CLOSE WINDOW

Ty029-010: mchod rten bskor ba'i tshigs su bcad pa
Wyliee-texts produced with BDRC’s OCR application

བདག་རང་ཉིད་ལ་ལྟོས། རྒྱ་གར་སྐད་དུ། ཙ་ཏྱ་པྲེ་དི་ཀཱ་ན་ག་ཐཱ། བད་སྐད་དུ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། དཀོན་མཆོག ་གསུབ་ལ་ཕྱག་འཚལ་ལོ།། ཤེས་རབ་ལྔར་མཆོག་འཇིག་སེམམ།། ཆོས་ཀྱི་འཁར་མ་རྔས་པ་སྐ་ག།། ཤེས་རབ་ཆེན་བདཤཱ་མཱིའི་བུས།། མུན་པ་ལ་མི་ནུ་བཞུས།། མཆོད་རྟེན་བསར་བ ་བགྱིས་པ་ཡི།། རྣམ་པར་སྨིན་པ་ཅིར་འགྱུར་བ།། སྟོན་པ་ཆེན་པོ་འཇིག་རྟེན་མཆོག། རྣམ་པར་འདྲེན་པས་བདག་ལ་གསུངས།། རྫོགས་སངས་རྒྱས་པ་གང་གཉིས་མཆོག། སྟོན་པས་དེ་ལ ་བཀའ་སྩལ་པ།། མཆོད་རྟེན་དག་ལ་ཕྱག་བྱས་པའི།། ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན། མཆོད་རྟེན་བསྐོར་བ་བྱས་པས་ནི།། ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་།། ཤ་ཟ་དེ ་བཞིན་སྲིད་རྣམས་ཀྱིས།། ཐམས་ཅད་དུ་ཡང་མཆོད་པར་འགྱུར།། དྲལ་བ་རྙེད་དཀའ་ཐོབ་གྱུར་ན།། སྐད་ཅིག་གཅིག་ཙམ་པར་དུ་ཡང་།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མི་ཁོམ་བརྒྱད་རམ་སྤོང ་བར་འགྱུར།། མཆད་ཏེན་བསྐུར་བ་བྱས་པས་ནི།། དྲན་དང་ལྡན་ཞིང་བླ་གྲོས་ལྡན།། ཁ་དོག་ལྡན་ཞིང་མཛངས་པ་དང་།། ཐམས་ཅད་དུ་ནི་མཆོད་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ་ལྔ་དང་དེ་བཞིན་མི་རྣམས་ཀྱི།། ཚེ་རིང་བ་ཡང་དེ་ཡིས་ཟབ།། གྲགས་པ་ཆེན་པོའང་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཛམ་བུ་གླིང་དུ་རུས་ཀྱི་མཆོག། ཚེ་རིགས་ཡོངས་སུ་དག ་པར་ཡང་།། བློ་ལྡན་དེ་ནི་སྐྱེ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཁ་བཞིན་དག་ཀྱང་བཟང་བ་དང་།། མངག་སྡུག་པ་དང་མཁས་པ་དང་།། བདེ་བར་གནས་པ་འཐོབ་པར་འགྱུར། ་མཆོད་རྟེན་བསྐོར་བ་བྱས་པས་ནི།། ཕྱུག་ཅིང་ནོར་ཡང་མང་བ་དང་།། སེར་སྣ་མེད་ཅིང་གཏོང་བོད་དང་།། སྦྱིན་པ་དག་ལ་དགའ་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས། ་པས་ནི།། ཡིད་དུ་འོང་ཞིང་བལྟ་ན་སྡུག། མདོག་བཟང་མཐོང་ན་དགའ་བ་དང་།། ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འདུ་བྱེད་སྟོང་པར་མཐོང་ན་ཡང་།། ་དེ་ནི་ཆོས་ལ་རྨོངས་མི་འགྱུར།། མྱུར་དུ་དགའ་བ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། རྒྱལ་རིགས་མཆོག་ཏུ་བདེ་བར་འགྱུར།། བུ་སྨད་དང་ཡང་ལྡན་པ་དང་།། ་སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ།། ཚུལ་ཁྲིམས་ལྡན་ཞིང་ཟོས་དང་ལྡན།། རིག་བྱེད་གསང་སྔགས ་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཁྱིམ་བདག་ཚེ་ཞིང་མཐོ་བར་སྐྱེ།། ཕྱུག་ཅིང་ནོར་ཡང་མང་བ་དང་།། ནོར་དང་འབྲུ་དང་ལྡན་པར་འགྱུར།། མཆོད་རྟེན་བསྐོར ་བྱས་པས་ནི།། འཛམ་བུ་གླིང་གི་མངའ་བདག་རྗེ།། ས་སྟེང་མཐའ་དག་དབང་བྱེད་པའོ།། ཆོས་དང་ལྡན་པའི་རྒྱལ་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། རིན་ཆེན་བདུན ་དང་ལྡན་པ་ཡི།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར།། ཆོས་བཞིན་འཁོར་མ་སྐོར་བར་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འདི་ནས་འཕོས་མཐོ་རིས་འགྲོ།། སངས་རྒྱས་བསྟན་ལ ་དགའ་བ་དང་།། རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ།། མཚད་རྟེན་བསྐོར་བ་བྱས་པས་ནི།། རྩཝ་ཡུལ་དག་ནས་འབྲས་ན་ཡང་།། དེ་ནི་མི་ཡི་ནང་དུ་སྐྱེ།། རྨོས་པ་མེད་པར་མངས་དུ་འཇུག ་མཆོད་རྟེན་བསྐོར་བ་བྱས་པས་ནི།། མངལ་གྱི་སྤྱོད་དང་དྲི་མ་ཡིས།། དེ་ལ་གོས་པར་མི་འགྱུར་ཏེ།། དེ་ནི་ནོར་བུ་དག་པ་བཞིན།། མ་ཆད་རྟེན་བསྐོར་བ་བྱས་པས་ནི།། མ་ལྷོར་བདེ་བར་གནས་པར ་འགྱུར།། དེ་ནི་བདེ་བར་བཅའ་བ་དང་།། བདེ་བར་ནུ་ཞོ་བཏུང་བར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། པས་ཀྱང་གཡོག་འཁོར་མང་པོ་ཡིས།། དེ་ལ་གསོ་ཞིང་གནང་བར ་འགྱུར།། མ་མས་རྟག་ཏུ་རིམ་གྲོ་བྱེད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ཉེ་དུ་རྣམས་ཀྱི་སྟོང་དུ་སྡུག། དེ་བཞིན་པ་མ་ལྷག་པར་བྱམས།། སྐྱེས་བུ་ལོངས་སྤྱོད་འཕེལ་བར་འགྱུར།། ་མཆོད་རྟེན་བསྐོར་བ་བྱས་པས་ནི།། ཤ་ཟ་དང་ནི་སྲིན་རྣམས་ཀྱིས།། དེ་ལ་གནོད་པ་མི་ནུས་ཏེ།། ལངས་སྤྱོད་དག་ལ་སྐྱོན་མེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ་བསྐལ་བ་བརྒྱར་ཡང་དེ་དག་རྣམས།། ཞར་བ་སྒུར་པོར་ཡང་མི་འགྱུར།། ལུས་ཀྱང་རྣམ་པར་དག་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། མིག་ཀྱང་རྣམ་པར་དག་པ་དང་།། དཀྱུས ་རིང་མཐོན་མཐི་སྡུག་པ་དང་།། ལྷ་ཡི་མིག་ཀྱང་དེ་ཡིས་འཐོབ།། མཆོད་རྟེན་བསྐོར་བ་བྱས་པས་ནི།། ལུས་བརྟན་སེམས་ཀྱང་བརྟན་པ་དང་།། དེ་བཞིན་བརྩོན་འགྲུས་བརྟན་པ་དང་།། དཔུང ་མགོ་ཟླུམ་ཞིང་བརྟན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས།། ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས།། ་ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར།། མཆོ་རྟེན་བསྐོར་བ་བྱས་པས་ནི།། སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ།། རྫུ་འཕྲུལ་ཆེན་པོའི་བརྒྱ་བྱིན་དུ།། ལྷ་ཡི་དབང་པོ་ཆེན་པོར་འགྱུར།། མཆོད ་རྟེན་བསྐོར་བ་བྱས་པས་ནི།། འཐབ་བྲལ་ལྷ་ཡི་དབང་པོ་དང་།། དེ་བཞིན་ཡོངས་སུ་དགའ་ལྡན་དང་།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས ་ནི།། ཚངས་པའི་འཇིག་རྟེན་ཚངས་པ་ཡི།། དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་།། ལྷ་རྣམས་བྱེ་བ་སྙེད་ཀྱི་ས་མཆོད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་དང་།། ་ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་།། ཤེས་རབ་ལྡན་པར་རྟག་ཏུ་མཆོད།། མཆོད་རྟེན་བསྐོར་བ་བྱས་པས་ནི།། བསྐལ་པ་བྱེ་བ་སྟོང་དག་ཏུ།། ལུས་གཙང་གོས་ཀྱང་གཙང་བ་དང་།། ་དཀར་པོའི་ཆོས་དང་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས།། དེ་ནི་ལེལ་མེད་པ་དང་།། ཤིན་ཏུ་སྒྲུབ་ཀྱང་བོས་པར་འགྱུར། ་མཆོད་རྟེན་བསྐོར་བ་བྱས་པས་ནི།། བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན།། རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་།། དོན་རྣམས་མྱུར་དུ་གྲུབ་པར་བྱེད།། མཆོད་རྟེན་བསྐོར་བ་བྱས་པས ་ནི།། གདངས་སྙན་གསུང་ཡང་མཐ་བ་དང་།། ཡིད་དུ་འོང་བའི་ང་རོ་ཅན།། གནོད་པ་མེད་ཅིང་ནད་མེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི། ང་ཉིད་ཀྱིས་ནི་བསྟན་པ་ཡི ་གནས་དེར་མྱུར་དུ་བདེར་འགྲོ་ཞིང་།། གས་ཆེར་སྐྱེ་བ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། དྲན་པ་ཉེ་བར་གཞག་པ་བཞི།། སེམས་ཀྱི་ཚད་མེད་བཞི་པོ་དང་།། རྫུ་འཕྲུལ ་རྐང་པའི་དབང་ཡང་འཐོབ།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཕགས་པའི་བདེན་པ་བཞི་པོ་དང་།། དབང་པོ་རྣམས་དང་སྟོབས་རྣམས་དང་།། བྱང་ཆུབ་ཡན་ལག་འབྲས་བུ་འཐག ་མཆོད་རྟེན་བསྐོར་བ་བྱས་པས་ནི།། མངོན་ཤེས་དྲུག་ལྡན་ཟག་མེད་པ།། ཉོན་མོངས་ཐམས་ཅད་སྤངས་པ་ཡི།། དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི། ་འདོད་ཆགས་ཞེ་སྡང་སྤངས་པ་དང་།། ཁོ་ན་རྣམས་ཐམས་ཅད་སྤངས་པ་དང་།། རང་རྒྱལ་བྱང་ཆུབ་ཐོབ་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་པས་ནི།། འཇིག་རྟེན་དག་ཏུ་དེ་བཞིན་གཤེགས ་མཚན་རྣམས་ཀྱིས་ནི་བརྒྱན་པ་དང་།། གསེར་གྱི་སྐུ་མདོག་ཐོབ་པར་འགྱུར།། ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན།། ངག་གི་ལས་ཀྱང་བསྐོར་བ་ཡིན།། ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན།། ་སྨོན་ལམ་བཏབ་པའང་བསྐོར་བ་ཡིན།། འདིར་ནི་བསྐུར་བ་བྱས་པ་ཡིས།། སྤྲོད་ཁ་བདེ་དགུར་དོན་རྣམས་འགྲུབ།། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ།། བསྐོར་བ་བྱས ་པའི་ཡོན་ཏན་གང་།། དེ་ནི་ཚིག་ཅམ་ཞི་ཚེ་ཡིས།། ལེགས་པར་བསྟན་པར་མི་ནུས་སོ།། སེམས་ཅན་རྣམས་ལ་སྙིང་བརྩེ་འི་ཕྱིར། ཀ་ཤཱ་རཱིའི་བུས་ནི་ཞུས་ནས་ཀྱང་།། ་མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་།། འཇིག་རྟེན་མགོན་པོས་བསྟན་པ་ཡིན།། རྟ་བརྒྱ་དང་ནི་གསེར་སྲང་བརྒྱ།། རི་མོའི་ཤིང་རྟ་བརྒྱ་དག་དང་།། རྒོ་མ་བརྒྱ་ཡི་ཤིང་རྟ་རྣམས།། རིན ་ཆེན་སྣ་ཚོགས་བཀང་བ་ཡང་།། བསྐོར་བའི་གོམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཀམ་པོ་ཛ་ཡི་བུ་མོ་བརྒྱ།། ནོར་བུ་རྣ་ཆ་གདུབ་ཀོར་ཐོགས།། གསེར་གྱི་དཔུང ་རྒྱན་འཆང་བ་དང་།། མགྲིན་པ་གསེར་གྱིས་ལེགས་བརྒྱན་པ།། བསྐོར་བའི་གེམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མི་བོད་དོ།། གངས་ཀྱི་གླང་ཆེན་བརྒྱ་སྙེད་དག། ལུས་ཆེན་ནམ ་ཆོངས་ཡངས་པ་དང་།། སྔ་ཡང་གཤོལ་མདའ་འདྲ་བའི་གླང་།། གསེར་དང་ནོར་བུས་བརྒྱན་པ་ཡང་།། བསྐོར་བའི་གོམ་པ་གཅིག་བོར་བའི།། བཅུ་དྲུག་ཆར་ཡང་མི་བོད་དོ།། མཁས་པ་གང་གིས ་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ།། འཛམ་བུ་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས ་སངས་རྒྱས་མཆད་རྟེན་ལ།། དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ།། འཛམ་བུ་ཆུ་གྲུང་གསེར་གྱི་པ་བང་འབུམ།། དེ་ནི་དདང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས ་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས།། འཛམ་བུ་ཆུ་ཀླུང་གསེར་སྣོད་འབུམ་གཞག་པ།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས ་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་མེ་ཏོག་འཕྲེང་བ་འདོགས།། འཛམ་བུ་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས ་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་སྤོས་ཆུས་དབང་བསྐུར་བ།། འཇབ་བུ་རྩ་ཀླུང་ག་སེར་གྱི་ཕུང་པོ་འབུམ།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས ་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་མར་མེ་འབུལ་བྱེད་པ།། འཛམ་བུ་ཆུ་ཀླུང་གསེར་གྱི་བྱེ་བ་འབུམ།། དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས ་མཆོད་རྟེན་ལ།། དགའ་བའི་སེམས་ཀྱིས་རྒྱལ་མཚན་རཔ་ནི་གདུགས་འདོགས།། གསེར་གྱིའི་བོའི་ལྷུན་པོ་ཚད་འབུམ་ཡང་།། དེ་ནི་དེ་དང་མཚུངས་པ་ཡོད་པ་ཡིན།། འདི་ནི་དཔག་མེདན ་བཞིན་གཤེགས།། རྒྱ་མཆའདྲ་བའི་རྫོགས་སངས་རྒྱས།། དེད་དཔོན་བླ་ན་མེད་པ་ལ།། ཕུལ་བའི་ཕན་ཡིན་བསྟན་པ་ཡིན།། བཞུགས་པའི་ཆེན་གང་གིས་མཆོད།། མྱ་ངན་འདས་འག ་གང་གིས་མཚང།། སེམས་དགའ་བ་ནི་མ་ཚུངས་གྱུར་ན།། བས་དནམས་ལ་ཡང་ཁྱད་པར་མེད།། དེ་ལལསངས་རྒྱས་བསམ་མི་ཁྱག། སངས་རྒྱས་ཆོས་ཀྱང་བསམ་མི་ཁྱག་གབས་པ་མི་ཁྱབ་ལ་དད་རམས་ཀྱི ་རྣམ་པར་སྨིན་པའང་བསམ་མི་ཁྱག། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་རྫོགས་སོ།། རྒྱ་གར་སྐད་དུ། ཧསྟི ་