CLOSE WINDOW

N996: dpal 'khor lo sdom pa'i sgrub thabs
Wyliee-texts based on the ACIP/ALL Input

ར་ཤྲཱི་ཛྙཱ?་ནས་མཛད་པ་རྫོགས་སོ།། །།པཎ་ཌི་ཏ་དེ་ཉིད་དང། ལོ་ཙ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་པ་མ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། (*། །དཔལ་འཁོར་ལོ་སྔོ་བའི་སྒྲུབ་ཐབས་བཞུགས།)་*། །རྒྱ་གར ་སྐད་དུ། ཤྲཱི་ཙཀྲཱ་སམ་བ་ར་སཱ་དྷནཾ། བོད་སྐད་དུ་དཔལ་འཁོར་ལོ་སྡོམ་པྲཱི?་སྒྲུབས་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནང་བར་ཐོ་རངས་ཀྱི་དུས་སུ་སྟན་བདེ་བ་ལ་འདུག་སྟེ། རང་ཡི་དམ་གྱི་ལྷ་བསྒོམ་པར ་བྱའོ། །བདག་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་ཚད་མེད་པ་བཞི་རིམས་ཀྱི་བསྒོམས་ལ། ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང། ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་དང། འདུ ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཛའ་ཡས་དང། འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པ་དང། རྣམ་པར་ཤེས་པའི་ཕུན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཐབས་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀའོ། །དེ་ནས་རང་གི་སྙིང་གར་ཉི་མའི་དཀྱིལ ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ནག་པོ་བསམས་ལ། དེ་ལས་འོད་ཟེར་འཕྲོས་ཏེ། སླ?་འདུས་པ་ལས། བདག་ཉིད་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ཀ་ཞལ་གསུམ་པ། ཕྱག་དྲུག་པ། ཞལ་གཡས་ལྗང་གུ། ་གཡོན་སེར་པོ། །ཕྱག་དང་པོ་གཉིས་ཀྱིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང། རང་སྣང་གི་རིག་མ་ལ་འཁྱུད་པ། གཡོན་ཁ་ཊཝཱཾ་ག་དང་ཐོད་པ་བསྣམས་པ། གཡས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། ཕྱག་རྒྱ ་ལྔ་དང་ལྡན་པར་བསྒོམ་མོ། །དེ་ནས་སུམྦྷ་ནིའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སུ་མྦྷ་ནི་སུམྦྷ་ཧུཾ་ཧུཾ་ཕཏ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཏ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡི?་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧུཾ་ཧུཾ་ཕཊ། ཨོཾ་གྷ:གྷ:གྷཱ་ཏ་ཡ་གྷཱ་ཏ་ཡ ་སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་བཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ?་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ཡ། ཨཱ་ཀོ་ཊ་ཡ། ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི ་སྔགས་ཀྱིས་བགེགས་རྣམས་ས་བསྐད་ལ། རྡོ་རྗེ་ར་བ་ལ་སོགས་པ་བསམ་པར་བྱའོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསགས?་པ་སྔོན་དུ་འགྲོ་བས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་ཀྱི་ངང?་ལས་ཐིག་ལེ་དཀར་པོ ་ཡུངས་ཀར་གྱི་ཚད་ཙམ་མོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པ་དང། དེའི་སྟོང་དུ་རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་དང། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བཾ་གིས་མཚན་པ་དང། དེའི་སྟེང་དུ ་ལཾ་ལས་དབང་ཆེན་སའི་དཀྱིལ་འཁོར་ལཾ་གིས་མཚན་པ་དང། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་ལྔའི་རང་བཞིན་ཅན་ལྕོག་ཆེན་པོ་བརྒྱད་ཀྱིས་མཛེས་པར་བྱས་པ། དེའི་སྟེང་དུ་སྣ་ཚོགས་པདྨ ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་མངོན་པར་བྱང་ཆུབ་པའི་གཞལ་ཡས་ཁང་དང། བརྟེན་པའི་དཀྱིལ་འཁོར་ལྷ་བཅུ་གསུམ་སྐད་ཅིག་གིས་བསམ ་དེའི་དབུས་སུ་བཅོམ་ལྡན་འདས་ཞལ་བཞི་པ། སྐུ་མདོག་མཐིང་ག་།སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། གཡས་བརྐྱང་བའི་རྣམ་པས་བཞུགས་པས་འཇིགས་བྱེད་ཆེན་པོ་དང་དུས་མཚན་ཞབས་ཀྱིས་མནན་པ། རྡོ ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྟེང་དུ་ཕྱག་གཉིས་ཀྱིས་གླང་པོ་ཆེའི་ཕགས་པ་འཛིན་པ། གཡས་པའི་གསུམ་པ་ན་ཅང་ཏེའུ། བཞི་པ་ནི་གྲ་དུག། ལྔ་བ་ན་དགྲ་སྟ་དང། དྲུག ་པན་མདུད་རྩེ་གསུམ་པ་འཕྱར་བ། གཡོན་གྱི་ཕྱག་གསུམ་པ་ན་ཁ་ཊཝཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ན་ཁྲག་གིས་བཀང་པའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་འཆང་བ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན ་པ། དབུ་ལ་ཐོད་པའི་ཕྲེང་བ་དང། ཟླ་བ་ཕྱེད་པས་མཚན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་ཅོད་པན་ཅན། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན ་པ། དབུས་མཐིང་ག་།ཞལ་གཡས་སེར་བ། ནུབ་པདྨ་རཱ་གའི་མདོག?་འདྲ་བ། གཡོན་མརྐ་ཏ་ལྟ་བུའི་མདོག་དང་མཚུངས་པ། སྟག་གིས་པགས་པའི་ཤམ་ཐབས་ཅན། མི་མགོའི་ཕྲེང་བ་སྒྱུ་མ་དང་བཅས་པ་འཛིན་པ། མགུལ ་རྒྱན་དང། དཔུང་རྒྱན་དང། རྣ་རྒྱན་དང། སྤྱི་གཙུག་གི་ནོར་བུས་བརྒྱན་པ། མཆོད་ཕྱིར་ཐོགས་འཆང་བ། ཐལ་བ་དང་ཕྱག་རྒྱ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས། ཕྱག་རྒྱ་དྲུག་གིས་བརྒྱས་བཏབ་པའོ། །དེའི ་སྤྱན་སྔར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་བའི་སྐ་རགས་ཅན། གཡོན་པ་འཁྱུད་པའི་ཕྱག་གིས་གདུགས་པ ་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་འཆང་བ། གཡས་རྡོ་རྗེས་མཚན་པའི་གྲི་གུག་།ཕྱོགས་ཐམས་ཅད་དུ་འཇིགས་པར་བྱེད་པའི་རང་བཞིན་གྱི་སྡིགས་མཛུབ་ཅན་བསྐལ་པའི་མེ་བཞིན་འཇིགས་པ་ཆེ། །བྲག་ལ་དགྱེས ་ཤིང་ཞལ་ནས་ཁྲག་འཛག་པ་བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད་པ། བདེ་ཆེན་ཐུས་རྗེའི་བདག་ཉིད་བསྒོམ། ཕྱོགས་ཀྱི་འདབ་མ་བཞི་ལ་མཁའ་འགྲོ་མ་ལ་སོགས་པ་བཞི། སྒོ་བཞིར་ཁྭ་གདོང་མ་ལ་སོགས་པ་བཞི། ་མཚམས་བཞིར་གཤིན་རྗེ་བརྟན་མ་ལ་སོགས་པ་བཞི། ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་བཞི་པ། གཡོན་ཁ་ཊཝཱཾ་ག་དང་ཐོད་པ། གཡས་ཌ་མ་རུ་དང་གྲི་གུག་བསྣམས་པའོ། །རྣལ་འབྱོར་མ་དེ་དག་ཀྱང་ཡི ་དགས་ཀྱི་གདན་ལ་བཞུགས་པའོ། །དེ་དག་གི་དཔྲལ་བར་རྡོ་རྗེ་ཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །མགོ་ལ་ཨོཾ་དཀར་པོ་དང། ལྐོག་མར་ཨཱ:དམར་པོ་དང། ནུ་མ ་གཉིས་ཀྱི་པར་དུ་ཧཱུཾ་ནག་པོ་དང། ཐུགས་ཀར་ཧཱུཾ་སྔོན་པོ་བསམ་པར་བྱའོ། །དེ་ནས་ཡི་གེ་བཞི་ལས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་སེམས་དཔའ་དང ་ཐུགས་རྡོ་རྗེ་བསྐུལ་ཏེ། ཡི་གེ་བཞི་ལ་སོ་སོར་ཐིམ་པར་བསམ་མོ། །ོཾ་ཨཱ:ཧཱུཾ་ཨོཾ་སརྦ་བཱི་ར་ཡོ་གི་ན་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ་ཧཾ། ཨོཾ་བཛྲ་ཤུདྡྷ:སརྦབ་དྷརྨཱ:སྭ་བྷཱ་བ་ཤུདྡྷཉཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ།། ་དེ་ནས་གོ་ཆ་གཉིས་བསྟན་པར་བྱ་སྟེ། ཧེ་རུ་ཀའི་ཐུགས་ཀར་ཨོཾ་ཧ་དཀར་པོ། །དབུ་ལ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་སྭཱཧཱ་ཧུ་དམར་པོ། །ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ། །མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དཀར་པོ། །ཡང་ལག་ཀུན་ལ ་མཚན་ཆ་ནི་ཕཊ་ཧཾ་ལྗང་གུའོ། །ཡུམ་གྱི་ལྟེ་བ་ལ་ཨོཾ་པཾ་དམར་མོ། །ཐུགས་ཀར་ཧཾ་ཡོཾ་ནག་མོ་ཞལ་དུ་ཧྲིཾ་མོཾ་དཀར་མོ། །དབུ་ལ་ཧྲེཾ་ཧྲེཾ་སེར་པོ། །སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུ་བའི ་མདོག་ཅན་བསམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་དཔར་བསྐྱེད་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི་སྔགས་དང་ཕྱག་རྒྱ་དང། སྔགས་ཀྱིས་མདུན་གྱིས་ནམ་མཁའ་ལ་བྱོན་པར་བསམ་མོ། །སྙིང་པོའི་ཕྱག ་རྒྱ་བསྟན་ཏེ། ལག་པ་གཡས་པ་དང། གཡོན་བསྐོར་ཞིང། ཛ:ཧཱུཾ་བཾ་ཧོཾ(རྒྱུད་འགྲེལ་དབང་བསྐུར་བར་བྱ་པའི་ཕྱིར་སྙིང་གའི་ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས་པས་རིགས་ལྔའི་བདེ་བར་གཤེགས་པ་ནམ་མཁའ་ལ་བྱོན་པར་བསམ་མོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོག་གཉིས ་གསོལ་མཛད་ལྟར། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་མི་བསྐྱོང་རྡོ་རྗེ་གཙོ་བོར་གྱུར་པའི་ཐུགས་ཀ་ནས་མཁའ་འགྲོ་མ་ལ་སོགས་པ་པུཾ་པ་ཐོགས་པ་བྱུང་བས། ་རྡོ་རྗེ་ཆེན་པོར་དབང་བསྐུར་བ། ཁམས་གསུམ་པ་ཡིས་ཕྱག་བྱས་པའི། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། ་ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ། །ཞེས་པས་དབང་བསྐུར་བར་བྱའོ། །དེ་དག་ཐམས་ཅད་ཀྱི་དབུ་ལ་མི་བསྐྱོད་པ་ས་གནོན་གྱི་ཕྱག་རྒྱ་ཅན་སྐུ་མདོག་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་ཅན་བསམ་མོ། །དེ་ནས? ་ཅི་ནུས་སུ་བསྒོམ་མོ། །དེ་ལས་སྐོ?་ན་བཟླས་པར་བྱའོ། །ོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱཧཱ། ཨོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦབ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱཾ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ ་ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱེ?་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌཧཱ་ཧུཾ་ཧཱུཾ ་ཕཊ། ཨོཾ་ཡ་མ་དཾཥྛི?་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། དེ་ནས་ལྡང་བར་འདོད་ན་དཀྱིལ་འཁོར་རང་གི་ཐུགས་ཀར་བསྡུ་བར་བྱའོ། །ཕྱག་དང་ཞལ་ཐམས་ཅད་རྩ་བའི ་ཕྱག་ཞལ་ལ་བསྡུ?། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ་བསྒོམ་མོ། །དེ་ལྟར་ཐུན་བཞི་བསམ་མོ། །ཐུན་ཐ་མ་ལ་སྐད་ཅིག་མེས་དཀྱིལ་འཁོར་དུ་ལྷ་རྣམས་ལ་དབང་བསྐུར་བ་དང། བདུད་རྩི་མྱང་བ། ་མཆོད་བསྟོད་བྱས་ལ། བསྒོམ་པ་དང་བཟླས་པ་བྱའོ། །དེ་ལྟར་ཐུན་བཞིར་བསྒོམས་པ་ཐུན་ཐ་མ་ལ་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་རྣམས་རང་གི་སྙིང་གར་བསྡུས་ལ་ཉལ་ལོ། །ནང་པར་ནི་སྔར་བཤད་པ་ཐམས་ཅད་བྱའོ། ། ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར ་བའོ།། །།མངོན་པར་རྟོགས་པ་བཞུགས། །རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝ་ཏི་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ ་