CLOSE WINDOW

Ty021-006: klu'i rgyal po rnga sgra'i tshigs su bcad pa
Wyliee-texts produced with BDRC’s OCR application

འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ཏུ་གང་གང་དུ། ན་ག་ཛ་དག་ཟླ་བོད་གང་དུ། གྲུའི་རྒྱལ་བོརྡ་ཟླའི ་ཚིགས་སུ་བཅད་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པས་རབ་བསྟན་པ།། བྱང་ཆུབ་སེམས་དཔའ་སྐྱེ་བའི་རབས།། ཐམས་ཅད་ལེགས་པར་འདུས་ནས་སུ། ་ཤིན་ཏུ་དང་བའི་སེམས་ཀྱིས་ཉོན།། རྫོགས་པའི་སངས་རྒྱས་ལྷའི་ལྷ།། དེ་བཞིན་གཤེགས་པ་བཙུགས་པ་ན།། དགེ་སློང་རྣམས་ནི་གཅིག་ལ་གཅིག། ཁ་སྟོབས་ལ་སོགས་རྣམས་ཀྱི་བགྱིད།། དགེ་སློང་ཚིག ་ངན་འདོན་པ་དག། དྲང་སྲོང་ཆེན་པོས་གསན་པ་དང་།། དེ་ཕྱིར་ཐུབ་པས་དེ་འདུན་རྣམས།། བསྡུས་ནས་འདི་སྐད་བཀའ་སྩལ་ཏོ།། ཁྱེད་ཅག་ཁ་སྟོབས་ལ་སོགས་པས།། གཅིག་ལ་གཅིག་ནི་འཚེ་བྱེད་པ། ་ཁྱིམ་ནས་ཁྱིམ་མེད་རབ་བྱུང་དང་།། དེ་དག་འཐུན་པ་མ་ཡིན་ནོ།། རྟག་ཏུ་ཡང་དག་དགའ་བྱེད་པའི།། ཆོས་དྲུག་གང་ཡིན་ལ་འཇུག་པ།། འདི་ནི་ཁྱིམ་ནས་ཁྱིམ་མེད་པར།། རབ་ཏུ་བྱུང་བ་རྣམས་དང་འཐུན། ་སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། འཚེ་བ་མེད་པར་རབ་བསྒོམས་ནས།། ཇི་ལྟ་བྱང་ཆུབ་དོན་གཉེར་བ།། དགེ་སློང་ང་ལས་འདི་ཉོན་ཅིག། ཤེས་རབ་ལྡན་པ་མི་ཡིས་ནི།། ཐོས་ནས་སྡིག་པ་རྣམས ་སྤོང་ལ།། གྲུབ་དང་བདེ་བའི་ཐོབ་བྱའི་ཕྱིར། དགེ་བའི་ཆོས་ལ་སྤྱད་པར་གྱིས།། སྔོན་གྱི་སྤུ་དྲུང་གྱུར་པ་ཡི།། ཀླུ་ཡི་རྒྱལ་པོ་གཉིས་བྱུང་བ།། གཅིག་གི་མིང་ནི་རྔ་ཞེས་བྱ།། གཉིས་པ ་\ུ0f89\ུ0f4་ནས་བྱའོ།། གཉིས་པ་སྲོག་གཅོད་ལས་ལྡོག་ཅིང་།། ཚུལ་ཁྲིམས་ལྡན་ཅིའི་དབང་ཆེར་གྲག་སོ།། ཀུ་ལི་སྱེ་གནས་ལ་སྨོད་ཅིང་།། མི་ཡི་སྲིད་པ་འདོད་པར་འགྱུར། ཚུལ་ལྡན་མང ་དུ་ཐོས་པ་ཡིས།། དགེ་སློང་བྲམ་ཟེ་མཐོང་བ་དང་།། མི་ཡི་ཚུལ་དུ་བསྒྱུར་ནས་ནི།། བསྙེན་བཀུར་དག་ནི་བྱེད་པར་འགྱུར།། ཟླ་བ་ཡང་ངོ་ཚས་བརྒྱད་དང་།། ཅུ་བ་ནི་བཅོ་ལྔ་གང་ཡིན་པ། ་དེ་ལ་ཡན་ལག་བརྒྱད་པ་ཡི།། གསོ་སྦྱོང་ལ་ནི་སེམས་མཉམ་འཇོག། དེ་གཉིས་སྔོན་གྱི་གནས་སྤངས་ནས།། ཡུལ་གཞན་ཞིག་ཏུ་ཕྱིན་པ་དང་།། དེ་དང་ཉེ་བའི་གནས་དེ་ནས།། རྔ་སྒྲ་ཞེས་བྱའི་ཀླུ་གནས་སོ།། ཀླུ་ཡི་སྐྱེས ་མཆོག་སྤུན་གཉིས་པོ།། དེ་གཉིས་འོང་བར་དེས་ཤེས་ནས།། ཁེངས་ཤིང་ཁྲོས་པའི་ཡིད་ཀྱིས་སུ།། དུ་བ་ཅན་གྱི་དབུགས་འབྱིན་ཅིང་།། ཁྱེད་གཉིས་ཆོས་སྤྱོད་མ་ཡིན་ཏེ།། གཡོན་ཅན་ཚུལ་འཆོས ་པའོ་ཞེས།། རྫ་སྨྲས་ཚིག་ནི་རྩུབ་མོ་ཡིས།། ཡང་དང་ཡང་དུ་སྨོད་བྱེད་པ།། དམན་པས་སྐྲོད་པ་ཐོས་པ་དང་།། ལེརྔ་རབ་ཏུ་ཁྲོས་གྱུར་ཏེ།། དེ་ཆེ་བུ་བོ་རྔ་ལ་ནི།། ཚིག་རྣམས་ཀྱིས་ནི་གོ་བྱས་པ། ་ཀྱེ་རྔ་མི་ཡི་འཇིག་རྟེན་དག།། ཚིག་ངན་སྔོན་དུ་སྨྲ་བས་གདུང་བྱེད་ཅིང་།། སྦལ་ཟན་ཆུ་ཡི་འགྲམ་ནས་སྐྱེས་པ་ཡིས།། མཆེ་བ་གདུག་པས་བདག་ཅག་སྐྲོད་པར་བྱེད།། འདི་ནི་ཆུ་ནང་དུད་འགྲོ ་རྣམས་ལ་འཚེ།། ཐང་ལ་མི་རྣམས་ལ་ཡང་འཚེ་བར་བྱེད།། གཙོ་བོ་གལ་ཏེ་བདག་ལ་བཟོད་མཆིས་ཀྱང་།། ཚིག་ངན་སྨྲ་ལ་ཡིད་ནི་བཟོད་མི་ནུས།། དེང་ནི་འདི་ནི་གྲོང་ཁྱེར་དང་། ་ཕོ་བྲང་གཉེན་འདུན་བཅས་རླག་སྟེ། རྔ་སྒྲ་གཏན་ནས་བླངས་ནས་སུ།། འདི་ནས་བདག་ཅག་འདོང་བར་བྱ། ཀླུ་ཡི་རྒྱལ་པོ་སྟོབས་པོ་ཆེ།། དེ་ནུ་བོའི་ཚིག་ཐོས་ནས། ་ཡིད་ལ་འབབ་པར་བྱེད་པ་ཡིས།། ཚིགས་བཅད་འདི་སྐད་སྨྲས་ཏེ་སྷོ།། གང་གི་ཁྱིམ་དུ་ཞག་ནི་གཅིག་གནས་ཤིང་།། བཟའ་དང་བཏུང་བ་ལེགས་པར་བླངས་གྱུར་པ།། དེ་ལ་ཡིད་ཀྱིས་གནོད་པར། ་མི་བསམ་སྟེ། བྱས་པ་གཟོ་བྱ་སྐྱེས་བུ་དམ་པས་བསྔགས།། ལྗོན་ཤིང་གང་གི་གྲིབ་མ་ཡིས།། ཡིད་ཙམ་ཞིག་ཀྱང་ལེགས་འགེབས་དེའི།། ལོ་མའང་གཅོད་པར་མི་བྱེད་ན།། ཡལ་ག་སྔོན ་ཤིང་སྨོས་ཅི་དགོས།། ནགས་ཚལ་ཤིང་ནི་བཅད་དམ་བསྲེག། སླར་ལ་སྐྱེ་འགྱུར་འདི་ལ་ཐེ་ཙོམ་མེད།། ལག་པ་རློན་བཅད་ཕྱིར་ཡང་མི་སྐྱེ་ལྟར།། གྲོག་ལ་འཁུ་བས་ཡུན་རིང་བདེ་མི་ཐོག ་སྐྱེ་བོ་ངན་པ་ཡུན་རིངས་མཆོད་བྱས་ཤིང་།། བཟའ་བཏུང་ཞིམ་པོ་མང་པོས་ཕན་བཏགས་ཀྱང་།། དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ།། གླང་ཆེན་གྱིས་ནི་ཀེའུ་ཤི་སྤྱིལ་བུ་བཞིན།། ཇི་ལྟར་ཆུ་འགྲམ ་ཤིང་ནི་འགྱེལ་འགྱུར་ལྟར།། མི་གང་བློ་ནི་གཡོ་ཞིག་འགྱུར་བྱེད་པ།། དེ་ཡི་འཇི་བ་ཤེས་བརྟན་པར་མི་འགྱུར་ཏེ།། ཤིང་ཤུན་ཆོས་ཀྱིས་རས་བཀར་བཙོས་པ་བཞིན།། གལ་ཏེ་མཁས་པས་དགྲ ་བོ་དག་། མི་དགའ་བར་ནི་བྱེད་འདོད་ན།། སེམས་ལ་སྐྱོན་མེད་བྱས་པ་དང་།། དེ་ཉིས་ཀྱིས་ནི་དེར་གནོད་འགྱུར།། རྒྱ་མཚོ་དང་ནི་རི་རབ་དང་།། ས་རྣམས་བདག་གི་ཁུར་མི་གནས།། ་བྱས་པ་མི་བཟོ་གང་ཡིན་པ།། དེ་ནི་བདག་གི་ཁུར་ཆེན་ཡིན།། མི་གང་སེམས་ནི་མི་རྒོད་ཅིང་།། བྱས་པ་ཚེར་དང་བྱས་མ་བཟོ།། བྱས་པ་ཆུད་བཟོན་མི་བྱེད་པ།། དེ་དག ་མཁས་རབ་ཏུ་སྔགས།། ཆོས་བདེ་བྱམས་པ་བདེ་བ་སྟེ།། འཇུག་ངོགས་བདེ་བའི་ཆུ་ཀླུང་བཞིན།། གྲོགས་ལ་འཁུ་བ་མེད་པ་དང་།། ང་བསྙེམས་ང་རྒྱལ་ཟད་པ་བདེ། ཁེངས་དང ་ཟོལ་བྱེད་ང་རྒྱལ་ཆེ།། སྡིག་པའི་གྲོགས་བྱེད་སྟེན་པ་དང་།། སྟོབས་ལྡན་རྣམས་ལ་རྒོལ་བྱེད་པ།། དེ་དག་རྣམས་ཀྱི་གྲགས་པ་འཇིག། དེ་ཕྱིར་ཁེང་པར་མི་བྱ་སྟེ། ཁྲོ་བ་རྣམ་པར་སྤང་བར་བྱ།། ་ཁེངས་དང་ཁྲོ་བ་ལངས་གྱུར་ན།། གྲགས་པ་མཐའ་དག་འཇིག་པར་འགྱུར།། གང་ཞིག་རྒན་དང་བྲིས་པ་ནད་པ་དང་།། ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། རྒྱལ་པོས་སྤངས་དང ་སྐྱབས་མེད་པ་དག་ལ། སྙིང་བརྩི་མེད་པ་དེ་དག་མིར་མི་རུང་།། རང་གི་ཡུལ་འཁོར་གནས་སྤངས་ཏེ།། གཞན་གྱི་ལྗོངས་སུ་ཕྱིན་པ་དང་།། ཚིག་ངན་སོ་སོར་ཟློག་པཱ་ལ།། བཟོད་པ་ཆེན ་པོ་བྱ་དགོས་སོ།། རང་གི་ཡུལ་ན་བརྙེས་བཞིན་འགྲུ་པ་བས།། མི་རྣམས་གཞན་གྱི་ཡུལ་ན་གནས་ཀྱང་རུང་།། གང་ན་མི་རྣམས་གཞན་གྱིས་མི་བརྙེས་ཏེ།། རང་གི་ཡུལ་ཡིན་དེ་དག་རང ་གི་མི་མི་མཆོག་རྣམས་ནི་བརྙེས་ཐབས་པ་བྱེད་པའི་ཚེ།། ཆུང་མ་ངག་དང་ལོངས་སྤྱོད་རྒྱ་ཆེན་གཏོང་།། ངན་པ་རྣམས་ནི་དེ་ནང་ཡོངས་སུ་འཁྱམ།། བརྙས་ཐབས་བྱེད་པ་དེ་ཡང་ཆུ་བཞིན ་མཐུང་།། དར་བ་བརྙེད་པར་དཀའ་བ་སྟེ།། རྒྱུད་པ་མོད་པ་ཡིན་པའི་ཕྱིར།། སེམས་ཅན་དམན་པས་བརྙས་འགྱུར་ཚེ།། ཁ་རོག་འདུག་དང་བདེ་བ་ཐོག།། གལ་ཏེ་ནོར་མེད་ཕྱོགས་ཉུང་ངམ། ་མཛའ་ཤེས་ཕྱོགས་ཀྱི་སྟོབས་ཆུང་ལ།། དགྲ་བོའི་ཕྱོགས་ཀྱི་སྟོབས་ལྡན་རྒྱ།། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ཆོས་མིན་བྱེད་པ་དང་།། འདོད་པའི་ལོངས་སྤྱོད་མངོན་དགའ་ཞིང་། ་དང་ཆུང་ངོ་ཚ་མེད་པའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ཁྲོ་བ་བྱེད་པ་དང་།། གནོད་སེམས་མང་པོར་གྱུར་པ་དང་།། གཞན་ལ་གདུག་པའི་ཚུལ་ལྡན་ཚེ།། ཁ་རོག་འདུག་དང་། ་བདེ་བ་ཐོབ།། མི་རྣམས་དད་པ་མེད་པ་དང་།། ཁྭ་བཞིན་མུ་ཚོར་སྨྲ་བ་དང་།། སྒྲ་དང་གཡོ་དག་བྱེད་པའི་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ཚུལ་ཁྲིམས་འཆལ་པ་དང་། ་གཏུམ་ཞིང་གཟུ་ལུམས་བྱེད་པ་དང་།། བདེན་པའི་ཆོས་དང་མི་ལྡན་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། མི་རྣམས་ངང་ཚུལ་ངན་པ་དང་།། ལོག་པར་ལྟ་བས་བཅོམ་པ་དང་།། གཏི་མུག་ལྡན་པར། ་གྱུར་པའི་ཚེ། ཁ་རོག་འདུག་དང་བདེ་བ་ཐོབ།། ངོ་ཚ་མེད་ཅིང་བརྫུན་དུ་སྲ།། དོན་མེད་བླ་མ་ཚིག་རྩུབ་དང་།། དབྱེ་དང་ཁྱལ་བ་སྨྲ་བའི་ཆ།། ཁ་རོག་འདུག་དང་བདེ་བ་ཐོག། ཡ་རབས་ཚུལ ་མེད་ཤིན་ཏུ་ཁེངས།། ང་རྒྱལ་གྱིས་ནི་འགྱིང་བ་དང་།། ཕྲག་དོག་བརྐམ་དང་ཚུལ་ཉམས་ཚེ།། ཁ་རོག་འདུག་དང་བདེ་བ་ཐོབ།། གང་ཚེ་མེ་ཡི་རུས་རྣམས་དང་།། རིགས་རྣམས་ཤེས་པ་མ ་ཡིན་པའི།། མི་དང་ལྷན་ཅིག་འདུག་པ་ན།། དེ་ཚེ་ང་རྒྱལ་བྱར་མི་རུང་།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚོ་བས་འཚོ་བའི་ཚེ།། ཡུལ་གྱི་ཕྱིར་དང་བདེ་བའི་ཕྱིར།། ་གཞན་གྱིས་བརྙས་པ་དེ་བཟོང་བུ།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚེ་བས་འཚོ་བའི་ཚེ།། སྡང་བས་འཁྲུག་པར་གྱུར་པ་ན།། གཞན་གྱིས་བནས་པ་དེ་བཟོང་བྱ།། ་གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚོ་བས་འཚོ་བའི་ཚེ།། དམན་པས་བསྐུད་པར་གྱུར་ཀྱང་རུང་།། ཤེས་རབ་ལྡན་པས་དེ་བཟོད་བྱ།། ཀྱེ་མ་ཡུལ་ལོགས་བདག་གནས་ཤིང་།། འཛའ ་བཤེས་ངན་དང་ཕྲད་པ་ན།། བྱིས་པ་རྣམས་དང་འགྲོགས་པ་ཡི།། གནས་སུ་མྱ་ངན་རྟེན་བྱེད་མེད།། ཤེས་རབ་ལྡན་པས་དེ་བསམས་ནས།། མི་ཤེས་མི་དང་འགྲོགས་བྱེད་ཀྱང་།། མཁས་པས་ནོར་དང་། ་ལོངས་སྤྱོད་ཕྱིར། གཟུ་ལུམས་ཁོ་ནར་ཁྲོ་མི་བྱ།། ཇི་ལྟར་ཐལ་བས་བཀབ་པའི་མེ།། རྩཝ་དང་ཤིང་གིས་གཡོགས་པ་ལ།། རླུང་རྣམས་ཀྱིས་ནི་ལེགས་བུས་ན།། ཤིན་ཏུ་རབ་ཏུ་འབར་འགྱུར་ཏེ། ་རྩཝ་དང་ཤིང་ནི་བསྲེས་ནས་སུ།། ཆེན་པོར་མཆེད་ཅིང་མང་བ་ཡིས།། རྩཝ་དང་གེལ་བ་མང་བ་དང་།། ལྗོན་ཤིང་ཆེན་པོ་སྲེག་པ་ལྟར།། དེ་བཞིན་རྣམ་རྟོག་བུད་ཤིང་ལས།། བྱུང་བའི་ཁྲོ་བ་མེ་འདྲ་བས།། བདག་ཉིདདེ་དང་ནི ་གཞན་དག་ལ།། ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར།། དེ་ཕྱིར་ཁྲོ་བ་བྱུང་བ་ན།། ཞེ་སྡང་གཉེན་པོར་གྱུར་པ་ཡི།། བྱམས་པའི་སེམས་ལ་བསྒོམས་གནས་སུ།། མཁས་པ་རྣམས་ཀྱིས་ཟློག་པར་བྱེད།། བསྟོད་པ་བྱས་ན་མཛའ་བྱེད་ལ།། མ་བསྟོད། ་མཛའ་བར་མི་བྱེད་ཅིང་།། མོད་ལ་ཡོངས་སུ་སྤོང་བྱེད་པ།། དེ་ནི་བྱིས་པའི་མཚན་ཉིད་ཡིན།། གལ་ཏེ་འདི་ནི་བྱས་པ་དག། སློ་བ་ཤོག་བརྟོགས་པའི་བྱ་ལྟ་བུར།། བློ་སྤངས་ཤེས་རབ་མི་འཚལ་ན།། མཁས་པ་ཇི་ལྟར་འཚེ་བར་འགྱུར། ་གང་ཕྱིར་བྲིས་པ་བལ་ཆེར་ནི། བློ་གྲོས་སྤངས་ཤིང་ཤེས་རབ་འཚལ།། དེ་ཕྱིར་མཁས་པ་ཤེས་རབ་ཅན། ཁྱད་པར་དུ་ནི་བདེ་བར་འཚོ།། མ་བས་པས་ནོར་རྙེད་དགའ་བར་མི་འགྱུར་ལ།། འཕོངས་པར་གྱུར་ཀྱང་མི་ཝུ། ་འཁྲུག་པ་མེད།། རྗེས་སུ་གཟུང་ཕྱིར་ཕན་པ་དེ་སྨྲན།། ལེགས་སྨྲ་ཡིན་ཞེས་གྱིས་ཅིས་རྟོགས།། མཁས་པ་ཟུ་ལུམས་མེད་པར་གྱུར་པ་དེ།། དེ་ཉིད་སྤྱད་པ་ལེགས་པར་མཉན་ནས་ནི།། དེ་ལྟར་རྣམ་པ་བསམས་ནས། ་རང་དོན་དང་།། གཞན་གྱི་དོན་དག་ལེགས་པར་སྤྱོད་པར་བྱེད།། མཁས་པ་རྣམས་ནི་འཚོ་བའི་རྒྱུ་རྩ་གྱི།། སྡིག་པའི་ལས་རྣམས་ཀུན་ཏུ་སྤྱོད་མི་འགྱུར།། གལ་ཏེ་བདེ་དང་སྡུག་བསྔལ་ལྡན་འགྱུར་ཀྱང་།། རྟག་ཏུ་ཆོས་འདོད ་ཡོངས་སུ་གཏོང་བ་མེད།། བློ་ལྡན་གཡོ་རྒྱུ་ཅན་དུ་མི་འགྱུར་ཏེ།། རྨོངས་པར་མི་འགྱུར་ཚིག་རྩུབ་ཁྲོ་མི་འགྱུར།། ཕོངས་པའི་གནས་ན་མྱ་ངན་མི་བྱེད་པ།། གཞན་གྱི་གནང་ལ་འབེབས་པར་བྱེད་རེ་སྐན།། ཧ་ཅང་ཐལ་དང་དྲ། ་ཅད་ཞུམ་པ་ཡི།། དམན་པའི་མི་རྣམ་ལ་ཡང་མ་ཡིན་ཏེ།། བར་མའི་གནས་ལ་སྟེན་པར་བྱེད་པ་དག། དེ་ནི་མཁས་པ་རྣམས་ཀྱི་མཚན་ཉིད་ཡིན།། ཧ་ཅང་ཐལ་བག་ཏུ་འཁོན།། ཧ་ཅང་ཞུམ་པ་རྟག་ཏུ་བརྙས།། དེ་ཕྱིར ་དེ་གཉིས་སྤངས་ནས་སུ།། གོ་འཕང་བར་མ་སྟེན་པར་བྱ།། རེས་བགའ་ལྐུགས་པ་འམ་འོན་པ་ལྟ་བུར་གྱིས།། དུས་བབ་ནས་བདག་བཞིན་དུ་སྨོས།། རེས་འགའ་གངས་རི་བཞིན་དུ་བསིལ་བ་གྱིས།། དུས་ལ་བབ་ན་མེ་ལྕེ་བཞིན་དུ་སྤོབ། ་རེས་འགའ་རྩཝ་དང་འདྲ་བར་ཞུམ་པར་བྱ།། དུས་ལ་བབ་ན་རི་རབ་ལྟ་བུར་གྱིས།། རེས་འགའ་རྒྱལ་པོ་ལྟ་བུར་འགྱུར་བར་བྱ།། དུས་ལ་བབ་ན་ཐུབ་འདྲ་ནགས་སུ་སོང་།། རེས་འགའ་བཀྲེས་དང་སྐོམ་པའང་བཟོད་པར་བྱ།། དུས་སུ་བདེ་དང ་སྡུག་བསྔལ་དང་དུ་བླང་།། ནོར་ཕྱིར་བྲན་བཞིན་བཀོལ་བར་མི་བྱ་སྟེ།། ཁྲོ་བའི་དབང་དུ་འགྱུར་བར་མི་བྱའོ།། རེས་འགའ་དགའ་བའི་གླུ་དང་སིལ་སྙན་གྱིས།། རྩེ་ཞིང་ཤ་དང་ཆང་ཡང་སྤྱད་པར་བྱ།། རེས། ་འགའ་རི་དགས་བཞིན་དུ་འཇིགས་བཞིན་སོང་།། དུས་སུ་གཅན་ཟན་བཞིན་དུ་ཉམ་རྩལ་བསྟན།། དང་པོར་དུས་དང་དུས་མིན་དང་།། བདག་ཉིད་སྟོབས་ལྡན་སྟོབས་མེད་དང་།། དར་དང་རྒུད་པ་རྟགས་ནས་སུ།། དེ་ནས་དོན་རྣམས་ལེགས ་པར་བརྩམ།། བཟོད་མེད་རྣམས་ལ་བཟོད་པ་དང་།། བཟོད་ལྡན་རྣམས་ལ་བཟོད་པར་གྱིས།། ཉམ་ཆུང་རྣམས་ལ་བཟོད་པ་དང་།། སྟོབས་ལྡན་རྣམས་ལ་རྟག་བཟོད་གྱིས།། འཁོན་གྱིས་འཁོན་ཞིར་ནམ་ཡང་མི་འགྱུར་བས།། བཟོད། ་མེད་རྣམས་ལའང་བཟོད་པར་བྱས་ན་ལེགས།། ཁྲོས་པ་རྣམས་ལ་རྟག་ཏུ་དང་བ་དང་།། གཞན་གྱིས་སྐྱོན་རྣམས་རྟག་ཏུ་བཅབ་པར་གྱིས།། གཙོ་བོ་རྣམས་ཀྱི་ཚིག་ནི་འཇིགས་ཕྱིར་དང་།། འཐབ་ཟླའི་ཚིག་དང་འཐབ་གཅུགས་འགྱུར ་ཕྱིར་བཟོད།། གང་ཞིག་འོག་མའི་ཚིག་རྣམས་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་དམ་པས་གསུངས།། གཤེ་དང་གྱ་ཙོམ་སྨྲ་བ་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། བློ་གྲོས་ཆུང་ངུས་མི་བཟོད་དེ།། པདྨ་ལ་ནི་རྡོ་ཆར་བཞིན། ་གཤེ་དང་གྱ་ཙེམ་སྨྲ་བ་དང་།། ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པ་ཤིན་ཏུ་བཟོད་བྱེད་དེ།། གླང་ཆེན་མེ་ཏོག་ཆར་པ་བཞིན།། ཁྲོ་བ་དང་ནི་བརྫུན་དག་དང་། ཚིག་ངན་སྨྲ་བར་བྱེད་པ་ལ།། མཁས་པ་ཤེས་རབ་ལྡན་གྱུར་པ། ་གང་ཡིན་དེ་ནི་ཐམས་ཅད་བཟོད།། རྡོ་བ་བསྲེགས་ཀྱང་ཞུ་མི་འགྱུར།། ཆར་པ་བབ་ཀྱང་འཇིག་པ་མེད།། དེ་བཞིན་པདེ་དང་སྡུག་བསྔལ་གྱིས།། མཁས་པ་ཉམས་པར་འགྱུར་བ་མེད།། གང་ཞིག་བདེན་པས་གཤི་མིང་བ།། དེལ ་མཁས་པས་བཟོད་པར་བྱེད།། བདེན་པ་མ་ཡིན་པ་ཡང་བཟོད།། དེ་ལས་གཞན་པའང་བསྟན་དུ་མེད།། འདི་ལྟར་སྐྱེས་བུ་མཁས་པ་ནོར་གྱི་ཕྱིར།། སྡུག་བསྔལ་བཟོད་བྱ་བཟོད་པར་འགྱུར་བར་བྱ།། གལ་ཏེ་མི་བཟོད་མྱ་ངན་རྣམས ་སྤངས་ཏེ།། གཞན་དུ་སོང་ནས་སྟོང་ཕྲག་རྙེད་དང་འདྲ།། ཡལ་ག་གཉིགས་ན་འཇུ་བར་མི་བྱ་སྟེ།། ཆགས་བྲལ་སེམས་ལ་ཆགས་པར་མི་བྱའོ།། བཟང་ཞིང་སྡུག་པས་ས་སྟེང་གང་བས་ན།། འཇིག་རྟེན་ཡངས་པ་གཞན་དུ ་འགྲོར་ཟད་མོད།། གང་ན་བརྙས་བྱེད་བཀུར་སྟིར་མི་བྱེད་དེང་།། སྡོད་པར་བྱེད་ཅིང་བསྟོད་པར་མི་བྱེད་ན།། མཁས་དང་བླུན་འགྲོགས་ཆེད་ཀ་མི་ཆེས་པས།། རང་རྒྱལ་བཞིན་དུ་མ་སྨྲ་དེ་འགྲོ་རིགས།། གང་ལ་སྐྱེས ་བུ་འཐབ་ལ་དགའ་གྱུར་ནས།། གཡོ་རྒྱུའི་བསམ་ལྡན་རྟག་ཏུ་གླགས་ཀྱང་བྱེད།། ཀྱལ་པ་བྱེན་བརྫུན་ཚིག་རྩུབ་སྨྲ་བྱེད་པ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོ།། གང་ན་མི་རྣམས་འཚོ་བར་བྱེད་གྱུར་ནས།། ཕན་ཚུན ་གནད་ལ་འབེབས་པར་དགའ་བ་དང་།། ལུས་དང་ངག་ཡིད་སྡོམ་པ་མེད་གྱུར་པ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།། གང་ན་མི་རྣམས་ཕྲག་དོག་བྱེད་གྱུར་ནས།། གཞན་གྱི་རྙེད་པ་རྟག་ཏུ་མི་བཟོད་ཅིང་།། སྣང་བའི། ་བསམ་པས་རྣམ་རྨོངས་ཚུལ་ཆོས་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་སྡིག་བྱེད་འདོད་གྱུར་ནས།། བཀུར་སྟི་འདོད་ཅིང་ཚུལ་འཆོས་གཡོ་རྒྱུ་བྱེད།། ནང་ཡང་མ་དག་ཕྱི་ཡང་མ་དགལ ་དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་ཞེས་མེད་གྱུར་ནས།། ཡ་རབས་ཚུལ་མེད་ཁེངས་ཤེས་ང་རྒྱལ་ལྡན།། བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ།། ་བར་གྱིས།། གང་དང་གང་ན་བཟའ་བཏུང་དང་།། གང་དུ་གོས་རྣམས་རྙེད་པ་དང་།། གང་དུ་འཚོ་བ་དེར་སོང་ལ།། ཆགས་འགྱུར་གནས་སུ་མ་འདུག་ཤིག། ལན་འགའ་རྩོད་འགྱུར་སྲེད་པ་གང་ཡིན་སྤྲོང། ་འབྲས་བུ་ངན་པའི་ཁྲོ་བ་གང་ཡིནི་སྤོངས།། རྟག་ཁེངས་མཆོད་མེད་ང་རྒྱལ་གང་ཡིན་སྤོངས།། ཕོངས་དུས་མི་ལྷའི་གྲོགས་པོ་གང་ཡིན་སྤོངས།། མེ་ཡིས་གང་བའི་ལམ་འདྲའི་མ་རིག་སྤོངས།། བྱས་གཟོ་མེད་པའི་གཉེན་འདྲའི ་འདོད་ཆགས་སྤོངས།། མཆེ་བ་མི་བཟད་ཀླུ་འདྲའི་ཆགས་པ་སྤོངས།། དག་པོ་མཚོན་ཐོགས་ལྟ་བུའི་སྡུག་བསྔལ་སྤོངས།། ཀླུ་མོ་ལྟ་བུའི་མི་བཟང་ཆུང་མཐོང་།། མགོ་ལ་མེ་འབར་ལྟ་བུའི་བུ་རྣམས་ཐོང་།། མགོ་བའི་ནང་བཅས་ལྟ་བུའི ་ཁྱིམ་རྣམས་ཐོང་།། བཏུང་བ་དུག་ཆེན་ལྟ་བའི་འདོད་པ་ཐོང་།། ཁྱིམ་གྱི་ཕྱིར་ནི་གཅིག་གཏང་སྟེ།། གྲོང་ཁྱེར་དོན་དུ་ཁྱིམ་གཏང་ངོ་།། ལྗོངས་ཀྱི་ཕྱིར་ནི་གྲོང་ཁྱེར་ཏེ།། བདག་གི་དོན་དུ་ས་གཏང་ངོ་།། མི་ཡི་ཡན་ལག་ཕྱིར་ནི་ནོར་གཏང་ཞིང་། ་སྲོག་གི་དོན་དུ་ཡན་ལག་གཏང་བར་བྱ།། ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག། ཐམས་ཅད་གཏང་གི་འདིར་ནི་ཆོས་བསྲུང་ངོ་།། ཆོས་སྤྱོད་པ་ལ་འཇིགས་སྐྲག་མེད་པ་ཉིད།། ཆོས་སྤྱོད་དག་ནི་ངན་འགྲོར་མི་འགྲོ་སྟེ།། ཆོས་སྤྱོད་པ་ནི། ་འདོད་པའི་འགྲོ་བར་འགྲོ།། ཆོས་མིན་སྤྱོད་པ་ཤི་ནས་གདུངས་པར་འགྱུར།། མཁས་པ་ནོར་རྙེད་དགའ་བར་མི་འགྱུར་ལ།། ནོར་ཟད་ན་ཡང་བློ་གྲོས་མི་འཁྱིམ་པར།། འཇིག་རྟེན་དག་ན་ཅི་དགར་ལེགས་རྒྱུ་བ།། སེམས་ཅན་ནང་ན་མི་ཡི་སྙིང་པོར་ཆུད།། ་གང་ཞིག་དགའ་བས་གཞན་ལ་ནོར་སྦྱིན་ཞིང་།། ང་རྒྱལ་འཚེ་བ་རྣམས་སྤངས་བདེན་ལ་གནས།། རྒྱ་མཚོ་འདྲ་བའི་སེམས་ལྡན་དེ་དག་ནི།། དབང་པོ་རྟུལ་པོད་ལ་རབས་སྟོབས་ལྡན་ཞིང་།། གང་ནི་དང་དེ་ལ་ལེགས་བསླབས་པས།། དོན་རྣམས ་ཀུན་ལ་མཁས་པར་འགྱུར་བ་དང་།། ཞི་ལ་འགྲོགས་ན་བདེ་བ་དེ་དག་ནི།། དམ་པས་ལེགས་པ་ཡིན་ཞེས་བསྔགས་པ་མཛད།། ཉེ་རྔས་སྨྲས་པ།། རྔ་ཁྱོད་ལ་ནི་ཕྱི་ཕྱིར་ཞིང་།། འདི་ལྟར་བདག་ནི་རབ་ཏུ་དང་།། བདག་གི་ལུས་ནི་སྐམས་པ་འམ། ་ཡང་ན་སེམས་ནི་མེད་ཀྱང་བླ།། སྡུག་བསྔལ་ཤིན་ཏུ་མི་བཟད་པར།། སྤྱང་ཡང་བྱིན་ཆད་སྡིག་མི་བགྱི།། ཚུལ་ཁྲིམས་ཉམས་པ་གསོན་པ་བས།། ཚུལ་ཁྲིམས་ལྡན་པ་ཤི་ཡང་བླ།། སྐྱེ་བ་གཅིག་ཏུ་ལུས་འདིའི་ཕྱིར།། ཇི་ལྟར། ་བུར་ནི་མི་བཟད་ངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྔོན་ཚེ་གང་དུ་རབ་གནས་ཤིང་།། དེ་དང་དེར་ནི་སྐྱེ་བ་ན།། མི་དགེའི་གྲོགས་དང་འགྲོགས་པ་ཡིས།། བདག་གིས་མི་དགེའི་ལས་རྣམས་བྱས།། དགེ་བའི ་བཤེས་དང་འཕྲད་པ་དང་།། མི་དགེའི་ལས་རྣམས་སྤངས་པ་ཡིས།། བདག་གིས་མི་དགེའི་ལས་རྣམ་བསལ།། བཅོམ་ལྡན་དེ་བཞིན་གཤེགས་པ་ཡིས།། སྔོན་གྱི་གནས་རྣམས་མངོན་མཁྱེན་ནས།། དེ་ཕྱིར་དགེ་སློང་རྣམས ་ལ་ནི་ཐུབ་པས་ལུང་ཡང་བསྟན་པར་མཛད།། སྔོན་ཚང་ནི་རྔར་གྱུར་ཏེ།། ཀུན་དགའ་བོ་ནི་ཉེ་རྔ་ཡིན།། ལྷ་སྦྱིན་རྔ་སྒྲར་གྱུར་ཏོ་ཞེས།། སྐྱེས་རབས་དེ་ལྟར་ཤེས་པར་གྱིས།། ཆོས་རྣམས་སྡུད་པར་བྱེད་པ་ཡིས།། དོན་རྒྱས་མདོ ་སྡེ་འདི་ཐོས་ནས།། དགེ་སློང་ཐམས་ཅད་གུས་བཅས་པས།། ཆོས་ལ་སྤྱོད་པ་ཉིད་དུ་གྱིས།། ཀླུའི་རྒྱལ་པོ་རྔ་སྒྲའི་ཚོགས་སུ་བཅད་པ་རྫོགས་སོ།། @རྒྱ་གར་སྐད་དུ། ་