CLOSE WINDOW

Ty021-007: dge slong la rab tu gces pa'i mdo zhes bya ba
Wyliee-texts produced with BDRC’s OCR application

སྡེ་འདི་ཐོས་ནས།། དགེ་སློང་ཐམས་ཅད་གུས་བཅས་པས།། ཆོས་ལ་སྤྱོད་པ་ཉིད་དུ་གྱིས།། ཀླུའི་རྒྱལ་པོ་རྔ་སྒྲའི་ཚོགས་སུ་བཅད་པ་རྫོགས་སོ།། @རྒྱ་གར་སྐད་དུ། ་བྷིཀྵ་པྲ་རི་ཛུ་སཱུ་ཏྲ་ནཱ་མ། བོད་སྐད་དུ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི ་གྲོང་ཁྱེར་ཆེན་པོ་པདྨ་རྒྱས་པ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ།། དེ་ན་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་ཕྱེད་དང་གསུམ་དང་ཐབས་ཅིག་གོ་དེ་ནས་དེའི་ཚེ ་བཅོམ་ལྡན་འདས་ཀྱིས་མཁོར་འདུས་པ་དེའི་ནང་ན། འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་དབང་པོ་དུལ་བ་ཐོས་པ་དང་ལྡན་པ་ཤེས་རབ་ཟབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཅུགས་ནས། ལག་བ་གཉིས་ཀྱི་ཐལ་མོ་སྙིང་ཀར་སྦྱར་བ་བྱས ་འཛུམ་དམྱལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འཁོར་བའི་འདམ་ནས་པདྨ་ལྟར་བྱུང་བའི།། ། སྐྱོབ་མཛད་རི་བོ་ལྟ་བུར་མི་བསྐྱོད་ཐུབ་པའི་སྐུ།། དཔེ་བྱད་རྒྱན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག་མཛེས།། བལྟ་བས་མི་ངོམས་རབ ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས་བདག་ཅག་འདིར་འདུས་འདི་དག་ལ།། དགེ་སློང་འབའ་ཞིག་གནས་པས་དགེ་སློང་གི། ངོ་བོ་དབྱེ་དང་སྒྲ་འཇུག་ཆེད་བྱ་བ།། བཞི་པོ་འདི་དག་ཐུབ་པས་གསུངས་དུ་གསོལ།། དེ་ནས་བཅོམ་ལྡན་བདེ ་གཤེགས་རབ་དགྱེས་ཏེ།། ཉེ་བར་འཁོར་ལ་སྤྱན་གཟིགས་འདི་སྐད་གསུངས།། ལེགས་པར་ཉོན་ཅིག་པུ་ཁྱོད་ཉེ་བར་འཁོར།། ངས་ནི་ཁྱོད་ཀྱི་སེམས་རང་བ་ཕྱི་དང་།། དགེ་སློང་རྣམས་ལ་ཕན་བྱི་དེ་བཤད་དོ།། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ ་མཚན་ཏེ།། དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་ཡིན།། དགེ་སློང་ཞེས་བྱ་སྡུག་བསྔལ་སྤངས་པ་སྟེ།། དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན།། དགེ་སློང་ཞེས་བྱ་ཚོན་མོངས་སྲོག་གཅོད་དེ།། དགེ་སློང་ཞེས་བྱ་ཐར་པའི་ཚལ་འགྲོས། ་དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ།། རྩ་བ་བ་ནི་སོགས་ཉིས་བརྒྱ་ལྔ་བཅུ་པ།། ཆེད་དུ་བྱ་བ་རྣམས་དག་ཚུལ་ཁྲིམས་ཡིན།། དབྱེ་བ་མིང་གི་དགེ་སློང་གང་ཡིན་དང་།། རྟགས་ཙམ་འཛིན་དང་པངས་དགེ་སློང་སྟེ།། སྒྲ་འཇུག་རྣམ་པར། ་ཟང་ཕྱིར་དང་།། དགེ་བ་སློང་དང་ཟས་སློང་དང་།། ཞི་བར་གནས་དང་ལམ་ཞུགས་དང་།། ལེགས་པར་འཚོ་དང་ཆགས་སྤངས་དང་།། ཡིད་འོང་བྱིར་ན་དགེ་སློང་ངོ་།། དགེ་སློང་ཞེས་བྱ་བ་རྒྱན་པ་སྟེ།། རྒྱན་སྤངས་རྒྱན་གྱིས ་ལེགས་པར་བརྒྱམ།། ཆགས་སྤངས་ཆགས་པ་ཆེན་པོ་སྤྱད།། བྱུག་པ་ཁྲུས་དང་བཟའ་བ་དང་།། རྒྱན་དང་གོས་དང་ཁ་དོག་དང་།། རྟ་དང་གླང་པོ་ཁྱོགས་རྩིགས་ཀྱིས།། བནོན་པ་བླ་མེད་དེ་ཡང་བཞོམ།། དེ་དག་འབྱོར་པ ་དགེ་སློང་སྟེ།། དེ་དག་མི་འབྱོར་དགེ་སློང་མིན།། དེ་ནས་ཉེ་བར་འཁོར་དེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཅི་དེ་བདེ་བར་གཤེགས་པ་ཡིས།། སྐད་ཀྱིས་རྟོགས་པར་དཀའ་བ་གསུངས།། དེ་ཉིད་བདེ་བར ་གཤེགས་པ་ཡིས།། ཚིག་གི་མུན་པ་ཚིག་གིས་ནི།། མེར་མེས་གསལ་བར་མཛད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསེར་ལས་སོགས་པ་འཇིག་རྟེན་རྒྱན།། རབ་ཏུ་སྤངས་པས་སྙིང་རྗེ་ཡི།། རྒྱན་གྱི ་མཆོག་གིས་བརྒྱན་པར་བྱ།། འཇིག་རྟེན་མ་ཡིན་བསླབས་པ་ཡི།། གོས་གྱོན་གོས་མཆོག་བཟང་པོ་ཡིན།། ག་པུར་ལ་སོགས་མ་ཡིན་པའི།། ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག། དཀར་དམར་ལ་སོགས་མ་ཡིན་གྱི། ་དད་པའི་ཁ་དོག་རྣམ་པར་མཛེས།། འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི།། བནོན་པ་བླ་མེད་མགྱོགས་པའི་མཆོག། བསམ་གཏན་ཆོས་སྤྱོད་ཟས་མཆོག་ནི།། འབྲས་ཆན་པས་ནི་རོ་མཆོག་ལྡན།། དགེ་འདུན་ཚོགས་ཀྱི་གནལ་ཡས་ཁང་། ་ཞི་གནས་སྟན་ལ་རབ་ཏུ་སྤྱོད།། དེ་དག་ལྡན་ཞིང་ཕྱིར་མི་ལྡོག། དེ་ནི་ཡང་དག་དགེ་སློང་ཡིན།། གཙོ་བོ་གསུམ་དང་འཁོར་ལྟར་ལྡན།། དྲང་སྲོང་སྣོད་བཅས་ལཁར་གསིལ་ལྡན།། ལུས་པ། ཡིད་གསུམ་རྣམ་པར ་བསྡམས།། རང་གི་སྤྱོད་པ་བརྟུལ་ཞུགས་བརྟེན།། དེ་ཡང་ཡང་དག་དགེ་སློང་ཡིན།། དེ་གཉིས་ཐར་པའི་གྲོང་ཁྱེར་ལ།། བསྙེན་པས་ཐར་པ་བདེ་བའི་མཆོག། ཡང་དག་མ་ཡིན་གཉིས་ཤོས་ནི།། ལྷུང་བཟེད་ལ་སོགས་རབ་འབར་བས། ་དམྱལ་བར་ཁྲོ་ཆུ་ལྟ་བུར་མི། བརྒལ་པ་སྟོང་ཕྲག་བནི་རུ་འམ།། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ།། ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག། ཚུལ་ཁྲིམས་འཚལ་བ་སྡུག་བསྔལ་ཡིན།། ཤིན་ཏུ་ལེག། ་པར་ཚུལ་ཁྲིམས་གང་།། བསྡམས་པས་མི་དེ་མཛེས་པའི་གཟུགས།། འདུལ་བ་ལ་ནི་ཉེ་བར་གནས།། ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས།། མི་དེ་ཉི་མ་གཅིག་ལ་ཡང་།། བསོད་ནམས་ཕུང་པོ་དཔག་མེད་པ།། སོག་ཅིང ་སངས་རྒྱས་འབྲས་བུ་བསྐྲུན།། རང་གི་རང་ལ་བསླུས་འདེབས་ཤིང་།། བསླབ་པ་དག་ལ་མ་གནས་ཤིང་།། བདེ་བར་གཤེགས་པའི་རྒྱལ་མཚན་འཛིན།། གཟུགས་ཙམ་ལ་ནི་བརྟེན་ནས་སུ།། ང་ནི་དགེ་སློང་ཡིན་ཟེར་བ། ་གྲང་སྨོན་སྣར་ལ་རྟག་པ་འམ།། སྦྲུམ་མ་སྦྱར་རྩི་འཐུང་བ་ལྟར།། མི་དེ་ཉི་མ་གཅིག་ལ་ཡང་།། སྡིག་པའི་ས་བོན་དཔག་མེད་དང་།། རང་ལ་གནོད་པ་སྣ་ཚོགས་པ།། བྱེད་པར་འགྱུར་བ་ཁོ་ན་ཡིན།། གང་ཞིག་བསླབ་པ་མི ་གནས་ཤིང་།། བདེ་གཤེགས་རྒྱལ་མཚན་འཛིན་པ་བས།། བསླབ་པ་མི་གནས་སྐད་ཅིག་ལ།། བཟུགས་བོར་ཁྱིམ་པར་གནས་པ་བཟང་།། བསླབ་པ་མི་གནས་རྟག་འཛིན་པ།། འཇིག་རྟེན་པ་ནི་ཐམས་ཅད་ཀྱིས།། སྙིང་དུ་སྡུག། ་བར་མི་འགྱུར་ཞིག་ཀུན་ཅིཅིག་གི་ངན་སྣོད་པས།། དཔེར་ན་སྡོངས་པོ་བཟང་པོ་ལ།། ཡུན་རིང་ཡན་ལག་འཁྲུག་པ་བཞིན།། མི་དེ་རྟགས་ཙམ་ཡུན་རིང་ན།། ཁ་ན་མ་ཐོའི་གཏམ་འཕེལ་དང་།། སྡིག་པའི་ལས་རྣམས་འཕེལ་བར ་བཤད།། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག། ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།། ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།། ཚུལ་ཁྲིམས་འདི་ནི་མཆོག་ཡིན་པས།། མིག་གི་འབྲས་བུ་བཞིན ་དུ་སྲུངས།། སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི།། གཏོང་བ་མི་མཁས་བླུན་པོ་ཡིན།། སྲོག་ཆད་ཕྱི་མར་སྐྱེ་བ་སྟེ།། ཚུལ་ཁྲིམས་ཕྱི་ནས་དེ་ལྟ་མིན།། དེ་བས་ཉེ་བར་འཁོར་སོགས་ཀྱིས།། འདི་ཉིད་ལ་ནི་བརྟེན་པར་བཟུང་།། དེ་སྐད་ཅེས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།། ཉེ་བར་འཁོར་ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དགེ་སློང་ལ་རབ་ཏུ་གཅེས་པ་ཞེས་བྱ་བའི་མིང་རྫོགས་སོ།། ་