CLOSE WINDOW

Ty029-009: chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems lyi gnas bshad pa le'u bcu
Wyliee-texts produced with BDRC’s OCR application

པ་བདུད་རྩི་བརྗོད་པ་ཞེས་བྱ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། ཆོས་ཀྱི་རྒྱུ་མོ། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའི ་སེམས་ཀྱི་གནས་བཤད་པ་ལེའུ་བཅུ་སྟེ།། བམ་པོ་དང་བ། སངས་རྒྱས་ཀྱི་བུ་ཐམས་ཅད་ཐལ་མ་སྦྱོར་ལ། སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས ་ཆེན་པོ་བཤད་པ། སེམས་ཟག་པ་ནས་ཚན་ཅིག། མཛའ་ཚོགས་པ་ཡིད་བསྡུས་སོ་ཉོན་ཅིག། བདག་ལ་ཀུན་དུ་བྱུ་འང་བར་ཤེས་ན། མཐོལ་ཚངས་བྱས་ཤིག། མཐལ་ཚངས ་བྱས་ན་བདེ་བར་འགྱུར་རོ།། མཐོལ་ཚངས་མ་བྱས་ན། སྡིག་ཕྱིར་ཞིང་ཟབ་ཏུ་སྐྱེའོ།། ཀུན་ཏུ་ལྟུང་བ་མེད་ན། མ་སྨྲ་བར་འཁོད་ཅིག། ཀུན་ཀྱང་གཙང་མར་མངོན་ནོ།། ལེགས་པ ་ཆེན་པོ་ཡོད་པའི་རྣམས་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་བརྟག་པར་ཉན་ཅིག། སྤངསུ་རྒྱུས་མྱ་ངན་ལས་འདས་པའི་ཕྱིར། མཆོད་རྟེན་ལས་ཆོས་བྱེད་པའི་ཚེ། ་སོར་ཐར་པ་ལ་བརྩོན་ཅིང་ལྕི་བ་དང་། གུས་ཤིང་རིན་ཆེར་བྱོས་ཤིག། སོ་སོར་ཐར་པ་ཞེས་བྱ་བའི་ཚུལ་ཁྲིམས་ནི་འདི་ཡིན་ནོ།། ཚུལ་ཁྲིམས་འདི་བཟུང་ན་མུན་པ་ལས་སྣང་བར་ཕྲད་པ་དང་མཆུངས ་མི་དབུལ་པ་ལས་ན་ཆེན་པ་ཐོབ་པ་དང་མཚུངས་སོ།། ནང་པ་སྲན་རྙེད་པ་དང་མཚུངས་སོ།། བརྒྱད་ཁྲི་མ་ན་ནས་བྱུང་བ་དང་མཚུངས་སོ།། ལ་ས་རིང་བ་མང་བ་ལས་སྔར ་འཁོར་བ་དང་མཚུངས་ཏེ། འདི་ནི་ཀུན་གྱི་མཁར་པོ་ཆེན་པོ་ཡིན་པར་མངོན་པས། སངས་རྒྱས་འཇིག་རྟེན་ན་བཞུགས་པ་དང་མི་མཚུངས་པ་མེད་དོ།། འཇིགས་པའི་སེམས་ནི་སྐྱེ་དཀརའ། དགེ ་བའི་སེམས་ནི་གཡོ་དཀའ་བས་ན། ཁ་ན་མ་ཐོ་བ་ལས་བརྙེས་ཏེ་བྱེད་སྒྲུམ་དུ་བྱས་ན། ཆུའི་ཐིགས་པ་ཆུང་མ་ཀྱཻ། རྒྱུན་གྱིས་ན་སྣང་ཆེན་པོ་གང་ང་།། ཡུད་ཙམ་གྱི་བ་བར་དུ་སྡིག་བྱས་པས ་ན། བསྟིར་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། རེ་ཞིག་མཱིའི་ལུས་སྦྱར་ན། བསྐལ་པ་ཁྲིའི་བར་དུ་ཡང་སླར་མིའི་ལུས་མི་ཐོབ་གོ། དར་བའི་ཚེ་མི་སྡོང་ངོ་།། དཔེར་ན་ནི ་བརྒྱུགས་པ་དང་འདྲ། མིའི་ཚེ་ཡང་རྟག་པ་མེད་དེ། དབའ་རྒལ་གྱི་ཆུ་འབབ་པ་བྱས་ཀྱང་མྱུར་ཏེ། དེ་རིང་གསོན་མོད་ཀྱི། སང་གི་གཉའ་ཡང་དཀའ་འོ།། ད་དུས་ཁོ་ན་ལ་བབ་ཀྱིས།། ་མེད་པའི་རྣམས་སོ་སོ་ནས་སེམས་གཅིག་ཏུ་འགྲུས་ཤིང་འབོགས་པ་བཙལ་བའི་རིགས་སོ།། བག་བྱས་ལ་ལེ་ལོ་བླ་ཁྱད་དང་། ཉལ་བ་དང་། གཉིད་ཀྱིས་ལོག་ཅིང་། རང་ཉམས་ཀྱིས ་ཡིད་མི་བྱའོ།། མཚན་ཞིང་དི་སེམས་བསྡུས་ལ། རྟག་པར་དཀོན་མཆོག་གསུམ་གཟུངས་སུ་བཟུང་ལ། ཕྱལ་པོ་དོན་མེད་པ་ལ། ཉོན་མོངས་ངལ་ཆད་ཅིང་ཚེ་ཕྱི་མ་ལ་ཡང་རབ་ཏུ་འགྱོད་པ་མཐར་ཅིའང ་ཐུབ་པ་མེད་པ་མི་བྱའོ།། མང་བའི་རྣམས་གཅིག་དུས་གཅིག་ཏུ་ཚུལ་ཁྲིམས་འདི་བཞིན་ལེགས་པར་བྱས་ཤིག། དེའི་ཚེ་ན་སངས་རྒྱས་རྣམ་པར་སྤང་མཛད་ཀྱིས་མང་བའི་ཕྱིར་ཆུབ་གངྒཱའི་བརྒྱ་སྟོང་གི ་བྱེ་བ་སྐྱེད་ཀྱིས་བརྗོད་དུ་མེད་པའི་ཆུས་ཀྱི་སྒོ་མོའི་ཡང་བྱེ་སྟེ། དྲིའི་ནང་ནས་སེམས་ཀྱི་གནས་སྤུ་རྟག་མའི་མིག་རྙེད་དོ།། སྔ་མ་འདས་པའི་སས་རྒྱས་ཐམས་ཅད་ལ་ཡང་བཤད་དོ།། ་ལྟར་གྱི་སངས་རྒྱས་ལ་ཡང་དེ་བཞིན་འཆད་དོ།། མ་འོངས་པའི་སངས་རྒྱས་ཐམས་ཅད་ལ་ཡང་དེ་བཞིན་དུ་འཆད་པར་འགྱུར་རོ།། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ལེབས་པ་དང་།། ་སློབ་པ་དང་། སློབ་པར་འགྱུར་རོ།། ངས་བསྐལ་པ་བརྒྱའི་བར་དུ་སེམས་ཀྱི་གནས་འདི་བྱས་པས་ན། ངའི་མཁན་པ་རྫོགས་ལོངས་སྤྱོད་པའི་སྐུ་ཞེས་བྱའོ།། ཁྱེད་སངས་རྒྱས་ཐམས ་ཅད་ཀྱི་ངས་བཤད་དེ་ཅོག་གཅིག་ནས་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་གནས་ལམ་ཕྱེ་ཞིག། དེ་ནས་པདྨོའི་སྙིང་པའི་སྔོན་གྱི་ཁམས་ན། གནམ་གྱི་འོད་ལྡམ་མེ་ལུང་ངེ་བའི ་སི་དེའི་གདན་གྱི་སྤྱོང་ན། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་འོད་བཏུང་སྟེ། འོག་གི་མེ་ཏོག་སང་གི་ཟག་གི་སངས་རྒྱས་ལ་སྦན་ཏེ། ངའི་སེམས་ཀྱི་གནས་ཀྱི་ཆོས་ཀྱི་སྒོ་ཕ་རོ་ལ་རུས་ཟུང ་སུ་བཟུང་ལ་དེང་ཞིག། ཡང་གཅིག་རས་གཅིག་ཏུ་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པས། སེམས་ཅན་ཐམས་ཅད་ལ་མཐར་གྱིས་ངའི་ཡན་ཆད་ཀྱི་སེམས་ཀྱི་གནས་ཀྱི ་ཆོས་ཀྱི་སྒྲ་བའི་ལེའུ་ཤད་དོ།། ཁྱེད་ལ་སོགས་པ་སེམས་གཅིག་ཏུ་གཟུངས་སུ་ཟུང་ལ་བྱོས་ཤིག། དེ་ནས་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་འབུམ་ཕྲག་བརྒྱའི ་ཡང་བྲག་སྟོང་གི་ཤཱཀྱ་ཐུབ་པ་པདྨའི་སྣོད་ཀྱི་ཁམས་ན། ལྷྭམ་མཾ་ཝང་ངེ་བའི་སེང་གེའི་ཁྲི་ལས་ལངས་ཏེ། སོ་སོ་ནས་མཆི་ཕྱག་འཚལ་ཏེ་ཕྱིར་རུ་ར་ནས། ལུས་ཀུན་གྱིས་བསམ་གྱིས་མི་ཁྱབ ་པའི་འོད་བཏང་སྟེ། འོད་ཀུན་གྱི་ནང་ནས་གྲངས་མེད་པའི་སངས་རྒྱས་བྱུང་སྟེ། ཅིག་ཅར་གྲངས་མེད་པའི་མེ་ཏོག་སྔོན་པོ། སེར་པོ་དམར་པོ། དཀར་པོས་རྫོགས་ལོངས་སྤྱོད་པའི་སྐུ ་སངས་རྒྱས་ལ་ཡན་དུ་གསོལ་ནས། ཡན་ཆད་སེམས་ཀྱི་ཕྱི་མོའི་ལེའུ་བཤད་པ་ཡང་ཁོང་དུ་ཆུད་ནས། སོ་སོར་པདྨའི་སྣོད་ཀྱི་ནང་དུ་རུབ་སྟེ། རང་བཞིན་གྱི་སྐལ་པ་སྟོང་པ་ཉིད་ཀྱི་ནང་དུ་ནུབ ་ནས། མེ་ཏོག་གི་འོད་ཀྱི་ཏིང་ངེ་འཛིན་ཐོག་མར་བྱུང་བའི་གནས་སུ་སླར་སོང་སྟེ། འཛམ་བུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས། རང་བཞིན་གྱི་སྐལ་པ་མེ་ཏོ་ག་འོད་ཀྱི་ཏིང་ངེ་འཛིན ་ལས་བྱུང་སྟེ། གདོད་རྡོ་རྗེའི་རྒྱལ་པོའི་གདན་དང་། འོད་ཤིན་ཏུ་བཟང་བའི་ཁང་པར་འདུག་ནས། ཕྱོགས་བཅུའི་ཆོས་རྒྱ་མཚོ་དང་མཚུངས་པ་བཤད་དོ།། དེ་ནས་ཡང་སེང་གེའི་ཁྲི ་ལས་ལོངས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་བྲང་དུ་ཕྱིན་ནས། གྲལ་བཅུའི་ཆོས་བཤད་དོ།། དེ་ནས་ཟུང་མའི་གནམ་དུ་ཕྱིན་ཏེ་ལས་སུ་བྱ་བ་བཅུ་བཤད་དོ།། དེ་ནས་ཡང་ཁྲི་ལས་ལངས ་ཏེ། རྒྱལ་ཆེན་རིས་བཞིའི་གནམ་དུ་བྱིན་ནས། ཕྱོགས་ཤིང་ས་པ་བཅུ་བཤད་དོ།། དེ་ནས་ཡང་འདུག་པའི་ས་ནས་ལངས་ཏེ། འཕྲུལ་དགའི་གདམ་དུ་ཕྱིན་ནས། བསཔ་གཏན་མི་འགྱུར་བ་བཅུཔ། ་དོ།། དེ་ནས་ཡང་འདུག་པའི་ས་ནས་ལངས་ཏེ། གནམ་བདེན་གནམ་དུ་ཕྱིན་ནས། ས་བཅུའི་ཆོས་བཤད་དོ།། དེ་ནས་ཡང་བསམ་གཏན་གཅིག་གི་ནང་དུ་ཕྱིན་ནས། རྡོ་རྗེ་བཅུ་བཤད ་དེ་དེ་ནས་ཡང་བསམ་གཏན་གཉིས་ཀྱི་ནང་དུ་ཕྱིན་ནས། བཟོད་པ་བཅུའི་ཆོས་ཤད་དོ།། དེ་ནས་ཡང་བསམ་གཏན་གསུམ་གྱི་ནང་དུ་ཕྱིན་ནས། སྨོན་ལམ་བཅུ་བཤད་དོ།། དེ་ནས་ཡང ་བསམ་གཏན་བཞི་པའི་ནང་ཆེན་པོ་ཆེ་བ་དབང་དབང་མཆོག་འདུམ་ཆེད་དག་ནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། ངའི་ཐེག་མ་ཕྱི་མོའི་པདྨ་མེ་ཏོག་སྣ་ཚོགས་ཀྱི་ཁམས་རྫོགས་ལོངས་སྤྱོད་པའི་སྐུའི ་སངས་རྒྱས་ཀྱིས་སེམས་ཀྱི་གནས་ཀྱི་ཆོས་ཀྱི་ཕྱི་མའི་ལེའུ་བཤད་པ་བཤད་དོ།། གཞན་འབུམ་ཕྲག་བརྒྱའི་ཡང་ཕྲག་སྤང་གི་ཤཱཀྱ་ཐུབ་པ་ཡང་དེ་བཞིན་ཏེ། གཉིས་སུ་མེད་དོ།། ཐ་དད་པ་ཡང་མེད ་ད་བསམ་གཏན་བསྐལ་པའི་ལེའུའི་ནང་ནས་ཀྱང་ཞིབ་ཏུ་བཤད་དོ།། དེའི་ཚེ་ཤཱཀྱ་ཐུབ་པ་པདྨ་རི་མེ་ཏོག་སྣོད་ཀྱི་ཁམས་ཀྱི་ཤར་ཕྱོགས་ནས་བྱུང་ནས། ལྡིང་བའི་ཁང་བུའི་ནང་དུ་ཞུགས་ནས ་བདུད་ཀྱིས་ཆེས་གནོད་པ་བཞིན་དུ་བཤད་ཟིན་ནས། ཡས་བབས་ཏེ། འཛམ་བུའི་གླིང་གི་ཀ་ཕྱི་ལར་སྐྱེས་ནས། ཡུམ་གྱི་མཚན་མི་ལྷ་མོངས་ཆེན་མོ། ཡབ་ཀྱི་མཚན་ནི་ཟས་གཙང་མ། རབདག་གི ་མིང་ནི་སི་ཏ་ར་ཞེས་བྱ་སྟེ། མ་བདུན་ན་རབ་ཏུ་བྱུང་། ལོ་སུམ་ཆུ་ནས་སངས་རྒྱས་སུ་བྱིན་ནས། ངའི་མཚན་ནི་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ། མི་འགྱུར་བའི་གཙང་མའི་སར ་རྡོ་རྗེའི་མེ་ཏོག་གི་ཁྲི་ལ་འདུག་ནས། དབང་བའི་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། དེའི་ནང་གི་འདུག་པ་བཅུའི་གནས་མཐར་གྱིས་བཤད། དེའི་ཚེ་སངས་རྒྱས་ཀྱིས་རུས་གཙང ་མ་ཆེན་པོའི་གནམ་གྱི་རྒྱལ་པོ། དྲ་བའི་རྒྱལ་མཚན་མཐོང་བའི་ཕྱིར། གྲངས་མེད་པའི་ཁམས་དཔེར་ན་དྲ་བའི་བུ་གུ་དང་མཚུངས་པར་བཤད་ན། ཁམས་གཅིག་ནས་གཅིག་སོ་སོའོ་མི ་མཐུན་ཏེ། ཐ་དད་པའི་གྲངས་མེད་དོ།། སངས་རྒྱས་ཀྱིས་ཆོས་ཀྱི་སྐུ་མ་བཤད་པའང་དེ་དང་འདྲའོ།། ངས་ཁམས་འདིར་ལན་བརྒྱད་སྟོང་བྱིན་ཏེ། ཁམས་འཛམ་བུའི་གླིང་འདིའི་ཕྱིར་རྡོ་རྗེའི། ་ཁྲི་སྟེང་དུ་འདུག་སྟེ། དབང་པོ་ཆེན་པོའི་གནམ་གྱི་རྒྱལ་བའི་ཕོ་བྲང་དུ་ཕྱིན་ནས། དེའི་ནང་གི་མང་པོ་ཐམས་ཅད་སེམས་ཀྱི་གནས་ཀྱི་མདོ་ཕྱེའོ།། དེ་ནས་གནས་ཀྱི་ཕོ་བྲང་ནས་མར་བབས་ཏེ། ་འཛམ་བུའི་གླིང་གི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས། དེའི་སའི་སྟེང་གི་སེམས་ཅན་བླུན་པོ་མ་རབས་རྣམས་ཀྱི་ཕྱིར་ཐོག་མ་ཕྱི་མ་རྫོགས་ལོངས་སྤྱོད་པའི་སྐུ་སངས་རྒྱས་ཀྱིས་སེམས་ཀྱི་གནས་ཀྱི་ནང ་བཤད་དོ།། སེམས་ཐོག་མ་གཡོས་པ་ནི། རྟག་པར་འོད་སྣང་བའི་ཚུལ་ཁྲིམས་གཅིག་ཁ་ཏོན་དུ་ཀློག་གོ། རྡོ་རྗེ་རིན་པོ་ཆེའི་ཚུལ་ཁྲིམས་གཅིག་ན། སངས་རྒྱས་ཀྱི་ཐོག་མའི་ཕྱི་མ་ཡིན་ནོ།། བྱ ་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི། ཐོག་མ་ཕྱིལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བ་ཉིད་ཀྱིས་ཕན་ན།། སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རབ་ཏུ་ཀྱི་སྐལ་བ་མ་དང་།། ཐམས་ཅད ་ཀྱི་ཤེས་པ་དང་། ཁ་དོག་དང་། སེམས་དང་། ཡིད་དང་། སེམས་སོ་ཅོག་ཐམས་ཅད་ཀུན་ཀྱང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ནང་དུ་འདུས་སོ།། ཚུལ་ཁྲིམས་ཀྱི་ནང་ན་རྟག་པ་ཡུད་དུ་རྟག་པར ་བསོད་དཔས་ཡོད་དོ།། རྟག་པར་ཡུན་དུ་དག་པར་ཆོས་ཀྱི་ལུས་ཡོད་དོ།། ས་སོར་ཐར་པ་འདི་རྣམས་བཅུ་ནི། སངས་རྒྱས་ཀྱི་དབྱིངས་ནས་བྱུང་ནས། ཆོས་ཀྱི་ཚུལ་ཁྲིམས་བྱས་ཏེ། དུས་གསུམ ་གྱི་སེམས་ཅན་ཐམས་ཅད་ཀྱིས་གཟུངས་སུ་འཛིན་ཏོ།། ངས་དབང་པོ་འདིའི་ཕྱིར་ཟད་པའི་མཐའ་མེད་པའི་ཚུལ་ཁྲིམས་ཀྱི་ལེའུ་བཅུ་བསླབས་ཏེ་བཤད་དོ།། རྫོགས་ལོངས་སྤྱོད་པ་བདག་སྟེ།། ་པདྨོའི་དབུས་སུ་གདོད་བཞུགས་ནས།། མཐའ་བཞིའི་མེ་ཏོག་སྟོང་གི་སྟེང་།། ཤཱཀྱ་ཐུབ་པ་སྟོང་དུ་བཞུགས།། མེ་ཏོག་གཅིག་ཁམས་འབུམ་ཕྲག་བརྒྱ།། ཁམས་དེ་གཅིག་ཀྱང་སྤྲུལ་པ་གཅིག ་ཀུན་ཀྱང་བྱང་ཆུབ་ཤིང་དྲུང་བཞུགས།། མཉམ་པར་སངས་རྒྱས་གནས་སུ་སོན།། དེ་ཡང་འབུམ་ཕྲག་བརྒྱ་པ་སྟོང་།། རྫོགས་ལོངས་སྤྱད་པ་རང་བཞིན་ལུས།། སྤྲུལ་པ་འབུམ་ཕྲག་བརྒྱ་སྟོང་། ་པོ།། ཀུན་ཀྱང་རྡུལ་ཕྲན་མང་པོར་འདྲེན།། ཅིག་ཅ་ང་ཡི་གནས་སུ་འོངས།། སངས་རྒྱས་ང་ཡི་ཚུལ་ཁྲིམས་ཏོན།། ཟིལ་དང་རསྐ་མ་དེ་ནས་བྱེ།། འུང་ནས་འབུམ་ཕྲག་བརྒྱ་སྟོང་པ། ་སླད་དུ་གཙང་མའི་གནས་སུ་ཕྱིན།། ཀུན་ཀྱང་བྱང་ཆུབ་ཤིང་དྲུང་བཞུགས།། ང་ཡི་མཁན་པོ་ཚུལ་ཁྲིམས་ཁ་ཏོན་ལྡོགས།། ཚུལ་ཁྲིམས་ཆེན་པོ་རྟོགས་པར་ལྔ་བཅུ་བརྒྱད། ་ཚུལ་ཁྲིམས་སྣང་ཁྱད་ཉི་ཟླ་བཞིན།། གཅིག་ཏུ་ནོར་བུ་ཡང་ཉོ་འདྲ།། བྱང་ཆུབ་སེམས་དཔའ་རྡུལ་ཕྲན་བཞིན།། འདི་ཡི་ཡོན་གྱིས་ཡང་དག་འགྲུབ།། གདོད་པ་རྫོགས་ལོངས་སྤྱོད ་པ་ཉིད་ཀྱིས་བཀླགས།། ངས་ཀྱང་དེ་བཞིན་ཁ་ཏོན་བཀླགས།། བྱང་ཆུབ་སེམས་དཔའ་གསར་སློབ་པ། ཀླད་ལ་ཁྱེར་ཞིང་ཁྲིམས་གཟུང་བཞིན།། ཐུབ་བཞིན་གཅིག་ཏུ་སེམས་ཅན་སྟོན།། ་ང་ཡི་བདེ་བྲག་རྟག་པར་ཉན།། སངས་རྒྱས་ཆོས་རྣམས་ཚུལ་ཁྲིམས་སྡོད།། སོ་སོར་ཐར་པ་ཤེས་རབ་བཞིན།། མང་པོ་ཡིད་ཀུན་བརྟག་པར་ཆེས།། ཁྱེད་རྣམས་སངས་རྒྱས་ཕྱིན་པར ་འོང་།། ང་ཡི་སངས་རྒྱས་བྱིན་ཟིན་ཀྱང་།། རྟག་པར་འདི་བཞིན་ཡིད་ཆེས་བྱེད།། ཚུལ་ཁྲིམས་ལེའུ་ཀུན་ཆོག་ཚང་ཡིན།། ཡིད་སེམས་ཡོད་པ་ཐམས་ཅད་ནི།། ཀུན་ཀྱང་སངས་རྒྱས ་ཁྲིམས་ཀྱིས་བསྡུ།། སེམས་ཅན་སངས་རྒྱས་ཁྲིམས་ནོད་པ།། དེ་ནས་སངས་རྒྱས་ས་རུ་ཕྱིན།། ཚེར་ཆེན་ས་དང་མཚུངས་ཟིན་ཏེ།། སངས་རྒྱས་ཀུན་གྱི་བུ་ཡང་དག། མང་པོ་ཀུན་གྱིས ་གུས་པར་བྱས།། སེམས་གཅིག་བརྟུལ་ཏེ་ང་ཀློག་ཉོན།། དེའི་ཚེ་ན་ཤཱཀྱ་ཐུབ་པའི་སངས་རྒྱས།། ཐོག་མ་བྱང་ཆུབ་ཤིང་དྲང་བཞུགས།། བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བོ།། ་བྱང་ཆུབ་སེམས་དཔའི་ཐོག་མ་སོ་སོར་ཐར་པའི་མདུད་པ་ནི། པ་མ་དང་། དགེ་འདུན་དང་། དཀོན་མཆོག་གསུམ་ལ་སྲིའུ་དང་། ཡིད་དང་མི་འགལ་བར་བྱའོ།། སྲི་འུ་བྱས་ཏེ་བླ་མའི་ཡིད་དང་མི ་འགལ་བ་ནི། ཆོས་ཟབ་མོར་ཐུབ་པའི་གཞུང་སྟེ། སྲིད་ཞུའི་མིང་ནི་ཚུལ་ཁྲིམས་སོ།། མིང་གཅིག་ཏུ་ནི་སྡོམ་པ་དང་། གཏོང་བའོ།། དེ་ནས་འོད་སྡང་བ་གྲངས་མེད་པའ་བྱུང་ངོ་།། དེའི ་ཚེ་འབུམ་ཕྲག་བརྒྱ་སྟོང་མང་བ་ཚོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་གཟུགས་ཡོད་པའི་ཁམས་ཀྱི་གནས་བཅོ་བརྒྱད་དང་། འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་གི་མིང་དང་། ་རྒྱལ་པོ་ཆེན་པོ་རྣམས་ཐལ་མོ་སྦྱར་ཏེ། སེམས་གཅིག་ཏུ་མཉན་ནས། སངས་རྒྱས་ཀྱི་ཚུལ་ཁྲིམས་ཆེན་པོ་བཀླགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ངད་ལྟར ་ཟླ་བ་བྱེད་བྱེད་ཅིང་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་ཀློག་གོ། ཁྱེད་ལ་སོགས་པ་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཁ ་ཏོན་དུ་ལྷོགས་ཤིག། སེམས་གཡོས་ཏེ་ཕྱོགས་པ་བཅུ་དང་། གཡོ་ཞིང་བསྐྱེད་པ་བཅུ་དང་། རྡོ་རྗེ་བཅུ་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁ་ཏོན་དུ་ལྕོགས་ཤིག ་འུང་ནི་ཚུལ་ཁྲིམས་ཀྱི་འོད་ཁོ་ནས་བྱུང་སྟེ། རྒྱུ་ཡོད་རྐྱེན་མེད་པའི་འོད་མ་ཡིན་ཏེ། འོད་སྔོན་པོ་དང་། དམར་པོ། སེར་པོ། དཀར་པོ། ནག་པོའང་མ་ཡིན། ཁ་དོག་ཀྱང་མ་ཡིན། སེམས་ཀྱང ་མ་ཡིན། ཡོད་པའང་མ་ཡིན། མེད་པའ་ང་མ་ཡིན། རྒྱུ་རྐྱེན་གྱི་ཆོས་ཀྱང་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ནི་གདོད་མ་ཕྱི་མོ། བྱང་ཆུབ་སེམས་དཔའ་ཐམས་ཅད། ་ཀྱི་ནི་ལམ་གྱི་རྩ་བ་བས་ན། མང་པོ་ཐམས་ཅད་དང་། སངས་རྒྱས་ཀྱི་བུ་རྣམས་ཀྱིས་རྩ་བའི་ཕྱི་མོ་ཞེས་བྱའོ།། འདི་ལྟ་སྟེ། སངས་རྒྱས་ཀྱི་བུ་རྣམས་ཀྱིས་ཀྱང་གཟུངས་སུ་བཟུང་བའི ་རིགས་སོ།། ལེགས་པར་བསླབས་པའི་རིགས་སོ།། སངས་རྒྱས་ཀྱི་བུ་རྣམས་རྟག་པར་ཉོན་ཅིག། སངས་རྒྱས་ཀྱི་ཚུལ་ཁྲིམས་ནོད་ན་ནི་རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེ་བ ་དང་། དགེ་སློང་པོ་མོས་དང་། གཟུགས་ཀྱི་ཁམས་ཀྱི་གནས་བཅོ་བརྒྱད་དང་། འདོད་པའི་ཁམས་གནམ་དྲུག་དང་། གདོལ་པ་དང་། ཉིད་གྲུབ་དང་། པོ་གཡེང་དང་། མོ་གཡེང་དང ་བྲན་པ་མོས་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། ཕྱག་བརྙན་དང་། བྱོལ་སོང་དང་། འཕྲུལ་ཞིང་འགྱུར་བའི་མི་ལ་སོགས་ཏེ། ཆོས་ཀྱིས་མཁན་པོའི་ཚིག་མདའ་ཕྲད་པའི་རྣམས་ཐམས་ཅད ་ཚུལ་ཁྲིམས་མདོད་དུ་རུང་སྟེ། ཀུན་ཀྱང་མིང་རབ་ཏུ་གཙང་མ་ཞེས་བྱའོ།། སངས་རྒྱས་ཀྱིས། སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སོ་སོར་ཐར་པ་ཕས་ཕམ་པ་བཅུ ་ཡོད་དོ།། སངས་རྒྱས་ཀྱི་ཚུལ་ཁྲིམས་ནོས་པ་ནི་ཚུལ་ཁྲིམས་འདི་ཁ་ཏོན་དུམ་བཀླགས་ན་བྱང་ཆུབ་སེམས་དཔའ་ཡང་མ་ཡིན། སངས་རྒྱས་ཀྱི་ས་བོན་ཡང་མ་ཡིན། ངརང་འདི་བཞིན་དུ་ཁ་ཏོན་དུ ་ཐོག་གོ། ལོབས་ཟིན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཕྱིས་སློབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ངས ་སོ་སོར་ཐར་པའི་གཟུངས་ཀྱི་མད་ཙམ་ཞིག་བཤད་ཀྱིས། བསླབ་ཅིང་གཟུངས་སུ་བཟུང་བའི་རིགས་སོ།། སངས་རྒྱས་ཀྱིས། སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། བདག་གིས་བས། ་པ་དང་། མི་གཞན་གསོད་དུ་བཅུག་པ་དང་། ཐམས་ཅད་ཀྱིས་གསོད་པ་ལ་སྡོད་པ། གསོད་པ་མཐོང་ན་དགའ་བར་སེམས་པ། སྔགས་དང་རྔད་མ་བྱས་ཏེ་བསད་པ། གསོད་པའི་རྒྱུ། ་གསོད་པའི་རྐྱེན་གསོད་པའི་ཆོས་བྱེད་པ། གསོད་པའི་ལས་བྱེད་པ་ལ་སོགས་ཏེ། སེམས་ཡོད་ད་ཅོག་ལ་ཆེད་ཀར་གསོད་དུ་མི་རུང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི ་རྟག་པར་སྙིང་རྗེ་བ་དང་། སྲི་ཞུ་ཆེ་ཞིང་མི་འགལ་བའི་སེམས་རྟག་པར་གཡོས་ཏེ། བགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ར་མདའ་དང་། འོར་པ་བྱ་བའི་རིགས་སོ།། བདག་གིས་རང ་ཉམས་བྱས་ཏེ། སྙིང་ཚིམ་པར་སེམས་ཅན་བསད་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་གིས་མ་བྱིན་པར་བླངས་སམ། པ་ལོགས་པོ་མ་བྱིན་པར ་ལེན་དུ་བཅུག་གཔ། ཐབས་ཀྱིས་མ་བྱིན་པ་དབླངས་སམ། མ་བྱིན་པར་ལེན་པའི་རྒྱུད་མ་བྱིན་པར་ལེན་པའི་རྐྱེན། མ་བྱིན་པར་ལེན་པའི་ལས་བྱེད་པ། སྔགས་སྒྱུ་མ་བྱས་སོ་ནོར་ཁྱེམ་ལ་སོགས་ཏེ།། ་ལྷ་མ་སྲིན་དང་། བདག་པ་ཡོད་པ་དང་། ཡང་གློའི་ནོར་རྫས་དང་། ནོར་རྫས་སོ་ཅོག་ལ་ཁབ་དང་། རྩཝ་ཉག་མ་གཅིག་ལ་ངས་ཆེད་ཀར་མ་བྱིན་པར་བླངས་སུ་མི་རུང ་ངོ།། བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་ཀྱི་རང་བཞིན་སྐྱེད་ལ། སྲི་ཞུའི་ཡིད་དང་མི་འགལ་ཞིང་། བྱམས་ཤིང་སྙིང་རྗེ་བར་བྱས་ཏེ། རྟག་པར་སེམས་ཅན་ནེ་ཅོག་གི་ཡོན་ཏན་དང ་བསོད་ནམས་བསྐྱེད་པའི་རིགས་སོ།། དེ་ལ་སླར་ལོག་པར་མིའི་ནོར་རྫས་མ་བྱིན་པར་བླངས་ན། བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་མི་ཚངས་པར ་སྤྱོད་དམ། གཞན་ཡང་མི་ཚངས་པར་སྤྱོད་པར་བསྟན་ནས། བུད་མེད་དོ་ཅོག་ལ་མི་ཚངས་པར་སྤྱོད་པར་བྱེད་པ་དང་། གཞན་ལ་མི་ཚངས་པར་སྤྱོད་པ་དང་། མི་ཚངས་པར་སྤྱོད་པའི ་རྒྱུ་དང་། མི་ཚངས་པར་སྤྱོད་པའི་རྐྱེན་དང་། མི་ཚངས་པར་སྤྱོད་པའི་ཆོས་བྱེད་པ་དང་། མི་ཚངས་པར་སྤྱོད་པའི་ལས་བྱེད་པ་དང་། བྱོས་སོང་དང་། ལྷ་དང་ལྷ་མ་ཡིན་གྱི་བུ ་ལ་མི་ཚངས་པར་སྤྱོད་པ་དང་། ཆོས་དང་འགལ་བའི་མི་ཚངས་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་ནི་སྲི་ཞུ་དང་མི་འགལ་བའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཐར་པའི་ར ་མདའ་བྱ་ཞིང་ཆོས་གཙང་མ་གཞན་ལ་སྦྱིན་པའི་རིགས་སོ།། དེ་ལ་སླར་མོའོ་ཅག་ལ་མི་ཚངས་པར་སྤྱོད་པ་བསྐྱེད་དེ། བྱོལ་སོང་དང་། མ་དང་། བུ་བོ་དང་། སྲིང་པོ་ལ ་སོགས་ཏེ། གཉེན་པ་དྲུག་ལ་མི་ཚངས་པར་སྤྱོད་པ་བྱས་ཏེ། བྱབས་ཤིང་སྙིང་རྗེ་བ་མེད་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་གིས་བརྫུར་བྱས ་སམ། ཕ་རོལ་པོ་བརྫུན་ཟེར་བར་བསྟན་ཏམ། ཐབས་ཀྱིས་བརྫུར་བྱས་པ་དང་། བརྫུན་གྱི་རྒྱུ་བྱས་པ་དང་། བརྫུན་གྱི་རྐྱེན་བྱས་པ་དང་། བརྫུན་གྱི་ཆོས་བྱེད་པ་དང་། བརྫུན ་གྱི་ལས་བྱེད་པ་དང་། མཐོང་བ་ལ་མ་མཐོང་ཞེས་ཟེར། མ་མཐོང་བ་ལ་ནི་མཐོང་ཞེས་ཟེར། ལུས་དང་སེམས་ཀྱིས་བརྫུནུ་བྱས་པ་དང་། བྱང་ཆུབ་སེམས་དཔའ་ནི་རྟག་པར་ཚིག ་དྲང་པོ་སྐྱེ་ཞིང་། གཅིག་ཏུ་ན་སེམས་ཅན་གྱི་ཚིག་དྲང་པོ་བསྐྱེད་པ་ཡིན་ན། དེ་ལ་སླར་ལོག་པའི་སེམས་ཅན་ཐམས་ཅད་ཀྱི་ཚིག་མི་དྲང་བ་དང་། ཡོན་པོ་ལ་ལྟ་བ་དང་། ཡིན་པ ་ལས་བྱེད་པར་བསྐྱེད་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་སྤྲོ་བའི་ཁུ་བ་བདག་འཚོང་ངམ། ཕ་ལོགས་པ་སྨྱོ་བའི་ཁུ་བ་འཚོང་བར་བསྟན་ཏམ། ་ཐབས་ཀྱིས་སྨྱོ་བའི་ཁུ་བ་འཚོང་ངམ། སྨྲ་བའི་ཁུ་བ་འཚོང་བའི་རྒྱུ་བྱེད་དམ། སྐྱོ་བའི་ཁུ་བོ་འཚོང་བའི་རྐྱེན་བྱེད་དམ། སྨྱོ་བའི་ཁུ་བ་འཚང་བའི་ཆོས་བྱེད་དམ། སྨྱོ་བའི་ཁུ ་བ་འཚོང་བའི་ལས་བྱེད་པ་ལ་སོགས་ཏེ། སྐྱོ་བའི་ཁུ་བའོ་ཅོག་འཚོང་དུ་མི་རུང་།། སྐྱོ་བའི་ཁུ་བའི་རྐྱེན་གྱིས་ཁ་ན་མ་ཐོ་བོ་སྐྱེའོ།། བྱང་ཆུབ་སེམས་དཔའ་ནི་སེམ་སོ་ཅན ་ཐམས་ཅད་ལ་སྣང་ཞིང་། ཐར་པའི་ཤེས་རབ་བསྐྱེད་པའི་རིགས་ན། སླར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་སེམས་བསྐྱེད་ན། བྱང་ཆུབ ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་རབ་ཏུ་བྱུང་བ་དང་། མ་བྱུང་བ་དང་། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། དགེ་སློང་མའི་ཉེས་པོ་བདག་གིས ་འཕྱས་སུ་བྱས་སམ། གཞན་འཕྱས་བྱེད་པར་བསྟན་ཏམ། འཕྱ་བའི་རྒྱུ་བྱོས་སམ། འཕྱ་བའི་རྐྱེན་བྱས་སམ། འཕྱ་བའི་ཆོས་དང་། འཕྱ་བའི་ལས་བྱེད་ན།། བྱང་ཆུབ་སེམས ་དཔའ་ནི་མུར་འདུག་དང་། ཐེག་པ་ཆུང་དུ་རྣམ་གཉིས་བྱེད་པའི་མི། སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་ཆོས་མ་ཡིན། ཚུལ་ཁྲིམས་མ་ཡིན་ཞེས་ཟེར་ན། རྟག་པར་སྙིང་རྗེ་བསྐྱེད་ན། ངན་པའི ་རྣམས་ཐེག་པ་ཆེན་པོ་ལ་ཡིད་དགའ། ཡིད་ཆེས་པར་བསྟན་ཅིང་བསླབས་པའི་རིགས་ན། དེ་ལ་བྱང་ཆུབ་སེམས་དཔའ་སླར་ལོག་པར་སངས་རྒྱས་ཀྱི་ཆོས་ལ་ཉེས་ཞེས་བཤད་ན། དེ་ནི་བྱང ་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་ལ་ལ་ཞིག་བདག་གིས་བདག་བསྟོད་ཅིང་། ཕར་སྨད་པ་དང་། གཞན་ལ་བདག་བསྟོད། པར་སྨོད་པར་སྟོན་པ། སྤྱོད་པའི་རྒྱུ། སྨོད་པའི ་རྐྱེན་བྱེད་པ། སྨོད་པའི་ཆོས་དང་། སྨོད་པའི་ལས་བྱེན་ན།། བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པར་སླ་དབབ་ཅིང་། ངན་སེམས་པ་ནི་བདག་གིས་བླངས་ཏེ། དགེ ་ཞིང་ལེགས་པ་ནི་གཞན་ལ་སྦྱིན་པའི་རིགས་ན། ལ་ལ་ཞིག་གིས་བདག་གི་ལེགས་པ་ནི་བརྙད། གཞན་གྱི་ལེགས་པ་ནི་བཅབས་ཏེ། གཞན་ལ་སྨད། སྤ་བབ་པར་བྱས་ན། དེ་ནི་བྱང་ཆུབ་སེམས ་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་སེར་སྣ་ཆེའམ། གཞན་སེར་སྣ་ཆེ་བར་སྟོན་ཏམ། སེར་སྣ་ཆེ་བའི་རྒྱུ་བྱེད་དམ། སེར་སྣ་ཆེ་བའི་རྐྱེན་བྱེད་དམ། སེར་སྣའི ་ཆོས་བྱེད་དམ། སྲེར་སྣའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་དབུལ་པོ་འོངས་ས་ཅོག་དང་། གཞན་ཅི་འདོད་པ་བཞིན་དགོངས་སོ།། བྱང་ཆུབ་སེམས་དཔའི་སེམས་ལ་ངན་དུ ་སེམས་ཤིང་། སེམས་ལ་གཤེ་བ་དང་། དང་ཙེ་གཅིག་གམ། ཁབ་གཅིག་གམ། རྩཝ་ཉག་མ་གཅིག་མི་སྟེར་རམ། ཆོས་འདོད་པ་ཞིག་འོངས་ན། ཚིག་གཅིག་ལེའུ་གཅིག་རྡུལ ་ཙམ་གྱི་ཆོས་ཀྱང་མ་བཤད་ལ། སླར་ངག་ངན་པས་སྤྲོས་ཏེ་སྨ་བབ་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་བདག་ཁྲོ་འམ། མི་པ་ལོགས་པ་ཁྲོ་བར་སྟོན་ཏམ། ་ཁྲོ་བའི་རྒྱུ་བྱེད་དམ། ཁྲོ་བའི་རྐྱེན་བྱེད་དམ?། ཁྲོ་བོའི་ཆོས་བྱེད་དམ། ཁྲོ་བའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་ཀྱི་ནང་ན། དགེ་བའི་རྩ་བ་བསྐྱེད་ཅིང་།། འཐབ ་ཅིང་རྩོད་པ་མེད་པར་བྱས་ལ། རྟག་པར་སྙིང་རྗེ་སྐྱེད་ཅིང་། བྱ་བའི་རིགས་ཀྱི་ཕྱིར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ནང་ན། སེམས་ཅན་མ་ཡིན་པ་ལ་ཁ་ངན་པས་གཤེ་ཞིང་ལག་པས ་འཆོག་པ་དང་། རལ་གྲི་དང་དབྱིག་པས་གདབ་ཅིང་། བདེགས་ཀྱང་སྙིང་བརྩེ་མ་དྲིས་ཏེ་ཀ་པ་ལོགས་པོ་འགྱོད་ཅིང་ཚིག་འཇམ་པོས་འཆགས་ཤིང་། གནང ་བར་ཡང་ཁྲོ་བའི་མདུད་པ་མ་བཀྲོལ་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། སངས་རྒྱས་ཀྱི་བུ་ལ་ལ་ཞིག་གིས་དཀོན་མཆོག་གསུམ་ལ་མ་ཡིན་ཞེས་ཟེར་རམ། གཞན་དཀོན ་མཆོག་གསུམ་ལ་མ་ཡིན་ཞེས་ཟེར་བར་བསྟན་ཏམ། མ་ཡིན་ཞེས་ཟེར་བའི་རྒྱུ་དང་རྐྱེན་བྱེད་དམ། མ་ཡིན་པའི་ཆོས་བྱེད་དམ། མ་ཡིན་པའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི ་མུར་འདུག་དང་། མ་རབས་ཀྱི་ནང་ཚིག་གཅིག། སངས་རྒྱས་ཀྱི་སྒྲ་སྐང་ལ་ཡིན་ཞེས་ཟེར་བ་ཞིག་མཐོང་ཐོས་ན་མདུང་རྩེ་གསུམ་པ་སུམ་བརྒྱས་སྙིང་ལ་ཟུག་པ་དང་མཚུངས་ན་བདག་གི ་ཁ་ནས་མ་ཡིན་ཞེས་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཡིད་ཆེས་པའི་སེམས་སྲི་ཞུ་དང་མི་འགལ་བའི་སེམས་བསྐྱེད་པའི་རིགས་ན། སླར་ལོག་པར་མ་རབས་ལོག་པ་ལ་ལྟ་ཞིང་། མ་ཡིན ་ཞེས་ཟེར་བའི་གྲོགས་བྱེད་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ།། དགེ་ཞུགས་སྤྱོད་པའི་རྣམས་ནི། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་འདི་བསླབས་པའི་རིགས་སོ།། ་འདིའི་ནང་ནས་ཡུལ་ཕྲ་མོ་ཙམ་ཡང་གཞིག་ཏུ་མི་རུང་ན། ཚུལ་ཁྲིམས་བཅུ་ཚང་བར་ཞིག་པ་སོ་སྤོས་ཀྱང་ཅི་དགོས་ལ་ལ་ཞིག་གིས་ཚུལ་ཁྲིམས་བཤིག་པ་ཞིག་ན། དལྟར་གྱི་ལུས་ལ ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་ལས་ལ་མ་ནུས་ཏེ། རྒྱལ་པོའི་གྲལ་ཡང་སྦྱོར། འཁོར་མ་བསྐོར་བའི་རྒྱལ་བའི་གྲུལ་ཡང་སྐོར། དགེ་སློང་དང་དགེ་སློང་མའི་གྲལ ་ཡང་སྐོར། གཡོས་ཤིང་ཕྱོགས་བཅུ་དང་། བསྐྱེད་ཅིང་གསོལ་བ་བཅུ་དང་། ཆོས་རྡོ་རྗེ་དང་མཚུངས་པ་བཅུ་དང་། ས་བཅུའི་སངས་རྒྱས་ཀྱི་ངོ་བོ་ཉིད་ཏ་མ་པ། ཡོན་ཏན་ཟབ་མོ་ལ ་སོགས་པའི་ཟད་པར་སྟོར་ནས། ངན་སོང་གསུམ་དུ་ལྟུང་སྟེ། བསྐལ་པ་གཉིས་གསུམ་གྱི་བར་དུ་ཕ་མ་དང་། དཀོན་མཆོག་གསུམ་གྱི་མིང་མཁན་ཀྱང་མི་ཟོས་ཏེ། དེ་བས་ན་གཅིག ་ཀྱང་གཞིག་ཏུ་མི་རུང་ངོ་།། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལོབས་པ་དང་། སློབ་པ་དང་། སློབ་པར་འགྱུར་བའི་རྣམས་ཚུལ་ཁྲིམས་འདི་བཅུ་བསླབས་ལ་གུས་པར་བྱོས་ཏེ། ་རྟག་པར་གཟུངས་སུ་བཟུང་བའི་རིགས་སོ།། གསལ་བར་ནི་ལེའུ་བརྒྱད་ཁྲིའི་ནང་ནས་རྒྱ་ཆེར་བཤད་དོ།། སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ་པས་ཕམ་པ་བཅུ་ནི་བཤད་ཟིན་ཏོ།། ལྟུང་བ་བཞི་བཅུ་རྩ་བརྒྱད་དང་། སངས་རྒྱས་ཀྱི་བུ་རྒྱལ་པོའི་གྲལ་ཐོབ་པའི་ཚེ་དང་། འཁོར་ལོ་བསྐོར་བའི་རྒྱལ་པོའི་གྲལ་ཐོབ་པའི་ཚེ་དང་། ་བློན་པོའི་གྲལ་ཐོབ་པའི་ཚེ་དང་། སྔར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནོད་པའི་རིགས་སོ།། རུང་ཏང་ལྷ་མ་སྲིན་ཐམས་ཅད་ཀྱང་། རྒྱལ་པོའི་ལུས་དང་། བློན་པོའི་ལུས་ཀྱི ་རིམ་གྲོ་དང་སྐྱབས་བྱེད་དོ།། སངས་རྒྱས་ཐམས་ཅད་ཀྱང་དགྱེས་སོ།། ཚུལ་ཁྲིམས་ཐོབ་ཟིན་ན། སྲིའུ་དང་མི་འགལ་བའི་སེམས་དང་། སེམས་ལ་གུས་པར ་བྱ་བའི་སེམས་པ་བསྐྱེད་དེ། གྲལ་མཐོན་པོ་ན་འདུག་པའི་མཁན་པོ་དང་། སློབ་དཔོན་དང་། ཐེག་པ་ཆེན་པོ་ལ་ཚངས་པར་སྤྱོད་དུ་མཚུངས་པ་དང་། མཚུངས་པར་མཐོང་བ་དང་། ལས ་མཐུན་པར་བྱེད་པ་མཐོ་ན་ལངས་ཏེ། བསུལ་ཕྱག་འཚལ་ཏེ་ན་འདྲི་བའི་རིགས་སོ།། བྱང་ཆུབ་སེམས་དཔའ་སླར་དྲེགས་པའི་སེམས་དང་། ལེ་ལོའི་སེམས་དང་། གླེན་པའི་སེམས་བསྐྱེད་དེ། མ ་ལངས་མ་བསུ་ཕྱག་མ་བྱས་ཏེ། ཅི་ལའང་ཆོས་བཞིན་དུ་རྗེས་དང་། རིམ་དང་། བདག་གི་ལུས་དང་། ཡུལ་མཁར་དང་། བོས་མོས་དང་། ནོར་རིན་པོ་ཆེ་བདུན་ལ་སོགས་ཏེ་ནོར་བཅོག ་བཙོངས་ལ། དགས་ས་ཅོག་མ་སྦྱར་ཏེ། དེ་ལྟ་ན་རུས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུལ་ལ་ཆེ་དཀར་ཆང་འཐུང་ན་ཆང་གི་ཉེས་པ་སྐྱེས་ཏེ། དགེ་བའི་བསོད་ནམས་གྲངས་མེད་པ ་སྦྱར་རོ།། ལྔ་ལ་ཞིག་གིས་བདག་གི་ལུས་དང་། ལག་གིས་ཆང་སྡོང་བླས་ཏེ། མ~ཾ་ཕ་རོལ་པ་ལ་བྱིན་ཏེ་བླུང་ན། ཚེ་འབྲས་ལྔ་བརྒྱའི་བོར་དུ་ལག་པ་མེད་པར་འཛིན། བདགའ ་བལྟ་སྤོས་ཀྱང་ཅི་དགས། འདི་ལྟ་སྟེ། མི་འཅོག་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་ཆང་འཐུང་བར་བསྟན་དུ་མི་རུང་ངོ་།། བདག་རང་འཐུང་བ་ལ་སྤོས་ཀྱང་རྩི་དགས་ཏེ། ་བདག་ཆེད་དཀར་འཐུངས་པ་དང་། ཕ་རོལ་པོ་བདར་བ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཤ་ཆེད་དཀར་ཟོས་པ་དང་། ཤའོ་ཅོག་བཟར་མི་རུང་སྟེ། ཟོས་ན་སྙིང་རྗེ་ཞིང་བྱབས་པའི་རང ་བཞིན་གྱི་ས་བོན་ཆད་པས། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་འཇིགས་ནས་སྤོང་ངོ་།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཤ་བཟར་མི་རུང་།། ཤ་ཟོས་པ ་ནི་སྡིག་གྲངས་མེད་དོ།། ཤ་ཟོས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་དགུ་པ་རྣམ་ལྔ་བཟར་མི་རུང་ངོ་།། སྒོག་པ་དང་། བཙོང་དང་། རྒྱ་སྒོག་དང་། རི་སྒོག་རྣམས་དང་། ་ཤིང་ཀུན་དང་། འདི་རྣམ་ལྔ་ཁ་ཟས་སོ་ཅོག་གི་ནང་དུ་བཟར་མི་རུང་ངོ་།། ལ་ལ་ཞིག་ཆེད་ཀར་ཟོས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱིས་ཚུལ་ཁྲིམས་བརྒྱད ་དང་། ཚུལ་ཁྲིམས་ལྔ་དང་། ཚུལ་ཁྲིམས་བཅུ་དང་། རྩ་བ་རྣམ་བཞི་བཤིག་པ་དང་། ལོག་པ་བདུན་དང་། གནོད་པ་བརྒྱད་ཀྱི་ཚུལ་ཁྲིམས་བཤིག་པ་སྡིག་བྱེད་པ་མཐོང་ན། མཐེལ ་ཚངས་བྱེད་དུ་གཞུག་པའི་རིགས་སོ།། དེ་ལས་བྱང་ཆུབ་སེམས་དཔའ་མ་བསྟན་ཏེ། མཐོལ་མཚངས་བྱེད་མ་བཅུག་ན། ལྷན་ཅིག་འདུག་འདུག་ཅིང་། ཚངས་པར་སྤྱོད་དུ་མཚུངས་པའི ་དགེ་དུན་གྱི་རྣམས་གཅིག་ཏུ་ཚོགས་ཏེ་ཚུལ་ཁྲིམས་བཤད་པའི་ཚེ། སྡིག་དངོས་སུ་བྱུང་གིས། ཉེས་པ་མཐོལ་ཚངས་བྱེད་དུ་ཆུག་ཅིག། མ་བཅུག་ན་ལྟུང་བའོ།། སངས་རྒྱས ་ཀྱི་བུ་བཁད་པ་ཐེག་པ་ཆེན་པོ་ལ་ལྷན་ཅིགས་པ། ཝད་ཅིག་ཏུ་ལས་བྱེད་པ། དགེ་འདུན་གྱི་ཁང་ཁྱིམ་དང་། མཁར་དུ་འོངས་པ་མཐོང་ན། རྒྱང་གྲགས་སྟོང་གི ་ལ་བ་ན་ཆུར་ལོངས་ན་ནི་བསུ། འགྲོ་བ་ནི་བསྐྱལ་ཅིང་ཕྱག་འཚལ་ཏེ་བཀུར་སྟི་དང་། རི་མོ་དང་། ཉིན་གཅིག་ཅིང་དུས་གསུམ་དུ་རི་མེ་བྱབཉི་མ་གཅིག་གི་ཟད་དུ་གསེར་སྲང་གསུམ ་གྱི་ཁ་ཟས་དང་། ཁྲི་སྟར་དང་། ཆོས་ཀྱི་མཁན་པོ་ཅི་འདོད་དོ་ཅོག་དགོས་ཀྱང་ཀུན་སྦྱོར་ཏེ། བྱིན་ལ་རྟག་པར་ཆོས་ཀྱི་མཁན་པོ་གཏེར་ཏེ། དུས་གསུམ་དུ་ཆོས་བཤད་དེ། ཉིན ་གཅིག་ཅིང་དུས་གསུམ་དུ་ཕྱག་གུས་པར་འཚལ་ལ། ཁྲོ་བའི་སེམས་དང་། མྱ་ངན་གྱི་སེམས་མི་སྐྱེ་བར་བགྱིས་སོ།། ཆོས་ཀྱི་ཕྱིར་ལུས་དང་བསྔོས་ཏེ་ཆོས་གསོལ་ལོ།། དེ་ལྟར་མ་བྱས ་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་གང་ལ་ཡང་རུང་སྟེ། ཚུལ་ཁྲིམས་དང་མདོ་སྡེ་འཆད་པའི་ཁངབོ་ཁྱིམ་ཆེན་པོའི་ནང་ན་ཆོས་འོ་ཆང་པ་ཡོད་ན་བྱང་ཆུབ་སེམས་དཔའ་ག་སར་དུ ་སློབ་པ་ཚུལ་ཁྲིམས་ཀྱི་གླེགས་བམ་ཁྱེར་ཏེ། ཆོས་ཀྱི་མཁན་པོའི་གནས་སུ་སོང་ལ། གསོལ་ཏེ་དྲི་ཞིང་མནོད་པའི་རིགས་སོ།། ལ་ལ་ཞིག་རི་དང་། ཚལ་དང་། ཤིང་གི་དྲུང་དང་། དགེ ་འདུན་གྱི་ས་དང་། ཁྱིམ་གྱི་ནང་དང་། ཆོས་འཆད་དོ་ཅོག་གི་སར་ཕྱིན་པར་བྱས་ཏེ། མཉན་ཅིང་འདོད་དོ།། དེའི་གནས་སུ་སོང་སྟེ། མ་མཉན་མ་མནོས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས།། ་ནི་ཐེག་པ་ཆེན་པོ་དང་འགྲེལ་ཞིང་རྟག་པར་སངས་རྒྱས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་ལ་འདུག་ཀྱང་ཁར་སྨ་ན་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ཞེས་ཟེར་ན། རྟག་པར ་ཐེག་པ་ཆུང་ངུ་རྣམ་གཉིས་དང་། མུར་འདུག་གི་ཆོས་ལ་ལྟ་ཞིང་ལོག་པར་ལྟ་བའོ་ཅོག་གི་ཚུལ་ཁྲིམས་དང་། ཆོས་ཀྱི་ཡི་གེ་གཟུངས་སུ་བཟུང་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་མི ་ནད་ཀྱིས་བཏབ་བེ་ཅོག་རྟག་པར་རིམ་གྲོ་བྱས་ཏེ། གསོས་ལ་སངས་རྒྱས་དང་མཚུངས་པར་བྱས་ན། དགེ་བའི་བསོད་ནམས་རྣམ་པ་བརྒྱད་ཀྱི་ནང་ན་ནད་པ་ལ་ལྟ་ཞིང་ག་སོ་ས ་པའི་དགེ་བའི་བསོད་ནམས་ནི་བསོད་ནམས་ཀྱི་དམ་པའོ།། པ་མ་དང་། མཁན་པོ་དང་། དགེ་འདུན་དང་། སློབ་མ་དང་། དབང་པོ་མ་ཚང་བ་ག་ནད་ད་ཅོག་གིས་བཏབ་ཅིང་དོན ་མོངས་ན། ཀུན་ཀྱང་གསོས་ཏེ་སོས་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ལྷ་གཤེ་ཞིང་ངན་སེམས་ཀྱིས་དགེ་འདུན་གྱི་ཁྱིམ་དང་། ཡུལ་མཁར་དུ་མ་བྱིན་པ། གཡེ ་དང་། རི་ལུང་དང་། མཁར་དང་། ཚལ་ན་ནོད་པ་འདུག་པ་མཐོང་སྟེ། ར་མདའ་དང་རིམ་གྲོ་མ་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རལ་གྲི་དང་། མདའ་གཞུ་དང་། མདུང་དུང་དང་། ་ས་རེ་ལ་སོགས་ཏེ་འཐབ་པའི་སྤྱང། མཚན་ཆ་དང་། སེམས་ཅན་གསོད་པའི་སྤྱད་དང་འདྲབ་། རྒྱ་རྒྱ་མོ་ལ་སོགས་པ་འཆང་དུ་མི་རུང་ངོ་།། བྱང་ཆུབ་སེམས་དཔའ་ནི་པ་མ་གཞན་གྱིས ་གསོད་ཀྱང་ཤ་མི་བླན་ན། སེམས་ཅན་ཐམས་ཅད་གསོད་པ་ལྟ་སྨོས་ཀྱང་ཅི་དགོས། མཚོན་ཆ་ཆེད་ཀར་འཆང་བ་ན་ལྟུང་བའོ།། འདི་ལྟ་བུའི་ཚུལ་ཁྲིམས་རྣམས་བཅུ ་ནི་བསླབས་ཏེ། དྲུག་པར་གཟུངས་སུ་གཟུང་བའི་རིགས་སོ།། འག་མ་ལེའུ་དྲུག་གི་ནང་ན་རྒྱ་ཆེ་རབཤད་དོ།། སངས་རྒྱས་ཀྱིས། སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སངས་རྒྱས ་ཀྱི་བུ་ཁེ་འདོད་པའི་ཕྱིར་སེམས་ངན་པ་བསམས་ཏེ། ཉི་འོག་གི་ཡུལ་དུ་པི་ཏར་འགྲུལ་བ་དམག་གི་གཡུལ་བ་ཤམས་ཏེ་དམག་བསྐྱོད་ནས་འཐབས་ཏེ། སེམས་ཅན་མང་པོ་བསད ་ན། བྱང་ཆུབ་སེམས་དཔའ་དམག་གི་ནང་དུ་སོང་ཞིང་། ཕན་ཚུན་དུ་འགྲུལ་ཡང་མེ་རུང་ན། ཆེ་དཀར་གཡུལ་གྱི་དགྲ་བྱེད་པ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཆེ་ད་ཀར་བྱེད་པ་ནི་ལྟུང་བའོ།། ་སངས་རྒྱས་ཀྱི་བུ་བླ་འབངས་དང་བྲན་པོ་ས་མོས་དང་། ཕྱུགས་དག་སྣ་དྲུག་དང་། གཤིན་སྒྲོམ་རོ་གཞུག་པའི་སྣོད་ལ་སོགས་པ་ཁེ་དང་ཚོང་སྤོགས་བདག་གིས་ཀྱང་བགྱི་བའི་མི་རིགས་ན། ་གཞན་ལ་བྱེད་པར་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་ཆེད་ཀར་བྱེད་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུས་ངན་སེམས་བསྐྱེད་དེ། པ་ལོགས་པོ་དགེ་བ་དེས་པ། ཆོས་ཀྱི་མཁན་པོ ་དགེ་འདུན་རྒྱལ་པོ་ཡ་རབས་བཙུན་པ་ལ་མཉེས་པར་ལོག་པ་བདུན་དང་། ཕམ་པ་བཅུ་དང་། ཕ་མ་དང་། བུ་པོ་ནུ་བོར་། གཉེན་པ་རྣམ་དྲུག་གི་ཚུལ་ཁྲིམས་བཤིག་གོ་ཞེས ་བསྲུ་ན། སྲིནུ་དྲང་མི་འགལ་ཞིང་བྱམས་ཤིང་སྙིང་རྗེའི་སེམས་པསྐྱེད་པའི་རིགས་ཀྱི། དེ་ལ་སླར་ལོག་པའི་གནོད་པ་བསྐྱེད་ན་མི་བདེ་བའི་གནས་སུ་ལྔ་ད་ལུང་བའོ།། སངས་རྒྱས་ཀྱི་བུ ་ངག་སེམས་བསྐྱེད་དེ། ཆེད་དཀར་མེ་ཆེན་པོ་བཏང་ལ། རི་དང་ཚལ། གཡེ་དང་རི་ལུང་དང་། དབྱར་ཟླ་ར་བ་མན་ཆད། སྟོར་ཟླ་ཟ་ཆུང་ཡན་བསྲེགས་སམ། ལ་ལ་ཞིག་གིས་མེ་བཏང ་སྟེ། གཞན་གྱི་ཁང་ཁྱིམ་དང་། མཁར་དང་། གྲང་དང་། དགེ་འདུན་གྱི་ཁྱིམ་དང་། ཞིང་དང་། སྐྱེད་ཞིང་དང་། ལྷམ་སྲིད་དང་། བླའི་འཁོར་ལ་སོགས་ཏེ། བདག་པོ་ཡོད་དོ ་ཅོག་གི་ནོར་རྫས་བསྲེག་ཏུ་མི་རུང་ངོ་།། ལ་ལ་ཞིག་གིས་ཆེད་ཀར་བསྲེགས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ། སངས་ཀྱི་སློབ་མ། བདག་དང་། མུར་འདུག་དང་། གཉེན ་རྣམ་དྲུག་ལ་སོགས་ཏེ། དགེ་བའི་བཤེས་གཉེན་ན་ཅོག་ཀུན་ཀྱང་། ཅིའང་ཐེག་པ་ཆེན་པོའི་ཡི་གེ་དང་ཚུལ་ཁྲིམས་ནོད་ཅིང་། གཟུས་སུ་འཛིན་པར་བསྟན་པའི་རིགས་སོ།། གུའུ ་དང་ལུགས་ཤེས་ཤིང་། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་དང་། བསྐྱེད་ཅིང་གསོལ་བའི་སེམས་བཅུ་དང་། རྡོ་རྗེའི་ཆོས་ཀྱི་སེམས་གཡོ་བར་བསྟན་ཏེ། གཅིག་ནས་གཅིག་ཏུ་གོ ་རིམས་དང་། ཆོས་ཀྱི་ཆོ་ག་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ལ། བྱང་ཆུབ་སེམས་དཔས་ངན་སེམས་དང་ཞེ་སྡང་བ་སྐྱེད་དེ། གཞན་ཉན་ཐོས་ཐེག་པ་ཆུང་ངུན་མ་གཉིས་ཀྱི་ཚུལ ་ཁྲིམས་དང་། ཡི་གེ་དང་། མུར་འདུག་དང་། ལོག་པར་ལྟ་བའི་བཤད་པ་བསྟན་པ་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ལེགས་པའི་སེམས་ཀྱིས་སྔར་ཐེག་པ ་ཆེན་པོའི་གེ་ཆ་དང་། ཚུལ་ཁྲིམས་དང་། ཡི་གེ་བསླབས་ནས། རྒྱ་ཆེར་ཕྱེ་ནས་གཞུང་གི་རོ་ཅི་བྲོ་བ་ཤེས་ནས། བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་རྒྱང་གྲགས་བརྒྱ་སྟོང་གི་ལ་མ་ནས། ་ཐེག་པ་ཆེན་པོའི་ཡི་གེ་དང་ཚུལ་ཁྲིམས་འདོད་ཅིང་འོང་བ་མཐོང་ན། ཆོས་ཀྱི་ཕྱིར་དཀའ་ཐུབ་སྤྱོད་པ་ཆོས་བཞིན་བཤད་པའི་རིགས་སོ།། དཀའ་ཐུབ་ཅེས་བྱ་བ་ནི་ལུས་བསྲེགས་པ། ་ལག་དྲར་བསྲེགས་པ་སོར་མོ་བསྲེགས་པའོ།། དེ་ལ་ལུས་དང་། ལག་ངར་དང་། སོར་མོ་བསྲེགས་ཏེ། སངས་རྒྱས་ཐམས་ཅད་ལ་ཡོན་དུ་མ་གསོལ་ན། དེ་རབ་ཏུ ་བྱུང་བའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ།། སྟག་དང་། སྦྱང་ཀ་དང་། སེང་གེ་ལྟོགས་པ་ལ་སོགས་པ་དང་། འདྲེ་ལྡོག་པ་ལ་སོགས་པ་ཐམས་ཅད་ལ་ལུས་ཀྱི་ཤ་དང་ཀ་རྐང ་ལྡེག་གཏེང་བདྲ་པར་བྱས་ཏེ། བྱིན་ལ་དེ་ནས་གཅིག་ནས་གཅིག་ཏུ་མཐར་གྱིས་ཡང་དག་པའི་ཆོས་བཤད་དེ་སེམས་ནི་བྱེ། ཡིད་ནི་གལ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་བདག་གས་པའི ་ཁེ་འདོད་པའི་ཕྱིར། ལན་བླན་པའི་རིགས་པ་ནི་མ་བླན་གྱི་ཡི་གེ་དང་། ཚུལ་ཁྲིམས་རི་མོ་དང་། འབྲུ་ཕྱིན་ཅི་ལོག་ཏུ་བཤད་ནས། སྔ་བྱི་མེད་པར་དཀོན་མཆོག་ལ་འཕྱ་ཞིང་འཆད་པ་ནི ་སྲུང་བའོ།། སངས་རྒྱས་ཀྱི་བུ་བདག་ཁ་ཟས་དང་། ནོར་རྫས་དང་། གས་པའི་ཁེ་དང་། མི་སྤྱན་པའི་བྷིར། རྒྱལ་བ་དང་ཀ་རྒྱལ་བུ་དང་། བློན་པ་ཆེན་པ་ལ་སོགས་པག་ཏེན་ཞེས་ཟེ ་ཏཱི། སྐེམས་ཤིང་ནན་གྱིས་ནོར་སྐྱོང་ལ། བཙན་དག་གིས་བསྡིགས་ཏེ། ནན་གྱིས་ནོར་དང་ཁེ་ཚོལ་མ་ཅོག་གི་མིང་ནི་ངན་པ་མང་པོ་ཚལ་ཞེས་བྱའོ།། གཞན་ལའང་སྙིང་རྗེ་མེད་ཅིང་། ་སྲི་གུ་དང་མི་འགལ་བའི་སེམས་ཡོང་མེད་པར་བསྟན་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་ཁ་ཏོན་དུ་ཀློག་པ་སློབ་ན། ཉིན་གཅིག་ཅིང་དུས་དྲུག་ཏུ་བྱང་ཆུབ་སེམས་དཔ ་ཚུལ་ཁྲིམས་བཟུང་། དེའི་གཞུང་དང་དོན་སངས་རྒྱས་ཀྱི་ངོ་བོ་ཉིད་ཤེད་པར་བྱའོ།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཡན་ཏན་ཚིག་གཅིག་ལེའུ་གཅིག་ཀྱང་མི་ཤེས་པར། སྒྱུ ་མའི་ཚིག་ཏུ་ནུས་ཞེས་ཟེར་བ་ནི། བདག་ལ་བརྙས་ཤིང་བསླུས། གཞན་ལའང་བཟླས་ཏེ། ཆོས་ས་ཅོག་རྣམ་པ་གཅིག་ཀྱང་མི་ཤེས་པར། གཞན་ལ་མཁན་པོ་བྱེད་ཅིང་ཚུལ་ཁྲིམས་སྟོན་པ་ནི ་ལྟུང་བའོ།། སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། ཚུལ་ཁྲིམས་འཛིན་པའི་དགེ་བའི་ལག་ན་པོག་སྣོད་ཁྱེར་ཏེ། བྱང་ཆུབ་སེམས་དཔའི་ལས་བྱེད་པ་ལ། མཐོང་ནས་ཕན་ཚུན་གཉིས་ཀྱིས་རབ ་ཏུ་དཔར་བཅུག་སྟེ། འཕགས་པའི་མི་ལ་བརྙས་མ་ཤིན་བྱེད་ཅིང་། ངན་མི་བྱེད་པ་མེད་དོ་ཞེས་བསྐུར་ཏེ། དེ་ལྟ་བུ་ཆེད་ཀར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སྙིང་རྗེ་སྤྱད་དེ་གཅིའང་། ་མི་གསོད་པར་བཏང་བའི་ལས་བྱེད་ཅིང་པ་ལ་ཅོག་ནི་བདག་གི་བ་ཡིན། མའ་ཅོག་ནི་བདག་གི་མ་ཡིན། བདག་སྔོན་ཆད་ཀྱི་ཚེ་རབས་ལ་གང་སྐྱེས་ཅག་ན་ཡང་། ་དེ་དག་ལས་མ་སྐྱེས་པ་མེད་པས་ན། འགྲོ་བ་དྲུག་གི་སེམས་ཅན་བདག་གི་ཕ་མ་ཡིན་ཏེ། དེ་བསད་ཅིང་ཟོས་ན། བདག་གི་ཕ་མ་བསད་དོ།། གཅིག་ཏུ་ན་བདག་གི་ལུས་རྙིང་པ་བསད་དོ།། ས་དང་། ་ཆུ་ཐམས་ཅད་ནི་བདག་གི་ལུས་སྔ་མ་ཡིན་ནོ།། མེ་དང་རླུང་བཅོག་ནི་བདག་གི་གཟུགས་ཀྱི་ཕྱི་མ་ཡིན་པས། རྟག་པར་གསོན་པར་བཏང་བའི་ལས་བྱེད། གར་སྐྱེས་གར་སྐྱེས་ཀྱང་སེམས་ཅན ་གསོད་པ་མཐོང་ན་ཐབས་སྤྱད་དེ། བདག་གིས་འོར་བ་དང་རེ་མདའ་བྱས་ཏེ། ཉོན་མོངས་ཤིང་འཕོངས་པ་ཐར་པའོ།། རྟག་པར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་དེ་བསྟན་བསླབས ་ནས། སེམས་ཅན་ཐར་པའི་ར་མདའ་བྱའོ།། ཕ་མ་དང་། བུ་བོ་དང་། ནུ་བ་ཞིག་ཤི་ན། དེའི་ཉིན་པར་ཆོས་ཀྱི་མཁན་པོ་གཉེར་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་ན་ཀ་དེའི ་བསོད་ནམས་ཀྱིས་ཤི་བ་དེ་སངས་རྒྱས་ཐམས་ཅད་དང་ཕྲད་དེ། མཐོ་རིས་སུ་སྐྱེའོ།། དེ་ལྟར་མ་བྱས་ན་ལྟུང་བའོ།། །། ཆོས་ཀྱི་རྒྱ་མོ། བམ་པོ་གཉིས་པ ་སྟེ་ཐ་མའོ།། འདི་ལྟ་སྟེ། ཚུལ་ཁྲིམས་འདི་བཅུ་བསླབས་ན། སེམས་གུས་པར་གཟུངས་སུ་བཟུང་བའི་རིགས་སོ།། སྡིག་བཀྲུ་བའི་ལེའུའི་ནང་ནས་ཀྱང་། ཚུལ་ཁྲིམས ་གཅིག་པུ་གཅིག་པ་ནས་རྒྱ་ཆེ་ཞིང་གསལ་བར་བཤད་དེ།། སངས་རྒྱས་ཀྱིས། སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། ཁྲོས་པའི་ལན་ཁྲོས་པས་མི་བླན། བདེགས་པའི་ལན་འདེགས། ་པས་མི་བླན། ཕ་མ་དང་། བུ་ཆུ་བོ་གཉེན་རྣམ་དྲུག་བསད་ཀྲུང་ཤ་བླན་དུ་མི་རུང་ངོ་།། གཞན་ཞིག་གིས་བདག་གི་རྒྱལ་པོ་བསད་ཀྱང་ཤ་བླན་དུ་མི་རུང་ངོ་།། སྲོག་བཅད་དེ་ཤཱ་བློ་མ་སྲི་འུའི ་ཆོས་དང་འགལ་ལོ།། བྲན་པོ་མོ་ལ་ངག་ངན་པས་སྤྱོས་ཤིང་བདེགས་ལ་ཉིན་གཅིག་དྲན་པ་རྣམ་གསུམ་བསྐྱོད་པ་ལའང་སྡིག་གྲངས་མེད་ན། ཆེད་ཀར་ལོག་པ་སྣ་བདུན་གྱི་སྣ་བདུན་རྒྱ ་སྡིག་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེ་མེད། གཉེན་རྣམ་དྲུག་ལ་སོགས་པའི་ཤ་བླན་པ་ཆེད་ཀར་བྱེད་ན་ལྟུང་བའོ།། སངས ་རྒྱས་ཀྱི་བུ་གདོད་མ་དང་པོ་རབ་ཏུ་བྱུང་སྟེ་ཅིའང་མི་ཤེས་པར། བདག་དབང་པོ་རྣོ་ལ་མཛངས་པ་རློམ་ཞིང་། ལ་ལ་ནི་ལོ་གྲངས་རྒན་ཞིང་ཕྱུགས་བཙན་པ་བསྙེམས་ཏེ། ལ་ལ་རུས་ཆེ་ཞིང་ཐབས ་མཐོ་བ་དང་། མང་དུ་ཤེས་པ་དང་། དབང་ཆེ་བ་དང་། ནོར་རིན་པོ་ཆེ་སྣ་བདུན་མང་དུ་བདོག་པས། རྒྱགས་དྲེགས་སྔན་ཆད་ཆོས་ཤེས་པའི་མཁན་པ་ལ་ཡི་གེ་དང་། ཚུལ་ཁྲིམས་མི ་གསོལ་མི་ནོད། ཆོས་ཀྱི་མཁན་པ་ལ་ལ་ནི་རུང་ཆུང་། ལ་ལ་མིན་གཞོན། ལ་ལ་ནི་ཐབས་ཆུང་། ལ་ལ་ནི་དབུལ། ལ་ལ་ནི་དབང་པོ་མ་ཆང་ཡང་ལེགས་པའི་ཆོས་དབེན་པ་མེད་དེ། ཆོས་ཀྱི ་ཡི་གེ་དང་ཚུལ་ཁྲིམས་ས་ཅོག་ཟད་པར་ཤེས་ན། བྱང་ཆུབ་སེམས་དཔའ་གསར་དུ་སླབ་བོ།། ཆོས་ཀྱི་སློབ་དཔོན་མ་རིགས་པ་དང་། ཐབས་ལ་འཕྲལ་གང་དུ། ་བལྟས་ཤིང་། ཆོས་ཀྱི་མཁན་པོ་ལ་ཡང་དག་པའི་བདེན་པའི་གཞུང་ངོ་ཅོག་གསོལ་ཞིང་། དོན་དུ་མ་འོངས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱི་ན། སེམས ་དགེ་བས་སངས་རྒྱས་ཀྱི་ཚུལ་ཁྲིམས་འདོད་ཅིང་འདུ་ན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་བདག་གི་སེམས་ལ་ཡི་དམ་བཅས་ཏེ་ཞག་བདུན་གྱི་བར་དུ། ་སངས་རྒྱས་ཀྱི་སྤྱན་སྔར་མཐོལ་ཚངས་བྱས་ལ། ལྟས་བཟང་པོ་མཐོང་བ་ནི་ཚུལ་ཁྲིམས་ཐོབ་བོ།། ལྟས་བཟང་པོ་མ་མཐོང་ན་ནི་ཞག་བདུན་གཉིས།། བདུན་གསུམ་ག་ལོ་གཅིག ་གི་བར་དུ་ལྟས་བཟང་པོ་མཐོང་བའི་དྲོད་ཀྱིས་བཟུང་ངོ་།། ལྟས་བཟང་པོ་མཐོང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་མནོད་དོ།། ལྟས ་བཟང་པོ་མ་མཐོང་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་མནོས་ཀྱང་། མིང་ཚུལ་ཁྲིམས་ཐོབ་བོ་ཞེས་མི་བྱའོ།། ལ་ལ་ཞིག་གིས་སྔོན་ཆད ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མནོས་པའི་མདུན་དུ་ནོད་ན། ལྟས་བཟང་པོ་མི་དགོས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཁན་པོ་གཅིག་ནས་གཅིག་ཏུ་བསྟན་པས་ན།། ལྟས ་བཟང་བ་མི་དགོས་ཏེ། ཆོས་ཀྱི་མཁན་པོ་དེའི་མདུན་དུ་ཚུལ་ཁྲིམས་མནོས་ན་ཚུལ་ཁྲིམས་ཀྱང་ཐོབ་སྟེ། གུས་པའི་སེམས་སྐྱེའོ།། རྒྱང་གྲགས་སྟོང་ལམ་ཚུན་ཆད་ཚུལ་ཁྲིམས་སྦྱིན་ནུས། ་པའི་མཁན་པོ་མེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་ནོད་ན། ལྷས་བཟང་པོ་མཐོང་བར་དགོས་སོ།། ཆོས་ཀྱི་མཁན་པོ་ལ་ལ་ཞིག། བདག ་ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ཤེས་པ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བླན་པ་རྣམས་བྱམས་ཤིང་། མཛའ་བ་བསྙེམས་ཏེ། བྱང་ཆུབ་སེམས་དཔའ་གསར་དུ་སླབ་པ། ་ཆོས་ཀྱི་ཡི་གེའི་ལུགས་དང་། ཚུལ་ཁྲིམས་ཀྱི་གཞུང་འདྲིར་འོངས་ལ་ལ་བརྙས་པའི་སེམས་དང་། ངན་པའི་སེམས་དང་། ལེ་ལོའི་སེམས་ཀྱིསགཅིག་པུ་གཅིག་པུ་ནས། འདྲི ་བའི་ལན་མ་བླན་ན་ལུང་བའོ།། སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་ཆོས་དང་། ཚུལ་ཁྲིམས་ཀྱི་ཡི་གེ་དང་། ཐེག་པ་ཆེན་པོའི་དྲང་བའི་ཆོས། དྲང་པོར་མཐོང་བ། དྲང་པོའི་ངོ་བོ་ཉིད། ་དྲང་པོའི་ཆོས་ཀྱི་ལུས་ཀྱིས་འགྲུས་པར་སློབ་ཅིང་སྤྱོད་སྒོམ་མི་ནུས་པ་རྣམས་ནི། དཀོན་མཆོག་བདུན་བདུན་བཏང་སྟེ། སླར་ལོག་པར་ལྟས་ཏེ། ཐེག་པ་ཆུང་ངུ་མ་རྣམ་གཉིས་དང་། མུར ་འདུག་གི་ཆོས་དང་། མ་རབས་ཀྱི་གཞུང་ལ་བསྟེན་པ་དང་། ཨ་བི་ལ་དར་མ་བཤད་པ། སློབ་པ་དང་། ཐེག་པ་ཆུང་ངུའི་ཡི་གེ་དང་། འདུག་པར་སློབ་ན། དེ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ས་བོན་ཆད་པས ་ལམ་འགོག་པས་བསྒྲིབས་པའི་རྒྱུ་རྐྱེན་གྱིས། བྱང་ཆུབ་སེམས་དཔའི་ལམ་མ་ཡིན་ནོ།། དེ་ལྟ་བུ་ཆེད་ཀར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སངས་རྒྱས་འདས ་པའི་བྱིན། ཆོས་འཆད་པ་བདག་པོ་བྱེད་པ་དང་། དགེ་འདུན་གྱི་ཁྱིམ་བདག་པོ་དང་། སྟོན་ཅིང་འབྲུལ་པའི་བདག་པོ་དང་བསམ་གཏན་དུ་འཇུག་པའི་བདག་པོ་དང་། འགྲོ་ཞིང་འོངས་པའི་བདག ་པོ་དང་། དེ་ལྟ་བུ་བྱེད་ན། བྱམས་པའི་སེམས་བསྐྱེད་ལ། མི་མཛའ་སྟེ་འཐབ་ཅིང་རྩོད་པའང་དགེ་བར་བསྡུམ་པའི་རིགས། དཀོན་མཆོག་གསུམ་གྱི་ནོར་ཡང་དགེ་བར་བསྲུངས་ཏེ། མ་འོངས ་པར་མི་སྤྱད། བདག་གིས་བདག་གི་སྐོར་བབ་པ་དང་མཚུངས་པར་བྱའོ།། དེ་ལ་ལས་ལོག་པར་མང་པོ་འགྲུབ་ཅིང་འབད་པ་དང་། རང་རྣམས་ཀྱི་སེམས་ཀྱིས་དཀོན་མཆོག་གསུམ་གྱི་ནོར་སྤྱད། ་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སྔན་ཆད་དགེ་འདུན་གྱི་ཁྱིམ་གྱི་ནང་ན་འདུག་ལ། བྱང་ཆུབ་སེམས་དཔའ་དང་། དགེ་སློང་འགྲོན་པ་ཞིག་ཕྱིས་དགེ་འདུན་གྱི་ཁང་ཁྱིབ་དང་། མཁར་དང་། ་གྲོང་དང་། རྒྱལ་པོའི་ཁྱིམ་དང་། དབྱར་ཚུལ་དུ་ཞུགས་པའི་ཚེ་དང་། འཁོར་གྱི་ནང་དུ་འོངས་པ་མཐོང་ན། སྔན་འདུག་པའི་དགེ་འདུན་གྱིས་འོང་ན་ནི་བསུག་འགྲོ་ན་ནི་བསྐྱལ་ཏེ། ཟས་ཀྱི ་བསྟི་སྟང་དང་། ཁང་ཁྱིམ་དང་། ཉལ་བའི་མལ་ཆ་དང་། ཁྲི་དང་། སྣ་སྣ་ནས་སྦྱར་ཏེ་སྦྱིན་ནོ།། ལ་ལ་ཞིག་བདག་ལ་ནོར་མེད་ན། བདག་གི་ལུས་དང་། བུ་ཕོ་དང་། བུ་མོ་དང་། བཙངས་ཏེ་ཅི ་འདོད་པ་ཀུན་སྒྱུར་འི་སྤྱིར་དགས་ཏེ། སྦྱིན་བདག་ལ་ལ་ཞིག་འོངས་ཏེ་དགེ་འདུན་པལ་དང་། དགེ་འདུན་ཀྱི་འགྲོན་པ་ཞིག་གཉེར་ཏེ། ཡོན་གྱི་ནོར་སྐལ་བ་ཡོད་པའི་སྔར། དགེ་འདུན་མྱི། ་ཁྱིམ་བདག་པོས་དགེ་འདུན་འགྲན་པ་རྣམས་རིམས་ཀྱིས་གཉེར་བ་བཏང་སྟེ། དེ་ལ་དགེ་འདུན་སྔ་ནས་འདུག་པས། བདག་འབའ་ཞིག་གཉེར་བར་སོང་སྟེ། དགེ་འདུན་འགྲོན ་པ་མ་བཏང་ན། དགེ་འདུན་གྱི་ཁྱིམ་གྱི་བདག་པ་སྡིག་གྲངས་མེད་པར་ཟབ་སྟེ། བྱལ་སོང་དང་མཚུངས་སོ།། དགེ་སྦྱོང་མ་ཡིན། ཤཱཀྱའི་རིགས་ཀྱི་ས་བོན་ཡང་མ་ཡིན་ཏེ། ་དེ་ལྟར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཅིའང་གི་རིམས་སུམ་བབ་པར། ལོགས་ཤིག་ཏུ་མན་བླངས་ཤིང་། བདག་གིར་བཀུརུ་མི་རུང་ངོ་།། དེ་ལྟ་བུའི་ཡོན་གྱི་ནོར་རྫས་ནི། ་ཕྱོགས་བཅུའི་དགེ་འདུན་དབང་སྟེ། དེ་ལ་ལོགས་ཤིག་ཏུ་མནོས་ཤིང་ཁྱེར་ན། ཕྱོགས་བཅུའི་དགེ་འདུན་གྱི་ནོར་བདག་གི་སྒོར་ཁྱེར་ན། བསོད་ནམས་རྣམ་པ་བརྒྱད་དང་སངས་རྒྱས་པ། ་འཕགས་པའི་རྣམས་དང་། མཁན་པོ་དང་། དགེ་འདུན་དང་། ཕ་མ་དང་། ནད་པའི་རྫས་བདག་གིས་སྤྱད་ཀྱིས་ལྟུང་བའོ།། སངས་རྒྱས་ཀྱི་བུ་བྱང་ཆུབ་སེམས་དཔལ་རབ་ཏུ ་བྱུང་བ་དང་། རབ་ཏུ་མ་བྱུང་བའི་སྦྱིན་བདག་གི་དགེ་འདུན་གཏེར་ཏེ། བསོད་ནམས་བསྐྱེད་ཅིང་སྨོན་ལམ་གསོལ་ནས། དགེ་འདུན་གྱི་ནང་དུ་སོང་ན། དགེ་བ་སྐོས་ལ་དྲིས་ཏེ། དེ་རང ་གོ་རིམས་གང་ལ་བབ་པ་གཅེར་ན། ཕྱོགས་བཅུའི་འཕྲུལ་གྱི་དགེ་འདུན་ཐོབ་བོ།། ཀུན་ནས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་དང་། དགེ་འདུན་ལྔ ་བཅུ་གཏེར་བ་བས། གོ་རིམས་སུ་བབ་པའི་དགེ་འདུན་ཐ་མལ་པ་གཅིག་གཉེར་བ་བསདྲན་པས་ཆེའོ།། དེ་ལུས་དགེ་འདུན་གཞན་གཉེར་བ་ནི། མུར་འདུག་ངན་པའི་རྫས་སོ།། སངས་རྒྱས་བདུདུ། ་ནི་གུད་ནས་གཉེར་བའི་ཆོས་མེད་དོ།། སྲི་ཞུའི་ལམ་དང་འགལ་བས། གུད་ནས་དགེ་འདུན་གཉེར་བ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་ངན་སེམས་སྤྱད་དེ། གསོ་བའི་ཁེའི་ཕྱིར། བོས་མོས་ཀྱི། ་གཡེམ་པ་འཚོང་བའི་བདག་དང་ཅིང་ཟན་བྱེད་པ་དང་། བདག་རུང་བ། བདུག་འདུ་བ། ཕས་མོས་ཀྱི་མཚན་ལྷ་མི་ལམ་བཟང་ངན་འགྲོ་ལ། པོ་ཞེས་ཟེར། མ་ཞེས་ཟེར། ལོག་པའི་ཆོས་ཀྱི། ་སྔགས་སྒྱུ་མ་རང་བཟོར་ཟེར། དགྲ་བསླབ་པའི་ཆོས་བྱེད། དུག་གཅོག་སྦྱོར་ཞིང་བྱེད་ལ། དུག་རྩི་རྣམ་པ་བརྒྱད་སྟོང་བྱེད་དེ་སྦྲུལ་དུག། གསེར་དངུལ་མ་བཏུལ་བའི་དུག་དང་། བྱང་སྙེམས་ལ་སོགས ་པ་སྙིང་རྗེ་ཡོད་བྱེད་པ་ལྟ་བུ། ཆེད་ཀར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ངར་སེམས་བསྐྱེད་དེ། བདག་གི་ལུས་ཀྱི་དཀོན་མཆོག་གསུམ་ལ་སྐུར་པ་བྱས་ཏེ། གཞན་ལ་གཉེན་སྒྱུ་མ་སྨོས་ཏེ། ་ཁ་ནི་སྟོང་པ་འཆད། ལས་ནི་ཡོད་པའི་ལས་བྱེད། ཐ་མལ་པའི་བུད་མེད་དང་། སྐྱེས་པའི་སྨར་བྱེད་ཅིང་། མི་ཚངས་པར་སྤྱོད་པར་སྦྱོར་ཏེ། ཅི་ལའང་མི་འཇིགས་ཤིང་ཆགས ་པ་མེད། དུས་དྲུག་ཏུམ་ཆུད་སྟོར་བྱེད་པའི་ཉི་མ་དང་། མུ་གཅིག་ལ་ཟླ་བ་གསུམ་གསུམ་མཆོད་སྟོན་རྟག་ཏུ་བྱེད་པའི་རྒྱུ། སེམས་ཅན་གསོད། རྐུན་པོ་དང་ཚམ་པ་བྱེད་ཅིང་། མཆོད ་སྟོར་གྱི་ཚུལ་ཁྲིམས་བཤིག་པ་ནི་ལྟུང་བའོ།། ཚུལ་ཁྲིམས་འདི་བཅུ་བསླབས་ལ། རྟག་པར་གཟུངས་སུ་གཟུང་བའི་རིགས་སོ།། ཁྲིམས་བཟུང་བའི་ལེའུའི་རླུང་ནས་ཀྱང་རྒྱ་ཆེར ་མངོན་པར་བཤད་དོ།། སངས་རྒྱས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱིན། ངན་པའི་དུས་ལ་མུར་འདུག་དང་། མི་ངན་པའོ་ཅོག་དང་། ་རྐུན་པ་ཆེན་པོ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཕ་མ་དང་མཚུངས་པའི་གཟུགས་འཚོང་བ་མཐོང་མ། ཆོས་དང་ཚུལ་ཁྲིམས་ཀྱི་ཡི་གེ་འཚོང་བ་མཐོང་ངམ། དགེ་སློང་དང་། དགེ་སློང་བ ་འཚོང་ངམ། གཅིག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འཚོང་བ་དང་། ལ་ལ་ཞིག་སྙིང་རྗེའི་ལས་ལ་མངགས་པའི་འབྲང་ནས། བྲང་པོ་བྲན་མོར་བྱས་པ་ཞིག། བྱང་ཆུབ་སེམས ་དཔའ་དེ་ལྟ་བུ་མཐོང་ན་བྱམས་པའི་སེམས་བསྐྱེད་དོ།། ཐབས་ཀྱི་ར་མདའ་དང་སྐྱབས་བྱས་ཏེ། གནས་གནས་ན་འགད་དོ་ཅོག་ཀྱང་། སླར་སློབ་ཅིང་སྟོན་ཅིག། སངས་རྒྱས་དང་། བྱང་ཆུབ ་སེམས་དཔའི་གཟུགས་དང་། དགེ་སློང་དང་། དགེ་སློང་མ་དང་། ཆོས་དང་། ཚུལ་ཁྲིམས་ཀྱི་ཡི་གེ་ཐམས་ཅད་ནོར་ཡོད་ན། ནོར་གྱིས་བླུས་ཤིག། དེ་ལྟར་མ་བླུས་ན་ལྟུང་བའོ།། སངས་རྒྱས ་ཀྱི་བུ་འཆང་དུ་མི་གནང་བ་ལ་མཚན་ཆ་དང་། མདའ་གཞུ་འཆང་བ་དང་། ཚང་སྤོགས་བྱེད་པ་དང་། སྲང་དང་དེ་ཆུང་འཆང་བ་དང་། རྩ་ལག་སླེབས་ཤིང་མི་གཞན་ལ ་ནོར་ལེན་པ་དང་། སེམས་ལ་ཕྲག་དོག་བྱེད་དེ། ཕ་ལོགས་པོ་བཅིངས་དྲགས་བྱས་པ་དང་། ངོས་སོ་དོན་དུ་ཡོད་པ་ཞིག་བཏང་། བྱི་ལ་དང་། སེལ་བྱི་དང་། ཁྱི་དང་། བ་ག་དང་། བྱ ་འཆང་ཞིང་གསོར་མི་རུང་ངོ་།། དེ་ལྟ་བུ་ཆེད་ཀར་གས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། བོས་མོས་ལ་སོག་པ་འཐབ་བོ་ཅོག་ལ་ལྟ་བ་དམག་གི་གཡུལ་དང་། དགྲ་ཚོམ ་པོ་བྱེད་པ་ལ་སོགས་པ་ལ་བལྟར་མི་རུང་ངོ་།། ཡང་གཅིག་ཏུ་རུ་ང་འབུད་པ་དང་། རྔ་གླིང་དང་། བྱིམ་ཤིར་དང་། ཇེང་དང་། གླིང་བུ་དང་། ཀོང་ཧིའུ་དང་། གླུ་ལེན་པ་དང་། རོལ་མེའི་སྒྲ་ལ་མཉན ་དུ་མི་རུང་ངོ་།། ཆོ་རྗེ་དང་། མིག་མངས་དང་། པར་རྩིག་གི་རྩེད་མོ་དང་། ར་འདྲི་ལུག་དམག་གི་རྩེད་མོ་དང་། ཕོ་ལེང་རྡོབ་པ་དང་། རྡོ་འཕྲིན་གྱིར་རྩེ་བ་དང་། བུམ་བུ་ལ་བདེ་བུ་འཕེན་པ་དང ་ཁྲས་བྱེད་པ་དང་། མེ་ལོང་འབྲུད་པ་བྱར་མི་རུང་ངོ་།། རྩ་རྩི་ཚའུ་དང་། རྒྱ་ཅང་དང་། ཕོར་བུ་ཁ་རུ་བ་དང་། མིའི་ཐོད་པ་དང་། དེ་རྣམས་ལ་མོ་གདབ་ཏུ་མི་རུང་ངོ་།། རྐུན་པོའི་ཐན་གྱི་ཕོཉ ་ལ་སོགས་པ་གཅིག་ཀྱང་བྱར་མི་རུང་ངོ་།། དེ་ལྟར་ཆེད་ཀར་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་ཐུབ་པར་གཟུང་བའི་རིམ་གྲོ་བྱས་ན། འགྲོ་ཉལ་འདུག་ལངས་དང་། ཉིན ་མཆན་དུས་དྲུག་ཏུ་རྒྱལ་ཁྲིམས་ལ་ཏན་བཀླགས་། རཛ་དང་མཟུངམས།། རྒྱལ་པ་ཐོགས་པ་མ་མ་ཆེན་པ་རྣལ་བ་དང་མཚུས་སོ།། གཅིག་ཀུན་དགེ་སློང་རྫས་བརྩིས་པ་དང་མཟུས ་ཐེག་པ་ཆེན་པོ་ལ་དགེ་ཞིང་ཡིད་ཆེས་པའི་སེམས་རྟག་པར་བསྐྱེད་ལ་བདག་གིས་ཤེས་པར་བསམ་པར་ནི་དདུ་ངསངས་རྒྱས་སུ་མ་ཕྱིན་པའི་སངས་རྒྱས་སོ།། སངས་རྒྱས་ཀྱི་བུ་རམས་ནི ་སངས་རྒྱས་སུ་ཕྱིན་པའི་སངས་རྒྱས་སོ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བར་མི་ཆད་པར་སེམས་ལ་བསམས་ལ། དེ་ལ་སྐད་ཅིག་གཅིག་ཐེག་པ་ཆུང་ངུ་གཉིས་དང་། མུར ་འདུག་ལ་སེམས་ཀྱིས་བསམ་ན་ལུང་བའོ།། སངས་རྒྱས་ཀྱི་བུ་རྟག་པར་སྨོན་ལམ་ཐམས་ཅད་གསོལ་ལ། ཕ་མ་དང་། མཁན་པ་དང་། དགེ་འདུན་དང་། དཀོན་མཆོག་གསུམ་ལྔ་སྲི ་དུ་ཆེ་ཞིང་ཡིད་དང་མི་འགལ་བར་སྨོན། རྟག་པར་མཁན་པོ་མཁས་པ་དང་། ཚངས་པར་སྤྱོད་དུ་མཚུངས་པའི་དགེ་བའི་བཤེས་གཉེན་དང་ཕྲད་དེ། རྟག་པར་བདག་ཐེག་པ་ཆེན་པོའི་ཡི་གེ ་དང་། ཁྲིམས་དང་། གཡོ་ཞིང་ཕྱོགས་པ་བཅུ་དང་། ཆོས་རྡོ་རྗེ་དང་མཚུངས་པ་བཅུ་དང་། ས་བཅུ་ལ་སོགས་པ་བདག་བྱེ་ཞིང་ཤེས་ལ། ཆོས་བཞིན་དུ་ལས་བྱེད་པར་སྨོན་ཏོ།། སངས ་རྒྱས་ཀྱི་བུ་ཚུལ་ཁྲིམས་བཟུང་ལ། སྲན་ཐུབ་པར་བྱ་བ་ནི་བསྐྱེད་ཅིང་གསོ་གསོ་བ་བཅུ་དང་། ལུས་དང་། སྲོག་ཀྱང་བོར་ཏེ། སེམས་ལ་སེམས་དཔའི་བར་མི་བཅད་པར་སེམས་བསམ་མོ།། ་དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་ལྟ་བུའི་སྨོན་ལམ་མ་བསྐྱེད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སྨོན་ལམ་ཆེན་པོ་བཅུ་སྨོན་པའི་འོག་ཏུ་སངས་རྒྱས ་ཀྱི་ཚུལ་ཁྲིམས་གཟུངས་སུ་བཟུང་སྟེ། སྨོན་ལམ་འདི་བཞིན་དུ་གདབ་བོ།། བདག་གི་ལུས་འདི་མ་ཆེན་པོའི་ཆེན་པོས་ཚིག་ཀྱང་རུང་། ཁུང་ཟབ་མ་དང་། རལ་གྲིའི་རིལ་སོང་ཡང་། ་རུང་སྟེ། དུས་གསུམ་གྱི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་མཐར་མི་ཞིག་པ་དང་། ནམ་དུའང་མི་ཞིག་པ་བུད་མེད་ཐམས་ཅད་ལ་སོགས་པ་མི་བྱེད་པར ་སྟོན་ཏོ།། གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལྕགས་བསྲེགས་པའི་དྲ་བ་དང་། དེ་ལ་བུ་རྒྱ་མོ་རིམ་པ་སྟོང་གིས་བསྐོར་ཏེ། ལུས་དཀྲིས་ཀྱང་ཐར་ཡུན་དུ་ཚུལ་ཁྲིམས་དྲལ ་བའི་ལུས་ཀྱིས་དད་པའི་སྦྱིན་བ་དག་གིས་གོས་ཐམས་ཅད་མི་བགོ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ཁ་འདིའི་ནང་དུ་ལྤགས་ཀྱི་ཐུ་ལུམ་བསྲེགས་པ་དང་། མེ་ཆུ། ་བཞིན་དུ་བཔ་སྟེ་འོང་བ་ལ་བསྐལ་པ་རྒྱ་སྟོང་གི་བར་དུ་ལོན་ཀྱང་ཚུལ་ཁྲིམས་བཤིག་པས་ཁས་དད་པའི་སྦྱིན་བདག་གི་ཟས་ཐམས་ཅད་མི་ཟ་བར་སྟོན་ཏོ།། ཡང་གཅིག་ཏུ་སྨོན་ལམ ་འདི་ལྟར་སྨོན་ཏོ།། ལུས་འདི་མེ་ཆེན་པོས་བསྲེགས། ལྕགས་ཀྱི་དྲ་བ་དང་། ལྕགས་བསྲེགས་པའི་ཚ་བའི་སྟེང་དུ་བསྙལ་ཀྱང་ཚུལ་ཁྲིམས་དྲལ་བའི་ལུས་ཀྱིས་དད་པའི་སྦྱིན་བདག་གི ་ཁྲི་འ་ཅོག་གི་སྟེང་དུ་མི་འདུག་པར་སྨན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་བསྐལ་པ་གཅིག་གཉིས་ཀྱི་བར་དུ་མདུང་རྩེ་ཁ་གསུམ་པ་སུམ་བརྒྱས་གཅགས་ཀྱང་རུང་སྟེ། མཐར་ཚུལ་ཁྲིམས། ་བབཤིག་པའི་ལུས་ཀྱིས་དད་པའི་སྦྱིན་བདག་གི་རྩི་སྨན་ཐམས་ཅད་མི་ཟ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལུས་འདི་བསྐལ་པ་སྟོང་གི་བར་དུ་ལྐུགས་ཀྱི ་ཟུངས་པོ་ཆེ་ཚ་བའི་ནང་དུ་བཅུག་ཀྱང་རུང་སྟེ། མཐར་ཚུལ་ཁྲིམས་འདི་འདྲལ་བའི་ལུས་ཀྱིས་དད་པའི་སྦྱིན་བདག་གི་ཁང་ཁྱིམ་མ་ཅག་དང་། ལྡུམ་ར་དང་། སྐྱེད་ཤིང་དང་། ཞིང་གི་སྟེང་དུ ་མི་འདུག་པར་ལྡན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། ལུས་འདི་མག་ནས་རྐང་པའི་བར་དུ་ལྕགས་ཀྱི་གཏུན་བུས་བརྡུངས་ཏེ། དུལ་ཕྲ་མོ་བཞིན་དུ་སོང་ཡང་ཁྲིམས་དྲལ ་བའི་ལུས་སེམས་ཡིད་ཆེས་པའི་སྦྱིན་བདག་གིས་འགྲུས་ཤིང་གུས་པར་ཕྱག་མི་འཚལ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏེ། སྟོང་ཕྲག་བརྒྱའི་ལྕགས་བསྲེགས་པའི་རལ ་གྲི་དང་། མདུང་རྩེས་མིག་གཉིས་བྲུས་ཤིང་གཙགས་ཀྱང་ཚུལ་ཁྲིམས་བཤིག་པའི་སེམས་ཀྱིས་ཕ་ལོགས་ཀྱི་ཁ་དོག་བཟང་པོ་ལ་མི་བལྟ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར ་སྨོན་ཏོ།། ཡང་གཅིག་གིས་བསྐུང་བུ་སྟོང་ཕྲག་བརྒྱས་བསྐལ་པ་གཅིག་གཉིས་ཀྱི་བར་དུ་ལུས་ཀྱི་ཆུ་བ་དང་། རྣ་བའི་རྩ་བར་བཙུགས་ཀྱང་། ཐ་མར་ཁྲིམས་དྲལ་བའི་སེམས་ཀྱིས་རོལ་མོ་སྙན ་པ་ལ་མི་རྒན་པར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟ་བུར་སྨོན་ཏོ།། བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་རལ་གྲིས་སྣ་བཅད་ཅིང་བཞོགས་ཀྱང་། ཁྲིམས ་དྲལ་བའི་སེམས་ཀྱིས་སྤྲོས་སོ་ཅོག་ལ་མི་སྣོམ་པར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།། བསྐལ་པ་བརྒྱ་སྟོང་གི་བར་དུ་ལླེ་རལ་གྲིས་བཅད་གཏུ་བས་ཀྱང་ཁྲིམས་དྲལ་བའི ་སེམས་ཀྱིས་མི་འོ་ཅོག་གི་ཁ་ཟས་གཙང་མའོ་ཅོག་ལ་མི་བཟའ་བར་སྨོན་ཏོ།། ཡང་གཅིག་ཏུ་སྨོན་ལས་འདི་ལྟར་སྨོན་ཏོ།། སྟ་རི་རྣོན་པོས་ལུས་བཅད་གཏུ་བས་ཀྱང་མཐར་ཚུལ་ཁྲིམས་དྲལ ་པའི་སེམས་ཀྱིས་རེག་པའི་བཟང་པོ་ལ་མི་བསྐམས་མི་ཆགས་པར་སྨོན་ཏོ།། ཡང་གཅིག་ཏུ་སྤོར་ལམ་འདི་ལྟར་སྨོན་ཏོ།། སེམས་ཅན་ན་ཅོག་སངས་རྒྱས་སུ་ཡོད་པར་སྨོན་ཏོ།། བྱང ་ཆུབ་སེམས་དཔའ་འདི་ལྟ་བུའི་སྨོན་ལབ་མ་བསྐྱེད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རྟག་པར་དུས་གཉིས་སུ་སྦྱངས་པའི་ཡོན་ཏན་པ་དགུན་དང་། དབྱར་བསམ་གཏར་དུ་འཇུག་པ་དང་། ཚུལ ་ཁྲིམས་སུ་འཇུག་པ་སོ་ཤིང་རླུང་། སྲན་ཕྱེ་དང་། ཆོས་གོས་གསུམ་དང་། རིལ་བ་དང་། ལྷུང་བཟེད་དང་། གདིང་བ་དང་། གསིལ་བྱེད་དང་། པོག་པོར་དང་། ཆུ་ཚགས་དང་། ལག ་བྱིས་དང་། གྲི་དང་། གཙུབ་ཤིང་དང་། གཙུབ་སྟན་དང་། ཝང་ཚེར་དང་། ཐ་གུའི་ཁྲི་དང་། དར་མ་དང་། ཁྲིམས་དང་། སངས་རྒྱས་ཀྱི་བུ་སྦྱངས་པའི་ཡོན་ཏན་སྤྱད་པའི་ཆགྲོང་རྒྱུ་བའི་ཚེ། འགྲོ ་མིང་འོངས་ན། རྒྱང་གྲགས་བརྒྱ་སྟོང་དུ་འགྲོ་ན། ཡོ་བྱད་བཅོ་བརྒྱད་རྟག་པར་ལུས་དང་མི་འབྲལ་ཏེ། སྦྱངས་པའི་ཡོན་ཏན་པ་ནི་དཔྱིད་ཟླར་བའི་ཚེ་བཅོ་ལྔ་ནས། དཔྱིད་བླཊ་རྒྱང་ཆོས་བཅོ་ལྔའི ་བར་དུའོ།། སྟོན་ཟླ་འབྲིང་བའི་ཚེས་བཅོ་ལྔནས། དགུན་ཟླ་ར་བ་ཉའི་བར་དུ་དུས་གཉིས་སུ་ཡོ་བྱད་བཅོ་བརྒྱད་ལུས་དང་མི་འབྲལ། དཔེར་ན་བྱའི་འདབ་མ་དང་འདྲའོ།། དེ་སྟེ་གསོ་སྦྱིར ་གྱི་རྩི་བ་ལ་གསར་དུ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཟླ་བ་བྱེད་བྱེད་ཅིང་ཁ་ཏོན་དུ་བས་ཕམ་པ་བཅུ་དང་། ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཁ་ཏོན་དུ་ལྕོགས་ཤིག། དེ་སྟེ་ཁྲིམས ་བཀླག་པའི་ཚེ། སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྤྱན་སྔར་གཟུགས་དང་། གཟུགས་བརྙན་གྱི་སྤྱན་སྔར་མི་གཅིག་གིས་ཁ་ཏོན་བཀླགས་ལ། ་གཅིག་གིས་འཐོལ་ཚངས་བྱ་སྟེ། གཅིག་གམ། གཉིས་སམ། གང་ཡང་རུང་སྟེ། སྟེང་པོ་རྒྱ་དེའང་མི་གཅིག་གིས་ཁ་ཏོན་ཀློག་གོ། ཁ་ཏོན་ཀློག་པ་ནི་ས་མཐོན་པོ་ལ་འདུག་ལ། ཉན ་ནི་དམའ་བ་ལ་འདུག་གོ། སོ་ས་ནས་ཆོས་གོས་ཚུལ་བུ་དགུ་པ་དང་། ལྔ་པ་དང་། བདུན་པ་དགོས་ཏེ། ཚུལ་དུ་འཇུག་པ་ནི་གཅིག་ནས་གཅིག་ཏུ་ཆོས་བཞིན་དུའོ།། སྦྱངས་པའི་ཡོན་ཏན ་སྤྱོད་པའི་ཚེ། བགེགས་ཡོད་ཅིང་མི་བདེ་བའི་ནང་དུམ་འགྲོ་ཞིག། ཡུལ་གྱི་བགེགས་དང་། རྒྱལ་པོ་མི་བསྲུན་པ་དང་། ས་མཐོ་དམན་དང་། རྩི་ཤིང་ཟབ་མོ་དང་། དབྱར་སེང་གེ་དང་། ་སྟག་དང་། སྤྱང་ཀི་དང་གཆུ་སྟེག་རླུང་གི་བགེགས་དང་། རྐུན་པ་ཆོམ་པོ་དང་། སྦྲུལ་གདུག་པའི་ལམ་ལ་སོགས་ཏེ། བགེགས་ཡོད་ད་ཅག་ཐམས་ཅད་དུ་སྦྱངས ་པའི་ཡོན་ཏན་པ་འགྲོར་མི་རུང་ངོ་།། དེ་ལ་ཚོད་དཀར་སོང་བ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཆོས་འདི་བཞིན་དུ་རིམ་པས་འཁོད་ཅིག། ཚུལ་ཁྲིམས་སྔར་ནོས་པ་ནི་སྔར་འདུགཅིག ་ཚུལ་ཁྲིམས་ཕྱིས་ནོས་པ་ནི་ཕྱིས་ནས་འདུག་ཅིག། རྒན་གཞོན་མི་ལྟ། དགེ་སློང་ཕོ་དང་། དགེ་སློང་མོ་དང་། ཡ་རབས་དང་། བཙུན་པ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། ཉུང་གྲུབ་དང་། ་བྲན་པོས་མོས་ལ་སོགས་པ་ཚུལ་ཁྲིམས་ནོས་པ་ནི་སྔར་འདུག་ཅིག། ཕྱིས་ནོས་པ་ནི་ཕྱིས་གོ་རིམས་བཞིན་དུ་འདུག་ཅིག། མུར་འདུག་ངན་པ་དང་། མི་གླེན་པ་བཞིན་དུ་རྒན་ཡང་རུ་ང།། ་གཞོན་ཡང་རུང་། སྔ་མེད་ཕྱི་མེད་པའི་གོ་རིམས་མེད་པ་ནི། གཡུང་པོ་བྲན་གྱི་ཆོས་སོང་། སངས་རྒྱས་ཀྱི་ཆོས་ཀྱི་ནང་ནི། སྔ་མ་ནི་སྟེང་དུ་འདུག། ཕྱི་མ་ནི་འོག་ཏུ་འདུག་གོ། བྱང་ཆུབ ་སེམས་དཔའ་ནི་ཆོས་བཞིན་དུ་གོ་རིམས་སུ་མ་འཁོད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རྟག་པར་སེམས་ཅན་ན་ཅོག་བསྟན་ཅིང་བཅོས་ཏེ། དགེ་འདུན་གྱི་ཁང་ཁྱིམ་བྱེད་ཅིང་རེ་དང་། ཚལ་དང་། ་ར་བ་དང་། ཞིང་ལ་སངས་རྒྱས་ཀྱི་རྟེན་གྱི་ཁང་པ་བྱས་ལ་དབྱར་དགུན་དུ་ཚུལ་དང་། བསམ་གཏན་དུ་འཇུག་པའི་གནས་དང་། གཙང་མའི་འཆགས་འཛུགས་སུ་གཞུག་པའི་རིགས་སོ།། ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅད་ད་ཅོག་གི་ཕྱིར་ཐེག་པ་ཆེན་པོའི་ཆོས་དྲུང་། ཚུལ་ཁྲིམས་ཀྱི་ཡི་གེ་བཀྲོལ་བཤད་ན། ནབར་ཆ་བྱུང་བ་དང་། ཡུལ་གྱི་བགྲེགས་དང་དགྲའི ་བགེགས་དང་། པ་པ་དང་། པུ་ནུ་དང་། མཁར་པ་ལ་སོགས་པ་ཐོག་མ་ཤི་བའི་དུས་དང་། བདུན་གསུམ་གྱི་ཉི་མ་དང་། བདུན་བཞིའི་ཉི་མ་དང་། བདུན་ལྔའི་ཉི་མ་དང་། བདུན་བདུན་གྱི ་ནི་མ་ལ་ག་དེའི་ཕྱིར་ཐེག་པ་ཆེན་པོའི་ཡི་གེ་དང་ཚུལ་ཁྲིམས་བཀྲོལ་བཤད་དེ། མཆོད་སྟོན་བྱས་ཏེ། དགེ་བསོད་ནམས་ཐོབ་པར་གསོལ་ཅིག། འགྲོ་ལོངས་ཀྱང་གསོན་པའི་མཚོ་བསོད་ནམས ་བྱེད་པ་ལ་མེ་ཆེན་པོས་བསྲེགས། ཆུ་ཆེན་པོས་ཁྱེར། རླུང་ནག་པོ་ཆེན་པོས་གྲུ་བུས་པ་དང་། གཙང་པོ་དང་། མཚོ་ཆེན་པོའི་དགྲ་བགེགས་ལ་སོགས་ཏེ། སྡིག་གོ་ཙོག་བགེགས་དང་ལན་གྱིས ་ན། མཚམས་མེད་པ་བདུན། བགེགས་བརྒྱད་ལག་སྒྲིལ། ཀང་སྒྲིལ་། ལྟུང་དང་། ལྕགས་དང་། ལུས་བཅིངས་དྲགས་ཏེ། གཡེམ་ཞིང་ཁྲོ་བ་མང་པོ་དང་། བླུན་ཞིང་གླེན་པ་མང་པོ་དང་། ་མཚ་མང་བའི་དགྲ་ཟླས་ན། ཀུན་གྱིས་ཀྱང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་ཁ་ཏོན་བཀླགས་ཏེ་དཀྲོལ་བཤད་དོ།། བྱང་ཆུབ་སེམས་དཔའ་གསེར་དུ་སློབ་པ་འདི་བཞིན ་པ་བྱས་ན་ལྟུང་བའོ།། ཚུལ་ཁྲིམས་འདི་དགུ་བསླབས་ལ་ག་གུས་པར་རྟག་པར་གཟུངས་སུ་ཟུང་ཞིག། སྙོམས་པའི་ཆོས་ཀྱི་ལེའུ་ལས་ཀྱང་རྒྱ་ཆེ་ཞིང་མངོན་པར་བཤད་དོ།། སངས ་རྒྱས་ཀྱིས། སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་བུས་མི་ལ་ཚུལ་ཁྲིམས་ཤིག་སྦྱིན་ན། བྱེ་བྲག་དབྱེ་ཞིང་གདམ་དུ་མི་རུང་། རྒྱལ་པོ་དང་། རྒྱལ ་བུ་དང་། བློན་པོ་ཆེན་པོ་དང་། བློན་པོ་ཕལ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དང་། པོ་གཡེམ་མོ་གཡེམ་དང་། གཟུགས་ཀྱི་གནས ་བཅོ་བརྒྱད་དང་། འདོད་པའི་ཁམས་ཀྱི་གནམ་དྲུག་དང་། དབང་པོ་མེད་པ་དང་། དབང་པོ་རྣམ་གཉིས་ཡོད་པ་དང་། ཉུང་རུམ་དང་། བྲན་པོས་མོ་ས་དང་། ལྷ་མ་སྲིན་ལ་སོགས ་ཏེ། ཐམས་ཅད་ཀུན་ཁྲིམས་མནོད་དུ་རུང་ངོ་།། ལུས་ལ་ཆོས་ཀྱི་གོས་བགོ་བ་རྣམས་ནི། ཁ་དོག་བསྒྱུར་བར་སྟོན་ལ། ཆོས་དང་མཐུན་པར་གྱིས་ཤིག། ཁ་དོག་སེར་པོ། སྔོན་པ ་ནག་པོ། དམར་པོ། ལམ་གོས་ཡན་ཆད་ཁ་དོག་བསྒྱུར་རོ།། ལུས་ལ་གོས་སོ་ཅོག་ཆོས་ཏེ། ཁ་དོག་སྒྱུར་ཅིག། ཡུལ་ལོ་ཅོག་ན་ན་མིའི་གོས་སུ་བགོ་བ་ལ། དགེ་སློང་ང་ཅོག་གི ་གྲོས་ནི། ཐ་མལ་པའི་གོས་དང་མི་མཐུན་ནོ།། ཐོག་མི་ཚུལ་ཁྲིམས་སྦྱིན་པའི་ཚེ། མཁན་པོས་དྲི་བ། ཁྱེད་ཚེ་འདི་ལ་ལོག་པ་བདུད་གྱི་སྡིག་བྱས་སམ་ཞེས་དྲིས་ཤིག་དང་། ཆོས ་ཀྱི་མཁན་པ་བྱང་ཆུབ་སེམས་དཔའ་ནི། ལོག་པ་བདུན་བྱས་པ་ལ་ཚུལ་ཁྲིམས་སྦྱིར་དུ་མི་རུང་ངོ་།། ལོག་པ་བདུན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ལུས་ལ་ཁྲག་ཕྱུང་བ་དང་པ་མ་དང་། མཁན ་བ་དང་། སྒྲུབ་དཔ་བས་པ་དང་། ལུས་ཀྱི་ཚུལ་ཁྲིབས་གཙང་ས་བཤིག་པ་དང་། ཆོས་ཀྱི་འཁར་ལ་བསྐུ་རབ་པའི་འཕགས་པ་བསད་པ་ཡིན་ཏེ། འདི་ན་པ་བདུན་ཆུང་བར་བྱས། ་ཏེ། བསྒྲིབས་པའི་ཚུལ་ལ་ཚུལ་ཁྲིམས་སྦྱིན་དུ་མི་རུང་ངོ་།། གཞན་ནི་ཐམས་ཅད་ཀྱང་ཚུལ་ཁྲིམས་སྤྱིར་དུ་རུང་ངོ་།། རབ་ཏུ་བྱུང་བའི་ཆོས་ནི་རྒྱལ་པོ་ལའ་དབྱུག་མི་འཚལ། ་པམ་ལའ་དབྱུག་མིའུ་ཚལ། གཉེན་པ་རྣམ་པ་དྲུག་ལའང་ཤེས་མི་བྱ། ལྷ་བ་སྤྲིན་ལའང་ཕྱུག་མི་འཚལ་ཆོས་ཀྱི་མཁན་པོ་སྲིད་ཤེས་པ་ཞིག་རྒྱང་གྲགས་སྟོང་གི་ལམ ་ནས་འོང་སྟེ། ཁྲིམས་གསོལ་བ་ཞིག་ཡོད་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཁན་པོས་ངན་སེམས་དང་ཁྲོ་བའི་སེམས་བསྐྱེད་དེ་སེམས་ཅན་ན་ཅོག་ལ་ཚུལ་ཁྲིམས ་པ་བྱིན་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ལ་བསྟན་བཅོས་ཏེ་ཡིད་ཆེས་པའི་སེམས་གཡོ་བར་བྱ་ན། བྱང་ཆུབ་སེམས་དཔས་གཞན་ཚུལ་ཁྲིམས་བསྟན་པའི་ཆོས་ཀྱི་མཁན ་པོ་བྱས་ཏེ། ཚུལ་ཁྲིམས་མནོད་དུ་འོང་བའི་མི་ཞིག་མཐོང་ན། སྔར་མཁན་པ་སློབ་དཔོན་གཉེར་དུ་ཟང་ཞིག། མཁན་པོ་གཉིས་ཀྱིས་ཀྱང་ཁྱེད་ལ་བདུན་གྱིས་བསྒྲིབས་པའི་སྡིག ་ཡོད་དམ་དྲིས་ཤིག། དེ་ལ་ཡང་ཚེ་འདི་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་ན། མཁན་པོས་ཚུལ་ཁྲིམས་སྦྱིན་པ་མི་རིགས་སོ།། བདུན་གྱིས་བསྒྲིབས་པའི་སྡིག་མེད་ན། ཚུལ ་ཁྲིམས་སྦྱིན་དུ་རུང་ངོ་།། ལ་ལ་ཞིག་གིས་ཚུལ་ཁྲིམས་བཅུ་གཞིག་པ་ཡོད་ན། མཐོལ་ཚངས་བྱེད་དུ་ཆུག་ཅིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཞལ་སྔར་ཉིད་མཚན་དྲུག་ཏུ་ཕམོ་པ་བཅུ་དང་། ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་བཀླགས་ལ། དུས་གསུམ་གྱི་སངས་རྒྱས་ལ་སེམས་ཟག་པ་ནས་ཕྱག་འཚལ ་བའི་ཚེ། ལྷས་བཟང་པོར་བྱ་དགོས་སོ།། དེ་ལ་ཉི་མ་བདུན་དང་། བདུན་གཉིས་དང་། བདུན་གསུམ་དང་། ལོ་གཅིག་ཚུན་ཆད་ལྟས་བཟང་པོ་མཐོང་དགོས་སོ།། ལྟས་བཟང་པོ ་ཞེས་བྱ་བ་ནི། སངས་རྒྱས་གཤེགས་ཏེ། སྤྱི་བ་ལ་བྱུགས་ཏེ། འོད་མཐོང་བ་དང་། མེ་ཏོག་མཐོང་བ་དང་། ལྟས་ཅིའའརུང་། བཟང་པོ་མཐོང་ན། མོད་ལ་སྡིག་འབྱེད་དོ།། དེ་ལ་ལྟས ་བཟང་པོ་མེད་ན། འཐོལ་ཚངས་སུ་ཟིན་ཀྱང་མི་ཕན་ཏེ། དེའི་ཚེ་ལུས་ཀྱིས་ནི་ཚུལ་ཁྲིམས་མི་ཐོབ་བོ།། ལོ་དང་ཉི་མས་བསྟན་ཏེ་སྤོབས་ཏེ་བྱས་ལ། ལྷས་འོད་བྱུང་བ་དག་མཐོང་ན། ་ཚུལ་ཁྲིམས་མནོར་དུ་རུང་ངོ་།། ལ་ལ་ཞིག་གིས་ལྟུང་བ་བཞི་བཅུ་རྩ་བརྒྱད་བཤིག་པ་ནི། མཐོལ་ཚངས་བྱས་པའི་མོད་ལ་འབྱུང་སྟེ། བདུན་གྱིས་བསྒྲིབས་པ་དང་མི་མཚུངས་སོ།། དེ་བས ་མཚུལ་ཁྲིམས་སྟོན་པའི་མཁན་པོས། ཆོས་འདིའི་ནང་ནས་ཀྱང་། གཅིག་ནས་གཅིག་ནས་ཁྲེལ་ན་མཁན་པོ་བྱའོ།། ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ཡང་བ་དང་། སྒྲིབ ་དང་། ཡིན་པ་དང་། མ་ཡིན་པའི་གཟུགས་དམ་པ་མི་ཤེས་ན། གཞུང་གི་མཆོག་བདེན་པ་དང་། སྔ་མའི་རང་བཞིན་གྱི་ས་བོན་དང་། ད་ཝཱར་བསྐྱེད་ཅིང་གསོལ་བའི་རང་བཞིན་དང་། ་གཏན་མི་རླག་པའི་རང་བཞིན་དང་། ཆོས་ཀྱི་ས་བོན་གྱི་རང་བཞིན་དང་། དྲང་པོའི་རང་བཞིན་དང་། དེའི་ནང་ནས་རྟོགས་པ་དང་། དཔྱོད་པའི་རང་བཞིན་དང་། བྱི་ནང་གི་བསམ ་གཏན་བཅུའི་ཡལ་ག་ལ་སོགས་ཏེ། ཆོས་ཀྱི་ལས་བྱའོ།། ཆོ་ག་དང་། ཚུལ་ཁྲིམས་དང་། ཆོས་ཀྱི་ཡི་གེ་འདི་གཅིག་ནས་གཅིག་ཁོང་དུ་ཆུད་དེ། བྱང་ཆུབ་སེམས་དཔའ་གཡོ་བའི ་ཁེ་དང་། མིང་སྙན་པ་འདོད་པའི་སློབ་མ་ལ་ཁེ་བསམ་པས། ངན་པ་བཙལ་ཏེ་མི་ཤེས་པ་ལ་སྒྱུ་མར་ཆོས་དང་ཚུལ་ཁྲིམས་ཀྱི་ཡི་གེ་ཀུན་ཤེས་སོ་ཞེས་ཟེར་ཞིང་། ཡོན་ལེན་པའི་བདག་ལའང ་བསླུས་ཤིང་། བརྙས་གཅིག་ཏུ་ན་གཞན་ལའང་བསླུས་ཤིང་བརྙས་ཏེ། དེ་ལྟ་བུས་མི་ལ་ཚུལ་ཁྲིམས་བྱིན་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་གསོ་བའི་ཁེ་འདོད་པའི་ཕྱིར། བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་མ་མནོས་པའི་མདུད་དུ་མུར་འདུག་དང་མ་རབས་ཀྱི་མདུན་དུ་སངས་རྒྱས་སྟོང་གི་ཚུལ་ཁྲིམས་ཆེན་པོ་འདི་བཤད་དུ་མི་རུང་ངོ་།། ལོག་པར་ལྟ་བའི་མདུན་དུ་མི་རུང་ངོ་།། རྒྱལ ་མ་གཏོགས་པ་གཞན་སུའི་མདུན་དུའང་བཤད་དུ་མི་རུང་ངོ་།། མི་ངན་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་པ་ནི་མི་བྱོལ་སོང་ཞེས་བྱའོ།། གར་སྐྱེས་གར་སྐྱེས་ཀྱང་དཀོན་མཆོག ་གསུམ་མི་མཐོང་ཞིང་། རྡོ་ཤིང་དང་མཐུ་སྱཱ། སེམས་མེད་དེ། མིང་ཆོས་ལོག་པ་ཞེས་བྱའོ།། ལག་པ་ལ་ལྟ་བའི་རྣམས་ནི་ཤིང་དུ་བ་དང་མཚུངས་སོ།། བྱུང་། ་ཆུབ་སེམས་དཔའ་དེ་ལྟ་བུ་ངན་པའི་མདུན་དུ། སངས་རྒྱས་རབས་བདུན་གྱི་ཚུལ་ཁྲིམས་བཤད་དེ་བསྟན་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས་ཡིད་ཆེས་ཏེ་རབ་ཏུ་བྱུང་ན། སངས་རྒྱས་ཀྱི་ཆུལ ་ཁྲིམས་དམ་པ་ནོས་ལ། ཆེད་ཀར་སེམས་བསྐྱེད་དོ།། འཕགས་པའི་ཚུལ་ཁྲིམས་བཤིག་ན། སྦྱིན་བདག་གོ་ཅོག་གི་ཡོན་བསླང་དུ་ནི་མི་རུང་ངོ་།། གཅིག་ཏུ་རྒྱལ་བའི་ཁབ་ཀྱི་ས་རི་སྭ་ལ་འང ་འགྲོར་མི་རུང་། རྒྱལ་པོའི་ཆུ་ལ་འང་འཐུང་ངུ་མི་རུང་སྟེ། འདྲེ་ཆེན་པོ་ལྔ་སྟོང་གིས་རྟག་པར་དོའི་མདུན་བཅད་ནས་འདྲེན་རེ། དགྲ་ཆེན་པོ་ཁྱིམ་དང་། མཁར་དང་། ཡུལ་གྱི་ནང་དུ ་འོངས་སོ་ཞེས་ཟེར་ཏེ། དེ་རྣམས་ཀྱིས་ཁོར་མོར་མི་དེའི་རྗེས་ཕྱགས་སོ།། འཇིག་རྟེན་ན་རེ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་འགྲོའོ་ཞེས་ཟེར་ཏེ། མིག་གིས་མཐོང་དུ་ཡང་མི ་དགའ་འོ།། ཚུལ་ཁྲིམས་བཤིག་པ་ནབྱོལ་སོང་དང་མཚུངས། ཤིང་དུ་མ་དང་མཚུངས་ཏེ། དྲང་པོའི་ཚུལ་ཁྲིམས་བཤིག་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་སེམས་གཅིག་ཏུ་བརྟུལ་ཏེ། ་རྟག་པར་གཟུངས་སུ་བཟུང་སྟེ། ཁ་ཏོན་དུའི་དཀློག་གོ།། པགས་པ་བཤུས་ཏེ་ནི་ཤེག་ཤོག་བྱས། ཁྲག་ཕྱུང་བས་ནི་སྣག་ཚར་བྱས། རུས་པ་བཅག་པ་སྟེ་སྨྱུག་གུར་བྱས་ལ། སངས ་རྒྱུས་ཀྱི་ཚུལ་ཁྲིམས་ཀྱི་ཡི་གེ་ཟིའོ།། ཤིང་གི་ཤུནྡ་པ་དང་། ཟོད་ཀུར་ལ་བྲིས་ཏེ། རྟག་པར་རིན་པ་ཆེ་སྣ་བདུན་དང་། རིན་མེད་པའི་སྤོས་དང་། མེ་ཏོག་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས ་ཀྱི་གཟེབ་དང་། སྣོད་བྱས་ཏེ། ནང་དུ་ཆོས་ཀྱི་ཡི་གེ་ཚུལ་ཁྲིམས་ཀྱི་གླེགས་བམ་གཙུག་གོ།། དེ་ལ་ཆོས་ཀྱི་བཞིན་དུ་རི་མོ་མ་བྱས་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་རྟག་པར་སེམས་རྒྱ ་ཆེར་བསྐྱེད་དེ། ཡུལ་མཁར་དང་། ཁའི་ཁྱིམ་མོ་ཅོག་ཏུ་ཕྱིན་ཏེ། སེམས་ཅན་ན་ཅོག་མཐོང་ན། ཁྱེད་ལ་སོགས་པ་སེམས་ཅན་ན་ཅོག་ཐམས་ཅད་དཀོན་མཆོག་གསུམ་ལ་ཕྱོགས་ཤིང་། ཚུལ ་ཁྲིམས་བཅུ་ནོས་ཤིག་ཅེས་བསྒོ་བའི་རིགས་སོ།། བྱོལ་སེང་གི་ཁམས་ཤིག་ནའང་། སེམས་ལ་བསམ་ཁར་སྨྲས་ཏེ། ཁྱོད་ནི་བྱོལ་སོང་ན། བྱང་ཆུབ་སེམས་དཔའ་ནི་རི་ལུང་གཡེ ་ཟང་ལ་གནས་ཀྱང་རུང་སྟེ། སེམས་ཅན་ན་ཅོག་ཀུན་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བར་བྱོས་ཤིག། བྱང་ཆུབ་སེམས་དཔའ་སེམས་ཅན་མ་བསྟན་མ་བཅོས་ན་ལྟུང་བའོ།། སངས ་རྒྱས་ཀྱི་བུ་རྟག་པར་བསྟན་ཅིང་བཅོས་པའི་སྙིང་རྗེ་ཆེན་པོ་བསྐྱེད་ན། ཆོས་བྱེད་པ་དང་། ཡ་རབས་ལ་སོགས་པ་སྦྱིན་བདག་དང་། འདུ་བ་མང་བའི་ནང་དུ་འགྲེང་ལ། གོས་སྐྱབ་གྱོན་ཏེ་ཆོས ་བཤད་དུ་མི་རུང་ངོ་།། གོས་སྐྱེ་བ་གོན། འདུ་བ་མང་པོའི་ནང་དུ་ཆོས་བཤད་ན། ཆོས་ཀྱི་མཁན་པོས་མཐོན་པོར་འདུག་ལ། སྤོས་དང་མེ་ཏོག་གིས་ཡོན་གསོལ་ཏོ།། མཐའ་བ་ནིར་ཉན་པའི ་རྣམས་དམའ་བ་ན་འཁོད་ན། གུས་པར་ཉན་ཏོ།། ཕ་མ་ལ་སྲི་ཞུ་མི་འགལ་བར་བྱ་བ་དང་། སློབ་མས་མཁན་པོ་ལ་བྱ་བ་བཞིན། ཆོས་ལའང་དེ་བཞིན་གུས་པར་བྱའོ།། ་བྲམ་ཟེ་མེ་ལྷ་ཅན་ཆོས་བྱེད་པ་བཞིན་དུ་གུས་པར་བྱེད་པ་བཞིན་དུ་གུས་པར་བྱའོ།། དེ་བཞིན་མ་བྱས་ཏེ་ཆོས་འཆད་པས། ཆོས་བཞིན་མ་བཤད་ན་ལྟུང་བའོ།། སངས་རྒྱས་ཀྱི་བུ་ཀུན་ཀྱང་ཐེ ་ཙམ་མེད་པའི་ཡིད་ཀྱིས་ཁྲིམས་ནས་ཤིང་། རྒྱལ་པོ་དང་། རྒྱལ་བུ་དང་། སློབ་མ་སྡེ་བཞི་དང་། བདག་མཐོ་ཞིང་བཙན་སྙེམས་ཏེ། སངས་རྒྱས་ཀྱི་ཆོས་དང་ཚུལ་ཁྲིམས་པ་ཤིག་ལ། ནན་ཏུར། ་གྱི་ཆོས་བྱས་ཏེ། ངའི་སློབ་མ་རྣམ་བཞི་རབ་ཏུ་བྱང་ཞིང་ཆོས་བྱེད་པར་མི་སྟེར་ཏེ་བགེགས་གཅིག་ཏུ་ན་སངས་རྒྱས་ཀྱི་གཟུགས་དང་མཆོད་རྟེན་འཛུགས་ཤིང་། ཆོས་དང་ཚུལ་ཁྲིམས་ཡི་གེར་འདྲིར་མ ་སྟེར་ཏེ། དཀོན་མཆོག་འཇིག་ཅིང་། དེ་ལྟ་བུར་ཆེད་དཀར་ཆོས་འཇིག་པ་ནི་ལྟུང་བའོ།། སངས་རྒྱས་ཀྱི་བུ་དགེ་བའི་སེམས་སྤྱོད་ལ་རབ་ཏུ་བྱུང་ཞིག། ལེགས་པའི་མེ་སྙན་པ་འདོད་པ་དང་། ་གསོ་བའི་ཁའི་ཕྱིར་རྒྱལ་པོ་དང་བློན་པོའི་མདུར་དུ་སངས་རྒྱས་བདུན་གྱི་ཚུལ་ཁྲིམས་བཤད་དེ། དགེ་སློང་དང་། དགེ་སློང་མ་ལ་བྱང་ཆུབ་སེམས་དཔའ་ཁྲིམས་མ་རིགས་པར་བྱིན་ཏེ། སློབ་མ་རྣམས ་བཅིས་བཏགས་ན། སེང་གེའི་ལུས་ལ་སྲིད་བུ་འདུག་པས། སེང་གེ་བདག་གི་ཤ་ཟོས་པ་དང་མཚུངས་ཏེ། ཕྱིའི་སྲིན་བུས་ཤ་ཟོས་པ་མ་ཡིན་ནོ།། དེ་ལྟ་བས་ན་སངས་རྒྱས་ཀྱི་བུ་མུར་འདུག་དང ་བདུད་ཀྱིས་ཆོས་བཤིག་པ་མ་ཡིན་ནོ།། བདག་གིས་ཆོས་བཤིག་པ་ཡིན་ནོ།། སངས་རྒྱས་ཀྱི་ཚུལ་ཁྲིམས་ནས་ན། སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་རིམ་གྲོ་བྱ་བ་ནི། ཕམས་ཕམ་བུ ་གཅིག་པུ་ལ་བསམ་པ་དང་མཚུངས་སོ།། པ་མ་ལ་སཱི་འུ་བྱ་བ་དང་འདྲའོ།། མུར་འདུ་ག་དང་། མི་ངན་པ་ལ་ངག་ངན་པ་ཚིག་ངན་པས་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སྐུར་པ ་ཟེར་ན་མདུང་རྩེ་ཁ་གསུམ་པའི་མདུང་རྩེ་སུམ་བརྒྱས་སྙིང་ལ་བཙུགས་པ་དང་། རལ་གྲི་སྟེང་དུ་བྱིག་པ་སྟོང་ཁྲིས་ལུས་བརྡེགས་པ་དང་མཚུངས་པར་བྱ་སྟེ། བདག་གི་ལུས་བསྐལ་པ ་བརྒྱའི་བར་དུ་སེམས་ཅན་དམྱལ་བར་སོང་ཡང་བླའི། སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚིག་གཅིག་ངན་དུ་ཟེར་བའི་སྐད་ནི་མི་ཐོས་པར་སྨོན་ཏོ།། བདག་ཉིད་ཀྱིས་ཚུལ་ཁྲིམས་བཤིག་པ ་གཞན་ལ་ལན་ལོན་པ་དང་། ཞར་གྱིས་ཞར་གྱིས་ཚུལ་ཁྲིམས་བཤིག་པར་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲི་ཞུ་དང་མི་འགལ་བའི་སེམས་མེད་དེ། དེ་ལྟ་བུ་བྱས་ན་ལྟུང་བའོ།། ་ཚུལ་ཁྲིམས་འདི་དགུ་བསླབས་ན། སེམས་གུས་པར་གཟུངས་སུ་ཟུང་ཞིག། སངས་རྒྱས་ཀྱི་བུ་རྣམས་ཚུལ་ཁྲིམས་ཡང་བ་བཞི་བཅུ་རྩ་བརྒྱད་ཁྱེད་ལ་སོགས་པས་རྟག་པར་གཟུངས ་སུ་ཟུང་ཞིག། སྔར་འདས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རྣམས་ནི་ཁ་ཏོན་ཟིན་ཏོ།། དེ་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ད་ལྟར་ཁ་ཏོན ་བྱས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱིས་འོང་བ་རྣམས་ནིད་དེའི་ཁར་ཁ་ཏོར་བྱེད་དོ།། སངས་རྒྱས་ཀྱི་བུ་ཉོན་ཅིག། པས་ཕམ་པ་བཅུ་ལུང་། ་བ་བཞི་བཅུ་རྩ་བརྒྱད་ཅིག་དུས་གསུམ་གྱི་སངས་རྒྱས་ཀྱིས་ཁ་ཏོན་ཟིན། ད་ལྟར་གྱི་ཁ་ཏོན་བྱས། ཕྱིས་ཀྱང་ཁ་ཏོར་བྱེད་དེ། ངའང་དེ་བཞིན་ད་ལྟར་ཁ་ཏོན་བྱེད་དོ།། དེ་ལྟ་བས་ན་ཁྱེད ་ལ་སོགས་པས་སེམས་ཅན་ཕལ་མང་པོ་རྒྱལ་པོ་དང་། རྒྱལ་བུ་དང་། བླན་པ་དང་། དགེ་སློང་དང་། དགེ་སློང་མ་དང་དགེ་བསྙེན་དང་། དགེ་བསྙེན་པས་བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་ནོས་ན། འགྲུབ་པར་ཁ་ཏོར་བཀླགས་བཀྲལ་བ་ཤད་དེ། ཡི་གེར་བྲིས་ལ་སངས་རྒྱས་ཀྱི་རང་བཞིན་གྱིས་བསྐལ་པ་རྟག་པར་འདུག་སྟེ། ཁྲིམས་ཀྱི་གླེགས་བམ་དུས ་གསུམ་གྱི་བར་དུ་ཚུལ་བཞིན་འབབ་ཅིང་། ཐོགས་པ་མེད་པར་བྱས་ཏེ། སེམས་ཅན་ཐམས་ཅད་བསྟན་ཅིང་བསླབ་པའི་རྒྱུན་མི་གཅོད་ཅིང་། སངས་རྒྱས་མཐོང་ལ། སངས་རྒྱས་གཅིག ་གིས་གཅིག་ལ་གཅད་དེ། ཚེ་རབས་ཚེ་རབས་སུའངང་ན་སོང་དང་བགེགས་བརྒྱད་ཀྱི་ནང་དུའང་མི་ལྟུང་ཞིང་། རྟག་པར་མིའི་ལམ་དང་། གནམ་གྱི་སྟེང་དུ་སྐྱེའོ།། ངས་དཀར་ཤིང་འདིའི ་དྲུང་དུ་འདུག་སྟེ། སངས་རྒྱས་རབས་བདུན་གྱི་ཆོས་ཀྱི་ཁྲིམས་མདོ་ཙམ་ཞིག་བྱེ་བ། ཁྱེད་ལ་སོགས་པ་སྙིང་གཅིག་ཏུ་བརྟུལ་ཏེ། སོ་སོར་ཐར་པ་ལ་བསླབས་ལ། དགའ་ཞིང་གུས་པར་གྱིས ་ཤིག་གཟུགས་མེད་པའི་གནམ་གྱི་རྒྱལ་པོའི་ལེའུ་སླབ་པའི་བློར་འདེབས་པའི་ནང་ནས། གཅིག་པུ་གཅིག་པུ་ནས་རྒྱ་ཆེ་ཞིང་མངོན་པར་བཤད་དོ།། དེའི་ཚེ་སློབ་མ་མཁས་པ་སུམ་སྟོང་འདུ ་ཅིང་ཉན་པས། སངས་རྒྱས་ཀྱི་ཁ་ཏོན་བཀླགས་པ་ཐོབ་ནས། སེམས་ཐག་པ་ནས་སྤྱི་བོ་ལ་ཁྱེར་ཏེ། དགའ་གཞའ་ནས་རྟུག་པར་གཟུངས་སུ་བཟུང་ངོ་།། དེ་ལྟར་ཤཱཀྱ་ཐུབ་པ་སངས ་རྒྱས་ཀྱིས་ཡན་ཆད་པདྨའི་མེ་ཏོག་གི་སྣོད་ཀྱི་ཁམས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུའི་སེམས་ཀྱི་གནས་ཆོས་ཀྱི་བླ་མའི་ལེའུའི་དང་དས་ཟག་པ་མེད་པའི་ཚུལ་ཁྲིམས་བཤད་ཟིན་ཏོ།། སྤང ་བྲག་བརྒྱ་འབུམ་གྱི་ཐུབ་པའང་དེ་བཞིན་ནོ།། དབང་པོ་ཆེན་པོའི་གནམ་གྱི་རྒྱལ་བའི་ཕོ་བྲང་ནས། འདིའི་གཙང་མའི་ཤིང་དྲུང་ན་འདུག་པ་བཅུའི་གནས་ན། ཆོས་དང་ཚུལ་ཁྲིབས་ཀྱི་ལེའུ་ཡང ་བཤད་དོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྒོ་བ་བཤད་ཀྱིས་མི་ལང་ངོ་།། མང་པོ་ཕལ་རྟག་པར་གཟུངས་སུ་བཟུང་ལ། ཁ་ཏོན་དུ་ལྷོགས་ཤིག། དེའི་གཞུང་བཀྲོལ་བཤད་པའི ་ཡིན་ནོ།། སུང་ཕྲག་བརྒྱ་ཡང་འབུམ་གྱི་ཁམས་པདྨའི་མེ་ཏོག་སྣོད་ཀྱིས་ཁམས་རྡུལ་ཕྲམ་སྙེད་ཀྱི་ཁམས་ཀྱི་ཐམས་ཅད་ཀྱི་སེམས་ཀྱི་སྡོད། ཚུལ་ཁྲིམས་ཀྱི་སྡེ་གྲངས་མེད་པའི་སྨོན་ལམགྱི་སྣོན་མན ་ཡང་དག་སངས་རྒྱས་ཀྱི་རང་བཞིན་འདུག་པའི་སྐད་དེ། སས་རྒྱམ་ཐམས་ཅད་གྲང་ས་མེད། ཆོས་ཀྱི་མ་པའང་ས་ཤད་ཟིག་། གསུང་ཕྲག་བརྒྱའི་ཁམས་ཀྱི་ན་འན། སེམས་ཅན་ཐམས་ཅད་ཀྱིས་གཟུ ་སུ་བཟུང་སྟེ། དགའ་ཞིང་གུས་པར་བྱེད་དེ། སེམས་ཀྱི་གནས་རྒྱ་ཆེར་བྱེ་བའི་གཟུངས་ནི། སངས་རྒྱས་ཀྱི་མེ་ཏོག་འོད་ཀྱི་རྒྱལ་བའི་ལེའུའི་ནང་ནས་བཤད་དོ།། སངས ་རྒྱས་བདུན་གྱིས་ཚིག་གི་ལེའུ་བཤད་པ་གཅིག་སྟེ། སངས་རྒྱས་རྣམ་པར་གཟིགས་ཀྱིས་བསྟན་པའི་ཚུལ་ཁྲིམས་བཤད་པ། བཟོད་པའི་དམ་པས་དཀའ་ཐུབ་ཞུགས།། བཟོད་པའི་དམ་པས ་མྱ་ངན་འདའ།། གཞན་ལ་གནོད་པ་དེ་ནི་བྱང་ཆུབ་མ་ཡིན་ནོ།། གཉིས་ཏེ་སྤྱི་ཏོར་སངས་རྒྱས་ཀྱིས་བསྟན་པ།། མིག་ཅན་མི་བདེ་ཡོད་ལས་བྱོལ་ཏེ་འགྲོ།། མཁས་པས་འཚོ་བའི་འཇིག ་རྟེན་ན།། སྡིག་པ་ཀུན་ཀྱང་རྣམ་པར་སྤངས།། གསུམ་སྟེ་ཐམས་ཅད་སྐྱོབ་པས་སངས་རྒྱས་ཀྱིས་བསྟན་པ།། གནོད་ལ་མི་སྨྲ་མི་སེམས་ཏེ།། སོ་སོར་ཐར་པ་བཞིན་དུ་བསྡོམ།། ཟས་ཀྱི ་ཚད་ཀྱང་རིག་པར་བྱ།། གནས་ཀྱང་དབེན་པར་འདུག་པར་བྱ།། རབ་ཏུ་སེམས་དང་ལྡན་པ་ནི།། དེ་ནི་སངས་རྒྱས་བསྟན་པའོ།། བཞི་སྟེ་ལོག་པར་དད་སེལ་སངས་རྒྱས་ཀྱིས་བསྟན་པ། ཇི་ལྟར་བུད ་བ་མེ་ཏོག་གི། ཁ་དོག་གསུང་ལ་མི་གནོད་པར།། ཁུ་བ་བླངས་ཏེ་འཕུར་བ་བཞིན།། དེ་བཞིན་བྱང་ཆུབ་གྲང་དུ་སྤྱོད།། གཞན་གྱི་རྣམས་ལ་མི་བལྟ་བར།། གཞན་གྱིས་ལེགས་པར་མ་བྱས་ལའོ།། ་བདག་རང་ཉིད་ལ་ལྟོས། རྒྱ་གར་སྐད་དུ། ཙ་ཏྱ་པྲེ་དི་ཀཱ་ན་ག་ཐཱ། བད་སྐད་དུ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། དཀོན་མཆོག ་