CLOSE WINDOW

Ty027-004: 'phags pa sgra chen po zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཚབ་བམེ་དྷེ་ཡེ་ཤེས་སཱ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ ་སརྱ་མ་ཧཱ་ཤྲུ་ཏ་མ་ནཱ་མ་མ་ཧཱ་ཡེ་ན་སྨཱ་ཏྲ། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འ ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་མང་པོ ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་།། མཉན་ཡོད་དུ ་བསོད་སྙོམས་ལ་འགྲོ་བ་ན། ཚེ་དང་ལྡན་པ་ཀུན་དགའ་བོས། ཁང་པ་བརྩེགས་པ་ཆེན་པོ་ཕྱི་ནང་བྱུགས་ཤིང་བྱི་དོར་བྱས་པ། སྒོ་གཏན་ལེགས་པར་བཅུག་པ། ཀར་ཁྲང་བཅད་པ་ཞིག་མཐུན ་ངོ།། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་གང་ཞིག་གིས་དེ་བཞིན ་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་འབུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་རྦྷེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག ་གི་ལོ་མ་ཙམ་འདོག་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་གིས་བསོད་ནམས་ཆེས་མང་དུ་འཕེལ་སྙམ་མོ།། དེ་ནས་ཚེ་དང ་ལྡན་པ་ཀུན་དགའ་བོ་མཉན་ཡོད་ནས་བསོད་སྙོམས་ལས་སར་འཁོར་ནས། ཟན་ཟོས་ཏེ་ཟས་ཕྱི་མ་སྤངས་ནས་ལྷུང་བཟེད་དང་། ཆོས་གོས་བཞག་སྟེ། རྐང་པ་བཀྲུས་ནས ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན ་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ན་བདག་སྔ་དྲོ་ཤམས་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ ་མཆིས་ཏེ། བཙུན་པ་བདག་མཉན་མོང་དུ་བསོད་སྙོམས་ལ་མཆིས་པན། ཁང་བཆགས་པ་ཆེན་པོ་མད་ན་དབྱུགས་ཤིང་བྱིད་བགྱིས་པ། སྒོ་བསྟན་ལེགས་པ་ཕྲུ ་ས་ཟུང་བཀུམ་པ་བཞིག་མཐོང་ལགས།། མཐོང་གནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པརྩེགས་པ་འདི་ལྟ་བུ་ཞིག་བས་ཏེ། ཕྱོག་ས་བན་པའི་དགེ་སློང ་དགེ་འདུན་ལ་འབུལ་བར་བགྱིད་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་སྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་འབུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་སྩལ་ཏེ། ་སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོག་པར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་པ་ཙམ་ཞིག་བགྱིད་ན། དེ་གཉིས་ལས་གང་གིས ་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ནུ་ལགས་སོ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ལགས་སོ་ལེགས་སོ།། ཀུན་དགའ་བོ་ཁྱོད་གང་ཞིག་གིས་ཁང་པ་རྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ། ཕྱོགས་བཞི་པའི་དགེ་སློང་གི་དགེ་འདུན་ལ ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་མྱ་ངན་ལས་འདས་པའི་རིང་སྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་འབུམ་པ་སྐྱུ་རུར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོག་པར་བྱེད་པ་འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་བ་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་ཞེན ་བྱ་བ་ནི། ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་སྤྱོད་པ་དགེའོ།། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་དོ།། ཀུན་དགའ་བོ་གང་ཞིག་ཁང་པ ་བརྩེག་པ་དེ་ལྟ་བུ་ཞིག་བྱས་ནས། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད ་རྟེན་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོག་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག ་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ། བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང ་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བདག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དྲུང་ལྡན་ཏེ། ཚུལ་ཁྲིམས ་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང ་ལྡན་པའི་ཕྱིར་རོ།། ཀུན་དགའ་བོ་འཛམ་བུའི་གླིང་ཆུ་ཞེང་དང་། རྩཝ་དཔག་ཚད་བདུན་སྟོང་ཡོད་པ་འདི། ཆུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ་བྱོར་མི་འད་བ་རྣམས་དང་། དབུབཙས་པ་རྣམས་དང་། རང་ས་མ་པ་པཱུ་ངྒེན་རྐྱེ་འབྱམ་ལ་ང་རྗེས་སྐྱེད་ང། ཐིག་མ་འམལལ ་འཚལ་ལམ། བུར་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ། མི་ལ་ལ་ཞིག་གིས་ཇི་སྲིད་འཚོ་བའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་གསོ་སྨན ་དང་ཡོ་བྱད་རྣམས་ཀྱིས་ཅི་འདོད་པ་སྟབས་ཏེ། དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས་དང་། སིལ་སྙན་དང་། བ་དན་དང་། དྲི་དང་། ་གདུག་པ་དང་། འཕྲེང་བ་དང་། ཕྱེ་མ་དང་། བྱུག་པ་དག་གིས་མཆོད་པ་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྷོ། སྲོག་ཤིང་ཁབ་ཙམ་གཙུག་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོག་པར་བྱེད་པ་འམ། དེ་བཞིན་གཤེགས་པ་སུ་གཟུགས་ཚོན ་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ། བསོད་ནམས་སྔ་མ་དེས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། ་དཔེ་དང་། དྷར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དང་དང ་ལྡན་སྟེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།། ཀུན་དགའ་བོ་ཤར་གྱི་ལུས་འཕགས་གླིང་ཆུ་ཞེང་དང་། རྒྱར་དཔག་ཚད་བརྒྱད་སྤོང་ཡོད་པ། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར ་ཅེས་བྱ་བ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ།། ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང་། རྒྱར་དཔག ་ཚད་དགུ་སྟོང་ཡོད་པ། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར་ཅེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞེང་དུ་དཔག་ཚད་ཁྲི་ཡོད། ་པ། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར་ཅེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ།། ཀུན་དགའ་བོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ། ཀ་བ་བརྒྱད་ཁྲི་བཞི ་སྟོང་རབ་ཏུ་བརྟན་པ་དག་ཡོད་དོ།། ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བཻ་ཌཱུཪྻ་སྔོན་པོ་ཡིན་ཏེ། ཀུན་དགའ་བོ་ཁང་བཟངས་རྣམ་པར་རྒྱལ་བ་གསེར་གྱི་བྱེ་མ་བདལ་བ་ལ་ཙན་དན་གྱི་ཆུས་ཆ ་མག་བཏབ་པ།། གསེར་སྦྱིན་པས་ག་ཡོགས་ཤིང་། གསེར་གྱི་དྲིལ་བུ་གཡེ་གས་བཀོ་བ་སྟེ། ཀུན་དགའ་བོ་གང་ཞིག་སོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས། ་ཁང་བཟངས་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་སློང་གི་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མུ་གདུང་ཡུངས ་འབྲུ་ཙམ་ཞེས་བྱ་བ་ནས། རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ།། ཀུན་དགའ་བོ་ལུས་འཕགས་མོའི་བུ་མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲས། ཕ་རྒྱུན་ཏུ་ཞུགས་པ་བསད་ནས། དེ་བཞིན་གཤེགས་པ་ཆུ ་འདྲང་ལ་མཆོད་པ་བྱ་བའི་ཕྱིར། སྐུ་གདུང་གི་བརྒྱད་ཚུལ་བཀུར་མི་བྱ་བ་དང་། ཐ་མ་བྱ་བ་དང་། མར་བྱུ་བ་དང་། མཆོད་པར་བྱ་བ་དང་། ཇེད་བུ་བྲུ་བྱ་དང་། གསོལ་བར་བྱབ་ལ་བརྩོན་པ། ་འགྱུར་རོ་ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་དེ་དེས་བྱས་པས། སེམས་ཅན་དམྱལ་བར་ལན་ཅིག་སོང་ནས། ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར ་སྤྱད་པ་དེ་ཉིད་ཀྱིས། དེ་ནས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་ལྷུང་བར་འགྱུར་ལ། སྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་གོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང ་ནས། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་རྫ་ཞེས་བྱ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་རྣམས་ཡང་ས་ཡ་པ་། ས་ད་། རྡུམ་རྣས་ད་ས་ཧླཱ་གྶ། དང་ཤཱ་པ་དང་། ས་ང་ལྟུང་། ་རྒལ་བ་དཔག་ཏུ་མེད་པ་དང་། རྣམ་པར་ཐལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་དྲན་པའི་ཕྱིར།། བསདགའ་བ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་བའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་རྣམས་དང་ལྡན་པ་དེའི་ཕྱིར། དེ་ལ་མཆོད་པའི་རྣམ་པར་སྨིན་པ་ཡང་དེ་ཝ་རདཔག་ཏུ་མེད་པར་ཤེས་པར་བྱའོ།། ཆོས་ཀྱིན་མ་གྲངས་འདྲི ་པའི་ཚེ། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོན་བྱང་ཕྱོགས ་དམའ་བྱང་ཕྱོགས་མངོན་ལྷོ་ཕྱོགས་དམའ། དབུས་མཐོན་མཐའ་དམའ་མཐའ་མཐོན་དབུས་དམའ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་བདག་གིས་ཇི་ལྟར་གཟུངས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་བ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བདུད་རྩིའི་རྔ་ཞེས་བྱ་བར་ཟུང་ཤིག། སྒྲ་ཆེན་པོ་ཞེས་བྱ་བར་ཡང་ཟང་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས། ་གསུངས་པལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་སུམ་བསྐོར་བ་བྱས་ནས ་བཅོམ་ལྡན་འདས་ཀྱི་སྤྱན་རྫ་ནས་སོང་ངོ་།། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བི་ཤུདྱ་སིང་ཧ་དང་ལོ་ཙ་བ་བན་དྷེ་དགེ་པ། ་དཔལ་གྱི་བསྒྱུར། རྩ་གར་གྱི་མཁན་པོ་བིད་དྱ་ཀ་ར་སིང་ཧ་དང་།། ཞུ་ཆེན་གྱི་ལོ་བ་བན་བྱེད་པ་ཙན་ཏཱ་ས་ནུས་ཏེ་གཏན་ལ་ཕབ་པ། @#རྒྱ་ག ་