| Wylie | e-texts produced with BDRC’s OCR application |
དྷ་ར་མ་ཧཱ་ཤཱི་ལས་བསྒྱུར་ཅིང་ནུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཨནྟྲ་བི་ནི་ཤྩ ་ཡ་ནཱ་མ་དྷརྨ་པརྱ་ཡ་བོད་སྐད་དུ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པའི་རུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན། ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་རི་དགས་འཛིན་གྱི་མའི་ཁང་པ་ན་དགེ་སློང་སྟོར་ཉིས་བརྒྱ་ལྔ་བཅུའི ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་ལྟར་ཟབ་ཅིང་སྨན་ལ་རྒྱ་རེ་བའི་ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ ་པ་དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ་དང་། ཐོག་མར་དགེ་བ་བར་དུ་དགེ་བ། ཐ་མར་དགེ་བ། དོར་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ་ཡོངསུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱས། དེ་ལེགས་པར་རབ་ཏུ། ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དགེ་སློང་དག་གིས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་དགེ་སློང་དག་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེན། འདི་ལྟ་སྟེ། ཕུང་པོ་ལྔ་དང་། ཆེ་བར་ལེན་པའི་ཕུང་པོ་ལྔ ་དང་ཁམས་བཅོ་བརྒྱད་དང་ག་སྐྱེ་མཆེད་བཅུ་གཉིས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པ་དང་། འཕགས་པའི་བདེན་པ་བཞི་དང་། དབང་པོ་ཆེ་ཤུ་རྩ་གཉིས་དང་། ་བསམ་གཏན་བཞི་དང་། ཚངས་པའི་གནས་བཞི་དང་གལམ་བཞི་དང་ཏིང་ངེ་འཛིན་བསྒོམ་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་། ་བ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ལྡན་ལག་བརྒྱད་དང་། དབུགས་རྔུབ་པ་དང་། འབྱུང་བ་རྔན་པ་རྣམ་པ་བཅུ་དྲུག་དང ་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ ་བརྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དགེ་སློང་དག་འདི་ནི་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པའོ།། ་དགེ་སློང་དག་དེ་ལ་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ ་སྟེ། དགེ་སློང་དག་འདི་དག་ནི་ཕུང་པོ་ལྔའོ།། དགེ་སློང་དག་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དང་། ་འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དང་ག་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ།། དགེ ་སློང་དག་དེ་ལ་ཁམས་བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི།། ་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་བསྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ་ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ། ་པར་ཤེས་པའི་ཁམས་ཏེ། དགེ་སློང་དག་འདི་དག་ནི་ཁམས་བཅོ་བརྒྱད་ཅེས་བྱའོ།། དགེ་སློང་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མིག་ནང་གི་སྐྱེ་མཆེད་དང་། གཟུགས ་ཁྱིའི་སྐྱེ་མཆེད་དང་། རྣ་བ་ནང་གི་སྐྱེ་མཆེད་དང་། སྨྲ་ཕྱིའི་སྐྱེ་མཆེད་དང་། སྣ་ནང་གི་སྐྱེ་མཆེད་དང་། དྲི་ཕྱིའི་སྐྱེ་མཆེད་དང་། ལྕེ་ནང་གི་སྐྱེ་མཆེད་དང་། རོ་ཕྱིའི་སྐྱེ་མཆེད་དང་། ལུས་ནང ་གི་སྐྱེ་མོ་ཆེད་དང་། རེག་བྱ་ཕྱིའི་སྐྱེ་མཆེད་དང་། ཡིད་ནང་གི་སྐྱེ་མཆེད་དང་། ཆོས་ཕྱིའི་སྐྱེ་མཆེད་དེ། དགེ་སློང་དག་འདི་དག་ནི་སྐྱེ་མཆེད་བཅུ་གཉིས་སོ།། དགེ་སློང་དག་དེ་ལ་རྟེན་ཅིང ་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང ་གཟུགས། མིང་རང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱི་ཚོར་བ་། ཚོར་བའི་རྐྱེན་གྱིས་མེད་པ། སྲེད་པའི་རྐྱེན་གྱིས་ལེན་པ་ལེན་པའི ་རྐྱེན་གྱིས་སྲིད་པ། སྲིང་པོའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར ་ཏེདེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འབྱུང་བར་འགྱུར་རོ།། མ་རིག་པ་འགག་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས། ཚོར་བ་འགག། ཚོར་བ ་འགགས་པས།། སྲེད་པ་འགག། སྲེད་པ་འགགས་པས། ལེན་པ་འགག། ལེན་པ་འགགས་པས།། སྲིད་པ་འགག། སྲིད་པ་འགགས་པས། སྐྱེ་བ་འགག། སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན ་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ།། ་དེ་ལ་མ་རིག་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང ་#མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། ལེགས་པར་བྱས་པའི་ལས་མི་ཤེས་པ་དང་། ཉེས ་པར་བྱས་པའི་ལས་མི་ཤེས་པ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། འབྲས་བུ་མི་ཤེས་པ་དང་། རྒྱུ་དང་འབྲས་བུ་མི་ཤེས་པ་དང་། རྒྱུ ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་། ཆོས་མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔག། ་མི་ཤེས་པ་དང་། ཀུན་འབྱུང་བ་མི་ཤེས་པ་དང་། འགོག་པ་མི་ཤེས་པ་དང་། ལམ་མི་ཤེས་པ་དང་། དགེ་བ་དང་། མི་དགེ་བའི་ཆོས་རྣམས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ ་ནམ་ཐོ་བ་མི་ཤེས་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མི་ཤེས་པ་དང་། རེག་པའི་སྐྱེ་མཆེད་དྲུག་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། མི ་མཐོང་བ་དང་། ཁོང་དུ་ཆུད་པ་དང་། མངོན་པར་མི་རྟོགས་པ་དང་། མུན་པ་དང་། ཀུན་ཏུ་མོངས་པ་དང་། མ་རིག་པའི་མུན་པ་ཏེ། འདི་ནི་མ་རིག་པ་ཞེས་བྱའོ།། མ་རིག་པའི་རྐྱེན་གྱིས་འདུ ་བྱེད་རྣམས་ཤེས་བྱ་བ་ལ། འདུ་བྱེད་རྣམས་གང་ཞེ་ན། འདུ་བྱེད་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ།། ལུས་ཀྱི་འདུ་བྱེད་རྣམས་གང་ཞེ་ན། དབུགས ་རྔུབ་པ་དང་། འབྱུང་བ་སྟེ་། ལུས་འདི་ནི་ལུས་ལས་བྱུང་བ། ལུས་ལ་རྟེན་པ། ལུས་དང་འབྲེལ་པ། ལུས་ལ་འབེབས་པ་འཇུག་པ་སྟེ། དེའི་ཕྱིར་དབུགས་རྔུབ་པ་དང་། འབྱུང་བ་དག་ལུས་ཀྱི་འདུ་བྱེད། ་རྣམས་ཤེས་བྱའོ།། ངག་གི་འདུ་བྱེད་རྣམས་གང་ཞེ་ན། རྣམ་པར་རྟག་རྣམ་པར་དཔྱད་ནས་ཚིག་སྨྲའི། རྣམ་པར་མ་བརྟགས་པ་མ་ཡིན། རྣམ་པར་མེ་དཔྱད་པར་མ་ཡིན་ཏེ། དེའི་ཕྱིར་རྣམ ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ནི་ངག་གི་འདུ་བྱེད་ཅེས་བྱའོ།། ཡིད་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ཆགས་པའི་སེམས་པ་གང་ཡིན་པ་དང་། ཞེ་སྡང་གི་སེམས་པ་གང་ཡིན་པ་དང ་གཏི་མུག་གི་སེམས་པ་གང་ཡིན་པ་སྟེ། ཆོས་དེ་ནི་སེམས་ལས་བྱུང་བ།། སེམས་ལ་རྟེན་པ།། སེམས་དང་འབྲེལ་བ། སེམས་ལ་རྟེན་ནས་འཇུག་པས། དེའི་ཕྱིར་སེམས་པ་ནི་ཡིད་ཀྱི་འདུ་བྱེད། ་ཅེས་བྱ་སྟེ། དགེ་སློང་དག་འདི་དག་ནི་འདུ་བྱེད་རྣམས་ཤེས་བྱའོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། ་དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར ་ཤེས་པ་སྟེ། འདི་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། མིང་དང་གཟུགས་གང་ཞེ་ན། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ། ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། འདི་ནི་མིང་ངོ་།། གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་། ་བ་ཆེན་པོ་བཞི་པོ་དག་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ།། སའི་ཁམས་གང་ཞེ་ན། གང་ལྕི་བ་དང་སྭ་བརྩུབ་པའོ།། ཆུའི་ཁམས་གང་ཞེ་ན།། གང་གཤེ ་པདང་བརླན་པའོ།། མེའི་ཁམས་གང་ཞེ་ན། གང་ཚབ་དང་། ཡོངས་སུ་སྨིན་པར་བྱེད་པའོ།། རླུང་གི་ཁམས་གང་ཞེ་ན། གང་བསྐུམ་པ་དང་། སློང་བ་དང་། ཡང་ཞིང་གཡོ་བའོ།། གཟུགས་འདི ་དང་སྔ་མའི་མིང་དེ་གཉིས་གཅིག་ཏུ་བསྡུས་ཏེ། མིང་དང་གཟུགས་ཤེས་བྱའོ།། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ། སྐྱེ་མཆེད་དྲུག་གང་ཞེ་ན། མིག་གི་སྐྱེ་མཆེད་དང་། རྣ་བའི ་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། འདི་ནི་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ ་རེརིག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའོ།། རིག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ། ཚོར ་བ་གང་སེ་ན། ཚོར་བའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན།། བདེ་བ་ཡང་མ་ཡིན་པ་དང་།། ་དེ་བཞིན་དུ་རྣ་བ་དང་། སཱ་དང་ཀ་ལྡེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ།། ཚོར། ་བའི་རྐྱེན་གྱིས་སྲེང་པ་ཞེས་བྱ་བ་ལ་སྡུད་པ་གང་ཞེ་ན། སྲེད་པའི་ཚོགས་དྲུག་སྟེག་དྲུག་གིང་ཤེ་ན། གཟུགས་ལ་སྲེད་པ་དང་། སྔ་མ་མེད་པ་དང་། ཇིལ་སྲེད་པ་དང་། རོལ་སྲེད་པ་དང་། རེག་བྱ་བ་སྲེད ་བ་དང་། ཆོས་ལ་སྲེད་པའོ།། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ། ལེན་པ་གང་ཞེ་ན། ལེན་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་། ཚུལ་ཁྲིམས་དང ་བརྟུལ་ཞུགས་ཀྱི་ལེན་པ་དང་། བདག་ཏུ་སྨྲ་བའི་ལེན་པའོ།། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ། སྲིད་པ་གང་ཞེ་ན། སྲིད་པ་གསུམ་མོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་སྲིད་པ ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ།། དེ་ལ་འདོད་པའི་སྲིད་པ་གང་ཞེ་ན། འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ། གཞན་འཕྲུལ ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ།། གཟུགས་ཀྱི་སྲིད་པ་གང་ཞེ་ན། ཚངས་རིས་ཀྱི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ། འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི ་གཟུགས་ཀྱི་སྲིད་པ་ཞེས་བྱའོ།། གཟུགས་མེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད། ་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི།། གཟུགས་མེད་པའི་སྲིད་པ་ཞེ་བྱའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། གང ་སེམས་ཅན་དེ་དང་སེམས་ཅན་གྱིས་རིས་དེ་དང་དེ་དག་ཏུ་སྐྱེ་བ་དང་། རྫོགས་པར་སྐྱེ་བ་དང་། འཇུག་པ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང་བ་དང་སྐྱེ་མཆེད་རྣམས ་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་རིས་མཐུན་པ་དང་ཕྲད་པ་སྟེ། འདི་ནི་སྐྱེ་བ་ཞེས་བྱའོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། སྤྱི་ཆེར་བ་དང ་སྣ་སྐྱ་བ་དང་། གཉེར་མ་མང་བ་དང་། འཁོགས་པ་དང་། ཞོམ་པ་དང་། སྒུར་ཏེ་གདུང་རྟེན་ལྷར་དགུ་པ་དྲང་། སྤ་ངར་དར་པོར་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་། ལུས་སྨེ་བ ་ལྟ་བུས་གང་བ་དང་། ལུས་མདུན་དུ་དགུ་པ་དང་། འཁར་བ་ལ་རྟེན་པ་དང་། དབང་པོ་རྣམས་ཡོངས་སུ་སྨིན་པ་དང་། ཡོངས་སུ་ཞིགས་པ་དང་། འདུ་བྱེད་རྣམས་རྙིངས་པ་དང་། ཤིག ་ཤིག་པོར་གྱུར་པ་དང་། བློང་བ་དང་། ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ།། འཆི་བ་གང་ཞེ་ན། གང་སེམས་ཅན་དེ་དང་། དེ་དག་སེམས་ཅན་གྱིས་། ་རིགས་དེ་དང་དེ་དག་ནས་འཆི་བ་དང་། འཕོ་བ་དང་། ཞིག་པ་དང་། མི་རྟག་པར་འགྱུར་བ་དང་། འཆི་བའི་དུས་བྱེད་པ་དང་། ཚེ་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས ་པ་དང་། ཕུང་པོ་རྣམས་འདོར་བ་འདི་ནི་འཆིག་ཞེས་བྱ་བ་སྟེ། འཆི་བ་འདི་དང་སྔ་མའི་རྒ་བ་དེ་གཉིས་གཅིག་ཏུ་བསྡུས་ནས་ཀརྒ་ཤི་ཞེས་བྱ་སྟེ། དགེ་སློང་དག་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ ་ཡན་ལག་བཅུ་གཉིས་ཞེས་བྱའོ།། དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དང་། སྡུག ་བསྔལ་འགོག་པ་འཕགས་པའི་བདེན་པ་དང་།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། སྡུག་བསྔལ་འཕགས་པའི་བདོན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། ་རྒ་བའི་སྡུག་བསྔལ་དང་ན་བའི་སྡུག་བསྔལ་དང་འཆི་བའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། གང་འདོད་པ་བཅོལ ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ།། མདོར་སྡུས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་ཡིན་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་ཀུན ་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། གང་འདི་ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་སྟེ། འདི་ནི་སྡུག་བསྔལ་ཀུན ་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་འགོགས་པ་འཕགས་པའི་བདེན་པ་གང་ཞེ་ན། གང་ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང ་དེ་དང་དེར་མངོན་པར་དགའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་འགྱུར་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། ་འགོག་པ་དང་རྣམ་པར་ཞི་བ་དང་། ནུབ་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེན། ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི ་འཚོ་བ་དང་། ཡང་དགྲ་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། འདི ་དག་ནི་འཕགས་པའི་བདེན་པ་བཞིའོ།། དབང་པོ་ཉི་ཤུ་རྩ་གཉིས་གང་ཞེ་ན། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང ་ཡིད་ཀྱི་དབང་པོ་དང་། པོའི་དབང་པོ་དང་། མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང ་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས ་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དགེ་སློང་དག་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་སོ།། དེ་ལ་བསམ་གཏན་བཞི་གང་ཞེ་ན། ་དགེ་སློང་དག་འདི་ལ་དགེ་སློང་རྣམས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགས ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་བ་སྟེ། སེམས་ཀྱི་རྒྱུད་ཅིག་ཏུ་གྱུར་པས་རྟོག་པ་མེད་པ ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས། བཏང་སྙོམས ་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ།། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགལ ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་རྫོགས་པར་བྱས་ནས་གནས་པ་སྟེག་དགེ་སློང་དག་འདི་དག་ནི་བསམ ་གཏན་བཞིའོ།། དེ་ལ་ཚངས་པའི་གནས་པ་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་གིས་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པཀ་འགྲན་ཟླ་མེད་པ། གནོད་པ། ་མེད་པ། ཡངས་པར་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས། རྫོགས་པར་བྱས་ཏེ་གནས་ཤིང་། དེ་བཞིན་དུ ་གཉིས་པ་དང་། གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླང་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཐམས་ཅད་དུ་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ། 25། ་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱད་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བཞིན་དུ་སྙིང་རྗེ་དང་ལྡན་པ ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཁོ་ན་མེད་པ།། འགྲན་ཟླ་མེད་པ།། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས། ་མོས་པར་བྱས་ནས། ཁྱབ་པར་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་སྟེ། འདི་ནི་ཚངས་པའི་གནས་པ་བཞིའོ།། དེ་ལ་ལམ་བཞི་གང་ཞེ་ན། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་ཡོད།། མངོན། ་པར་ཤེས་པ་སྦྱར་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་ལ་སྦ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་ཡོད་དོ།། དེ་ལ་མངོན་པར་ཤེས་པ་བུལ་ལ་དཀའ་བའི ་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན།། ཞེ་སྡང་མི་ཤས་ཆེ་བ་ཡིན།། གཏི་མུག་གི་ཤས་ཆེ་བ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱིས་ཤས་ཆེ་བས། འདོད་ཆགས་ལས། ་བྱུང་བའི་སྡུག་བསྔལ་དང་། ཡིན་མི་བདེ་བརྒྱུན་མི་འཆད་པར་མྱོང་། ཞེ་སྡང་གི་ཤས་ཆེམས། ཞེ་སྡ་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱན་མི་འཆད་པར་སྤོང་།། དེ་གཏི་མུག་གི་ཤས་ཆེས། ་གཏི་མུག་ལེས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ། ཟག་པ་རྣམས་ཟད་པར་བྱ་བ་ལ། དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བྲལ་བ་དང་། ཞན་པ ་དང་། མི་རྣོ་བ་དང་། མྱུར་བར་འཇུག་པ་མ་ཡིན་ནོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་འཛིན་གྱི་དབང་པོ་དང་། ཤེས ་རབ་ཀྱི་དབང་པོའོ།། དི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བྲལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། མི་མྱུར་བའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ། བར་ཆད ་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་བྲལ་ལ་དཀའ་བའི་ལམ་མོ།། དེ་ལ་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན ་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན། ཞེ་སྡང་གིས་ཤས་ཆེ་བ་ཡིན། གཏི་མུག་གི་ཤས་ཆེ་བ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཤས་ཆེ་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད ་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། ཞེ་སྡང་གི་ཤས་ཆེ་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་།། གཏི་མུག་གི་ཤས་རེབས་པ ་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཆེ་བ་དང་། རྣོ་བ་དང་།། མྱུར་བར་འཇུག་པ་ཡིན་ནོ།། ལྔ་གང ་ཞེ་ན། འདི་ལྟ་སྟེ། དང་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེའི་འཇིག་རྟེན་ལས་འདས་པའི ་དབང་པོ་ལྔ་པོ་འདི་དག་ཆེ་བ་དང་གརྣོ་བ་དང་། མྱུར་བར་འཇུག་པའི་ཕྱིར། འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བའི་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ།། འདི་ནི་མངོན་པར ་ཤེས་པ་མྱུར་ལ་དཀའ་བའི་ལམ་མོ།། དེ་ལ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་དང་། ཞེ་སྡང་གི་ཤས་ཆུང་བ་དང་། གཏི ་མུག་གི་ཤས་ཆུང་བ་ཡིན་ཏེ། འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན།། ཞེ་སྡང་གི་ཤྭས་ཆུང་བས་ཞེ་སྡང་ཁས ་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། གཏི་མུག་གི་ཤས་ཆུང་བས་གཏི་མུག་ལས། བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན ་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་གཞན་པ་དང་། མི་རྣོ་བ་དང་། མྱུར་བར་འཇུག་པ་མ་ཡིན་ནོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུབ་། ་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བྲལ་བ་དང་གཞན་པ་དང་། མི་རྣོ་བ་དང་། འཇུག ་པ་མི་མྱུར་བའི་ཕྱིར། འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་བུལ་ལ་སྨྲ་བའི་ལམ་མོ།། དེ་ལ་མངོན་པར་ཤེས ་བ་མྱུར་ལ་སླ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་ཡིན།། ཞེ་སྡང་གི་ཤས་ཆུང་བ་ཡིན། གཏི་མུག་གི་ཤས་ཆུང་བ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཤས་ཆུང་བས ་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན།། ཞེ་སྡང་གི་ཤས་ཆུང་བས། ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་བདེ་བ་རྒྱུན་མི་འཆད་པར ་མྱོང་བ་མ་ཡིན། གཏི་མུག་གི་ཤས་ཆུང་བས།། གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་ཡང་མྱོང་བ་མ་ཡིན་ལ། དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ། ་འདི་དག་ཀྱང་། ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པ་ཡིན་ནོ།། ལཱ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང ་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་དེ་དག་ཆེ་བ་དང་གརྣོ་བ་དང་། མྱུར་བར་འཇུག་པའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་སྟེ། འདི་དག་ནི་ལམ་བཞིའོ།། དེ་ལ་ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན། དགེ་སློང ་དག་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། འདོད་ཆགས་སྤོང་བར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན ་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཡེ་ཤེས་མཐོང་བ་ཐོབ་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན ་རློམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཤེས་རབ་འཐོབ་པར་འགྱུར་བ་ཡང་ཡོད་དོ།། དེལ་ཏིང་ངེ་འཛིན་སྒོམ་པཀུན་ཏུ་བསན་ཏེ། བསྒོམས་ཤིང་མང་བ་བྱསྟན། འདོད་ཆགས ་བར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སོ་ངན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང་། ་ཀླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དམ་པ་ཇི་སྒྲུབ་བཞིན་མོ་སར་ཆོག་སྟེ། ལུས་འདི་ལ་ཡོད་པ་ནི་སྔ་དང་། ཁ་སྤུ་དང་། སོ་དང་། སེན་མོ་དང་། རྡུལ་དང་། ཐིམ་དང ་པགས་པ་དང་། ཤ་དང་། རུས་པ་དང་། རྒྱས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེམ་དང་། ལྗང་བུ་དང་། མཆེར་བ ་དང་། ཕྱི་ས་དང་། མཆི་མ་དང་། རྡུལ་དང་། ངར་སྣབས་དང་། མཆིལ་མ་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་ཀླད་པ་དང ་ཀླང་རྒྱས་དང་། གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་གོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། འབྲུ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། འབྲས་སྔ ་ལུ་དང་། འབྲས་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ་དང་མོན་སྲན་སྣེའུ་དང་། རྒྱ་སྲན་དང་། འབྲས་ནི་སྤ་བ་དང་ཤསྲན་ཆུང་དང་། མོན་སྲན་ནག་གུ་དང་། ཏིལ་དང་། འབྲས་དྲུས་པ་དང ་ཡུངས་ཀར་གྱིས་གང་བའི་སྦྲང་ཞིག་ཁ་གཉིས་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་ཐུག་སྟེ་སོ་སོར་བརྟགས་ན། འདི་དག་ནི་འབྲས་སཱ་ལུའོ།། འདི་དག་ནི་འབྲས་སོ།། འདི་དག་ནི་ནས་སོ།། འདི ་དག་ནི་གྲོའོ།། འདི་དག་ནི་མོན་སྲན་གྲེའུའོ།། འདི་དག་ནི་མོན་སྲན་སྡེའུའོ།། འདི་དག་ནི་རྒྱུ་སྲན་ནོ།། འདི་དག་ནི་འབྲས་ནི་སྨྲ་བའོ།། འདི་དག་ནི་སྲན་ཆུང་ངོ་།། འདི་དག་ནི་མོན་སྲན་ནག་གུའོ།། ་འདི་དག་ནི་ཏིལ་ལོ།། འདི་དག་ནི་འབྲས་དྲུས་པའོ།། འདི་དག་ནི་ཡུངས་དཀར་རོ་ཞེས་བྱ་བར་ཤེས་སོ།། དགེ་སློང་དག་དེ་བཞིན་དུ། དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན ་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆུད། ཀླད་པ་ལ་ཐུག་གི་བར་དུ་སྔ་མ་བཞིན་དུ་ཀླན་པ་དང་། ཀླད་རྒྱས་དང་། ་གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། འདོད ་ཆགས་སྤོང་བར་འགྱུར་བའོ།། དགེ་སློང་དག་དེ་ལེ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་གང་ཞེ་ན། དགེ་སློང་དྲག ་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་རང་གིས་ལུས་འདི ་ཉིད་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཀུན་ཏུ་རྒྱས་པར་བྱེད་པ་སྟེ། འདི་ལྟ་སྟེ། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི ་དགའ་བ་དང་བདེ་བས་དེའི་རང་གི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པ་འམ། ཁྱབ་པར་མ་གྱུར་པ་མེད་དོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མེ་ཏོག་ཨུཏྤལ་འམ། པདྨ་འམ། ཀུ་མུ་ཏཱ ་འམ། པདྨ་དཀར་པོ་ཡང་རུང་སྟེ། ཆུ་ནས་སྐྱེས་པ་ཆུར་བྱིང་བ་དེ་དག་ཐམས་ཅད་ནི། བསིལ་བའི་ཆུས་མཉེན་པར་བྱས་པ་ཡོངས་སུ་ཁྱབ་པར་བྱས་པ་ཡོངས་སུ་ཚིམ་པར་བྱས་པ ་དྲན་ཏུ་བྱས་པར་བྱས་པ་དག་གོ། དགེ་སློང་དག་དེ་བཞིན་དུ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་ཤིང་དྲུང་མ་འཇུག་ཀྱང་རུང་བ་ཁང་སྤོངས་དྲག་ཀྱང་རུངས་ཏིང་ངེ་འཛིན་ལས་སྐྱེས་པའི། ་དགའ་བ་དང་བདེ་བས་རང་གི་ནང་གི་ལུས་འདི་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཀུན་ཏུ་རྒྱས་པར་བྱེད་དེ། འདི་ལྟ་སྟེ། ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་དེའི་ནང་གི་ལུས་ཐམས་ཅན་ལ་མ་ཁྱབ་པ་འམ། ཁྱབ་པར་མ་གྱུར་པ་མེད་དེ། འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས ་ཤིང་མང་དུ་བྱས་ན། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའོ།། དགེ་སློང་དག་དེ་ལ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ ་ཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་དགའ་དི་ལ་དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་ལེགས་པར་ཡིད་ལ་བྱས་ལེགས་པར་རེག་པར་བྱས་ལེགས་པར ་རྟོགས་པར་བྱས་དེ་ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས་དེ་སྣང་བ་དེ་སེམས་ལ་སྒོམ་སྟེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན། མཚན་མོ་ཇི་ལྭ་བར་ཉིན་མོ་ཡ ་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན་འོག་ཏུ་ཇི་ལྟ་བར་སྟེང་དུ་ཡང་དེ་བཞིན་སྟེང་དུ་ཇི་ལྟ་འོག་ཏུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ། ་ཞིང་ཀུན་ཏུ་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདྲ་ཤེས་ལ་ཤིན་ཏུ་གནས་ཏེ། དེ་སྣང་བ་དེ་སེམས་ལ་སྒོམ་མོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སོས་ཀའི ་ཟླ་བ་ཐ་མ་ལན་ནམ་མཁའ་ལ་སྤྲིན་མེད་ཅིང་སྤྲིན་དང་བྲལ་བའི་ཉིན་མོ་ཉི་མ་ཀྲུང་ལ་སྣང་བ་ཡོངས་སུ་དག་ཅིང་། ཡོངས་སུ་དཀར་ལ་འོད་གསལ་ཏེ། མུན་པ་མ་ཡིན་ནོ།། དགེ་སློང་དག་དེ་བཞིན་དུ ་དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་ག་ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས།། ལེགས་པར་རྟོགས་པར་བྱས་ཏེ། ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས།། ་དེ་སྣང་བ་དེ་སེམས་ལ་སྒོམ་ཏེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོ་ཡང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཇི་ལྟ ་བར་སྟེང་ཡང་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ཤིན་ཏུ་གནས་ནས། དེ་སྣང་བ་དེ་སེམས་ལ་སྒོམ་པ ་སྟེ་འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ།། དགེ་སློང་དགེ་དེ་ལ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང ་མང་དུ་བྱས་ན། ཤེས་རབ་ཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་འདི་ལྟ་སྟེ། དགེ་སློང་དག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་། བདེ་བ་ཡང ་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་དེ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ།། ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ནས་གནས་ཏེ། འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཤེས་རབ་འཐོབ་པར་འགྱུར་བ་སྟེ། དགེ་སློང་དག་འདི ་ནག་ནི་ཏིང་ངེ་འཛིན་བསྒོམ་པ་བཞིའོ།། དགེ་སློང་འདི་དག་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། དགེ་སློང་དགའ་དི་ལ་དགེ་སློང་བརྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས་ཀ་འཇིག ་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་གསལ་ནས་ནང་གི་ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་ཞིང་གནས་པ་དང་། བརྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས ་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ཕྱིའི་ལུས་དང་བ་ནང་དང་། ཕྱིའི་ལུས་དང་ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ནང་དང་ཕྱིའི་ཚོར་བ་རྣམས་དང་། ནང་གི་སེམས་དང་། ་ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་སྟེ། དགེ་སློང་དག་འདི་དག་ནི་དྲན ་པཉེ་བར་གཞག་པ་བཞིའོ།། དགེ་སློང་དག་དེ་ལ་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། དགེ་སློང་དག་དེ་ལ་དགེ་སློང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང ་#འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་། ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྦེད་པའི་ཕྱིར། དྲན་པ ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། འདུན་པ་སྙེད་ཅིང་འབད་དེ་བརྩོན། ་འགྲུས་རྩོམ་ལ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། ཉམས་པར་མི་འགྱུར་བ་དང་། ཕྱིར་ཞིང་འབྱུང ་བ་དང་། རྒྱས་པ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ། བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་སྟེ། དགེ་སློང་དག་འདི ་དག་ནི་ཡང་དག་པར་སྤོང་བ་བཞིའོ།། དགེ་སློང་དག་དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། འདི་ལ་དགེ་སློང་བ་དག་གི་འདུན་པ་ཧ་ཅང་བྱིན་ན་ཡང་མི་རུང་ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་འདྲན ་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ ་སྒོམ་པ་དང་། བདག་གི་བརྩོན་འགྲུས་ཧ་ཅང་བྱིང་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་།། ཞེས་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བསྒོམ་པ་དང་། བདག་གི་སེམས་ཧ་ཅང་བྱིང་ན་ཡང་མི་རུངས་ཅང་བཟུང་ན་ཡང་མརུད། ་ང་ཞེས་སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པའི་འདོད་ཆགས་དང་བྲལ་བ་ལ་གནས་ང། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོད ་སུ་བསྒྱུར་བསྒོམ་པ་དང་། བདག་གི་དཔྱོད་པ་ནི་ཧ་ཅང་བྱིང་ན་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས ་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་སྟེ། དགེ་སློང་དག་འདི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ།། དགེ་སློང་དག་དེ་ལ ་དབང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། རྔན་པོའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེལ ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན། འཁོར་བ་ན་སྤྱོད་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་དང་། དེ་ལ་ལས་ཀྱི་རྣམ་པར་སྨིན་པ ་ལ་རྟོན་པ་དང་། ལས་དགེ་བ་ཡང་རུང་། མི་དགེ་བ་ཡང་རུང་། གང་བྱེད་པའི་ལས་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་དང་། དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ ་མི་བྱེད་པ་སྟེ་འདི་ནི་དད་པའི་དབང་པོ་ཞེས་བྱའོ།། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། དད་པའི་དབང་པོས་ཆོས་གང་དག་ལ་དད་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི། ་དབང་པོས་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ།། དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པའི་ཆོས་དེ ་དག་དྲན་པའི་དབང་པོས་ཆུད་མི་གསོན་པ་སྟེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ།། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། ཆོས་གང་དག་དྲན་པའི་དབང་པོས་ཆུད་མི་གསོན་པའི་ཆོས་དེ་དག་ལ་ཏིང་ངེ ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ།། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའི་ཆོས་དེ། ་དག་ཤེས་རབ་ཀྱིས་དབང་པོས་རབ་ཏུ་རྟོག་ཅིང་། དེ་ཆོས་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ། འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱ་སྟེ། དགེ་སློང་དག་འདི་དག་ནི་དབང་པོ་ལྔའོ།། ་དགེ་སློང་དག་དེ་ལ་སྟོབས་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། དགེ ་སློང་དག་འདི་དག་ནི་སྟོབས་ལྔའོ།། དགེ་སློང་དག་དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད ་ཆགས་དང་བྲལ་བ་ལ་གནས་པཀའགོག་པ་ལ་གནས་པན་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བསྒོམ་པ་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ།། འདོད ་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས ་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས ་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་། ་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་། ་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་སྟེ། དགེ་སློང་དག་འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ།། དགེ་སློང་དག་དེ་ལ་འཕགས་པའི ་ལམ་ཡན་ལག་བརྒྱད་གང་ཞེ་ན། འདི་ལྟ་སྟེན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག ་པའི་ཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དགེ་སློང་དག་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ།། དེ་ལ་ཡང་དག་པའི་ལྟ་བ་གང་། ་ཞེ་ན། གང་འཇིག་རྟེན་ལས་འདས་པ། བདག་མེད་པའི་ལྟ་བ་ལས་བྱུང་བ་ཡིན་གྱི། སེམས་ཅན་ལས་མ་ཡིན། སྲོག་ལས་མ་ཡིན། གསོ་བ་ལས་མ་ཡིན།། སྐྱེས་བུ་ལས་མ་ཡིན།། གང་ཟག་ལས་མ ་ཡིན། ཤེས་ལས་སྐྱེས་ལས་མ་ཡིན། ཤེད་བུར་ལྟ་བ་ལས་བྱུང་བ་མ་ཡིན། ཆད་པ་དང་། རྟག་པར་ལྟ་བ་ལས་བྱུང་བ་མ་ཡིན།། འབྱུང་བ་དང་འཇིག་པར་ལྟ་བ་ལས་བྱུང་བ་མ་ཡིན། དགེ་བ་དང་། མི ་དགེ་བ་དང་། ལུང་དུ་མ་བསྟན་པར་ལྟ་བ་ལས་བྱུང་བ་མ་ཡིན་པ་ནས། འཁོར་བ་དང་། མྱ་ངན་ལས་འདས་པའི་བར་ལས་ལྟ་བ་ལས་བྱུང་བ་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ།། དེ་ལ་ཡང ་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་དག་གིས་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་བའི་རྟོག་པ་དེ་དག་ལ་མི་རྟོག་གི། རྟོག་པ་གང་གིས་ཚུལ་ཁྲིམས ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་འབྱུང་བར་འགྱུར་བ་དེ་དག་ལ་རྟོག་པ་སྟེ། འདི་ནི་ཡང་དག་པའི་རྟོག་པ་ཞེས ་བྱའོ།། དེ་ལ་ཡང་དག་པའི་དག་གང་ཞེ་ན། ངག་གང་གིས་བདག་དང་གཞན་ལ་གདུང་བར་མི་བྱེད་པ་དང་། བདག་དང་གཞན་ལ་ཉོན་མོངས་པར་མི་བྱེད་པ་དང་། བདག་དང་གཞན་ལ་གནོད་པར་མི་བྱེད་པ། ་དང་། ངག་གང་གིས་འཕགས་པ་རྣམས་ལ་ཡང་དག་པར་འཇུག་པའི་ངག་དེས། ཏིང་ངེ་འཛིན་ལ་དགའ་བས་སྦྱོར་བའི་ཚིག་དང་ལྡན་པ་ཡིན་ཏེ། འདི་ནི་ཡང་དག་པའི་ངག་ཅེས་བྱའོ།། དེ་ལ་ཡང་དག་པའི་ལས་ཀྱི ་མཐའ་གང་ཞེ་ན། ལས་གང་གནག་ལ་རྣམ་པར་སྨིན་པ་ཡང་གནག་ཏུ་གྱུར་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བའི་ལས་དེ་མངོན་པར་འདུ་མི་བྱེད་པ ་དང་། ལས་གང་དཀར་གནག་ཏུ་གྱུར་ལ། རྣམ་པར་སྨིན་པའང་དཀར་གནག་ཏུ་གྱུར་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་པོ་མ་ཡིན་པ་རྣམ་པར་སྨིན་པ་ནག་པོར་འགྱུར་བའི་ནག་པོ ་ཟད་པར་འགྱུར་བའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་བཟང་པོ་ལ་རྟེན་པ་དང་། ལས་ཀྱི་མཐའ་བཟང་བ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ།། དེ་ལ་ཡང་དག་པའི་འཚོ་བ་གང ་ཞེ་ན། གང་འཕགས་པའི་རིགས་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་མ་འདོར་བ་ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱི་འཇལ་བ་མེད་པ་དང་། ངེས་པ་དང་། ཆོ་གའི་ངང་ཚུལ་ཅན། ་དང་གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་གི་རྙེད་པས་ཆོག་པར་འཛིན་པ་དང་། འཕགས་པས་གནང་བ་ཁ་ན་མ་ཐོ་བ་མེད་པའི་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ།། དེ་ལ་ཡང་དག ་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པར་འགྱུར་བའི་ཕྱིར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྒྱས་པར་འགྱུར་བའི་རྩོལ་བ་དེ་མི་འདོད་པ་དང་། རྩོལ་བ་གང་ཡང ་དག་པའི་འཕགས་པའི་ལམ་གྱི་བདེན་པ་ལ་འཇུག་ཅིང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་འཇོག་པའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་སྟེ། འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ།། དེ་ལ་ཡང་དག། ་པའི་དྲན་པ་གང་ཞེ་ན། གང་དག་དེ་ལ་ཉེ་བར་གནས་ན། མི་གཡོ་བ་དང་། དྲན་པ་དང་། གྱ་རྒྱུ་མེད་པ། འཁོར་བའི་སྐྱོན་གྱི་ཉེས་དམིགས་ཡང་དག་པར་སྟོན་པ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན ་པའི་དྲན་པ་དང་། འཕགས་པའི་ལམ་མ་བརྗེད་པ་སྟེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།། དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ཡང་དག་པ་ཉིད་དུ་མཉམ་པ་དང་། ཏིང་ངེ་འཛིན་གང་ལ ་གནས་ན་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར། ཡང་དག་པར་བསྟན་པའི་ངེས་པར་གྱུར་པ་ལ་འཇུག་པ་སྟེ། འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་ལ་དབུགས་བརྔུབས་པ་དང་། ་འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གང་ཞེ་ན། རྔན་བཞིན་དུ་དབུགས་རྔུབ་ན། རྔན་བཞིན་དུ་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དྲན་བཞིན་དུ་དབུགས་མྱང་ན ་དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དབུགས་རིང་དུ་བརྔུབས་ན། དབུགས་རིང་དུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ་དབུགས་རིང་དུ་ཕྱུང་ན་དབུགས་རིང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དདུགས་ཐུང་ངུ་བརྔུབས་ན། དབུགས་ཐུང་ངུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུས་རྦ། ་ཤེས་པ་དང་དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། ལུས་ཀྱི་འདུ ་བྱེད་ཡང་དག་པར་བྱེང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བྱུང་ན།། ལུས་ཀྱི་འདུ་བྱེད་ཡང་དག་པར ་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་། དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག ་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང ་དག་པར་སྤོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག ་པར་མྱོང་ཞིང་། དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། ལུས་ཀྱི་འདྲ་བྱེད་ཐམས་ཅན་ཡང་དག་པར་མྱོང ་ཞིང་། དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ ་སྦྱངས་ནས། དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ནི།། ་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང ་དབུགས་བརྔུབས་ན། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། བདེ་བ་ཡང་དག་པར་མྱོང་ཞིང ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་རྫི ་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད ་མང་དན་པར་སྤོང་ཡང་དབུགས་བརླབས་ན། སེམས་ཀྱི་འདྲ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པཇི་ལྔ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུམས་བྱུང་ག་སངས། ་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས ་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ ་དུཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་ན། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་། དབུགས ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་།། བདག་གི་སེམས་ཅན་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་ཕྱུང་ན། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་ན། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་། དབུགས་བརྔུབས་སོ།། ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ན། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མཉམ་པར་གཞག་ཅིང་དབུགས་བརྔུབས་ན། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན། ་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ན། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེ་བཞིན་དུ་མི་རྟག་པའི་རྗེས ་སུ་ལྟ། འདོད་ཆགས་དང་བྲལ་བའི་རྗེས་སུ་ལྟ། འགོག་པའི་རྗེས་སུ་ལྟ། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུབས་བརྔུབས་ན། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ། དགེ ་སློང་དག་འདི་དག་ནི་དབུགས་བརྔུབས་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གོ། དེ་ལ་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་གང་ཞེ་ན། འདི་ལ་ཕགས་པ་ཉན་ཐོས་ནི་དེ་ལྟར་ཡངབཅོམ་ལྡན་འདས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ ་ཡང་དག་པར་མཐོང་བ་ནད་མེད་པ། དྲས་ཆད་པ་མེད་པ། ཉེ་བར་གཏོད་པ་འདི་མཐོང་བ་ལ་དོན་མོད་པ། མབས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་སྟེ། འདི་ལྟ་སྟེ། རྒྱགས་པ་མེད་པར་བྱེད་པ ་སེར་པ་རབ་ཏུ་སེལ་བ། ཀུན་གཞི་ལེགས་པར་འཇོམས་པ། སམ་གྱི་རྒྱུན་བཅད་པ། སྲེན་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་ཆོས་ལ་ཤེས་ནས་དད་པ་དང ་ལྡན་པ་ཡིན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ།། རིག་པ་ལ་ཞུགས་པ་དྲང་པོ་ལ་ཞུགས་པ། མཐུན་པར་ཞུགས་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ ་ཞུགས་པ། རྗེས་སུ་མཐུན་པའི་ཆོས་སྤྱོད་པ་སྟེ། དགེ་འདྲེན་གྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་རྒྱུན་ཏུ་ཞུགས་པ་དག་ཀྱང ་ད་ཀྱི་ད་དུན་རྩོན་ནི་སན་ཅམ་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཐུགས་པ་རས་ཀྱང་མེན། དགེ་འདུན་གྱིནངན་ལན་ཅིག་བྲིར་འོང་བ་ནགཅང་ནདུན་གྱི་མ ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན ་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སྐྱེས་བུ་ཟུང་བཞིན་སྐྱེས་བུ་གང་ཟག་བརྒྱད་དོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན ་ནི་འདི་ལྟ་རུ་སྟེ། དད་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཐོས་པ་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པག་ཤེས་རབ་ཕུན་སུམ་ཚོགས། ་པ་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཀ་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་ཀྱར། ་པ་ཕྱག་བྱ་བའི་འོས་སུ་གྱུར་པ། བསོན་ནམས་ཀྱི་ཞིང་བླ་ན་མེད་པ་སྟེ། འཇིག་རྟེན་གྱི་སྦྱིན་གནས་ཡིན་ནོ་ཞེས་དགེ་འདུན་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན།། འཕགས་པ་བསེད་པོའི་ཚུལ་ཁྲིམས ་རྣམས་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་དེ་དག་ནི་མ་ཉམས་པ། མ་ཞིག་པ་མ་རལ་པ། འདྲེན་མར་མ་གྱུར་པ། སྲ་སྲེར་མ་ཡིན་པ། རང་དབང་ཅན། མ་འཕགས་པ། ཤིན་ཏུ་རྫོགས་པ། མཁས་པས་བསྔགས ་པ་མཁས་པ་དག་གིས་མ་སྨད་པ་དག་སྟེ། འདི་དག་ནི་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞིའོ།། དགེ་སློང་དག་དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། དགེ་སློང་དག་དེ་ལ་དེ་བཞིན་གང་ཤེགས་པ ་ནི་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང་། གནས་མ་ཡིན་པ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས ་དང་པོའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལམ་ཡང་དག་པར་འཛིན་པ་དང་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། སེམས་ཅན་ཕ་རོལ་མོས་པ་དུམ ་ཅན་དག་གི་ཆོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། ཁམས་དུམ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཅན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། སེམས་ཅན་གཞན་དག་གི། ་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། ཐམས་ཅན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། སེམས་ཅན་གཞན་དག་གི་དབང་པོ ་དང་། སྟོབས་དང་།། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམས་པར་བཞག ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། རྣམ་པ་དང་བཅས་ན་ཡུལ་ཕྱོགས་དང་བཅས། རྒྱུ་ཅི་ལས་རྒྱར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུས་རྗེས་སུ་དྲན་ཏེ། སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ།། ་གཉིས་དང་གསུམ་དང་བཞི་ནས་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུམ་རྗེས་སུ་དྲན་ནོ་ཞེས་རྒྱ་ཆེར་སྦྱར་རོ།། ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་སྐྱེ་བ་དང་ལུས་དང་ངག་དང ་མིད་ཀྱིས་ལེགས་པར་སྡུད་པ་དང་། ཉེས་པར་སྤྱད་པ་དག་གིས་བདེ་འགྲོ་དང་། ངམ་འགྲོ་རྣམས་སུ་སྐྱེ་བདག་གི་སེམས་ཅན་གཟིགས་སོ་ཞེས་རྒྱ་ཆེར་སྦྱར་རོ།། ཡང་དག་པའི་ཤེས་རབ་ཀྱིས་། ་པ་རྣམས་ཟད་ནས་ཟག་པ་ལས་སེམས་རྣམ་པར་གྲོལ་བ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ།། དེ་ལ་དེ་བཞིན་གཤེགས ་པའི་མི་འཇིགས་པ་བཞི་གང་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་མཆེ་བ་ལ་འདིར་ལྷ་དང་བཅས་པ་དང ་བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པ་དང་། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ལས་གང་གིས་ཀྱང་ཁྱོད་ཀྱི་ཆོས་འདི་དག་མངོན་པར ་རྫོགས་པར་སངས་རྒྱས་སོ་ཞེས་དེ་ལ་རྒོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེ་བཞིན་གཤེས་པས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་། མི་འཇིགས་པ་ཐོབ་པར ་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ། འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་། དགེ་སྦྱོང་ངམ། བྲམ་ཟེ་འམ། སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་པའི། ་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡང་གང་དག་དེ་བཞིན་གཤེགས་པས་རབ་ཏུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་། བར་དུ་གཅོད་པར་མི་འགྱུར་རོ་ཞེས་འདིར་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང ་གང་ཡང་འདིས་འཕགས་པ་ངེས་པར་འབྱུང་བའི་ལམ་སྟེན་པ་དེ་དག་བསྙེན་ཀྱང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་གང་ཡང་འདིར་དེ་ལ་ཞེས་བྱ་བའི་རྒྱས་པར ་སྦྱར་བ་དང་། ང་ཟག་པ་ཟད་དོ་ཞེས་བདག་ཉིད་གལ་གྱིས་མཆེ་བ་ལ་འདིར་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ་ལྔ་དང་མི་དང་ལྡམ་ཡིན་ནུ་བཅས་པའི་སྒྲ་དགུ་ལས་གང་གིས་ཀྱང་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ་ཞེས་དེ་ལ་རྒོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེ་བཞིན་གཤེགས་པས་མཅན ་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ། འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་། དགེ་སྦྱོང་དང ་བྲམ་ཟེའི་འམ། སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་སྟེ། འདི་དག་ནི་མི་འཇིགས་པ་བཞིའོ།། དེ་ལ་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར ་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚོགས་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པ་རིག་པ་སྟེ། ་འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་ག་ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ ་དང་ག་སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་ག་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས ་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་ཏིང་ངེ་འཛིན་ཉམས་པ་མེད་པ་དང་ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་རྣམ་པར ་#གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། འདས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། མ་འོངས་པའི་དུས་ལ་ཡེ་ཤེས་མཐོང་། ་པ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། ད་ལྟར་བྱུང་བའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི ་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། འདི། ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ།། དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས ་བཤིན་ཏུ་གནས་པ་འདི་དང་། ཞབས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་དང་། རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་དང་། སོར་མོ་རིང་བ་དང་ཕྱག་དང་ཞབས་དྲ་བས ་འབྲེལ་པ་དང་ཕྱག་དང་ཞབས་འཇམ་ཞིང་གནོན་སམགས་པ་དང་། མདུན་མཐོ་བའི་སྐུ་དང་ལྡན་པ་དང་བྱིན་པ་རི་དགས་ཨེ་ནྱ་ཡའི་ལྟ་བུ་དང་མནོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ ་དང་། རོ་སྟོད་སེང་གེ་འདྲ་བ་དང་། ཐལ་གོང་རྒྱས་པ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། མ་བཏུད་པར་ཕྱག་པུས་མོར་སླེབས་པ་དང་། སྐུ་རྣམ་པར་དག་པ་དང་མགུར་ཆུང་ལྷ ་བུ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམ་བཞི་བཅུ་མཉམ་པ་དང་། ཚེམས་མཉམ་ཞིང་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ལྗགས་ཤིན་ཏུ་རིང་བ་དང་རོ་བྲོ་བའི། ་མཆོག་དང་ལྡན་པ་དང་། ཚངས་པའི་དབྱངས་དང་བྱ་ཀ་ལ་བེངྐའི་སྒྲ་དབྱངས་དང་། སྤྱན་མཐོན་མཐིང་དང་ཀསྤྱན་གྱི་རྫི་མ་པའི་འདྲ་བ་དང་། པགས་པ་སྲབ་པ་དང་པགས་པའི་མདོག ་གསེར་འདྲ་བ་དང་། སྤུའི་ཁུང་བུ་རེ་རེ་བ་དང་། སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང་དབུ་སྐྲ་རིན་པོ་ཆེ་ཨིནྡ་ནི་ལ་ལྟ་བུ་དང་སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུ་ཤིན ་ཏུ་དཀར་བ་དང་དབུ་གཙུག་ཏོར་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པ་དང་། ཀུན་ཏུ་མཛེས་པ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཏེ། ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་བཤིན་ཏུ་གནས་པ་འདི་ནི་སྔོན་ཡི་དམ་ལ་བརྟན་པས་མངོན་པར་གྲུབ་པའོ།། ་བཞིན་གཤེགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་འདི་ནི་སྔོན་སྦྱིན་པ་སྣ་ཚོགས་བསགས་པས་མངོན་པར་གྲུབ་པའོ།། ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་འདི་ནི། སྔོན་སེམས་ཅན་གཞན་ལ་སྤ་བཀོང་བ་མ་བྱས་པས་མངོན་པར་གྲུབ་པའོ།། དེ་བཞིན ་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་འདི་ནི་སྔོན་སེམས་ཅན་རྣམས་ལ་ཆོས་ཀྱི་བསྲུང་བ་དང་བསྐྱབ་པ་དང་སྦ་བ་བྱས་པས་མངོན་པར་གྲུབ། ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་ཞབས་རྦབས་འབྲེལ་པ་འདི་ན། སྔོན་གཡོག་འཁོར་གྱི་དབྱེན་མ་བྱས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས ་བུ་ཆེན་པོའི་མཚན་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་འདི་ནི། སྔོན་གོས་དམ་པ་སྣ་ཚོགས་རབ་ཏུ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན ་མདུན་མཐོ་བའི་སྐུ་དང་ལྡན་པ་འདི་ནི། སྔོན་བཟའ་བ་དང་། བཏུང་བ་རྒྱ་ཆེན་པོ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ནྱ་བའི ་ལྟ་བུ་འདི་ནི་སྔོན་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྔ་བསྦུབས་སུ་ནུབ་པ་འདི་ནི། སྔོན ་གསང་བའི་ཚིག་བསྲུངས་པ་དང་། འཁྲིག་པའི་ཆོས་སྤངས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི ་ལས་ཀུན་ཏུ་བསྲུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཐལ་གོང་རྒྱས་པ་འདི་ནི་སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པས་མངོན་པར་གྲུབ ་པའོ།། དེ་བཞིན་གཤེགས་པའི་དཔུང་མགོ་ཤིན་ཏུ་ཟླུམ་པ་འདི་ནི། སྔོན་གཞན་ནག་ལ་དབུགས་འབྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཕྱག་མ་བཏུད་པར་པུས་སོར། ་སླེབས་པ་འདི་ནི། སྔོན་གཞན་ལ་བྱ་བ་ཅི་ཡོད་བྱ་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྒྲ་རྣམ་པར་དག་པ་འདི་ནི། སྔོན་དགེ་བ་བཅུའི་ལས་ཀྱི་ལམ་ངོམས་མི་མྱོང་བར་ཡང་དག ་པར་སྦྱར་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་མགུར་དུང་ལྟ་བུ་འདི་ནི། སྔོན་ནད་པ་རྣམས་ལ་སྨ་ན་སྣ་ཚོགས་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་འགྲམ་པས ་གེའི་འདྲ་བ་འདི་ནི་། སྔོན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཚེམས་བཞི་བཅུ་མཉམ་པ་འདི་ནི། སྔོན་སེམས་ཅན་ལ་མཚུངས་པར ་གནས་སྦྱར་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཚེམས་ཐགས་བཟང་བ་འདི་ནི། སྔོན་སེམས་ཅན་བྱེ་བའི་བསྡུམས་བྱས་པས་སོ།། དེ་བཞིན་གཤེགས་པའི་ཚམས་ཤིན་ཏུ་དཀར ་བ་འདི་ནི། སྔོན་ཡིད་དུ་འོང་བ་རབ་ཏུ་བྱིན་པས་སོ།། ཚེམས་མཉམ་པ་འདི་ནི། སྔོན་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་ཏུ་བསྲུངས་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་ལྗགས་ཤིན་ཏུ་རིང་བ་འདི་ནི། ་སྔོན་བདེན་པའི་ཚིག་ཡང་དག་པར་བསྲུང་བས་གྲུབ་པོ།། དེ་བཞིན་གཤེགས་པའི་རོ་བྲོ་བའི་མཆོག་དང་ལྡན་པ་འདི་ནི།། སྔོན་བསོད་ནམས་ཚད་མེད་པས་བདག་ཉེ་བར་བརྟན་ཅིང་གཞན་ལ་རབ་ཏུ་བྱིན་པས། ་གྲུབ་པའོ།། དེ་བཞིན་གཤེགས་པའི་ཚངས་པའི་དབྱངས་དང་བྱ་ཀ་ལ་བིངྐའི་སྒྲ་དབྱངས་འདི་ནི་ཀ་སྔོན་སེམས་ཅན་ལ་ཚིག་འཇམ་པོ་སྨྲས་པ་དང་ཀུན་ཏུ་དགའ་བའི་ཚིག ་ཐོས་པར་བྱེད་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤྱན་མཐོན་མཐིང་འདི་ནི་ཀསྔོན་བྱམས་པ་དང་ལྡན་པས་སེམས་ཅན་ཡང་དག་པར་བསྲུངས་པས་སོ།། སྤྱན་གྱི་རྫི་མ་པའི་འདྲ་བ་འདི་ནི་སྔོན ་བསམ་པ་བཅོས་པ་མ་ཡིན་པས་སོ།། པགས་པ་སྲབ་པ་འདི་ནི་སྔོན་ཆོས་ཡང་དག་པར་སྡུད་པ་ལས་སུ་རུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་པགས་པའི་མདོག་གསེར་འདྲ་བ ་འདི་ནི། སྔོན་མ་ལ་ཆ་དང་། གདིང་བ་དང་གོས་ཡིད་དུ་འོང་བ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེ་བ་འདི་ནི་སྔོན་འདུ་འཛིན་ཡོངས་སུ་སྤངས་པས་མངོན ་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་འདི་ནི། སྔོན་མཁན་པོ་དང་། སློབ་དཔོན་དང་། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་མཐུན་པར། ་འཛིན་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་དབུ་སྐྲ་རིན་པོ་ཆེ་ཨིནྡྲ་ནི་ལ་ལྟ་བུ་འདི་ནི། སྔོན་སེམས་ཅན་གྱི་སྲོག་ལ་སྙིང་བརྩེ་བ་དང་། བོང་བ་དང་། དབྱུགས་པ་དང་། མཚོན་ཆ་བོར ་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུའི་ཤིན་ཏུ་དཀར་བ་འདི་ནི་སྔོན་བསྔགས་པར་འོས་པ་རྣམས་ཀྱི་བསྔག་པ་བརྗོད་པས་མངོན ་བར་གྲུབ་པའོ།། དེ་བཞིན་གཤེགས་པའི་དསུ་གཙུག་ཏོར་དང་ལྡན་པ་འདི་ནི་སྟོན་ཐམ་ལ་གུས་པར་བྱས་པས་མངོན་པར་གྲུབ་པའོ།། མེ་གཞིན་གཤེགས་པའི་སྒྲ་ཤིང་རྒྱཐོར། ་ཤཱརུ་ཆུ་ཞེ་གབ་པ་འདི་ནི་ལྡན་བདག་ནང་གིས་ནི་ཏིང་ངེ་འཛིན་པ་སྦྱོར་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྒྲ་སེམ་མེན་གྱི་བུ་ཆེན་པོ་ལྟ་ཐར་ཀུན་ཏུམ་ཛེས་པ ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་སྡིག་པ་བཅོས་པ་དེང་གཞན་དག་འཇིགས་པ་ལས་དབུགས་དབྱུང་བ་བྱས་པས་གྲུབ་པ ་དགེ་བའི་རྩ་བ་ཚད་མེད་པས་ཆོས་འདི་དག་ལ་དབང་སྒྱུར་བའི་སྤྱིར། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་སྐུ་ལ་མངོན་པར་སྒྲུབ་པའོ།། དཔེ་བྱད་བཟང་པོ ་བརྒྱད་ཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེཾན་མོ་མདོག་སྣུམ་པ་དང་སེན་མོ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར ་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་དང་ལོང་བུ་མི་མངོན་པ་དང་། ཞབས་མི་མཉམ་པ་མེད་པ་དང ་སེང་གེའི་སྟབས་སུ་གཤེགས་པ་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་དང་པའི་སྟབས་སུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབས་སུ་ཤེགས་པ་དང་གཡས ་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། མ་ཡོ་བར་གཤེགས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་སྐུ་བྱི་དོར་བྱས་པ་ས ་བུ་དང་། སྐུ་རིམ་པར་འཚམ་པ་དང་། སྐྲ་ཁོ་ལག་ཡངས་ཤིང་བཟང་བ་དང་། མཚན་ཡོངས་སུ་རྫོགས་པ་དང་། གོམ་པ་སྙོམས་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་།། ་སྐུ་རྣམ་པར་དག་པ་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་དང་། སྐུ་ཤིན་ཏུ་གྲིམ་པ་དང་། ཡན་ལག་དང་ཉིད་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང་། གཟིགས་པ་རབ་རིབ་མེད ་ཅིང་རྣམ་པར་དག་པ་དང་། སྐུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། ཕྱལ་ཕྱང་ངེ་བ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དང ་ཀུན་ནས་མཛེས་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། སྐུལ་སྲེ་བ་དང་། གནག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་། ཕྱག་གི་རི་མོ་མདངས་ཡོད་པ ་དང་ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་ཞལ་ཧ་ཅང་ཡང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དང་། ལྗགས་སྲབ་པ་དང་ལྗགས ་འཇམ་པ་དང་། ལྗགས་དམར་བ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང ་མཆེ་བ་དཀར་བ་དང་། མཉམ་པ་དང་ཤ་མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་དང་། ཤངས་གཙང་བ་དང་། སྤྱན་ཡངས་པ་དང་། སྤྱན་རིང་བ་དང་། རྫི་མ་སྐྲག་པ་དང་། སྤྱན་དཀར་ནན། ་འབྱེས་ཤིང་ཨུཏྤ་ལའི་འདབ་མ་ཡང་པ་ལྟ་བུར་འདུག་པ་དང་། ཟང་ཆེ་ཞིང་རྒྱས་ལ་འཁྲེགས་པ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན ་མ་སྡུམ་པ་དང་། སྙན་ཤལ་སྡུག་ཅིང་རིང་བ་དང་། སྤར་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བ་དབྱེས་འཇམ་པ་དང་། དབུ་ཤིན་ཏུ ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྡུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མི་འཛིང་པ་དང་། དབུ་སྐྲ་མི་བཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ཕྱག་དང་ཞབས་ལ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། ཧ་ལ་སོགས་པའི་མཚན་ཡོད་པ་ཡིན་ཏེ། འདི་དག་ནི་དཔེ་བྱད ་བཟང་པོ་བརྒྱད་ཅུའོ།། དགེ་སློང་དག་ཁྱོད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ་དང་། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ ་འདི་ཡིན་ནོ།། དགེ་སློང་དག་འདི་དག་ནི་དགོན་པའི་གནས་སམ། ཤིང་དྲུང་ངམ། ཁང་སྟོང་ངམ། རི་སུལ་ལམ། རིའི་ཕུག་གམ། སོག་ཁྲོད་དམ། བླ་གབ ་མེད་པ་འམ་ཀ་དུར་ཁྲོད་དམག་ནགས་ཚལ་གྱི་མཐོངས་སམ་པས་མཐའི་མལ་སྟན་དག་ཏུ་ངེས་པར་བསམ་གཏན་དུ་གྱིས་ཤིག། དགེ་སློང་དག་བག་མེད་པར་གྱུར་ཏརེ། ཕྱིས་འགྱོད་པར་གྱུརཏེ ་རེ་འདི་ནི་ངེས་ཀྱི་རྗེས་སུ་བསྟན་པའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ།། བཅོམ་ལྡན་འདས་ཀྱིས་དེ ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡིད་རངས་ཏེ། བཅོམ ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །། ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷཱ ་