚུལ་ཁྲིམས་རློམ་མེད་དེ་དག་བདེ།། གང་དག་བཟོད་དང་ངེས་པའི་ཡོན ་ཏད་འ་ཕགས། ཀུགང་དག་བྲལ་མ་དག་ལ་རང་མི་ཞིང་།། བརྩོན་འགྲུས་ལམ་མིན་ལམ་ཅན་ཡང་མིན།། གང་དག་བཟོད་པའི་འདུ་ཤེས་མེད་པ་དེ་དག་བདེ།། གང་དག་བསམ་གཏན་བྱེད་ཅིང་བརྐམ་པར་མི། ་གནས་པ།། དེ་ཡང་གཡེང་བར་རྣབ་པར་མི་སེམས་པ།། བཉམ་པར་བཞག་པའི་ཆོས་རྣམས་རབ་ཏུ་ཤེས།། གང་དག་བསམ་གཏན་འདུ་ཤེས་མེད་པ་དེ་དགྲ་བདེ།། གང་དག་འདུ་ཤེས་མེད་ཅིང་འདི ་ཤེས་རབ་མེད།། མི་ཤེས་དབངའ་དུ་འགྲོ་བལ་མ་ཡིན་ལ།། མཁས་པའངམ་ཡིན་མོངས་པའང་མཇ་མ་ཡིན།། གང་དག་ཤེས་རབ་འདུ་ཤེས་མེད་པ་དེ་དག་པད།། ཇི་སྐར་དགན་པ་དེ་བཞིན་གྲོང་ན་གནས།། ་གཉིས་ཀར་འདུ་ཤེས་མཚུངས་ཤིང་མཉམ་པར་འཇུག། གྲོང་གི་སྤྱོད་ཡུལ་སྤྱོད་པར་མི་བྱེད་ཅིང་།། གང་དག་དགོན་པར་མི་རློམ་དེ་དག་བདེ།། གང་དག་བསོད་སྙོམས་ཁྱིམ་དང་བཅས་པར་སྤྱོད།། ་དག་བསོད་སྙོམས་དེ་ཡི་འདུ་ཤེས་མེད།། བསོད་སྙོམས་སྤྱོད་པ་བདག་ཡིནི་སྐམ་མེ་སེམས།། གང་དག་བསོད་སྙོམས་འདུ་ཤེས་མེད་པ་དེ་དག་བདེ།། གང་དག་བོར་བའི་ཕྱག་དར་ཁྲོད་པ་རྣམས།། བླངས ་ནས་ལུས་ལ་འཆང་བར་བྱེད་པ་དག། བདག་ནི་གོས་ངན་སྙམ་དུ་དེ་མི་ཤེས།། གང་དག་གཞན་ལ་མི་སྨོད་དེ་དག་བདེ།། སངས་རྒྱས་གནང་ཞིང་བདེ་གཤེགས་བསྔགས་པ་ཡི།། ཆོས་གོས་གསུམ་ལས་ལྷག ་པར་མི་འཆང་ཞིང་།། བདག་ནི་འཇིགས་མེད་ཡིན་པར་མི་རྟོག་པ།། གང་དག་ང་རྒྱལ་མེད་པ་དེ་དག་བདེ།། གང་ན་བདག་དང་སེམས་ཅན་ཡོད་མིན་པོའི།། གང་དག་ཆོས་མཆོག་དམ་པ་འཆང་བྱེད་པ ་#བདག་གི་ཆད་པ་ཁར་ཡིན་པར་སེམས་པའང་མེད།། གང་དག་མེད་པར་མ་གྱུར་དེ་དག་བདེ།། དཀར་པོ་ཀུན་ལ་ཡང་དག་འདུ་ཤེས་མེད།། སྙིང་པོ་དང་ནི་རྫས་སུ་འདུ་ཤེས་མེད།། དག་། ་དང་གནག་པར་གང་དག་མི་སེམས་པ།། དེ་དག་གཉིས་སུ་མི་སྤྱོད་དེ་དག་བདེ།། གང་དག་ལངས་ལས་ལངས་པར་འདུ་ཤེས་མེད།། འདུག་ཀྱང་འདུག་པར་འདུ་ཤེས་ཡོད་མ་ཡིན།། ཉིན་མཚན་བྱེད་པར་འཆག ་ཅིང་བརྩོན་འགྲུས་རྩོམ།། གང་དག་སྤྲོས་པ་མེད་པ་དེ་དག་བདེ།། གང་དག་གནས་མིན་གནས་པར་མི་རྟོག་ཅིང་།། ཁྱད་པར་ཤེས་པ་ཞི་བར་མི་རྟོག་ལ།། དེ་བཞིན་གཤེགས་དང་མུ་སྟེགས་ཁྱད་པར་མེད།། ་གང་དག་མཆོག་ཏུ་རློམ་སེམས་མེད་པ་དེ་དག་བདེ།། གང་ལ་གྲངས་དང་བགྲང་བའང་ཡོད་མ་ཡིན།། ནམ་མཁའི་དབྱིངས་ལྟར་མཉམ་ཉིད་མི་གཏོང་ལ།། བདག་དང་སེམས་ཅན་ཐ་དད་མི་སེམས་པ།། གང ་དག་ཁྱད་པར་ཐོབ་མེད་དེ་དག་བདེ།། གང་དག་སྒྱུ་མར་གྱུར་ཅིང་རྨི་ལམ་སྤྱོད།། རབ་ཏུ་མ་རྨོངས་མིག་ཡོར་ལྟ་བུར་གྱུར།། འཇིག་རྟེན་དག་ན་ཆུ་ཟླ་བཞིན་དུ་སྤྱོད།། གང་དག་ཀུན་ཏུ་མི་བརྩོན་དེ་དག་བདེ།། ་སེམས་ཅན་གང་དག་མཁས་ལ་དོན་དམ་ལྟ།། བཛེ་དང་ཐ་སྙད་སྙིང་པོ་མེད་པར་ཤེས།། རབ་ཏུ་ཞི་བའི་ཆོས་རྣམས་རྗེས་སུ་རྟོགས།། གང་དག་མཚན་མའི་སྤྱོད་ཡུལ་མ་ཡིན་དེ་དག་བདེའོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཟབ་པ་ལ་སྤྱོད་པའི་ཆོས་ལ་མཆོག་ཏུ་གྱུར་པ་དེ་ལེགས་སོ་ལེགས་སོ།། ཤཱ་རིའི་བུ་དེ་བས་ན་བྱ་རྒོད་ཀྱི ་ཕུང་བའི་དྲི་འཇིག་དགེ་སློང་དང་བྱང་ཆུབ་སེམས་དཔའ་ཇི་ཤེས་ས་འདས་འཛག་ལ་ཞུགས་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་སྨྲས་ཤིག། ག་རིའི་བུམ་གསས་པ། བཅོམ་ལྡན་འདས་བདག་ནམ ་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། གླང་བ་ཆེན་པ་དག་ནི་མགུ་བ་དཀའ་བའི་སླད་དུའོ།། དེ་ནས་བཅ་ལྡན་འདས་ཀྱིས་དེའི་མ་ཉིད་ཀྱི་སྐུ་ལས་འའཟེར་བྱུང་ནས།། དེས་འཇིག་རྟེན་གྱི་ཁམས་མཐར ་ཡས་མུ་མེད་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུལ་བ་དང་། བྱ་རྒོད་ཀྱི་ཕུང་བའི་རི་ག་འན་པ་དང་། བཅོམ་ལྡན་འདས་གངན་བ་དེར་བལྤགས་ནས་པར་སྣང་གི་ནམ་མཁའ་ལ་གནས་པ ་གྱུར་ཏོ།། དགེ་སློང་དང་། བྱང་ཆུབ་སེམས་དཔའ་གང་དག་ཡང་དགེ་འཇོག་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་པར་གྱུར་ཏོ།། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས ་ཀྱང་སྲོག་ཆགས་བརྒྱ་སྟོང་དུམ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཡོད་པའི་ཁོར་འདུས་པར་མཁྱེན་ནས། འཇམ་དཔལ་གཞོན་ནུར་གྱུར་པའི ་བཞིན་ལ་གཟིགས་སོ།། གཟིགས་ནས་ཀྱང་འཛུམ་པ་མཛད་དོ།། དེ་ནས་དེ་ཉི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་ཡང་དང་། བཅོམ་ལྡན་འདས་འཇུབ་པ་མཛད་པའི་རྒྱུག་དང་རྐྱེར་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། འཇ ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་སངས་རྒྱས་ཁྲི་རྣམས་ཀྱིས་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ལ་གླང་པོའི་རྩལ་ལྟ་བུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་དོ།། ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་པ་དང་། མྱུར་བ་མྱུར་བར་རིངས་པའི་ཚུལ་དུ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ལ་གཟར་ཏེ། ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱོར་བ་བིཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ཡང་གླང ་པབའི་རྩ་ལ་ལྟ་བུ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བདག་ལ་བཤད་ན་ལེགས་སོ།། བདེ་བར་གཤེགས་པ་བདག་ལ་བསྟན་ན་ལེགས་སོ།། གང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར ་པའི་བཞིན་ལ་གཟིགས་ནས་འཛུམ་པ་མཛད་པའི་ཆོས་ཀྱི་རྣམ་གྲངས་དེ་དྲིངས་འཐོས་པར་དཀོན་ལ། ཆོས་ཀྱི་རྣམ་གྲངས་དོང་མཚར་དུ་འགྱུར་ཞིང་ཟབ་ལ་ཟབ་པར་སྣང་བ་ལགས་སོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་ཁྱོད་ལྷག་མཐོང་ལ་མཁས་ཤིང་དཔྱོད་པ་ལེགས་སོ་ལེགས་སོ།། དེ་བས་ན་ཀུན་དགའ་བོ་ཁྱོད་ལགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། ་བཅོམ་ལྡན་འདས་ལེགས་ས་ནས་ཆེ་དང་ལྡན་པ་ཀུན་དགའ་བ་བཅོམ་ལྡན་འདས་ཀྱིས་མཏན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམགྲངས་འདི་འདྲི་དགཟུག་པའི་ཕྱིར། འཇམ་དཔལ་གཞོན་དུར ་གྱུར་པ་ལ་དེལྟ་བུའི་མཚན་མ་ཡང་དན། དེའི་ཕྱིར་གང་བདག་གིས་དེ་བཞིན་གཤེགས་པ་ལ་དེལ་བུའི་ཟབ་མ་ཟབ་པ་གའཏན་ཟས་དང་རངས་ས་རྒྱས་རྣམས་དང་། མཚན་པར་སྲུང་བའི་བྱང་ཆུབ་སེམས་དཔའ ་རྣམས་ཀྱིས་མ་ཡིན་པ་འུ་བ་ནུའོ་སྙམ་དུ་སེམས་པར་གྱུར་ཏོ།། འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟར་ཡིད་ལ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ནུ་བ་ལུང ་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ནུའོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་དང་ལྡན་པའི་འཁོར་འདི་དག་ཀྱང་འདུས་ཀྱིས། འཇམ་དཔལ་ཁྱོད་གང་དང་གང་འད་པ་ཞུས་ཤིག། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ལ་གནས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལའང་དགའ་བ་ལགས། སེམས་ཅན་ཚད་མ་མཆིས་གྲངས་མ་མཆིས་པ ་རྣམས་ཀྱང་ཡོངས་སུ་སྨིན་པ་ར་བགྱིད་ཅིག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནའང་ཆུའི་ཟླ་བ་ལྟ་བུར་གདོལ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། འཇམ་དཔལ ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་ཁྱོད་ཀྱིས་མདར་དོན་ཆེན་པོ་ཞུ་བཞུས་པ་ལེགས་སོ་ལེགས་སོ།། དེའི་རྣམ་པར་དབྱེ་བ་རྒྱ་ཆེར་ལེགས་པར ་ཤིན་ཏུ་ཉོན་ལ་ཡིད་ཟུང་ཞིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་བཞིན་འཚལ་ལོ་ཞེས་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས། ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དྲུག་དང་ལྡན་ན། བྱ་བ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱེད་ཅིང་། ཡོན་ཏན་གྱི་ཆོས ་ཐམས་ཅད་ལའང་གནས་པར་འགྱུར་རོ།། དྲུག་གང་ཞེས་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་བྱེད་ན། སྦྱིན་པའི་བདག་པོ་བདག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་མོད་ཀྱི། བདག་སེར་སྣ་སྤྱོད་པ་ལས ་རྣམ་པར་ལྡོག་པར་མི་མཐོང་ངོ་།། ཚུལ་ཁྲིམས་ལ་གནས་པ་ཡིན་མོད་ཀྱི། བདག་ཚུལ་ཁྲིམས་ཆེན་པོའི་ལས་ལས་འདས་པ་ཡིན་པར་མི་ཤེས་སོ།། བཟོད་པ་དང་ངེས་པར་ལྡན་པ་ཡིན་མོད་ཀྱི། བདག་གནོད་སེམས་ཀྱི་སྤྱོད་པ ་དང་བྲལ་བར་མི་མཐོང་ངོ་།། བརྩོན་འགྲུས་བཙམས་པ་ཡིན་མོད་ཀྱི། ལུས་དང་སེམས་ཀྱི་བརྩོན་པ་མ་ཡིན་ནོ།། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མཁས ་པཔ་ཡིན་མོད་ཀྱི། སེམས་རྩེ་གཅིག་ཏུ་གནས་པར་གྱུར་པའང་མ་ཡིན་ནོ།། སྤྱོད་ཡུལ་ཤེས་རབ་ལ་གནས་པ་ཡིན་མོད་ཀྱི། བདག་འགྲོ་བ་ཐམས་ཅད་ལ་ཡོངས་སུ་མ་གྲོལ་བར་མཐོང་ངོ་།། འཇམ་དཔལ་བྱང་ཆུབ ་སེམས་དཔའ་ཆོས་འདི་དྲུག་དང་ལྡན་ན། བྱ་བ་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་། ཡོན་ཏན་གྱི་ཆོས་ཐམས་ཅད་ལའང་གནས་པ་ཡིན་ནོ།། འཇབ་དཔལ་གཞན་ཡང་ཆོས་དྲུག་དང་ལྡད་ར། བྱང་ཆུབ ་སེམས་དཔའ་བྱ་བ་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་། ཡོན་ཏན་གྱི་ཆོས་ཐམས་ཅད་ལའང་གནས་པ་ཡིན་ནོ།། དྲུག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བའི་གནས་ཡོངས་སུ ་བཟུང་བའང་ཡོངས་སུ་འཛིན་ལ། མཐོ་རིས་ཀྱི་ཆོས་ཀྱང་མྱོང་བར་བྱེད་པ་དང་། དུད་འགྲོར་འགྲོ་བའི་གནས་ཀྱང་ཡོངས་སུ་འཛིན་ལ། མེའི་ཆོས་རྒྱ་ཆེན་པོའང་མྱོང་བར་བྱེད་པ་དང་། རིགས་དམའ ་བར་སྐྱེ་བ་ཡོངས་སུ་བཟུང་བའང་ཡོངས་སུ་འཛིན་ལ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ལ་མྱོང་བར་བྱེད་པ་དང་། སྐྱེ་བ་ཐམས་ཅད་གཏོགས་པར་ཡང་སྟོན་ལ། འགྲོ་བའི་ཁྱད་པར་གྱི་བྱ་བ ་རྣམས་ཀྱང་མྱོང་བར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་མཁས་པའང་ཡིན་ལ། གནས་ནས་ཀྱང་མི་འཕོ། འགྲོ་བའང་མེད། འོང་བའང་མེད་ཅིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང ་ཆུའི་ཟླ་བ་བཞིན་དུ་སྣང་བ་དང་། སྒྲ་སྐད་ཐམས་ཅད་ཀྱང་འབྱིན་ལ། ཕན་ཚུན་འདྲེས་པར་ཡང་མི་བྱེད་པ་ཡིན་ཏེ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་དེ་དྲུག་དང་ལྡན་ན། བྱ་བ་དེ་དག་སྟོན་ཅིང་ཡོན་ཏན ་གྱི་ཆོས་ཐམས་ཅད་ལའང་གནས་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔལ་སེམས་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བ་ཡོངས་སུ་འཛིན་ལ། མཐོ་རིགས་ཀྱི་ཆོས་ཀྱང་མྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འ ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པོདྨ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བ་ལ་ཡོངས་སུ་འཛིན་ཏེ། དེ་ལྷའི་བདེ་བ་གང ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་དེར་མྱོང་བར་བྱེད་དོ།། སེམས་ཅན་དེ་དག་གིས་ཀྱང་དེ་དམྱལ་བས་དམྱལ་བར་མཐོང་སྟེ། དེ་ཆ་ལུགས་དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་དམྱལ་བ་དང་བྲལ་བར ་གྱུར་པ་ལ་ཆོས་འཆད་དོ།། དེ་སེམས་ཅན་སྟོང་ཕྲག་དུ་མ་སེམས་ཅན་དམྱལ་བ་ལས་རབ་ཏུ་ཐར་པར་བྱེད་དོ།། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བའི་གནས་ཡོངས་སུ་གཟུང ་བའང་ཡོངས་སུ་འཛིན་ལ། མཐོ་རིས་ཀྱི་ཆོས་ཀྱང་མྱོང་བར་བྱེད་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དུད་འགྲོའི་གནས་ཀྱང་ཡོངས་སུ་འཛིན་ལ། མིའི ་ཆོས་རྒྱ་ཆེན་པོའང་མྱོང་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་ཉེ་བར་ཞི་བ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས། དུད་འགྲོའི་གནས་ཡོངས་སུ་འཛིན་ཅིང་། སེམས་ཉམས་པ་མེད་པར་མིའི་ཆོས་རྒྱ་ཆེན་པོ་མྱོང་བར་བྱེད་དོ།། དེ་ཆ་ལུགས་དེས་དུད་འགྲོར་གྱུར་པའི་སེམས་ཅན་རྣམལ་ཆོས་འཆད་དེ།། དེ་སེམས་ཅན ་སྟོང་ཕྲག་པ་ཆོས་ལ་འཇོག་གོ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དུད་འགྲོའོ་གནས་ཀྱང་ཡོངས་སུ་འཛིན་ལ། མིའི་ཆོས་རྒྱ་ཆེན་པོ་ལ་བྱུང་བར་བྱེད་པ་ཡིན་ནོ།། འཇམ་དཔལ་གྱིས ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་དམའ་བར་སྐྱེ་བ་ཡོངས་སུ་གཟུང་བའང་ཡོངས་སུ་འཛིན་ལ། འཁོར་ལོས་སྒྱུར་བའི་རྒྱུལ་སྲིད་ཀྱི་བདེ་བའང་མྱོང་བར་གྱིད་པ་ལགས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མངོན་པར་གནོན་ཅིང་རྣམ་པར་གསལ་བ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་མངོན་པར ་གདོད་པ་དང་། རྣམ་པར་གསལ་བས་རིགས་དམའ་བར་སྐྱེ་བ་ཡོངས་སུ་གཟུང་བ་འང་ཡོངས་སུ་འཛིན་ལ། འཁོར་ལོས་སྒྱུར་བའི་རྒྱུལ་སྲིད་ཀྱི་བདེ་བའང་མྱོང་བར་བྱེད་དེ། ཐབས་དེས་ཀྱང་སེམས་ཅན་སྟོང་བྲག ་དུ་མ་ཆོས་ལ་འཇོག་གོ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་དམར་བར་སྐྱེ་བ་ཡོངས་སུ་གཟུང་བའང་ཡོངས་སུ་འཛིན་ལ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ལ་མྱོང་བར་བྱེད་པ་ཡི། ་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་དུ་གཏོགས་པར་ཡང་སྟོན་ལ། འགྲུ་བའི་ཁྱད་པར་བགྱིད་པ་ལ་མྱོང་བ་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སྤྱད་པ་ཐམས་ཅད་ལ་བཏང་བ་སྣང་བའི་ཁྱད་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྐམས་པར་འཇུག་གོ། ཏིང་ངེ་འཛིན་དེ་ལས་ལངས ་ནས། འགྲོ་བ་ཐམས་ཅད་དུ་གཏོགས་པར་ཡང་སྟོན་ཅིང་། འགྲོ་བའི་ཁྱད་པར་གྱི་བྱེད་པ་ལ་མྱོང་བར་བྱེད་དེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད ་དུ་གཏོགས་པར་ཡང་སྟོན་ལ། འགྲོ་བའི་ཁྱད་པར་ཡང་མྱོང་བར་བྱེད་པ་ཡིན་ནོ།། འཇམ་དཔའ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ ་འགྲོ་བ་ལ་མཁས་ཤིང་གནས་ནས་ཀྱང་མི་གཡོ། འགྲོ་བའང་མ་མཆིས། འོང་བའང་མ་མཆིས་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུརང་ཆུའི་ཟླ་བ་ལྟར་གདའ་བ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་རྣམ་པར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་ཏིང་ངེ་འཛིན་དེ་ལ་གནས་པ་ན། ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་རྣམས་སུ་བདག་གི་ལུས་ཅིག་ཅར་སྣང་བར་བྱེད་ལ། གནས་ནས་ཀྱང་མི་གཡོ། འགྲོ་བའང་མེད། འོང་བ་ལ་མེད་དེ། སྙོམས་པར་ཞུགས་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས ་མཐོང་ཞིང་ཆོས་ཀྱང་ཉན་ཏེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་མཁས་པའང་ཡིན་ལ།། གནས་ནས་ཀྱང་མི་གཡོ།། འགྲོ་བ་ལ་མེད། འོང་བའང་མེད་དེ།། ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང་ཆུའི་ཟླ་བ་བཞིན་དུ་སྣང་བ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་ཐམས་ཅད་ཀྱང་འབྱིན་པར་བགྱིད་ལ། ཕན། ་ཆུ་འདྲེས་པར་ཡང་བ་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇབ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མཐའ་ཡས་པར་འཁྱིལ་བ་ཞེས་བྱ་བའི་གཟུངས་ཐོབ་ནས། སེམས ་ཅན་གྱི་སེམས་ཀྱི་བསམ་པ་མཐའ་ཡས་པ་ལ་འཇུག་ཅིང་སྒྲ་བཤད་པ་མཐའ་ཡས་པ་རྣམས་ཤེས་བདག་གི་ཚུལ་མཐའ་ཡས་པ་རྣམས་ཀྱ་རབ་ཏུ་ཤེས་ཏེ། དེ་གཟུངས་དེ་ཐོབ་པས་སྒྲ་སྐད་ཁམས ་ཅད་ཀྱང་འབྱིན་ལག་ཕན་ཚུན་འདྲེས་པར་ཡང་མི་བྱེད་དེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་ཐམས་ཅད་ཀྱཔར་བྱིན་ལ། ཕན་ཚུན་འདྲེས་པར་ཡང་མི་བྱེད་པ་ཡིན་ནོ།། འཇམ་དཔལ ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་ནི་མངོན་པར་འབྱུང་བར་དཀའ་རོ།། བཅོམ་ལྡན་འདས་འོན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་འཚལ་བའི ་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུ་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་འདོད་པའི་བྱང་ཆུབ་སེམས་དཔས་རྣབ ་མཁའི་ཚུལ་རྟོགས་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་ནམ་མཁའི་ཚུལ་ཇི་ལྟ་བུ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི ་ཆགས་པ་མ་ཡིན། ཞེ་སྡང་བ་མ་ཡིན། རྨོངས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆགས་པ་མ་ཡིན། ཞེ་སྡང་བ་མ་ཡིན། རྨོངས་པ་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི ་སྦྱིན་པ་ཕུན་སུམ་ཚོགས་པ་མ་ཡིན་པ་ནས། ཤེས་རབ་ཀྱི་བར་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྦྱིན་པ་ཕུན་སུམ་ཚོགས་པ་མ་ཡིན་པ ་ནས། ཤེས་རབ་ཀྱི་བར་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད ་ཀྱང་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་བསྐུམ་པར་བྱ་བ་མ་ཡིན། མངོན་དུ་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང ་བསྒོམ་པར་བྱ་བ་མ་ཡིན། མངོན་དུ་བྱ་བ་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་མུན་པ་མ་ཡིན། སྣང་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མུན་པ་མ་ཡིན། སྣང་བ་མ་ཡིན་ནོ།། འདི་ལྟ་སྟེ། ་དཔེར་ན་ནམ་མཁའ་ནི་ཀུན་ཏུ་གཟུངས་པར་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཀུན་ཏུ་གཟུང་བར་བྱ་བ་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ན་ལམ་གྱིས་ཡང་དག་པར་ཞུགས་པ་མ་ཡིན། ་ལམ་ངན་པས་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ལམ་གྱིས་ཡང་དག་པར་ཞུགས་པ་མ་ཡིན། ལམ་ངན་པས་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཉན་ཐོས་ཀྱི་ཐེག་པས་ཡང་དག་པར་ཞུགས ་པ་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་མ་ཡིན།། ཐེག་པ་ཆེན་པོས་ཡང་དག་པར་ཞུགས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཉན་ཐོས་ཀྱི་ཐེག་པས་ཡང་དག་པར་ཞུགས་པ་མ་ཡིན། རང་སངས་རྒྱས་ཀྱི ་ཐེག་པས་པ་ཡིན། ཐེག་པ་ཆེད་པོས་ཡང་དག་པར་ཞུགས་པ་མ་ཡིན་ནོ།། འདིས་སྤྲེ། དཔེར་ན་པ་མཁའ་འི་སེམས་པར་བྱེད་པ་མ་ཡིན། ཤེས་པར་བྱེད་པ་མ་ཡིན་ནོ།། དེ་བཞིན་དུ་བྱས་ཐམས་ཅད་ཀྱང་སེམས ་པཔར་བྱེད་པ་མ་ཡིན། ཤེས་པར་བྱེད་པ་མ་ཡིན་ནོ།། འདི་ལ་སྟེ། དཔེར་ན་ནམ་མཁའ་ནི་ལེན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བླང་བར་བྱ་བ་མ་ཡིན། དོར་བར་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས ་ཐམས་ཅད་ཀྱང་ལེན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བླང་བར་བྱ་བ་མ་ཡིན། འདོར་བར་བྱ་བ་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གང་གིས་ཀྱང་ཉོན་མོངས་པར་བྱར་མི་ནུས་སོ།། ་དེ་བཞིན་དུ་མྱ་ངན་ལས་འདས་པའི་མཐར་ཐུག་པའི་ཆོས་ཐམས་ཅད་ཀྱང་ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། དེ་དག་ཞི་བར་ཡང་མི་འགྱུར། ཉེ་བར་ཞི་བར་ཡང་མི་འགྱུར་རོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ ་དེ་ཡི་གནས་པའི་ཕྱིར་གནས་མ་ཡིན། གནས་པ་མ་ཡིན། གཡོ་བར་མི་བྱེད། འགུལ་བར་མི་བྱེད་དོ།། བྱང་ཆུབ་སེམས་དཔས་དེ་བཞིན་དུ་ཆོས་ཐམས་ཅད་མི་གནས་པ་ལ་གནས་པར་བལྟའོ།། དེ་དག་ཡང ་དག་པར་ཐོབ་པས། མི་འགུལ། མི་གཡོ། མི་གནས། གནས་པར་མི་བྱེད་དོ།། དེ་ལ་འཇབ་དཔལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ལྟ་བུ་ལ། གང་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་དེ་དག་ནི་ལོག ་པར་ལྟ་བའོ།། གང་ལོག་པར་ལྟ་བ་དེ་དག་ནི་ཡང་དག་པར་ཞུགས་པའོ།། གང་ཡང་དག་པར་ཞུགས་པ་དེ་དག་ལ་བྱིན་པ་ནི་འབྲས་བུ་ཆེ་བ་མ་ཡིན་ན་ཕན་ཡོན་ཆེ་བ་མ་ཡིན་ནོ།། གང་དག་ལ་བྱིན་ན། ་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་པ་དེ་དག་ནི་འཇིག་རྟེན་གྱི་སྦྱིན་གནས་ས།། གང་འཇིག་རྟེན་གྱི་སྦྱིན་གནས་ཡིན་པ་དེ་དག་ལ་སྦྱིན་པའི་རྣམ་པར་སྨིན་པ་མེད་དོ། ་གང་ལ་སྦྱིན་པའི་རྣམ་པར་སྨིན་པ་མེད་པ་དེ་དག་གིས། འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་སོ།། གང་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་དེ་དག་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཐོབ་པར་འགྱུར་རོ།། དེ་ནས་འཁོར་དེའི་ནང་ནས་དགེ་སློང་ལྷག་པའི་ང་རྒྱལ་ཅན་དྲུག་ཅུ་བསྟན་པ་འདི་ཐོས་པ་དང་། འདི་སྙམ་དུ་གྱུར་ཏེ། མུན་དག་གི་ལམ་དུ་གྱུར་ལ། དེ་བཞིན་གཤེགས་པའང་མུན་ནག་གི་ལམ ་དུ་སྟོན་ཏོ།། འདི་ལྟ་སྟེ། མུ་སྟེགས་ཅན་གཞན་དག་ཀྱང་དེ་སྐད་སྟོན། དེ་བཞིན་གཤེགས་པའང་དེ་སྐད་སྟོན་པས། དེ་བཞིན་གཤེགས་པ་དང་། མུ་སྟེགས་ཅན་གཞན་གང་བ་འོད་སྲུངས་དང་། མ་སྐད་རི་འགའ་བ་ཡ་ལ་དང ་མི་དཀར་བ་སྐྲའི་ལ་བ་ཅན་དང་། ཀུན་རྒྱལ་པོའི་ཏ་རིའི་བུ་དང་། དཔོན་པོ་ཀ་ཏྱ་ཡ་ན་དང་། གཅེར་བུ་པ་ཉེ་དུའི་བུ་རྣམས་ཀྱི་ཚིག་མཚུངས་སོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་དགེ་སློང་ལྷག་པའི་དེ་རྒྱལ ་ཅན་དེ་རྣམས་ཀྱི་སེམས་ཀྱི་རྟོག་པ་མཁྱེན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་བཟའ་ཇམ་དཔལ་དེ་དེ་བཞིན་ཏེ། གང་ངས་ཆོས་བཤད་པ་འདི་མུ་སྟེགས་ཅན་གཞན་རྣམས་དང་མཚུངས ་ན། མུ་སྟེགས་ཅན་གཞན་རྣམས་ཀྱིས་ནི་དེ་བཞིན་གཤེགས་པས་ཆོས་བཤད་པ་མི་ཤེས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་ལྷག་པའི་ང་རྒྱལ་ཅན་རྣམས་ལྷག་པར་སྡུག་བསྔལ། མི ་འགའ། མ་མགུ།། མ་རངས། ཆོས་བཤད་པ་འདི་ལ་མ་ཤེས་ནས་སྟན་ལས་ལངས་ཏེ་དང་འོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཁྱེད་གར་འདས། ་དེ་དག་གིས།། དེ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་ཆོས་པ་ཤད་པ་འདི་བདག་ཅག་གིས་མ་འཚལ་ཏོ།། དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་དེ་བཞིན་གཤིགས་པས ་དགོངས་ཏེ་བསྐྲད་པ་ཡིན་པར་ཤེས་པར་བྱའོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་དེ་སྐད་བསྟན་པ་དེ་བཞིན་གཤེགས་པ་ལ་འུ་ཡི་བར་རུ་རེ་ཞིག་སྡོད་ཅིག། དེ་ནས་དགེ་སློང་དེ་དག་ཚེ་དངརྒན ་པ་ཤཱ་རིའི་བུའི་ཚིག་ཐོས་ནས་སོ་སོའི་སྟ་ལ་སླར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་འདི་དག་གི་ཐེ་ཚོམ་བསལ ་བའི་སླད་དུ། དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་འདི་སྐད་བསྟན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། དགེ་སློང ་གང་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དེ་སྒྲ་གང་གིས་ཀྱང་དང་ང་བ་དང་། སྐྱུག་པ་དང་། ཀུན་ཏུ་སྐྲག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ།། དགེ ་སློང་བདེན་པ་མཐོང་བའང་སྒྲ་ཐམས་ཅད་ཀྱིས་མི་དཔག་མི་སྐྲག། ཀུན་ཏུ་སྐྲག་པར་མི་འགྱུར་ན། དགེ་སློང་གང་ཉེ་བར་ལེན་པ་མ་མཆིས་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བ་ལྟ་ཅི་སྤོས་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་སྐྱེས་བུ་བླུན་པོ་ཁ་ཅིག་ཡང་དག་པ་མ་ཡིན་པའི་ཆོས་རྣམས་བརྟགས་ནས། ལྷག་པའི་ང་རྒྱལ་ཅན་དུ་གྱུར་ཅིང་གནས་སོ།། ་ཤཱ་རིའི་བུས་གསོལ་པ། གང་ཐོས་ནས་འཁོར་ཐམས་ཅད་ཐེ་ཚོམ་མ་མཆིས་པར་འགྱུར་པའི་ཚིག་བཤད་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པབ་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རྨི་ལམ་དང་མཚུངས། སྒྱུ་མ་དང་མཚུངེས་པར་མཐོང་བ་དེས་ཡང་དག་པར་མཐོང་ངོ་།། གང་ཡང་དག་པར་མཐོང་དེ་དག་དེ་བཞིན་གཤེགས་པ་ལ་ཡང་དག་པར ་འདུ་ཤེས་མི་བྱེད། སྙིང་པོར་འདུ་ཤེས་དང་། རྫས་སུ་འདུ་ཤེས་དང་། དངོས་པོར་འདུ་ཤེས་དང་། རིལ་པོར་འདུ་ཤེས་མི་བྱེད། གང་དེ་བཞིན་གཤེགས་པ་ལ་ཡང་དག་པར་འདུ་ཤེས་པ་མ་ཡིན། ་སྙིང་པོ་དང་། རྫས་དང་། དངོས་པོ་དང་། རིལ་པོར་འདུ་ཤེས་པ་མ་ཡིན་པ་དེ་དག་གིས་འདུ་བྱེད་ཐམས་ཅད་བརྫུན་པར་མཐོང་ངོ་།། གང་གིས་འདུ་བྱེད་ཐམས་ཅད་བརྫུད་པར་མཐོང་བ་དེ་དག་གིས་ཆོས་ཐམས ་ཅད་ལོག་པར་ཤེས་སོ།། གང་གིས་ཆོས་ཐམས་ཅད་ལོག་པར་ཤེས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་ཡིན་པར་བསྟན་ཏོ།། དེ་དག་གིས་ལྟ་བར་གྱུར་པ ་ཐམས་ཅད་ལོག་པ་ཡིན་པར་ཡང་ཤེས་ཏེ། དེའི་ཕྱིར་ཡང་དེ་དག་ལོག་པར་ལྟ་བ་ཞེས་བྱའོ།། ཤཱ་རིའི་བུ་རྣམ་གྲངས་དེས་གང་དེ་བཞིན་གཤེགས་པ་ལ་ལྟ་བར་འདོད་པ་དེ་དག་ལོག་པར་ལྟ་བ་ཞེས་བྱའོ།། ཤཱ ་རི་བུ་དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་མ་འཁྲུགས་པར་ལྟ་པའོ།། གང་དེ་བཞིན་གཤེགས་པའི་སྐུ་ལྡོག་པ་ཡིད་པར་རྟོག་པ་དེ་དག་ནི། དེ་བཞིན་གཤེགས་པའི་འདུ་ཤེས་མེད་པའོ།། ཤཱ་རིའི་བུ་གང་། ་འདི་ལྟར་ལོག་པར་ཤེས་པ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་ལོག་པར་ལྟ་བ་དེ་དག་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཤཱ་རིའི་བུ་གངས་སའི་སྐྱེ་བོ་རྣམས་རྟོག་པ་དང་། རྣམ་པར་རྟོག་པ་དང་། དཔྱོད་པ་དང་། རྣམ་པར་དཔྱོད་པ་དང་། ལྡང་བར་བྱེད་པ་དང་། ཀུན་ཏུ་ལྡང་བར་བྱེད་པ་དང་། རྟེན་པ་དང་། གནས་པ་དང ་ལེན་པ་དང་། འདོར་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་ལྟ་བ་ཉེ་བར་ལེན་པ་དང་། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་དང་། བདག་གིར་འཛིན་པ་ལ་ཆགས་པ་དེ་དག་གི་སྤྱོད ་པ་དང་། ཤེས་པ་དང་། གཡོ་བ་དང་། སྤྲོས་པ་དེ་ལྟ་བུ་དག་དེ་དག་གིས་ཤེས་ཏེ། དེ་དག་ཇི་ལྟ་བུར་ཡོད་པ་མ་ཡིན་པ་དེ་ལྟ་བུ་ཉིད་དུ་ཤེས་སོ།། ཤཱ་རིའི་བུ་མེད་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཚི་གི། ་བླ་དགས་སོ།། ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ནི་བརྫུན་པའོ།། བརྫུན་པ་ཞེས་བྱ་བ་དེ་ནི་ལོག་པའི་ཚིག་བླ་དགས་སོ།། དེ་ལྟར་གང་ཚུལ་འདི་ལྟ་བུ་ཡང་དག་པ་མ་ཡིན་པར་འཛིན་པ་དག་ལོག་པར་མཐོང་བ་དེའི་ཕྱིར ་དེ་དག་ཡང་དག་པར་ཞུགས་པ་ཞེས་བྱའོ།། ཤཱ་རིའི་བུ་རྣམ་གྲངས་དེ་ཉིད་ཀྱིས་གང་ལོག་པར་ལྟ་བ་དེ་དག་ཡང་དག་པར་ཞུགས་པའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་ཡང་དག་པར་ཞུགས་པ་དེ ་དག་འབྲས་བུ་ཆེ་བ་མ་ལགས། ཕན་ཡོན་ཆེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་ཚུལ་འདི་ལྟ་བུས་ཡང་དག་པར་ཞུགས་པ་དང་ལྡན་པར་གྱུར་པ ་དེ་དག་ལ་སྦྱིན་པ་ནི་མྱ་ངན་ལས་འདས་པ་ལ་གཞོ་ལ། མྱ་ངན་ལས་འདའ་བ་ལ་འབག་མྱ་ངན་ལས་འདའ་བ་ལ་བག་མྱ་ངན་ལས་འདའ་བའི་མཐར་ཐུག་པར་འགྱུར་ཏེ། མྱ་ངན་ལས་འདའ་བ་ནི་འབྲས་བུ་ཆུང ་བའང་མ་ཡྀ་ནི། འབྲས་བུ་ཆེ་བའངམ་ཡིན། ཕན་ཡོན་ཆུང་བ་ལ་མ་ཡིན། བར་ཡོན་ཆེ་བའང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འབྲས་བུ་ཐམས་ཅད་དང་བྲལ་ཞིང་བཏགས་པ་མ་ཡིན།། ་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་གདགས་སུ་མ་མཆིས་པ། ཇི་ལྟར་ཡོན་ཏན་མཐའ་ཡས་པའི་ཕན་ཡོན་གྱི་བྱེ་བྲག ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སྐྱེ་བའི་སྤྱོད་ཡུལ་ཅན་གྱི་སེམས་ཅན་བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་སྨྲ་བ་རྣམས་མོས་པ་བསྐྱེད་པའི་ཕྱིར་མྱ་ངན་ལས ་འདས་པ་གདགས་སུ་མེད་པ་ལའང་། དེ་བཞིན་གཤེགས་པས་ཡོན་ཏན་མཐའ་ཡས་པའི་ཕན་ཡོན་གྱི་བྱེ་བྲག་བསྟན་ཏོ།། ཤཱ་རིའི་བུ་འོན་ཀྱང་འཕགས་པ་རྣམས་ནི་སྦྱིན་པ་ལ་འཇུག་པར་མི་བལྟའི། ་འཕགས་པ་རྣམས་འདོད་ཆགས་དང་བྲལ་བ་དང་། སྦྱིན་པ་ལས་ལོག་པར་བལྟའོ།། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཞིང་བདག་ཞིང་ལ་ནས་ཀྱི་ས་བོན་བཏབ་སྟེ། དེའི་ནས་དེ་ཉིད་ལ་བརྟེན་ནས་སྲེད་དང ་རྩ་དང་། སྔོ་རྣམས་སྐྱེ་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྲེད་དང་། རྩ་དང་། སྔོ་འདི་དག་ནིང་པ་དེའི་ལས་བྱས་པའི་འབྲས་བུ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མ་ལགས་སོ།། བཙབ་ལྡན། ་འདས་ཀྱིས་བཀའ་སྩལ་པ་ནི་ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཞིང་པས་ནས་ཀྱི་ས་བོན་བཏབ་པ་དེའི་ནས་དེ་དག་ཉིད་ལ་བརྟན་ནས་སྲེད་རྣམས་འབྱུང་བ་དང་། རྩཝ་དང་སྔ་རྣམས་སྐྱེ་བར་འགྱུར་ཏེ། ནས ་ཀྱི་སྙེམ་གཞན་རྣམས་ཀྱང་འབྱུང་ངོ་།། དེ་བཞིན་དུ་འཕགས་པ་རྣམས་སྦྱིན་པ་བྱིན་པ་ནི། ཚེགས་ཆུང་ངུས་ལོངས་སྤྱོད་ཆེན་པོར་འགྱུར་ལ། གཞན་ཡང་ཟག་པ་ཟད་པ་སྲེད་པའི་འབྲས་བུ་ཐམས་ཅད་སེམས ་པར་བྱེད་དོ།། འདི་ལྟ་སྟེ། དཔེར་ན་ནས་འདོད་པ་དག། འདི་ནི་ནས་ཀྱི་ས་བན་དེའི་འབྲས་བུ་མ་ཡིན། འདི་ནི་ནས་ཀྱི་ས་བོན་དེའི་སྤྲི་མ་མ་ཡིན་ནོ་སྙམ་ནས། སྲེངས་མགུ་བར་མི་འགྱུར་ཞིང་། རྩ་དང ་སྤོས་རངས་པར་མི་འགྱུར་བ་དེ་བཞིན་དུ་འདུས་མ་བྱས་པའི་ཞིང་ལ་སྦྱིན་པ་བྱིན་པ་འདུས་བྱས་ཀྱི་འབྲས་བུ་ཡིན་པར་བསྟན་པར་མི་བྱའོ།། ཤཱ་རིའི་བུ་རྣམ་གྲངས་དེས་གང་ཡང་དག་པར་ཞུགས་པ་དེ ་དག་ལ་བྱིན་པ་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་གང་དག་ལ་སྩལ་ན་འབྲས་བུ་ཆེ་བ་ལགས་ཤིང་། ཕན་ཡོན་ཆེ་བ་མ་ལགས་པ་དེ་དག་ཇི་ལྟར་འཇིག ་རྟེན་གྱི་སྦྱིན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་འབྲས་བུ་ཆེ་བར་འདུ་ཤེས་པའང་མ་ཡིན། འབྲས་བུ་ཆུང་བར་འདུ་ཤེས་པའང་མ་ཡིན་པ་དེ་དག་སྦྱིན་པ་སྐྱེ་བར ་མི་འགྱུར་རོ།། གང་སྦྱིན་པ་སྐྱེ་བར་མི་འགྱུར་བ་དེ་དག་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ།། ཤཱ་རིའི་བུ་དེ་ལ་ཟད་མི་ཤེས་པའི་ཞིང་ལ་སྦྱིན་པ་བྱིན་པ་ནི། མེ ་ཏོག་ཀྱང་མི་འཆགས། འབྲས་བུར་ཡང་མི་འོགྱུར་རོ།། ཤཱ་རིའི་བུ་རྣམ་གྲངས་འདིས་གང་ལ་བྱིན་ན་འབྲས་བུ་ཆེ་བའོང་མ་ཡིན། ཕན་ཡོན་ཆེ་བའང་མ་ཡིན་པ་དེ་དག་འཇིག་རྟེན་གྱི་སྦྱིན་གནས་ཡིན་ནོ།། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་འཇིག་རྟེན་གྱི་སྦྱིན་གནས་དེ་དག་ལ་བྱིན་པས་རྣམ་པར་སྨིན་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཡ་ཤཱ་རིའི་བུ་དེ་ཇི་སྙཔ་དུ་སེམས། ་སྦྱིན་པ་གང་མྱ་ངན་ལས་འདའ་བའི་མཐར་ཐུག་པར་འགྱུར་བ་དེ་རྣམ་པར་སྨིན་པའི་ཆོས་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ།། བཅོམ་ལྡན་འདས་སྦྱིན་པ་མྱ་ངན་ལས་འདས་པའི་མཐར ་ཐུག་པ་དེ་སྟེ་སྦྱིན་པའི་ཆོས་ཅན་ལགས་ན། འཕགས་པའི་གང་ཟག་རྣམས་འདུས་མ་བྱས་པས་རབ་ཏུ་བྱེ་བར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། ཤཱི་རའི་བུ་ལེག་སོ་ལེགས་སོ།། རྣམ ་གྲངས་འདིས་གང་འཇིག་རྟེན་གྱི་སྦྱིན་གནས་ཡིན་པ་དེ་དག་ལ་བྱིན་པས་རྣམ་པར་སྨིན་པ་མེད་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་སྦྱིན་པའི་རྣམ་པར་སྨིན་པ་མ་མཆིས་པ་དེ་དག་གིས་འདུ ་ཤེས་མ་མཆིས་པ་ཡོངས་སུ་རྫོགས་པར་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱཌཱིའི་བུ་དེ་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོ་ད་པ། འོན་ཏེ་མེད། ་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་བ་ཉིད་འཚལ་བ་དེ་སྒྱུ་མའི་ང་བ་ཉིད་འཚལ་བ་ལགས་ཏེ། བཅོམ་ལྡན་འདས་དེ་ནི་མ་མཆིས་པ་ལགས་ཏེ། མཆིས་པ་མ་ལགས་སོ།། དེ་ཅིའི་སླད་དུ། ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་སྐྱ་བོའི་ངོ་བ་ཉིད་དུ་བསྟན་ཏོ།། སྒྱུ་མ་ལྟ་བུ་གང་ལགས་པ་དེའང་མ་མཆིས་པའོ།། གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་འདི། ་ནི་འདུ་ཤེས་མ་མཆིས་པའོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལ་གང་ཡང་དག་པར་གྱུར་པའི་ཆོས་གང་ཡང་མི་དམིགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལ་ག་ཤཱ་རིའི་བུ་ལེགས་སོ་ལེགས་སོ།། ། ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་འདི་ལ་ཆོས་འགའ་ཞིག་རྫས་སམ། ཡང་དག་པར་ཡོད་པར་གྱུར་ན་སེམས་ཅན་རྣམས་ཕྱིས་ཀྱང་མྱ་ངན་ལས་འདས་པར་མི་འགྱུར་རོ།། ཤཱ་རིའི་བུ་གང་གི་ཕྱིར་ཆོས ་ཐམས་ཅད་ཡང་དག་པ་མ་ཡིན། ཡོད་པ་མ་ཡིན། རྫས་མ་ཡིན་པ་དེའི་ཕྱིར་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་མྱ་ངན་ལས་བཟླས་ཀྱང་སེམས་ཅན་མེད་པའི་ཕྱིར། སེམས་ཅན་རྣམས་ལས་གང ་ཡང་ཟད་པར་མི་མངོན་ནོ།། ཤཱ་རིའི་བུ་དེ་ལྟ་བས་ན་གང་སེམས་ཅན་ཐམས་ཅད་མེད་པའི་འདུ་ཤེས་པ་དང་། དེ་དག་ཀྱང་མི་དམིགས་པ་འདི་ནི་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པའོ།། ཤཱ་རིའི ་རྣམ་གྲངས་དེས་གང་དག་ལ་བྱིན་པ་རྣམ་པར་སྨིན་པ་མེད་པ་དེ་དག་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་དག་གིས་འདུ་ཤེས་པ ་པ་ཡོངས་སུ་རྫོགས་པར་བགྱིས་པའི་འདུ་ཤེས་དེས་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་གིས་མེད་པ ་མངོན་སུམ་དུ་བྱས་པ་དེ་དག་ནི་ཤེས་པའོ།། མེད་པའང་གང་ཞེ་ན། མེད་པ་ཞེས་བྱ་བ་ནི། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ ་དང་རྟག་པར་ལྟ་བའོ།། མེད་པ་ཞེས་བྱ་བ་ནི། སས་རྒྱས་སུ་འདུ་ཤེས་པ་དང་། ཆོས་སུ་འདུ་ཤེས་པ་དང་། དགེ་འདུན་དུ་འདུ་ཤེས་པ་དང་། མྱ་ངན་ལས་འདའ་བར་འདུ་ཤེས་པ་དང་། ཇི་ཙམ་དུ ་སེམས་ཀྱི་སྦྱོར་བ་དང་། སྤྱོད་པ་དང་། ཤེས་པ་དང་། གཡོ་བ་དང་། སྤྲོས་པ་དེ་དག་ཐམས་ཅད་མེད་པའོ།། ཤཱ་རིའི་བུ་དེ་བས་ན་ཚུལ་དེ་ལྟ་བུར་ཡང་དག་པ་མ་ཡིན་པར་འཛིན་པ་དེ་དག་ལས་ཡོངས་སུ ་གྲོལ་བ་དེ་དག་ནི་ཤེས་པའོ།། ཤྠ་རིའི་བུན་མ་གྲངས་དེས་གང་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་དེ་དག་མྱུར་དུ་མི་སྐྱེ་བའོ་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ།། དགོངས་ཏེ་གསུངས ་པའི་བསྟན་པ་འདི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་བཞི་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཟབ་པར་གྱུར་ཏོ།། དགེ་བསྙེན་དྲུག་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སེམས་པསྐྱེད་པ།། སྒོའི་བུ་སུམ་ཁྲི་དྲུག་སྟོང་རྣམས་ཀྱིས་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ།། དགེ་སློང་ལྷག་པའི་ང་རྒྱལ་ཅན་དྲུག་ཅུང་དརྣ་མས་ཀྱང་ཆེ་བར་ལེན་པ་མེད་པར ་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་མ་ཐམསམ་པར་གྲོལ་ནས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་བདག་ཅག་ནི་དེང་སླན་ཆད་སྟོན་པ་དྲུག་རྣམས་ཀྱི་རྗེས་སུ་རབ་ཏུ ་འབྱུང་ངོ་།། དེང་སླན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ལགས། ཆོས་ལ་མི་རྟེན། དགེ་འདུན་ལ་མི་རྟེན་ཏོ།། དེང་སླན་ཆད་བདག་ཅག་བྱ་བ་མཆིས་པར་སྡུག་ཟླུ་མ་མཆིས་པར་སྨྲ་ག ་ལས་མ་མཆིས་པར་སྨ་ག་རྣམ་པར་སྨི་པ་མ་མཆིས་པར་སྨྲ་བ། འདུལ་བ་མ་ལགས་པར་སྨྲ་བའོ།། དེའི་ཚེ་འཁོར་དེ་མ་སྲོག་ཆགས་སྤྱོང་ཕྲག་མང་པོ་རྣམས་འདི་སྙམ་དུ་གྱུར་ཏེ། འདི་ལྟར་དགེ ་སློང་འདི་དག་འདི་ལ་བུ་ཡང་དག་པ་མ་ཡིན་པའི་ཚིག་སྨྲ་བ་ལས། བཅོམ་ལྡན་འདས་ཀྱི་བསླབ་པ་ཕུལ་ནས། མུ་སྟེགས་ཅན་གྱི་མཚན་མ་འཛིན་པར་མི་འགྱུར་རམ་སྙམ་དུ་གྱུར་ཏོ།། དེ་ནས་ཚེ་དང་ལྡན ་པ་ཤཱ་རིའི་བུའི་སེམས་ཀྱིས་འཁོར་དེ་དག་གི་སེམས་ཀྱི་རྟོག་པ་ཤེས་ནས། དགེ་སློང་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ལས་བསམས་ཏེ་དེང་ཕན་ཆད་བདག་ཅག་སྟོན་པ་དྲུག་གི་རྗེས་སུ་རང་ཏུ་བྱུང ་ཞེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེང་ཕན་ཆད་བདག་ཅག་གི་སྟོན་པ་ཐམས་ཅད་སྟོན་པ་དྲུག་དྲང་མཉམ་ཞིང་། མཚན་ཉིད་གཅིག་ཅིང་བྱེ་བྲག་མེད་པར་རིག་གོ།། བདག་ཅག་གི ་སྟོན་པ་ཐམས་ཅད་ཐ་དད་པ་མེད་པར་རིག་ནས་རྣམ་པར་མི་རྟོག་པར་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་།། སྨྲས་པ། ཅི་ལས་བསམས་ནས་དེང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ཡིན་ན ་ཞེས་དེ་སྐད་སྨན་དེ་དག་གིས་སྨྲས་པ། དེང་བར་ཆད་བདག་ཅག་བདག་ལ་རྟེན་གྱི། གཞན་ལ་མི་རྟེན། བདག་ལ་སྐྱབས་སུ་དོང་གི། གཞད་ལ་སྐྱབས་སུ་དང་བ་མ་ཡིན། བདག་སྟོན་པ་ཡིན་གྱི ་གཞན་སྟོད་པ་མ་ཡིན་ནོ།། དེ་བས་ན་དེང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་མ་རྟོགས་པར་སངས་རྒྱས་མེད། སངས་རྒྱས་མ་རྟོགས་པར་བདག་མེད་དོ།། སྨྲས ་པ། ཅི་ལས་བསམས་ནས་དེང་ཕན་ཆད་བདག་ཅག་ཆོས་ལ་མི་རྟེན། དགེ་འདུན་ལ་མི་རྟེན་ཅེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་གིས་གང་ལ་རྟེན་པ་དང་། གང་དང་ལྷན་ཅིག་བགྲོ ་བའི་ཆོས་གང་ཡང་མ་དམིགས་སོ།། དེ་བས་ན་བདག་ཅག་དེང་ཕན་ཆད་ཆོས་ལ་མི་རྟེན། དགེ་འདུན་ལ་མི་རྟེན་ཏོ།། སྨྲས་པ། ཅི་ལས་བསམས་ཏེ་བདག་ཅག་དེང་ཕན་ཆད་བྱ་བ་མེད་པར་སྨྲའོ་ཞེས་དེ ་སྐད་ཅེས་ཟེར། དེ་དག་གིས་སྨྲས་པ། བདག་ཅག་གིས་དེང་ཕན་ཆད་ཆོས་ཐམས་ཅད་མ་བྱས་པར་ཤེས་ཏེ། གང་ན་བྱས་པའང་མེད། འགྱུར་བའང་མེད་པའི་ཆོས་དེ་བདག་ཅག་གིས་མངོན་དུ་བྱས་སོ།། དེ ་བས་ན་དེང་ཕན་ཆད་བདག་ཅག་བྱ་བ་མེད་པར་སྨྲའོ།། སྨྲས་པ། ཅི་ལས་བསམས་ཏེ་དེ་ཕན་ཆད་བདག་ཅག་རྒྱུ་མེད་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། བདག་ཅག་སྲིད་པ་ཐམས་ཅད་དུ་འགྲོ་བར ་སྐྱེ་བའི་རྒྱུ་དེང་ཟད་དེ། གང་ན་རྒྱུ་ཡང་མེད་རྐྱེན་ཡང་མེད་པའི་ཆོས་དེ་མངོན་དུ་བྱས་སོ།། དེའི་ཕྱིར་དེང་ཕན་ཆད་བདག་ཅག་རྒྱུ་མེད་པར་སྨྲའོ།། སྨྲས་པ། ཅི་ལས་བསམས་ཏེ་དེང་ཕན་ཆད་བདག་ཅག ་རྣམ་པར་སྨིན་པ་མེད་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་གིས་གང་ན་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པའང་མེད་ཅིང་། ཆོས་ཐམས་ཅད་ཤིན་ཏུ་མྱ་ངན། ་ལས་འདས་པར་ཡོངས་སུ་ཤེས་སོ།། དེའི་ཕྱིར་བདག་ཅག་དང་ཕན་ཆད་ལས་ཀྱི་རྣམ་པར་སྨིན་པ་མེད་པར་སྨྲའོ།། སྨྲས་པ། ཚེ་དང་ལྡད་པ་དག་ཅི་ལས་བསམས་ཏེ་དེང་བན་འམས། ཅག་འདུལ་བ་མ ་ཡིན་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེང་ཕན་ཆད་བདག་ཅག་གིས་གང་ན་འདུལ་བའང་མེད། འདུལ་བ་མ་ཡིན་པའང་མེད་ཅིང་ཆོས་ཐམས་ཅད་ཤིན་ཏུ ་དུལ་བར་ཡོངས་སུ་ཤེས་ཏེ། དེའི་ཕྱིར་བདག་ཅག་དེང་ཕན་ཆད་འདུལ་བ་མ་ཡིན་པར་སྨྲའོ།། དེ་ནས་དགེ་སློང་དེ་དག་གིས་ལྷག་པའི་ང་རྒྱལ་བསྟན་པ་འདི་ལྟ་བུ་ཐོས་ནས། དགེ་སློང་སུམ་སྟོང་དྲུག ་བརྒྱ་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རབ་ཏུ་རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དགེ་སློང་དག་གང་ན་ཆོས་གང་ཡང་། ་རྟོག་པ་མེད་པ་དེ་ནི་ཡང་དག་པར་ཐོབ་པ་ཡིན་གྱིས་ལེགས་སོ་ལེགས་སོ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྟོགས་པ ་ཞེས་བགྱི་བའི་རྟོགས་པ་དེ་ཆོས་གང་གི་ཚིག་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྟགས་པ་རྟོགས་པ་ཞེས་བྱ་བ་དེའི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པའི་ཚིག་ས ་དགས་སོ།། གསལ་པ། སྐྱེ་བ་མ་མཆིས་པའི་ཆོས་ལ་བཟོད་པ་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་སྤྱད་པར་བགྱི། ཇི་སྐར ་རྣལ་འབྱོར་དུ་འཇུག་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་བསླབ་པ་ཤེས་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད ་གསུངས་སོ།། ཐམས་ཅད་མཁྱེན་པ་བླ་མེད་པའི།། སངས་རྒྱས་ཡེ་ཤེས་ཐོབ་འདོད་པས།། ཆོས་རྣམས་གང་ཡང་མི་གཟུང་ཞིང་།། ཆོས་རྣམས་གང་ཡང་མི་དོར་རོ།། གང་ཞིག་སྐྱེ་བར་འགྱུར་པ ་ཡི། ཆོས་ནི་གང་ཡང་མི་རྙེད་དེ།། ཆོས་རྣམས་འབྱུང་བ་མེད་པ་ལ།། བྱིས་པ་དག་ནི་འབྱུང་བར་འདོད།། ཆོས་རྣམས་ཤེས་པར་བྱ་བ་དང་།། སྤང་བར་བྱ་བར་སྲོག་ཆགས་འཆད།། བྱིས་པ་སྐྱེ་བའི ་སྤྱོད་ཡུལ་ཅན།། སྐྱེ་བ་མེད་ལ་དང་མི་འགྱུར།། བྱང་ཆུབ་ལམ་ནི་དམ་པ་དང་།། ལམ་གྱི་ཆོས་རྣམས་གཏང་བྱས་ནས།། བྱིས་པ་གཉིས་ལ་ཆགས་པ་སྟེ།། གཉིས་སུ་མེད་པ་མི་ཤེས་སོ།། སྒྱུ་མ་སྣ་ཚོགས ་གྱུར་པ་ལ།། བྱིས་པ་རྣམས་ཀྱིས་ཐ་དད་མཐོང་།། འདི་ལ་ཐ་དད་ཡོད་མ་ཡིན།། དེ་དག་ཐམས་ཅད་མཚན་ཉིད་གཅིག། སོ་སོའི་སྐྱེ་བོར་གང་བརྗོད་དང་།། འཇིག་རྟེན་སངས་རྒྱས་མཁས་པ་དག། མི་གཉིས ་གཉིས་སུ་དབྱེར་མེད་དེ།། དེ་དག་སྒྱུ་མའི་ཚུལ་དུ་མཉམ།། བྱིས་པ་ཁ་གཅིག་སྨྲ་བ་ནི།། རབ་ཞིག་བདག་ཅག་འདོད་ཆགས་ཟད།། ཞེ་སྡང་གཏི་མུག་ཞི་བར་འགྱུར།། ནམ་ཞིག་ཉོན་མོངས་མེད་པར་འགྱུར།། ་བེདེ་ལ་ཡོད་པར་འདུ་ཤེས་པའི།། འདོད་ཆགས་ཞེ་སྡང་གཅིག་པའི་ཕྱིར།། གང་དག་སྟོང་པ་ཉིད་སྟོན་པ།། དེ་དག་ཆད་པ་མྱ་ངན་འདས།། ཟད་པ་མེད་ཅིང་སྐྱེ་མེད་པར།། མྱ་ངན་འདས་པ་ཡང་དགྲ་བསྟན། ་ཟད་ཅིང་སྐྱེ་མེད་གང་བརྩོན་པ།། དེ་དག་མི་བསྟན་ལས་རིང་།། སྦྱིན་དང་ཚུལ་ཁྲིམས་འདུ་ཤེས་དང་།། གང་དག་བྱང་ཆུབ་འདུ་ཤེས་དགའ།། དེ་དག་མཚན་མའི་སྤྱོད་ཡུལ་བས།། གང་ཡི་བྱུང ་ཆུབ་དེས་མི་རྟོགས།། བྱིས་པ་མེད་པས་རྨོངས་པ་དག། ཆོས་རྣམས་གསོག་ཏུ་མི་ཤེས་ཏེ།། ཆོས་རྣམས་མཚན་ཉིད་གཅིག་པ་ལ།། དེ་དག་ཐ་དད་འབྱེད་པར་བྱེད།། གང་གིས་ཆོས་འདི ་ཤེས་པ་ནི།། ངོ་བོ་ཉིད་ཀྱིས་མཚན་མེད་པ།། སོར་མོ་ལྔ་པའི་ལག་པ་བཞིན།། དེ་དག་བྱང་ཆུབ་རྙེད་མི་དཀའ།། བྱང་ཆུབ་གང་དང་ཡང་མི་རིང་།། གང་དང་ཡང་ནི་ཉེ་བ་མེད།། རྟོག་དང་རྣམ ་རྟོག་གང་ལྡན་པ།། དེ་དག་བྱང་ཆུབ་རབ་ཏུ་རིང་།། བྱིས་པ་ཕན་ཚུན་སྤྱོད་པ་དག། གཅིག་ལ་གཅིག་ནི་སྨོད་བྱེད་པ།། འདི་ནི་ཚུལ་ཁྲིམས་ལྡན་པ་ཡིན།། ཚུལ་ཁྲིམས་མི་ལྡན་འདི་མི་སྲུན།། ཆོས ་རྣམས་རྨི་ལམ་ལྟ་བུ་སྟེ།། འདུས་བྱས་ཐམས་ཅད་ཡང་དག་མིན།། སྒྱུ་མ་བཞིན་དུ་སྐྱེ་མཐང་ནས།། མཁས་པ་སྙིང་པོར་མི་འཛིན་ཏོ།། བདེན་པར་འདི་ལ་ཚུལ་ཁྲིམས་མེད།། ཚུལ་ཁྲིམས་མི་ལྡན་བདེན ་པར་མེད།། ཆོས་རྣམས་བརྟན་ཏེ་བྱུང་བས་ན།། འདི་ལ་བདག་ནི་ཡང་མ་ཡིན།། བསྐལ་པ་བྱེ་བ་སྟོང་དག་ཏུ།། སྙོམས་ལས་མེད་པར་སྦྱིན་པ་བྱིན།། ཚུལ་ཁྲིམས་དག་ནི་མཆོག་བསྲུངས་ཀྱང་།། འདྲེན ་པས་པནི་ལུང་ས་བསྟན།། གང་ཟེང་ནི་འདུ་ཤེས་བྲལ།། སྦྱིན་པའི་འདུ་ཤེས་མ་ལུས་དག།། རྣམ་པ་སོག་པ་ཀུན་སྦས་པ། དེ་རྗེ་བྱང་ཆུབ་ལུང་བསྟན་ཏོ།། སྦྱིན་པས་མངས་སྤྱན ་འགྱུར་བར་བསྟན།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་བསྟན།། གང་ན་ཅུང་ཟད་མི་དམིགས་པ།། དེ་ནི་བྱང་ཆུབ་བླ་མེད་དོ།། བྱིས་པ་དམིགས་པར་གནས་པ་དག་མི་སྐྱེ་འདུས་མ་བྱས་པ་ཡིན།། བཟོད་པ ་བདག་གིས་ཟབ་པ་ཞེས།། མི་མཁས་པ་དག་རྟོག་པར་བྱེད།། ཆོས་རྣམས་སྐྱེ་བ་མེད་པ་ལ།། གང་དག་སྐྱེ་བར་སེམས་པ་ནི།། བསྐལ་པ་བྱེ་བ་སྟོང་དུ་ཡང་།། དེ་ཡི་བཟོད་པ་རྙེད་པར་དཀའ།། ་རྣམས་མིང་གིས་ལུང་བསྟན་ཏོ།། ཆོས་རྣམས་ལ་ནི་བྱེད་པ་མེད།། རྩ་བ་མེད་ཅིང་གནས་མེད་དེ།། ཐམས་ཅད་ནམ་མཁའི་མཚན་ཉིད་དོ།། སངས་རྒྱས་བྱེ་བ་མང་བ་ཡིས།། འདོད་ཆགས་ཞེ་སྡང་སྤ ་བའི་ཕྱིར།། ཆོས་མཆོག་དག་ཀྱང་བཤད་མོད་ཀྱི།། ཆོས་རྣམས་ཟད་པའང་ཡོང་མེད་དོ།། གལ་ཏེ་ཆོས་དེ་ཡང་དག་ན།། ཐམས་ཅད་ཡང་དག་ཟད་པར་འགྱུར།། གང་ཕྱིར་དེ་དག་ཡང་དག་ཡིན།། ་དེ་བས་མཐའ་ནི་མི་རྙེད་དོ།། འདོད་ཆགས་ཞེ་སྡང་མཐའ་ཡས་ཏེ།། གཏི་མུག་གི་ནི་མཐའ་ཡང་མེད།། གང་དག་གི་ནི་མཐར་མེད་པ།། དེ་དག་གི་ནི་རྩ་བ་མེད།། ས་བོན་མྱུ་གུ་མེད་ན་ནི།། འདབ་མ་འབྲས་བུ་ག་ལ ་འབྱུང་།། འདབ་མ་མེད་པ་གང་ཡིན་པ།། དེ་ལ་མེ་ཏོག་ཡོད་མ་ཡིན།། ཆོས་རྣམས་སྐྱེ་བ་མེད་པ་ལ།། སེམས་ཅན་ས་བོན་མི་རྙེད་དོ།། སེམས་ཅན་ས་བོན་མེད་པའི་ཕྱིར།། སྐྱེ་མེད་མྱ་ངན་འདའ་བ་མེད།། ཇི་མ ་། བུད་མེད་པག་ཤམ་དག། དེ་ལ་དུནི་ཡང་མ་མིན།། དེལ་བུའི་ཡང་མིད་ན།། བུ་མི་བྱ་ངན་བྱེད་པ་མེད།། ཆས་ནཔས་ཐམས་ཅད་མ་སྐྱེས་པ།། དེ་སར་རིག་ཅིང་མཐའདས་ནི།། འབར་བ་དག་ཏུལ་བབ་པར།། སྡུག་པསྔས ་འཇིགས་པ་དེ་ལ་མེད།། བྱིས་པ་མེད་པས་རྨོངས་པ་དག། བླངས་པས་ཆོས་ཉིད་མི་ཤེས་ཏེ།། རབ་མ་ཁར་ཁུར་དུ་བགས་བྱས་ནས།། མོ་མཁས་པ་དག་ཀྱ་བར་འགྱུར།། མེད་ཅིང་མཐའ་ཡང་མེད་པ་དང་།། གྲངས་མེད་པ་དང་། ་ཆད་མེད་པ་ར།། གང་གིས་ཆོས་འདི་ཤེས་པ་ནི།། དེ་དག་ལ་མི་སྐྱོ་བ་མེད། འི་སྐར་ཟག་མའི་མཐའ་དག་ནི།། མེད་པ་དག་ཏུངས་བསྟན་པ།། དེ་བཞིན་ཕྱི་མའི་མཐའ་དག་དང་།། དབུས་ཀྱང་མ་ཚ་མ་ཉིག་གཅིག་པ་ཡིན།། རྟོག་པའི ་མཟའ་ནི་མཐའ་མེད་དེ།། མཐའ་ནི་གས་པ་དང་མེད་པ་ཡིན།། དོན་རྣམས་དེ་སར་ཤེས་བྱས་ན།། དངོས་པ་གཉིས་སུ་མི་འགྱུར་བ།། མཐའ་མིང་མ་མཁའི་མཚན་ཉིད་དེ།། སེམས་ཅན་མཐའ་ནི་བས་པ་མི་ཁྱབ།། མཐའ་ནི ་མིག་ཡོར་ལྟ་བུ་སྟེ།། དེ་བས་ཡེ་ཤེས་ཤེས་མི་འགྱུར།། རྣམ་པར་རྟོག་ལ་སྤྱོད་པ་ན།། སྡིག་པ་ཇི་ལྟར་ཟད་པར་འགྱུར།། ནམ་ཞིག་སངས་རྒྱས་བདག་འགྱུར་ཞེས།། སེམས་ནི་དེ་ལྟར་འཇུག་པར་འགྱུར།། སངས ་རྒྱས་དག་ནི་མ་སྐྱེས་པས།། དེ་དག་འབྱུང་བ་གང་ཡང་མེད།། འབྱུང་བ་མེད་པའི་ཆོས་རྣམས་ལ།། བྱིས་པ་རྣམས་ནི་འབྱུང་བར་འདོད།། ནམ་མཁའ་ལ་ནི་རྟེན་པ་དང་།། གནས་དང་གནས་པར་བྱ་མི་ནུས།། ནམ་མཁའ ་ལ་ནི་གནས་མེད་དེ།། ཐོགས་པ་མེད་ཅིང་དངོས་པོ་མེད།། ཇི་མར་དེམ་མཁའ་དངོས་མེད་པ།། དེ་ལྟར་བྱང་ཆུབ་ཤེས་པར་བྱས།། ཇི་ལྟར་བྱང་ཆུབ་ཅེས་བྱ་བ།། དེ་སར་སེམས་ཅན་ཤེས་པར་བྱས།། ནམ་མཁའི། ་དབྱིངས་དང་བྱང་ཆུབ་དང་།། སེམས་ཅན་ཁམས་དེ་དག་མཉམ།། གང་གིས་དེ་དག་མཉམ་ཤེས་པ།། དེ་ཡིས་བྱང་ཆུབ་རྙེད་མི་དཀའ།། གང་དག་བྱང་ཆུབ་མི་བརྩོན་ཞིང་།། ཚུལ་བཞིན་དུ་ཡང ་སེམས་མི་བྱེད།། ཆོས་རྣམས་ཚོར་བར་མི་བྱེད་པ།། དེ་ཡིས་བྱང་ཆུབ་རྙེད་མི་དཀའ།། བྱང་ཆུབ་བཙལ་དུ་མེད་པ་སྟེ།། ཇི་ལྟར་ཚོལ་བ་ཐམས་ཅད་ལྟར།། སེམས་ཀྱིས་ཟབ་པ་རྣམས་ཀྱིས་ནི།། བླ་མེད་བྱང་ཆུབ་རྟོགས ་མི་ནུས།། སྦྱིན་པས་བྱང་ཆུབ་ཐོབ་སྙམ་ནས།། སྦྱིན་པའི་སེམས་པ་གང་སེམས་པ།། བྱང་ཆུབ་ཐོབ་པ་གང་ཡང་མེད།། མ་ཐོབ་པ་ནི་བྱང་ཆུབ་མཆོག། ཚུལ་ཁྲིམས་སེམས་ལ་གང་ཆགས་དང་།། བརྩོན་འགྲུས། ་ཡང་དག་ཉིད་རྟོག་ཅིང་།། གང་དག་འདུ་ཤེས་འཇུག་པར་བྱེད།། ང་ཡི་བསྟན་ལ་དེ་མི་སྦྱོར།། ཆོས་ཀུན་སྦྱོར་བ་མེད་པ་ལ།། ང་ཡི་སྦྱོར་བ་ཏེ་བསྟན་ཏེ།། ཅུང་ཟད་རྩོམ་པ་གང་མེད་པ།། དེ་ནི་སྦྱོར་བ་བླ་མེད་པའོ།། ་འདི་རྣམས་ནི་ཟག་པ་མེད།། ཆོས་འདི་ཟག་དང་བཅས་པ་ཞེས།། གང་ལ་འདུ་ཤེས་དེ་ཡོད་པ།། དེ་ཡི་སེམས་ནི་ཚུལ་བཞིན་མིན།། གང་གིས་ཆོས་རྣམས་བསམ་ཡས་པ།། ནམ་མཁའ་འདྲ་བ་མཐོང་བ་དང་།། མ ་བཅིངས་པ་དང་མ་གྲོལ་བ།། དེ་ཡི་ཤེས་རབ་བླ་ན་མེད།། གང་ཞིག་ཚུལ་ཁྲིམས་ལྡན་པར་རྟོག། ཚུལ་ཁྲིམས་མི་ལྡན་རྣམས་རྟོག་པ།། གཉིས་ནི་ཚུལ་ཁྲིམས་ངན་པར་བཤེད།། གཉིས་སུ་མེད་པ་ཚུལ་ཁྲིམས་མཆོག ་ཆོས་རྣམས་ཐ་དད་བྱ་བ་མེད།། ཁྱད་པར་མེད་ཅིང་མཚན་མེད་པར།། གང་གིས་མཐོང་ཞིང་ཤེས་པ་དག། དེ་དག་ང་ཡི་བསྟན་པ་འཛིན།། གང་གི་སེམས་ནི་ནམ་མཁའ་ལྟར།། མ་ཆགས་བཞིན་དུ་ཕྱོགས་སུ་འགྲོ། ་ལྟར་ཡེ་ཤེས་ཆགས་མེད་པ།། དེ་ཡི་དགེ་སྦྱོང་ཡང་དག་ཉིད།། གང་གིས་ཅུང་ཟད་མ་བརྟགས་ཤིང་།། ཐམས་ཅད་དུ་ཡང་སེམས་པ་མེད།། སེམས་ཅན་མེད་ཅིང་ཆོས་མེད་པ།། དེ་དག་བྱང་ཆུབ་རྙེད་མི་དཀའ།། འདོད།། ་ཆགས་མཐའ་ལ་གང་མི་གནས།། འདོད་ཆགས་དང་ཡང་བྲལ་མ་གྱུར།། འདོད་ཆགས་ལས་ཀྱང་རྒྱལ་མི་བྱེད།། དེ་ནི་བྱང་ཆུབ་མི་དཀོན་ནོ།། གང་དག་བསྐལ་པར་མི་སྐྱེ་ཞིང་།། མཐས་ཀྱང་འཇིགས་པར ་མི་འགྱུར་ལ།། འཁོར་བས་སྐྲག་པར་མི་འགྱུར་བ།། དེ་ནི་བྱང་ཆུབ་རྙེད་མི་དཀར།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་བྱེད། ཐེ་ཙོམ་མི་བྱེད། ནེམ་རུར་མི་བྱེད།། ལུང་སྦྱིན་པར་བྱེད།། འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར ་བྱེད། གཞན་ལའང་རྒྱ་ཆེར་ཡང་དག་པར་སྟོད་པ་དེའི་ཕན་ཡོན་བསྔགས་པ་ཉི་ཤུ་ཡོད་པར་རིག་པར་བྱའོ།། ཉི་ཤུ་གང་ཞེ་ན། ལྷས་བསྲུངས་པར་འགྱུར། ཀླུས་བསྲུངས་པར་འགྱུར།། གནོད་སྦྱིན་གྱིས་བསྲུངས ་པར་འགྱུར། སེམས་གཡེངས་པར་མི་འགྱུར། ཚེ་བརྗེས་ནས་ཀྱང་ཚེ་རབས་དྲན་པར་འགྱུར། མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར།། ཚེ་བརྗེས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བར་འགྱུར།། ་དེ་སྟེ་ཆོས་ཀྱི་རྣམ་གྲངས་འདི་སེམས་མི་གཡེང་བར་ཡིད་ལ་བྱེད་ཅིང་། གཉིས་ཀྱི་སྙོམ་པ་སེལ་ན། དེའི་རྨི་ལམ་དུ་སངས་རྒྱས་མཐོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བའང་རེ་བར་བྱའོ།། དེ་ཆོས ་ཀྱི་ན་པ་གྲངས་འདི་ལ་མོས་ན། རྗེས་སུ་མཐུན་པའི་ཆོས་རྣམས་ལ་བཟོད་པ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་སེམས་ན། ཚེ་འདི་ཉིད་ལ་གནོད་སེམས་མེད་པར་རེ་བར་བྱའོ།། དུག་ཕྱུར་བའི་ནང་། ་ན་འདུག་ནའང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་ན། འཇིགས་པ་མེད་པར་རེ་བར་བྱའོ།། སླར་རྒོལ་བ་ཚར་གཅད་པར་རེ་བར་བྱའོ།། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་རེ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་རྡེགས ་པར་བྱེད་པའི་ཚེ། ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་ལེ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན་ཡང་ཆོས་ཀྱི་སྒོ་བརྒྱ་སྟོང་དུ་མ་ཐོབ་པར་ཡང་རེ་བར་བྱའོ།། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། མཐའ་ཡས ་འཁྱིལ་བའི་གཟུངས་ཐོབ་པར་རེ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་པ་ན་ཡང་བདུད་ཀྱིས་བསྐོར་བ་མེད་པར་བྱའོ།། སངས་རྒྱས་མངོན་སུམ་དུ་བཞུགས་པར་ཡང་སྐྱེ་བར་རེ་བར་བྱའོ།། སྨོན་ལམ་ཐམས་ཅད་གྲུབ ་པར་ཡང་ཆེ་བར་བྱའོ།། སྲོག་ཆགས་ཀྱི་རིགས་རྐང་པ་མེད་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་པ་མང་པོ་དུག་ཅན་རྣམས་ལས་བསྲུངས་པར་རེ་བར་བྱའོ།། དེ་ལ་མིའི་རྒྱལ་པོ་འཁྲུག་པའི་འཇིགས་པ་མེད་པར་རེ་བར་བྱ་སྟེ། ་འཇམ་དཔལ་གང་སེམས་ལ་ཐོ་ཙམ་མེད་པ་དང་། ནེམ་ནུར་མེད་པར་ཆོས་ཀྱི་ནམ་གྲངས་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལའང་རྒྱས་པར་ཡང་དག་པར་སྟོན་པའི་ཆོས་སྨྲ་བ་དེ་ལ། ཡོན་ཏན ་བསྔགས་པ་ཉི་ཤུ་པོ་འདི་རྣམས་ཡོད་པར་རེ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྨན་གྱི་ཤིང་ཐམས་ཅད་ནི། སེམས་ཅན་རྣམ ་ཀྱི་ནད་ཐམས་ཅད་ཞི་བར་བགྱིད་དོ།། དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདིའང་ནད་ཐམས་ཅད་རབ་ཏུ་ཞི་བར་བལྟ་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། འཇམ་དཔལ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཚིག། ་འདི་ལེགས་པར་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་ནང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་ཅིང་ཤིན་ཏུ་གྲངས་མེད་པ་དེའི་ཚེ་དེའི་དུས་ན། གས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྟབས་སུ་འགྲོ་བ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། དེས་སྲོག་ཆགས་སྟོང་ཕྲག་དུ་མ་རྣམས་ལ་རྒྱང་རིང་པོ་ནས་ཆོས ་ཀྱི་རྣམ་གྲངས་འདི་བཤད་དོ།། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་ཏོ།། དེས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏོ།། དེ་སེམས ་གཡེང་བ་མེད་པ་དང་། ཐེ་ཙམ་མེད་པ་དང་། ནེམ་ནུར་མེད་པས་ཆོས་ཀྱི་རྣམ་གྲངས་འདི་ཡོན་ཏན་བསྔགས་པ་དང་བཅས་པར་བཟུང་ཞིང་། ཀུན་ཆུབ་པར་བྱས་ཏེ། ཀུན་ཆུབ་པར་བྱས་ནས་ཀྱང་མོས་པའི་མཐུ་དང་ལྡན ་པར་གྱུར་ཏེ། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་། ཡུལ་འཁོར་དང་། ཕ་བྲང་འཁོར་དུ་འོངས་ནས་བདག་ནི་སྨན་པའོ།། བདག་ནི་སྨན་པའོ་ཞེས་བདག་ཉིད་ཁས་འཚེའོ།། དེ་ནས་དེ་མ་ཐག་ཏུ་སྲོག་ཆགས་ནད་སྣ ་ཚོགས་ཀྱིས་གཟིར་བ་སྟོང་ཕྲག་དུབ་སྲེག་གི་སྐྱབ་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ག་ལ་བ་དེར་ལགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་མོས་པའི་མཐུ་ལ་གནས་པའི་སེམས་ཀྱིས། ་སེམས་ཅན་དེ་དག་ལ་ཆོས་ཀྱི་གསུང་འདྲིས་བྲིབས་ས།། ཆོས་རྣམ་གྲངས་འདི་ལས་གང་རིག་སྔགས་འབྱུང་བ་དེ་དག་གིས་ཀྱང་། བསྲུང་བ་དང་། བསྐྱབ་པ་དང་། ཡོངས་སུ་བཟུང་བ་བྱས་སོ།། ་འཇམ་དཔལ་དེ་ལ་རིག་སྔགས་ཀྱི་ཚིག་དེ་དག་ཀྱང་གང་ཞེ་ན། ཏདྱ་ཐཱ། ཨ་ལ་ཏ་བི་ཏཱ་ལ་བི་བྷིན། ཨ་ཏིརྠ། ཨབྷཱི་ད། ཨ་ནུ་ཎཱ། བི་བྲ་ཧྨ། ན་ཧི་ཁ་ག་རུ་ང་། མ་ཡ་སུ་ཁ། ཨ་ན་ད། ཛཱ་ལ་ད། ན་ད་མིད་ཏ། ཨ་མིད་ཏྲ། ་ཛེ་ཏྲ་ཧི་ཏ་སརྦད་ཏྲ་ལ། ཨང་ག་མང་ག། ཨརྠ་ཡུ་ཏ། ས་པྲཱ་མ་ཨི་ཤ། རིག་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སེམས་ཅན་དེ་དག་བསྲུང་བ་བྱས་སོ།། དེས་གལ་ཏེ་གདུག་པས་ཟོས་པ་འམ། གལ་ཏེ་མི་མ་ཡིན་པས་གཙེས་པ ་འམ། སྲོག་ཆགས་ཀྱི་རིགས་དུག་ཅན་གང་ཡང་རུང་བ་འགའ་ཞིག་གིས་ཟིན་པ་འམ། གལ་ཏེ་ནད་སྐེམ་པ་དང་། མཛེ་བྱུང་བ་དང་། གལ་ཏེ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་ཀྱིས་བཏབ་པ། ་ནང་སྣ་ཆགས་ཀྱིས་རབ་ཏུ་གཟིར་བའི་སེམས་ཅན་དེ་དག་ནད་དེ་དང་དེ་དག་ལས་རབ་ཏུ་ཐར་པར་བྱས་སོ།། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་གནས ་ནས། སེམས་ཅན་དེ་རྣམས་ནད་ལས་རབ་ཏུ་ཐར་པར་བྱས་སོ།། འཇམ་དཔལ་ཁྱོད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན། ་དེ་དེ་ལྟར་མི་བལྟརའོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བར་གྱུར་ཏེ། ངས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་སེམས་ཅན་དེ་སྙེད་ཀྱི་དོན་བྱས་སོ།། འཇམ ་