| Wylie | e-texts produced with BDRC’s OCR application |
བརྒྱ། རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་དང་ཏ་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས ་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྤོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས ་ཅང་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ ་བཛྲ་ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན ་ཏུ་རྣམ་པར་གྲོལ་ག་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟུག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ།། བྱང ་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་ཕལ་ཆེར་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དང་། བྱང་ཆུབ་སེམས་དཔའ་ཤེས ་རབ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་གྲགས་པའི་བློ་གྲོས་དང་། སྤོབས་པ་བརྩེགས་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། ་བྱམས་པ་དང་། མྱ་དྲན་མེད་ཀྱིས་བྱིན་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། གོམ་པ་འདོར་བ་དྲོན་ཡོད་དང་། མཐོང་བ་དོན་ཡོད་དང་། ངན་སོང་སྤོང་དང་། མྱ་ངན་གྱི་མུན་པ་ཐམས་ཅད་འཇོམས་པ་དང་། ་ཡོན་ཏན་རིན་པོ་ཆེའི་མེ་ཏོག་གིས་རྟག་ཏུ་བརྒྱན་དང་། གསེར་གྱི་འཕྲེང་བའི་འོད་ཀྱི་དཔལ་ཅན་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་ཐོགས་པ་མེད་པ་དང་། དེ་དག ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་དང་ཡང་ཐབས་གཅིག་གོ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་ག ་བོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་དང་། རིན་པོ་ཆེ་ཏོག་དང་། མཐོང་བ་དོན་ཡོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་།། འདུག ་བ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་སྔ་དྲོའི་དུས་ཀྱི་ཚེ། ་ཤམ་ཐབས་དང་ཆོས་གོས་བགོས་ནས། ལྷུང་བཟེད་ཐོགས་ཏེ། བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་ཞུགས་ནས། དེ་དག་ལམ་གྱི་བར་སྐབས་སུ་གཏམ་འདི་སྐད་ཅེས། གང་གིས་གྲོང ་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་འཕགས་པའི་བདེན་པའི་གཏམ་ཐོས་པས་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པ ་བྱའོ་ཞེས་བརྗོད་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། གང་གིས་གྲོང་ཁྱེར་དུ་འཕགས་པའི་བདེན་པ་རྣམས་ལ། སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་ཤེས་འབྲུ་ཐོགས་པ ་མེད་དེ། དེ་དག་གི་ཤེས་རབ་ལ་མུན་པ་མུན་ནུག་མེད་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན ་པོས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ལ་བདུད་ཀྱི་ལས་རྣམས་འབྱུང་བར་མི་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ་ཚེ་དང་ལྡན་པ་བྱམས་མའི་བུ་གླང་པོས་སྨྲས་པ། ཅི་ནས་ཀྱང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། འཚོ་བ་པ་དང་། བྲམ་ཟེ་དང་། ཁྱིམ་བདག་གང་དག་གྲོང་ཁྱེར་ན ་འཁོད་པ་དེ་དག་སྡིག་པ་ཅན་གྱི་ལྟ་བ་དང་ལྡན་པར་མི་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སྨྲས ་པ་རྡ་ཅི་ནས་ཀྱང་གྲོང་ཁྱེར་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གང་དག་བདག་ཅག་ལ་བསོད་སྙོམས་སྦྱིན་པར་བྱེད་པ་འཁོད་པ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ ་ལོངས་སྤྱོད་ཟད་མི་ཤེས་པ་རྙེད་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྦོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། གང་གིས་གྲོང ་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཉོན་མོངས་པ་མེད་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་ནམ་གྲུས་སྨྲས་པ། ་གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་མ་འགགས ་པས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ནད་མེད་པའི་བདེ་བ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ལ་སྔོན་མ་ཐོས་པའི་ཆོས་རྣམས་མངོན་དུ་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུམ ་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། འཇམ་དཔལ་གཞོན་ནུར་གྱུར་པས་སྤྲས་པ། ཅི་ནས་ཀྱང་གང་གིས་གྲོང་ཁྱེར་ན་སྒོ་དང་། སྐར་ཁུང་དང་། རྩིག་པ་དང་། སྣོད་དང་། རྒྱན་དང་། ཤིང་དང་། ལོ་མ་དང་། ་མེ་ཏོག་དང་། འབྲས་བུ་དང་། གོས་རྣམས་ལས་སྟོང་པ་ཉིད་ཀྱི་སྒྲ་འབྱུང་བར་འགྱུར་བ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། དངོས་པོ་མེད་པའི་སྒྲ་དག་། ་བདག་མེད་པའི་སྒྲ་འབྱུང་བར་འགྱུར་བུ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་གིས་སྨྲས་པ། གང་གིས་གྲོང་ཁྱེར་ན་སེམས་ཅན ་རྣམས་ཀྱི་ལས་ངན་སོང་མྱོང་བར་འགྱུར་བ་གང་ཡོད་པ་དེ་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད ་ཀྱིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་གིས་སྨྲས་པ། གང་གིས་གྲོང་ཁྱེར་ན་ཁྱིམ་ཐམས་ཅད་དུ་རིན་པོ་ཆེས་གང་བའི་གཏེར་རྣམས་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། གང་གིས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་སྒྲིབ་པ་ལྔ་པོ་དག་རྣམ་པར་སེལ ་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་བཅིངས་པ་དང་། གས ་པར་བཀྲ་བ་དེ་དག་ཐར་པ་དང་། འཇིགས་པས་ཉེན་པ་རྣམས་ཀྱང་འཇིགས་པ་མེད་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་སྤོངས་པ་བརྩེགས ་ཀྱིས་སྨྲས་པ། གང་གིས་གྲོང་ཁྱེར་ན་སྐྱེ་བོའི་ཚོགས་ཐམས་ཅད་ཕན་ཚུན་དུ་ཚིགས་སུ་བཅང་བའི་དབྱངས་དང་། བྱམས་པའི་སེམས་ཀྱིས་སྨྲ་བར་འགྱུར་བ་དང་། སྤོངས་པའང་ཐོབ་པར་འགྱུར་བ་རྣམ་པ་དེས ་བུའི་བསམ་པོ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅང་དྲན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁྲོ་བོས་བསམ་པར་བྱའོ།། དེ་ནས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་རྣམ་པ་དེ་ལྟ་བུའི་གཏམ ་འདི་རྗོད་ཅིང་། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་ཏོ།། ཡང་དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ཞེས་བྱ་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པ། མངོན་པར་ཤེས་པ་ལྔ་པོ་དག་ཐོབ་པ་ཞིག་ཡོད་དེ། བུ་མོ་དེས་ལྷའི་མིག་དག་པ་མིའི་ལས་འདས་པས ་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་མཐོང་ཞིང་དེ་ངག་ལམ་གྱི་ངར་སྐབས་སུ་གཏམ་ཅི་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཐོས་སོ།། བུ་མོ་དེའང་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ཕ་མ་དང་ནང་མི་ལ་བྱམས་པ། བཙས་ནས་ལོ་བཅུ་གཉིས་ལོན་པ་སྟེ། དེ་དཔྱིད་ཟླ་ཐ་ཆུང་ཚེས་བརྒྱད་སྐར་མ་རྒྱལ་གྱི་ཉིན་པར་ཕ་མས་དགེ་མཚན་དང་བཀྲ་ཤིས་བྱིད་དུ་གན ་ནས། བྲམ་ཟེ་ཞོ་དང་། རྩཝ་ཀུ་ཤ་དང་། མེ་ཏོག་དང་། ཡམ་སྲེག་ཤིང་དང་། མར་དང་། བུམ་པ་ཐོགས་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་ཁྲུས་བྱ་བར་ཁྲིད་པ་ལས། བྲམ་ཟེ་དེ་དག་གིས་བྱང ་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་མཐོང་ངོ་།། མཐོང་ནས་ཀྱང་བཀྲ་མྲི་ཤིས་སོ་སྙམ་པའི་འདུ་ཤེས་ཀྱིས་གནས་པར་གྱུར་ཏོ།། དེ་ནས་བྲམ་ཟེ་དེ་དག་གི་ནང་ནས་བྲམ་ཟེ་ཆེས་བཀྲེས་ཚུངས་པའི ་ལྷ་ཞེས་བྱ་བ་དེས། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་དགེ་སློང་དག་མདུན་ན་འཁོད་པ་ནི་བཀྲ་མི་ཤིས་ཏེ། དེ་དག་མཐོང་ན་དགོས་པ་འམ། ནོར་རམ། བརྟུལ་ཞུགས་སམ། མཆོད་སྦྱིན་ནམ། ་བཀྲ་ཤིས་ཀྱང་རུང་སྟེ། མ་འགྲུབ་ཀྱིས་གྲོང་ཁྱེར་དུ་སླར་བཞུད་དོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྲམ་ཟེ་ཚངས་པའི་ལྷ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་ཆགས་མེད་མཆོག་ཏུ་དགེ་ཤེས་པ།། སྐྱེ ་བོ་མང་པོའི་སྡིག་པ་འཇིག་པར་བྱེད།། འདི་དག་རྣམ་པར་དག་ཅིང་བདེན་བཞི་མཐོང་།། དུལ་ལ་གྲོལ་བར་གྱུར་ཅིང་མཉམ་པར་བཞག། འདི་དག་རྐང་གཉིས་དམ་པ་བསོད་ནམས་ཞིང་།། འདི་ལ་ཡོན་ཕུལ་མཐོ་རིས ་འགྲོ་བར་འགྱུར།། འདི་ལ་ཡོན་ཕུལ་འབྲས་བུ་འཆི་མེད་འཐོབ།། བྱིན་ནས་སེམས་ཅན་ངན་འགྲོར་འགྲོ་མི་འགྱུར།། ཚུལ་ཁྲིམས་དང་ནི་དུལ་བར་ལྡན་པ་ཡིན།། འདོད་ལས་བརྒལ་ཞིང་སྡིག་མེད་རེ་བ་མེད།། འདི ་དག་སྨན་པ་མཆོག་སྟེ་འཇིག་རྟེན་རྒྱུ།། སྡུག་བསྔལ་གཟིར་བའི་སྲོག་ཆགས་ཐར་པར་བྱེད།། སངས་རྒྱས་འཇིག་རྟེན་དག་ན་ཆོས་ཀྱི་རྗེ།། དེའི་སྲས་འདི་དག་རྡུལ་མེད་ཉོན་མོངས་མེད།། འདི་དང་བྱང་ཆུབ་སེམས ་དཔའ་གཞན་ཡང་མང་།། ཤེས་རབ་ལྡན་མིས་འདི་དག་ཇི་ལྟར་སྤང་།། འདི་དག་བརྟུལ་ཞུགས་སྤྱད་ཅིང་འདོད་ཆགས་ཞི།། བཀྲ་ཤིས་གྱུར་ཅིང་མཁས་པ་སྦྱིན་ཆར་ཕབ།། འདྲི་དག་རྣམས་ལ་བཀུར་སྟི་ཆུང་བྱས་ཀྱང་། ་མི་རྣམས་ཆོས་དང་དེ་བཞིན་ནོར་ཡང་འགྲུབ།། འདི་དག་མཚན་རྣམས་ཡོངས་རྫོགས་དགེ་ཤིས་ལྡན།། འདི་དག་ཞིང་མཆོག་རྣམ་དག་སེམས་དང་ལྡན།། བྲམ་ཟེ་འདི་ལ་སུ་ཞིག་དྲང་བྱེད་པ།། དེ་ནི་བསོད་རྣམས་མང ་པོ་སྐྱེད་པར་འགྱུར། དེ་ནས་བྲམ་ཟེ་ཚངས་པའི་ལྷས། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་ཚིགས་སུ་བཅད་དེ་སྤུར་སྤྲས་པཱ། བྱིས་པའི་སེམས་ཀྱི་དབང་དུ་མ་བཞུད་ཅིག། མཆོད་སྦྱིན་དུས་འདིར་དགེ་སློང ་མ་གཟིགས་ཤིག། ངུར་སྨྲིག་གོས་ཅན་དེ་བཞིན་མགོ་བྲེགས་པ།། དེ་དྲག་དྲོན་འདོད་པས་ནི་བལྟ་མི་བགྱི།། ཡབ་དང་ཡུམ་ཡང་དགྱེས་པར་མི་འགྱུར་ཞིང་།། བདག་ཀྱང་མཁས་པ་རྣམས་ཀྱིས་སྨད་པར་འགྱུར།། ཁྱོད ་ཀྱི་མཆོད་སྦྱིན་འགྲུབ་པར་མི་འགྱུར་གྱིས།། དེ་བས་དགེ་སློང་རྣམས་ནི་ཤིན་ཏུ་སྤོངས།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས།། བྲམ་ཟེ་ཚངས་པའི་ལྷ་དེ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། ཡོན་ཏན་ལྡན་པ་འདི ་དག་མ་རྟོགས་པར།། ཕ་དང་མ་ཡང་ཁོ་མོའི་སྐྱབས་མ་ཡིན།། གཉེན་གྱི་ཚོགས་དང་ནོར་དང་ལང་ཚོ་མིན།། འདི་དག་འཁོར་བར་བྱིང་བ་རྣམས་ཀྱི་སྐྱབས།། བདག་ནི་སངས་རྒྱས་དགའ་བས་ལུས་བཏང་ཞིང་།། དེ ་བཞིན་སྲོག་དང་ལོངས་སྤྱོད་རྣམས་ཀྱང་བཏང་།། དཀོན་མཆོག་གསུམ་ཉིད་སྐྱབས་ཡིན་མ་གཏོགས་པར།། ཁོ་མོའི་སྐྱབས་རྟེན་སེམས་ཅན་འདི་ན་མེད།། དེ་ནས་བྲམ་ཟེ་ཚངས་པའི་ལྷས། ་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་བཙས་ནས་ཁྱོད་ཀྱིས་སྡོམ་སངས་རྒྱས་ཀྱང་མ་གཟིགས། སྔོན་ཆོས་ཀྱང་མ་གསན། སྔོན་དགེ་འདུན་ལ་བསྙེན་བཀུར་ཡང ་མ་མཛད་ན། ཁྱོད་ཅིའི་སླད་དུ་སངས་རྒྱས་ལ་དད་པར་གྱུར།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྤྲས་པ། བྲམ་ཟེ་ཁོ་མོ་བཙས་ནས་ཞག་བདུན་ལོན་པ་ན། ཙན་དན་གྱི་ཁང་བཟངས་ཀྱི་ནང་ན་གསེར་གྱི་ཁྲི་ལྔ་བཞག་པའི་ཚེ། ་ལྷའི་བུ་ལྔ་བརྒྱ་སྟེང་གི་བར་སྣང་ལ་འདོད་པ་ཁོ་མས་མཐོང་སྟེ། དེ་དག་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་བསྔགས་པ་རྗོད།། ཆོས་དང་དགེ་འདུན་གྱི་བསྔགས་བརྗེད་པ་ཁོ་མོས་ཐོས་སོ།། དེ་ནས་ལྷའི་བུ་དེ་དག་གི་ནང ་ནས་གང་གིས་སྔོན་དེ་བཞིན་གཤེགས་པ་མཐོང་བ་གཅིག་པུ་དེ་ལ། ལྷའི་བུ་རྣམས་ཀྱིས་དྲིས་པ། གྲོགས་པོ་དེ་བཞིན་གཤེགས་པ་ནི་ཅི་འདྲ་བ་ཞིག། དེ་ནི་ཇི་ལྟར་ཤེས་པར་བྱ། དེ་ནས་ལྷའི་བུ་དེས་ཁོ་མོའི་བསམ ་བཤེས་ནས། ལྔའི་བུ་དེ་དག་ཀྱང་དད་པ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། དེ་ཡི་དབུ་སྐྲ་དྲི་མེད་སྣུམ་ཞིང་མཛེས།། གཙང་འཇམ་གཡས་སུ་འཁྱིལ་བའི་ལྗང་ལོ་ཅན།། ཞལ་མདོག་བཱཛྲ ་འདབ་པ་རྒྱས་པ་འདྲ།། ཟླ་ཉ་མཚན་མོ་ནམ་མཁར་མཛེས་པ་བཞིན།། དེ་ཡི་མཛོད་སྤུ་ཁ་བ་ཤེལ་མདོག་བཟང་།། སྤྲིན་མཚམས་བར་ནས་འཁྱིལ་ཅིང་ཤིན་ཏུ་མཛེས།། དེ་ཡིས་འཁོར་རྣམས་ཟིལ་གྱིས ་མནན་ཏེ་འདུག། རྒྱལ་བའི་ཞལ་ཡང་ཤིན་ཏུ་མཛེས་པར་བྱེད།། མི་དབང་སྤྱན་མཛེས་འགྲམ་པ་སེང་གེའི་འདྲ།། སེམས་སྟོབས་མི་ཞུམ་ཚེམས་མཉམ་ཐགས་ཀྱང་བཟང་།། དེ་ཡི་ལྗགས་ཆེ་ཞལ་གྱི་དཀྱིལ ་འཁོར་ཁེབས།། དེ་ཡི་ཞལ་ནི་དྲི་མེད་རྣམས་པར་མཛེས།། དེ་ཡི་གསུང་ནི་ཕམ་ཞིང་སྙམ་ལ་རང་།། ཚིག་རྩུ་སྤངས་ཤིང་མི་འབྱེད་སྡིག་པ་མེད།། སྐྱེ་བོ་དཔག་ཏུ་མེད་པ་དང་མཛད་ཅིང་།། འགྲོལ་པ། ་ཕྱིར་རྒྱལ་བ་གསུང་ཡང་སྒྲོགས།། དེ་ཡི་མགུར་ནི་དུང་དང་མཚུངས་ཤིང་འདྲ།། དེ་བཞིན་མི་དབང་ཕྱུག་གི་སོར་མོ་རིང་།། དེ་ཡི་ཕྱག་ནི་གླང་ཆེན་སྣ་དང་འདྲ།། བྲང་ཡངས་དྲི་མེད་ལྟེ་བ་གཞོལ་ཞིང་ཟག། ་མཆོག་ལྟ་བུར་མདོམས་ཀྱི་སྦ་བ་ནུང་།། དེ་བཞིན་སྤུ་ཡི་ཁུང་བུ་གྲཝ་སྡེར་དང་འདྲ།། བཱརྦ་ཡི་དབྱིབས་ནི་གླང་པོའི་ལག་དང་མཚུངས།། ཞབས་ནི་ལེགས་གནས་བྱིན་པ་ཨེ་ནྱའི་འདྲ།། ཐུབ་པའི་དབང་པོ་བདེན ་གསུང་རྒྱགས་པའི་སྐྱོན་དང་བྲལ།། ངན་ལྷས་བཅོམ་པ་རྣམས་ཀྱི་སྡིག་པའི་ལྔ་པ་འཇིག། འཁོར་གྱི་ནང་དུ་དྲི་བ་བྱེ་བ་དྲིས་བྱས་ཀྱང་།། འཁྲུལ་མེད་སྐྱོན་དང་བྲལ་བས་སེམས་ཅན་ཀུན་ཚིམ་མཛད།། གྱ་རྒྱ ་མེད་དྲ་ཚིག་གིས་ལུས་ནི་ཚིམ་མཛད་ཅིང་།། མྱ་ངན་འདས་པ་བདེ་མཆོག་ཡིད་འོང་ཡང་དག་ཞི།། སྐྱེ་བོ་ཀུན་གྱི་ཡིད་འོང་མྱ་ངན་འདས་སྟོན་ཅིང་།། མཐའ་གཉིས་དག་དང་བྲལ་བའི་དབུ་མའི་ལམ་ཡང ་སྡོམ་དེ་ནི་རང་གིས་སངས་རྒྱས་གྱུར་པ་སྟེ།། བདག་ཉིད་བརྒལ་ཅིང་ཕ་རོལ་རྣམས་ཀྱང་སྒྲོལ།། འགྲོ་བའི་སྐྱོབ་དང་སྐྱབས་དང་དགེ་ཤིས་ཤིང་།། འཇིག་རྟེན་ཀུན་ལ་ཐུགས་བརྗེ་ཕན་པར་མཛད།། སྔོན ་པ་དེ་ཡི་ཡོན་ཏན་འདི་དག་དང་།། གཞན་ཡང་མཐའ་ཡས་ཁོ་མོས་དེ་མ་བརྗོད།། ཐོས་ནས་ལྷ་རྣམས་ཡིད་དགའ་དང་གྱུར་ནས།། རྒྱལ་བ་ལ་ནི་དང་བའི་ཡིད་ཀྱང་སྐོམ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས ་བྱིན་པས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས།། བྲམ་ཟེ་ཚངས་པའི་ལྷ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་ཁོ་མོ་བཙས་ནས་ཞག་བདུན་ལོན་ནས། སངས་རྒྱས་ཀྱི་དོན ་ཏྲན་རྣམ་པ་འདི་ལྟ་བུ་དག་ཐོས་སོ།། མངོན་པར་དྲན་ཏེ་དེ་ཚུན་ནམ་ཡང་རྨུགས་པ་དང་། གཉིད་ཀྱིས་ནོན་པར་མ་གྱུར་ཏོ།། ནམ་ཡང་འདོད་པ་ལ་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དང་། གནོད་སེམ ་ཀྱི་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པའི་རྣམ་པར་རྟོག་པར་མ་བྱས་སོ།། མངོན་པར་དྲན་ཏེ་དེ་ཚུན་ཆད་ནམ་ཡང་བ་ལ་དགའ་བ་འམ། མ་ལ་དགའ་བ་འམ། མིང་པོ་ལ ་དགའ་བ་འམ། སྤུན་ལ་དགའ་བ་འམ། ཉེ་དུ་ལ་དགའ་བ་འམ། ནོར་ལ་དགའ་བ་འམ། རྒྱན་ལ་དགའ་བ་འམ། གོས་ལ་དགའ་བ་འམ། ལུས་ལ་དགའ་བ་འམ། སྲོག་ལ་དགའ་བའམ། གྲོང་ཁྱེར་ལ ་དགའ་བ་འམ། སྐྱེ་མཆེད་ལ་དགའ་བ་མ་བསྐྱེད་ཀྱི། བྲམ་ཟེ་གཞན་དུ་ན་སངས་རྒྱས་ཉིད་རྣམ་པས་རྗེས་སུ་དྲན་ནོ།། བྲམ་ཟེ་ཁོ་སོས་ནི་གསུམ་སེམས་ནི་ཡིད་ལ་བྱ་བ་ཡིད་ལ་བྱས་ཏེ། དེ་བཞིན ་གཤེགས་པ་ཕྱོགས་གང་ན་བཞུགས་པ་དང་། དེ་བཞིན་གཤེགས་པས་ཆོས་གང་བཤད་པ་དེ་ཐམས་ཅད་ཁོ་མོས་ལེགས་པར་ཡོངས་སུ་བཟུང་ཞིང་། ཁོ་མོས་དོན་ཏམ་ཚིག་འབྲུ་ལས་ཡི་གེ་དང་ཚིག ་གཅིག་ཀྱང་ཆུད་ཟོས་པར་མ་བྱས་སོ།། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་ཁོ་མོས་ནམ་ཡང་ཡིད་ལ་མ་བྱས་པར་མ་གྱུར་ཏོ།། ཁོ་མོས་ཉིན་མཚན་གང་དུའང་སངས་རྒྱས་མ། ་མཐོང་བ་དང་། ཆོས་མ་ཐོས་པ་དང་། དགེ་འདུན་ལ་བསྙེན་བཀུར་མ་བྱས་པར་མ་གྱུར་ཏོ།། བྲམ་ཟེ་ཁོ་མོ་ནི་སངས་རྒྱས་ལ་བལྟ་བ་དང་། ཆོས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བས་ཆོག་པ ་མེད་དོ།། བྲམ་ཟེ་ཚངས་པའི་ལྷས། བྲམ་ཟེའི་ཁྱེའུ་ཞིག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་སྡོང་ལ་ལེ་རྒྱུས་དདི་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཅིག། དེ་ནས་བྲམ་ཟེའི་ཁྱེའུ་དེ་རིངས་པའི་ཚུལ ་དུ་སོང་སྟེ། ཇི་ལྟར་མཐོང་བའི་ལོ་རྒྱུས་ཐམས་ཅད་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཏོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཀྱང་ཇི་ལྟར་བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དེ་དག་གིས་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་རྗོད་དོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན ་པ་ཤིང་རྟ་ལས་བབས་ནས། བྲམ་ཟེ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་དག་གི་རྐང་པ་ལ་མགྲོ་བོས་ཕྱག་འཚལ་ཏེ། ་གུས་པ་དང་བཅས་ཞེ་ས་དང་བཅས་པས། ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས ་སོ།། ཤཱ་རིའི་བུ་བུད་མེད་ནི་ཤེས་རབ་སོར་གཉིས་པ། ཉོན་མོངས་པ་དྲག་པ། བག་མེད་པ་མང་པ། དམན་པ་ལ་མོས་པ། ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིད་པའི་དབང་དུ་མཆི་བ་ལགས་ན། བདག་ལ ་། ཐུགས་བརྩེ་བ་ཉེ་བྲར་བཟུང་སྟེ། ཅིན་སུ་བདག་གི་ཡུན་རིང་པོའི་དོན་དང་། སྔན་པ་དང་། བདེ་བར་འགྱུར་བའི་སླད་དུ། བཙུན་པས་དེ་ལྟར་བདག་ལ་ཆོས་ལེགས་པར་བསྟན་དུ་གསོལ། ་སྡུ་པའི་ཚུལ་ལགས་པ་རྣལ་རྒྱས་ས་ཕྲུ་དི་དང་། བྲམ་ཟེའི་རིག་རྗེསནས་བྱུར་བའི་ཚུལ་རྒྱས་རྒྱ་པ་གྱུར་ཏེ། ས་ཏུ་ཆོས་དེང་དྲུང། ཅང་ཆུབསམས་དང་འདུག་ལ་རྫུས་ནས། ་རང་གི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་ཁྱོད་ན་རེ་ཁོ་མོ་ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ནོན་པར་མ་གྱུར་ཏོ།། ནམ་ཡང་དགའ་བ་དང་རྩེ་བ་དང་ལྡན་པའི་སེམས་མ་བསྐྱེད་དོ་ཞེས་ཟེར་བ་དེ་ལྷུར་ཁྱོད་བདེ་བ ་དང་ཡིད་བདེ་བ་ལ་བརྩོན་ནམ། འོན་ཏེ་འདི་ལྟར་ཡིད་བྱུང་བའི་ཚུལ་གྱིས་སྨྲ། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས། རང་གི་བུ་མོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་གཟུགས་བྱུང་ལྷ་ཡི་བུ་མོ་མཚུས ་ཤིང་འདྲ།། རྒྱན་རྣམས་ཀྱིས་ནི་དེ་ཉིད་ཆས་པའི་ཆ་བྱད་འཛིན།། ཇི་ལྟར་ཁྱོད་ནི་ནམ་ཡང་གཉིད་ཀྱིས་མ་ནོན་པ།། ཅི་ཕྱིར་བུ་མོ་ཁྱོད་ནི་འདི་འདྲའི་ཡིད་བྱུང་གྱུར།། ཁྱོད་ཀྱི་རྒྱལ་སྲིད་རྒྱས་ཤིང་ཤིན་ཏུ་ལེགས་པར་འབྱོ། ་མ་ནི་རྟག་ཏུ་ཁྱོད་ཀྱི་དབང་དུ་གྱུར་པ་ཡིན།། བུ་མོ་དགའ་བདེ་ལས་ཅི་འདྲ་གཞན་ཡོད་ན།། དེ་ཡིས་ཁྱོད་ཀྱི་ལུས་ནི་དགའ་བ་རྙེད་མ་གྱུར།། སྡུག་ཅིང་འཕངས་ལྔ་ཡིད་དུ་འོང་བ་སྟེ།། སྐྱེ་བོ་ཀུན་ལ་དགའ་བ་སྐྱེད་ཡིན་ན། ་ཡོན་ཏན་བརྒྱ་ཕྲག་དུ་མས་བརྒྱན་པ་ཁྱོད།། ཅི་ཡི་ཕྱིར་ན་ཁྱིམ་འདིར་དགའ་བ་མེད།། བུ་མོ་ཁྱོད་ཀྱིས་ཅི་ཞིག་ཐོས་གྱུར་ཅིང་།། ཅི་ཞིག་མཐོང་ན་འདི་ལྟར་ཡིད་མི་བདེ།། ཡོངས་སུ་ཉམས་ཤིང་ཡིད་བྱུང་སེམས་སུ་གྱུར།། ་ཁྱོད་ཀྱི་འདོད་པ་ཅི་འདྲ་ལ་སྤྲོས། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། རང་གི་ཕ་རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་དེ་སྨྲས་པ།། ཡང་ཅིག་ཕུང་པོ་ཉེས་དམིགས་སྣོད་རྣམས་དང་།། ཁྱིམ ་ཀྱི་སྐྱོན་རྣམས་ཐུགས་སུ་མ་ཆུང་དྲམ།། འཁོར་བའི་གནས་རི་གར་ལ་ལྷ་དང་མཚུངས།། འཚོ་བའི་འཇིག་རྟེན་མི་གནས་འཇིག་པ་ཅན།། སྦྲུལ་གདུག་ནང་ན་གནས་པའི་ཁྱིམ་འདི་ལ།། གཉིད་དང་འདོད་པའི་བདུན་པ ་ག་ལ་མཆིས།། ཁམས་འདི་དག་ནི་གདུག་པའི་སྤྲུལ་བཞི་སྟེ།། སྲིད་པ་སེམས་པ་བདེ་བ་ག་ལ་མཆིས།། མི་མཛའ་ཚོགས་ཀྱིས་རབ་ཏུ་གཙེས་གྱུར་ཅིང་།། དགོན་པར་ཕྱིན་ལ་དགའ་བག་ལ་མཆིས།། ཀུན་ནས ་ཉོན་མོངས་དགྲ་ཡིས་ཡོངས་བསྐོར་བ།། ཇི་ལྟར་དོན་འཐོང་རྒྱལ་པོས་བཀའ་སྩོལ་ཅིག། དུག་འཐུངས་པཱ་ལ་བདེ་བ་ག་ལ་མཆིས།། གསང་སར་བཀྲི་ལ་དགའ་བ་གྲ་ལ་མཆིས།། གཡངས་ཆེ་འདིར་སུ་ཞིག་ཡིད་རྟོན་བརྗིད། ་རྒྱལ་པོ་འཚོ་བའི་འཇིག་རྟེན་དེ་དག་མཚུངས།། བློ་ངན་དག་གིས་ལུས་རྣམས་བོར་བ་ནི།། རི་རབ་ཙམ་གྱི་ཕུང་པོར་གྱུར་ཏོ་ཞེས།། དེ་བཞིན་གཤེགས་པས་དཔེ་ནི་བཀའ་སྩལ་ན།། འདུས་བྱས་སླུ་བའི་ཆོས་ལ་སུ་ཡིད་རྟོམ ་ཕ་དང་མ་དང་སྡུག་དང་མིང་པོ་དང་།། བུ་དང་རྩ་ལག་གཉེན་གྲོགས་འགྲོ་བ་ཀུན།། འདུས་བྱས་ཐམས་ཅད་མེད་ལོང་གཟུགས་བརྙན་འདྲ།། འདི་འདྲའི་མི་སྡུག་གང་ལ་སུ་ཡིད་རྟོན།། གང་ཚེ་བདག་གིས་རང་བྱུང་རྒྱལ ་བ་མཐོང་།། དེ་ཚེ་སངས་རྒྱས་འགྱུར་སྙམ་སེམས་ཀྱང་སྐྱེ།། བྱང་ཆུབ་སེམས་དཔའ་བག་མེད་འགྱུར་བ་ནི།། ཡབ་ཅིག་བདག་གིས་མ་མཐོང་མ་ཐོས་སོ།། བདག་ནི་མཚན་རྫོགས་རྒྱལ་བ་ལྟ་འཚལ་འགྱུར།། བདེ ་། བར་གཤེགས་པས་གསུངས་པའི་ཆོས་ཀྱང་ཐོས།། རྒྱལ་བ་རྒྱལ་བའི་སྲས་པོ་འདི་དག་མཐོང་།། ཡབ་ཅིག་ཇི་ལྟར་འདོད་པ་བསྟན་པར་བགྱི།། དེ་ནས་རྒྱལ་པོ་གསལ་རྒྱལ་བུ་མོའི་ཚིག ་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་རང་གི་བཅང་མི་སྨྲ་བར་གྱུར་པར་རིག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་ཁྱོད་ལ ་ཞུ་བ་ཞུས་པ་ཐུགས་བརྩེ་བར་དགོངས་ཏེ་ལན་གདབ་ཏུ་གསོལ། འདི་ལྟར་བཙུན་པ་ཤཱ་རིའི་བུ་ནི། བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཤེས་རབ་དེ་འདུས་བྱས ་ལགས་སམ། འོན་ཏེ་འདུས་མ་བྱས་ལགས། དེ་གལ་ཏེ་འདུས་བྱས་ལགས་ན། དེ་བཞིན་གཤེགས་པས་འདུས་བྱས་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་བཀའ་སྩལ་ཏོ།། ཅི་སྟེ་འདུས་མ་བྱས་ལགས ་ན། འདུས་མ་བྱས་ལ་ནི་སྐྱེ་བ་མ་མཆིས་སོ།། གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་ནི་ཕྲད་པ་མ་མཆིས་ན། ཕྲད་པ་མ་མཆིས་པའི་ཤེས་རབ་ཀྱིས་ཇི་ལྟར་བཙུན་པ་ཤཱ་རིའི་བུ་ཤེས་རབ་ཆེན་པོ་ཞེས་དགྱི། དེ་ནས་ཚེ་དང ་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། ཚེ་དང་ལྡན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤཱ་རཱིའི་བུ་བུ་མོས་དྲིས་པའི་ལན་ཐོབ་ཅིག། ཤཱ་རིའི་བུས་སྨྲས་པ། ་བུ་མོ་ནི་འདུས་བྱས་མི་འདྲིའི། བུ་མོས་ནི་སྐྱེ་བ་མེད་པ་དྲིས་ཏེ། དེ་ནི་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད ་ཅེས་སྨྲས་སོ།། འདི་ལྟར་བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་ཁྱོད་ནི། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་སྡེ་མོ་དང་ལྡན་པ་སེམས་ཅན་དུ་འདུ་ཤེས་པ་ལགནས ་ཏེ་རྫུ་འཕྲུལ་སྔོན་ཏམ། འོན་ཏེ་ཆོས་སུ་འདུ་ཤེས་པ་ལ་གནས་ཏེ་རྫུ་འཕྲུལ་སྡོམ། གལ་ཏེ་སེམས་ཅན་དུ་འདུ་ཤེས་པ་ལ་གནས་ཏེ་སྟོན་ན། སེམས་ཅན་ནི་མ་མཆིས་པ་སྟེ། དེ་ལྟ་བས་ན་རྫུ་འཕྲུལ་དེའང་མ་མཆིས ་པར་འགྱུར་རོ།། ཅི་སྟེ་ཆོས་སུ་འདུ་ཤེས་པ་ལ་གནས་ཏེ་སྟོན་ན། ཆོས་ཉིད་ནི་འགྱུར་བ་མ་མཆིས་པའོ།། འགྱུར་བ་མ་མཆིས་པ་གང་ལགས་པ་དེ་ལ་ནི་རྣམ་པར་རྟོག་པ་མ་མཆིས་ན། རྣམ་པར་མི་རྟོག་པས་ཇི་ལྟར ་དང་ལྡན་པའི་རྫུ་འཕྲུལ་འབྱོར་པར་གྱུར། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བྱམས་མའི་བུ་གང་པོས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ་མོའུ་འགལ་གྱི་བུ་ཆེན་པོ་བུ་མོས་དྲིས་པའི་ལན་ཐོབ་ཅིག། མོའུ་འགལ་གྱི་བུས་སྨྲས་པ། བུ་མོ་ནི་འགྱུར་བ་མི་འདིའི། བུ་མོས་ནི་འགྱུར་བ་མེད་པ་དྲིས་ཏེ། འགྱུར་བ་མེད་པ་དང་། རྣམ་པར་མི་རྟོག་པ་ནི་དེ་བཞིན ་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཡིན་པས། དེ་ནི་ལན་གདྲབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཚེ་དང་ལྡན ་པ་གང་པོ་ནི། བཅོམ་ལྡན་འདས་ཀྱིས་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཚེ་དང་ལྡན་པ་དམིགས་པ་དང་བཅས་པའི་ཆོས་སྟོན་ཏམ། འོན་ཏེ་དམིགས་པ་མ་མཆིས་པའི་ཆོས་སྟོན། ་། གལ་ཏེ་དམིགས་པ་དང་བཅས་པའི་ཆོས་སྟོན་ན་ནི། ཁྱོད་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་སོ།། དེ་ཅིའི་སླད་དུ་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་དམིགས་པ་དང་བཅས་པའི ་སྨད་དུ་སྟེ། དེ་ལྟ་བས་ན་བཙུན་པའང་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཆོས་རྣམས་དང་མ་བྲལ་བ་ལགས་སོ།། ཇི་སྟེ་དམིགས་པ་མ་མཆིས་པའི་ཆོས་སྟོན་ན་ནི། ཆོས་སླབ་ཉིད་དངོས་པོ་མ་མཆིས་པར་གྱུར་ཏེ། ་མི་འཐད་དོ།། དེ་ནས་ཚེ་དང་ལྡན་པ་གང་པོའབ་ཅང་མི་སླུ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས། གང་པོ་ལ་འདི་སྐད་ཅེས་སྨྲས་སོ།། གང་པོ་བུ་མོས་དྲིས་པའི་ལན་ཐོབ་ཅིག། ཚེ་དང་ལྡན་པ་ག ་པོས་སྨྲས་པ། བུ་མོ་ནི་ཀུན་རྫོབ་མི་འདྲིའི། བུ་མོས་ནི་དོན་དམ་པ་དྲིས་ཏེ། དེ་ནི་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད ་ཅེས་སྨྲས་སོ།། འདི་ལྟར་བཙུན་པ་འོད་སྲུངས་ཆེན་པོ་ནི་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་ཞུགས་ནས་ལངས་ཏེ་གཞན་དག་ལ་ཆོས་སྟོན་ཅིང་། གང་དག་ལས་ཐཱ་ན་གཟར་བུ་གང་ཙམ་གྱི་བསོད་སྙོམས་ཡོངས་སུ ་བླངས་པ་དེ་དག་ཐམས་ཅད་མཐོ་རིས་སུ་འགྲོ་བར་འགྱུར་རོ་སེན། དེ་ཅི་བཙུན་པས་ལུས་ཀྱིས་སྦྱིན་པ་སྤྱོང་ངམ། འོན་ཏེ་སེམས་ཀྱིས་སྦྱིན་པ་སྤྱོང། གལ་ཏེ་ལུས་ཀྱིས་སྦྱོང་ན། ལུས་ནི་བེམས་པོ་གཡོབ་མ་མཆིས་པ། ་བྱེད་པ་མ་མཆིས་པ་སྟེ། རྩཝ་དང་། ཤིང་དང་། རྩིག་པའི་ཆོས་ལྟ་བུ་མིག་ཡོར་དང་མཚུངས་པས། དེས་ཀྱང་སྦྱོང་བར་མི་ནུས་སོ།། ཅི་སྟེ་སེམས་ཀྱིས་སྤྱོད་ན། སེམས་ནི་སྒྱུ་མ་ལྟ་བུ་གནས་པ་མ་མཆིས་པ་སྟེ། དེས ་ཀྱང་སྤྱོད་བར་མི་ནུས་སོ།། ཅི་སྟེ་ལུས་དང་སེམས་ཀྱི་ཕྱི་རོལ་གྱིས་སྤྱོད་ན། དེ་ནི་མ་མཆིས་པ་སྟེ། མ་མཆིས་པས་ཇི་ལྟར་སྤྱོད་བཔར་བགྱིད། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོའང་ཅང་མི་སྤངར་གྱུར་ཏོ།། ་འབྱོར་གྱིས་སྤྲས་པ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བུ་མོས་དྲིས་པའི་ལན་རྫོབ་ཅིག། འོད་སྲུངས་ཆེན་པོས་སྨྲས་པ། བུ་མོ་ནི་ལེན་པ་མི་འདྲིའི། བུ་མོས་ནི་ལེན་མེད་པ་དྲིས་ཤིང་། ཡང་དག་པའི་མཐའ་འདྲིབས། ་དོ་ན་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་བཙུན་པ་རབ་འབྱོར་ནི། བཅོམ་ལྡན་འདས་ཀྱིས་ཉོན་མོངས ་བ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཉོན་མོངས་པ་མེད་པ་དེ་དངོས་པོས་རབ་ཏུ་ཕྱེ་བ་ལགས་སམ། འོན་ཏེ་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་ང་ལགས། གལ་ཏེ་དངོས་པོས་རབ་ཏུ་ཕྱེ་ལྗགས་ནཱ་ནི་བདུས ་བྱས་སུ་འགྱུར་རོ།། ཇི་སྟེ་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ལྤགས་ན། ཆོས་ཉིད་ནི་སྐྱེ་བ་མ་མཆིས་པའི་མཚན་ཉིད་དང་། འགག་པ་མ་མཆིས་པའི་མཚན་ཉིད་དེ། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པའི་མཚན ་ཉིད་གང་ལགས་པ་དེ་ནི་མཉམ་པ་ཉིད་དོ།། མཉམ་པ་ཉིད་གང་ལགས་པ་དེ་ནི་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་གང་ལགས་པ་དེ་ནི་འགྱུར་བ་མ་མཆིས་པའོ།། འགྱུར་བ་མ་མཆིས་པ་གང་ལགས་པ་དེ་ནི་ཐ་སྙད་མ ་མཆིས་པའོ།། ཐ་སྙད་མ་མཆིས་པ་གང་ལགས་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ།། བསམ་གྱིས་མི་ཁྱབ་པ་གང་ལགས་པ་དེ་ནི་བསྟན་དུ་མ་མཆིས་པའོ།། བསྟན་དུ་མ་མཆིས་པ་གང་ལགས་པ་དེ་ནི་དངོས་པོ་མ ་། མཆིས་པའོ།། དངོས་པོ་མ་མཆིས་པ་གང་ལགས་པ་དེ་ནི་མ་བྱུང་བའོ།། མ་བྱུང་བ་གང་ལགས་པ་དེ་ནི་འཕགས་པ་རྣམས་མི་སྟོན་ཏོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཅང་མི་སྨྲ ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ནམ་གྲུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་རབ་འབྱོར་བུ་མོས་དྲིས་པའི་ལྡན་ཐོབ་ཅིག། རབ་འབྱོར་གྱིས་སྨྲས་པ། འདི་ལ ་བརྗོད་དུ་ཅི་ཡང་མེད།། ཅང་མི་སྨྲ་བ་བདེ་འཐོབ་བྱེད།། སྤྲོས་པ་མེད་པའི་ཆོས་འདི་དག། བུ་མོ་ཡོངས་སུ་འདྲི་བར་བྱེད།། ཇི་སྲི་དངོས་པོ་སྒྱུ་ཡོད་པ།། དེ་སིད་སྐྱོན་གྱིས་གོས་པར་འགྱུར།། ཆོས་ཀྱི་དབྱིངས་རི་ང་སྣ་། ་འདི་ནི་ཉོན་མོངས་མེད་པའི་ཚུལ། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་ནམ་གྲུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ནམ་གྲུ་ནི། བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱི ་མཆོག་ཏུ་བསྟན་པ་ལགས་ན། ཅི་སེམས་ལ་གནས་ཏེ་བསམ་གཏན་མཛད་དམ། འོན་ཏེ་སེམས་མ་མཆིས་པ་ལ་གནས་ཏེ་བསམ་གཏན་མཛད། གལ་ཏེ་སེམས་ལ་གནས་ཏེ་བསམ་གཏན་མཛད་ན། སེམས་ནི་བརྗོད ་དུ་མ་མཆིས་ཤིང་སྒྱུ་མ་ལྟ་བུ་སྟེ། ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་ལགས་ན། ཅི་ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་མ་མཆིས་པ་ལ་གནས་ཏེ་བསམ་གཏན་མཛད། ཇི་སྟེ་སེམས་མ་མཆིས་པ་ལ་གནས ་ཏེ་བསམ་གཏན་མཛད་མིན། རྩཝ་དང་། ཤིང་དང་། རྩིག་པ་དང་། རྡོ་ལ་སོགས་པ་བྱུང་བ་དང་། ཞིག་པ་དེ་དག་ཐམས་ཅད་ཀྱང་ཏིང་ངེ་འཛིན་དུ་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ནི་སེམས་མ་མཆིས་པའི་སང་དུའོ།། ་ཚེ་དང་ལྡན་པ་ནམ་གྲུའང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་མ་འགགས་པས། ཚེ་དང་ལྡན་པ་ནམ་གྲུལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ནམ་ཐུ་དུ་མོས་དྲིས་པའི་ལན་ཐོབ་ཅིག། ནམ་གྲུས་སྨྲས་པ། ་བུ་མོ་ནི་དེ་བཞིན་གཤེགས་པའི་ཡུལ་ཡོངས་སུ་འདྲི་སྟེ། དེ་ནི་ཉན་ཐོས་རྣམས་ཀྱིས་བསྟན་པར་མི་ནུས་སོ།། བུ་མོས་སྨྲས་པ། ཚེ་དང་ལྡན་པ་ནམ་གྲུ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་རྣམས་ཀྱི་འདུག་ནམ་ལ་ཥཱན ་ཐོས་རྣམས་ཀྱིའང་གཞན་ལགས་སམ། གལ་ཏེ་ཆོས་ཀྱི་དབྱིངས་གཞན་ལགས་ན་ནི་ཐ་དད་དུ་འགྱུར་རོ།། དེ་བཞིན་ཉིད་ནི་གཉིས་སུ་མ་མཆིས་ཏེ། དེ་བས་ན་དེ་བཞིན་ཉིད་དང་གཉིས་ནི་བྱེ་བྲག་མ་མཆིས་ན། ཅིའི་སྲ ་དུ་ཚེ་དང་ལྡན་པ་ནུམ་གྲུ་དེ་སྐད་གསུང་། ནམ་གྲུའདྲ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཚེ་དང་ལྡན་པ ་མི་འགགས་པ་ནི། བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ལྷའི་མིག་གིས་དངོས་པོ་གཟིགས་སམ། འོན་ཏེ་དངོས་པོ་མ་མཆིས་པ་གཟིགས། གལ་ཏེ་དངོས་པོ་གཟིགས ་ན་ནི་རྟག་པར་ལྟ་བར་འགྱུར་རོ།། ཇི་སྟེ་དངོས་པོ་མ་མཆིས་པ་གཟིགས་ན་ནི་ཆད་པར་ལྟ་བར་འགྱུར་ཏེ། དེའང་མི་རིགས་སོ།། མ་འགགས་པའང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ཚེ་དང ་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་མ་འགགས་པ་བུ་མོས་དྲིས་པའི་ལན་ཐོབ་ཅིག། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། བུ་མོས་ནི་ཤེས་རབ་ཀུན་དུ་འཇོམ་པ་དྲིས་པས།། དེ་ནི ་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཚེ་དང་ལྡན་པ་ཀུན་དཔའ་བོ་ཁྱོད་ནི། ་སོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་མང་དུ་ཐོས་པ་རྗིད་དེ་དོན་དུ་བལྔ་འམ། བོན་ཏེ་ཚིག་འབྲུར་བལྟ། གལ་ཏེ་དོན་དུ་བལྟ་ནི། དོན་ནི་བརྗོད་དུ་མ་མཆིས་ཤིང་བསྣང་དུ་མ་མཆིས་པ ་སྣེ་ཏཱ་དེ་ནི་རྣ་བའི་རྣམ་པར་ཤེས་པས་ཤེས་པར་བགྱི་བ་མ་ལགས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་ཤེས་པར་བགྱི་བ་མ་ལགས་པ་སྟེ། རྣམ་པ་དེ་ལྟ་བུ་གང་ལགས་པ་དེ་ནི་བསྣུན་དུ་མ་མཆིས་པའོ།། ཅི ་སྟེ་ཚིག་འབྲུར་བལྟ་ན་ནི། བཅོམ་ལྡན་འདས་ཀྱིས་དོན་ལ་རྟོན་པ་ཡིན་གྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ་ཞེས་གསུངས་པས། དེ་བས་ན་ཚེ་དང་ལྡན་པ་ཀུན་དགའ་བོའི་མང་དུ་ཐོས་པ་ཉིད་ནི་རྟོན་པ་མ་ལགས་སོ།། ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོའང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་འཇམ་དབུལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་བུ་མོས་དྲིས་པའི་ལན་ཐོབ ་ཅིག། ཀུན་དགའ་བོས་སྨྲས་པ། བུ་མོ་ནི་ཡི་གེ་དང་བྲལ་བ་འདྲི་སྟེ། དེ་ནི་སྨྲས་ཚིམ་པར་བྱེད་པར་མི་ནུས་སོ།། བུ་མོ་ནི་སེམས་དང་བྲལ་བའི་མཉམ་པ་ཉིད་འདྲི་སྟེ། སློབ་པ་རྣམས་ཀྱི་ས་མ་ཡིན་ན། དེ་ཇི་ལྟར་བསྟན་པ ་བྱ་སྟེ། ཆེས་ཀྱི་མངའ་བདག་དེ་བཞིན་གཤེགས་པ་ལ་ཞུ་དགོས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ནི་དེ ་བཞིམ་གཤེགས་པས་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པས་ཁྱོད་ཐུབ་པ་འམ། འོན་ཏེ་ངོ་བོ་ཉིད་ཐུབ་པས་ཟབ། གལ ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པས་ཁྱོད་བབ་ན་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་གང་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སོང་བ་མ་ལགས། ་འོང་བ་མ་ལགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་ས་མིག་གི་རྣམ་པར་ཤེས་པས་ཤེས་པར་བགྱི་བ་མ་ལགས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་ཤེས་པར་བགྱི་བ་མ་ལགས་ཤིང་། གཉིས་སུ་མ་མཆིས་ལ། ་ཀུན་ཏུ་འབྱུང་བ་མ་མཆིས་པའི་སླད་དུའོ།། ཇི་སྟེ་ངོ་བོ་ཉིད་ཟབ་པས་ཟབ་ན་ནི། ངོ་བོ་ཉིད་གང་ཡང་སུས་ཀྱང་བརྟག་པར་མི་ནུས་སོ།། འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཡང་དག་པའི་མཐའ་ཟབ་པས་ཁོ་བོ་ཟབ་བོ།། ་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། འཇམ་དཔལ་ཡང་དག་པའི་མཐའ་ནི་མཐའ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པས་འཚལ་བ་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཡང་དག་པའི ་མཐའ་ཞེས་བྱ་བ་འདི་ནི་དམིགས་སུ་མེད་པའི་ཚིག་བླ་དགས་སོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། འཇམ་དཔལ་དམིགས་སུ་མ་མཆིས་པ་ནི་གང་གི་ཚིག་བླ་དགས་ཀྱང་མ་ལགས་ཏེ། དམིགས་སུ་མ་མཆིས ་པ་ནི་ཚིག་བླ་དགས་ལས་ཡང་དག་པར་འདས་པ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། བུ་མོ་འདི་ཇི་ལྟར་གཞན་དག་ལ་བསྟན་པར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ ་ནྱ། ནི་བསྟན་པ་ལས་ཡང་དག་པར་འདས་པ་ལགས་ཏེ། དེ་ནི་བརྗོད་པས་བསྟན་པར་མི་ནུས་སོ།། འཇམ་དཔལ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས ་བྱིན་པས། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་འདི་སྐད་དུ། ཅི་ནས་ཀྱང་གྲོང་ཁྱེར་འདི་ནི་སྐྱེས་པ་འམ། བུད་མེད་དམ། ལྡེའུ་འམ། བུ་མོ་གང་དག་ཁོ་བོའི་མིག་ལམ ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། ཞེས་གསུངས་པ་དེ་ཅི་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར ་མཐོང་བར་མཛད་དམ། འོན་ཏེ་ཆོས་ཀྱི་སྐུར་མཐོང་བར་མཛད། གལ་ཏེ་གཟུགས་ཀྱི་སྐུར་མཐོང་བར་མཛད་ན། དེ་ནི་སངས་རྒྱས་ཀྱི་བཀའ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ནི་འདི་སྐད་དུ། གང་དག་དཱ་ལ་གཟུགས ་སུ་མཐོང་། གང་དག་དུ་ལ་སླར་ཤེས་པ། འདུན་པ་འདོད་ཆགས་ལྡན་པ་སྟེ།། སྐྱེ་བོ་དེ་དག་ང་མི་མཐོང་།། ཞེས་གསུངས་སོ།། ཅི་སྟེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་བར་མཛད་ན། ཆོས་ཀྱི་སྐུ་ནི་བསྟན ་དུ་མི་ནུས་པའོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་མིག་གི་རྣམ་པར་ཤེས་པ་ལས་ཡང་དག་པར་འདས་པ་སྟེ། བལྟ་བར་མི་ནུས་པའི་སླད་དུའོ།། མཐོང་བ་དོན་ཡོད་ཀྱང་ཅང་མི ་སྨྲ་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་གིས་སྨྲས་པ། མཐོང་བ་དོན་ཡོད་བུ་མོས་དྲིས་པའི་ལན་ཐོབ་ཅིག། མཐོང་བ་དོན་ཡོད་ཀྱིས་སྨྲས་པ། བུ་མོ་ནི་དངོས་པོ་མེད་པ་འདྲི་སྟེ། དེ་ནི་བསྟན་པར་ནུས ་སོ། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། བདག་ནི་དངོས་པོ་འམ། དངོས་པོ་མ་མཆིས་པ་མི་འདྲིའོ།། བསྟན་པ་སྤོབས་ལ་དེ་ནས་སྟོན་ཅིག། མཐོང་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། ་དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་རིན་པོ་མེ་ཏོག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ། གང་གིས་གྲོང་ཁྱེར་ན་ཁྱིམ་ཐམས་ཅད་དུ་རིན་པོ་ཆེས་གང་བའི་གཏེར ་རྣམས་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། ཞེས་གསུངས་པ་དེ་ཅི་ཟང་ཟིང་དང་བཅས་པས་ཕན་འདྲེགས་པ་མཛད་དམ། འོན་ཏེ་ཟང་ཟིང་མ་མཆིས་པས་ཕན་འདོགས་པ་མཛད། ་གལ་ཏེ་ཟང་ཟིང་དང་བཅས་པས་ཕན་འདོགས་ན་ནཱི། བྱིས་པ་སོ་སོའི་སྐྱེ་བོའི་ཕན་འདོགས་པ་དང་བྱེ་བྲག་མ་མཆིས་པར་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དགའ་བ་ནི་ཟང་ཟིང ་དང་བཅས་པའི་སླད་དུའོ།། ཅི་སྟེ་ཟང་ཟིང་མ་མཆིས་པས་ཕན་འདོགས་པ་མཛད་ན། ཟང་ཟིང་མ་མཆིས་པ་ནི་བསྒྲུབ་ཏུ་མ་མཆིས་པ་ལགས་སོ།། རིན་པོ་ཆེ་ཏོག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། ་དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ། གང་གིས་གྲོང་ཁྱེར་འདི་ན་སེམས་ཅན་རྣམས་ཀྱི་ལས་ངན་སོང་མྱོང་བར ་འགྱུར་བ་གང་ཡོད་པ་དེ་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་དེ། དེ་བཞིན་གཤེགས་པས་ལས་ནི་བསམ་གྱིས་མི་ཁྱབ་པ་ཉིད་དུ ་བྱ། བསྟན་ཏེ། དེ་ནི་ཁྱོད་ཀྱིས་བསམ་པར་མི་སྤྱོད་དོ།། གལ་ཏེ་སྨོད་ན་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་འགྱུར་རོ།། ཇི་སྟེ་བསམ་པར་མི་སྤྱོད་ན། མི་མཁྱེན་བཞིན་དུ་མང་པོ་མྱོང་བར ་འགྱུར་བའི་ལས་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་ཇི་ལྟར་མཛད་དེ། བདག་པོ་མ་མཆིས་པའི་ཆོས་རྣམས་ལ་བདག་པོ་རྙེད་པར་འགྱུར་རོ།། གལ་ཏེ་དེ་ལྟར་མཛད་ན་དེ་བཞིན་གཤེགས་པའི་བཀའ་དང་འགྲལ་བར ་འགྱུར་རོ།། ངན་སོང་སྤོང་གིས་སྨྲས་པ། ཁོ་བོ་ནི་སྨོན་ལམ་གྱི་དབང་གིས་མང་དུ་མྱོང་བར་འགྱུར་བའི་ལས་ཉུང་ངུ་མྱོང་བར་འགྱུར་བར་བྱེད་དོ།། བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཆོས་འདི་ནི་སྨོན་ལམ་གྱི ་དབང་གིས་བསྒྱུར་དུ་མི་ནུས་ལགས་སོ།། གལ་ཏེ་ནུས་པར་གྱུར་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས། དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ། སྨོན་ལམ་གྱི་དབང་གིས་ཇི་ལྟར་མི ་འགྲུབ་སྟེ། རྣམ་གྲངས་འདིས་ན་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་པར་རིག་པར་བྱའོ།། ངན་སོང་སྤོང་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སྤེལ་བ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་འདི་སྐད་དུ། གང་གིས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་སྒྲིང་པ་ལྔ་པོ་དག ་རྣམ་པར་སེལ་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་དེ་ཅི་ཏིང་ངེ་འཛིན་དེ་བདག་ལ་རག་ལས་པ་ལགས་སམ། འོན་ཏེ་གཞན་ལ་རག་ལས་པ་ལགས། གལ་ཏེ ་བདག་ལ་རག་ལས་པ་ལགས་ན་ནི། མི་འཕོ་བའི་ཆོས་ཅན་ལགས་ཏེ། ཇི་ལྟར་ཁྱོད་སྙོམས་པར་ཞུགས་པས་གཞན་དག་གི་སྒྲིབ་པ་རྣམས་རབ་ཏུ་ཞི་བར་མཛད། ཅི་སྟེ་གཞན་ལ་རག་ལས་པ་ལགས་ན་ནི། ་ཏིང་ངེ་འཛིན་དེ་ཁྱོད་ཀྱི་མ་ལགས་སོ།། གང་ཁྱོད་ཀྱི་མ་ལགས་པ་དེས་ནི་གཞན་ལ་ཕན་པར་མཛད་པར་མི་སྤྱོད་དོ།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། བུ་མོ་ཁོ་བོའི་སྦྱོར་བ ་འདི་ནི་བྱམས་པ་སྔོན་དུ་འགྲོ་བའོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་བྱམས་པ་ལ་གནས་པ་ལགས་ན། སངས་རྒྱས་ཀྱི་ཞིང་རྣམས་ན་སེམས ་ཅན་རྣམས་ལ་སྒྲིབ་པ་རྣམས་ཀྱིས་གནོད་པའང་མཆིས་སོ།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་བཅིངས་པ་དང་གསད་པར་བཀྲི་བ་དེ་དག་ཐར་པ ་དང་། འཇིགས་པས་ཉེན་པ་རྣམས་ཀྱང་འཇིགས་པ་མེད་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་དེ། ཅི་ཁྱོད་ཀྱི་སྦྱོར་བ་འདི་ལེན་པ་དང་བཅས་པ་ལགས་སམ། ་འོར་ཏེ་ལེན་པ་མ་མཆིས་པ་ལགས། གལ་ཏེ་སྦྱོར་བ་དེ་ལེན་པ་དང་བཅས་པ་ལགས་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལེན་པ་དང་བཅས་པ་ལགས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་པར ་འགྱུར་རོ།། དེ་ལྟ་བས་ན་དེའང་མི་རིགས་སོ།། ཇི་སྟེ་སྦྱོར་བ་དེ་ལེན་པ་མ་མཆིས་པར་ལགས་ན་ནི། མངོན་པར་འདུས་མ་བྱས་པ་ལགས་ཏེ། མངོན་པར་འདུས་མ་བྱས་པ་ལ་ནི་ཉེ་བར་བསྒྲུབ ་པ་མ་མཆིས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ ་འདི་སྐད་ཅེས་སྨྲས་སོ།། སྤྱན་རས་གཟིགས་དབང་ཕྱུག་བུ་མོས་དྲིས་པའི་ལན་ཐོབ་ཅིག། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། བུ་མོ་ནི་སྐྱེ་བ་དང་འགག་པ་མི་འདྲི་སྟེ། དེ་ནི་ལན ་གདག་པར་མི་ནུས་སོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། སྤྱན་རས་གཟིགས་དབང་ཕྱུག་གང་ན་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དེ་ནི་དྲི་བ་མ་མཆིས་པའོ།། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། བུ་མོ་གང་ན་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ནི་ཡི་གེ་འཇུག་པ་མེད་དོ།། བུ་མོས་སྨྲས་པ། འཇུག་པ་མ་མཆིས་པ་དང་། ཡི་གེ་མ ་མཆིས་པའི་ཆོས་ཐམས་ཅད་ལ་ནི་མཁས་པ་དག་ཡི་གེ་དང་འཇུག་པ་མི་སྟོན་ཏེ། ཡི་གེ་རྣམས་ལ་མི་ཆགས་སོ།། ཆགས་པ་མ་མཆིས་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་ནི་རྟོགས་པར་བགྱི་བའི་སླད་དུ་ཆགས་པ ་མ་མཆིས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ལ་འདི། ་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ། གང་གིས་ཟོང་ཁྱེར་ན་སྤྲེ་བོའི་ཚོགས་ཐམས་ཅད་ཕན་ཚུན་དུ་ཚིགས་སུ་བཅད་པའི་དབྱངས་དང་། བྱམས་པའི་སེམས་ཀྱིས་སྨྲ་བར་འགྱུར་བ་དང་། སྤོངས ་པའང་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། ཞེས་གསུངས་པའི་ཁྱོད་ཀྱི་སྤོབས་པ་ཉེ་བར་བསྒྲུབ་པ་གང་ལགས་པ་དེ་ཅི་རྣམ་པར་རྟོག་པས་བསྐྱེད་པ་ལགས་སམ། འོན་ཏེ་རྒྱུ་མ ་མཆིས་པ་ལས་བྱུང་བ་ལགས། གལ་ཏེ་རྣམ་པར་རྟོག་པས་བསྐྱེད་པ་ལགས་ན་ནི། འདུས་བྱས་ཐམས་ཅད་ཀྱང་རྣམ་པར་རྟོག་པས་བསྐྱེད་པ་ལགས་ཏེ། དེ་ལྟ་བས་ན་རྣམ་པར་ཞི་བར་མི་འགྱུར་རོ།། ཅི་སྣ་རྒྱུས ་མཆིས་པ་ལས་བྱུང་བ་ལགས་ན་ནི། མ་བྱུང་བ་ལ་སྒྲོ་འདོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་སྨྲས་པ། བུ་མོ་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས ་ཅད་སྤོབས་པ་ཐོབ་པར་གྱུར་ཅིག། ཅེས་བྱ་བའི་ཁོ་བོའི་སྨོན་ལམ་འདི་ནི་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་བཏབ་བོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། རིགས་ཀྱི་བུ་སེམས་བསྐྱེད་པ་གང་གིས་སྨོན ་ལམ་བཏབ་པའི་སེམས་བསྐྱེད་པ་དེ་མཆིས་སམ། འོན་ཏེ་མ་མཆིས། གལ་ཏེ་མཆིས་ན་ནི་རྟག་པར་ལྟ་བ་ལགས་སོ།། ཅི་སྟེ་མ་མཆིས་ན་ནང་པར་ལྟ་བ་ལགས་ཏེ། དེ་གསུངས་ན་ནི་ཁྱོད་ཀྱི་གསུང་བ་ལོག་པ། ་ལགས་སོ།། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ལ་འདི་སྐད་ཅེས་སྨྲས། ་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བྱསམ་པར་བྱའོ།། ཞེས་གསུངས་པ་དེ་ཅི་བྱང་ཆུབ་དེ་མནུས་པ་ཞེས་བརྗོད་པར་བགྱི་འམ། འོན་ཏེ་མ་མཆིས་པ་ཞེས་བརྡོ ་པར་བགྱི། གལ་ཏེ་མཆིས་ནི་ནི་རྟག་པ་སྟེ། ཡོད་པའི་མཐར་འཛིན་པ་ལགས་སོ།། ཅི་སྟེ་མ་མཆིས་ན་ནི་ཆད་པ་སྟེ། མེད་པའི་མཐར་འཛིན་པ་ལགས་སོ།། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན ་ཡོད་ཀྱིས་སྨྲས་པ། བུ་མོ་བྱང་ཆུབ་ཅེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། ཅི་ཡེ་ཤེས་དེ་སྐྱེ་བས་རབ་ཏུ་ཕྱེ་བ་ལགས་སམ། འོན་ཏེ་ཞི་བས་རབ་ཏུ་ཕྱེ ་བ་ལགས། གལ་ཏེ་སྐྱེ་བས་རབ་ཏུ་ཕྱེ་བ་ལགས་ན་ནི་ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིད་པ་ལས་བྱུང་བ་འདུས་བྱས་སུ་འགྱུར་ཏེ། ཤེས་པ་དེ་ནི་བྱིས་པ་རྣམས་ཀྱི་ལགས་སོ།། ཅི་སྟེ་ཞི་བས་རབ ་ཏུ་ཕྱེ་བ་ལགས་ན་ནི། དེ་ལ་དམིགས་པ་མ་མཆིས་སོ།། གང་ལ་དམིགས་པ་མ་མཆིས་པ་དེ་ལྔ་འདི་ནི་སོ་སོའི་སྐྱེ་བོའོ་ཞེ་འམ། ཉན་ཐོས་སོ་ཞེའམ། རང་སངས་རྒྱས་སོ་ཞེ་འམ། བྱང་ཆུབ་སེམས་དཔའ ་འོ་ཞེ་འམ། སངས་རྒྱས་སོ་ཞེས་རྣམ་པར་རྟོག་པ་མི་སྐྱེའོ།། དེ་ཅིའི་སྲད་དུ་ཞེ་ན། བྱང་ཆུབ་ནི་རྣམ་པར་མི་རྟོག་པ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་བྱང་ཆུབ་ལ་རྣམ་པར་རྟོག་སྟེ། མཁས ་པ་རྣམས་ནི་མི་རྡོག་པའི་སླད་དུའོ།། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་དེ ་ངག་ལ་འདྲི་སྐད་ཅེས་སྨྲས་སོ།། བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དུ་འཇུག་པར་མི་བྱའི་སྐུར་འདོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེང་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལས་ཆོས་ཐོས་པ་གང་ཡིན་པ་དེ་ནི ་མཁས་པའི་ཟས་ཡིན་པས་ཆོག་པར་འགྱུར་བའི་ཕྱིར་ཏེ། ཆོས་ཀྱི་ཟས་བཟའ་བར་བྱའོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། གནས་བརྟན་རབ་འབྱོར་ལ་འདྲི ་སྐད་ཅེས་སྨྲས་སོ།། བཙུན་པ་རབ་འབྱོར་གང་ན་གདེག་པ་མེད་པ་དང་། གཞག་པ་མེད་པ་དེ་ལ་ཁྱོད་ཀྱིས་ཅི་ཞིག་བཙལ་བར་སེམས། བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཚུལ་ནི་སྤྲོས་པ་མ་མཆིས་པ་ལགས་ཀྱི། ་སྤྲོས་པ་ལ་དགའ་བ་ནི་མ་ལགས་སོ།། བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཆོས་ནི་གནས་པ་མ་མཆིས་པ། གནས་པར་མི་དགྱི་བ་ལགས་ཏེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ནི་མི་འཁྲུགས་པ་ལགས ་སོ།། རྣབམ་པོ་གཉིས་པ་སྟེ་ཐ་མའོ།། དེ་ནས་ཉན་ཐོས་ཆེན་པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་དང་། བྲམ་ཟེ་ལྔ་བརྒྱ ་ཙམ་པོ་དེ་དག་དང་། བུ་མོ་དྲི་ས་མེད་ཀྱིས་བྱིན་པ་དང་། རྒྱལ་པོ་གསལ་རྒྱལ་དང་། དེ་ལས་གཞན་པ་སྐྱེ་བོ་ཕལ་པོ་ཆེ་རྣམས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི ་། ཞབས་ལ་སོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཕྱོག་གཅིག་ཏུ་འཁོད་དོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བཅོམ་ལྡན་འདས ་ལ་ལན་སྟོང་བསྐོར་བ་བྱས་ཏེ། གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་དཱ་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚིགས་སུ་བཅད ་བའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཏིང་འཛིན་སྟོབས་ལྡན་གྲགས་པ་མཐའ་ཡས་མངའ།། འཇིག་རྟེན་མགོན་པོ་བདུད་རྩི་དགའ་སྩོལ་བ། མཚུངས་མེད་ཡེ་ཤེས་བདེ་གཤེགས་ཁྱོད་ལ་འུ།། བྱང་ཆུབ ་སེམས་དཔའ་ཇི་ལྟར་སྤྱད་པ་སྤྱོད།། ཇི་ལྟར་ཤིང་དབང་དྲུང་བཞུགས་བདུད་རྣམས་འཇོམས།། ཇི་ལྟར་རིང་བཅས་ས་རྣམས་གཡོ་བར་བགྱིད།། གྲགས་པ་མཐའ་ཡས་ཇི་ལྟར་འོད་ཟེར་གཏོང་།། བྱང་ཆུབ ་སྤྱོད་ཚུལ་ལེགས་པར་བཤད་དུ་གསོལ།། སངས་རྒྱས་ནོར་གྱི་གཟུངས་ནི་ཇི་ལྟར་འཐོབ།། ཏིང་འཛིན་ཞིབ་དམ་པ་ཇི་ལྟར་སྐོམ།། མི་ཡིས་རྫུ་འཕྲུལ་སྟོབས་ནི་ཇི་ལྟར་འཐོབ།། སེམས་ཅན་རིམ ་ཚོན་རྣམས་ཀྱི་སྤྱོད་པ་གསུངས།། གང་གིས་དྲན་དང་རྟོགས་དང་བློ་གྲོས་འགྱུར།། སྤོབས་པ་མཛེས་དང་ལྡན་པར་གང་གིས་འགྱུར།། གང་དང་རབ་ཏུ་ལྡན་ན་འཁོར་ནང་དུ།། སྙན་ཅིང་ཤིན་ཏུ་མཛེས་པ ་སྨྲ་བར་བགྱིད།། གང་གིས་མི་ནི་ཚེ་རབས་དྲན་པར་འགྱུར།། དྲི་མ་མ་མཆིས་ལྔ་ཡི་མིག་ཀྱང་འཐོབ།། ལྷ་རྗེ་འཐོབ་ཅིང་ཕ་རོལ་སེམས་ཚུལ་རིག། རྫུ་འཕྲུལ་གྱིས་ནི་ཞིང་རྣམས་དརྒྱར་ཡང་མཆི།། ཇི་ན ་སྦྱིན་པ་གཏོང་ལ་བརྩོན་པར་འགྱུར།། རྟག་ཏུ་ཚུལ་ཁྲིམས་དག་ཅིང་བཟོད་ལ་དགའ།། ཇི་ལྟར་བརྩོན་འགྲུས་བསམ་གཏན་མཁས་པར་འགྱུར།། ཤེས་རབ་ལ་ཡང་ཇི་ལྟར་ཤིན་ཏུ་བརྩོན།། མངལ་གྱི་གནས ་ནི་ཇི་ལྟར་རྣམ་སྤངས་ནས།། པདྨ་ལས་ནི་རྟག་ཏུ་རྫུས་ཏེ་སྐྱེ།། སངས་རྒྱས་རྣམས་ཀྱི་སྤྱན་སྔར་མཆིས་པར་བགྱིད།། བདག་མེད་སྟོང་པ་ཉིད་ཀྱི་སྒྲ་ཡང་བརྗོད།། ཇི་ལྟར་དེ་ཡིད་དགའ་དང་མི་དགའ་མཚུངས།། ་སྲེད་པ་སྤངས་ཤིང་ཐ་བ་ཞེ་སྡང་སྤོང་།། མཐོ་བར་མི་སེམས་དམའ་བར་སེམས་མ་མཆིས།། སེམས་བརྟན་གཡོ་བ་མ་མཆིས་རི་རབ་མཚུངས།། རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་།། བསྟོད་དང ་སྨད་དང་བདེ་དང་སྡུག་བསྔལ་དང་།། ཇི་ལྟར་འཇིག་རྟེན་ཆོས་རྣམས་ཟིལ་མནན་གནས།། འཇིག་རྟེན་ཀུན་ལ་ཟླ་བ་ལྟ་བུར་སྤྱོད།། ང་ཡི་མ་མཆིས་ཚུལ་འཆོས་གཡོ་མ་མཆིས།། ཇི་ལྟར་རྡུལ་བྲལ ་ང་རྒྱལ་རྒྱགས་པ་སྤོང་།། ཞི་དང་རབ་ཏུ་ཞི་དང་ཞེ་གནས་བརྩོན།། བློ་ལྡན་ཇི་ལྟར་ཡེ་ཤེས་མཆོག་ཏུ་འགྱུར།། ཆུང་མ་བུ་ནོར་མཛའ་ལ་དགའ་མ་མཆིས།། ཇི་ལྟར་བས་མཐའི་མལ་ལ་མངོན་པར་དགའ། ་རྟག་ཏུ་བྱ་དང་མཚུངས་ཤིང་རྫ་བ་འདྲ།། ཇི་ལྟར་ཆོས་ཀྱི་ནོར་ལ་དགའ་ཞིང་མོས།། ཆུ་དང་མཚུངས་ཤིང་ས་འདྲ་རླུང་དང་མཚུངས།། མཁས་པ་ཇི་ལྟར་མེ་དང་འདྲ་བར་འགྱུར།། རྟག་ཏུ་ཅི་ཡང་མ་མཆིས་མི་རྟོག ་ལགས།། མཉམ་པ་ཉིད་ལ་དགའ་ཞིང་ནམ་མཁའ་མཚུངས།། ཇི་ལྟར་རྟག་ཏུ་ཆོས་ནི་སྤོང་མི་བགྱིད།། བདག་འདོར་བགྱིད་ཀྱི་ཆོས་མཆོག་ཡོད་མི་གཏོང་།། འཇིག་རྟེན་དག་ཏུ་སྟོན་པའི་སེམས་བསྐྱེད་ནས།། ་ཇི་ལྟར་གནས་ཏེ་བྱང་ཆུབ་འཇུག་པར་བགྱིད།། ཞིང་གི་བཀོད་པ་ཇི་ལྟར་གནས་པར་འགྱུར།། དགེ་འདུན་དག་པར་ཇི་ལྟར་འགྱུར་བ་ལགས།། ཇི་ལྟར་དུས་གསུམ་དུ་ཡང་ཆོས་ཐོས་ཤིང་།། ་ཇི་ལྟར་ཚེ་རིང་སེམས་ཅན་བདེ་བར་འགྱུར།། རྟག་ཏུ་སྲེད་པ་འགོག་པའི་ཕ་རོལ་སོན།། དགྲ་བཅོམ་འདུལ་བར་བདེན་བཞི་ཇི་ལྟར་མཐོང་།། སེམས་ཅན་བརྒྱ་དག་བྱང་ཆུབ་འཇོག་བགྱིད་པར།། སྤྱོད་ཅིང་རྟག ་ཏུ་དགའ་མོས་ཇི་ལྟར་འགྱུར།། གང་གིས་ཤིན་ཏུ་མཛེས་པར་འགྱུར།། རྫུས་ཏེ་སྐྱེ་བར་གང་གིས་འགྱུར།། ལོངས་སྤྱོད་ཆེ་དང་ཤེས་རབ་ཆེ།། ཀུནྡ་མཁྱེན་རྟོགས་པར་ཁོང་དུ་ཆུད།། གང་གིས་སུམ་ཅུ་རྩ ་གཉིས་མཚན།། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ།། བསོད་ནམས་ཀུན་ལ་མཁས་པ་ལགས།། སྤོབས་པ་གང་གིས་སྐྱེ་བར་འགྱུར།། ཞིང་ནི་ཇི་ལྟར་དག་འགྱུར་ལགས།། དགེ་སློང་དགེ་འདུན་ཕུན་སུམ། ་ཚོགས།། གང་དུ་དེ་ཡིས་སྤོན་བཏབ་པ།། དེར་ནི་ཇི་ལྟར་སྐྱེ་འགྱུར་ལགས།། ཚེ་རབས་དྲན་པར་ཇི་ལྟར་འགྱུར།། ཇི་ལྟར་སངས་རྒྱས་རྣམས་དང་མཇལ།། བསྐལ་པ་བྱེ་བ་སྟོང་རྣམས་སུ།། ངན་འཆར ་མཆི་བར་མི་འགྱུར་ལགས།། རྣམ་པར་འདྲེན་པ་ཇི་ལྟར་ན།། མདོག་དང་གཟི་བརྗིད་སྙན་གྲགས་འཐོབ།། སྟོབས་དང་མཐུ་དྲང་བརྩོན་འགྲུས་རྣམས།། ཇི་ལྟར་ཐུབ་པར་མི་འགྱུར་ལགས།། ཇི་ལྟར་སངས ་རྒྱས་ཆོས་དང་ཡང་།། དགེ་འདུན་ལ་ནི་སྐྱབས་སུ་མཆིས།། ལུས་དང་སྲོག་ནི་གཏོང་བགྱིད་ཀྱི།། དེ་དག་ཆོས་ནི་འདོར་མི་བགྱིད།། བྱང་ཆུབ་སྤྱད་པ་སྤྱོད་བགྱིད་ཅིང་།། ཐེ་ཙོམ་མ་མཆིས་ཇི་ལྟར་འགྱུར།། འགྱོད། ་ཁཐམས་ཅད་སྨྲས་ནས་སུ།། སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན།། ཁྱོད་ལ་མི་མཁྱེན་ཅང་མི་མངག། ཐུབ་ཆེར་ཁྱོད་ནི་ཐམས་ཅད་མཁྱེན།། བྱང་ཆུབ་སེམས་དཔའི་སྤྱོད་གང་ལགས།། གོ་ས་བཞིན ་དུ་བསྟན་དུ་གསོལ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བུ་མོ་ལེགས་སོ་ལེགས་སོ།། བུ་མོ་དེ་བཞིན་གཤེགས ་བ་ལ་དོན་འདི་ལྟ་བུ་འདྲི་བར་སེམས་པ་ནི་ཁྱོད་ཡང་ལེགས་སོ།། བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་འདུལ་བར་བྱེད་དེ། བཞི་གང་ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག ་དོག་མེད་པ་དང་། ཕྲ་མའི་ཚིག་ཡོངས་སུ་སྤོང་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པའི་བྱམས་པ་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང ་ལྡན་ན་བདུད་འདུལ་བར་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྲག་དོག་མི་བུ་ཕྲ་མ་སྤུ་མི་བྱ།། སྐྱེ་བོ་མང་པོ་དགེ་བ་རྣམས་ལ་སྦྱར།། ཕྱོགས་བཅུ་རྣམས་སུ་བྱམས་པ་བསྒོམ་བྱས་ན།། བདུད་འདིར་བཏུལ་ནས ་བྱང་ཆུབ་རེག་པར་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གཡོ་བར་བྱེད་དེ། བཞི་གང་ཞེ་ན། ཇི་སྐད་སྨྲ་བ་དེ་བཞིན་བྱེད་པ་དང་། ་ཆོས་ཟབ་མོ་ལ་མོས་པ་དང་། ཡི་དམ་ལ་བརྟན་པ་དང་། སྐྱེ་བོ་མང་པོ་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས། ་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གཡོ་བར་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་སྐད་སྤྲས་པ་དེ་བཞིན་བྱེད།། མཁས་པ་ཟབ་མོའི་ཆོས་ལ་བཟོད།། ཡི་དམ་ལ་ཡང་ཤིན་ཏུ་བརྟན།། དཀར་པོའི་ཆོས་ལ་འཛུད་པར་བྱེད། ་རྫོགས་པའི་བྱང་ཆུབ་བླ་མེད་ལ།། སྐྱེ་བོ་མང་པོ་དགའ་བར་བྱེད།། དེ་ལྟར་ཆོས་བཞི་དེ་དག་གིས།། ཞིང་རྣམས་བྱེ་བ་གཡོ་བྱར་བྱེད། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས ་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་རྣམས་སུ་འོད་ཟེར་དགྲ་གཏོང་སྟེ། བཞི་ག་ཞེ་ན། མར་མེ་སྦྱིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སེམས་ཅན་བག་མེད་པར་གྱུར་ཅིང་མི་ཁོམ་པར་གྱུར་པ་རྣམས ་ཀྱི་གན་དུ་སོང་སྟེ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་རིན་པོ་ཆེའི་དྲ་བས་འགེབས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཞིང་མཐའ ་ཡས་མུ་མེད་པ་རྣམས་སུ་འོད་ཟེར་དག་གཏོང་ངོ་།། དེ་ལ་འདི་སྐད་ཅེས་བྱ་སྟེ། མར་མེ་བྱིན་པས་འོད་ནི་རྣམ་པར་འདག། ཟད་པའི་དུས་ན་དམ་ཆོས་ཡོངས་སུ་འཛིན།། བག་མེད་གྱུར་པ་རྣམས་ལ་ཆོས་སྦྱིན ་བྱེད།། མཆོད་རྟེན་དག་ལ་རིན་ཆེན་དྲ་བ་འབུལ།། དེས་ན་བྱ་བ་མཐའ་ཡས་ཞིང་འགྲོ་ཞིང་།། བྱང་ཆུབ་སེམས་དཔའ་འོད་ཟེར་གཏོང་བར་བྱེད།། རེག་ནས་སེམས་ཅན་བདེ་དང་ལྡན་པར་འགྱུར།། མཁས་པ་བྱང་། ་ཆུབ་པ་མེད་དོན་དུ་གཉེར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། གདུངས་འཐོབ་སྟེ། བའི་གང་ཞེ་ནཱ། རྒྱན་སཱ་ཚོགས་གཙང་ཞིང་དག་པ་སྦྱིན་པ་དང་། བུ་མོ་རྒྱན་ཐམས་ཅད ་ཀྱིས་བརྒྱན་ཏེ་འདོད་པ་རྣམས་ལ་སྦྱིན་པ་དང་། རྒྱུན་མི་འཆང་བར་དེ་བཞིན་གཤེགས་པའི་བསྔགས་པ་རྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མང་དུ་གནས་པ་སྟེ། བུ་མོ་བྱང་ཆུབ་སེམས ་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་གཟུངས་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྣ་ཚོགས་བྱིན་པས་གཟུངས་ནི་ཐོབ་པར་འགྱུར།། སྤོང་བ་རྣམས་ལ་བུ་མོ་བརྒྱུན་ཏེ་སྦྱིན།། རྒྱུན་མི ་འཆད་པར་སངས་རྒྱས་བསྔགས་བརྗོད།། རྒྱལ་བའི་ཡེ་ཤེས་དོན་དུ་ཤེས་རབ་སྒོམ།། ཆོས་བཞི་འདི་དག་གིས་ནི་གཟུངས་ཐོབ་འགྱུར།། བསྐལ་པ་བརྒྱར་ཡང་ཐོས་པ་ཆུད་མི་ཟ།། ཕྱོགས ་བཅུར་དེ་བཞིན་གཤེགས་པ་གང་འཆད་པ།། དེ་དག་ཐམས་ཅད་དྲན་པའི་སྟོབས་ཀྱིས་འཛིན། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཏིང་ངེ་འཛིན་འཐོབ་སྟེ། བཞི་ག ་ཞེ་ན། འཁོར་བ་ལ་ཡིད་བྱུང་བ་མང་བ་དང་། བཅིག་པུར་ཀུན་ཏུ་དགའ་ཞིང་མགུ་ལ་མོས་པ་དང་།། བརྩོན་འགྲུས་བརྩམས་པ་དང་། ལས་ཀྱི་མཐའ་ཤིན་དུ་ཡོངས་སུ་མཐར་ཕྱིན་པ་ཡིན་ཏེ། བུ་མོ་བྱང་ཆུབ ་སེམས་དཔའ་ཆོས་བཞི་པ་དེ་དག་དང་ལྡན་ན། ཏིང་ངེ་འཛིན་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྲིད་པའི་འགྲོ་བ་ཀུན་ལ་ཡིད་ཀྱང་བྱུང་།། བསེ་རུ་ལྟ་བུར་གཅིག་པུར་སྤྱོད་ལ་དགའ།། རྟག་ཏུ་ཤིན་ཏུ ་བརྩོན་འགྲུས་བརྩམས་པ་ཡིན།། དེའི་ལས་རྟག་ཏུ་ཤིན་ཏུ་མཐར་ཡང་བྱིན།། རྟག་ཏུ་ཆོས་བཞི་དག་ལ་ཞུགས་ནས་སུ།། བྱང་ཆུབ་སྤྱོད་པ་ཞི་བ་མྱུར་འཚོལ་བྱེད། ་བྱང་ཆུབ་སེམས་དཔའ་ཏིང་འཛིན་ལ་གོར་འཐོབ།། རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་བྱང་ཆུབ་རྟོགས། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རྫུ་འཕྲུལ་འཐོབ་སྟེ། ཞི ་གང་ཞེ་ན། ལུས་ཡང་བ་དང་། སེམས་ཡང་བ་དང་། ཆོས་ཐམ་ཅད་པ་མངོན་པར་ཞེན་པ་མེད་པ་དང་། ཁམས་བཞི་ནམ་མཁའི་ཁམས་དང་མཉམ་པ་ཉིད་དུ་བྱིན་གྱིས་རློབ་པ་སྟེ། བུ་མི་བྱང་ཆུབ་སེམས་དཔའ ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྫུ་འཕྲུལ་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ལུས་ཡང་བ་དང་སེམས་ཀྱང་དེ་བཞིན་ཡང་།། ཆོས་རྣམས་ཀུན་ལ་གནས་པ་མེད་པ་ཉིད།། ནམ་མཁའི་ཁམས་དང ་མཚུངས་ཤིང་འདྲ་ཉིད་དུ།། ཁམས་བཞི་པོ་དག་བྱིན་གྱིས་རློབ་པར་བྱེད།། ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན།། བློ་ལྡན་དེ་ཡིས་རྫུ་འཕྲུལ་མཐའ་ཡས་ཐོབ།། སྐད་ཅིག་གཅིག་པཞིང་རྣམ་སྟོང ་དུ་འགྲོ།། སངས་རྒྱས་སྟོང་ཕྲག་མང་པོ་རྣམས་ཀྱང་མཐོང་། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། མཛེས་པར་འགྱུར་ཏེ། བཞི་གང་ཞེ་ན། ཁྲོ་བ་མེད་དེ། རྩོད་པ་དང་། ་ཟ་བ་དང་། ཞེ་སྡང་དང་བྲལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱག་པར་མངོན་པར་དགའ་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པས་བསྡམས་ཤིང་། ཚུར་ཤོག་ལེགས་པར་འོངས་སོ་ཞེས་རྟག་ཏུ་སྨྲ་བདས་། ་ཆོས་སྨྲ་བ་རྣམས་ལ་ཁྲོ་གཉེར་དང་བྲལ་ཞིང་ཞེ་འགྲས་པའི་སེམས་མེད་པ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། མཛེས་པར་འགྱུར་རོ།། དེ་ལྔ་འདི་སྐད་ཅེས་བྱ་སྟེ། གཞན་པ ་ཁྲོ་དང་ཁོན་དུ་འཛིན་མི་བྱེད།། ང་རྒྱལ་རྒྱགས་དང་ཐ་བ་ཞེ་སྡང་བྲལ།། རྩོད་པ་མེད་ལ་དགའ་ཞིང་སྙན་པར་སླ།། གུས་པར་རྒྱལ་བའི་མཆོད་རྟེན་འཕྱག་པར་བྱེད།། དེ་ནི་ཚུལ་ཁྲིམས་རྣམ་དག་རྟག་ཏུ ་སྲུང་། དེ་ནི་རྟག་ཏུ་ལེགས་པར་འོངས་ཞེས་སྨྲ།། ཆོས་སྨྲ་རྣམས་ལ་དེ་ནི་ཐབ་མེད།། དེ་ཡི་སེམས་ན་རྡོ་རྗེ་རི་རབ་མཚུངས། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རྫུས་ཏེ ་བར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་པདྨའི་སྦེང་ན་བཞུགས་པ་བྱེད་དུ་འཇུག་པ་དང་། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། པདྨ་དཀར་པོ་དག་གིས་ལག་པ་བཀང་སྟེ། དེ་བཞིན ་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་པར་འཐོར་བ་དང་། ཕན་པའི་དངོས་པོ་མང་ཞིང་ཡང་དག་པར་དགའ་བར་བྱེད་པའི་ངང་ཚུལ་ཅན་དང་། གཞན་དག་གི་སྐྱོན་མི་འཛིན་པ་དག་། ་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ་རྫུས་ཏེ་སྐྱེ་བར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་སྐུ་གཟུགས་པདྨ་མཆོག་བཞུགས་བྱེད་དུ་འཇུག། ཆུ་སྐྱེས་མེ་ཏོག་ལག་པ་བཀང་སྟེ་འཕུལ་བར་བྱེད།། ཕ་རོལ་དག་ལ་དགའ་བ་བསྐྱེད་པའི ་ཚིག་ཀྱང་སྨྲ།། དགའ་བར་བྱེད་ལ་མངོན་པར་བརྩོན་གྱི་སྐྱོན་མི་འཛིན།། སེམས་ཅན་ཀུན་ལ་ཕན་ཕྱིར་བསོད་ནམས་ཡོངས་སུ་བསྔོ།། ཐུབ་མཆོག་རྣམས་ཀྱི་སངས་རྒྱས་བྱང་ཆུབ ་སྒྲུབ་པ་ཤེས།། སངས་རྒྱས་གསུངས་པའི་ཡོན་ཏན་འདི་བཞི་པ་སྟེན་ན་དེ།། རྒྱལ་བ་མཆོག་རྣམས་དྲུང་དུ་རྫུས་ཏེ་སྐྱེ་བར་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ་ལོངས་སྤྱོད་ཆེན་པོར་འགྱུར་ཏེ།། བཞི་གང་ཞེ་ན། བསྡུས་པ་མེད་པར་སྦྱིན་པའི་ཚུལ་ཅན་དང་། ཆགས་པ་མེད་པར་དངོས་པོ་ཡོངས་སུ་གཏོང་བ་དང་། མོས་པ་མང་བ་དང་། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ ་བ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ལོངས་སྤྱོད་ཆེན་པོར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ངེས་པ་བསྡུས་པ་མེད་པར་སྦྱིན་པ་སྦྱིན་པར་བྱེད།། དེ་ནི་དངོས་པོ་ཀུན་ལ་རྟག ་ཏུ་འཛིན་པ་མེད།། རྒྱལ་བའི་ཡེ་ཤེས་མཆོག་ལ་མོས་པ་བསྐྱེད་བྱས་ན།། དེ་ནི་ཕྱིར་ཞིང་ལོངས་སྤྱོད་ཆེན་པོ་འཐོབ་པར་འགྱུར།། དད་དང་ལྡན་པར་འགྱུར་ཞིང་གཡོ་མེད་སྒྱུ་ཡང་མེད།། ཕ་རོལ་དག་གི་སྐྱོན་ནི ་འཛིན་པར་ཡོང་མི་བྱེད།། ལྷག་པའི་བསམ་པས་གང་གིས་ལྟེ་བ་རང་གྱུར་པ།། དེས་ནདེ་འདིར་ལོངས་སྤྱོད་བཟང་པོ་རྣམས་དང་ལྡན། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང ་ལྡན་ན། ཤེས་རབ་ཆེན་པོར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་ལ་སེར་སྣ་མི་བྱེད་པ་དང་། མི་མཐུན་པར་མི་འཇུག་པས་འགྱོད་པ་སེལ་བ་དང་། གསོལ་བ་འདེབས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གདམས ་ངག་སྨོན་པ་དང་། སྤྱོང་པ་ཉིད་སྨོས་པ་ལ་མདུ་གནས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའི་ཆོས་བཞི་པོ་དེ་དག་དང་ལྡན་ན། ཤེས་རབ་ཆེན་པོར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པ་ནམ་ཡང་སར། ་སྔ་ཡོང་མི་བྱེད། མི་མཐུར་འཇུག་པ་མེད་པས་འགྱོད་པ་སེལ། ཡང་དག་རང་ལྡན་གདམས་ངག་སྨོན་པར་བྱེད།། རྒྱལ་བའི་སྤྱོད་པ་གང་ཡིན་སྤྱོད་ཉིད་སྡོམ།། ཆོས་བཞི་འདི་དག་ངེས་པར་བསྟེར་བྱས་ན། ་རྒྱལ་བས་བཞེད་པའི་བྱང་ཆུབ་མྱུར་དུ་འཐོབ།། སངས་རྒྱས་རྗེས་སུ་བསྟན་ལ་བསླབས་བྱས་ནས།། རྐང་གཉིས་དམ་པ་སངས་རྒྱས་དེ་འགྱུར་རོ།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས ་བཞི་དང་ལྡན་ན། ཚེ་རབས་དྲན་པར་འགྱུར་ཏེ། བཞི་གང་ཞེ་ན། ལུང་ནོད་པ་དང་། ཁ་ཏོན་ལ་བརྩོན་པ་རྣམས་ལུང་མནོད་པ་དང་། གདམས་ངག་བརྗེད་ནས་ཡུན་རིང་དུ་ལོན་ཏེ་གསོལ་བ་འདེབས་པ་ལ་ལུང ་འབོག་ཅིང་དྲན་པར་བྱེད་པ་དང་། འདི་ལྟར་ཀུན་དགའ་བའི་ཚིག་གིས་གཞན་དག་ལ་དང་བནྡེ་བར་སྒྲུབ་པ་དང་། འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང་བ་དང་། མྱ་ངན་ལས་འདས་པའི་བདེ་བ་ཐོབ ་པར་བྱ་བའི་ཕྱིར་གཞན་དག་ལ་ཆོས་སྟོན་པ་དང་། ཡོངས་སུ་བསྔོ་བ་ལ་མངོན་པར་བརྩོན་ཞིང་ཏིང་ངེ་འཛིན་གྱི་མཚན་མ་ལ་མཁས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ་ཚེ་རབས་དྲན་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ལུང་མནོས་ཁ་ཏོན་བརྗེད་ལ་དྲན་པར་བྱེད།། གཞན་ལ་ཡིད་དུ་འོང་བའི་སྒྲ་ཡང་སྒྲོགས།། སྐྱོ་བ་མེད་པར་ཆོས་ཀྱང་རྗོད་པར་བྱེད།། ཏི ་འཛིན་སྒོམ་པའི་མཚན་མ་ལེགས་པར་འཇིམ།། ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན། མཐུ་ཆེན་ལྡན་པ་ཚེ་རབས་དྲན་པར་འགྱུར།། བསྐལ་པ་སྟོང་ཕྲག་བསམ ་ཡས་རྗེས་སུ་དྲམ།། རྣམ་པར་འདྲེན་པའི་མཆོག་ཉིད་མྱུར་དུ་འཐོབ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་རྣམས་དང་ཕྲད་པ་འཐོབ་སྟེ། བཞི་གང་ཞེ་ན། ་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་བ་དང་། སྲོག་གི་ཕྱིར་ཡང་སྡིག་པའི་གྲོགས་པོ་རྣམས་དང་མི་སྟེན་པ་དང་། སྲོག་གི་ཕྱིར་ཡང་ཆོས་སྨྲ་བ་ལ་སྐུར་པ་མི་འདེབས་པ་དང་། སངས་རྒྱས་རྗེས་སུ ་དྲན་པའི་ཏིང་ངེ་འཛིན་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་རྣམས་དང་ཟད་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་བྱང་ཆུབ་ཀྱི་ཚོམ ་སྤོང་མི་བྱེད།། ཆོས་སྨྲ་བ་ལ་སྐུར་པ་ཡོད་མི་འདེབས།། ངེས་པ་སྡིག་པའི་གྲོགས་རྣམས་རྣམ་པར་སྤོང་།། གཡེལ་བ་མེད་པར་རྟག་ཏུ་སངས་རྒྱས་དྲན།། ཆོས་བཞི་འདི་དག་ངེས་པར་བསྟེན ་བྱས་ན། བདེ་གཤེགས་རྣམས་དང་ཕྲད་པ་དེས་འཐོད་བོ།། བླ་མེད་བྱང་ཆུབ་མ་ཐོབ་བར་དུ་ཡང་།། འདྲེན་པ་ག་ལ་བཞུགས་པ་དེར་དེ་སྐྱེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས ་བཞི་དང་ལྡན་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་འཐོབ་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རིན་པོ་ཆེ་སྤར་གྱིས་འཐོར་བ་དང་། ་འབྲུ་མར་དྲི་ཞིམ་པོ་དག་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་འཁྲུ་བར་བྱེད་པ་དང་། མེ་ཏོག་དང་། སྤོས་དང་། སིལ་སྙན་སྣ་ཚོགས་འབུལ་བ་དང་། ཡིད་དུ་འོང་བའི་གཡོག་འཁོར་གྱིས་བླང ་དང་སློབ་དཔོན་ལ་བསྙེན་བཀུར་བྱ་བས་རིམ་གྲོ་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པ་དེ་དག་འཐོབ་ངོ་བོ།། དེ་ལ་འདི་སྐད ་ཅེས་བྱ་སྟེ། མཆོད་རྟེན་ལ་ནི་སྤར་གྱིས་དབྱིག་རྣམས་འཐོར།། དྲི་ཞིམ་འབྲུ་མཱར་རྣམས་ཀྱིས་མཆོད་རྟེན་འཁྲུ།། སྤོས་དང་མེ་ཏོག་སིལ་སྙན་སྣ་ཚོགས་འབུལ།། ཡིད་དུ་འོང་བས་མཁན་པོ་སློབ ་དཔོན་སྟེན།། དེའི་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན།། རབ་ཏུ་མཛེས་ཤིང་ཡོན་ཏན་ཀུན་དང་ལྡན།། གང་གིས་ཤེས་རབ་མཆོག་ལྡན་རྒྱལ་མཛེས་པ། ཆོས་དེ་དག་གིས་སྐྱེས་ཆེན་མཚན་དུ ་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དག་འཐོབ་སྟེ། བཞི་གང་ཞེ་ན། སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ་བ་དང་། གཞན ་ལ་བསྟི་སྤང་བྱེད་པས་མི་སྐྱོ་བ་དང་། ཆོས་སྨྲ་བ་ལ་འཐབ་མོ་མཱི་རྒོལ་བ་དང་། སེམས་ཅན་རྣམས་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང ་ལྡན་ན། དཔེ་བྱད་བཟང་པོ་བརྒྱད་ཅུ་བོ་དག་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ།། གཞན་ལ་བསྟི་སྟང་བྱེད་པས་སྐྱོ་བ་མེད།། ཆོས་སྨྲ་བ་ལ་འཐབ་མོ ་ཡོད་མི་རྒོལ།། སེམས་ཅན་རྣམས་ནི་བྱང་ཆུབ་འཛིན་དུ་འཇུག། འདི་བཞིས་ལུས་ལ་དཔེ་བྱད་བཟང་པོ་རྣམས།། འདི་ན་དེ་ཡིས་རྙེད་པ་དགའ་བ་མེད།། ཡོན་ཏན་འདི ་ངག་རྟག་ཏུ་བསྟེན་བྱས་ན།། བྱང་ཆུབ་སེམས་དཔའ་འདི་ན་བརྒྱན་པར་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། སྤོབས་པ་འཐོབ་སྡེ། བཞི་གང་ཞེ་ན། བྱང ་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ་དང་། ཉིན་མཚན་དུ་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཁ་ཏོན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འཇིག་རྟེན་ཐམས་ཅད་དྲང ་མི་མཐུམ་པ་སྐྱེ་བ་མེད་ཅིང་འགག་པ་མེད་པར་ངེས་པ་ལ་མཆོག་ཏུ་དགའ་བ་སྐྱེས་ནས་འཛིན་པ་དང་། ལུས་དང་། སྲོག་དང་། ཡོ་བྱད་རྣམས་ལ་མི་ལྟ་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི ་པོ་དེ་དག་དང་ལྡན་ན། སྤོབས་པ་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། ཉིན་མཚན་རབ་ཏུ་འདོན་པར་བྱེད། འཇིག་རྟེན་ཀུན་ལ་མཱི་མཐུན་པ།། སྐྱེ་བ་མེད་པར་རབ ་ཏུ་སྒྲོགས།། མཆོག་ཏུ་དགའ་བ་རྙེད་གྱུར་ནས།། སངས་རྒྱས་བསྟན་པ་འཛིན་པར་བྱེད།། ལུས་དྲང་སྲོག་ལ་མི་ལྟ་བར།། དེ་ནི་བྱང་ཆུབ་ལྟ་བར་བྱེད།། བཞི་པོ་འདི་དག་བསྟེན་བྱས་ན།། དེ་ཡི ་སྤོགས་པ་འཕེལ་བར་འགྱུར།། ལྷ་དང་བཅས་པའི་འཇིག་རྟེན་ཀུན།། སྣ་ཚོགས་འཕྲེང་འདྲས་ཚིམ་པར་བྱེད། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས ་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་སྟེ། བཞི་གང་ཞེ་ན། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། འཁོར་དང་འདྲེ་བ་མེད་པ་སྟེ། བུ ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་གྱི་རྙེད་པ་ནམ་ཡང་ཕྲག་དོག་མེད།། མཐོང ་ནས་དགའ་བར་འགྱུར་ཏེ་སེར་སྣ་མེད།། སེམས་ཅན་ཀུན་ལ་དེ་ཡི་སེམས་ཀྱང་སྙོམས།། འཁོར་དང་འདྲེན་པར་དེ་ནི་ཡོང་མི་བྱེད།། ཆོས་བཞི་འདིས་ནི་ཞིང་གི་བཀོད་འཐོབ་ཅིང་།། མྱུར་དུ ་བྱང་ཆུབ་མཆོག་ཀྱང་ཐོབ་པར་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དགེ་འདུན་ཕུན་སུམ་ཚོགས་པ་འཐོབ་སྟེ། བཞི་གང་ཞེ་ན། གཞན་གྱི་འཁོར་མི་འབྱེད ་པ་དང་། མི་མཐུན་པ་རྣམས་སྡུམས་བྱེད་པ་དང་། ལུང་ནོད་པ་དང་། ཁ་ཏོནྡ་བྱེད་དུ་འཇུག་པས་ཕན་འདོགས་པ་དང་། ཕྲ་མའི་ཚིག་ཡོངས་སུ་སྤོང་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས ་བཞི་པོ་དེ་དག་དང་ལྡན་ན། དགེ་འདུན་ཕུན་སུམ་ཚོགས་པ་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་གྱི་འཁོར་ནི་ནམ་ཡང་ཡོད་མི་འབྱེད།། སྐྱེ་བོ་མི་མཐུན་པ་དག་འདུམ་པར་བྱེད།། ལུང ་ནོད་ཁ་ཏོན་བྱེད་ལ་ཡང་དག་འཛུད།། ཕ་རོལ་དག་ལ་དབྱེན་གྱི་ཚིག་མི་སྨྲ།། ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན།། དགེ་འདུན་རྒྱ་ཆེ་རྣམ་དག་ཐོབ་པར་འགྱུར།། དེ་བས་དགེ་འདུན་རྣམ་པར་སྦྱང ་པའི་ཕྱིར།། མཁས་པས་ཆོས་བའི་རྟག་ཏུ་བསྟེན་པར་བྱ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་ཀྱི་ཞིང་གང་དུ་སེམས ་བསྐྱེད་པ་དེར་སྐྱེ་སྟེ། བཞི་གང་ཞེ་ན། གཞན་དག་གི་ཤེས་ཀྱི་ཁེ་དང་། རྙེད་པ་ལ་ཕྲག་དོག་མི་སྐྱེད་པ་དང་། ལྷག་པའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་དག་པ་ཡོངས་སུ་འཚོལ་བ་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྦྱོར་བར་འདུ་ཤེས་སྐྱེད་དེ། ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལའང་བསྟི་སྟང་བྱེད་པ་དང་། ཤེས་ཀྱི་ཁེའི་ཕྱིར་ཚུལ་འཆོས་པ་མེད་པ་སྟེ། ་བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཞིང་གང་དུ་སེམས་བསྐྱེད་པ་དེར་སྐྱེའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་ལ་མཆོད་པ་མཐོང་ན་ཕྲག་དོག་མེད། ་རོལ་ཕྱིན་པ་དག་པ་ཡོངས་སུ་འཚོལ།། བྱང་ཆུབ་སེམས་དཔའ་སྟོན་པར་རྟག་ཏུ་སེམས།། ཤེས་ཁེ་བདེ་བའི་དོན་དུ་ཚུལ་འཆོས་མེད།། ཡོན་ཏན་འདི་དག་རྟག་ཏུ་བསྟེན་བྱས་ན།། དེ་བཞིན ་གཤེགས་པ་རྣམས་དང་དེ་ཕྲང་འགྱུར།། ཞིང་གང་དག་ཏུ་སྨོན་ལམ་བཏབ་བྱས་པ།། འདོད་པ་བཞིན་དུ་ཞིང་དེར་སྐྱེ་བར་འགྱུར། དེ་ནས་བཅོམ་ལྡན་འདས་ལ། བུ་མོ་དྲི་མ་མེད་ཀྱིས ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཆོས་བཏགས་པ་འདི་དག་བདག་གིས་ཡང་དག་པར་བླངས་ཏེ། གནས་པར་མ་བགྱིས་ན། བདག ་གིས་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་ན་འཚོ་ཞིང་གཞེས་ལ། ཆོས་ཀྱང་སྟོན་པ་དེ་དག་ཐམས་ཅད་བསྡུས་པར་གྱུར་ཅིག། དེ ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། བུ་མོ་དྲི་མེད་གྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་ཁྱོད་འདི་སྐད་སྨྲ་བཱ་ནི་ངོ་མཚར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང ་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་དཀའ་བར་མྱི་ཤེས་སམ། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ལ་འདྲི་སྐད་ཅེས་སྨྲས་སོ།། བཙུན་པ་མོ ་འགལ་གྱི་བུ་ཆེན་པོ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་མ་འོངས་པའི་དུས་ན་ཇི་ལྟར་ད་ལྟར་དེ་བཞིན་གཤེགས་པ་མངོན་སུམ་དུ་ཞུགས་པ་བཞིན་དུ། དེ་བཞིན་གཤེགས་པ་དང ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་དང་། ཇི་ལྟར་བཏགས་པའི་ཆོས་འདི་དག་ཀྱང་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཅིག། སེམས་ཅན་གང་ལའང་གནོད་པ་མེད་པར་གྱུར་ཅིག། བདེན་པ་དང་བདེན་པའི་ཚིག་གང་གིས་བཅོམ་ལྡན ་འདས་ཀྱིས་ཇི་ལྟར་བཏགས་པའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་ལྷའི་མེ་ཏོག་གི་ཆར་མངོམ་པར་བབ་པར་གྱུར་ཅིག། མ་དཀྲོལ ་བར་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྒྲ་འབྱིན་པར་གྱུར་ཅིག། བདག་ཀྱང་བུད་མེད་ཀྱི་ལུས་ལས་གྱུར་ཏེ། སྐྱེས་པའི་ལུས་སུ་རེད་ཅིང་། ལོ་བཅུ་དྲུག་ལོན ་བ་འདྲ་བར་གྱུར་ཅིག། སྨོན་ལམ་རེ་སྐད་བཏབ་ཅིང་བདེན་པའི་བྱིན་གྱིས་བརླབས་འདི་བྱས་མཇུག་ཏུ། དེ་ནས་དེའི་མིང་ལ་སྟོང་གསུབ་ཀྱི་སྣོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་དི་རྗེམ ་དྲུག་ཏུ་གཡོས། མ་དཀྲོལ་བར་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གི་སྒྲའང་བྱུང་། ལྷའི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པའང་བུད་མེད་ཀྱི་ལུས་མི་སྣང ་བར་གྱུར་ཏེ། སྐྱེས་པའི་དབང་པོ་ཐོབ་ནས། ལོ་བཅུ་དྲུག་ལོན་པ་ཙམ་གྱི་གཞོན་ནུ་འདྲ་བར་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་མཚར་ཆེ་བ་ལགས་སོ།། བཅོམ་ལྡན་འདས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ ་གནས་ཀྱི་བར་གྱི་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ།། དེ་ཅིའི་སྲད་དུ་ཞེ་ན། འདྲི་ལྟར་འདིའི་བདེན་པའི་བྱིན་གྱི་རླབས་ཀྱིས་རྒྱུ་འདི་དག་སོ་སོར་ཡོངས་སུ་རྫོགས་པས། བུ་མོ་དྲི་མ་མེད ་ཀྱིས་བྱིན་པ་འདི་ནི་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ། འདི་ལྟར་མཐུ་ཆེ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་དེ་དེ་བཞིན་ནོ།། ་ཇི་སྐད་སྨྲས་པ་བཞིན་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དང་སྤྱིར་གནས་ཡིན ་ཏེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུམ། ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དེམར་པོ་དག ་དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས། ཚངས་པའི ་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་དེ། སླར་ལོག་ནུས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལུས་ལངས་ཏེ། ཧཱ ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་བྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ ་གསོལ་པ། ལྷ་དང་ཚངས་པའི་སྒྲ་དང་མི་མཇེད་བདག་པོའི་སྒྲ་དང་འབྲུག་སྒྲ་དབྱངས་ལྡན་པ།། མགོན་པོ་ལྔ་སྦ་ཡིད་འོང་ལྡན་ཞིང་འདོད་ཆགས་ཞེ་སྡང་ཞི་བར་མཛད་པ་པོ།། གཏི་མུག་སྤོང་བ ་། འཇིག་རྟེན་དག་ན་དགའ་བ་བཟང་པོ་གཞལ་ཡས་སྐྱེད་མཛད་པ།། སྟོབས་བཅུ་ཡོན་ཏན་རྒྱ་མཚོ་མངའ་བ་གང་གི་དོན་དུ་འོད་བཏང་བསྟན་དུ་གསོལ།། རིར་བཅས་ནགས་ཚལ ་བཅས་ཤིང་ཆ་བ་དང་བཅས་པའི་ས་རྣམས་རྣམ་པ་དྲུག་ཏུ་གཡོས།། ལྷ་རྣམས་ནམ་མཁར་གནས་ཤིང་ལྷ་ཡི་མེ་ཏོག་ཡིད་དུ་འོང་བའི་ཆར་པ་འབེབས།། སེང་གེས་ལ་ཕམ་བགྱིས་པ་བཞིན་དུ་ཁྱོད ་ཀྱིས་མུ་སྟེགས་གཞན་ཀུན་ཕམ་པར་མཛད།། དཔའ་བོ་གང་གི་དོན་དུ་འོད་ཀྱི་ལྟས་འདི་བསྟན་པ་མཛད་པ་བཀའ་སྩལ་གསོལ།། ཉི་ཟླ་བྱེ་བ་སྟོང་གིས་འོད་བཀྱེ་བ་དང་གློག་དང་ནོར་བུ་རྣམས་འོད ་དང་། ལྷ་དང་ཀླུ་དང་དྲི་ཟ་གནོད་སྦྱིན་དག་གི་འོད་རྣམས་འབར་བ་གང་ལགས་པ།། ཤཱཀྱ་ཐུབ་པའི་ཞལ་ནས་དགེ་ཞིང་དག་པའི་འོད་བྱུང་བ་དང་མཇལ་གྱུར་ནས། འོད་རྣམས་ཐམས་ཅད་མོག་མོག ་པོར་བགྱིས་སྤངས་རྒྱས་འོད་ནི་ཕྱོགས་བཅུ་རྣམས་སུ་མཛེས།། ཁྱོད་ཀྱི་སྤྲིན་མཚམས་བར་གྱིས་མཛོད་སྤུ་རབ་མཛེས་དཀར་ཞིང་དྲི་མྲ་མུ་མཆིས་བཟང་།། འབར་ཞིང་པདྨའི་རྩ་དང་དུ་ས་མ་ཏོག་ཀུན ་ད་འདྲ་བས་ཕྱོགས་གསལ་བགྱིད།། ཐམས་ཅད་མོག་མོག་བགྱིས་ནས་གདུགས་ཀྱིས་སྲིན་བུ་མ་ཁྱེར་བཞིན་དུ་རྒྱལ་བ་མཛེས།། མི་ཡི་སེང་གེ་ཐུབ་འདི་གང་གི་དོན་ཆེན་བཟང་པོར་དེང་གྱུར་བསྟན་དུ ་གསོལ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས། བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་འདི་བྱིན་གྱིས་བརླབས ་གང་གིས་བུད་མེད་ཀྱི་དངོས་པོར་གྱུར་ཏེ། སྐྱེས་པའི་དབང་པོ་ཐོབ་པར་གྱུར་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའདྲི ་མ་མེད་ཀྱིས་བྱིན་པ་འདི་བསྐལ་པ་གྲངས་མེད་པ་འབུམ་ཕྲག་བརྒྱད་བཅུ་བླ་མ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྤྱད་དེ། བསྐལ་བགྲངས་མེད་པ་འབུམ་ཕྲག་དྲུག་ཅུར་སྤྱད་ནས། བྱིས་བུ་མོ ་འདི་འཇམ་དཔལ་གཞོན་ནུར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཅི་འདྲ་བ་དེ་འདྲ་བའི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དག ་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་དག་ཡོད་པ་དེ་འདྲ་བ་དག་ནི། བྱང་ཆུབ་སེམས་དཔའ་དྲི་མཱ་མེད་ཀྱིས་བྱིན་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གཅིག་ཏུ་འགྱུར་རོ།། ་དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་དུ་ཁྱོད་དེ་ལྟར་ཡུན་རིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱི་ཕྱིར་སྤྱོད་སྤྱོད་ན། ཅིའི་ཕྱིར་ཁྱོད་ཀྱིས་དེའི་ཚེ་བུད་མེད་ཀྱི་དངོས་པོ་མ་བསྒྱུར། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ནི་རྫུ་འཕྲུལ ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ན། བཙུན་པ་ཁྱོད་ཅིའི་ཕྱིར་སྐྱེས་པའི་ལུས་ལས་མི་བསྒྱུར། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔ ་སེམས་དཔའ་ཆེན་པོ་དྲི་མ་མེད་ཀྱིས་བྱིན་པས། མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་བུད་མེད་ཀྱི་ལུས་ཀྱིས་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱ་བའང་མ་ཡིན། སྐྱེས་པའི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མ་སྐྱེས་པ་སྟེ། དེ་ནི་ལུས་སམ་སེམས ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདྲི ་ལྟར་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་ཟབ་མོ་ལ་མོས་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འཇམ་དཔལ་འདི་ལྟར་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདིས ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུའི་ཐད་ན་ཚངས་པར་སྤྱོད་པ་སྤྱད་དོ།། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་སོ།། བསྐལ་པ་བརྒྱད་ཅུར་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྒོམས་སོ།། སངས་རྒྱས་བྱེ་བ་ཕྲག ་སུམ་ཅུ་དང་། བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་དང་ལྡན་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲིས་སོ།། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ལ་ན་བཟའ་དང་ཞལ་ཟས་ཀྱིས་བཀུར ་སཱིར་བྱས་སོ།། སྤོབས་པ་རྣམ་པར་ངེས་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདིའང་ཡོངས་སུ་དྲིས་སོ།། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཉ་ཏམ་། ལེན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལའང་རྒྱ་ཆེར་རབ་ཏུ་སྟོན་ན། ་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་འདི་ནི་བྱང་ཆུང་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་དུར་གྱུར ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག། དེ་ནས ་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་སྤོངས་པ་རྣམ་པར་ངེས་པར་བསྟན་པ་ཞེས་བྱ་བར་ཟུང་ཞིག། གཟུངས་ཀྱི་རྡོ་རྗེའི་ཚིག་ཅེས་བྱ་བར་ཡང་ཟུང་ཞིག། བྱང་ཆུབ་སེམས ་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཞིག། དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་དང་མིའི་སྐྱེ་དགུ་ལས་སྲོག་ཆགས་ཁྲག ་ཁྲིག་ཕྲག་བརྒྱད་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སྤོབས་པ ་བརྩེགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་བསྐལ་པ་བརྒྱ་སྟོང་ཕྲག་གྲངས་མེད་པ་བགྲང་བ་ལས་འདས་པ་ན་སངས་རྒྱས་ཀྱི་ཞིང་ཉན་ཐོས་དང་རང ་སངས་རྒྱས་རྣམས་མེད་པ། ཚེའི་ཚད་དཔག་ཏུ་མེད་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ལྡན་པ། ལྷའི་ལོངས་སྤྱོད་པས་ཤིན་ཏུ་ལྷག་པ་དང་ལྡན་པ་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞད་ཅིང་འཛུམ་པ་དྲི་མ་མེད་པའི་ཏོག་གི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དྲི ་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས། དགའ་བ་དང་མཆོག་ཏུ་དགའ་བ་དེས་ཏ་ལ་བྱེ་བ་ཕྲག་བརྒྱད་ཅུ་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། སངས ་རྒྱས་ཀྱི་ཞིང་སྟོང་འོད་ཀྱིས་ཁྱབ་པར་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་རིན་པོ་ཆེའི་གདུགས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་གདུགས་དེས་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁེབས་སོ།། དེས་ཡང་ནམ་མཁའ་དེ་ཉིད་ལ་རྫུ་འཕྲུལ་དཔག་ཏུ་མེད་པ་བྱས་ནས། ཕྱོགས་བཅུའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྟོད ་ཅིང་ཕྱག་འཚལ་ཏེ། བསྟི་སྟང་བྱས་ནས་ནམ་མཁའ་དེ་ལས་བབས་ཏེ། བཅོམ་ལྡན་འདས་པ་ལན་སྟོང་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བྲམ་ཟེ་ཚངས་པའི་ཝ ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་མཐོང་། ལུང་བརྟན་པ་དེའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ ་ཏུ་དགའ་ནས་བདེ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། སྔ་སྐད་མཐུན་པར་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གང ་དགྲ་སངས་རྒྱས་གུས་མཆིས་དང་།། གང་དག་སངས་རྒྱས་ཆོས་སྐད་དུ།། བློ་ནི་ཤིན་ཏུ་ངེས་གྱུར་པ།། དེ་དག་རྙེད་པ་ཆེན་པོ་རྙེད།། སྔོན་ཆད་སྡིག་པའི་ལུས་བགྱིས་པས།། བདག་ཅག་དྲམ ་ཟེའི་ཁྱིམ་དུ་སྐྱེས།། སྟོན་པའི་ཉན་ཐོས་མཐོང་གྱུར་ན།། བཀྲ་མི་ཤིས་ཞེས་ཚིག་ཏུ་བརྗེད།། སངས་རྒྱས་སྲས་དག་མཐོང་གྱུར་ན།། བཀྲ་མི་ཤིས་ཞེས་བགྱིས་པ་ཡི།། ཚིག་ཏུ་བརྗོད་པ་གང ་མཆིས་པ།། བཙུན་པ་ནོངས་པ་བཤགས་པར་བགྱི།། ཚོགས་ཀྱི་རྒྱལ་པོའི་མཆོག་གྱུར་པ།། སངས་རྒྱས་གང་དག་མ་མཐོང་ན།། མི་དེ་དག་གིས་ནོངས་པ་རྙེད།། དེ་དག་ཁ་ཟས་ངན་པ་འཚལ།། ་དྲི་མདུ་བྱིན་པས་མཆོད་བྱིན་སྤྱད།། བདག་ཅག་མགྲོན་དུ་བོས་གྱུར་པ།། སྟོན་པའི་ཉན་ཐོས་རྣམས་མཐོང་ནས།། མ་གུས་པས་ནི་སྡོད་ཅིང་མཆིས།། དེ་ལ་བདག་ཅག ་རྣམས་ཀྱིས་དྲིས།། ཁྱོད་ཀྱིས་འདྲེན་པ་གང་ན་མཐོང་།། དེ་སྤྲས་བཙས་ནས་ཞག་བདུན་ནས།། ཁོ་མོས་སངས་རྒྱས་མཚན་ཐོས་མཆི།། དེ་ཡི་སངས་རྒྱས་བསྔགས་མང་བ།། དེ་བཞིན་གཞན ་དུ་མི་འགྱུར་བརྗོད།། དེ་ཡི་ཙིག་ཐོས་བདག་ཅག་ཀུན།། བྱང་ཆུབ་མཆོག་ཏུ་ཡང་དག་ཞུགས།། བདག་ཅག་སྔོན་གྱི་བསོད་ནབས་དང་།། སངས་རྒྱས་ཞེས་བགྱི་སྨྲས་བསྐུལ་བས།། ཤཱཀྱ་ས ་གོའི་ཞབས་ལ་ནི།། ཕྱག་བགྱིའི་སླད་དུ་ལྤགས་པ་ལགས།། རྫོགས་པའི་སངས་རྒྱས་མཐོང་ཕྱག་བགྱིས།། ཆོས་ཀྱི་དམ་པ་ཐོས་པར་འགྱུར།། རྐང་གཉིས་དམ་པ་འདི་མཐོང་ནས།། བདག་ཅག་སྡུས ་བསྔལ་ཀུན་ལས་གྲོལ།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཆོས་གང་བཤད་པར་མཛད་པ་རྣམས།། སངས་རྒྱས་ཆོས་ཀྱི་དོན་སླད་དུ།། བདག་ཅག་དེ་ལ་སློབ་པར་བགྱིད།། སངས་རྒྱས་ཆོས་ཐོབ་བབྱེད ་སྨད་དུ།། བྱང་ཆུབ་སྤྱོད་པ་ཐོས་གྱུར་ནས།། བདག་ཅག་ཡང་དག་ནན་ཏན་གྱིས།། སྤྱོད་པ་དེ་ལ་བསླབ་པར་བགྱི།། བྱང་ཆུབ་སེམས་དཔའ་སྤྱོད་གང་དང་།། ལམ་དང་སྤྲོ་ཡང་བསྟན་པ་ལ།། ནན་ཏན ་གྱིས་ནི་གནས་པར་བགྱི།། འཇིག་རྟེན་རྣམས་ཀྱི་མཆོད་རྟེན་འགྱུར།། དེ་དག་ལྷག་པའི་བསམ་མཁྱེན་ནས།། ཐུབ་པས་དེ་ཚེ་འཛུམ་པ་མཛད།། ཐུབ་ཆེན་ལུང་བསྟན་མཛད་གསོལ་ཞེས།། སངས་རྒྱས་ལ་ནི ་ཀུན་དགའ་ཞུས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། བྲམ་ཟེ་ལྔ་བརྒྱ་འདི་དག་དང་།། བྲམ་ཟེ་ཚངས་པའི་ལྷ་དེ་དང་།། དེ་ཀུན་བསྐལ་པ་གཅིག་གི་ཚེ།། རྣམ་པར་འདྲེན་པ་སངས་རྒྱས་འགྱུར། ་སངས་རྒྱས་ལྔ་བརྒྱ་ཐམ་པ་ལ།། ཚེ་རབས་སྔ་མར་མཆོད་བྱས་པ།། དེ་ནས་ཕྱིན་ཆད་སྤྱོད་རྗེ་ཡང་།། སངས་རྒྱས་བྱེ་བ་མཐོང་བར་འགྱུར།། བསྐལ་པ་བྱེ་བ་བརྒྱད་ཅུར་ནི།། དེ་དག་ངན་འགྲོར་འགྲོ་མི་འགྱུར།། ་དེ་དག་བསྔལ་པ་རེ་རེ་ལའང་།། སངས་རྒྱས་བྱེ་བ་མཐོང་བར་འགྱུར།། དེ་དག་བསྐལ་པ་གཅིག་དེ་ལ།། རྐང་གཉིས་རྣམས་ཀྱི་མཆོག་འགྱུར་ཏེ།། འོད་ཅེས་བྱ་བའི་བསྐལ་གཅིག་ལ།། ཚངས་པའི་སྒྲ་ཞེས ་བྱ་བར་འགྱུར།། དེ་ལྔ་ཚེ་ཚད་མཚུངས་འགྱུར་ཏེ།། བསྐལ་པ་བྱེ་བ་བརྒྱད་ཅུ་ཐུབ།། ཞིང་མཚུངས་དགེ་འདུན་མཚུངས་འགྱུར་ཏེ།། དགེ་སློང་བྱེ་བ་བརྒྱད་ཅུ་ཡོད།། སེམས་ཅན་རྣམས་ཀྱི་དོན་སྤྱད ་ཅིང་། ཆོས་འདི་ལ་ཡོང་སྤྱད་བྱས་ནས།། དེ་དག་ཐམས་ཅད་མཐར་གྱིས་སུ།། མྱ་ངན་འདས་པ་ཞི་བ་ཐོབ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ ་སེམས་དཔའ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྲམ་ཟེ་དེ་དག་དང་། རྒྱལ་པོ་གསལ་རྒྱལ་དང་། ཉན་ཐོས་ཆེན ་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ ་། ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ། འདུས་པ་སུམ་ཅུ་རྩ་གསུམ་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེམ་པོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བཾ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བམ་པོ་གཉིས་དང་ཤྲིཾ་ཀ་བཅཝ་ལྔ་བཅུ་ཡོད་དོ།། ་