| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པྲཱ་ཏི་མིག་ཀྐསྭཱ་ཏྲ། དེ་སྐད་དུ། སེ་སེར ་ཐུར་པའི་མདོ།། བམ་པོ་ད་དོ།། ཐམས་ཅད་མཁྱེན་པ་ལི ་སྙན་པའི་བདན་འཇིག་རྟེན་གསུམ་དུ་གྲག་སོ།། དམ་པོའི་ཆོས ་སྒྲ་སེང་གེའི་སྒྲ་བསྒྲགས་པ།། ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད ་བརྙེས་པ།། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས།། སྡུག་བསྔལ་རྒྱ་མཚོ་གཏིང ་། དུ། ་མཐའ་མེད་རྒ་ལ་བ།། འགྲོ་བུའི་གཙོ་ལ་སྤྱི་བོས་ཕྱག་འཚུལ་ཏེ།། ཐམས་ཅད་མཁྱེན་པའི ་བསླབ་གཞི་དཀོན་མཆོག་སྣོད།། འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ།། སངས ་རྒྱས་འདུལ་བ་གངས་ཆེན་མཚོ།། གཏིང་མཐའ་མེད་པ་ཐམས་ཅད་ཀྱི།། གནས་པའི་སྙིང་དང་སྙིང་པོ་ནི།། སོ་སོར་ཐར ་འདི་ཡིན་ནོ།། འདི་ནི་དམ་ཆོས་རྒྱལ་པོ་ཡིན།། ཆེས་ཀུན་གྱི་ནི་འདྲེན་པ་མཆོག། འདི་ནི་དགེ་སློང་ཚོང་ཚོགས་ཀྱི།། ་བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན།། ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི།། གདུག་པ་རྣམ་སེལ་སྨན་འདི་ཡིན།། ་འདི་ནི་ལང་ཚེ་རྣམ་འཁྲུལ་པའི།། རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན།། འཚེ་བས་ཟབ་པའི་འཁོར་བ་ལས།། ་སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ།། འདི་ནི་བཟང་འགྲེར་འགྲོ་བ་ཡི།། ངེས་པའི་ཆུ་ལོན་ཟམ་པ་ཡིན།། འདི་ནི་ཉོན ་#། མོངས་འཕམ་བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་མཐར་པའི་གྲོང་འཇུག་པའི།། ཐེམ་སྐས་གཞི ་དང་ཧྲུ་གནས། གྱུན།། ན་ས ་དགེ་སློང་ཚོགས་མདུན་བསྟོད།། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དགུ་ན་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀའ།། ་རབ་ཏུ་བྱུང་བ་ཤིན་ཏུ་དཀོན།། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི།། ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན།། ཚུལ་ཁྲིམས་ཡོངས་སུ ་དག་གྱུར་ཀྱང་།། གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དག་རབ་ཏུ་འབྱུང་བ་དང་།། ཚུལ།། ་ཁྲིམས་ཕུན་སུམ་ཚོགས་པ་དང་།། གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས།། མཁས་པ་བདག་ལ་ལེགས་འདོད་ཅིང་།། དེ་དག་འབྲས ་བཅས་བྱེད་འདོད་པ།། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་འདུལ་ཀུན་དབང་པོ།། སངས་རྒྱས་མི་འགྱུར་རབ་བྱུང་བ། ་ངེས་པར་ཐར་པ་འདོད་རྣམས་ཀྱིས།། སོ་སོར་ཐར་པ་རྟག་ཏུ་སྲུངས།། བསྐུལ་པ་བྱེ་བ་རྣམས་སུ་ཡང་།། སོ་སོར་ཐར་པ་ཐོས་པ་དང་།། གཟུང་དང་འཛིན་པ་རྙེད་དཀའ་སྟེ།། སྒྲུབ ་པའང་ཤིན་ཏུ་རྙེད་པར་དཀའ།། སངས་རྒྱས་རྣམས་ནི་འབྱུང་བ་དདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། ་འཕགས་པ་རྣམས་ནི་མཐོང་བ་བདྲེ།། དམ་པ་དག་དང་འགྲོགས་པ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདྲི་བ་ཉིད་དུ་འགྱུར།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང ་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག་མཐོང་བ་བདེ།། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ ་ཐོབ་པར་གྱུར་པ་བདེ།། ང་ཡི་ང་རྒྱལ་ཟད་པ་བདེ།། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་།། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལ ་ཚེ་ཡོལ་བ་རྣམས་ཀྱི་གནས་པ་བདེ།། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་།། ལྷག་མ་ཇི་ཙམ་པ་དེ་ཙམ་མོ།། ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་།། སྟོན། ་པའི་བསྟན་པ་ཡང་འཇིག་པར་འགྱུར་བས།། ཚེ་དང་ལྡན་པ་དག་གིས་ངག་ཡོད་པས་རྣལ་འབྱོར་དུ་བྱའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན ་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས། དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་། ཡོངས་སུ་དག་པ་དྲིས་ཤིག། དྲིས་ནས་ཀྱང་བརྗོད་པར་བྱའོ།། ་ཤཱཀྱ་སེང་གི་དེ་ལ་ནི།། སེན་མོ་བཅུ་ཡི་ཐལ་སྦྱར་ཏེ།། སོ་སོར་ཐར་པ་གདོན་པར་བྱས།། གདུལ་བའི་དོན་དུ་ང་ལས་ཉོན།། ཐོས་ནས་དྲང་སྲོང་ཆེན་པོ་ཡིས།། ཇི་སྐད་གསུང ་བཞིན་བསྒྲུབ་བྱ་ཞིང་།། ཁ་ན་མ་ཐོ་ཕྲ་རྣམས་ལ།། རྟུན་ཅིང་བྱེད་པ་ཉིད་དུ་གྱིས།། རྟག་ཏུ་འབད་པས་བདའ་བ་ཡིན།། སེམས་རྟ་ཁ་སྨན་དཀའ་བ་ལ།། མཐུན་པ་གཟེར་རྣོན་བརྒྱ་པ་ཡི།། ་སྲབ་འདི་སོ་སོར་ཐར་འདི་ཡིན།། ཆེ་བ་གང་དག་ངག་ཙམ་གྱིས།། ལྡོག་ཅིང་མཚམས་ལས་མི་འདའ་བ།། དེ་དག་མི་རྟ་བཟང་པོ་སྟེ།། ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར།། སུ་ལ་སྲབ ་འདི་མེད་པ་དང་།། རམ་དུ་ཡང་འདོད་པར་མི་འགྱུར་བ།། དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས།། འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར།། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ་དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང ་མཛད་དེ། སོ་སོར་ཐར་པའི་མང་གདོན་པ་འདོན་ནོ།། འདི་ནི་གསོལ་བའོ།། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་འདོན་གྱིས། ཁྱེད་ཅག་སུ་ལ ་ལྟུང་བ་ཡོད་པ་དེས་མཐོལ་ཅིག། ལྟུང་བ་མེད་ན་ཅང་མ་སྨྲ་ཞིག། ཅང་མི་སྦ་ན་བདག་གིས་ཚེ་དང་ལྡན་པ་དགྲ་ཡོངས་སུ་དག་པར་རིག་པར་བྱའོ།། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན ་བེཏབ་པ་དེ་བཞིན་དུ། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ།། གླེང་གཞི་རྣམ་པར་གཞག་པ་འཛིན་དུ་འཇུག་པའོ།། ཡང་དགེ་སློང་གང ་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན། ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན། དེ་ཤེས་བཞིན་དུ་བརྫུན་སྦ་བ་ཡིན་ནོ།། ཚེ་དང་ལྡན་པ་དག་ཤེས་བཞིན་དུ ་བརྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ།། དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པ་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ།། ་མཐིལ་ན་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་རོ།། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ།། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ།། ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་ག་མ་ཞེས་དྲིའོ།། ཅི་འདྲི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། ་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། སྡོམ་ལ། མི་རངས་སྤྱོད་དང་བརྐུ་བ་དང་།། མི་ལ་གསད་པར་མི་བྱ་དང་། ་བརྫུན་དུ་སྒྲ་དང་བཅས་པ་ཡི།། ཆོས་བཞི་འདིར་ནི་གསུངས་པ་ཡིན།། ཚེ་དང་ལྡན་པ་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་འོདི་དག་ནི་ཟླ་བ་བྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ ་ལས་འབྱུང་ངོ་།། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པ ་ལས་བྱུང་བའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་གང་གཞན་ངག་གི། ་གྲོང་ན་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན་པ་བརྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཇི་ཙམ་མ་བྱིན་པར་བླངས་པའི་དེ་རྒྱལ་པོ་འམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས ་ཀྱེ་མི་ཁྱོད་ནི་རྐུན་མའོ།། བྱིས་པའོ།། བླུན་པའོ།། བརྐུ་བའོ།། ཞེས་ཟེར་ཞིང་གསོད་དམ། འཆིང་ངམ་སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང ་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་གདྲ་མི་འམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ་དེ་ལ་མཚོན་བྱིན་ནམ ་དེ་ལ་མཚོན་ཐོགས་པ་གཉེར་རམ། དེ་འཆིར་བཅུག་གམ་དེ་ལ་འཆི་བའི་སྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདི་ཅི་ནིན། ་བྱད་ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ།། ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཚོར་བཅུག་གམ་དེ་ལ་འཆི་བའི ་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས ་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོག་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ།། འདི ་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས ་སྤྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོ་བ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར། ་མི་བྱའོ།། ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ།། །། དགེ་སློང་གིས་དེ་དག་ལས་ལྟུང་བ་གང ་ཡང་རུང་བ་ཞིག་བྱས་ན། ཐོག་མ་ཇི་ལྟ་བར་བྱིས་ཀྱང་དེ་བཞིན་ཕམ་པར་གྱུར་པ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་། ལོངས་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ།། ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། ་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སླུ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། སྡོམ་ལ། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྲ་ན།། ཁང་པ ་ཁང་ཆེན་དང་ནི་གཞི་མེད་དང་།། བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས།། ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ།། ཚེ་དང་ལྡན་པ་དག་དགེ་འདུན་ལྷག་མའི་ཆོས ་བཅུ་གསུམ་པོ་འདི་དག་ནི། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། བསམས་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་མ་གཏོགས་ཏེ་དགེ་འདུན་ལྷག་མའོ།། ཡང་དགེ ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱི། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལུས་རེག་པར་བྱེད་དམ། ལག་པ་ནས་བཟུང་ངམ་དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ ་ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་། ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ།། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་འབྱུང་བ་འཁྲིག་པ་དང་ལྡན་པ་དག་སྐྱེས་བུས་ན་རླུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ།། ཡང་དགེ་སློང་བ་དྲ་ཅིང་གྱུར་པའི ་སེམས་ཀྱིས་བུད་མེད་ཀྱི་ཡུལ་གྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་གྱི་ཕྱིར་ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དག་པའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འདི་ལྟར་འཇིག ་པ་དང་ལྡན་པའི་ཆོས་འདྲིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་བྱས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ།། ཞེས་བསྔགས་པ་བརྗོད་ན་དགེ་འདུན་ལྷག་མའོ།། ཡང་དགེ་སློང་གང ་བུད་མེད་ལ་སྐྱེས་པའི་ཚིག་དང་།། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དང་། མཛའ་ན་མོ་ཉིད་དུ་སྨན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ལ་རུང་སྟེ་དགེ་འདུན་ལྷག་མའོ།། དགེ་སློང ་གིས་བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་ན། དགེ་སློང་དེས་ཁང་པ་ཚད་བཞིན་དུ་བརྩིག་ཏུ་ཆུག་ཅིག། དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་སྲི ་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས་ཞེང་དུ་མཐོ་བདུན་ནོ།། གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ།། ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི ་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བར་བལྟ་བར་བྱའོ།། གལ་ཏེ་དགེ་སློང་གིས་གཞི་མི་རུང་བ་འམ། རྩོད་པ་དང་བཅས་པ་འམ ་བརྩམ་དུ་མི་རུང་བར་བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི ་སྟོན་ནམ་ཚད་ལས་འདས་ན་དགེ་འདུན་ལྷག་མའོ།། དགེ་སློང་གིས་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལོག་ཁང་ཆེན་པོ་རྩིག་ཏུ་འཇུག་ན་གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ ་སློང་དག་བཀྲི་བར་བྱའོ།། ཁྲིད་པའི་དགེ་སློང་དེ་དག་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བར་བལྟ་བར་བྱའོ།། གལ་ཏེ་དགེ་སློང་གིས་གཞི་མི་རུང་བ་འམ ་རྩོད་པ་དང་བཅས་པ་འམ། བརྩམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན་དགེ་འདུན་ལྷག་མའོ།། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙམ་ནས། དགེ་སློང་དག་བཏུ ་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས། དེ་དུས་གཞན་ཞིག་ནི་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་དེ་ཡང་ཞེ་སྡང ་ལ་གནས་པས་ཞེ་སྡང་གིས་སྦས་སོ་ཞེ་ན། དགེ་འདུན་ལྷག་མའོ།། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙམ་ནས ་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞན་གྱི ་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་གྱི་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་དེ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ།། ་ཞེ་ན་དགེ་འདུན་ལྷག་མའོ།། ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན། དགེ་སློང་དེ་ལ ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག། ་ཚེ་དང་ལྡན་པ་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད་ཀུན་ཏུ་དགའ་མི་རྩོད་མཆོག་ཅིག། འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི ་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་དེ་ལ ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ནི་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན ་དགེ་འདུན་ལྷག་མའོ།། དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་རྣམས ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི ་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དེ ་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ་དང ་དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྨད་འདོགས་པས་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྣའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ། ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟེད་དོ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྒྲུབ་མ་ཡིན་གྱི། ་ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས ་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སླའི། ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད ་ཅིག་རྔུ་ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར། ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག། ཚེ་དང་ལྡན་པ་དག་གེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འང། ་མཐུརན་མི་བྱེད་ཀུན་ཏུ་དགའ་མི་རྗོད་མཆོག་ཅིག། འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས ་ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོ ་ན་དེ་ལྟ་ན་ལེགས།། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན ་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ།། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ་གྲོང ་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ། དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས ་སམ། དེ་དག་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པ ་ཆོག་གིས། གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ།། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། ་གཏི་མུག་གིས་འགྲོ་བ་འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ་འཇིགས ་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྨོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེས་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ། ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སྲན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག ་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་དེ་དག་ལ ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ ་ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་གསུམ་དུ་ཡང་དག་པར་བསྐོ།། ཡང་དག་པར་བསྟན་པ་ན་གཞི་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་པའོ།། འདི་ན་དགེ་སློང ་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི ་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཞིག ་བདག་ཀྱང་དགེ་ཡང་རུང་། སྡིག་ཀྱང་རུང་། ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ།། ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཞིག། ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན།། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་།། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད ་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག། དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག། འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས ་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡི་འཁོར་འདི་འཕེལ་བར་འགྱུར་གྱིས ་ཚེ་དང་ལྡན་པ་ཁྱོད་བདག་ཉིད་རྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ། ་གཞི་གཏང་ན་དེ་ལྡན་ལེགས། གལ་ཏེ་མི་གཏོང་ན་གཞི་གཏོང་བར་བྱ་བའི་ཕྱིར། ལནུ་གཉིས་ལན་གསུམ་དུ་ཡ་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱར། ་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ།། །། ཚེ་དང་ལྡན་པ ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་ཟིན་ཏོ།། ། དེ་དག་ལས་དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིས་སོ།། བཞི་ནི་ལན་གསུམ་གྱི་བར་གྱིས ་སོ།། དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན། ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བ་བྱའོ།། དགེ་སློང་གིས་མི་འདོད། ་བཞིན་དུ་སྤོ་བ་བྱས་ནས། དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ།། དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས། དབྱུང་བར་བྱ་བ་ལ་ཐོགས་ཏེ། ཆོས་དང ་མཐུན་པར་བྱས་ལ། དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན། གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ།། དགེ ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ། དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་ནི་དེ་ཚེ། ་ག་ཡིན་ནོ།། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། ་དེ་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། སྡོམ་ལ། དབྱེན་པ་སྐྱབས་ཡོད་འདུག་པའོ།། ཚེ་དང་ལྡན་པ་དག ་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་།། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་བསྟན་ལ་འདུག་པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་ཕམ་པར་འགྱུར་བ་འམ། དགེ་འདུན ་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན། ཆོས་གསུམ་པོ་ཕམ་པར་གྱུར་པ་འམ། དགེ་འདུན་ལྷག ་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས ་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། འདི་ནི་མ་ངེས་པའི་ཆོས་སོ།། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐབས་ཡོད་པ་ན་འདོད་པ་བྱར ་རུང་བར་སྟན་ལ་འདུག་པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས ་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ནས་ཆོས་གཉིས་པོ་དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ།། ཚེ་དང་ལྡན་པ་དག་བདག་གིས་མ་ངེས ་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ།། ། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའི།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས ་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲས་པས་དེ་དེ་བཞིན་དུ་འཛིན་ཏོ།། །། སྡོམ་ལ། འཆང་བ་འབྲལ་བ་འཇོག ་པ་དང་། འཁྲུར་འཇུག་པ་དང་ལེན་པ་དང་། སློང་དང་སྟོད་གཡོགས་སྨད་གཡོགས་བཅས།། རིན་ཐང་སོ་སོར་བསྐུར་བའོ།། ཚེ་དང་ལྡན་པ ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་།། དགེ་སློང་ཆོས་གོས་ཟིན་པར་སྲ་བརྐྱང་ཕྱུང་ན། ཞག་བཅུའི་བར་དུ ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བར་བྱའོ།། དེ་ལས་འོངས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས ་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། དུས ་མ་ཡིན་པའི་གོས་ཤིག་རྙེད་ལ། འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ།། བླངས་ན་གལ་ཏེ་ལངས་ན། མྱུར་བ་ཁེ་ནར་གོས་སུ་བྱས་ལ་བཅང་བར་བྱའོ།། གལ་ཏེ་མེ་ལངས་ནཱ ་མ་ལངས་པ་ཁ་སྐྱོང་བའི་གོས་ལ་རེ་བ་ཡོད་ན། དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ།། དེ་ལས་འདས་པར་འཇིག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་གམ། འཆེད་དུ་འཇུག་གམ། འཆག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས ་ལེན་ན་བརྗེས་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང། ་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ་གོས་བརླག་གྲམ་གོས་ཚིག་གམ་གོས་རླུང་གིས་ཁྱེར་རམ་གོས་ཆུས་ཁྱེར་ན་དེ་ལ་དེ་ནི་དུས་ཡིན་ནོ།། དགེ ་སློང་གོས་ཕྲོགས་སམ་གོས་བརླག་གམ་གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་གོས ་བསླང་བར་བྱའོ།། གལ་ཏེ་དེ་ལ་བྲམ་ཟེ་འམ། ཁྱིམ་བདག་དད་པ་ཅན་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབས་ལ། འདོན་ན་དགེ་སློང་དེས་དེ་ལས་གོས་སྟོད་གཡོགས་སྨད་གཡོགས་དང ་བཅས་པའི་མཐར་ཐུག་པར་བསླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱིས་རིན་དག་སྤགས་ནས། བདག་གིས་གོས ་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་སུ་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པས ་བདག་གི་ཕྱིར་གོས་ཀྱི་རིང་གང་དག་སྔགས་པའི་གོས་ཀྱི་རིན་དེ་དག་གིས། ཚེ་དང་ལྡན་པ་གོས་འདི་ལྟ་བུ་ཞིག་ཉོས་ལ་བདག་ལ་གོས་སུ་རུང་བ་དུས་སུ་ལེགས་པར་སྟོན ་ཅིག་ཅེས་སྨྲས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་བ་དག་སྤྲུགས་ནས། བདག་ཅག་གཉིས ་ཀྱི་གོས་ཀྱི་རིནི་སོ་སོ་བ་དག་སྤགས་ནས། བདག་ཅག་གཉིས་ཀྱི་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། བདག ་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་སུ་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ། ་བདག་དང་། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག ་གིས། ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བདག་ཉེས་ལ། གཉིས་ཀ་འདུས་ཏེ་བདག་ལ་གོས་སུ་རུང་བུ་གཅིག་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ། གོས་གྲུང་ན་སྤང་བའི་ལྟུང ་བྱེད་དོ།། དགེ་སློང་གི་ཕྱིར་རྒྱལ་པོ་འམ། རློན་པ་ཆེན་པའམ་ག་བྲམ་ཟེ་འམ། ཁྱིམ་བདག་གམས་ཐོང་རྡལ་གྱི་མི་འམ། ཡུལ་གྱི་མི་འམ། ནར་ང་ནིམ། ཚོང་དཔེ་ནི་ནམ། དེད་དའིན ་གྱིས་པོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་རས་པོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས། དགེ་སློང་དེ་གལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ ་མཁྱེན་པར་མཛོད་ཅིག་ཁྱོད་ལ་རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་གམ། གྲོང་རྡུལ་གྱི་མི་འམ། ཡུལ་གྱི་མི་འམ། ནོར་ཅན་ནམ། ཚོང་དཔོན་ནམ། ད་དཔོན ་ཆེ་གེ་མེས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་པས་ཐུགས་བརྩེ་བའི་སླད་དུ་འདྲི་དག་བྱ་ཞེས་ཤིག་ཅེས་ཟེར་ནུ། དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་པོ་ཉ་བ་དགེ་སློང ་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་སུ་རུང་བ་དུས་སུ་རྙེད་ན་ནི་ལེན་ནོ་ཞེས་བརྗོད་པར་བྱའོ།། གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་འདི་སྐད་ཅེསའཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་ཞིག་མཆིས་སམ་ཞེས་ཟེར་ན། དགེ་སློང་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའ་ར་བ་པ་འམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ།། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང ་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། ་དེ་ལ་གོས་རུང་བ་དུས་སུ་སྟོན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་པོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་། ཡང་དག་པར་བསྟན་ནས། དགེ་སློང ་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་། ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་། དེའི་གན་དུ་བཞུད ་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ།། དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ།། ཚེ་དང ་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ།། ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ།། ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ། ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི། ལན་ལྔ། ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ།། ལན་གཞི། ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་སྡུད་པ་ན། གལ་ཏེ། ་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བཙལ་ཏེ། གིས་གྲུབ་ན་སྨྱུང་བའི་ལྟུང་བྱེད་དོ།། གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག ་བར་བྱའོ།། ཡང་ན་མིད་བརྟན་པའི་མཉིམས་ཆ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མའི་ཕྱིར་གིས་ཀྱི་རིན་གདིང་ག་འསྐུར་བ་དེ་དག་ནི་དགེ་སློང་ནིམ་དན་ཅིང་ཡང་མ་ཐུབ་ཀྱིས། ཤེས་པར་གྱིས་ཤི ་དང་ལྡན་པ་དག་གིས་རང་གིན་ལུང་ས་གཅན་ཅིག་ཅེས་སྣང་བར་བྱསྟེ། དེ་ལ་ན་ཆག་ཡིན་ན། རྣམ་ལ། ཟིན་པ་ལ་འདའ་ཞིག་ན་གཉིས་དང་།། དྲུག་པ་ལ་ག་། ་འཇུ་བ་དང་ནི་གསེར་དབུལ་དང་།། མངོན་མཚན་ཅན་དང་ཉོ་འཚོང་དེ། ཡང་དགེ་སློང་གང་སྲིན་པས་ཀྱི་སྟན་གསར་རབ་བྱེད་ན་སྨྱུང་བའི་ལུང་བྱེད་དོ།། ཡང་དགེ་སློང་གང་དྲུག་པ་ལནས ་འབའ་ཞིག་གིས་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གིས་སྟན་གསར་པ་བྱེད་ན། ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ། གསུམ་པ་ནི་དཀར་པོ་ལས ་བཞི་པ་ནི་མཁོབ་བ་ལ་ལས་གཞུག་པར་བྱའོ།། གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ་གསུམ་པ་དཀར་པོ་ལས་བཞི་པ་མཁོབ་བལ་ལས་མ་བཅུག་པར ་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གིས་སྟན་གསར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ།། གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙེད་པ་དེ་སྤངས་ཀྱང་རུང ་མ་སྤངས་ཀྱང་རུང་སྟན་གསར་པ་གཞན་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གིས་གདིང་བ་གསར་པ་བྱེད་ན་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ།། གལ་ཏེ་དགེ་སློང་གིས་གདིང་བ་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང ་འའ་བས་སལྡན་པར་ག་ང་བགས་པ་སྤྱོང་ན་བ་བ་ན་བྱེ་།། རླུང་དག་སུང་ལས་ན་ཞུགས་པས་ལུག་ཤཱནས། དུན་རྣ་སུ ་བྱའོ།། གྲངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་འཁུར་བར་བྱའོ།། དེ་ལས་འདས་པར་ཁྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་ས ་དུ་མ་ཡིན་པ་ལ་ཁྲུག་པལ་འཁྲུར་འཇུག་གམ། འཆེད་དུ་འཇུག་གམ། རྨེལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་རང་གི་ལག་གིས་གསེར་དང་དབུབ་ལེན་ནམ། ལེན་དུ ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི ་ལྟུང་བྱེད་དོ།། ། སྡོམ་ལ། ལྷུང་བཟེད་གཉིས་དང་ཐག་གཉིས།། བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། དགོན་པ་དང་ནི་རས་ཆེན་དང་།། བསྔོས་པ་དང་ནི་གསོག་འཇོག་གོ ་ཡང་དགེ་སློང་གང་ལྷུང་བཟེད་ལྷག་པ་ཞག་བཅུའི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་ལྷུང་བཟེད་ལྡན་པ་ལྔ་མེད་པ་སྤྱང་བཟོད་པ་ཡོད ་བཞིན་དུ། བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་གསར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ།། དགེ་སློང ་གི་འཁོར་དེའི་སྲུང་བཟེད་བ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ། དགེ་སློང་ཡུད་ཀྱིས་ལྟུང་བཟེད་འ་བྱིན་གྱིས་བརླབ་པར་མི་བླག་གཏང་བར་མི་བྱ། གཞན་ལ་སྨིན་པར་མི་བྱ་བདྨ། ཆག་པའི་མས། ་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་ངལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཚིག་ཡིན་ནོ།། ཡང་དགེ་སློང་གང་རང་གིས་བསླངས་པའི་དོག་པས། ཐ་ག་པ་ཉེ་དུ་མ་ཡིན་པ་ཁ་གོས ་འཐག་ཏུ་འཇུག་ན་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས ་དེ་ན་གལ་ཏེ་དགེ་སློང་དེ་ལ་སྐུར་མ་བསྟབས་པར་རྣམ་པར་པ་ཞིག་བྱུང་ནས།། ཐཱ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ཟག་པ་ཤེས་པར་གྱིས་ཤིག། གོས་འདི་ནི་། ་བོའི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐག་རན་བཟང་བར་ལེགས་པར་གྱིས་ཤིག། ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁེ་ཆེས ་རྨ་ཛན་འདི་ལྟ་སྟེ།། བཟའ་བ་འམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་བ་འམ་བཅའ ་བ་འམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས ་འཕྲོག་གམ། འཕྲོག་ཏུ་འཇུག་ཅིང་། དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་བྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང་དེས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ། ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་གིས་སྟོན་ཟླ་ཐ་ཆུང་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད་ལ། འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ།། ་བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ།། དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། ་འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་པ་ལ། དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་གསུམ ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ།། དགེ་སློང་དགོན་དཔ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དཀོན་པ་པ་དེས་ཞག་དྲུག་གི ་མཛའ་ཚུན་ཆང་ཆོས་གས་དེ་དང་མཚམས་ཀྱི་ཕྱི་རལ་དུ་འབྲལ་བར་བྱའོ།། དེ་ལས་འདས་པར་འབྲལ་ན་སྣང་བའི་ལུང་བྱེད་དོ།། དགེ་། སློང་གིསས་གརྣམས་ཀྱི་ཟླབ་གཅིག་ལུས་པན། ་རས་ཆེན་བཙལ་བར་བྱའོ།། དབྱར་ཟང་ནས་འོག་ཏུ་ཟླ་བ་བྱེད་ཀྱི་བར་དུ་བཅང་བར་བྱའོ།། གལ་ཏེ་དགེ་སློང་གིས་སོག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔ་ནི་རལ་དུ། དབྱར་གྱི་གོས་རས་ཆེན་མོས ་པ་འདུ་ས་མ་པ་མ་མ། ས་། ་ང་བྱེ་།། ཙམ་ལྡན་འདས་ཀྱིས་གེས་གམས་པདན་པ་ན་པ་ཀྱ་ག་མ་པ། ས་དང། འདུམ་། ་ཀྱི་དབུ་བ་དེ་དག་ལས། དགེ་སློང་ན་བས་འདོད་ན་རང་གིས་ཞག་བདུན་གྱི་བར་དུ་བྱིན་གྱིས་བརླབས་ཏེ་གསག་འཇོག་གི་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ།། དེ་ལས་འདས ་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། རྗེ་དང་ལྡན་པ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམཅུ་པོ་དྲུག་བཏོན་རྔོན་ཏོ།། ། དེ་ལ་བདག་གིས་ཚེ་དང་ལྡན་པ། ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་རྗེའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལེན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས ་དེ་དེ་བཞིན་འཛིན་ཏོ།། །། བམ་པོ་གཉིས་པ།། །། སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་།། མ་བསྐོས་པ་དང་ཡང་ཡང་དང་།། ཆུ་དང་ཁྱིམ་དང་བསམས་བཞིན་དང་། ་མགྲོན་ལམ་རྐུན་མ་མཆོད་སྟོན་ཏོ།། ། སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་།། སྐྱོ་སྔོགས་བྱེད་དང་སྟོན་པ་དང་།། འདོན་དང་གནས་ངན་ལེན་དང་ཆོས། བཤེས་ངོར་བྱེད་དང་ཁྱད་དུ ་གསོད། ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་།། ཤེས་བཞིན་དུ་བརྫུན་སྨན་ལྷུང ་བྱེད་དོ།། མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དེ།། དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱེ་སྔོགས་བྱེད་ན ་ལྟུང་བྱེད་དོ།། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་ཚིག་ལྔ་འམ་དྲུག་ལས་ལྷག་པར་ཆོས་སྟོན་ན། རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང ་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བརྗོད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་གང ་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲ་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་དེར་བྱས ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་བག་ལ་བསྡུས་མ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཟླ་བ་པྱིད་བྱེད་ཅིངས་སར་ཐར་པའི་མེད་གངན་པ་འདོན་པ་ན་།། འདི་སྐང་ཅེས་ཚེ་དང་ལྡན་པ་གང་དག་ནི ་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འངན་པ་བཏོན་པ་དག་གིས ་ཞིག་བྱ་ཞེས་ཟེ་ཞིང་། འསྲབ་ས་ཀྱང་དུགས་ན་སུང་བྱེད། རྣམས། ས་པ་འཕྱ་བ་བཞི་པ་དང་། ཝཾ་དད་ག་དང་སྣོད་པ་དང་། བྱིས་གན་འབྱུང་བ་འདབས་པདག ་པ་གཉིས་སུ་རྩིག་པའོ། ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གས། འཇིག་ཏུ་འཇུག་ན་ལྟུང་བྱེད་དོ།། འབྲུའམ་གཞོགས་འཕྱས་བྱེད་ན་ཆུང་བྱེད་དོ།། ནང་ནས ་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲི་འམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལ་བ་འམ། སྔས་སམ། གོར་བུ་ཟླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ ་སྡུང་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩཝའི་གདིང་བ་འམ། ལོ་མའི ་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ་དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས། དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོང་དམ། སྐྲོད་དུ་འཇུག་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དེ།། ཡང་དགེ་སློང་གང་དགེ ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ནས་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས། སུ་ལེ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱང་ཏེ། ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲི་འམ། ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ ་སྟེ་འདུག་གམ། ཉལ་ན་ལྟུང་བྱེད་དེ།། ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩ་འམ། ལྕི་བ་འམ་ཀ་ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ།། དགེ་སློང ་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན་སྒོའི་སྦུབས་དང་། གཏན་པ་དང་། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ ་གཉིས་སམ་གསུམ་བརྩིག་པར་བྱའོ།། དེ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་དོ།། ། སྡོམ་ལ་རྣམ་བསྒོས་ཉི་མ་ནུབ་པ་དང་། ཟས་དང་ཆོས་གོས་གཉིས་དག་དང་། དོན་མཐུན་གྲུ་དང་། ་དབེན་པ་གཉིས།། དགེ་སློང་མ་ཡིས་སྦྱོར་བཅུག་པའོ།། ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་ན། ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད། ་གོ་དགེ་སློང་གང་དགེ་འདུན་གྱིས་བཅོས་ཀྱང་། ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་ཅེས་ཆུ ་ཙས་ཀྱི་ཁྱོར་དགེ་སློང་མ་མནམ་སུན་ཏོ་ཞེས་ཟེར་ན་སྲུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་མི་ཉི་དུ་མ་ཡིན་པ་ལགས་ཀུན་ན་ཀྱང་བྱེད་པ། ག་ཡང་དགེ་སློང་གང་དགེ་སློང་གཉེ་དུམ་ཡིན ་ས་ས་ས་ས་དུ་ན་སྨྲ ་གྱིས་བཟོད་པར་བྱེ་བ་རིགས་པ་དང་བཅས་པར་གྲགས་པ། འཛེགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན། དྭེ་ལ་དེ་ནི་ངས་ཡིན ་ནོ།། ཡང་དགེ་སློང་གང་དགེ་སློང་མའི་དི་ན་མཐུན་དང་ལྷན་ཅིག་འཐམས་ནས་མུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོ་འམ། ཐུར་དུ་འགྲོན། ཟད་ཀཱར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དེ། ་ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློམ་དང་ལྷན་ཅིག་གཅིག་པུ་གཅིག་དང་དཔེར་བ ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན། སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། ། སྡོམ་ལ ་ཡང་ཡང་དང་ནི་འདུག་གནས་གཅིག། ཕྱེ་དང་བཅའ་དང་སྟོབས་པ་དང་། འདུས་དང་དུས་མིན་གསོག་འཇོག་དང་།། ཁ་ནས་མིང་དང་བསོད་པ་ཉིད།། ཡང་ཡང་ཟ་ན་ག་དུས་མ ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ།། ལས་དུས་སོ།། ལམ་དུས་སོ།། གོས་སྦྱིན་པའི་ཚེ་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། འདུག་གནས་གཅིག་ཏུ་ཞག་ལོན་པའི ་དགེ་སློང་མིན་པས་བསོད་སྙོམས་གཅིག་བཟའ་བར་བྱའོ།། དེ་ལས་ལྷག་པར་ཟན་ལྟུང་བྱེད་དོ།། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས་། གལ་ཏེ་དེ་དག་ལ། ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེད་དང་འཁུར་བ་དག་དུས་ཀྱིས་སྟོབས་པར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན ་ལྟུང་བྱེད་དོ།། ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ། དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོག ་ཡིན་ནོ།། ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བ་འམ་བཟའ་བ་འཆའ་འམ། ཟ་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང ་སྤངས་པ་ལ་སྐབས་ཚོལ་ཞིང་། ཅི་ནས་ཀྱང་དགེ་སློང་འདི་ལ་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་འདི་འཚོ་ཞིག། འདི་ཟོ་ཞིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ། ་བདུས་ཀྱིས་སྟོབས་ན་ལྟུང་བྱེད་དོ།། འདུས་ཤིང་ཟ་ནདུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ།། ལས་དུས་སོ།། ལམ་དུས་སོ།། གྲུར་ཞུགས་པ་དང་། འདུས་པ ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ།། ཡང་དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ་བཟའ་བ་འཆའ་འམ། ཟ་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་བཅའ་བ་དང་བཟའ ་གསོག་འཇོག་བྱས་པ་འཆའ་འམ། ཟན་ལྟུང་བྱེད་དོ།། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མེད་པའི་བས་པན། ཆུ་དང་ཆུ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི ་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞ། ་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ། ཟན་ལྟུང་བྱེད་དོ།། ། སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག། འགྲེང་དང་གཅེར་བུ་དམག་དང་ནི།། ཞག་གཉིས་བཤམས ་དཀྲུག་འགྲོ་བ་དང་།། རྡེག་དང་གཟས་དང་གནས་ངན་ལེན།། ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར ་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང ་གཅེར་བུ་པ་འམ། གཅེར་བུ་མ་འམ། ཀུན་ཏུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བ་འམ་བཟའ་བ་སྦྱིན་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། དགེ་སློང ་གང་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དེ་དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ།། དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ།། དགེ་སློང་ཞག་གཉིས ་དམག་དེའི་ནང་དུ་གནས་པའི་ཚེའང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོ་འམ་ག་རྒྱལ་མཚན་གྱི་མཆོག་གམ། དཔུང་གི་མཆོག་གམ། གཡུལ་བཤམས་པའི་དམག་ལ ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས། དགེ་སློང་ལ་རྡེག་ལ་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རང། ་ནས་། དགེ་སློང་ལ་བརྡེག་པར་གཟས་ན། ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། སྔམ ་བདེ་དང་མེ་དང་འདུན་པ་དང་།། བསྙེན་པར་མ་རྫོགས་ཆོས་དང་སྨྲ།། དགེ་ཚུལ་ཁ་དོག་བསྒྱུར་བ་དང་།། རིན་པོ་ཆེ་དང་ཚ་བའི་དུས། ཡང་དགེ་སློང་གང་ཀླན་ཀ་ཚོལ་ཞིང་། ཅི་ནས་ཀྱང ་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཚུར་ཤོག། ཁྱིམ་དག་ཏུ་འདོད་དང་། དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད ་བ་ཅི་ཙམ་འདོད་པ་སྦྱིན་དུ་འཇུག་གོ་ཞེས་སྨྲས་ནས། དེས་དེ་ལ་སྦྱིན་དུ་མ་བཅུག་པར། དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་འམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར ་ཁོ་བོ་གཅིག་པུ་ཁོ་ན་སྒྲ་འམ་འདུག་ན་བདེ་བས། ཁྱོད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་ག། ་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ལུས་མ། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་པ་སྟེ། ཡི་མ་རངས་ནས་སྤོང་བའི་ཆོས་ས་བྱེད་ཅིང་འདི་སྐད་ཅེས། དགེ་སློང་འདུན་པ་འི ་བྱིན་ཅིག། ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། ཡང་དགེ ་སློང་གང་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན ་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང ་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པ ་བཏབ་པས་ལེགས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་།། ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར ་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ།། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ། ་ན། གལ་ཏེ་གཞི་དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱའོ།། ཡང་དག་པར་བསྟན་པར་བྱའོ།། ་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས ་བཞིན་མ་བྱས་པ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། འཕེབས་པར་སྨྲ་བར་བྱེད། ཀུན་ཏུ་གནས་པར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅིང་། དེ་དང་ལྷན་ཅིག་གནས་གཅིག ་ཏུ་ཉལ་ན་ལྟུང་བྱེད་དོ།། དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ།། ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་ཁྱོད། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད། ་བའོ།། ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག། བཅོམ་ལྡན་འདས་ལ་སྐུར་པ ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པ་བཏབ་པས་ལེགས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་།། ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྙེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་སྨྲ་བའི་རྣམ་པ་འདི་ལྟ་བུ་འདི་ཐོ་ཞིག་ཅེས་བསྒོ་བར་བྱའོ།། དགེ་ཚུལ ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག ་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང ་བྱིན་ཆད་དགེ་ཚུལ་ཁྱོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས ་བ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག། དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་བྱིན ་ཆད་ཁྱོད་ལ་མེད་དོ།། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས། གཞན་དུ་སོང་ཞིག་ཅེས་བསྒོ་བར་བྱའོ།། ཡང་དགེ་སློང་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ ་ཉེ་བར་སྟོན་པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། དགེ་སློང་གིས་གོས་གསར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོ་འམ། ངུར་སྨྲིག་ལས་གང ་ཡང་རུ་བ་འ་སྒྱུར་བར་རྒྱལགས་དགེ་སློང་གི་སྔགས་གསུ་གལ་བསྔར་བ་གསུས་པ་རྩོན་པ་འམ། དམ་པ་མ། དྲང་ཐརིག་ལས་གང་ས་རུ་བ་པས་མ་གྷུ ་བར་སྤྱོད་ན་སྤྱང་བྱེད་དོ།། ཡང་དགེ་སློང་གང་རིན་པོ་ཆེའམ། རིན་པོ་ཆེར་མོས་པ་རང་གི་ལག་གིས་ལེན་ནས། ལེན་དུ་འཇུག་ན། ཀུན་དཀའ་ར་བར་གཏོགས་པ་ནི་འདུག་པ་འམ། གནས་འ་། ་པ་ན་འདུག་པོ་མ་གཏོགས་ཏེ་ལྟུང་བྱེད་དེ།། དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པ་འམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་དག་འདུག་པ་ལ། འདི་སུའི་ཡིན་པ་དེ ་ལེན་པར་འགྱུར་ཟད་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཞུས་བྱ་བར་གསུངས་པ་དེ་ལས་འདས་པར་བྱེད་ན། དུས་མ་གཏོགས ་ཏེ་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ནི་ཚ་བའི་དུས་སོ།། ལྷག་མ་ནི་ན་བའི་དུས་སོ།། ལས ་དུས་སོ།། ལམ་དུས་སོ།། རླུང་དུས་སོ།། ཆར་དུས་སོ།། རྫི་ཆར་དུས་ཏེ། དེ་ལ་དེ་ན་དུས་ཡིན་ནོ།། ། སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་།། རྩེ་དང་ལྷན་ཅིག་དང་ངས་བྱེད་དང་།། སྦེད་དང་། ་གདེང་མེད་གཞི་མེད་དང་།། སྐྱེས་པ་མེད་པར་ལམ་འགྲོ་བའོ།། ཡང་དགེ་སློང་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་།། ་བ་སམ་བ་རྨེད་པ་སྲུང་ཤིག་ཀྱང་པ་ལ་མག་པར་བྱ་ཐམ་པར་ཅིད་རྐྱེན་དུ་བྱས་ཏེ། དམ་སུང་ས་འབྱུང་བ་བྱེད་སུང་དང། མ་མས། མི་ན་བྱེད་པ་ངས་རྫུན ་ལྟུང་བྱེད་དོ།། ཡང་དགེ་སློང་གང་བུ་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་ལ་དངངེས་པར་བྱེད་དམ། དངངས་པར་བྱེད་དུ་འཇུག་ན། ཐ་ན་བཞུད་གང ་བྱེ་བར་བསམས་ཀྱང་རུང་སྟེ་སྲུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་ངམ། དགེ་སློང་མིའམ། དགེ་སློང་མ་འམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དུམ། ཞེས་སམ། དྲབ་འམ། ་འམ། སྐ་རགས་སམ། དགེ་སྦྱོང་གི་འཛབ་ལོ་བྱད་གང་ཡང་རུང་བསྦེད་དམ། སྦེད་དུ་འཇུག་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས། དེའི་འོག་ཏུ ་གདེང་མེད་པར་སྤྱོད་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ།། ཡང་དགེ ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དེ།། ། སྡོམ་ལ། བརྐུ་དང་ཉི་ཤུ་མ་ལོན་དང་། རྐོ་དང་མགྲོན་དང་བསླབ་པ་དང་།། ་འཐབ་དང་མི་སྨྲ་འགྲོ་བ་དང་།། མི་གུས་ཆང་འཐུང་དུས་མིན་པའོ།། ཡང་དགེ་སློང་གང་དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན། ཟ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དེ། ་ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལེན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ།། ཡང་དགེ་སློང་གང་རང་གི་ལག་གིས་ས་རྐོ་འམ། རྐོར་འཇུག་ན་ལྟུང་བྱེད་དོ།། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ།། ་དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ།། སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི ་དུས་ཡིན་ནོ།། ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས། ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ་མི་མཁས་པ། ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་མི་སློབ་པོ་ཞེས་ཟེར་ན་ལྟུང་བྱེད་དོ།། དགེ་སློང་ཀུན་ཤེས་པར་འདོད ་བས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ།། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེན་ཚིག་ཡིན་ནོ།། ཡང་དགེ་སློང་གང་དགེ་སློང ་རྣམས་དང་འཐབ་པར་འགྱུར། མཚང་འདྲུ་བར་འགྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལས། དགེ་སློང་འདིར་དགཅི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར ་བྱའོ་སྙམ་པ་དེ་ཉིད་རྟེན་དུ་བྱས་ཏེ། ཅང་མི་སླ་བར་ཉན་ནས་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ཟུང་བན་ཅང་མི་སྤ་སྐུར ་ལས་ལངས་ཏེ་འགྲོ་ཞིང་། དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། གུས་པར་མི་བྱེད་ན་ལྟུང་བྱེད།། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང་། དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟེ་ལྟུང་བྱེད་དོ།། ། སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོང་དང་།། ཁབ་རལ ་དང་ནི་ཁྲི་རྐང་དང་།། བདལ་དང་གདིང་བ་གཡན་པ་དང་།། རས་ཆེན་བདེ་གཤེགས་ཆོས་གོས་སོ།། ཡང་དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས། སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ ་ཆུ་ཞིང་ཁྱིམ་པ་འདུག་པ་ལ་མི་བསྐོན། དེ་འདྲ་བའི་རྩེན་མ་གཏོགས་ཏེ་སྲུང་བྱེད་དོ།། ཡང་དགེ་སློང་གང་ནམ་མ་ནས། སྐྲ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་། རྒྱལ་པ། ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྐུ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་བར་བྱེད་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེ་ཅིང་སོ་སོར་ཐར་པའི་མདོ ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མངའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན། དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་། ་ཚེ་དང་ལྡན་པའང་ལྡན་གམ་སྣང་གི་ལས་གཉིས་གསུམ་ཀྱི་ཚེ་འདུག་པར་ཤེས་ཤིང་། ལམ་མང་དུས་ཀྱི་སློས་ན། མེདང་ལྡན་པ་མ་ཤེས་པས་མ་ཐལ་ས། ་བྱུང་བ་ཆིས་བཞིན་དུ་འདང་གཟུག་གི་སྟེང་དུ། ཁྱོད་རྫ་བ་བྱེད་བྱེད་ཅིངས་ས་ཐར་པའི་མ་གངན་པ་འདན་པ་ང། ཞུས་པར་བྱས་ཏེ་ནས་ཉན་པར་མི་རྙེད། ཐ་མར་ནུས་ཏེ་འི་བྱེད། དྲུན་པ། ས ་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་བྱས་ཏེ་མི་བྱེད། རྣ་བ་ཐགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། ཚེ་དང་ལྡན་པ་ཁྱེད་ཀྱིས་མརྙེད་དེ། རྙེད་པ། ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ།། ཚེ་དང་ལྡན་པ་དེ་ལ་ནི་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་གང་བ་སོ་འམ། རུས་པ་འམ། རྭའི་ཁབ་རལ ་བྱེད་དམ། བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲི་འམ། ཁྲིའུ་བྱེད་དུ་འཇུག་ན། རྩ་བ་བུ་གར་བཅུག་པ་མ་གཏོགས་པར། བདེ་བར་གཤེགས་པའི་སོར་བརྒྱད་ཀྱི ་ཚད་དུ་བྱེད་དུ་གཞུག་པར་བྱའོ།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་ལ། ཤིང་བལ་བདལ་ལམ། བདལ་དུ་བཅུག་ནས་བསྡུས་ན ་ལྟུང་བྱེད་དོ།། དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་གདིང་བའི་ཚང་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དེ།། ཞེང་དུ་མཐོ་ཕྱེད་དང་དོ།། ་སྲིད་དུ་མཐ་གང་གིས་སྲིངས་ཤིག། དེ་ལས་སྐྲག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་འཇུག་ན། ཚད་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་གཡན་པ་དགག ་བའི་ཆད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐའི་མཐོ་བཞི། ཞེང་དུ་མཐོ་།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་། ་མ། ཚང་བཞིན་དུ་བྱེད་དུ་ཆུག་ཅིག། དེ་ལ་དབྱར་གྱི་གས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐེ་དྲུག། ཞིང་དུ་མཐོ་བྱེད་དང་གསུམ་མོ།། དེ་ལས་ལྷག་པར་བྱེད་དུ། ་འཇུག་ན་བཅད་ནས་ལྟུང་བྱེད་དེ།། ཡང་དགེ་སློང་གང་བ་བར་གཤེགས་པའི་རྗེས་གོས་ཀྱི་ཚད་ཀྱི་ཆེས་གས་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ཡས་ལྷག་པར་བྱེད་དུ་འཇུག་ན་སྲུང ་དེ། དེ་ལ་བདེ་བར་གཤེགས་པའི་ཆས་གས་ཀྱི་ཚད་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའ་མཛུ་ཅུ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གིས་ཀྱི་ཆེད་དེ། ཚོངས ་སྐྱེ་དག་དག་གིས་རླུང་བྱེད་ཀྱུ་ས་ང་ཅུ་དག་ག་ན། དེ་ལས་གཤེས་ཆེ་དང་ཛིན་པ་དགས། འཕྲུས་རྗིད་འངས་སུ་ངག་སམ་ཤེས་ཇིག།། འདས ་མིངས་སུ་དགས་སནས་ཡིན་གཉིས་པ་གསུམ་དུ་དྲལ།། འདི་ལ་ཚེ་དང་ལྡན་པདག་ཡོངས་སུ་དགན། འདིས་ང་མི་སྐབས་དེ་དེ་བཞིན་དུ་ལེན་ཏོ།། རྣམ་ལ་ཟེ ་གཞན་ཉིད་དང་ནི།། སློབ་པ་རྣམས་དང་དཀོན་པ་ནི།། སངས་རྒྱས་པར་པ་གསུངས་པ་ཡིས།། སོ་སོར་བཤགས་པར་བྱ་བར་གསུངས། ཚེ་དང་ལྡན་པ་དག ་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་།། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེན་འདུག་པ་བསོད་སྙོམས་ཀྱི ་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང་བཟའ་བ་རང་གི་ལག་གིས་བླངས་ཏེ་འཆའ་འམ། ཟ་ན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས ་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ།། ཞེས་སོ་སོར་བཤགས་པར་བྱ་བ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱའོ།། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམ ་སུ་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ། དེ་ན་གལ་ཏེ་དགེ་སློང་མ་ཞིག་འདི་ལ་ནི་བཅའ་བ་བྱིན་ཅིག། འདི་ལ་ནི་འབྲས་ཆན་བྱིན་ཅིག། འདི་ལ་ནི་སྲན་ཆོད་བྱིན་ཅིག། འདི་ལ་ནི་ཡང་བྱིན་ཅིག་ཅེས་བསྒོ་ཞིང ་འདུག་ན། དགེ་སློང་མ་དེ་ལ་དགེ་སློང་དེ་རྣམས་ཀྱིས་འདི་སྐད་ཅེས། སྲིང་མེ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྟོད་ཅིག་ཅེས་བསྒོ་བར་བྱའོ།། གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ ་དེ་སྐད་སྨྲ་བ་མ་སྤོབས་ན། དགེ་སློང་དེ་དག་ཐམས་ཅད་ཀྱིས་ཕྱི་རོལ་ཀུན་དགའ་ར་བར་དོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང ་གིས། ཆོས་དེ་སོ་སོར་འཆགས་སོ།། ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ།། སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ། ་ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་འཆའ ་འམ། ཟན། དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པས་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེས་སར ་འཆགས་སོ།། ཞེས་སོ་སོར་བཤགས་པར་བྱ་བ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ།། དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ། ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། ་འཇིགས་པདས་མ་པར་གས་པ། འཇིགས་པ་པ་ད་ལས་འཇིགས་སུ་རུང་བ་ད་ཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་བྱུང་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ། ཟ་ན། དགེ་སློང་དེས་ཕྱི ་རོལ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས།། ཆོས་དེ་སོ་སོར་འཆགས་སོ།། ཞེས་སོ་སོར་བཤགས ་པར་བྱ་བ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ།། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ།། ་དེ་ལ་བདག་གིས་ཚེ་དང་ལྡན་པ་དགག་ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། ་འདི་ལྟར་ཅང་མི་སྨྲ་བར་དེ་དེ་བཞིན་དུ་འཛིན་ཏོ།། ། སྡོམ་ལག་ཤམ་ཐབས་ལ་ནི་རྣམ་བདུན་དང་།། སྟོད་གཡོགས་ལ་ཡང་རྣམ་གསུམ་དང་།། ཤིན་ཏུ་བསྡམས་ལ་སོགས་པ་ལྔ།། མཐོ ་གཡོགས་ལ་སོགས་རྣམ་པ་ལྔ།། མཆོད་ལ་སོགས་པ་རྣམ་ལྔ་དང་།། ལུས་ལ་སོགས་པ་རྣམ་པ་ལྔ།། འདུག་པར་བྱ་བ་དགུ་དག་དང་། བྱིན་ལེན་བྱ་བ་བརྒྱད་རྣམས་སོ།། ཚེ་དང་ལྡན་པ ་ངག་བསླབ་པའི་ཆོས་མང་པོ་འདི་དག་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་མདོ་གདོན་པ་ལས་འབྱུང་ངོ་།། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་བརྩེངས་པ་མ་ཡིན་པ་དང ་ཧ་ཅང་འཇོལ་ལམ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། འབྲུའི་བུར་མ་ལྟར་མ་ཡིན་པ་དང་། རྣ་ག་མཛ་མ་ས་ཚུས་འབས་རྒྱ ་བསྲང་པར་བྱའོ།། ཆོས་གོས་ཧ་ཅང་བརྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ།། ཤིན་ཏུ་བསྡམས་པ་དང་ལེགས་པར་བགོས་པ་དང་། སྦ་བསྐྱུངས་པ་དང་། མིག ་གཡེང་བར་མི་བྱ་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དག་ཏུ་འགྲོ་བར་བསླབ་པར་བྱའོ།། མགོ་མི་གཡོག་པ་དང་། མི་བརྗེ་བ་དང་། མི་གཟར་བ་དང་། གཉའ་གོང་དུ་མི་བསྣོལ་བ་དང ་ལྷག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། མི་མཆོང་བ་དང་། མི་བརྐྱང་བ་དང་། ཅོག་པུས་མ་ཡིན་པ་དང་། བྲང་བས་མ་ཡིན་པ་དང་། དཀུར་མི་རྟེན་པར་ཁྱིམ་གཞན་དུ་འགྲོ་བར ་བསླབ་པར་བྱའོ།། ལུས་མི་བསྒྱུར་བ་དང་། ལག་པ་མི་ཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ཕྲག་པ་མི་སྤྲད་པ་དང་། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ།། མ་བསྒོས་པར ་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ།། སྟན་ལ་མ་བརྟགས་པ་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང་། རྐང་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བ་དང་། ལོང་བུའི་སྟེང ་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དགུག་པ་དང་། རྐང་པ་མི་གདང་བ་དང་། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ།། ལེགས་པར་ཟས་བླང་བར་བསླབ་པར་བྱ། ་མུ་དང་ཁད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པར་མ་ཡིན་པ་དང་། མཐར་ཆགས་སུ་དང་། ལྷུང་བཟེད་ལ་བལྟ་བ་དང་། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟད་པ་དང་། ཡང ་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་པ་དང་། ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ།། །། སྡོམ་ལ ་ཟས་ལ་ལེགས་པར་བྱ་བ་དྲུག། ཅུག་ཙུག་ལ་སོགས་རྣམས་པ་ལྔ།། འབྲུ་ནས་ཐ་དད་བྱེད་པ་ལྔ།། ལག་པ་བལྡག་ལ་སོགས་པ་ལྔ། ལེགས་པར་ཟས་བཟའ ་ལ་བསླབ་པར་བྱའོ།། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེན་པོ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་བཟོས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ།། ་ཙུག་ཙུག་མི་བྱ་བ་དང་ག་ཅག་ཅག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། བུ་ཕུ་མི་བྱ་བ་དང་། ལྕེ་བྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ།། འབྲུནས་ཐ་དད་དུ་མི་བྱ་བ་དང་། འཕྱས་མི་གདགས་པ་དང་། མཁུར ་བ་མི་སྤོ་བ་དང་། རྐན་མི་ཏོག་པ་དང་། ཁམ་འཕྲོར་མི་བཅང་བར་ཟས་བཟའ་བ་ལ་བསླབ་པར་བྱའོ།། ལག་པ་མི་བལྡག་པ་དང་། ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི ་སྐྱོམ་པ་དང་། མཆོད་རྟེན་འདྲ་བ་བཅོམ་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།། །། སྡོམ་ལ། འཕྱ་ལ་སོགས་པ་རྣམ་པ་བཞི།། ལྷུང་བཟེད་ལ་ཡང་རྣམ་པ་བཅུ ་འགྲེང་བར་བྱེད་ལ་སོགས་པ་ལྔ།། མགོ་གཡོགས་ལ་སོགས་རྣམ་པ་ལྔ།། དོ་ཀེར་ཅན་ལ་སོགས་པ་ལྔ།། གླང་ཆེན་ལ་སོགས་བཞོན་པ་ལྔ།། ལག་ན་འཁར་བ་ལ་སོགས་དྲུག་ན་བ་རྣམ་པ་བཞི ་རྣམས་སོ།། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ།། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར། ་བྱང་དྲུང་ན་འདུག་པའི་དགེ་སློང་ལ་བས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་དང་ཟས་དང་འཕགས་པ་ཁྱིམ་གཞན་དུ་མི་དབ་བར་བསྲབ་པར་བྱའོ།། ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ།། འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱའོ།། གད་ཀ་མ་ཡིན་པ་དང་། གཡང་སམ ་ཡིན་པ་དང་། རྐན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པ་ལ་བསླབ་པར་བྱའོ།། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། རྐན་གཟར ་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་ཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་པར་བསླབ་པར་བྱའོ།། མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ ་པར་བྱ་བ་མིན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་ཤད་པར་བསླབ་པར་བྱའོ།། མི་ན་བར་མགོ་གཡོགས་པ་དང་། བརྫེས ་པ་དང་། གཟར་བ་དང་། གཉའ་གོང་དུ་བསྣོལ་བ་དང་། ལྷག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་སྐྲ་དེ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་། མ ་འཕྲེང་བ་ཅན་དང་། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསྲབ་པར་བྱའོ།། མིན་པར་གླང་པོ་ཆེ་ཞོན་པ་དང་། ཧཞོན་པ་དང་། ཁྱོགས་ན་འདུག་པ་དང་། གཞོན་པའི་སྟེང་། ་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན། ་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ།། མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ། མི་ན་བར་ཆུའི་ནང་དུ་བཤང་གཅི ་དང་ནམཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱ། མི་ན་བར་རྩ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས ་པ་མི་རོར་བར་བསླབ་པར་བྱའོ།། གནོད་པ་བྱུང་བ་མ་གཏོགས་པར། ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ།། ཚེ་དང་ལྡན་པ་དག་བདག་གིས་བསླབ་པའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ།། ་དེ་ལ་དག་གིས་ཚེ་དང་ལྡན་པ་དག་ལཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ།། འདི་ལ་ཚེ་དང་ལྡན་པ་དག་ཡོངས ་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །། སྡོམ་ལ། མངོན་སུམ་དྲན་པས་མ་མྱོས་དང་། དེ་བཞིན་གང་མང་ངོ་བོ་ཉིད།། རྩཝ་རྣམས་བཀྲམ་པ་ལྟ་བུ་དང་།། ཁས་བླང ་བར་ཡང་བྱ་བའོ།། ཚེ་དང་ལྡན་པ་དག་རྩོད་པཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིངས་སོར་ཐར་པའི་མདོ་ག་ན་ལས་བྱུང་ངོ་།། མངོན་སུམ་དུ་འདུལ་བར་འོས་པ་ལ་མངོན་སུམ་དུ ་འདུལ་བ་སྦྱིན་ནོ།། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ།། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ།། གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ན། ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ།། རྫ་བཀྲམ་པ་ལྟ་བུར་སྦྱིན་པར་འོས་པར་རྩ་བཀྲམ་པ་ལྟ་བུར་སྦྱིན་ནོ།། གང་ལས་བླང་བར་འོས་པ་ལ་ཁས་ཐང་བར་བྱའོ།། རྩོད་པ་བྱུང་བར ་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུར་པོ་འདི་དག་གིས་ཆོས་དང་། འདུལ་བ་དང་། སྟོན་པས་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ།། ཚེ་དང་ལྡན་པ་དག་བདག་གི་རྩོད ་པ་ཞི་བར་བྱའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། ། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ།། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས ་ལར་གཉིས་ལན་གསུམ་དྲིའོ།། འདི་ལ་ཚེ་དང་ལྡན་བདག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྤ་བས་དེ་དེ་བཞིན་དུ་འཛིན་ཏོ།། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོར་པའི་གླེང་གཞི ་བཏོན་ཟིན་ཏོ།། ། ཕམ་པར་གྱུར་པའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་། ་ཁྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་། མདོར་བསྡུས་པ་ནི་འདི་དག་གོ།། གང་གཞན་ནས་བྱུང་བ་ཆོས་ཀྱི་རྗེས་སུ་མཐུན ་པའི་ཆོས་དེ་ཡང་ཁྱེད་རྣམས་འདུམ་པ་དང་། མཐུན་པ་དང་། དགའ་བ་དང་། མི་རྩོད་པར་སེམས་ཀུན་ཏུ་བསྲུང་བ་དང་། དྲན་པ་དང་། བག་ཡོད་པས་རྣལ་འབྱོར་དུ་བྱའོ།། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།། ་མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་འགྲོ་བ་ཡོད་པ་ཡིས།། ཀེ་ཉམ་ང་བ་དག་ཇི་བཞིན་དུ། མཁ ་པ་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངས་སུ་སྤོང་།། སྐུར་པ་མི་གདབ་གནོད་མི་བྱ།། སོ་སོར་ཐར་པའང་བསྡམ་པར་བྱ།། ཟས་ཀྱི་ཚོད་ཀྱང་རིག་པར་བྱ།། བས་མཐའི་གནས་སུ་གནས་པར་བྱ།། ་ལྷག་པའི་སེམས་ལ་ཡང་དག་སྦྱོར།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཇི་ལྟར་བུང་བ་མེ་ཏོག་ལས།། ཁ་དོག་དྲི་ལ་མི་གནོད་པར།། ཁུ་བ་གཞིབས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། བདག ་གི་རིགས་དང་མི་རིགས་ལ།། བརྟག་པར་བྱས་ཏེ་གཞན་རྣམས་ཀྱི།། མི་མཐུན་པ་དང་གཞན་དག་གི་བྱས་དང་མ་བྱས་རྣམས་ལ་མིན།། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། ་ཉེར་ནི་རྟག་ཏུ་དྲན་ལྡན་པའི།། སློབ་པ་མྱ་ངན་མེད་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས ་མྱ་ངན་འདས།། སྡིག་པ་ཐམས་ཅད་མི་བྱ་སྟེ།། དགེ་བ་ཕུར་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས་ཀྱི་སྡོམ་པ་ལེགས་པ་སྟེ།། ངག་གི་སྡོམ་པ་ལེགས ་པ་ཡིན།། ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས།། ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ཁས་རབ་ཏུ་གྲོལ།། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། ་ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།། ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན།། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་བ ་འཇིག་དང་གསེར་ཐུབ་འོད་སྲུངས་དང་།། ཤཱཀྱ་ཐུབ་པ་གོའུ་ཏ་མ་ལྷ་ཡི་ལྷ།། མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པ་སྐྱོབ་པའི་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམ ་ཀྱི་སོ་སོར་ཐར།། འདི་ནི་རབ་ཏུ་རྒྱས་པར་བཏོན།། འདི་ལ་སངས་རྒྱས་རྣམས་དང་གང་།། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།། འདི་ལ་གུས་དང་བཅས་གྱུར་པས།། འདུས་མ་བྱས་པའང་ཐོབ་པར་གྱིས།། བ# ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། ་སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་།། བསྟན་པ་འཕེལ་བར་བྱ་བའི་ཕྱིར།། སོ་སོར་ཐར་པ་འདི་བཏོན། ་ངས།། དགེ་འདུན་གྱིས་ནི་གསོ་སྦྱོང་བྱས།། གང་གི་ཕྱིར་ནི་མདོ་གཏོན་དང་། གྲང་ཕྱིར་གསོ་སྦྱོང་བྱས་གྱུར་པ།། ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ།། གཡག་རྔའི་རྩེ་མོ་ཇི་བཞིན་ནོ།། སོ་སོར་ཐར་པ་བཏོན་པ ་ཡིན། བསོད་ནམས་གྲུབ་པ་གང་ཡོད་པ།། དེས་ནི་འཇིག་རྟེན་མ་ལུས་པ།། ཐུབ་དབང་གོ་འཕང་ཐོབ་པར་ཤོག། འདུལ་བ་སོ་སོར་ཐར་པའི་མདོ་རྫོགས་སོ།། ། དབང་ཕྱུག ་དམ་པའི་མངའ་བདག་དཔལ་ལྷ་བཙན་པའི་བཀའ་ལུང་གིས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློང་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བ ་བནྟེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤོ་ལོ་ཀ་བདུན་བརྒྱ་ཡོད། བམ་པོ་ནི་གཉིས་སུ་བྱས་པ། འདུལ་བ་ལུང་གཞན་དག་ལ་བཀའ་ལུང་སོ་སོར་ཐར་པ་བཞེངས་པ་མི ་སྣང་མེད་ཀྱི། འོན་ཀྱང་འདིར་གཙོ་བོར་དགེ་སློང་བའི་དགག་པའི་བསླབ་པ་རྒྱས་པར་སྟོན་པ། དགེ་སློང་ཕའི་རྣམ་པར་འབྱེད་པའི་རྩ་བ་ལྟ་བུ་ཡིན་ལ། ལུང་རྣམ་པར་འབྱེད་པ་ནི་འགྲེལ་པ་ཡིན་པས། དགེ ་སློང་ཕའི་སོ་སོར་ཐར་པའི་མདོ་འདི་ཡང་ལུང་རྣམ་པར་འབྱེད་པའི་དབུ་ཉིད་དུ་བྲིས་སོ།། @##རྒྱ་གར་སྐད་དུ། བི་ན་ཡ་བི་བྷང་ག་བོད་སྐད་དུ ་