| Wylie | e-texts based on the ACIP/ALL Input |
།བཅུ་གསུམ་བདག་ཉིད་ཀྱི་ཆོ་ག་བཞུགས།། *། །རྒྱ་གར་སྐད་དུ། ཏྲ་ཡོ་ད་ཤཱཏྨ་ཀ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལོ་པཱ་ཡི་ཀཱ། བོད་སྐད་དུ། བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོག་།དཔལ་རྡོ་རྗེ་སེམས་དཔའ་ ་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་དུས་གསུམ་ཡང་དག་རིག་མཛད་པ། །དཔལ་ལྡན་རྡོ་རྗེ་སེམས་དཔར་སྤྱི་བོས་ཕྱག་བྱས་ནས། །བཅུ་གསུམ་བདག་ཉིད་ཅན་གྱི་སྡོམ་པ་དེ་ཡི་ནི། །དཀྱིལ་འཁོར་གྱི་ནི་ཆོ་ག་འདིར་ནི་བཤད་པར་བྱ། །དཀྱིལ ་འཁོར་ཆེན་པོ་མྱུར་བར་མཚོག་ཏུ་གྲུབ་འགྱུར་ཞེས། །གཞན་གྱི་དོན་གྱི་བློ་ཡིས་ངེས་པར་བསམ་ནས་ནི། །དབང་བསྐུར་རབ་གནས་ཆོག་སྒྲུབ་ཐབས་ལ་སོགས་རྣམས། །བྱས་པ་འདི་ལས་ངེས་པར་བསྔགས་པའི་ཆོ་ག་ཉིད། །བརྟན་ཞེས་ཟབ ་མོའི་ཆོས་ཤེས་པ། །རབ་གནས་གཏོར་མའི་ཕ་རོལ་སོན། །སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་ཤེས། །རིག་པ་ཀུན་ལ་ཤིན་ཏུ་མཁས། །གསང་སྔགས་ངེས་པའི་ཚུལ་ལ་གུས། །གཟུགས་ལྡན་ལྟན་སྡུག་པ་དང།། ་བླ་མ་ལ་གུས་སྙིང་རྗེར་ལྡན། །སྡོམ་པ་འབྱུང་བའི་སྟོན་པ་པོ། །ལྷ་ཁང་མཆོད་རྟེན་གནས་དང་ནི། །འཁོར་གྱི་ཁྱམས་དང་གཙང?་མའི་ས། །གདོད་ནས་གྲུབ་པའི་དུར་ཁྲོད་དཱུང། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཡོངས་སུ་བརྟགས ་པའི་ས་ཡི་ཆར། །རྐོ་བ་ལ་སོགས་མི་བྱ་སྟེ། །ལག་པས་རེག་ནས་ཧཱུཾ་ཡིག་གི་།ས་སྦྱང་བ་ཡི་གསང་སྔགས་བཟླ། །སྣ་ཚོགས་པ་རྣམས་སྟོང་ཉིད་དུ། །རོ་གཅིག་པར་ནི་ངེས་མོས་ན། །དེ་ཡིས་ས་ནི་དག་འགྱུར་ཏེ། །དེ་བཞིན་ཉིད ་དག་རྒྱུ་ཕྱིར་རོ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆེ། །ཉིས་འགྱུར་དུ་ནི་སྦྱང་བར་བྱ། རང་གི་སེམས་ནི་ཡོངས་དག་པར། །གྱུར་ན་དེ་ཉིད་ས་དག་འགྱུར། །ཞེས་བྱའོ། །ས་སྦྱང་བའོ།། །།དེ་ཕྱིར་མཆོག་གི་སློབ་དཔོན་གྱིས།། ་འདིར་ནི་དཀྱིལ་འཁོར་བྱ་བ་ཡིན་།ཡིད་དང་མཐུན་པའི་གནས་སུ་ནི། །རེ་ཤིག་སྔོན་དུ་བསྙེན་པ་བྱ། །དེའི་རྗེས་སུ་དཀྱིལ་འཁོར་གྱི་ས་ལ་མེ་ཏོག་དགྲམ་ཞིང་འདུག་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པར་གྱུར་པའི་བཅུ་གསུམ་གྱི ་བདག་ཉིད་ཅན་དཔལ་འཁོར་ལོ་སྡོམ་པའི་རང་བཞིན་རྡོ་རྗེའི་སློབ་དཔོན་གྱིས་བསྲུང་བའི་འཁོར་ལོ་ལ་སོགས་པ་བྱས་ནས། བགེགས་གཞོམ་པའི་ཕྱིར་སྤོས་ཀྱིས་སྣོད་ཐོགས་ནས་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་གསིལ་བར་གྱུར་པས། མ ་ལུས་ཕྱོགས་ན་བཞུགས་པ་ཡི་།སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །འདིར་ནི་དཀྱིལ་འཁོར་བྱ་བར་འཚལ། །སངས་རྒྱས་ལ་སོགས་ཀུན་བྱོན་ལ་།བདག་ལ་གྲུབ་པ་སྩལ་དུ་གསོལ། །རྫོགས་པའི་སངས་རྒྱས ་ལ་སོགས་པ་རྣམས་ལ་སྙན་གསན་ཕབ་ནས་མཆོད་པར་བྱའོ། །དེ་ནས་སྔགས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ཁྭ་གདོང་མི་ལ་སོགས་པའི་གཟུགས་མའི་རྣལ་འབྱོར་དང་ལྡན་པའི་སློབ་མ་བཞི་རྣམས་ཀྱིས་སམ། གཅིག་གིས་ཀྱང་རུང་སྟེ་གཡོན་སྐོར ་གྱིས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤང། །ཀུན ་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན?་ཀུན་གྱི་སེམས་ཆེན ་པོ། །དག་ཅིང་རང་བཞིན་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།དཀྱིལ་འཁོར་ཁ་ལོ་བསྒྱུར་བ་གསུངས། །ཤེས་ཚིགས་སུ་བཅད་པ་བཞིས་གསོལ་བ་བཏབ་པར་གྱུར་པ་དང། ད་ནི་སངས་རྒྱས་བྱང་ཆུབ་སེམས། །རྡོ་རྗེ་ཉི་མ་ང་ཉིད་དེ། ། ་དོན་ཡོད་རྡོ་རྗེ་ཆོས་ཀྱང་ང། །སངས་རྒྱས་ཐམས་ཅད་ཉིད་ཀྱང་ང། །ཞེS་ང་རྒྱལ་བ་བརྗོད་ཅིང། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྡིགས་མཛུབ་གཉིས་བརྐྱང་སྟེ་སྦྱར་བའི་རྩེ་མོ་འོག་ཏུ་ཕྱོགས་པ་སྤྱི་བོར་འཛིན་པས་ཧཱུཾ་བཛྲ་ཏྟིཥྛ་ཞེས་བརྗོད་ཅིང་མདུན་དུ་བསྒོམ ་ཤིང་སྤྲོས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ནམ་མཁའ་མཐིལ་ན་གནས་པ་ཐམས་ཅད་ཀྱང་བཅུག་སྟེ་ལངས་ལ་ཤར་དུ་ཕྱོགས་པས་སེམས་ཅན་རྣམས་མ་རིག་པའི་མུན་པར་ཆུད་ཅིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལ་ངེས་པར་བལྟས་ནས་སྙིང་རྗེ ་དང་ལྡན་ཞིང་ང་རྒྱལ་བའི་ཐུགས?་ཅན་གྱིས་བདུད་རྣམས་བསྐྲད་པར་བྱ་བའི་ཕྱིར་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པའི་མིག་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པ་དང། མིག་གཡོན་པར་ཊ་ལས་ཟླ་བའི་རྣམ་པ། མིག་འབྲས་གཉིས ་ཧཱུཾ་ལས་བསྐྲལ་པའི་མེའི་རྣམ་པས་སྣ་ཚོགས་པ་འདི་ལ་ཀུན་ཏུ་རྣམ་པར་བརྟག་པར་བྱའོ་ཞེས་བསྒྱིངས་པ་དང་བཅས་པའི་གཡོ་བས་རྐང་མཐིལ་འབར་བའི་རྡོ་རྗེས་རོལ་ཞིང་གསོར་བས་སྣ་ཚོགས་རྡོ་རྗེའི་རྐང་སྟབས་བྱས་ཏེ ་གནས་རྣམས་སུ་དྲིལ་བུ་དཀྲོལ་བར་བྱའོ། །གདུག་པའི་ཚོགས་རྣམས་གཞོམ་པའི་ཕྱིར། །ཁ་ནས་ཧཱུཾ་ཡིག་འདོན་པའི་ཞལ། །འཁོར་ལོའི་ས་ལ་གཡོན་སྐོར་དུ། །སྔགས་པ་ཡིས་ནི་བཅག་པར་བྱ། །གཟའ་དང་འབྱུང་པོ་འདྲེ་ལ་སོགས། ། ་ལུས་ངག་ཡིད་ལ་གནས་པ་རྣམས། །ངེས་པར་འཇོམས་ཀྱིས་དེངས་ཤིག་ཅེས། །དེ་ཚེ་བགེགས་ཀྱི་ཚོགས་རྣམས་བསྐྲད། །སུ་ཡང་རུང་པའི་ལུས་སྲུལ་པོ་རྣམས་དང། །བགེགས་ཀྱི་ཚོགས་རྣམས་གཞན་དུ་འབྱེར་བར་གྱིས། །ང་ནི ་དཔལ་ལྡན་སྙིང་རྗེའི་སྟོབས་ཡིན་ཏེ། །སྲུང་བའི་འཁོར་ལོ་རབ་ཏུ་སྦྱོར་བ་པོ། །ཀུན་ནས་འབར་བའི་རྡོ་རྗེ་ཡིས། །ལུས་སྐྱེས་རྣམས་ཀྱི་ལུས་དགས་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ་། །འདིར་ནི་འཇིག་འགྱུར་གཞན་དུ་མིན། ཞེས་བྱ་བས ་བསྐྲད་པ་དེ་ལས་བགེགས་མ་ལུས་པ་ཞིག་པར་བལྟའོ། །དེ་ནས་དཀྱིལ་འཁོར་གྱིས་ལ་དྲི་བཟངས་ཉི་བར་བྱུགས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཉེ་བར་སྤྱོད་པ་སྣ་ཚོགས་པ་དང། གར་དང། གླུ་དང། སེལ་སྙན?་གྱི་སྒྲ་ལ་སོགས་པ ་རྣམས་ཀྱིས་མཆོད་པ་བྱས་ནས་ལག་པས་ཉེ་རེག་བྱ་ཞིང་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ཡང་ལན་བདུན་བཟླས་ནས་དེར་ལྷའི་འཁོར་ལོ་སྤྲོ་ཞིང་བསྡུ་པས་ཉལ་བར་བྱའོ། །ཞེས་བྱ་བ་ནི་ས་ཡོངས་སུ་གཟུང ་བའོ། །དེ་ནས་སྔ་བར་ལངས་ལ་འགྲོ་བ་རྣམས་མངོན་པར་རྫོགས་པའི་བྱང་ཆུབ་ལ་དགོང་པར་བྱ་བའི་ཕྱིར་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་རི་དམར་པོ་ལས་བྱུང་བའི་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པ ་འོད་ཟེར་ལྔའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་ཡི་གེ་ལས་ཀུན་ཏུ་རྒྱ་ཆེ་བ་ནས་ཀྱི་འབྲས་བུའི་ཚད་ཀྱི་རྡོ་རྗེ་ལྟེ་བའི་གཟུགས་ཀྱིས་དུམ་བུ་གཅིག་ཏུ་གྱུར་པ། རྡོ་རྗེའི་ར་བ་དང་གུར་དང་མདའི་དྲ་བ་དང་བླ་རེ་དང་འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན ་ཅན་གྱི་ས་བསྒོམ་ནས་ཉི་མ་སྣ་ཚོགས་རྡོ་རྗེ་དང་བཅས་པ་ཡོངས་སུ་གྱུར་པས་འོད་ཟེར་གྱི་ཚོགས་ཀྱིས་ཀུན་ཏུ་ཚིག་པར་གྱུར་པར་བསམ་མོ། །དེའི་དབུས་སུ་རང་གི་སྙིང་གའི་ས་བོན་ལས་ཕྱོགས་དང་ཕྱོགས་བྲལ་དུ་ཁྭ་གདོང་མ་ལ་སོགས་པ་མཁའ་འགྲོ ་མ་ཤིང་རྣམས་སྟེང་དུ་དང། དུམ་སྐྱེས་མ་འོག་ཏུ། དུམ་སྐྱེས་མ་གཉིས་པ་རྣམ་པར་སྤྲོས་ནས་དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་ནས་དེ་?་བྲས?་ལ་གཏང་པར་བྱའོ། ། ་མཁའ་འགྲོ་མ་དེ་རྣམས་ཀྱང་ཡུངས་ཀར་དང་ཙན་དན་དམར་པོས་བྱུགས་ཁ་དོག་ལྔའི་སྐུད་པས་བཀྲིས་ཤིང་མཆོད་པ་རྣམས་མེ་ཏོག་དམར་པོའི་ཕྲེང་བ་བཏགས་པ་བཅུ་རྣམས་སུ་སོ་སོར་སྤྲོས་ནས་གནོད་མཛེས་རྒྱལ་པོའི་ཕུར་བུ་ལྟེ་བ་མན་ཆད་མདུང?་གི ་རྣམ་པ། སྟོད་བདག་ཉིད་ཀྱི་གཟུགས་ཅན་ཕྱག་གཡོན་པས་གཟུང་ནས་གཡས་པས་གྲི་གུག་ཡོངས་སུ་གྱུར་པའི་རྡོ་རྗེའི་ཐོ་བ་བཅུས་ཧཱུཾ་ལས་སྐྱེས་པའི་ཁྲོན་པ་བཅུར་བགེགས་དེ་རྣམས་བཅུག་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷ་ནཱཾ། །ཀཱ་ཡ་བཱཀྩི་ཏྭཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་རང་གི་ཕུར་བུ་རྣམས་ལ། ཨོཾ་བཛྲ་མུངྒར་ཀོ་ཊ་ཧཱུཾ་ཞེས་བརྗོད་ཅིང་གདབ་པར ་བྱའོ། །བགེགས་ལྷག་མ་རྣམས་རིང་དུ་བྱེད་པར་བལྟས་ནས་བགེགས་ཀྱི་ཚོགས་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པའི་མོས་པ་བྱའོ། །ཞེས་བྱ་བ་ནི་བགེགས་ལ་ཕུར་བུ་གདབ་པའོ།། །།དེའི་རྗེས་སུ་སྔགས ་པས་དཀྱིལ་འཁོར་གྱིས་གཞི་དྲི་བཟངས་ཀྱིས་བྱུགས་པའི་དབུས་སུ་བཾ་ལས་བྱུང་བའི་སའི་ལྷ་མོ་བསྒོམས་ནས་ལག་པ་གཡས་པའི་ཟླ་བར་ཧཱུཾ་གསུམ་བཀོད་ལ་སོར་མོ་གསུམ་གྱིས་བསྣུན་པའི་སྒྲའི་ཚོགས་རྣམས་ཀྱིས ་བསླང་བའི་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་གྱུར་པའི་ལྷ་མོ་སེར་མོ་ཕྱག་གཡོན་པས་གསེར་གྱི་བུམ་པ་བཟང་པོ་དང་ཅིག་ཤོས་ཀྱིས་ཁས་ལེན་པའི་ཚུལ་ཅན་ཞལ་གཅིག་པ་ཟླ་བ་ལྟ་བུ་ལྟའི་རྒྱན་གྱིས་བརྒྱན་པ་མདུན་ན་གནས་པར་བལྟས་ནས། ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ལྷག་པར་གནས་པར་བྱའོ། །མ་མ་རིན་ཆེན་སྣ་ཚོགས་འཛིན། །སྡོམ་པ་ཁྲོ་བོས་མཆོད་པ་མོ། །ལྟ་མོ་ཁྱོད་ནི་དཔང་གྱུར་པས། །ཆེ་གེ་བདག་ནི་དཀྱིལ་འཁོར་བྲི། །དེ་སྐད་ས་ལ་ལན་གསུམ་དུ། ། ་གསོལ་གདབ་བསང་གཏོར་ལ་སོགས་བྱ། །ངེས་ཀྱང་བྱ་བ་ཉིད་དོ་ཞེས། །དེ་སྐད་གསུང་ནས་ཐིམ་པར་བསམ། །དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་ས་ལ་མནན་ཏེ། ཨོཾ་བཛྲི་བྷ་བ་ཧཱུཾ་ཞེས་ལན་གསུམ་མངོན་པར་བསྔགས་ནས་རྡོ་རྗེ་བཅིང་བ་ལས ་བྱུང་བའི་འབར་བའི་ཧཱུཾ་གི་ཚོགས་ཀྱིས་ས་འོག་གི་བར་དུ་རྡོ་རྗེར་བྱས་པར་བལྟས་ཏེ། བཛྲ་དྲི་ཌཧ?་ཏིཥྛ་ཞེས་ལན་གསུམ་གྱིS་ས་བྱིན་གྱིས་བརླབ་པོ། །འདི་ལྟ་བུས་རང་གི་དབང་དུ་གྱུར་པར་མོས་བྱའོ། །ཞེས་བྱ་བ་ནི་ལྷག་པར་གནས་པའོ། །དེ་ནས ་དཀྱིལ་འཁོར་གྱི་སའི་དབུས་སུ་ཡི་གེ་གསུམ་གྱིས་དྲི་བཟངས་དང་བདུད་རྩི་ལྔས་ཉེ་བར་བྱུགས་ལ། དྲི་བཟང་པོའི་མེ་ཏོག་གཅལ་དུ་དགྲམ་ཞིང་སྔགས་པས་ཁྲུས་དང་དྲི་བཟང་པོས་བྱུག་ཅིང་ཇི་ལྟར་རྙེད་པའི་གོས་དང་རྒྱན་དང་གཙུག་ཏོར་གྱིས་འདུག ་ཅིང་འཁོར་ལོའི་དབང་པོའི་རྣལ་འབྱོར་དང་ལྡན་པས་བདུད་རྩི་ལྔ་དང་ཙན་དན་དང་གུར་ཀུམ་ལ་སོགས་པ་རྣམས་ཀྱིས་མཎྜལ་བཅུ་གསུམ་དུ་ཕྱུགས་དེར་རང་གི་དམ་ཚིག་གི་འཁོར་ལོར་ལྷག་པར་མེས་ཤིང་ནམ་མཁའ་ཨི་མཐིལ་ན་བཞུགས་པའི་ཡེ ་ཤེས་ཀྱི་འཁོར་ལོ་བློས་བཀུག་ནས་གཞུག་ཅིང་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་ནས་བདུད་རྩི་མྱང་བར་བྱའོ། །དེ་ནས་བསྒོམས་པའི་དཀྱིལ་འཁོར་གྱིས་ཕྱི་རོལ་ཏུ་སློབ་དཔོན་ལྷོའི་ཕྱོགས་སུ་འདུག་ཅིང་བྱང་དུ་མངོན་པར་ཕྱོགས ་པས་འཆང་པར་འགྱུར་བའི་ལྷ་སོ་སོ་སོ་སོའི་ཚུལ་གྱིས་སམ། བུམ་པ་གཅིག་གི་ཚུལ་གྱིས་ཀྱང་རུང་སྟེ་ལས་ཐམས་ཅད་པའི་བུམ་པ་ལྷག་པོར་བྱའོ། །བླ་རེ་དང་མཐིལ་དུ་སོ་སོར་དྲི་བཟང་པོའི་དཀྱིལ་འཁོར་གྱི་སྟེང་དུ་ཀུ་ཤ་སར་པའི་སྟེགས་ལ་གཞོག་། ་སྟོང་པ་ཉིད་ཀྱི་རྗེས་སུ་བཾ་གྱི་ས་བོན་ལས་བྱུང་བའི་གསེར་ལ་སོགས་པའི་བུམ་པ་ནག་པོ་དང་རྩ་བ་མེད་ཅིང་མཆུ་འཕྱང་བ་མགྲིན་པ་མཐོ་བ་གསུས་བ་ཆེ་བ་རྣམས་ལེགས་པར་བཀྲུས། ཤིན་ཏུ་བདུགས་ནས་དང་གྲོ་དང་མི་སྲོན་གྲེའུ་དང་སོ་བ་དང་ཏིལ་དང། སྨན ་ལྔ་ནི་བྲི?་ཏ་ཏི་དང་ཀཎྜཱ་ཀ་རཱི་དང་གཞན་གྱིས་མི་ཐུབ་པ་དཀར་པོ་དང་ས་ཧ་དེ་བ་དང་དཎྜོཏཔ་ལ་སྟེ་སྨན་ལྔའོ། །གུར་གུམ་དང་ཨ་ཀ་རུ་དང་གྲཎྛི་དང་ཙན་དན་དང་པ་ཏྲཾ་ག་ནི་དྲི་ལྔའོ། །གསེར་དང་དངུལ་དང་མུ་ཏིག་དང་བྱུ་རུ་དང་རཱ་ཛ་བརྟྟ་ནི་རིན་པོ་ཆེ་ལྔའོ། ། ་དེ་རྣམས་བུམ་པའི་ལྟོ་བར་བཅུག་ནས་གླང་པོ་ཆེ་དང་ནོར་ཕྱུགས་དང་པོང?་བུ་ལོགས་པས་མ་རྙོགས་པའི་ཆུ་ཀླུང་ལ་སོགས་པ་ལས་བླངས་པ་སྟེ་སཱ་ལི་བཟང་པོ་དང་གཞན་པའི་སྣོད་ཀྱིས་མ་རེག་པའི་ཆུ་བདུད་རྩི་ལྔ་དང་བཅས་པ་བླུག་སྟེ་སྙིང་པོར་ཙཱ་ཏུ་དང་ཛཾ་བུ ་དང་ནྱ་གྲོ་དཱ?་དང་ཨ་ཤྭཏྠ་དང་ཨུ་དུཾ་བཱ་ར་རྣམས་དང་གཞན་གང་ཡང་རུང་བ་བ་དན་དང་གདུགས་དང་བཅས་པ་རྣམ་པར་སྒེག་པ་རྣམས་ནི་ཁ་ལ་སྟེ། མེ་ཏོག་དང་བཅས་པའི་ཕྲེང་བ་འོད་ཅན་དང་རས་ཟུངས་ཀྱིས་མགྲིན་པ་དཀྲིས་པ། ཆོས་འབྱུང་དང་པདྨ་དང ་ཉི་མ་ལ་གནས་བའི་རང་རང་གི་མཚན་མས་མཚན་པ་རྣམས་ནི་འདོད་པ་ལ་སོགས་པས་དཀར་པོར་བྱས་ཏེ་གཞག་པར་བྱའོ། །དེ་ནས་དེ་རྣམས་ལ་གཞོན་ནུ་མས་བཀལ་པའི་སྐུད་པ་དཀར་པོ་བདུན་གྱིས་སམ། ཁ་དོག་ལྔའི་སྐུད་པས་ཀྱང་རུང་སྟེ་ཧཱུཾ་ལན་བདུན ་བཟླས་པ། ཨོཾ་བཛྲ་ཤེ་ཁ་ར་རུཊཊ་མཊཊ་དི་ཤཱཾ་བན་དྷ་བན་དྷ་ཧཱུཾ་ཞེས་པ་གསུམ་མམ་བདུན་གྱིས་ཡོངས་སུ་དཀྲི་བར་བྱའོ། །ཡང་ན་རྣམ་བར་རྒྱལ་བའི་བུམ་པའི་སྟེང་དུ། ཨོཾ་བཛྲ་མྲི་ཏོ་ད་ཀ་ཋ(རྒྱུད་འགྲེལ་བཟླས་ཏེ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་བ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་བདུད་རྩི་ལྔ་དང་དྲི་བཟངས་ཀྱི་ཆུའི་སྙིང་པོར་དུང་དང་མེ་ཏོག་གི་ཕྲེང་བ་དང་རྡོ་རྗེ་ཡང་གཞག་ནས་ནང་དུ། ཨོཾ་ཏཔཏེ་མ་ཧཱ་ཏབཏེ་སྭཱཧཱ། ཞེས་བྱ་བ་འདིས་མ་ངེས་པའི་ཆང་དམ ་ཆུ་ཀླུང་གི་ཆུ་གཉིས་ཀྱང་རུང་པའི་ཆུ་ལ་དང་ལྷའི་འཁོར་ལོའི་མཚན་མ་ལ་དེ་བཞིན་ཁོ་ནར་སྐད་ཅིག་གིས་ཞེས་བྱ་བས་དམིགས་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པ་སྔོན་དུ་འགྲོ་བས་གཞུག་པར་བྱའོ། ། ་སྙིང་པོར་གནས་པའི་འཁོར་ལོ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གཙོ་བོར་གྱུར་པའི་སྣང་བ་རོ་གཅིག་ཏུ་གྱུར་པར་བསམ་མོ། །ཡང་ན་སློབ་དཔོན་གྱི་རྡོ་རྗེ་ལ་དཀྲིས་པའི་མེ་ཏོག་གི་ཕྲེང་བ་དེ་རྣམས་ཧཱུཾ ་བརྗོད་ཅིང་ལག་པ་གཡོན་པ་གཟུང་ནས་གཡས་པས་ཕྲེང་ཐག་གཟུང་སྟེ། འཁོར་ལོའི་དབང་ཕྱུག་གི་སྔགས་མངོན་པར་བཟླས་ནས་དེ་ལ་སྔགས་ཐམས་ཅད་ཀྱིས་ཀུན་དའི་མེ་ཏོག་གསུམ་གཞུག་པར་བྱའོ། །བུམ་པ་གཞན་རྣམས་ལ་ཡང ་རང?་རང་གི་ལྷ་བཀུག་ཅིང་རང་རང་གི་སྔགས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གིས་མངོན་པར་བསྔགས་པ་རྣམས་ལ་དེ་ཁོ་ན་བཞིན་དུ་ཀུན་དའི་མེ་ཏོག་གསུམ་བཅུག་ནས་བསམ་པར་བྱའོ། །སྔཌ་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛ་ལ་སརྤ། ་ར་སྭཱཧཱ། འཁོར་ལོའི་དབང་ཕྱུག་གིའོ། །ོཾ་ཌཱ་ཀི་མཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌཧི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིའོ། །ོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། དུམ་སྐྱེས་མའི་ལས་ཐམས་ཅད་པའི་སྔགས་སོ། །དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི ་བུམ་པ་རྣམས་མེ་ཏོག་ལ་སོགས་པས་མངོན་པར་མཆོད་ནས་ལས་ཐམས་ཅད་པ་ལས་ཡལ་འདབ་ཀྱིས་བླངས་པའི་ཆུས་བསངས་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་དུ་སོ་སོའི་གནོད་པ་རྣམས་ཕྱིར་བཟློག་པར་མཛོད་ཅིག་ཅེས ་བརྗོད་ནས་གཏོར་མ་ཕུལ་ཏེ་ཉེ་རེག་བྱས་ནས་སླར་ཡང་མེ་ཏོག་ལ་སོགས་པས་མཆོད་དེ། རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་མའི་འཁོར་ལོས་སྒྱུར་མ་ཁྱོད་ཕྱག་འཚལ། །ཁམས་གསུམ་པ་ནི་གཅིག་པའི་སྐུ། །འཁོར་ལོའི་མཁའ་འགྲོ་ཁྱོད་ཕྱག་འཚལ། །རིན་ཆེན ་མཁའ་འགྲོ་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆོས་ཁྱོད་ལ་ཕྱག་འཚལ། །དོན་ཡོད་རྡོ་རྗེ་མགོན་པོ་སྟེ། །ལས་ཀྱི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་བསྟོད་ཅིང་དྲིལ་བུ་བསིལ་པར་བྱའོ། །དེ་ལྟ་བུའི་སྔགས་དང་མཆོད་པ་ལ་སོགས་པས་ཉི་མ་སོ་སོ་ལ ་ཐུན་གསུམ་མམ་ཐུན་མཚམས་གཅིག་ཏུ་བུམ་པ་རྣམས་ལ་བྱའོ་ཞེས་བྱ་བ་ནི་བུམ་པ་ལྷག་པར་གནས་པའོ།། །།དེའི་རྗེས་སུ་སློབ་དཔོན་གྱིས་དྲིའི་དཀྱིལ་འཁོར་བཅུ་གསུམ་བཀོད་པ་མེ་ཏོག་དང་བཅས་པ་ལ་དཀྱིལ་འཁོར་པ ་དང་དཀྱིལ་འཁོར་གྱི་བདག་པོར་དམིགས་ནས་རང་གི་སྙིང་གའི་ས་བོན་འོད་ཀྱིས་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོང་ཅིང་བདུད་རྩི་མྱངས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ ་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པར་ཧཱུཾ་ཡིག་བཀོད་དེ་ལག་པ་གཡས་པས་སྤོས་ཀྱི་སྣོད་ཐོགས་ནས་གཡོན་པས་རྡོ་རྗེ་དྲིལ་བུ་གསིལ་བར་བྱའོ། །བཅོམ་ལྡན་ཁྲོ་བོའི་རྡོ་རྗེ་མཆོག་།དེ་བཞིན་དགཤེགས་ལ་གསོལ་བ་འདེབས། །ལྷན་སྐྱེས ་འབྱུང་བའི་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འཚལ་བ་ལགས། །སློབ་མ་རྣམས་ལ་བརྩེ་པ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ཕྱིར་བཅོམ་ལྡན་བདག་པུས་ལ། །བཀའ་དྲིན་གནང་བར་མཛད་པར ་རིགས། །སངས་རྒྱས་གང་གཞན་སྔགས་ཀྱི་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང། །འབྱུང་པོ་བྱང་ཆུབ་བསྟན་ལ་གནས། །གང་སུ་རྡོ་རྗེའི་སྤྱན་ལྡན་པ། །བསྟན་ལ་མངོན་པར་དགའ་པ་ཀུན། །བདག་ལ་ཡང་དག་དགོངས་སུ་གསོལ། །དེ་ཕྱིར ་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བ་ལ་གནས་ནས། །སྡོམ་པ་འབྱུང་པའི་མཆོག་གི་ནི། །དཀྱིལ་འཁོར་དག་ནི་བྲི་བར་བགྱི། །ཞེས་ལན་གསུམ་བརྗོད་ཅིང་མངོན་པར་འདོད་པའི་དོན་གསོལ་ལོ། །ཞེས་བྱ་བ་ནི་ལྷ་ལྷག་པར་གནས ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིS་ལེགས་པར་ཡོངས་སུ་བརྟགས་པའི་སློབ་མ་རྣམས་ལྷག་པར་གནས་པར་བྱ་སྟེ། ཤེས་ལྡན་ཚུལ་ཁྲིམས་ཡོན་ཏན་ལྡན། །བརྟན་ཞིང་གཏོང་ལ་རྒྱུད་རིག་པ། །བརྩེ་ལྡན་དེ་ཉིད་རིག ་ཅིང་སེམས། །རྡོ་རྗེ་སློབ་དཔོན་བླ་ཆེན་ལའོ། །རིག་ལྡན་དུལ་ཞིང་མོས་ཤེས་པ། །སྦྱིན་དང་ཚུལ་ཁྲིམས་སྙིང་རྗེས་ལྡན། །སློབ་མ་གཡོ་མེད་བླ་མར་གུས། །དེ་འདིར་བླ་མས་བསྡུ་བར་བྱ། །མེད་པར་གྱུར་ན་དམན་པ་ཡང། །ལག་པར ་གནས་བར་བྱ་ཞེས་བྱ། །དེ་ནས་སློབ་མ་གཅིག་གམ་གཉིས་སམ་མང་པོ་ཡང་རུང། །མཎྜལ་བྱས་ཤིང་པུས་མོ་ས་ལ་བཙུག་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བའི་སློབ་མ་རྣམས་ལ། ཁ་ཅིག་གསང་སྔགས་སྒྲུབ་དོན་གཉེར། ། ་དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་བལྟ་བའི། །དང་པ་ཕྱིར་ཞིང་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། །འདི ་ཡི་འབྲས་བུ་སྤང་བར་བྱ། །འདི་ཡི་འབྲས་བུ་འདོད་གྱུར་ན། །འཇིག་རྟེན་ཕ་རོལ་དེ་ལྟ་མིན། །འཇིག་རྟེན་ཕ་རོལ་དོན་མཉེས་པས། །འདི་འབྲས་རྫོགས་པར་འགྱུར་བ་ཡིན། །ཞེས་དད་པ་བསྐྱེད་ནས་སློབ་དཔོན་དཔལ་སྡོམ་པའི་སྐུ་རྡོ ་རྗེ་ཕག་མོ་ལ་སྙོམས་པར་ཞུགས་པས་སློབ་མ་དེ་རྣམས་རང་གི་སྦྱི་བོ་འམ་ཁ་ནས་བཅུག་སྟེ། རྡོ་རྗེ་ནས་འཐོན་ནས་ཤེས་རབ་ཀྱི་པདྨར་གནས་པ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཤེས་རབ་དང་བཅས་པའི་དེ་བཞིན་གཤེགས་པ ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཨ་བ་དྷཱ་ཏཱི་དང་རྡོ་རྗེ་ལས་མཐོན་པར་གྱུར་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བ་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོར་གཞག་ནས་འཇུག་པར་གསོལ་བ་འདེབས་སུ་བཅུག ་སྟེ། །རྣལ་འབྱོར་མ་དང་མཆོག་སྦྱོར་བའི། །སྟོན་པ་ཁྱོད་ནི་དཔའ་བོ་ཆེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དཔའ་བོ་དཔའ་མོའི ་དབང་ཕྱུག་མ། །ཕག་མེ་ཧེ་རུ་ཀ་ཉིད་ཀྱི། །གསང་བའི་གནང་ན་སོགས་ཀུན་ཏུ་དག་།ཇི་ལྟར་ལུས་ལ་གནས་པ་ལགས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ཡང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གོང་མཆོག་ཏུ། །མགོན་པོ ་བདག་ནི་གཞུག?་ཏུ་གསོལ་ཞེས་སོ། །དེའི་རྗེས་སུ་སློབ་མ་གཅིག་གཙོ་བོར་བྱས་ནས། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཚེན་སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་? ་མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།ཅེས་ཡང་དག ་པར་འཛིན་དུ་གཞུག་གོ་།དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གསུང། ཞེས་ལན་གསུམ་བརྗོད་པས་བྱང་ཆུབ་ཏུ་སེམས ་བསྐྱེད་པ་འཛིན་དུ་གཞུག་སྟེ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་གཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པའི་བྱང ་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའོ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ ་གསུམ། །དགེ་བ་དང་ནི་ཆོས་སྡུད་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་སོ་སོར་བརྟན་པར་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར ་བྱུང། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་མཆོག་གི་།དམ་ཚིག ་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་ཆེན་པོའི་རིགས་དག་པ། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། ། ་ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །རྩ་བའི་ལྟུང་བ་སྤང་བགྱི་ཞིང། །དེ་བཞིན་སྦོམ་པོའི་ལྟུང་བ་སྤང། །སེམས་ཅན་རྣམས་ལ་བསྙེན ་བཀུར་བགྱི། །ཐམས་ཅད་དུ་ཡང་བྱམས་པའི་སེམས། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དག་གི་།དགེ་བའང་བདག་གིས་བསྐྱང་བར་བྱ། །མྱོས་པའི་ལྟུང་བ་སྤང་བགྱི་ཞིང། །རྒོད་པའི་བྱ ་པའང་དེ་བཞིན་ཏེ། །ཐེག་པ་དམན་ལ་དགའ་བ་ཡང། །རབ་ཏུ་འབང་པས་མི་བྱའོ། །ལྷ་སོགས་དེ་བཞིན་གཙོ་བོ་ལ། །མ་གུས་པར་ཡང་མི་བགྱིའོ། །ཕྱག་རྒྱལ་སོགས་ཁྱད་པར་རྣམས། །མནན་པར་ཡང་ནི་མི་བྱའོ། །བྱང་ཆུབ་སེམས་ནི ་བླ་མེད་པ། །དམ་པ་དག་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མཛའ་དག་གཟུང་བར་བགྱི། །མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། ། ་སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་གོ་།དེ་ནས་ཁཎྜ་རོ་ཧའི་སྔགས་ཀྱིས་བསྲུངས་ལ། །དེ་རྣམས་ཀྱི་སྙིང་ག་དང། མགྲིན་པ་དང་སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ ་དག་པོ་དང་ཨཱ(རྒྱུད་འགྲེལ་དྲི་རྣམས་དབུལ་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་ལྷུང་བ་མ་ཡིན་ཞིང་དྲང་ལ་སྲོག་ཆགས་མིང་ཅིང་དྷ་མེད་པ་དྲིའི་ཆུས་བཀྲུས་ཏེ་རྩེ་མོར་མེ་ཏོག་བཅིངས་པ་སློབ་མ་རྣམས་ཀྱི་སྙིམ་པར ་སྦྱིན་ཏེ་ཁ་སྦྱངས་ལ། དེ་དག་ཀྱང་བ་ལང་གི་བ་ཙམ་དུ་བྱུགས་པའི་སའི་ཆ་ལ་ཤར་དུ་མངོན་པར་ཕྱོགས་པས་སོ་ཤིང་གི་རྩེ་མོ་སྐྱུང་ནས། ཨོཾ་བཛྲ་ཧཱ་ས་ཧ:ཞེས་བརྗོད་ཅིང་ལྟོས་པ་མེད་པར་དོར་ཏེ་སྟེང་དུ་བལྟས་ནས་སོ། ། ་སོ་ཤིང་དེ་དག་ལྟུང་བ་དང་རྗེས་སུ་མཐུན་པའི་དངོས་གྲུབ་ཏུ་འགྱུར་བ་ཡང་བརྗོད་པར་བྱའོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་འོག་ཏུ་ཕྱགས་པར་ལྷུར་ན་ཞི་བ་དང། རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་ས་འོག་རྣམས ་འགྲུབ་ལ། ཕྱི་རོལ་ཏུ་ལྟུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་སྐྱེས་པའི་ཆུ་དེ་བཟླས་པ་ཞལ་བསིལ་གྱི་དོན་དུ་བྱིན་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པའི་དྲིའི་ཆུ་ཁྱོར་བ་གསུམ། ཨོཾ་?་? ་ཤུད་དྷ་དྷརྨ་སརྦབ་པཱ་པ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦབ་པི་ཀ་ལྭཱཾ་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་དེ་འཐུང་དུ་གཞུག་གོ་།དེ་ནས་དེ་རྣམས་ཕྱི་རོལ་དུ་འདུག་ཏུ་བཅུག་ནས་ཧཱུཾ་ལས་བྱུང་བའི་ཀུ་ཤ་མང་པོ་རྩེ་མོ་མ་ཉམས་པ་ལས་ཐམས་ཅད་པས་མངོན་པར ་བསྔགས་པ་རྣམས་མལ་སྟན་གྱི་དོན་དང། དེ་བཞིན་དུ་དྡཱི་ཡིག་ལ་སྐྱེས་པའི་ཀུ་ཤ་གཅིག་སྔགས་ཀྱི་དོན་དུ་ཨོཾ་བཛྲ་ཏཱིཀྵཙ?་བཾ་ཞེས་བྱ་བའི་སྔགས་ཀྱིས་སྦྱིན་ནོ། །དེ་ནས་ཧཱུཾ་ལས་སྐྱེས་པའི་སྐུད་པ་དམར་པོ་ལུས་ཀྱི་ཚང་སུམ་བསྒྲིལ་དུ་བྱས་ནས ་མདུང་པ་གསུམ་བྱས་ཏེ་ལས་ཐམས་ཅད་པས་མངོན་པར་བསྔགས་པ་དེ་རྣམས་ཀྱི་དཔུང་པ་གཡོན་པ་ལ་བཅིངས་ཏེ། ཨོཾ་བུད་དྷ་མེ་ཏྲི་རཀཤ་རཀཤ་སརྦབཱན་སྭཱཧཱ། ཞེས་བརྗོད་བཅིང་བསྲུངས་ནས་སྤྲོ་བ་བསྐྱེད་པར་བྱ་བ་ནི། འཇིག་རྟེན་དུ་ནི ་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ུ་དུཾ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས ་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི།། ་ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ ་ཡང?་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་འདི་ཀུན་ལ་ཡོངས་སུ་གཟུང། །གནས་པ་སྐྱེ་བར་འགྱུར་པ་ནི། །དེ་ཡིས ་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། ཞེས་བྱ་མཉམ་དུ་བཅུག ་ནས་དེའི་རྗེས་ལ་དེ་རྣམས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ནས་བཟླས་པའི་དོན་དུ་ལས་ཐམས་ཅད་པའི་སྔགས་བཤད་ནས་ནང་པར་སྔ་བར་པ་ལ་རྨི་ལམ་སྨྲོས་ཤིག་ཅེས་བརྗོད་དེ་དཀྱིལ་འཁོར་གྱི་ཐ་མར་ཨོལ་བས་བཅད ་པའམ་ཕྱི་རོལ་གྱི་གནས་གཞན་དུ་ཡང་རུང་སྟེ་སེངྒེའི་ཉམ་སྟབས་ཀྱིས་ཉལ་དུ་གཞུག་གོ་།ཞེས་བྱ་བ་ནི་སློབ་མ་ལྷག་པར་གནས་པའོ།། །།དེ་ནས་སློབ་དཔོན་གྱིས་སློབ་མ་ལྷག་པར་གནས་པའི་ཆེད་དུ་བཀོད་པའི་ལྷའི? ་དཀྱིལ་འཁོར་མངོན་པར་མཆོད་ནས་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་ནམ་མཁའ་ལ་བཏེག་ཅིང་བཀོད་ནས་ཤར་དུ་མངོན་པར་ཕྱོགས་ཤིང་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་གཞོན་ནུ་མ་མ་ཉམས་པས་བཀལ་པའི་དཔའ་བོའི ་རིན་གྱིས་ཉོས་པ་འམ། དུར་ཁྲོད་ནས་རྙེད་པ་ཡང་རུང་སྟེ་དྲི་བཟང་པོ་དང་བཅས་པའི་ཡུངས་ཀར་གྱི་ཕྱེ་མ་བདུད་རྩི་ལྔས་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོའི་ཁ་དོག་རྣམས་ཀྱིས་སོ་སོ་སོ་སོང་ཁ ་བསྒྱུར་པའི་ཐིག་སྐུད་རྣམས་བུཾ་ཨཾ་ཛྲི་ཁཾ་ཧཱུཾ་གི་ས་བོན་ལ་སོགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ནས་སོར་མོའི་རྩ་བའི་བར་དུ་བཀོད་ལ། ནམ་མཁའ་ལ ་བཞུགས་པའི་དེ་བཞིན་གཤེགས་པ་ལྔ་རང་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམས་བསྡུས་པར་གྱུར་པའི་ཐུགས་ཀ་རྣམས་སུ་བུཾ་ཡིག་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་འོད་ཟེར་གྱི་རང་བཞིན་དུ་བལྟས་ཏེ། ཨོཾ་ཨཱ:ཤཱ་ཤྲ ་ཏ་བཛྲ་སཱུ་ཏྲཾ?་མེ་པྲ་ཡ་ཙྪ་མ་ཧཱ་མཎྜལ་སཱུ་ཏྲཾ་ཎཱ་ཡ་ཧཱུཾ་ཞེས་པ་འདིས་རང་རང་གི་མཚན་བཅུག་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཛ(རྒྱུད་འགྲེལ་གཉིས་ཨོཾ་དཱི་པཏ་དྲིཥཏྲཱདཀུ?་ཤི་ཛ:ཞེས་འདོན་བཞིན་པས་རབ་ཏུ་མྱུར་བར་གཡོ་བའི་མིག་གི་རྫ་མས་འགུགས་པའི་མིག་གིས་ལྕགས་ཀྱུའི་ལྟ་སྟངས་ཀྱི་རྣམ་པར་སྣང་མཛད་ལ་སོགས་པ་མངག་པ་རྣམས་བཀུག་ནས་ལག་པ་ན་གནས ་པའི་ཐིག་ལ་གཞུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་རྣམས་སོ་སོ་ལ་ཡེ་ཤེས་བཞི་དང་རྗེས་སུ་འབྲེལ་པའི་ཕྱིར་ཉི་ཤུ་རྩ་ལྔར་ཕྱེ་བར་གྱུར་པ་ཡིན་ནོ། །དེའི་རྗེས་སུ་ཁཎྜ་རོ་ཧའི་བདག ་ཉིད་ཅན་གྱི་ལས་ཀྱི་རྡོ་རྗེ་ཅན་ཐིག་སྐུད་འཛིན་པ་དང་ལྷན་ཅིག་ཏུ་ཐིག་ལྔ་ལྔ་རྣམས་ཐིག་རེ་རེར་བསྒྲིལ་ནས་དེ་ནས་དེ་བཞིན་དུ་ཐིག་ལྔ་པོ་དེ་རྣམས་ཐིག་གཅིག་ཏུ་བསྒྲིལ་ཏེ?། ཨོཾ་ཨཱ:ནྱོ་ནྱཱ་ནུ་ག་ཏཱ:སརྦ་དྷརྨམཱ:པ་སརྦ་རཱ་ནུ་པྲ ་བིཥཌཱ(རྒྱུད་འགྲེལ་པར་བྱས་པ་དེ་དག་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོའི་བརྒྱབ་ཀྱིས་ལ་སྦྱར་བ་གསུམ་མཐར་ཐུག་པའི་ལྷག་པོ་དོར་ནས་དཀྱིལ་འཁོར་ཇི་ལྟ་བ་ལས་ཉིས་འགྱུར་གྱིས་རིང་བ། སྤོམས་སུ་སྒོའི་ཉི་ཤུ་ཆའི་ཚད་ཡེ་ཤེས་ལྔའི་རང་བཞིན་གྱི་ཉི་ཤུ་རྩ ་ལྔར་ཕྱེ་བ་རྣམས་དྲིའི་ཆུ་དང་བདུད་རྩི་ལྔ་དང་བ་བྱུང་ལྔས་སྤངས་པ་ཡི་གེ་གསུམ་གྱི་ནང་དུ་ཆུད་ཅིང་དྲིས་ཉེ་བར་བྱུགས་པ་རྣམས་གསེར་ལ་སོགས་པའི་སྣོད་དུ་གཞག་པ་ལས་ཐམས་ཅད་པའི་ནུ་དང་དེའི་སྔགས་ཀྱིས་དང། ཨོཾ་ཨ་ཨཱ་ཨ?་ཨ: ་ཨ་ཧི་ཏས་བསང་གཏོར་བྱས་ནས་དྲི་བཟངས་དང་མེ་ཏོག་ལ་སོགས་པ་མཆོད་ཅིང་ལག་པས་རེག་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སྔགས་པ་གཡས་པ་དང་ཅིག་ཤོས་ཀྱི་མིག་དག་མ་དང་ཊ་ལས་སེམས? ་པའི་ཉི་མ་དང་ཟླ་བ་སྟེ་འདི་དག་།དྲིཥྚི་མཊ་ཞེས་པས་བརྟན་པར་བྱས་ཧཱུཾ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་བྲན་པའི་ཐིག་ལ་ལག་པ་གཡས་པའི་རྡོ་རྗེས་རེག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨའོཾ:? ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་པར་བྱའོ། །དཀྱིལ་འཁོར་གྱིས་ཡང། ཨོཾ་སརྦ་སཾ་ཤོ་དྷ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་འདིས་བུཾ་པ་ཐམས་ཅད་ཀྱི་ཆུས་དག་བྱེད་བྱས་ནས་དྲིས་ཉེ་བར་བྱུགས་ལ་མེ་ཏོག་ཕྱི་རོལ་ཏུ་དགྲམ་ཞིང་ན་མ ་མཁའ་ཨི་དཀྱིལ་གྱི་མཐིལ་ན་གནས་པའི་སྡོམ་པའི་དཀྱིལ་འཁོར་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བ་མཆོད་ཅིང་ཕྱག་བྱས་ནས་རང་ཉིད་དཔལ་སྡོམ་པའི་བདག་ཉིད་ཅན་ལས་ཀྱི་རྡོ་རྗེ་ཅན་ལས་ཐམས་ཅད་པའི་གཟུགས་ཅན ་ཏེ་ཛ(རྒྱུད་འགྲེལ་གཟུང་ནས་ཛཛ(རྒྱུད་འགྲེལ་ཏེ་ཆངས་པའི་ཐིག་གཉིས་པོ་ལྟེ་བ་དང་མཉམ་པར་བར་སྣང་ལས་ཏེ། །སེམས་ཅན་གྱི་དོན་དུ་ཁྱེད་རྣམས་ཀྱི་དུས་དེ་ཡིན་གྱི་འདིར་གཤེགས་སུ་གསོལ་ལོ་ཞེས་བྱ་བའི་བརྡའི་དོན་ཅན་ཐིག་གི་སྒྲ་རྣམས་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པའི་དེ་བཞིང ་གཤེགས་པ་རྣམས་ལ་ཡང་དག་པར་བསྐུལ་ཞིང་བཀུག་ནས་ཐིག་ལ་གཞུག་པར་བྱའོ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏིཀྲ་མ་ཧཱུཾ་ཧཱུཾ་སྭཱ་ཨཱ(རྒྱུད་འགྲེལ་གཟུང་ལ་སེ་གོལ་གྱི་སྔ?་བྱ་ཞིང་གདབ་པར་བྱའོ། །དེ་ཁོ་ན་བཞིན་དུ་འོག་ཏུ་ཚངས་པའི་ཐིག་གཉིས་ཀྱང་སྟེ། དེ་ལྟར་ཐིག་གདབ་པ་ཐམས་ཅད་ལ་ཐིག་གི་ཆོ་གར་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་ནུབ་ཀྱི་ཕྱོགས་སུ་གནས་ནས་ཤར་དུ་?་ལྷའི ་ཕྱོགས་སུ་གནས་ནས་བྱང་དུ་བལྟས་ཏེ། རྐང་པ་གཡོན་པ་སྐྱིལ་དྲུང་བྱེད་པ་དང་གཡས་པ་ས་ལ་གཙུགས་ནས་འདུག་པ་དང་ལས་ཀྱི་རྡོ་རྗེ་ཅན་དེ་ལས་བཟློག་པས་འདུག་སྟེ་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུར་གཟུང་ལ་རྒྱབ་ཀྱི་གཡོན་སྐོར་དུ་ཞིང ་ལྷན་ཅིག་བས་ཚངས་པའི་ཐིག་གཉིས་འོད་ཟེར་གྱི་ཕྲེང་བའི་མཐར་ཐིག་བྱའོ། །མེའི་མཚམས་སུ་གནས་པས་རླུང་གི་མཚམས་ཀྱི་ཐིག་དང་བདེན་བྲལ་དུ་གནས་ནས་དབང་ལྡན་ཕྱི་མཚམས་ཀྱི་ཐིག་གདབ་སྟེ། །གཉི་ག་ཡང་སྒོའི་ཚང ་བཅུ་བདུན་ནོ། །མེའི་མཚམས་སུ་གནས་ནས་བྱང་དུ་བལྟས་ཏེ་ཤར་གྱི་རྩ་བའི་ཐིག་དང་རླུང་གི་མཚམས་སུ་གནས་ནས་ལྷོར་བལྟས་ཏེ་ནུབ་ཀྱི་རྩ་བའི་ཐིག་དང་དེ་ཉིད་དུ་གནས་ནས་ཤར་དུ་བལྟས་པས་བྱང་གི་རྩ་བའི?་ཐིག་དང་མེའི་མཚམས་སུ་གནས ་ནས་ནུབ་ཏུ་བལྟས་པས་?་རྩ་བའི་ཐིག་གདབ་པར་བྱ་སྟེ་ཁྲུ་ལ་སོགས་པའི་ཚང་དུའོ། །དེ་ཡང་རྩ་བའི་ཐིག་གཅིག་གི་བརྒྱད?་ཆན?་སྒོ་ཡིན་པའི་ཕྱིར་སྒོའི་བཞི་ཆ་གཅིག་ནི་ཆ་ཆང་གཅིག་གོ་།དེ་ནས་ཚངས་ཐིག་གི་གཡས་དང་ཅིག་ཤོས་ཀྱི་ལོགས་སུ ་ཆ་ཆུང་གཉིས་གཉིས་ནི་རྩ་བའི་ཐིག་གི་སྒོའི་གནས་སོ། །ཞེས་ཤེས་ནས་སློབ་དཔོན་བཅོམ་ལྡན་འདས་ཀྱི་སྡུས?་དཀྱིལ་འཁོར་གྱི་དབུས་ཀྱི་གནས་ཐང་པའི་སྒོའི་བཀགས་སུ་གྱུར་པའི་སྒྲིབ་པ་མཛའ་དག་བསལ་བར་བྱའོ་ཞེས་མོས་ཏེ། ཧཾ:?་?་གིས ་གཡས་དང་ཅིག་ཤོས་ཀྱི་མིག་དག་ཉི་མ་དང་ཟླ་བའི་རྣམ་པ་ཁྲོ་བོའི་ལྟ་བས་ཀུན་ནས་ཡོངས་སུ་བལྟས་ནས་སྒོ་བཞི་པོ་དག་དབྱེ་ཞིང་དབྱི་བར་བྱའོ། །དེ་ནས་འཆད་པར་འགྱུར་བའི་ཕུར་བུའི་ཚུལ་གྱིས་གཙོ་བོའི་པདྨ་ལ?་སོགས་པའི་ཐིག་བྱའོ། ། ་ཚངས་ལས་ཆ་ཆུང་བཞི་ཡི་མཐར། །ཟེའུ་འབྲུའི་ཐིག་ནི་ཟླུམ་པོ་སྟེ། །དེ་ལས་ཆ་ཆུང་བརྒྱད་རྣམས་ཀྱིས། །འདབ་མ་བརྒྱད་སོགས་བྲི་བར་བྱ། །རྩ་བའི་ཕྱི་རོལ་གཅིག་གཉིས་གཅིག་།གཉིས་དང་གཅིག་དང་གཅིག་ཡིན་ཏེ། །ཐིག ་དྲུག་ཟུར་ནས་དོ?་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོ་གཉིས། །ཆ་ཆུང་གཉིས་ཐིག་རྩེར་རེག་པའོ། །གསུམ་ནི་ཆ་ཆུང་བདུན་དུའོ། །སྟེགས་བུའི་ཐིག་ལས་དྲང་པོའི་ཐིག་།གསུམ་པོ་ཆ་ཆུང་ལྔ་པ་སྟེ། ། ་སྣང?་བུ་སོ་སོ་སོ་སོ་ཡི། །ཞེང་དུ་ཆ་ཆུང་རེ་རེ་ཡིན། །རྩ་བའི་རྩེ་ནས་འཐོན་པའི་ཐིག་།ཆ་ཆུང་བཞི་སྟེ་ཆ་ཆུང་གཉིས། །ཐད་ཀ་དང་ནི་སྟེང་དུ་ཡང། །ཐད་ཀར་ཆ་བརྒྱད་ཁྱོག་པོ་གསུམ། །གདུང་གི་ཐིག་གི་ཆ་ཕྲན་མཐེར། །ཐད ་ཀར་ཆ་ཆུང་བཅུ་པའོ། །ཀ་བའི་རྩེ་ལས་སྒོ་ཚད་ཀྱིས། །རྟ་བབས་སྣམ་བུ་སྟེང་དུའོ། །ནོར་ལྷ་ནོར་ལྷ་ཉི་མ་དང། །རྒྱལ་བ་ནོར་ལྷ་རྒྱལ་བ་དང། །ཉི་མ་ནོར་ལྷ་ཉི་མ་རྒྱལ། །ནོར་ལྷ་ཡི་ནི་རིམ་པས་སོ། །སྒོ་ཡི ་ཆ་ཡིན་སྟེང་དུ་སྟེ། །འདི་རྣམས་ཐད་ཀའི་ཚད་བཤད་པ། །ཚངས་ལས་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་ཆུ་གཏེར་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་སྔ་ནས་གཉིས་པ་དང། ་གསུམ་པ་ཡང་ནི་ཆ་ཆུང་གསུམ། །ཆ་ཆུང་བཞི་ནས་བཞི་པ་གསུམ། །ཆ་ཆུང་ཕྱེད་དང་བཞི་ནས་མངའ་། །ཕྱེད་དང་བཞི་གསུམ་ནས་དྲུག་པ། །ཆ་ཆུང་ལྔའོ་དེ་ནས་གསུམ། །ཆ་ཆུང་བརྒྱ་དེ་གཅིག་ནི་བདུན། །ཆ་ཆུང་དྲུག་ནི་ཐ་མའོ། ་སྣམ་བུ་རྣམས་མཐར་སོན་པའི་ཐིག་།གཞན་གྱི་མཛའ་དང་ལྷན་ཅིག་སྟེ། །སྐྱོབ་པོ་གཅིག་གོ་འདི་ནང་དཱུང། །ཆ་ཆུང་ཕྱེད་ཀྱི་དེ་བཞིན་གཞན། །དེའི་ཕྱི་རོལ་ཆོས་འཁོར་ལོ། །རྭ་རྩེ་ཆ་ཆུང་གཉིས་པའོ། །དེ་ནས་ཀ་བའི་རྩ་ལས་ཐད་ཀར ་ནུ་བཟད་སོང་ནས་མ་ཀ་རའི་ཁ་ནས་འཐོན་པ་ཕྱིར་ཕྱུང་སྟེ་ཆ་ཕྲན་གསུམ་དབུས་དང་ཇི་ལྟར་རིགས་པར་དབུས་མའི་རྩེ་མོའི་བར་དུ་སོང་བའོ། །སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པའི་ཕྱོགས་ལ་ནི་དེའི་གློ་དག་ཏུ་གཞན་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར ་འོག་ཏུ་རྩེ་གཅིག་པ་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་ཕུང་བུ་ཧཱུཾ་ལས་སྐྱེས་ཤིང་རང་གི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་པ་རྡོ་རྗེ་ཐོ་བས་བརྡུང་བའི་སྔགས་བརྗོད་ཅིང་བརྡུངས་ནས་དེ་ལ་བཏགས་པའི་ཐིག་སྐུད་ཉིས་འགྱུར་དུ་བྱས་པ་དབུས་སུ་བཀོད་ནས ་ངོ་རྩེའི་ཕྱི་རོལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡོན་སྐོར་དུ་སོ་སོ་ལ་ཆ་ཕྲན་གཉིས་པའི་བར་གྱི་འཁོར་ལོ་ཟླུམ་པོའི་ཐིག་གདབ་བོ། །ཞེས་པའོ། །འདོད་པར་གྱུར་ན་སྟེང་དུ་སྒོ་ལས་སུམ་འབྱུང་གྱི་རྟ་བབས་ལ་དེའི་ཀ་པའི་གློར་མུན ་པའི་སྣམ་བུ་སྒོ་བཞིན་ཆང་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ལྔ་པ་བྱས་ནས་དེའི་ཕྱི་རོལ་ཆ་ཕྲན་གཉིས་གཉིས་པ་བཞིས་པདྨ་དང་རྡོ་རྗེ་དང་འོད་ཀྱི་ཕྲེང་བ་ཡང་བྱས་ལ་ཆོ་ག་བཞིན་དུ་གཏོར་མ་ཕུལ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀར་ཡེ་ཤེས ་ཀྱི་ཐིག་གཞུག་ཅིང། ཨོཾ་བཛྲ་གྲུ(རྒྱུད་འགྲེལ་བསྒྱུར་བ་གསེར་ལ་སོགས་པའི་སྣོད་སོ་སོར་གཞག་པ་རྣམས་ལ་བུམ་ཨའོཾ་ཛྲིཾ་ཁཾ་ཧཱུཾ་གི་ས་བོན་ལས་རྫོགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་བུམ་པའི་ཆུས་བསངས་པ་རྣམས་ལ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས ་པའི་ཐུགས་ཀ་ལས་ཐིག་འདུ་བྱེད་པར་བཤད་པའི་ཆོགས་བཀུག་ཅིང་བཅུག་ནས་ཡེ་ཤེས་ཀྱི་ཚོན་དང་ལྷན་ཅིག་རོ་གཅིག་ཏུ་གྱུར་པ་ལས་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ནས་སོ་སོ་ལ་ཨོཾ་བུཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཞེས་བྱ་བ་ནི་ཚོན་དཀར་པོ་ལའོ། ། ་དཔག་མེད་ལ་སོགས་པ་དང་སྤེལ་བའི་སྔགས་པ་ཉིད་ཀྱིས་ཚོན་གཞན་རྣམས་ལའོ། །དེ་བརྒྱ་རྩ་བརྒྱད་ཀྱི་སོ་སོ་ལ་མངོན་པར་བསྔགས་པར་བྱ་སྟེ། དེ་བཞིན་དུ་འབར་བའི་བལྟ་བས་སོ་སོར་སྦར་ཞིང་སོ་སོ་ལ་ཧཱི:ཡིག་བཀོད་ལ། བདེན་པ ་གང་གིས་རྡུལ་ཚོན་ནམ་བཞིང་སེམས་དཔའ་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ལ་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་འབར་གྱུར་ཅིག་ཅེས་བདེན་པས་བྱིན་གྱིས་བརླབ་ལ་འབར་བའི་རྡུལ་ཚོན་རྣམས་ལ་དྲི་དང་མེ་ཏོག་ལ ་སོགས་པ་མངོན་?་ཆོད་དེ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཡེ་ཤེས་ཀྱི་ཐིག་གི་འོག་ནས་འཛུལ་བར་མོས་ནས་འགྲོ་བར་བྱའོ། །ཕུར་བུ་ཧཱུཾ་བཞི་པའི་སྔགས་ཀྱིས་གཏོན་ནས་རང་གི་ལག་ན་གནས་པའི་རྡོ་རྗེ་ལ་ཐིམ་པར་བསྒོམས་ནས ་ཁུང་བུ་ཚོན་སྣ་ལྔས་དགར་ཅིང་སྒྲ་དང་བཅས་པའི་དྲིལ་བུ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱ་སྟེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་དཔལ་ལྡན་སྡོམ་པའི་རྒྱལ།། ་དེ་བཞིན་གཤེགས་པ་ཀུན་གྱི་གནས། །སྐྱོན་རྣམས་ཀུན་ལས་རྣམ་གྲོལ་ཞིང། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་བྱ་བ་འདིས་ཆོས་ཀྱི་དབྱིངས་སུ་མོས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནང་དུ་གནས་ཤིང་ལག་པ་གཡས་པ་རྡོ་རྗེས ་མཚན་པ་དང་གཡོན་པ་ཁུ་ཚུར་གྱིས་ཨོཾ་བཛྲཱ?་?་ས་མ་ཡ་ཧཱུཾ་ཨོཾ་ཨཱ(རྒྱུད་འགྲེལ་དཀར་པོའི་ཁ་དོག་ཅན་གྱི་པཉྩར་ཁཱ་བྲིས་ནས་དེའི་རྗེས་གཞག་རྣམས་ཀྱིས་བྲི་བར་བྱའོ། །དེ་ནས་སྙིང་པོའི་དཀྱིལ་འཁོར་དུ་ཐིག་གི་མཐར་ཐུག་པར་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་ཤར་དང་ལྷོ་དང་ནུབ་དང་བྱང ་དང་དབུས་ཀྱི་སའི་སྣམ་བུ་རྣམས་སོ། །འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨའི་ཟེའུ་འབྲུ་ལྗང་གུ་ལ་གནས་པའི་ཉི་མ་ལ་དཔལ་སྡོམ་པའི་རྩེ་ལྔ་པའི་རྡོ་རྗེ་ཁ་གྱེས་པ་སྔོན་པོའོ། །ཤར་ལ་སོགས་པའི་ཕྱོགས་སུ་འདབ་མ་དམར་པོ་རྣམས་ལ་གཡོན ་སྐོར་གྱི་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱི་གྲི་གུག་སྔོན་པོ་རྣམས་སོ། །མེ་ལ་སོགས་ཕྱོགས་བྲལ་གྱི་འདབ་མ་སེར་པོ་དང་ལྗང་གུ་དང་སེར་པོ་དང་ནག་པོ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི ་ཐོད་པ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམ་སུ་གཡོན་སྐོར་གྱིས་ཁ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕྱག་གདོང་མ་རྣམས་ཀྱི་དང། མེ་ལ་སོགས་ཕྱོགས་བྲལ་རྣམས་སུ་གཤིན་རྗེ་བརྟེན་མ་དང་གཤིན་རྗེ་ཕོ་ཉ་མ་དང་གཤིན? ་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་གྲི་གུ་སྔོན་པོ་རྣམས་སོ། །དེའི་ཕྱི་རོལ་གྱི་སྟེགས་བུའི་སྣམ་བུ་ནི་པདྨ་རཱ་གའི་མདོག་གོ་།སྣ་ཚོགས་ཤིང་རྣམ་པར་བཀྲ་བའི་རིན་པོ་ཆེ་རྣམས་གསེར་གྱིས ་བཅིངས་པ་ནི་རིན་པོ་ཆེའི་སྣམ་བུའོ། །སྣམ་བུ་སྔོན་པོ་ལ་མ་ཀ་རའི་ཁ་ནས་འཐོན་པ་རྣམ་པ་སྣ་ཚོགས་ཤིང་རྣམ་པར་བཀྲ་བའི་རིན་པོ་ཆེའི་དོ་ཤལ་དང་དོ་ཤལ་བྱེད་པ་འབྱར?་བ་རྣཾས་སོ། །སྣམ་བུ་སྔོན་པོ་ལ་བ་ཀུ་ལི་དང་ཀྲ་མ་ཤཱིརཥ་ལ་དཀར་པོ་རྣམས་ཏེ་ཀ་བའི་སྟེང་དུ ་ཀུ་ལི་དང?་རིན་པོ་ཆེ་དང་རྨིག་པ་དང་གསེར་དང་ཆུ་སྲིན་དང་གསེར་དང་རྨིག་པ་དང་རིན་པོ་ཆེ་དང་རྨིག་པ་དང་གསེར་མདའ་ཡབ་ཀྱི་སྣམ་བུ་སྟེ། དེ་ལ་རྟ་རྨིག་དང་ཆུ་སྲིན་དང་རྨིག་པ་གཉིས་ཇི་ལྟར་མཛེས་པའི་ཁ་དོག་གི་།གཞན་རྣམས་ནི་སྔར་བཤད་དོ། ་མདའ་ཡབ་ནས་ཁོར་ཡུག་དག་གི་བར་དང་མུན་པའི་ས་རྣམས་ནི་སྔོན་པོ་སྟེ་ནམ་མཁའ་ཨི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྟ་བབས་ཀྱི་ཀ་བ་དང་སྣ་ཚོགས་རྡོ་རྗེའི་དྭ་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ། ཆོས་ཀྱི་འཁོར་ལོ་ནི ་རྩིབས་བཅུ་གཉིས་པ་གསེར་གྱི་རང་བཞིན་ནམ་རིན་པོ་ཆེ་གཞན་ནམ་གཞན་ནོ། །རི་དགས་དང་རི་དགས་མོ་ནི་གསེར་དུ་སྣང་བ་རིན་པོ་ཆེ་གཞན་གྱིས་སྤྲས་པའོ། །པདྨའི་འདབ་མ་རྣམས་ནི་ཁ་དོག་སྣ་ཚོགས་པ་སྟེ་གེ་སར་རྣམས་ནི་སེར་པོའོ། ། ་ནག་པོའི་ས་ལ་རྡོ་རྗེ་རྣམས་ནི་གསེར་གྱི་རང་བཞིན་ཏེ། དེ་བཞིན་དུ་ནག་པོའི་ས་ལ་འོད་ཟེར་གྱི་ཕྲེང་བ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གོ་།དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་པོ་རྣམས་བྲི་བར་བྱའོ། །དེ་ལ་ཤང་བུ་ཚིག་ཅིང་འཁྲུགས་པ་སྟེ ་གཏུམ་པོ་མཆོག་ཅེས་བྱ་བའི་དུར་ཁྲོད་དོ། །བྱང་དུ་དུམ་བུར་འཁྲུགས་པ་སྟེ་རྐེང་རུས་ཞེས་བྱ་བའི་དུར་ཁྲོད་དོ། །ནུབ་ཏུ་དུམ་བུར་མ་གྱུར་པ་འཁྲུག་པ་སྟེ་རྡོ་རྗེ་འབར་བ་ཅེས་བྱ་བའི་དུར་ཁྲོད་དོ། །ལྷོར་ལྷག་པར་རྒྱལ་བ་འཁྲུགས་པ་སྟེ་ལག་པས་མཚན་པ ་ཅེས་བྱ་བའི་དུར་ཁྲོད་དོ། །དབང་ལྡན་དུ་མདུང་གིས་འབིགས་ལ་འཁྲུགས་པ་སྟེ། དྲག་ཏུ་རྒོད་པ་ཅེས་བྱ་བའི་དུར་ཁྲོད་དོ། །མེར་ཕྱེད་ཚིག་པ་འཁྲུགས་པ་སྟེ་དཔལ་མོའི་ནངས་ཞེས་བྱ་བའི་དུར་ཁྲོད་དོ། །བདེན་བྲལ་དུ་ཤི་པ ་བརྐོས་པ་འཁྲུགས་པ་སྟེ་མུན་པ་མི་བཟད་པ་ཞེས་པའི་དུར་ཁྲོད་དོ། །རླུང་དུ་ལྷག་པར་བཅིངས་པ་འཁྲུགས་པ་སྟེ་ཅ་ཅོ་སྒྲོགས་པ་ཞེས་བྱ་བའི་དུར་ཁྲོད་དོ། །སྐྲག་པ་རྒྱ་ཆེན་པོ་ལ་སྐྲག་པ་མེད་པ་ཞེས་བྱའོ། །དེ་ནས་བྲིས་པར་གྱུར་པའི་གནས་ཇི་ལྟ་བར ་གདུགས་དང་རྒྱལ་མཚན་དང་བ་དན་དང་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་རྣམ་པར་བཀྲ་བ་དཔལ་བཅུ་གསུམ་གྱི་བདག་ཉིད་ཀྱི་སྡོམ་པའི་དཀྱིལ་འཁོར་དུ་རྣམ་པ་ཐམས་ཅད་ཡོངས་སུ་གསལ་?་ལས་ཐམས ་ཅད་པ་ལན་བདུན་བཟླས་ནས་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་ཉེ་བར་བྱུགས་ཏེ་ཆུ་དེས་འཁོར་ལ་བསང་ཞིང་རྡུལ་ཚོན་ལྷག་མ་མཆོད་དེ་ཨོཾ་ཨཱ:ཧཱུཾ་བཛྲ་མུ:ཞེས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་སུ་གསོལ་ནས་རྡུལ་ཚོན་གྱི་སྣེད་རྣམས ་དབེན་པར་གཞག་པར་བྱའོ། །ཞེས་བྱ་བ་ནི་རྡུལ་ཚོན་གདབ་པའོ།། །།དེའི་རྗེས་སུ་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་ལས་རྣམ་པར་རྒྱལ་བའི་བུམ་པ་ནི་ཤར་གྱི་སྒོ་ལས་ཅུང་ཟད་གཡས་སུ་སྟེ། བསྐོར་བ་བྱས་ནས ་སྔར་བཤད་པའི་སྟན་ལ་དགོད་པར་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་པའི་བུམ་པ་ནི་ཤར་གྱི་སྒོ་ལས་ཅུང་ཟད་གཡོན་དུ་ངེས་པའི་སྟན་ལ་དགོད་པར་བྱའོ། །དེ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་ཕྱོགས་ཀྱི་སྒོའི ་དབུ་སུའོ། །ཁྲ་གདོད་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་ཕྱོགས་ཀྱི་སྒོའི་གློར་རོ། །གཤིན་རྗེ་བརྟན་མ་ལ་སོགས་པའི་བུམ་པ་རྣམས་རང་རང་གི་མཚམས་ཀྱི་ཕྱི་རོལ་གྱི་ཆར་རོ་ཞེས་བྱ་བ་ནི་བུམ་པ་དགོད་པའོ།། །། ་དེའི་རྗེས་སུ་དཀྱིལ་འཁོར་གྱི་འཁོར་ལོ་ལས་ཕྱི་རོལ་གྱི་ཕྱོགས་དང་ཕྱོགས་བྲལ་བརྒྱད་རྣམས་སུ་དྲི་བཟང་པོའི་བདུག་སྤོས་ཀྱི་སྣོད་གཞག་ནས་རྣམ་པར་བཀྲ་པའི་རས་ཟུང་ལྡན་པ་དང་ལྷ་སོ་སོ་ལ་གདུགས་དང་རྒྱལ་མཚན་དང་པ་དན་དང་གནས་བཟང་པོར ་ཆུ་ཤིང་གི་སྡོང་པོའི་ཀ་པ་དང་བུམ་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མཆོད་པའི་ཡོ་བྱད་རྣམས་འཁོར་ལོའི་དབང་པོའི་སྔགས་ཡོངས་སུ་བཟླས་ནས་ཨོཾ་བཛྲ་སཕ་ར་ཎ་ཁཾ་ཞེས་བྱ་བ་འདིས་བསྔགས་ནས་གནས་ཇི་ལྟ་བ་བཞིན་དུ་གཞག་གོ་།ཕྱོགས ་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དམ་པའི་ཆོས་བརླག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ཁྲུས་བྱས་དྲི་བཟང་པོའི་ཆུས་བྱུགས་པའི་བླ་གོས་དམར་པོ་དང་གཙུག་ཏོར་གྱིས་བརྒྱན་ཏེ་ལས་ཐམས་ཅད་པའི་ཆུས་དཀྱིལ་འཁོར་ལ ་གཏོར་ཞིང་བསྲུངས་ནས་རྡོ་རྗེ་དང་དྲིལ་བུ་གཟུང་སྟེ་འཁོར་ལོའི་ཕྱི་རོལ་གྱི་ཤར་སྤོང?་འདུག་ནས་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་དེ་མ་ཐག་ཏུ་བགེགས་ལ་ཕུར་བུ་གདབ་ཅིང་བསྲུང་པའི་འཁོར་ལོ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམ་པའི་དམ་ཚིག་གི ་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་ལས་ཀྱི་ཕྱག་རྒྱ་འམ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་བཅུ་དྲུག་ལོན་པ་ལ་སྙོམས་པར་ཞུགས་ཏེ་ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་དྲངས་པའི་ཡེ་ཤེས་ཀྱི ་འཁོར་ལོ་ལ་ཞངས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་སྟེ། འདོད་ཆགས་ཆེན་པོ་ཞུ་བར་གྱུར་པ་རྡོ་རྗེ་ནས་འཐོན་ནས་རིག་མའི་པདྨའི་ཁོངས་སུ་སྤྲོས་པའི་ཡེ་ཤེས་འཁོར་ལོ་དམ་ཚིག་གི་འཁོར་དང་རོ་མཉམ ་པ་ཉིད་དུ་གྱུར་པར་མོག་པ་བྱའོ། །དེ་ནས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་བྱས་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ཤེས་རང་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་ཞིང་རང་རང་གི་? ་ཀྱི་དབང་པོས་རྒྱས་བཏབ་ལ། དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པ་ལ་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ནས་སོ་སོ་ལ་རས་ཟུང་དང་གསེར་ལ་སོགས་པ་ལས་བྱས་པའི ་རྟ་ལ་སོགས་པ་ཡང་ཕུལ་ནས་ཉེ་བར་སྤྱོད་པས་ཀྱང་མཆོད་དེ་རྣམ་པ་སྣ་ཚོགས་པའི་བཟའ་བ་དང་བཅའ་བ་ཕུལ་ལ་པི་ཝང་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ནས་སྒྲ་དང་བཅས་པའི་དྲིལ་བུས་དཔལ་ལྡན་ཞེས་བྱ་བ ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་ལ། རང་དང་ཤེས་རབ་མའི་ཁུ་བ་དང་རྡུལ་པདྨའི་སྣོད་དུ་གཞག་ནས་བདུད་རྩིར་བྱས་པ་དབུལ་བར་བྱའོ། །དེས་འཁོར་ལོའི་དབང་ཕྱུག་ལ་སོགས་པས་བདུད་རྩི་མྱངས་པས་ཡང་དག་པར ་ཆིས་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་ཅན་དུ་གྱུར་ཏོ་སྙམ་དུ་མོས་པས་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་དཀྱིལ་འཁོར་པ་རྣམས་ཀྱི་ཉི་ཤུ་རྩ་གཅིག་རེ་དང་ཡི་གེ་བརྒྱ་པ་ཡང་ཡོངས་སུ ་བཟླས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ཏེ། སྒྲུབ་པའི་གྲོགས་པོ་ཡོད་ན་གཞག་པ་བྱས་ནས་སྐྱེ་བོ་འོང་དུ་མི་གཞུག་ཅིང་སློབ་དཔོན་ཕྱི་རོལ་ཏུ་སོང་ནས་རྔ་ཡབ་དཀར་པོ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་ཡོངས་སུ ་གྲགས་པའི་གླུ་དང་སིལ་སྙན་ལ་སོགས་པ་བྱེད་ཅིང་ཤར་གྱི་ཕྱོགས་ཀྱི་ཆར་ཉེ་བར་ཞུགས་ནས་རང་གི་འདོད་པའི་ལྷ་དང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་འབྱུང་བོ་ཐམས་ཅད་པའི་གཏོར་མ་དབུལ་བར་བྱའོ། །དེ་ལ་ཆུ་སྡོང? ་ཀྱི་སྣོད་ལ་སོགས་པའི། སྣོད་རྣམས་སུ་བཟའ་བ་ལ་སོགས་པ་སྣ་ཚོགས་བ་ཁུར་བ་དང་ཉ་དང་ཤ་ལ་སོགས་པ་དད་བཟའ་བ་དང་བཅའ་བ་དང་འབྲས་བུ་སྟེ་སོ་སོའི་ཡོ་བྱད་རྣམས་གཏོར་མའི་ཆུས་བྲན་ཏེ། བཤམས་ལ་དེར་ཨོཾ ་ཡིག་ལས་རླུང་གི་སྟེང་དུ་རམ་ལས་སྐྱེས་པའི་མེ་ཨཱ:ལས་སྐྱེས་པའི་མགོ་བོའི་སྒྱེད་པོ་གསུམ་བཙུགས་པའི་སྟེང་དུ་གཞག་པའི་པདྨའི་སྣོད་རྣམ་པར་བསམས་ནས་དེང?་ཇི་སྲིད་བཟའ་པ་ལ་སོགས་པ་ལ་ཨོཾ་ཏཱཾ་ཨཱཾ་ཁཾ་ཧཱུཾ་ལཾ་མཱཾ་པཱཾ་ཏཱཾ་བཱཾ ་པས་སྐྱེས་པའི་བདུད་རྩི་ལྔ་སྒྲོན་མའི་རང་བཞིན་རྣམས་རླུང་གི་དཀྱིལ་འཁོར་གྱི་སྟོབས་ཀྱིས་བསྐུལ་བས་འབར་ཞིང་མེའི་གདུང་བས་ཞུ་བར་བལྟས་ནས་དེའི་སྟེང་དུ་ཨཱ:ཡིག་ལས་བྱུང་བའི་ཁ་ཆོད་ཀྱི་རྣམ་པ་བདུད་རྩིའི་རང་བཞིན་གྱི ་ཁ་ཊཝཱཾ་གོ་དེའི་རླངས་པས་ཞུ་ནས་དངུལ་ཆུ་ལྟ་བུར་ཡང་དག་པར་འདྲེས་ཏེ་བསིལ་བར་གྱུར་བར་བསམ་མོ། །དེའི་སྟེང་དུ་ཨོཾ་ཨཱ(རྒྱུད་འགྲེལ་དབང་ཕྱུག་མ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཡི་གེ་གསུམ་པོ་དེ་ཉིད་དུ་གཞུག་པར་བྱ་ཞིང། ཨོཾ་ཡིག་ལ་སོགས་པ་རྣམས་ཀྱང་ཞུ་བར་གྱུར་པར་བལྟས་ནས་ཡི་གེ་གསུམ་ཉིད་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཔལ་སྡོམ་པའི ་བདག་ཉིད་ཅན་རྡོ་རྗེའི་སློབ་དཔོན་གྱིས་བཀོད་པའི་དྲི་བཟངས་ལ་སོགས་པའི་མཎྜལ་དུ་བཅུ་གསུམ་གྱི་བདག་ཉིད་ཅན་མངོན་པར་མཆོད་ནས་རྐང་ལ་བརྒྱད་པའི་སྔགས་ཀྱིས་བར་དེ་རང་གི་སྙིང་ཀའི་ས་བོན་གྱི་འོད་ཀྱིས་ཁྲོ་བོ་དང་བཅས་པའི་རྩིངས་བཅུ ་པའི་བསྲུང་པའི་འཁོར་ལོའི་ལྟེ་བར་ཆུད་པ་བཅུ་གསུམ་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལས་ཕྱི་རོལ་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་དཔག་ཏུ་མེད་པའི་སེམས་ཅན་རྣམས་ཀྱང་དཔྲལ་བར་འབའ་པའི ་ཕྱག་རྒྱ་བསྐོར་ཞིང་པོ་ཡིག་ལན་གསུམ་བརྗོད་པའི་སྒྲས་ནམ་མཁར་སྤྱན་དྲང་པར་བྱའོ། །ོཾ་ཀཀྐ་ཀཊཊུ་ན་བན་དྷ་བན་དྷ་ན་ཁཀྑ། བཱ་ད་ན་སརྦ་དུཥྚཱ་ནཱཾ་ཧ་ན་ཧ་ན་གྷ་གྷ་གྷ་ཏ་ཡ་ཨ་མུ་ཀ་སྱ་ཤཱནྟཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བྱ་བ་འདིས་ཟླ་བ་ལ ་སོགས་པ་དགུག་པར་བྱའོ། །དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་རྗེས་ལ་དང་གི་རིག་མ་དང་སྙོམས་པར་ཞུགས་པའི་སྡོམ་པའི་གཟུགས་ཅན་དུ་བལྟས་ནས་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་པའི ་འཁོར་གསུམ་རྣམ་པར་དག་པས་གཡོན་པའི་ལག་པའི་མཐིལ་ན་གནས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བདུད་རྩིའི་སྣོད་གཞག་ཅིང་བཀོད་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྡིགས་མཛུབ་བསྟན་པར་བྱ་ཞིང་བཅོམ ་ལྡན་འདས་ཤེས་རབ་མ་དང་བཅས་པ་ལ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ལ་ཡང་སྟེ་ཕྱོགས་གཡོན་སྐོར་གྱིས་དང་ཕྱོགས་བྲལ་གཡས་བསྐོར་གྱིས་བསྐོར་ཞིང་ཨོཾ་བཛྲ་ཌཱ་ཀ་མི་མཾ་བ་ལིཾ་གྲིཧྞ་གྲིཧྞ་ཧཱུཾ་ཕཊ། ཨོཾ་ཛ:ཧཱུཾ་བཾ་ཧོ: ་ས་མ་ཡ་སྟཝཾ་དྲི་ཥྱ་ཧོ(རྒྱུད་འགྲེལ་བ་ལི་གྲིཧྞ་གྲིཧྞ་ཨ་མུ་ཀ་སྱ་ཤཱནྟིཾ་རཀྵཙ་ཀུ་རུ་ཧཱུཾ་ཕཊ་ཅེས་ལན་ཅིག་བརྗོད་པས་སོ། །དེ་བཞིན་དུ་དཔེལ་བ་དང་བཅས་པ་རྣམས་ཀྱིས་ཏེ། ཨོཾ་བཛྲ་དཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲཱ་ན་ལཱརྐྐ་བཛྲ་ཧཱུཾ་ཕཊ། ཨའོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཛཀཱ ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་ཨོཾ་ཧཱུཾ་ཨ:ཕཊ་ཅེས་བྱ་བའཾ་ཕཊ། ཨོཾ་བཛྲ་བྷཱི་ཥ་ན་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲོཥྞཱི་ཥ་ཙཀྲ་བརྟྟི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ། ཞེས་སྔགས་བཅུ་རྣམས་ཀྱིས་ཀུན་ཏུ་བསྒྱུར་ནས་སྟང་དང ་འོག་རྣམས་སུ་ཡང་གཏོར་མ་དབུལ་བར་བྱའོ། །དེའི་ཕྱི་རོལ་གྱི་དབང་པོ་ལ་སོགས་པ་རྣམས་ལ་ཡང་གཏོར་མ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརབ་ཡཀྵ་རཀྵ་ས་བྷཱུ་ཏ་བྲེ་ཏ་པི་ཤ་ཙོནམ་དཱ་པ་?་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཨི་མཾ་བ་ལི་གྲི་ཧྞ་ན་ཏུ་ས་མ ་ཡཾ་ར་ཀཱནྟུ་སརྦ་སིད་དྷི་མེ་པྲ་ཡཙྪ་?་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཀུན་ཏུ་བསྒྱུར་ཞིང་སྟེང་དང་འོག་ཏུ་ཡང་ལན་བཞིར་བརྗོད་པས་དབུལ་བར་བྱ་ཞིང་ཡི་གེ་བརྒྱ་པ་ཡང་བརྗོད་དེ་ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲི ་ཌཧོ་མེ་བྷ་བ་སུ་ཏོ་ཥྱོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་དྷ་བ་སརྦ་སིད་དྷི་མེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ:བྷ་ག་བཱཾ་བཛྲེ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་པ་མཏཱ་ས་མ་ཡ་སཏྭ་ཨཱ(རྒྱུད་འགྲེལ་གྱི་བདག་པོ་ནས་བརྩམས་ཏེ་ལྷ་དག་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོའི་ལྗངས་ཀྱི་འོད་ཟེར་གྱི་རྒྱུན་གྱིས་དྲངས་ནས་བདུད་རྩི་མྱང་ཞིང་ཡང་དག་པར་ཚིམ་སྟེ་སྟོང་པ་ཉིད་དུ་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏོ་སྙམ་དུ་བལྟས ་ནས་ཞལ་བསིལ་དང་ཕྱག་དུ་འཐོར་འཐུང་དང་ཏམ་བུ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་པའི་བྱ་བ་ཕུན་སུམ་ཚོགས་པ་ལ་འབད་ཅིང་བཟོད་པར་གསོལ་ནས་རང་གི་འདོད་པའི་ལྷའི་འཁོར་ལོ་བདག་ཉིད་ལ་གཞུག་ཅིང་དབང་པོ་ལ་སོགས ་པའི་ཕྱོགས་སྐྱོང་བ་རྣམས་ཀྱང་བསྒྲུབ་བྱའི་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱི་རོལ་ཕྱོགས་བཅུ་རྣམས་སུ་བསྲུང་བ་ལ་སོགས་པ་མངོན་པར་འདོད་པའི་དབང་གིས་བཞུགས་སུ་གསོལ་ནས་དེ་ནས་ཉེ་རེག་བྱའོ། །ད་ནས་སློབ་དཔོན་དཀྱིལ་འཁོར་གྱི་དབང ་པོའི་གཟུགས་ཀྱིས་མེ་ཏོག་གི་ཕྲེང་པ་བླངས་ལ། ཧཱུཾ་ཧཱུཾ་གི་ཡི་གེས་བསྒྱིངས་པ་བྱས་ལ་ཧྲཱི:ཧཱི:ཱི་ཡི་གེས་འཇིགས་པར་བྱེད་ཅིང་རོལ་པའི་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ནས་རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ་རྡོ་རྗེ་གསོར་དྲིལ ་བུ་དཀྲོལ་ལ་རྡོ་རྗེའི་རྐང་སྟབས་ཀྱིས་དེ་ཁོ་ན་བཞིན་དུ་ཨོཾ་ཧཱུཾ་ཕཊ་ཅེས་བྱ་བ་དང་ཨོཾ་ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཱ་གྷཱ་ཏ་ཡ་གཏཱ་ཏ་ཡ་ཨ:(རྒྱུད་འགྲེལ་བཞི་བརྗོད་པས་ཤར་དང་བྱང་ལ་སོགས་པའི་སྒོའི་སློབ་དཔོན་རྣམས་དང་ལྷན་ཅིག་བསྐོར་བ་གསུམ་བྱས་ནས་ལྷག་པ་དང་ཆད་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ཏེ་མེ་ཏོག་བཅོམ་ལྡན་འདས་ལ་ཕུལ་ནས ་ཤར་དང་བྱང་ལ་སོགས་པའི་རིམ་པས་ནུབ་ལ་སོགས་པའི་ཕྱོགས་སུ་གནས་ཏེ་ཨོཾ་བཛྲ་ཨུད་གྷཱ་ཊ་ཡཾ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བརྗོད་ཅིང་སྒོ་ཕྱེ་ནས་ཨོཾ་ས་མ་ཡཾ་པྲ་བི་ཤཱ་མི་ཞེས་བརྗོད་ནས་སླར་ཡང་གར་བྱས་ཏེ་མེ་ཏོག་གི་ཕྲེང་བ ་བླངས་ལ་མགོ་བོར་བཅིང་ཞིང་ཕྱོགས་དང་ཕྱོགས་བྲལ་དུ་དྲི་དང་བདུག་སྤོས་ལ་སོགས་པའི་མཆོད་པ་ཆེན་པོ་རྫོགས་པར་བྱ་བ་ནS་འཁོར་ལོ་ལ་ཕྱག་བྱས་ཏེ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་མཛད་དུ ་གསོལ་ཞེས་གསོལ་བ་གདབ་ཅིང་བཟླས་པ་བྱ་བའོ། །ཞེས་བྱ་བ་ནི་དཀྱིལ་འཁོར་བསྒྲུབ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་སྔ་བར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་ལས་ཐམས་ཅད་པའི་སྔཌ ་བཟླས་པའི་མཐར་གཏོར་མ་ཕུལ་ནས་དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ཏེ་སློབ་མ་རྣམས་བོས་ལ་རྨི་ལམ་དྲིས་ནས་མི་དགེ་བ་རྨིས་པར་གྱུར་ན་དེ་རྣམས་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། དེ་རྣམས ་ཀྱིས་དཀྱིལ་འཁོར་སྔོན་དུ་འགྲོ་བའི། ཨོཾ་པྲ་བི་ཤ་བྷ་ག་བཱ་ན་མཧཱ་སུ་ཁ་པྲ་དེ་པ་ར་མ་སུ། པོཏྟ་མ་སིད?་དྷཡཱརྠ་ཛ(རྒྱུད་འགྲེལ་ཡང་དག་པར་མཆོད་པ་བྱས་ནས་ལྟའི་འཁོར་ལོ་མངོན་དུ་གྱུར་པར་བལྟས་ཏེ་དཀྱིལ་འཁོར་གྱི་བདག་པོ་བླ་མར་མོས་པ་བྱས་ནས་འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གའི་རིམ་གྱིས་དཀྱིལ་འཁོར་དུ་ཞུགས་ནས་སྦྱིན་པར་བྱ་བཞིན ་པའི་དབང་བསྐུར་བ་རྗེས་སུ་གནང་བའི་མཐར་ཐུག་པ་ཐོབ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་འདོད་ཆགས་ཆེན་པོ་ལས་བྱུང་བའི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གཟུགས་བརྙན་ལྟ་བུ་ཟུང་དུ་འཇུག ་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་སུ་རིག་པར་བྱས་ནས་སློབ་མ་གཞུག་པའི་ཕྱིར་དཀྱིལ་འཁོར་གྱི་དངོས་གྲུབ་གསོལ་བར་བྱ་བ་འདི་ཡིན་ཏེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་གོ། །? ་དཔའ་རྡོ་རྗེ་ཆེ་རང་བཞིན། །དཔལ་ལྡན་སྡོམ་པར་བདག་དེང་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་གདོད་མའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབས་ཤིག་།ཉེས་པ་མེད་པ་རྟག ་པ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་བདག་བསྒྲུབས། །ཤིན་ཏུ་དགའ་བ་ཆོས་ཀྱི་མཆོག་།གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།བྱང ་ཆུབ་སེམས་དཔར་བདག་བསྒྲུབས་ཤིག་།དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག་།གྲུབ་པའི་རྡོ་རྗེ་ཆེ་བའི་མཆོག་།རྡོ་རྗེ་སྙེམས་བདག་བདག་བསྒྲུབས་ཤིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས ་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པའི་མཆོག་།ཡེ་ཤེས་དམ་པའི་བདེན་གང་གིས། །དཀྱིལ་འཁོར་ཐབས་དང་ཤེས་རབ་བདག། བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག ་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །དེ་བཞིན་ཉིད་ལས་ངེས་པར་བྱུང། །བདེན་པ་དེ་ཡིས ་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག་ཅེས་བརྗོད་དོ་ཞེས་བྱ་བ་ནི་སློབ་དཔོན་འཇུག་པའོ།། །།དེ་ནས་ཡོལ་པའི་ཕྱི་རོལ ་ན?་གནས་པའི་སྤོབ?་མ་རྣམས་ཁྲུས་དང་དྲི་བཟང་པོ་ལ་སོགས་པ་དག་བྱེད་བྱས་ཤིང་སྦྱིན་ལ་གཡས་ཀྱི་ལས་ཐམས་ཅད་པའི་ཆུས་མངོན་པར་གཏོར་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ཏེ་སྙིང་ཀ་དང་མགྲིན་པ་དང་སྤྱི་?་རྣམས་སུ ་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ལ་གནས་པ་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་ནག་པོ་དང་ཨཱ(རྒྱུད་འགྲེལ་པཱུ?་ཛ་པ?་གྷ་ས་མུ་དྲ་ས?་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པས་སྨད་གཡོགས་བྱ་བས་ཏེ། དེ་བཞིན་དུ་ཨོཾ་བཛྲ་རཀྵ་ཧཾ་ཞེས་པས་བླ་གོས་བྱས་ལ་ཨོཾ་བཛྲོཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས་གཙུག་ཏོར་བྱ་ཞིང། ཨོཾ་ཙ་ཀྵུ?་རྦ?་དྷ་པར་མཱ་ན་ཡ་ཧཱུཾ་ཞེས་པས ་མིག?་དམར་པོ་བཅིངས་ཏེ་ཨཱ(རྒྱུད་འགྲེལ་བདེ་ཆེན་བདག་ནི་སྐལ་པ་བཟང་པོ་ལགས་ཞེས་སྨྲ་བར་བྱའོ། །ོཾ་སརྦ་ཡོ་ག་ཙིཏྟོཏཔ་ད་ཡཱ་མི་ཞེས་བརྗོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་དེའི་སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་གཟུང་ནས་ཨོཾ་སུ་ར་ཏེ་ས་མ་ཡ་ཤྭཾ?་ཧོ(རྒྱུད་འགྲེལ་དྷ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱིན་གྱིས་བརླབས་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མི་བྱ ་ཞིང། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་ནས། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ཅིང་ཁྲིད་ལ་ཨཱ(རྒྱུད་འགྲེལ་མཾ་ཞེས་བརྗོད་ཅིང་བསྐོར་བ་བྱས་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་འདུག་ནས་ཨོཾ་སརྦ་བཱི་རཱ་ཌཱ?་ཀི་ནཱི་པཱུ་ཛོ་པསྣརཱ?་ན་ཡཱདམ་ནི་ནི་རྱ་ཏ་ཡ་མི་སརྦ་བཱི་ར་ཌཱ་ཀི་ནཱི་བྲེཛྙོ་པཱ་ཡཱཏྨ་ནཾ་སམྦ་རཱ་དྷིཥཔྲ?་མཱཾ་ཞེས་བྱ་བས་དབུས་སུའོ། །ོཾ་སརྦ་?་རཱ?་ཀི་? ་པཱུ་ཛོ་པསྠཱ?་ནཱ་ཡཏྨཱ་ནཾ་ནི་རཱ་ཏ་ཡཱ་མི་སརྦ་པཱི་ར་བཱི་རི་ཎཱི?་ཌཱ་ཀི་ནྱཱ་དྷི་ཏཾཥྛ་མཱཾ་ཞེས་བྱ་བས་ཤར་ལའོ། །ོཾ་སརྦ་ནཱ་རི་ཌཱ་ཀི་ནཱི་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནི་ནི་?་ཏ་ཡཱ་མི་སརྦ་བཱིར་ཌཱ་ཀ་ནཱི་ལཱ་མཱ་ཞེས་པས་བྱར་པའོ། །ོཾ་སརྦ་? ་ཌཱ་ཀི་ནཱི་པཱུ་ཛཱ་པྲ་བ་ཏྟ?་ནཱ་ཡཱཏྨ་ནཾ་ནིརྱཱ་ཏ་ཡཱ་མ་སརྦ་པཱི་ར་ཌཱ་ཀི་ནཱི་།བཎྜ་རོ་ཧཱ་བཛྲ་དྷརྨ་པྲ་བརྟྟ་ཡ་མཱཾ་ཞེས་པས་ནུབ་དུའོ། །ོཾ་སརྦ་བཱི་ར་ཥཱ་ནི། ནཱི་པཱུ་ཛཱ་བྷི་ཥེ་ཀཱ་ཡཱཚ་ན་ན་རྱཱ་ཏཡཱ་མེ་?་ར་ཌ་འ་ཀི་མཱ་རུ་པ་ན?་བཛྲ་རཏྟ་བྷཾ་? ་མཱཾ་ཞེས་པས་ལྷོར་རོ། །ོཾ་གུ་རུ་ཙ་ར་ཎོ་བསྠཱ?་ནཱ་ཡཱ་ནཾ་ནིརྱཏྨ་ཡཱ་མི་ཨོཾ་སརྦ་སརྦ་བ་རི་ཏཱ་ཎཱརྠ་ཡཱ་ཏཱ?་ནི་ནིརྱཱ་ཏ་ཡཱ་མི་ཞེས་བླ་མ་ལ་ཕྱག་བྱས་ནས། འདི་བརྗོད་པར་བྱ་སྟེ་དེར་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས ་ཀྱིས། དེས་ན་ངས་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་འཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས ་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་?་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་བརྗོད་ནས་སྤྱི་བོར་རྡོ་རྗེ་གཟུང་ཞིང་དྲིལ་བུ་དཀྲོལ་བས། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི ་སྨྲས་ན་ནི་མགོ་བོ་འགེམས། །ཤེས་བསྒྲགས་ལ་སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་གཟུང་ནས། །ོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང། །ཁྱོད་ཀྱི་སྙིང་ལ་ཡང་དག་བཞུགས། །གལ་ཏེ་ཚུལ་འདི ་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་དེ་གཤེགས། །ཤེས་བཀའ་བསྒོས་ནས་ལས་ཀྱི་བུམ་པའི་སྟེང་དུ་པདྨའི་སྣོད་ན་གནས་པའི་བདུད་རྩི་ལྔ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཨོཾ་བཛྲ་མྲི་ཏ་ད་ཀ་ཋ(རྒྱུད་འགྲེལ་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་འདས་ན་བསྲེག་པར་བྱེད། དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག། ཅེས་བརྗོད་ལ། དེ་ནས་དམ་ཚིག་བརྟན་པའི་སློབ་མ་ལ་འདི་སྨྲ་བར་བྱ་སྟེ། དེང་ནས་བརྩམS ་ཏེ་ཁྱེད་ཀྱི་ཏེ་རུ་ཀ་པ་ཡིན་གྱིས། དེས་འདི་གྱིས་ཤིག་ཅེས་སྨྲས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་པ་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡང་བ་མ་སྤངས་པར་དུས་ཀྱི་བྱ་བ་བྱས་དམྱལ་བར་ལྟུང་བར་འགྱུར་ཏ་རེ་ཞེས་བརྗོད་དོ། །དམ ་ཚིག་གི་ཆུ་སྦྱིན་པའོ། །སྐད་ཅིག་གིས་སྟོང་པ་ཉིད་ཀྱི་དེ་མ་ཐག་ཏུ་སློབ་མ་ཨཱ(རྒྱུད་འགྲེལ་དབབ་ཏུ་གསོལ། ཞེས་བརྗོད་ནས་དེའི་སྙིང་གར་ལཾ་ལས་བྱུང་བའི་རྩེ་གསུམ་པའི་རྡོ་རྗེས་མཚན་ཞིང་གྲུ་བཞི་པའི་སའི་དཀྱིལ་འཁོར་སེར་པོ་ལ་གནས་པའི་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་སྤྱི་བོར་པཾ་ལས་བྱུང་བའི་པུཾ་པ་དཀར་ཞིང ་ཟླུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ལ་ཟླ་བར་ཧ(རྒྱུད་འགྲེལ་ས་བོན་གྱི་འོད་ཀྱིས་ཐུགས་དང་སྐུ་དང་གསུང་རྡོ་རྗེ་རོ་གཅིག་པ་བསྒོམས་ནས་རྐང་པ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྤར་བའི་རེ་ཡིག་ཡོངས་སུ་གྱུར་པ་ལས་རས་མཚན་པའི་ཉི་མ་གྲུ་གསུམ་པའི་འོད་ཟེར་རླུང་གི་དཀྱིལ་འཁོར་ལ་གནས་པའི ་ཛཧཻ(རྒྱུད་འགྲེལ་ཡ་ཧཱུཾ་ཧ(རྒྱུད་འགྲེལ་རོ་གཅིག་པ་ཟླ་བ་ལ་གནས་པའི་འོད་ཟེར་དང་བཅས་པར་བསྒོམས་ནས་?་ཧི་བཛྲ་ཞེས་བརྗོད་པར་བྱའོ། །དེ་ལྟ་ན་འདི་དགེ་བ་དང་མི་དགེ་བ་བདེན་པར་སྨྲ་བར་འགྱུར། དེ་ནས་ཨོཾ་ཏིཥྛ་བཛྲ་ཞེས་བརྟན་པར་བྱས་ནས་དེ་རྣམས་ལ་མིག་ལ་ཅི་སྐད་ཞེས ་དྲིས་ནས་དེ་རྣམས་ཀྱིས་སྨྲས་པའི་དཀར་པོ་དང་སེར་པོ་དང་ནག་པོར་སྣང་ན་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྐལ་པ་དང་ལྡན་པར་འགྱུར་པ་ཡིན་ནོ་ཞེས་བརྗོད་དོ། །དེ་ནས་ཞུགས་པའི་ལ་སྙིང་ཀའི་ས་བོན་གྱི་འོད་ཀྱིས་བཀུག ་ནས་རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསྒོམས་ཏེ་སློབ་མའི་མགོ་བོར་རྡོ་རྗེ་གཟུང་ནས། ཨོཾ་ཁྱེད་ཀྱིས་ཤེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་ཧཱུཾ་ཧ(རྒྱུད་འགྲེལ་གཉིས་ནས་རྡོ་རྗེ་དང་བཅས་པའི་ལག་པས་གཟུང་སྟེ་རྡོ་རྗེའི་རྐང་སྟབས་ཀྱི་ཆུལ་གྱིས་གར་བྱས་ནས་ལས་ཐམས་ཅད་པ་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་བརླབས་ཤེས་བྱ་བ་བརྗོད་དེ། ཡང་དག་པ་ཡི་དཀྱིལ ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག་།འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད ་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག་ཅེས་བྱ་བའོ། །དེ་ནས་སྔར་གཟུང་བའི་མེ་ཏོག་གི་ཕྲེང་བ་ཏྲཱཾ་ཡིག་གིས་བྱིན་གྱིས་བརླབས་པར་བསམས་ནས་མདུན་ན་གནས་པའི་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི ་དབང་ཕྱུག་ལ་དམིགས་ནས་དེའི་དབུ་ལ་སྔར་གཟུང་པའི་ཧྲཱཾ?་མིག་གིས་བྱིན་གྱིས་བརླབས་པའི་མེ་ཏོག་ཧཱུཾ་ཡིག་གིས་དོར་པར་བྱ་སྟེ། པྲ་ཏཱིཙྪ་བཛྲ་ཧོ(རྒྱུད་འགྲེལ་གྲུབ་རྣམས་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུ་འམ་གཙུག་ཏོར་དམ་དབུ་ལ་ཕོག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱན་ནམ་ཞལ་ལ་ཕོག་ན་སྔགས་ཀྱི་དངོས་གྲུབ་པོ། །ལུས་ཀྱི་མཆོག་ལ་ནི་མཆོག་གོ། ་ལུས་ཀྱི་བར་ལ་ནི་འབྲིང་ངོ། །འོག་གི་ཆ་ལ་ནི་དམན་པའོ། །སྐུ་ལས་ཧ་ཅང་རིང་པ་ལ་ཡུན་རིང་པོས་སོ། །ཉེ་བ་ལ་ནི་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ། །གལ ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་དེ་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །རེ་ཁཱ་རྣམས་ལ་ལྷུང་ན་དེའི་ཚེ་སླར་ཡང་དོར་རོ། །ཞེས་པ་ནི་མེ་ཏོག་དོར་བའོ། །དེའི་རྗེས་སུ ་ཕྲེང་བ་དེ་རྣམས་སློབ་མའི་སྤྱི་བོར་བཅིང་ཞིང་པྲ་ཏི་གྲིཧྞ་ཏྭཾ་ཨི་མཾ་ས་ཏྭ་མཧཱ་བ་ལ་ཞེས་བརྗོད་དོ། །དེ་ནས་སློབ་མའི་སྙིང་ཀའི་ཟླ་བ་ལ་བདག་པོ་དང་དཔྲལ་བར་ར?་དང་མིག་གཉིས་ལ་སླར་ཡང་ཨོཾ་ཡིག་གཉིས་འོད་ཟེར་དང་བཅས་པ་བསྒོམS ་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཕྱེ་བས་ཐམས་ཅད་མཐོང་པར་འགྱུར་ཞེས་བརྗོད་ཅིང་གདོང་གཡོགས་གསལ་བར་བྱའོ། །ཀྱེའི་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ནས་དཀྱིལ་འཁོར་གྱི ་ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་དུ་འགྲོ་བས་སྒོ་སྐྱོང་ནས་བརྩམས་ཏེ་བདག་པོའི་མཐར་ཐུག་པར་བསྟན་ནས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས ་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པདྨ་རྩེ་རོལ་བ། །གསང་སྔགས་རྣམས་ལ་བསྙེན་བཀུར་གྱི། ཞེས་བརྗོད་ལ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་དག་ཞུགས་སོ། །རྣལ་འབྱོར་དཀྱིལ ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། ཞེས་བརྗེད་དུ་བཅུག་ནས། ཧོ(རྒྱུད་འགྲེལ་དེ་ནས་སློབ་མ་རྣམས་ཀྱིས་དབང་བསྐུར་བའི་དོན་དུ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་ཡན་ལག་ལྔས་ཕྱག་བྱས་ཏེ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། ། ་བདག་ཀྱང་རབ་ཏུ་སྒྲལ?་བའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་སྩོལ། ཞེས་གསོལ་བ་གདབ་བོ། །དེ་ནས་སློབ་དཔོན་གྱིས་སློབ་མ་དབང་བསྐུར་བའི་དོན་དུ་རྩ་བའི་དཀྱིལ་འཁོར་ལས་ཤིན་ཏུ་མི་རིང་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལ་རིགS་ལྔ་? ་ཅན་གྱི་འདབ་མ་ཅན་གྱི་ཆུ་སྐྱེས་ལ་འདུག་ཏུ་བཅུག་ནས་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒྱུར་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འཐོན་པའི་འོད་ཀྱི་སྣ་ཚོགས་རྣམས་ཀྱིས་བཀུག་པའི་དཔའ་བོ་དང་མཁའ་གྲོ་མའི་ཚོགས་རྣམས ་མཆོད་ནས་རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ཤེས་རབ་དང་ཐབས་དག་སྙོམS ་པར་ཞུགས་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ་དཀྱིལ་འཁོར་གྱི་བདག་པོ་ལ་ཐིམ་ཞིང་ཞུགས་ནས་རྡོ་རྗེ་ནས་འཐོན་ཏེ་ཞུ་བ་རྣམས་ཕག་མོའི་པདྨར་ཞུགས་ཏེ། སློབ་མ་རྡོ་རྗེ་མཁའ་འགྲོ་མའི་གཟུགས་སུ་གྱུར་པ་ཤེས་རབ་དང་བཅས ་ཤིང་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཡང་ཕྱག་དང་ཞལ་ལ་སོགས་པའི་སྐུ་རྣམས་ཀྱིས་པདྨ་ལས་ཕྱིར་ཕྱུང་བ་ལ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་དབན? ་བཟའ་དང་གླུ་དང་རོལ་མོའི་སྒྲ་དང་མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་རྣམས་ཀྱི་སྒོ་སྐྱོང་དང་མཐུན་པར་ཁ་གདོང་མ་ལ་སོགས་པས་ཕྱག་གིས་ཅུང་ཟད་ཡོ་བར་གཟུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པའི ་ཆུ་རྣམས་ཀྱིས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་སྤྲོ་བ་ཆེན་པོ་མཛད་ནས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པར་ལྟ་སྟེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི ་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག་།མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག་།ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི ་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག་།དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི ་ཡིས་མཆོད། །ཆོས་མཆོག་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་པ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག་།དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ ་ངོ་ཚར་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག་།ཅེས་རང་ཉིད་ཀྱིས་བརྗོད་ལ་དང་པོར་རྣམ་པར་རྒྱལ་བ་དང་དེ་ནས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པས་དང། དེ་ནས་ཁྭ་གདོང་མ་ལ་སོཌ?་རྣམས་ཀྱི་དང། དེ ་ནས་གཤིན་རྗེ་བརྟན་མ་ལ་སོགས་རྣམས་ཀྱི་བུམ་པའི་ཆུས་སོ། །ཡང་ན་བུམ་པ་ཐམས་ཅད་ནས་ཆུ་བླངས་ལ་བསྡུས་པས་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཡལ་འདབ་དང་བཅས་པའི་རྡོ་རྗེའི་རྩེ་མོ་ལས་འཛག་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ། ་ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཞེས་བརྗོད་ཅིང་ཨོཾ་ཨཱ(རྒྱུད་འགྲེལ་དེ་ནས་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བླ་མ་ལ་གསོལ་བ་བཏབ་པར་གྱུར་པའི་སློབ་མ་མཱ(རྒྱུད་འགྲེལ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་ཞིང། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་བརྗོད ་ནས་རང་གི་རིགས་ཀྱིས་བདག་པོ་གཙོ་པོར་གྱུར་པའི་མཁའ་འགྲོ་གི་རིགས་ཀྱིས་བདག་པོ་གཙོ་བོར་གྱུར་པའི་མཁའ་འགྲོ་ལྔས་བྱིན་གྱིས་བརླབས་པ་སློབ་མའི་མགོ་བོར་བསྐྱོན་ཞིང་ཨོཾ་ཨཱ(རྒྱུད་འགྲེལ་ཅོད་པན་གྱི་དབང་ངོ།། །།ོཾ་ཧཱུཾ་ཧྲཱཾ་ཧྲཱི(རྒྱུད་འགྲེལ་པདྨ་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ལ་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས ་མཆོད་པ་དང་བཀྲ་ཤིས་ཀྱི་གླུ་ལེན་པས་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས ་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་གཟུང། །ཞེས་སློབ་མའི་སྙིང་ག་དང་མགྲིན་པ་དང་མགོ་པོར་རེག་ནས་པདྨ་མཁའ་འགྲོའི་བདག་ཉིད་ཅན་གྱི་རྡོ་རྗེ་དེ་ལག་པ་གཡས་པར་སྦྱིན་ནོ་ཞེས་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བའོ།། །། ་དེ་ཁོ་ན་བཞིན་དུ་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཁཾ་དང་རལ་གྲི་ལས་སྐྱེས་པའི་ལས་ཀྱི་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་ཨོཾ་བཛྲ་དྷི་བ ་ཏི་ཏྭཱ་མ་བྷི་ཥིཉྩ་མི་ཏིཥཱ་བཛྲ་ས་མ་ཡསྟཝཾ་ཞེས་དྲིལ་བུ་སྣ་ཚོགས་མཁའ་འགྲོའི་བདག་ཉིད་ཅན་ལག་པ་གཡོན་པར་བྱིན་ནས། ཨོཾ་བཛྲ་གྷཎྜེ་ཨ(རྒྱུད་འགྲེལ་དྲིལ་བུའི་དབང་གི་ཆོ་གའོ།། །།དེ་ནས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་འཁོར་ལོའི་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁར་བཞུགས་པའི ་དཔའ་པོ་དང་མཁའ་གྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་ཡང་དག་པར་གཟུང་སྟེ། དབང་བསྐུར་རྡོ་རྗེ་ཞེས་བྱ་བ ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། ཨོཾ་བཛྲ་སཏྭ་ཏྭཱི་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥ་ཀ་ཏ(རྒྱུད་འགྲེལ་པའོ། །ལྔ་པ་འདི་རྣམས་ཀྱིས་དབང་བསྐུར་བས་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ། །མ་རིག་པའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་ཕྱིར་རིག་པའི་དབང་ཞེས་བརྗོད་པར་བྱའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེའི ་གཏེར་གྱི་བདག་ལ་སྩོལ། །གང་གིས་བདག་ནི་ཁྱོད?་དྲིན་ལས། །རང་དང་གཞན་དོན་ནུས་པར་འགྱུར། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང། །མགོན་པོས་བདག་ལ་སྩལ་ནས་ཀྱང། །འཁོར་ལོ་ལྟ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་འཕྲིན་ལས་དང།། ་སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ངེས་པར་སློབ་དཔོན་འགྱུར། ཞེས་གསོལ་པ་བཏབ་པར་གྱུར་པའི་སློབ་མའི་སྟང་དུ་གདུགས་དཀར་པོ་བཞག་ཅིང་སེངྒེའི ་གདན་ལ་བཀོད་ནས་རིགས་ལྔའི་མཚན་མས་མཚན་པའི་འདབ་མ་སྣ་ཚོགས་པའི་ཆུ་སྐྱེས་ཀྱི་ཐེའུ་འབྲུ་ལ་འདུག་ཏུ་བཅུག་སྟེ་རྣམ་པར་བཀྲ་བའི་གོས་དང་རྒྱན་གྱིས་བརྒྱན་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཅན་ཡེ ་ཤེས་སེམས་དཔའ་དང་དབྱེར་མེད་པར་དམིགས་ནས། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །རྡོ་རྗེ་སྙེམས་མའི་བདག་པོའི་བདག་།བཅོམ་ལྡན་འདས་དཔལ་མཆོག་དང་པོའི ་སྐྱེས་བུའོ། །ཞེས་བྱ་བ་འདིས་རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ཅན་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །ཞེས་བྱ་བ་ནི་རྡོ་རྗེའི་དམ་ཚིག་གོ། །།འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ ་དབྱངས་ཀྱི་རྗེས་འགྲོར་བཤད་ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་རྣམས་བཞེད། ཅེས་བརྗོད་ཅིང་ཨ(རྒྱུད་འགྲེལ་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག་།མཆོག་གི་སྲིད་པ་བྱེད་པར་འགྱུར། ཞེས་བརྗོད་དེ། དྲིལ་བུའི་དམ་ཚིག་གོ། །།ཡིད་ཀྱི་ལུས་ནི་བརྟན་བྱེད་པས།། ་ཕྱག་རྒྱའི་དམ་ཚིག་ཏུ་ནི་བཤད། །ལུས་ནི་ཐམས་ཅད་བརྟན་བྱེད་པ། །གང་ཡིན་དེས་ན་ཕྱག་རྒྱར་གྲགས། ཞེས་ཡེ་ཤེས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པའི་ཕྱིར་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་ཕྱག་རྒྱ་ཆེན་མོ་ལ་སོགས ་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱིན་ནས་ཁ་སྦྱོར་གྱི་རིམ་པས་ཕྱག་རྒྱ་ལ་འཁྱུད་བའི་ཚུལ་བྱེད་དུ་གཞུག་གོ་།ཞེས་བྱ་བ་ནི་ཕྱག་རྒྱ་མའི་དམ་ཚིག་གོ། །།དེ་ལྟར་དམ་ཚིག་གསུམ་དང་ལྡན་པའི་སློབ ་མ་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཅན་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་དབང་བསྐུར་བར་དམིགས་ནས། །དབང་བསྐུར་རྡོ་རྗེ་ཆེན་པ་ནི། ཞེས་བྱ་བ་ལ་སོགས་པའི ་ཚིགས་སུ་བཅད་པ་བརྗོད་ཅིང། ཨོཾ་ཨཱ(རྒྱུད་འགྲེལ་པ་གཞན་རྣམས་དང་ལྷ་མོ་རྣམས་ཀྱང་ཡེ་ཤེས་སེམས་དཔའ་ཨི་ངོ་བོས་གཞུག་པར་བྱའོ། །ོཾ་སུ་པ་ཏིཥྛ་ཏ་བཛྲོ་སྭཱཧཱ། ཞེས་བྱིན་གྱིས་བརླབས་ལ་མཆོད་པར་བྱའོ། །དེ་སྐད་དུ་ཡང། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག ་པ་དག་གིས་ཡང་དག་འཁྱུད། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད་ཅེས་གསུངས་སོ། །དེའི་རྗེས་སུ་མདོར་བསྡུས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་རྣམ་པར་དག་པ་ཡང་བརྗོད་པར་བྱའོ། །དཀྱིལ་འཁོར་པདྨ་ཞེས ་བཤད་དེ། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་ནོ། །ཁང་པ་བརྩེགས་པ་ཞེས་བྱ་བ། །ཡེ་ཤེས་སེམས་དག་བརྩེགས་ཞིང་བསྡུས། །ཕུང་པོ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྡན་ནི་རབ་ཏུ་གྲགས། ཞེས་སོ། །དོན་དམ་པར ་ནི་རང་བཞིན་མེད་པའི་བདག་ཉིད་ཅན་གྱི་དེ་བཞིན་ཉིད་ཁོ་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དོ་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་ངོ།། །།དེ་ནས་སློབ་དཔོན་གྱིས་སྙིང་པོ་ལ་སོགས་པའི་སྔགས ་ལན་གསུམ་བཟླས་ནས། །བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །དེས་ནི། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ ་གསོལ། ཞེས་སྔགས་གཟུང་ནས་ལན་གསུམ་བཟླ་བར་བྱའོ་ཞེས་བྱ་བ་ནི་སྔགས་གཏད་པའོ།། །།དེ་ནས་གསེར་གྱི་ཐུར་མས་དེའི་སྣོད་ན་གནས་པའི་མར་དང་སྤྲང་རྩིའི་མིག་སྨན་སློབ་མའི་མིག་ལ ་པྲཾ་ཡིག་བསམས་ནས་ཨོཾ་བཛྲ་ནེ་ཏྲ?་པ་ཧ་ར་པ་ཊ་ལཾ་ཧྭཱི(རྒྱུད་འགྲེལ་བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བྱ་བ་ནི་མིག་སྨོན།། །།དེ་ནས་སློབ་མ་ལ་ཨཱ(རྒྱུད་འགྲེལ་སྟེ། གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང ་ལ་བཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །གང་ཕྱིར་སྐྱོབ་རྣམས་སྲས་སུ་སྐྱེས། ཞེས་བྱ་བ་ནི་མེ་ལོང་ངོ།། །།དེ་ནས་ཧོཾ?: ་ཡིག་ལས་བྱུང་བའི་གཞུ་ཧོ(རྒྱུད་འགྲེལ་བཞི་འཕང་བར་བྱ་སྟེ་སྟེང་དུ་གཅིག་དང་འོག་ཏུ་གཞན་ནོ་ཞེས་བྱ་བ་ནི་མངའ་འཕང་བའོ།། །།དེ་ནས་བྷྲུཾ་ཡིག་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་སློབ་མའི་ལག་པ་གཡས་སུ་ཨཱ(རྒྱུད་འགྲེལ་སྐྱེས་པའི་དུང་ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་བརྗོད་ཅིང་གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་གླེགས་བམ་དབྱངས་དང་པོ་བརྗོད་པས་དང། དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ། དབྱངས་ཐ་མ་བརྗོད་ཅིང་བྱིན་ནས་དྲིལ་བུ་དཀྲལ་དུ་གཞུག་སྟེ། ་ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པར་སྦྱོར་བ་ལས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། ཞེས་དེའི་རྗེས་སུ་འདི་སྐད་དུ་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་བཅས། ། ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཚེས་ཀྱི་དུང་ནི་བླ་མེད་པ། །ཐམས་ཅད་དུ་ཡང་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱད་པའི་ཚུལ་མཆོག་གང། །འཇིག་རྟེན་ལ་ནི་རྟག ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །བྱས་པ་ཤེས་པར་ཉེ་བར་བརྗོད། །རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཁྱོད་ལ་རྣམ་པ་ཀུན་དུ་བསྲུང་ཞེས་སོ། །དེ་བཞིན་དུ་ཐུན་མོང་གི་རྗེས་སུ་གནང་བ་བྱིན་ནས་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགS ་སུ་དམིགས་ཏེ་སློབ་མ་ལ་བརྗོད་པར་བྱ་སྟེ། འཇིག་རྟེན་ཀུན་ཏུ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བས་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཤེས་རབ་ཐབས་ཀྱི་རང་བཞིན་བདག་།ཡིད ་བཞིན་ནོར་ལྟར་མཐོ་བ་ཡིས། །དོགས་དང་བྲལ་ཞིང་ཟད་མིན་པར། །སེམས་ཅན་དོན་ནི་ཕུན་ཚོགས་བྱས། །ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་སྒྲ་བཅུག་ནས་རྗེས་སུ་གནང་བ་རྣམ་པ་ལྔ་སྦྱིན་པར ་བྱའོ། །སློབ་མས་ཀྱང་བླ་མའི་ཞབས་ཀྱི་པདྨ་གཉིས་ལ་ཕྱག་བྱས་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བགྱིའོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་རྗེས་སུ་གནང་བའོ།། །།དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་དམིགས ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཞེས་བྱ་བ་འདིས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་བྱིན་ལ་སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏཱ་སིད་དྷི ་བཛྲ་ས་མ་ཡ་ཏིཥྚ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧྲཱི(རྒྱུད་འགྲེལ་གོས་ཀྱི་རྣ་བ་གཡོན་བའི་ཁུ་ཚུར་གྱིས་གཟུང་བ་བྱས་ཤིང་གཡས་པ་མི་འཇིགས་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདི་ནི་ང་ཡིས་ལུང? ་བསྟན་བྱ། །ཀྱེའི་ཆེ་གེ་མོ་བཛྲ་ཏ་ཐཱ་ག་ཏཱ་སད་དྷཡ་ས་མ་ཡ་སྟཝཾ་བྷཱུར་བྷུ་བ(རྒྱུད་འགྲེལ་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་དང་བཅས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ་ཕྱག་རྒྱ་དང་གསང ་སྔགས་འདི་ཉིད་རབ་ཏུ་བསྒོམས་སོ་ཞེས་དད་པར་བྱའོ་ཞེས་བྱ་བ་ནི་ལུང་བསྟན་པའོ།། །།དེ་ནས་སློབ་མའི་སྙིང་གར་སྔགས་ཐམས་ཅད་ཀྱིས་མངོན་པར་བསྔགས་ནས་ལག་པ་གཡོན་ལ་ཀཾ་ཀ་?་བཅིངས་ཞིང་མགོ་བོར ་གདུགས་བཟུང་བས་བསྐོར་བ་བྱེད་དུ་བཅུག་ནས་ཐལ་མོ་སྦྱར་བ་དང་བཅས་པ་དཀྱིལ་འཁོར་གྱི་སྒོར་གདུག་ཕབ་ནས། རྒྱུད་རྣམས་འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་པ་ལགས། ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབང ་ཕྱུག་ལ་གསོལ་བ་བཏབ་ནས་སློབ་མའི་སྙིང་ལ་འབབ་བའི་ཚིག་འདི་སྐད་བརྗོད་པར་བྱ་སྟེ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས ་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ ་གྲོལ་འགྱུར། །དེང་ནི་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆིབ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པའི་མཛའ་ནི་ཤིན་ཏུ་གྲུབ། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ལ ་ལེགས་པར་རབ་ཏུ་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །འགྱུར་བ་ལ་ནི་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་བས། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེའི། །བདག་པོ་ཉིད་དུ་ཁྱོད་དེས་སོ།། ་དེ་རིང་བདུད་རྣམས་ལས་རྒྱལ་ནས། །གྲོང་ཁྱེར་མཆོག་ཏུ་ཁྱོད་ཞུགས་ཏེ། །དེ་རིང་སངས་རྒྱས་ཉིད་འཐོབ་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ན་ནི་གཞན་མེད་དེ། །དེས་འདོད་ལ་ཆགས ་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །མྱུར་བས་ཁྱོད་ནི་ཅི་ལས་འཇིགས། །ཤ་ལྔ་བདུད་རྩི་བཟང་བྱ་སྟེ། །དེ་ཕྱིར་དམ་ཚིག་གཞན་ཡང་བསྲུངས། །སྲོག་ཆགས་བསང་པར་མི་བྱ་ཞིང། །བུད་མེད ་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་བཀའ་། །ཤེས་རབ་ཐབས་ཀྱིས་བསམས་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པ་གསུང་ཇི ་བཞིན། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན?་པར་ཀྱི། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་ཆོས་ཉིད་འདི་དང་ཆོ ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་གང་ཡིན་པ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུ་སྡུག་པ་བཞིན་དུ་རབ་ཏུ་དང་བའི་ཐུགས་ཀྱིས་དགོངས་པར་འགྱུར་རོ་ཞེས་བྱ་བ་ནི་དབུགས་དབྱུང་བའི ་ཆོ་གའོ།། །།དབང་བསྐུར་བ་དེ་རྣམས་ལ་བུམ་པ་བྱེད་པ་ཉིད་ཡིན་པའི་ཕྱིར་བུམ་པའི་དབང་བསྐུར་བའོ།། །།དེ་ནས་ཡོལ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱིས་འགོལ་བར་བྱས་པའི་གནས་སུ ་སློབ་མ་རང་གི་སེམས་དགའ་བའི་ཤེས་རབ་མ་བཅུ་གཉིས་ལོན་པ་འམ་བཅུ་དྲུག་ལོན་པ་ཡང་རུང། གཟུགས་དང་མཚན་ཕུན་སུམ་ཚོགས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་པ་ལ་གནས་པ་བླ་མ་ལ་བུལ་ནས་བུས་མའི་ལྷ་ངས?་ལ ་བཙུགས་ཏེ་ལག་པ་སྦྱར་ནས་བླ་མ་ལ་རྡོ་རྗེ་སེམས་དཔར་མངོན་སུམ་དུ་མོས་པ་བྱས་ནས། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ཅེས ་གསོལ་བ་གདབ་བོ། །བླ་མས་ཀྱང་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་མཐར་དཔལ་སྡོམ་པའི་སྐུ་དང་ཤེས་རབ་ཕག་མོའི་གཟུངས་སུ་བསྐྱེད་ནས་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པར་བྱ་ཞིང་ཨོཾ་སརྦ་ཏ་ཐཱ་ག ་ཏཱ་ནུ་རཱ་?་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ། ཞེས་བྱ་བའི་སྔགས་བརྗོད་ཅིང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཕྱོགས་བཅུར་གནས་ཤིང་སྙོམས་པར་ཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཡིད་ཀྱིས་བཅུག་ནས ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་ཨ་བ་དྷཱུ་ཏཱི་ནས་འོངས་པས་དགའ་བ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་རང་ཉིད་ཀྱིས་རིག་པར་བྱས་ནས་མཐེ་བོང་དང་སྲིན་ལག་དག་གིས་ནོར་བུར་བཅིར་ནས་རྡོ་རྗེ་ནམ ་མཁའ་ཨི་ཁམས་སུ་རྣམ་པར་བསམས་པའི་ཤེས་རབ་ཀྱི་པདྨ་ལས་བྱུང་ནས་སློབ་མ་གསུང་རྡོ་རྗེའི་གཟུགས་ཅན་གྱི་ཁར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ཀྱི་བཟའ་བ ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །ཞེས་དང་རྩ་བའི་སྔགས་ཀྱང་བརྗོད་ལ་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །ཤེས་རབ་གདོང་ཡར་བཅིང་བ་དང། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །མཐེ་བོ་མིང་མེད་དག་གིས ་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེས་ཀྱང་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཞུ་བ་ནི་འདི་ཡིན་ནོ་ཞེས་མོས་པར་བྱས་ནས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུད་བར་བྱའོ། །ཤེས་རབ་མ་ལངས ་ལ་གོས་མེད་པ་ཉིད་དུ་པདྨ་ན་གནས་པའི་བདུད་རྩིའི་ཐིག་ལེ་རྣམས་དེའི་ཁར་གཞུག་སྟེ། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱའོ། །ཤེས་རབ་དང་ཐབས་དག་གིས་ཀུན་རྫོབ་པའི་གསང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བའི་ཕྱིར་ཞེས ་བྱ་བ་ནི་གསར་པའི་དབང་བསྐུར་བའོ།། །།དེ་ནས་འདོད་པའི་ཤེས་རབ་མ་དེ་ཉིད་ལས་ཐ་དད་པ་གཞན་ཡང་རུང་སི་ལ་ག་བུར?་དང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ཕྱག་རྒྱ་གཏད་པར་འོས་པ་སྟེ། གང་གིས་བདག ་ནི་ཁྱོད་དྲིན་ལས། །ལྷན་སྐྱེས་ཡེ་ཤེས་ཐོབ་གྱིས་ཏེ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །དབང་བྱུག་མཆོག་གིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པ་དེ་ལས་སློབ་མའི་ལག་པ་གཡས་པ་དང་དེའི་ལག་པ་གཡོན་བ་སྟེ ་དེ་གཉིས་རང་གི་ལག་པ་གཡོན་བས་གཟུང་ལ། །གཡས་པས་སློབ་མའི་སྤྱི་བོར་རྡོ་རེ་གཟུང་ནས། །འདིར་ནི་ཁྱེད་རྣམས་དབང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དཔའ་བོ་དང་མཁའ་འགྲོ་མ་རྣམས་དབང་ ་དུ་བྱས་ནས། གཟུགས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས ་མིན། །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ཀྱི་ནམ་ཡང་མ་བྱེད་ཅིག་།འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་?་ཤེས ་རབ་མ་གཏད་པར་བྱའོ། །དེས་ཀྱང་དྲི་བཟང་པོ་དང་མེ་ཏོག་གི་ཕྲེང་བས་ལུས་ཉེ་བར་མཛོས་པར་བྱས་ཤིང་རྒོད་ཅིང་དགའ་བའི་བཞིན་གྱི་མདངས་ཀྱིས། བུ་ཁྱོད་སྤྲོ་པ་ཉིད་དམ་ཅིང། །བཤང་གཅི་ལ་སོགས་ཐ?་བ་དང། །ཤ་ཁྲག་ཁུ་བ་དེ་བཞིན ་ཏེ།། བུད་མེད་ལ་གུས་དེ་བཞིན་གཞན། །བྷ་གའི་པདྨར་འབྱོར?་པར། །ཇི་ལྟར་བདེ་བ་བུ་ཡིས་སྨྲོས། །དེ་ལྟར་འདོད་པའི་མཆན་མ་བརྗོད། །དེས་ཀྱང་འདི་སྐད་དུ་སྨྲ་པར་བྱ་སྟེ། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །ཁུ་ཁྲག་ལ་སོགས་པ་བཟའ་ ་སྟེ། །ལུས་ཀྱི་རྟག་ཏུ་བུད་མེད་གུས། །བྷ་ག་ལ་ཡང་འོ་བྱེད་དོ། །དེ་ནས་དེ་དགའ་ཞིང་གུས་པས་ཙན་དང་དང་གུར་ཀུམ་ལ་སོགས་པ་རྣམས་ཀྱིས་རང་གི་འོད་བཞིན་དུ་དྲིས་བྱུགས་ནས་གཅེར་བུར་སློབ་མ་ལ་ཆུ་སྐྱེས་སྟོན་པར་བྱེད་དེ། ་ཨེ་མ་བ?་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོགས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་དགྲོལ་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །དངོས ་པོ་ཀུན་ལ་རྣམ་པར་གནས། །སངས་རྒྱས་མཆོད་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ན་ནི་རྟག་ཏུ་བཞུགས། །བྷཾ་ཛ་མོཀཱ་ཧོ:ཞེས་སོ། །དེ་ནས་རང་ཉིད་འཁོར་ལོ་སྡོམ་པའི་སྐུ་དང་ཤེས ་རབ་ཕག་མོའི་གཟུགས་སུ་བསྐྱེད་ནས་ཧཱི་ཧཱུཾ་དག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་ཨཱ:ོཾ་ཡིག་ལས་སྐྱེས་པའི་ལྟེ་བ་དང་ནོར་བུར་བསམས་ནས་རྡོ་རྗེའི་ཁ་ཕཊ་ཡིག་སེར་པོ་དང་ཤིང་ཡིག་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་ན ་གནས་ཤིང་འདུག་པ་སོར་མོས་ཅུང་ཟད་བསྐུལ་བས་ཤེས་ནས་དེ་བླ་མས་བརྗོད་པ་ལས་སོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲཱ་སྭ་བྷཱ་བཱཏྨ་ཀོ་ཧཾ། ཞེས་བརྗོད་ཅིང། བླ་མས་ཉེ་བར་བསྟན་པའི་དགའ་བའི་དབྱེ་བ་རྣམས་རང་གི་སྙིང་གའི་ས་བོན་གྱི ་འོད་ཀྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་བླ་མས་བྱིན་པའི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཡིད་ཀྱི་དགའ་བ་བརྩམ་པར་བྱའོ། །རྡོ་རྗེ་པདྨར་རབ་གཞག་ནས།། ་བྱང་ཆུབ་སེམས་ནི་དབྱུང་མི་བྱ། །བསྐྱོད་པར་བྱས་ནས་དེ་དགའ་བའི། །སེམས་ཀྱིས་གང་བར་བསྒོམ་པར་བྱ། །ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང། །བྱང་ཆུབ་སྙིང་པོ་མཁའ་འདྲ་བ། །རྡུལ་བྲལ་ཐར་སྟེར་ཞི་བ་ཉིད། །ཁྱོད་ཀྱི་པ་ཡང་རང་ཉིད་དོ། །རྣལ ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་སེམས་འདོར་མི་བྱེད་པ། །དེ་སྲིད་རྒྱུན་མི་འཆད་པ་ཡི། །དགའ་བ་ཅི་ཡང་འཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་ལྟུང?་གྱུར་ན། །དངོས་གྲུབ་ཀུན་གྱི་གཏེར་ཡིན་པས། །ཕུང་པོ་རྣམ་ཤེས་བརྒྱལ ་བ་ལ།། མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་སྦྱོར་བ་ལས། །རེག་པའི་བདེ་བ་རྨད་བྱུང་ཆེ། །གང་དེ་མཆོག་ཏུ་དགའ་བ་ཡི། །བྱེད་པ་པོ་སྟེ་བསྐྱེད་བར་བྱ། །མཆོག་དང་དགའ་བྲལ་དག་གི་དབུས། །བརྟན་པར ་མཚོན་ལ་བརྟག་པར་བྱ། །པདྨའི་ནམ་མཁར་ནོར་བུ་ཡི། །ལྟེ་བ་བསྡོམས་པའི་གནས་སུའོ། །རྡོ་རྗེ་སྐྱིལ་ཀྲུང་གི་སེམས་ནི། །ནོ་འབུར་ནང་དུ་གནས་པར་བལྟ། །གང་གང་ཡེ་ཤེས་སྐྱེ་འགྱུར་བ། །ཡེ་ཤེས་རང་བཞིན་དེ་ཡིས་ཆོག་།འདོད ་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་ཡང་ནི་མི་དམིགས་ཏེ། །རྣལ་འབྱོར་གང་ཚེ་ཡེ་ཤེས་མཐོང། །བདེ་བ་བརྟན་བྱ་འགྱུར་བའང་མིན། །ཐུན་ནས་ཡང་ན་ཉིན་མོ་གཅིག་།ཟླ་བ་འམ་ཟླ་ཕྱེད་ལོ་དང་ནི། །བསྐལ ་པ་འམ་བསྐལ་པ་སྟོང་དུ་ཡང། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །སློབ་མས་ཆ་ཤས་གཟུང་ནས་ནི། །པདྨའི་ལྟོ་བར་ཕྱུང་བ་ན། །དེ་ནས་རོ་མ་ཡིས་ནི་སེམས། །བྱང་ཆུབ་སྔོན་དུ་འགྲོ་བས་གཟུང། །ཤེས་རབ་ལས་ལྷན་ཅིག་སྐྱེས་པའི ་ཡེ་ཤེས་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་སོ།། །།དེ་ནས་ཇི་སྐད་བཤད་པའི་ཆོགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཉིད་ལ་འབྲས་བུར་གྱུར་པ་བཞི་པའི་དབང་སྦྱིན་པར་བྱའོ། །ཡང་གསུངས་པ། ཇི་སྐད་གསུངས་པའི ་ཆོ་གས་དབང་བསྐུར་བ། །སྦྱིན་ནས་སློབ་མའི་མོས་པ་ཡིད་ཀྱིས་བརྟབ། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན། །དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །བཞིན་གྱི་ཆུ་སྐྱེས་རབ་དང་ཞིང། །དགའ་བས་ལུས་ཀྱི་སྤུ་ལྡང་བ། །དེ་ཉིད་མཐོང་ནས ་པར་བྱ་ཞེ་ན། དུ་པ་ལས་ནི་མེར་ཤེས་དང། །ཆུ་སྐྱར་ལས་ནི་ཆུ་ཤེས་པ། །བྱང་ཆུབ་སེམས་དཔའ་ཡི་ནི་རིགས། །བློ་དང་ལྡན་པས་མཚན་མས་ཤེས། །བཞིན་གྱི་ཆུ་སྐེས་རབ་དང་ཞིང། །དགའ་བས་ལུས་ཀྱི་སྤུ་ལྡང་བ། །དེ་ཉིད་མཐོང་ནས ་མཁས་པ་ཡི། །སློབ་མ་དམ་པ་རྗེས་གཟུང་བྱ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས་རབ་ཏུ་འཕེལ་བཞིན་པ། སྒྲིབ་པ་མེད་པ་ཉིད་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི ་ཁྱབ་པའི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནི་བཞི་པའི་དོན་ཡིན་ནོ། །ཡང་གསུངས་པ། དེར་ནི་ཐོག་མ་དབུས་མཛའ་མེད། །སྲིད་མིན་མྱ་ངན་འདས་པ་མིན། །བདག ་མེད་གཞན་ཡང་མེད་པ་སྟེ། །འདི་དེ་མཆོག་ཏུ་བདེ་ཆེན་པོ། །ཡང་གསུངས་པ། རྒྱུ་དང་བྲལ་ཞིང་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་དེས་བར་གསུངས་པ་ན། །ཐམས་ཅད་མཁྱེན་པའང་ཚིག་གི་དབུལ་འགྱུར་བ། །བདེ་པའི་རྒྱལ ་པོ་གཅིག་པུ་རྒྱལ་གྱུར་ཅིག་།བླ་མས་བསྟན་པ་མ་ཡིན་ན། །སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །སུ་ལ་སུ་ཞིག་གིས་ནི་བརྗོད། །བློ་ཡི་སྤྱོད་ཡུལ་མ་ཡིན་པས་ན་ཚིག་གིས་གདགས་པ་མེད། །རྒྱ་ཆེན་པོ ་ལ་བླ་མས་གཞག་པ་གཏམ་གྱི་འཇུག་པ་གཞི། །དེ་ནི་རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་ལ་འདོམས་ཏེ། །དང?་ལྡན་རྣམས་ཀྱི་སྙིང་གི་གནས་སུ་རང་ཉིད་འབྱུང་བ་ཡིན། །འོ་ན་བྱང་ཆུབ་ཀྱི་སེམས་སྐྱེས་པའི་མཚན་ཉིད་ཅི་ཞེ་ན། གཉིད་ལོག ་པ་ཡི་དབང་པོ་བཞིན། །ཡིད་ནི་སྣང་མེད་ཐིམ་འདྲ་བ། །གཡོ་མེད་བཞིན་དཱུང་སྣང་བ་ཡི། །ལུས་ནི་དམ་པའི་བདེ་བས་བརྒྱལ། །དབང་པོའི་སྡེ་རྣམས་འཇུག་པ་མེད་པ་དང། །སྲིད་པའི་ས་བོན་རྣམ་རྟོག་མཛའ་དག་ཉམས། །ཀུན་ཏུ ་དགའ་བ་འདི་དེ་མཁའ་མཚུངས་ཀྱང། །བསིལ་བ་ཐོབ་པའི་མྱོང་བ་ཨ་ལ་ལ། །འདིར་ནི་དབང་ནི་ཐིམ་པར་གྱུར། །བདག་ཀྱང་དེ་བཞིན་སོང་བའི་ཆེ། །ལྷན་སྐྱེས་དགའ་བ་སྦྱིན་བྱེད་པ། །བླ་མའི་ཞབས་ལ་གསལ་བར་དྲིས། །དེ་ཉིད ་གསུངས་པ། གང་ཞིག་ཤར་དུ་ཚེ་ན་དབང་པོ་དང། །ཡུལ་རྣམས་མཉམ་དུ་ནུབ་གྱུར་དེ་ལ་འདུད། །མཁས་དང་འགྲོ་བའི་སྙིང་ལ་ཅི་ཡང་གནས། །ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག་།དེ་བས་ན། འདི་ན་དམ་པའི་བདེ་བའི ་སྟོབས་ལས་བློ། །གང་གི་རྣམ་པར་རྟོག་པ་མཛའ་དག་བཅོམ། །མཁས་པ་དེ་ནི་བྱ་བ་བྱས་པ་སྟེ། །གཞན་པ་དེ་རྣམས་རྐང་གཉིས་ཕྱུགས་ཡིན་ནོ། །གང་དུ་དངོས་དང་དངོས་མེད་བྲལ་ཞིང་དབེན། །རང་གསལ་འཛག་པའི་དགའ་བའི ་རང་བཟིན་རྒྱས། །འདི་ནི་ནམ་མཁའ་ཨི་མཐར་ཡང་ཁྱབ་པར་བྱེད། །རྣམ་པ་ཐམས་ཅད་དང་བྲལ་དྲི་མ་མེད། །དཀྱིལ་འཁོར་ཕལ་ཆེར་དེ་ཡིས་གསལ་བར་མཐོང། །བདེ་བ་ཐམས་ཅད་ཀྱི་ནི་གཞིར་གྱུར་ཏེ། །ལྷན ་ཅིག་སྐྱེས་པའི་དགའ་བ་བཞི་པར་བརྗོད། །དེའི་ཕྱིར་ཐེ་ཚོམ་མེད་པར་སྐུ་གསུམ་གྱི་རྗེས་སུ་འཇུག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཁོ་ན་བཞི་པར་ཤེས་པར་བྱའོ། །ཞེས་བྱའོ། །དེ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མས་བྱ་བ་བྱས ་པ་འདི་བརྗོད་པར་བྱ་སྟེ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ་ཞེས་སོ། །དེ་ནས་བླ་མ་ལ་དེ་བཞིན་གཤེགས་པས ་གསུངས་པའི་ཡོན་དབུལ་བར་བྱ་སྟེ། སྣ་ཚོགས་པའི་རྒྱན་དང་གོས་ལ་སོགས་པ་དང། ཁྱད་པར་དུ་རང་གི་ལུས་སོ་ཞེས་བྱ་བ་ནི་མངོན་པར་དབང་བསྐུར་བའི་ཆོ་གའོ།། །།དེ་ནས་སློབ་དཔོན་གྱིས་རྒྱས་པ་དང ་ཞི་བའི་ཕྱིར་ཚེ་ག་བཞིན་སྦྱིན་སྲེག་བྱའོ། །དེ་ལ་མེའི་ལྷ་མོ་ལ་བསྐྱེད་པར་གྱུར་པ་ན་སློབ་མའི་མཐེ་བོང་ནས་གཟུང་ནས་ཁ་དོག་ལྔའི་སྲད་བུས་ཡང་དག་པར་བཅིངས་པས་སམ། རང་ཉིད་རྒྱས་པ་དང་ཞི་པའི་སྦྱིན་སྲེག་བྱ་སྟེ། མེ ་ལ་མར་གྱིས་བཀང་བའི་མཐར་ཐུག་པ་བྱས་ནས་རྣམ་པ་སྣ་ཚོགས་པའི་མཆོད་པའི་རྫས་རྣམས་ཀྱི་དཀྱིལ་འཁོར་ཆེན་པོ་མཆོང་ཅིང་གང་དང་གླུ་དང་རོལ་མོ་ལ་སོགས་པའི་ཡོ་བྱད་དང་བཅས་པའི་དམ་ཚིག་གི་ཀུན་ཏུ་སྤྱོད་པས ་གཏོར་མའི་ཆོ་ག་རྣམས་ཀྱིས་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་ཚོམ་ཞིང་ཡང་དག་པར་མཆོད་ནས་སྦྱིན་བསྲེག་གི་བྱ་བ་རྫོགས་པར་བྱས་ཏེ། སློབ་མའི་འདོད་པས་ཡོན་སྦྱིན་པ་སྔོན་དུ་འགྲོ་བའི ་མཆོད་པས་དགྱེས་པ་དང། དེ་ནས་འཐོན་ནས་ཕྱི་རོལ་ཏུ་གཞག་པའི་ཕྱོགས་ཀྱི་གཏོར་མའི་མཐར་ཞུགས་ནས་འཁོར་ལོ་ལ་ཕྱག་བྱས་ཏེ། འཁོར་ལོའི་དབང་པོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྔོས་ཏེ་དཀྱིལ་འཁོར་ལ ་ལན་གསུམ་དུ་བསྐོར་ནས་ཤར་སྒོར་འདུག་སྟེ་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང། མ་རྙེད་ཤེས་བྱ་བ་ལ་སོགས་པས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་ཞེས་བྱ་བ་ལ་སོཌ ་པ་དང། ཨོཾ་ཨཱ:ཧཱུཾ་བཛྲ་མུ:ཞེས་བྱ་བས་ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་ནས་དམ་ཚིག་གི་འཁོར་ལོ་བདག་ཉིད་ལ་ནང་དུ་བཅུག་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦབ་དྷརྨམཱ་ཎི་ཨཱ་བྱ་ནུཏདཎན?་ཏྭཱཏ། ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱ:ཧཱུཾ་མུ:? ་ཞེས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་དཀྲོལ་ཞིང་ལག་པར་གནས་པའི་རྡོ་རྗེས་དང་པོར་སྒོ་ནས་བརྩམས་ཏེ་ཚངས་པའི་ཐིག་གི་ལམ་ནས་གཙོ་པོའི་གནས་ཇི་སྲིད་པར་དབྱི་ཞིང་རང་གི་སྤྱི་བོར་རྡུལ་ཆེན?་ཅུང་ཟད ་གཞག་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་སྒོ་རྣམས་དང་མཚམས་རྣམས་ཀྱང་ལག་པར་གནས་པར་རྡོ་རྗེས་དབྱི་བར་བྱའོ། །དེ་ནས་རྡོ་རྗེས་བཅིངས་པའི་མཐེ་བོང་གཉིས་བཅུག་སྟེ་སྡིགས་མཛུབ་གཉིས་བསྟན་པ་བཞིན་དུ་འཁྱིལ ་བ་བྱས་ནས་ཨོཾ་བཛྲ་ཀཱི་ལ་ཨུཏཀི?་ལཱ་ཡ་སརྦ་ཀཱི་ལཱནབ་ཛྲ་དྷ་རཱ་ཛྙཱ་ཡཱ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ(རྒྱུད་འགྲེལ་བཅས་པའི་བརྒྱ་བཟླས་ནས་འོ་མས་བཀྲུ་བར་བྱ་ཞིང་ཕུར་བུའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ཏེ་ཁུང?་བུ་ཡང་དགང་བར་བྱའོ། །ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ཡོང་ན་སྦྱིན་ཞིང་རྡུལ་ཚོན་ལྷག་མ་རྣམས་ནི་རྣམ་པར་རྒྱལ་བའི ་བུམ་པར་བླུག་ནས་གླང་པོ་ཆེ་ལ་སོགས་པའི་གཞོན་པའི་སྟེང་དུ་བཀོད་ནས་གོས་ལ་སོགས་པས་བརྒྱན་ཞིང། རྣལ་འབྱོར་མ་རྣམས་ཀྱིས་གཟུང་བའི་དོ་ལི་ལ་གནས་པའི་སློབ་དཔོན་ནམ་དྲིལ་བུ་དང ་བཅས་པའི་སྒྲ་བཀྲ་ཤིས་ཀྱི་གླུ་དང་སིལ་སྙན་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་སྣོད་ཀྱི་རྣམ་པ་རྣམས་ཀྱིས་ཆུ་ཀླུང་ལ་སོགས་པ་རྣམས་ཀྱི་འགྲམ་དུ་གཞག་ནས་གནས་གཙང་མར་དཀའ་བའི་དྲིས་པདྨ་འདབ་མ་བརྒྱད ་བ་བྱས་པའི་ལྟེ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞག་ནས་དེའི་སྟེང་དུ་དམིགས་པས་རྡོ་རྗེ་སེམས་དཔའ་ཆོ་ག་བཞིན་ཡང་དག་པར་མཆོད་ནས་འདབ་མ་ལས་ཕྱི་རོལ་གྱི་ཆར་བྱེ་མའི་རང་བཞིན་གྱི་ཀླུ་བརྒྱད་རྣམས་འདུས་བྱས་ནས་དེ ་རྣམས་ཀྱི་དོན་གྱི་ཕྱིར་འོ་མའི་གཏོར་མ་བརྒྱད་བརྒྱད་ཁམ་ཕོར་གཙང་མར་འབྲས་ཀྱིས་གང་བའི་སྟེགས་བུ་ལ་གཏོར་མ་དང་མེ་ཏོག་དཀར་པོ་ས་མཆོད་ཅིང་བ་དན་དཀར་པོ་དང། ལྷ་བཤོས་ཆེན་པོ་ལ་སོགས་བ་རྣམས ་འདབ་མ་རྣམས་ལ་གཞག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའ་ལྷག་པའི་གཙོ་བོར་དགུས་སུའོ། །ཤར་གྱི་འདབ་མ་ལ་མཛའ་ཡས། རྒྱུར་པདྨ་ནུབ་ཏུ་འཇོག་པོ། །བྱང་དུ་བཱ་སུ་ཀི་།དབང་ལྡན་དུ་པདྨ་ཆེན་པོ། ་མེར་དུང་སྐྱོང། བདེན་བྲལ་དུ། ཀརྐྐོ་ཊ་ཀཾ། རླུང་དུ་རིགས་ལྡན། ཕྱི་རོལ་ཏུ་ཀླུ་ཐམས་ཅད་ཀྱིས་གང་པར་བསམས་ནས་དེ་ནས་མེ་ཏོག་དཀར་པོས་མཆོད་ཅིང་།ོཾ་ཨཱ:བཛྲ་སཏྭཱ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱ:་ནརྱཱ?་ཡ་ཧཱུཾ་སྭཱཧཱ་། ་ཨོཾ་ཨཱ:པདམཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ:ཏཀྵ་ཀཱ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱ:བཱ་སུ་ཀ་ཡེ་ཧཱུཾ་སྭཱཧཱ། ཨོཾ་ཨཱ:མཧཱ་པདམཱ?་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱ:ཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱ(རྒྱུད་འགྲེལ་རྣམས་ཀྱིས་མངོན་པར་བསྔགས་པའི་མེ་ཏོག་ལ་སོགས་པས་མཆོད་ནས་ལག་པ་གཡོན་པས་གདེངས་ཀའི་ཚུལ་གྱིས་གཟུང་པའི་མེ་ཏོག་ལག་པ་གཡས་པ་བརྐྱང་ནས། ཨོཾ་ཨ་ནནྟ་བཱ་སུ་ཀི་ཏཀྵ་ཀ་ཀརྐྐོ་ཊ་ཀ་པདྨ་མཧཱ་པདྨ་ཤི་ཁ་པཱ ་ལ་ཀུ་ལེ་ཀ་པཱ་ལ་དེ་བ་ཏི་མ་ཧཱ་དེ་བ་ཏི་ས་མཱ་ཤི་ཁིཎྜ་དྷ་ར་མཧཱ་དེཎྜ་དྷ་ར་ཨ་ས་ལ་ལ་ཧུ་ལུཎྜ་ནནདོ་པ་ནན་ད་སཱ་ག་ར་མ་ཧཱ་སཱ་ག་ར་ཏཔཏ་ཤྲཱི་ཀཱནྟི་མཧཱ་ཀནྟི་རཏན་ཀཱནྟི་ས་དྷུ་ས་བྷ་དྲཱ་ཧི་ཀ་མ་ཧོ་དར་ཤི་ལི་ཤི་ལི་མ་ཧཱ་ཤི་ལི། ཨོཾ་བྷཉྫ་བྷཉྫ་ཨཱ་གཙྪ ་གཙྪཱ་མ་ཧཱ་ནཱ་གཱ་དྷི་པ་ཏི་སརྦབ་བྷུ་བ་སྭཱཧཱ། ཞེས་བརྗོད་ཅིང་ཀླུ་རྣམས་ལ་འོ་མའི་གཏོར་མ་བྱིན་ནས་མཆོད་དེ་སྒེག་པའི་དྲིལ་བུས་མཆོད་ཅིང་ཡི་གེ་བརྒྱ་པ་བརྗོད་ནས་བཟོད་པར་གསོལ་བར་བྱའོ། །དེའི་ཚེ་སློབ་མས་ཆུ་ཕྲ་མོའི་རྒྱུན་འབབ་པའི ་ཀླུང་རྣམས་སུ?་རྙོག་པ་མེད་པས་གཟུང་ནས་རྡུལ་ཚོན་གྱི་བུམ་པ་རྣམས་རབ་ཏུ་གཡོ་བ་དང་བཅས་པ་བཟུང་ནས་ཀླུ་རྣམས་ལ་གཏད་པར་བྱའོ། །ོཾ་མི་ལི་མི་ལི་ཧཱུཾ་ཛ:སྭཱཧཱ་ཞེས་བརྗོད་ཅིང་གཤེགས་སུ་གསོལ་བར་བྱའོ། །ཀླུའི་དབང་པོ་རྣམས་ཀྱིས ་ས་འོག་གི་མཐིལ་དུ་སྤྱན་དྲངས་བར་བསམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཆུ་ཀླུང་དུ་ཀླུའི་བ་ངན་དཀར་པོ་བཙུགས་ནས་དུར་བ་དང་མེ་ཏོག་ཀུན་ད་དང་ལྡན་པའི་འོ་མའི་རྒྱུན་དབབ་པར་བྱ་སྟེ་གཤེགས་སུ་གསོལ་བར་བྱའོ། །སློབ་མས ་ནི་ཀུན་ད་དེ་ཉིད་རང་གི་ལག་པར་གཟུང་ནས་དེ་ཉིད་ཀྱིས་བཀྲུས་པའི་བུམ་པས་སོ་སོར་བླངས་ནས་བུམ་པ་དེ་ཆུས་གང་བ་བྱས་ཤིང་བཀྲ་ཤིས་ཀྱི་གླུས་བླ་མའི་སྤྱན་སྔར་འགྲོ་བ་བྱས་ནས་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས ་དཀྱིལ་འཁོར་གྱི་ས་ལ་འོ་མས་བྱས་བའི་མཎྜལ་ལ་བུམ་པ་གཞག་པར་བྱའོ། །བླ་མས་ནི་ཞི་བའི་དོན་དུ་དེ་དཀྱིལ་འཁོར་གྱི་ས་ལ་གཏོར་ནས་རང་ཉིད་ཀྱིས་ཀྱང་གཟུང་སྟེ་གཞན་ལ་ཡང་བྱིན་ནས་ཁྱིམ་ལ་སོགས་པ་བསྟེན ་པར་བྱའོ། །ངེས་བ་བྱུང་གིས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་གཞོན་ནུ་མ་རྣམས་འོ་ཐུགས་ལ་སོགས་རྣམས་ཀྱིས་ཚིམ་པར་བྱ་ཞིང་མཆོད་པར་བྱའོ། །ཞེས་པ་ནི་དཀྱིལ་འཁོར་ཉེ་བར་བསྟུ? ་བའོ། །།དེ་ནས་འཁོར་ལོ་བྱས་ནས་གཏོར་མ་དབུལ་བ་བྱས་ཏེ། སྐྱེ་བོ་དམ་པ་ཚོགས་པའི་སྟོན་མོ་བྱའོ། །དེ་ནས་བྱས་པ་རྣམས་ཀྱིས་མགོན་པོ་རྣམས་ལ་ཡང་གཏད་པར་བྱའོ། །འགྲོ་ལ་ཕན་པའི་བྱ་བར་བཀོད་དེ ་ཆོས་ལ་ཐུགས་གཅིག་པ། ཆོས་མཁས་བློ་ཡི་དབང་པོ་ཆོས་ཀྱི་བློ་གྲོས་མི་ཡི་དབང། །དེ་ཡིས་བདག་ལ་གསོལ་བ་བཏབ་ལས་དཀྱིལ་འཁོར་ཆོ་ག་རྣམས། །ཆེར་གསལ་འདི་བྱས་པ་ནི་སྐྱེ་བོ་གཞན་ལ་ཕན་ཕྱིར་རོ། །ཞེས ་བ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དཔལ་བ་ན་རཏནའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདི་ནི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བློ་གྲོས་ཅན་བསོད ་ནམས་རྒྱ་མཚོའི་སྡེས་ཀུ་སུམ་བྷའི་ཀ་པ་རའི་མེ་ཏོག་དང་བཅས་ཏེ་བསྐུལ་བ་ལས། རྗེ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་འབངས་སུ་གྱུར་པ་གཞོན་ནུ་དཔལ་ཞེས་བྱ་བས་ལྗང་ཕུ་བཀྲ་ཤིས་དགོན་པའི་དབེན་གནས་སུ་བསྒྱུར་བའོ།། །། ་