| Wylie | e-texts based on the ACIP/ALL Input |
ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྷན་ཅིག་སྐྱེས་པ་རང་གི་ལྷ་ལ་ཕྱག་འཚལ་ལོ། །དང་པོར་སྔགས ་པས་ཕྱི་ནང་གི་དྲི་མ་དག་པར་བྱས་བསྟན་བདེ་བ་ལ་འདུག་སྟེ། རང་སྐད་ཅིག་གིས་ཧེ་རུ་ཀར་བསྐྱེད་པའི་སྙིང་གའི་ཧཱུཾ་གི་འོད་ཀྱིས་གདུག་པ་ཐམས་ཅད་ཞི་བར་བྱས་ཏེ། འོད་ཚུར་འདུས་པ་ལས་བསྲུང་བའི་འཁོར་ལོ་བསྒོམ་པར ་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ་སྙམ་པའི་བྱམས་པ་དང། སྡུག་བསྔལ་དང་བྲལ་བར་བྱ་སྙམ་པའི་སྙིང་རྗེ་དང། ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད ་པའི་དགའ་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་ལ་དགོད་པར་འདོད་པའི་བཏང་སྙོམས་ཚད་མེད་པ་བསྒོམ་པར་བྱའོ། །དེ་ནས་དད་པ་དང་གུས་པས་མདུན་གྱི་ནམ་མཁའ་ལ་བླ ་མ་བརྒྱུད་པ་དང་བཅས་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསམས་ཏེ། དེ་དག་ཐམས་ཅད་འོད་ཀྱི་གོང་བུ་ལས། དཔལ་ཧེ་རུ་ཀར་གྱུར་པ་ལ་མཆོད་པ་དང། བསྟོད་པ་དང། སྡིག་པ་བཤགས་པ་དང། སྡོམ་པ ་བཟུང?་བ་དང། གསོལ་བ་གདབ་པ་ལ་སོགས་པ་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་བསམ་པར་བྱའོ། །འབྱུང་བ་རིམ་བརྩེགས་ཀྱི་རི་རབ་ཀྱི་སྟེང་དུ་པདྨ་ལ་ཉི་མ་དང་ཟླ་བའི་སྟེང ་དུ་ཧཱུཾ་འོད་ཟེར་ལྔ་འཕྲོ་བ་དང་འདུ་བ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཅན། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔའ་བོ་གཅིག་པ་སྐུ་མདོག་མཐིང་གཞལ་གཅིག་པ་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པས་ཡུཾ་ལ་འཁྱུད་པ། ་ཞབས་གཡས་བརྐྱང་བས་འཇིགས་བྱེད་མནན་པ། གཡོན་བསྐུམ་པས་དུས་མཚན་མནན་པ། རལ་པ་ནག་པོ་གྱེན་དུ་གཡེངས་པའི་གཅོད་བན་ཅན། སྤྱི་གཙུག་གི་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པའི་དབུ་རྒྱན་ཅན། མི་བསྐྱོད ་པས་དབུ་རྒྱན་པ་དང་དབྱངས་ཀྱི་ཅོད་པན་དང། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་ཞིང་ཤིན་ཏུ་སིང་བག་དང་ལྡན་པ། སྟག་གིས་པགས་པས་སྨོད་དཀྲིས་ཤིང། མི་མགོ་ལྔ་བཅུས་དོ་ཤལ་བྱས་པ། ཕྱག་རྒྱ་དྲུག་པར་ལྡན་པར ་བསྒོམ་པར་བྱའོ། །དེའི་སྤྱན་སྔར་ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ་ཕྱག་གཡོན་ན་ཐོད་པ་བསྣམས་ནས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང ་སྡིགས་མཛུབ་བྱས་ནས་གདུག་པ་ཅན་སྐྲག་པར་བྱེད་པ། སྐྲ་གྲོལ་བ་གཅེར་བུ་དུམ་བུའི་སྐ་རགས་ཅན། མི་མགོ་སྐམ་པོའི་ཕྲེང་བ་སེ་རལ་ཁར་འཕྱང་བ། ཞབས་གཡས་བྱིན་པ་ལ་འཁྲིལ་ཞིང་གཡོན་བརྐྱང་བ། ཕྱག ་རྒྱ་ལྔ་དང་ལྡན་པ་བདེ་བ་ཆེན་པོའི་བདག་ཉིད་ཅན། ཡབ་ཡུམ་སྣང་སྟོང་ཟུང་དུ་འཇུག་པ་བསྒོམ་པར་བྱའོ། །དེ་ལས་ལུས་སྐྱོ་ཞིང་སེམས་དུབ་ན་བསྐྱེད་རིམ་གྱི་བང་ལས། བླ་མའི་མན་ངག་གིས ་བཟླས་པར་བྱའོ། །དེ་ཡང་ཧེ་རུ་ཀའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་། དེའི་ཐུགས་ཀ་ནས་ཏིང་ངེ་འཛིན་སེམས་དཔའ་ཨི་ཡི་གེ་ཧཱུཾ་སྔོན་པོ་ལ་སྙིང་པོའི་སྔགས་ཀྱིས་བསྐོར་བ་ལ་སེམས་གཏད་དེ་བཟླས་པར་བྱའོ། །ོཾ་ཧྲཱི: ་ཧ་ཧ་ཧུཾ་ཧཱུཾ་ཕཊ། དེ་ལས་སྐྱོ་བར་གྱུར་ན་ཁམས་གསུམ་ཐམས་ཅད་འོད་ཀྱི་རང་བཞིན་དུ་བྱས་ཏེ། འོད་ཟེར་ཡང་རིམ་གྱིས་བསྡུས་ནས། ཧེ་རུ་ཀ་ཡབ་ཡུམ་ལ། དེ་སྙིང་གའི་ཧཱུཾ་ལ་ཧཱུཾ་ཞབས་ཀྱུ་ནས་ནཱ་དའི་བར་དུ་བསྡུས་ལ། ་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཇི་སྲིད་གནས་ཀྱི་བར་དུ་བསྒོམ་མོ། །དེ་ལས་ཀྱང་ལུས་སྐྱོ་སེམས་དུ་བ་ན། འོད་གསལ་ལས་ཟུང་འཇུག་གི་སྐུར་ལངས་ཏེ། སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས ་བརྙན་ལྟ་བུ། ཁ་དོག་དང་བཅས་པ་འཇའ་ཚོན་ལྟ་བུ། སྒྲོ་སྐུར་དང་བྲལ་བ་ཆུ་ཟླ་ལྟ་བུར་ལངས་ཏེ། ཟུང་འཇུག་ཏུ་བསྒོམ་པར་བྱའོ། །སྤྱོད་ལམ་དང་ཐུན་མཚམས་ཀྱི་རྣལ་འབྱོར་དང་ལྡན་པས་ཐུན་བཞིར་ཉམས་སུ་བླང་ངོ།། ་དཔལ་བདེ་མཆོག་འཁོར་ལོ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཡུལ་བྷཾ་གྷ་ལ་སློབ་དཔོན་བསོད་སྙོམས་པ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙ་བ་ནག་ཚོ ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་པའོ།། །།རྒྱ་གར་སྐད་དུ། བཛྲ་ཨཱ་སན་བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ ་