CLOSE WINDOW

Ty024-009: 'phags pa bsam gyis mi khyab pa'i rgyal po'i mdo zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

གཏོགས་སོ།། @#རྒྱ་གར་སྐད་དུ། ཨཱརྱ་ཙིནྡྷ་རཱ་ཛ་སཱུ་ཏྲན་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བསྡམ་གྱིས་མི་ཁྱབ་པནི། ་རྒྱལ་པོའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས ་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན། ཆོས་ཀྱི་དབྱེ་དགོན་པ། བྱང་ཆུབ་ཀྱི་སྙིང་པོ་ནི་སེང་གེའི་ཁྲི་རྡོ་རྗེ་དང་། ནོར་བུ་རིན་པོ་ཆེས་སྤྲས་པའི་པདྨའི་སྙིང་པོའི་གདན་ལ ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་རྡུལ་ཕྲ། ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས ་མི་ཁྱབ་པའི་རྒྱལ་པོ་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སྨྲས་པ་ཀྱེ་རྒྱལ་བའི་སྲས་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ། ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་བསྐལ་པ་གཅིག་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་དྲབག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་ཉིན་ཞག་གཅིག་གོ ་ཀྱེ་རྒྱལ་བའི་སྲས་དགྲ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བསྐལ་པ་གཅིག་གྲང ་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། ཀྱེ་རྒྱལ་བའི ་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པའི་སངས་རྒྱས་ཀྱི་ཞིང་གི་བསྒྲལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཤིན་ཏུ་སྟུག་པོ་པདྨ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། ཀྱེ་རྒྱལ ་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཤིན་ཏུ་སྟུག་པོ་པདྨ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན ་བདེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། ཀྱེ་རྒྱལ་བའི ་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ཞིང་གི་སྐུལ་བ་གཅིག་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དམ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བ ་སངས་རྒྱས་སེང་གའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང ་གི་ཉིན་ཞག་གཅིག་གོ་ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ ་གཅིག་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགའ་རྫོགས་པའི་སངས་རྒྱས་ཆོས་ཀྱི་འོད་ཟེར་མེ་ཏོག་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ ་ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འོད་ཟེར་མེ་ཏོག་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འོད་གཟེར་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོཀྱེ་རྒྱལ་བའི་སྲས་དག་དེ་བཞིན་གཤེགས། ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཁྱོད་གཟེར་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་དེ་བཞིན་གཤེགས། ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བློ་གྲོས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞག་གཅིག་གོ། ཀྱེ་རྒྱལ་བའི་སྲས་དག། འདི་བསྐལ་པ་བགྲང ་བའི་ཐབས་འདི་ལྟ་བུའི་ཚུལ་གྱིས་བརྩིས་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྒྱ་མཚོའི་རྡུལ་ཕྲ་རབ་སྙེད་ཀྱི་ཞིང་འདས་པའི་ཐ་མ་འཇིག་རྟེན་གྱི་ཁམས་པདྨའི་དཔལ་ཞེས ་བྱ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོའི་དཔལ་བཞུགས་པའི་སངས་རྒྱས་ཀྱི་ཞིང་གི་ཉིན་ཞིག་གཅིག་གོ། ་ཀྱེ་རྒྱལ་བའི་སྲས་དགེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཚན་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། དགེ་བའི་བཤེས་གཉེན་གྱིས་མོས་སུ་ཟིན་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོས་པར་འགྱུར་གྱི། གཞན་དག ་གིས་ནི་ཐོས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་དང་ཐམས ་དང་ལྡན་པའི་འཁོར་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དཀ་དང་ཝད་། མི་དང་། ལྷྭམ་ཡིན་དང་དྲི་བར་བཅས་པའི་འཇིག་རྟེན་ལ་རུང་། ་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོས་གསུངས་པ་ལ་མངོན་པར་བསྟོད་དོ། གའཕགས་པ་བསམ་གྱིས་མི་ཁྱད་པའི ་རྒྱལ་པོའི་མདོ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ་རྫོགས་སོ།། @#རྒྱ་གར་གང་དུ། ཨཱམྱ་སུ་པཱ་ལ་ཀོའུ་ཤ་ལྱ་ནཱ་མ་མ་ཧཱ་ལཱན་སཱཏྲ། དོད་སྐད་དུ། ་