CLOSE WINDOW

N993: dpal 'khor lo sdom pa'i rab gnas
Wyliee-texts based on the ACIP/ALL Input

། འཁོར་ལོ་སྡོམ་པའི་རབ་གནས་བཞུགས།། *། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པྲ་ཏིཥྛི། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རབ་གནས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ ་གས་རབ་ཏུ་གནས་པར་བྱ་བ་ནི། ཚེ་གྲངས་བཟང་པོ་རྒྱུ་སྐར་རྒྱལ། གཟའ་ཕུར་བུ་ལ་རི་མོ་བྲི་བའམ། ལུགས་སུ་བླུགས་པ་འམ། འབུར་དུ་བརྐོད་པའི་ཁང་པར་ཕྱིན་ལ། ས་སྦྱང་བའམ། མ་སྦྱངས་པའི་གནས་སུ་སའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། ་དཀྱིལ་འཁོར་འདོམ་གང་པ་ལ། བའི་རྣམ་ལྔས་ལེགས་པར་བྱུག་།དྲི་ཞིམ་པོའི་ཆུས་བྱུགས་ལ། དྲིའི་ཐིག་ལི་དང་མེ་ཏོག་གི་ཚོམ་བུ་བཀོད་ལ། ཡོན་ཆབ་མེ་ཏོག་དྲི་ཞིམ་པོ་བདུད་རྩི་ལྔ་དང་ལྡན་པའི་ཆང་བཟང་པོ་བཤམས་ནས། བུམ་པ ་གཅིག་བཅས་ཏེ་དེ་ཡང་གནས་དང་ལྡང་བ་ཉིད་དང་ནི། ཞེས་བྱ་བའི་དེ་ཁོ་ན་ཉིད་དགུའི་དོན་ཇི་ལྟ་བ་བཞིན་བསྒོམས་ལ། གྲངས་ཀྱི་བསྙེན་པ་རྟགས་དང། མཚན་མའི་བསྙེན་པ་བྱས་ནས། སྦྱིན་སྲེག་གཏོར་མ་བྱས་ཏེ། དེ་ནས་རྡོ་རྗེ་སློབ་དཔོན་དག ་པའི་ཁྲུས་བྱས། མཛེས་པའི་གོས་གྱོན། རྒྱན་བཏགས། རྟེན་ལ་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ཏེ། ཁམ་ཕོར་གྱི་སྣོད་དུ་མེ་མདག་བླུགས་ལ། ཐང་ག་ལ་སོགས་བའི་རྟེན་དེའི་བགེགས་བསྐྲད་པར་བྱ་སྟེ། ཞལ་བཞི ་པའི་སྔགས་ཀྱིས་ལག་པ་གཡོན་པས་ཡུངས་ཀར་བླངས་ཏེ། དེ་ལ་གཡབས་ལ་དེའི་བགེགས་བསྐྲད?་པར་བསམས་ལ། མེའི་ནང་དུ་བླུགས་པར་བྱའོ། །དེ་བཞིན་ལག་པ་གཡས་པས་ཀྱང་བྱ་སྟེ། ལན་གསུམ་དུ་བྱའོ། །སྐུ་གཟུགས་སམ། གླེཌ ་བམ་ལ་སོགས་པ་ལ་རབ་གནས་གང་བྱེད་པའི་རྟེན་དེ་རས་ཀྱིས་གཡོགས་ལ་ཧཱུཾ་བྲུཾ་ཤྲཾ་གྱི་སྔགས་ཀྱིས་གཏུམས་པ་བཞག་པར་བྱའོ། །དེ་ནས་ཉི་མ་འཆར་ཁར་དཀྱིལ་འཁོར་གྱི་ཐིག་བཏབ་པ་ལ། ཚོན་དགྱེ་ཞིང་ལྷ་བཀོད་ལ། ། ་དཀྱིལ་འཁོར་གྱི་ཆོ་ག་ནས་བཤད་པ་བཞིན་བྱས་ལ། མཆོད་པ་བཤམས་བུ་མོ་ལྔ་གཡོན་དོས་སུ་ཁྲུས་བྱས། རྒྱན་བཏགས་ལ་བཞག་།ཆོས་འབྱུང་གི་དཀྱིལ་འཁོར་དུ་ཐོད་པའི་སྟེང་དུ་མེ་ལོང་ལ་སིན་དྷུ་རས་བྲིས་ལ་བཞག་གོ་།དེ་ནས་རྟེན་དེ་ལ་ཁྲུས་བྱ ་སྟེ། དཀྱིལ་འཁོར་དེའི་བྱད་ཕྱོགས་སུ། ཁྲུས་ཀྱི་ཁང་པ་ཡིད་དུ་འོང་བ་ཤེལ་གྱི་གཞི་ལ་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང། རིན་པོ་ཆེས་སྤྲས་པ་ལ་སོགས་པ་བྲིས་ལ་ཁྲུས་ཀྱི་ཁང་བ་དེར་སྟེགས་བུའི་སྟེང་དུ་འབོལ་བའི་སྟན་ལ་འདུག ་ལ། མདུན་གྱི་སྟེགས་བུར་རབ་གནས་བྱེད་པར་འདོད་པའི་རས་རིས་སམ། གླེགས་བམ་ལ་སོགས་བ་མདུན་དུ་བཞག་ལ། མེ་ལོང་བརྟེན་པ་ལ་བུམ་པའི་ཆུས་ཁྲུས་གསོལ་ལ། བསྟོད་བ་དབྱངས་དང་བཅས་པ་བྱ་སྟེ། དེ་ལ་བསྟོད་པའི་དབྱངས ་ནི། ཁམས་གསུམ་གྱིས་ནི་བྱ་བ། གསང་བ་གསུམ་གི་གནས་ལས་བྱུང། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡི་ཁྲུས་གསོལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ད་བཞིན་གཤེགས ་ཀུན་ཁྲུས་གསོལ་བ། །ལྟ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། གཟུགས་ཀྱི་ཁུང་པོ་རྣམ་དག་པ། །ཉོན་མོངས་གཏི་མུག་སྤྱོད་བྱེད་པ། །མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་སྐུ་ཁྲུས་གསོལ། །ཚོར་བའི་ཕུང?་པོ་རྣམ་དག་པ། །ཉོན་མོངས་ང་རྒྱལ་སྤྱོད་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །འདུ་ཤེས་ཕུང་པོ་རྣམ་དག་པ། །ཉོན ་མོངས་འདོད་ཆགས་སྤྱོང་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཉོན་མོངས་ཕྲག་དོག་སྤྱོང་བྱེད་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་དབང ་བསྐུར་རོ། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་པ ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་སྐུ་ཁྲུས་གསོལ་ཞེས་པ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་སྣ་སྟ་པྲ་ཏི་ཤ་ཡེ་སྭཱཧཱ། ཞེས་བྱ་བས། འདག་ཆལ་དུ་འོས་པ། སྤྲུལ་འདབ་མ་དང། ཉེ ་ཤིང་དང་བག་ཕྱའི་ཆལ་དང། བའི་རྣམས་ལྔ་དང། ཡུང་བ་དང། འབྲས་ཡོས་དང། ཏིལ་མར་དང། སྤྲང་རྩི་དང། འོ་མ་དང། གན་ཏ་པ་ཏྲ་དང་བཅས་པ། སྐུ་གཟུགས་ཉིད་དང། རས་རིས་དང། པོ་ཏི་ཡིན་ན་མེ་ལོང་གི་སྟེང་དུ་བསྟན ་ཙན་དན་དང། ག་བུར་གྱི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་དང་བཅས་པ་ལ་ཀུ་ཤའི་པིར་གྱིས་བཀྲུ་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱཧཱ། བྱ་བ་དང། ཨོཾ་མ་ལ་སཾ་ཤོ་དྷ་ནི་སྭཱཧཱ། ཞེས་བརྗོད་ཅིང་བུམ་པས་བཀྲུའོ། །སུག་པ་དང ་པུལ་ཏོག་དང། སྤང་མས་ཀྱང་བཀྲུའོ། །དེ་ལྟར་སྐུ་གཟུགས་ལ་སོགས་བ་ལ་ལན་གསུམ་མམ་ལྔའམ་བཀྲུས་ལ། བྱུག་པ་དང་ཁྲུས་མི་བཏུབ་པ་རེས་རིས་ལ་སོགས་པ་རྣམས་ལ་ནི། མེ་ལོང་ལ་བལྟས་ལ་མེ་ལོང་གི་ངོས་ཀྱི་གཟུགས་བརྙན ་ལ་བུམ་པས་ཁྲུས?་གསོལ་བར་བྱའོ། །དེ་ནས་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་པོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་བ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མདའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས ་དང་པོའོ། །དེ་ཡི་ངེས་པར་གསུངས་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས ་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་འབྱུང། །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་བྱ ་བ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་བུམ་པའི་ཆུས་ཁྲུས་གསོལ་ལ། ཕྱོགས་བཅུའི་སངས་རྒྱས་རིགས་པའི་ལྷ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཁྲུས་གསོལ་བར་བསམ་མོ། །གོས་གཙང་མ་དྲིས་བསྒོས་པས་སྐུ་ཕྱིས་བྱས་ཏེ། ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ནི་བླ་གོས་དང། སྣམ་སྦྱར་གསོལ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གོས་སྣ་ཚོགས་དང། ཁྲོ་བོ་རྣམས་ལ་གོས་སྔོན་པོ་དང་དམར་པོ་འབུལ་ཞིང། པོ་ཏི་ཡིན་ན་ཡང་ཞལ་སྦྱར་ལ་ན་བཟའ་ ་གསོལ་བར་བྱའོ། །བཀྲ་ཤིས་དང་ཚིགས་སུ་བཅད་པ་གདོན་པར་བྱའོ། །རྟེན་དང་པོ་སྟ་གོན་ལ་གནས་པའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་སྤྱན་དྲང་བ་འམ། གཙུག་ལག་ཁང་ཡོད་ན་དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་བཅས་པ་དེར་བསྟན ་ལ། བདག་ཉིད་གཙོ་བོ་དང་ཐ་མི་དད་དུ་བསྒོམས་ལ་མཆོད་བར་བྱའོ། །དེ་ལྟར་བདག་ཉིད་དཀྱིལ་འཁོར་ལ་མཆོད་པའི་རྗེས་ལ། ཡོན་བདག་རྣམས་དང། རབ་ཏུ་གནས་པར་བྱེད་པ་རྣམས་ལ། དབང་བསྐུར་ཇི་ལྟར་འོས་པའི་བསྟོད ་པ་བྱས་ལ་བུས་མོ་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་སྣོད་བཟུང་ལ། གཡོན་པས་དྲིལ་བུའི་སྒྲ་སྒྲོགས་ཤིང། དམ་པའི་རྡོ་རྗེ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །རྡོ་རྗེ་འཆང་ཆེན་ཆེ་གེ ་བདག་།ཇི་ལྟར་ནུས་པའི་ངེས་སྤྱད་ཀྱིས། །རིག་པའི་རྒྱལ་པོ་འདི་ཞེས་པའི། །སང་ནི་རབ་གནས་བགྱི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་འདས་ལ་གུས་བདག་ལ། །རྗེས་སུ་གཅས? ་བར་མཛད་པར་རིགས། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང། །གང་ཡང་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང། །རྫོགས་སངས་རྒྱས་གྱི་བསྟན་བ་ལ། །དགའ་དང་རྡོ ་རྗེའི་སྤྱན་མངའ་བ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་ཉེ་བར་བཟུང་ནས་ཀྱང། །ཐུགས་རྗེ་ལྡན་རྣམས་རབ་གནས་མཛོད། །ཅེས་གུས་པས་ལན་གསུམ་བརྗོད་དོ། །ཡང་ཕྱི་ནང་གསང་བས་མཆོད་ལ། ཡི་གེ་བརྒྱ་པ་གདོན། ་རྩ་བའི་དཀྱིལ་འཁོར་སྟ་གོན་ལ་གནས་པར་བྱའོ། །དེ་ནས་ཡང་མཚན་མོ་ཉལ་ནས། ཕྱི་དེ་ནང་པར་ཐོ་རངས་ནས་རྡོ་རྗེ་སློབ་དཔོན་དག་པའི་ཁྲུས་བྱས། མཛེས་པའི་རྒྱན་གྱོན་ལ། རབ་ཏུ་གནས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ ་རྣམས་ཀྱི་གཞལ་ཡས་ཁང་དང་གདན་སྐད་ཅིག་མས་བསམས་ཏེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གཙུག་ལག་ཁང་མཆོད་རྟེན་གྱི་རི་མོར་བྲིས་པ། ལུགས་སུ་བླུགས་པ། འབུར་དུ་བསྟོད་པ་རྣམས་ས་བོན་ཡི་གེ་ཨོཾ་ལ་བསྡུས་ཏེ། དེ ་ཡོངས་སུ་གྱུར་པ་ལས། ཕྱག་མཚན་ས་བོན་དང་བཅས་པ་བསམ་མོ། །དེ་ལས་འོད་འཕྲོས་པས་སེམས་ཅན་གྱི་དོན་བྱས། རབ་ཏུ་གནས་པར་བྱ་བའི་དེ་བཞིན་གཤེགས་པ་རྣམས་ལ་ཕོག་ནས་ཚུར་འདུས་ཏེ། ས་བོན་དང། ཕྱག་མཚན་དང ་བཅས་པ་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པ་ལས་།རྣམ་སྣང་དུ་གྱུར་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །གོ་ཆ་གྱོན་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། རྒྱུད་ནས་འབྱུང་བའི་སྔགས་དང་ཕྱག་རྒྱས་དབང་བསྐུར། རིགས ་ཀྱི་བདག་པོས་དབུ་རྒྱན་གླེགས་བམ་མམ་སྲུང་སྐུད་བགྲང་ཕྲེང་གསུང་སྣང་བ་མཛའ་ཡས་སུ། ལྷའི་མིང་མ་ཤེས་པ། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མཚན་རྡོ་རྗེ་སེམས་དཔའ་ཨི་སྐུ་བསྐྱེད་ཐབས་གོང་དང་འདྲའོ། །དེ ་རྣམས་ལ་ཕྱི་ནང་གི་མཆོད་པ་བྱས་ལ། །རིན་པོ་ཆེ་སྣ་བདུན་དང། བཀྲ་ཤིས་ཀྱི་རྫས་བརྒྱད་ལ་སོགས་པས། འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཆོད་ལ། སྦྱིན་སྲེག་དང། གཏོར་མ་བྱས་ལ། དག་པའི་རྡོ་རྗེ་བཅོམ་ལྡན་འདས། ་རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་བདག་ཉིད། །རིག་པའི་རྒྱལ་པོ་འདི་ཞེས་པའི། །འགྲོ་ལ་ཕན་ཕྱིར་རབ་གནས་བགྱིད། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག་།ཇི་ལྟར་འདོད་པའི་དས་སྦྱོར་ཀྱིས། །ཐམས་ཅད ་འདིར་ནི་རབ་ཞུགས་ནས། །ཐུགས་རྗེ་ཅན་རྣམས་རབ་གནས་མཛོད། །དེ་ནས་སྤྱན་དབྱེ་སྟེ། །མིག་དབྱེ་བ་ནི། ཡེ་ཤེས་ཀྱི་རྣམ་པར་ཤར་དུ་གཞུག་པའི་ཕྱིར་ནང་པར་ཉི་མ་འཆར་ཀར་དངུལ་གྱི་སྣོད་ན་ཡོད་པའི་མར་དང་སྦྲང་རྩི་གསེར ་གྱི་ཐུར་མས་བླངས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བགྱི། །ོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱཧཱ། ཞེས་པས ་གསེར་ལ་སོགས་པའི་ཐུར་མས་སྤྱན་དབྱེ་བར་བྱའོ། །དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལས་བྱས་པའི་རྣ་བྲུང་ཐོགས་ལ། སྒྲ་རྣམས་ཐོས་པས་ཕོངས་གྱུར་པ། །རྒྱལ་བས་ཆོས་ཀྱི་རྡ་བརྡུངས་ལྟར། །དེ་བཞིན་སེམས་ཅན་དོན ་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ོཾ་དི་བྱ་ཀར་ཎ་ཡེ་སྭཱཧཱ། དེ་ནས་ཤངས་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་རྨང་ཚེར་ཐོགས་ཏེ། །ཟག་བཅས་ཕུང་པོ་དྲི་སྤངས་པའི། །འགྲོ་བ་སེམས་ཅན་ཀུན ་གྱི་ཕྱིར། །རྣམ་པར་དག་པའི་དྲི་བརྙེས་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །ོཾ་དིབྱ?་ཛྙཱ་ན་ཡེ་སྭཱཧཱ། དེ་ནས་ཐུར་མ་ཐོབས་ལ་ཞལ་དབྱེ་བར་སྟེ། །ཆོས་ཀྱི་ང་རོ་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ ་ལྡན་ཞལ་རས་དམ་པ་འདི། །དབུལ་ཞིང་བརྒྱལ་བའི་ཞལ་ནི་དབྱེ་བར་བགྱི། །ོཾ་དི་བྱ་མུ་ཁཱ་ཡེ་སྭཱཧཱ། སོ་ཤིང་དབུལ་བ་ནི། རིན་ཆེན་མཆོག་གྲུབ་ཀར་བཱི་ར་ཡིས། །བཀུར་སྟི་རིམ་གྲོ་ཚེམས་ཀྱི་དྲི་བསལ་ལྟར། །བདེ་གཤེགས་གསུང ་གི་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་ཀུན་སྐད་དུ་ཆོས་ཀྱི་དོན་རྟོགས་ཤོག། ཨོཾ་སརྦ་ཀི་ཤབ་ད་ནི་བྷི། གལ་ཏེ་འཁོར་ལོ་སྒྱུར་བའི་ཆ་ལུགས་ཡིན་ན། །དུང་གི་སོ་མངས་ཀྱིས་དབུ་སྐྲ་བཤད་དོ། །དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་སུ ་འཁྱིལ། །རིན་ཆེན་འབར་བས་བརྒྱན་པས་རབ་ཏུ་མཛས། །ལྷ་མི་ཀུན་གྱིས་བལྟ་བས་མི་ངོམས་ཏེ། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་བཤད། ཨོཾ་ཀརྨ་མ་ལ་དྷ་ར་ལི་ཧཱུཾ། རིན་པོ་ཆེའི་དབུ་རྒྱན་དབུལ་བ་ནི། །བདེ་གཤེཌ ་སྐུ་ལ་མཚན་དང་དཔེ་བྱང་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང། །རིན་ཆེན་དོ་ཤལ་སེ་མོ་ངོ་ལ་སོགས། །རྒྱན་གྱི་ཁྱད་པར་དམ་པ་མཆོད་པར་དབུལ། །ོཾ་རཏ་ཨ་ལཾ་ཀཱ་ར་ཧཱུཾ། དེ་ནས་སྦུ་གྲི ་ཐོགས་ལ། རབ་ཏུ་བྱུང་བའི་གཟུགས་ཡིན་ན་སྐྲ་འཇར་བ་དང། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང། །སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི། །ོཾ་སརྦ ་ཤོ་དྷ་ན་ཁཙྪོ་ད་ཧཱུཾ། རྣམ་སྦྱར་དང། བླ་གོས་དང། ཤམ་ཐབས་གསོལ་ནས། ཇི་ལྟར་དམན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུལ?་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །ངོ་ཚ་ཁྲེལ་ཡོད ་གོས་མཆོག་གསོལ་བར་བགྱི། །ོཾ་དི་བྱ་བི་སི་པྲ་ཎ་ཡེ་སྭཱཧཱ། ཆུ་ཚགས་དང། ལྷུང་བཟེད་ལ་སོགས་པ་ཐོགས་ལ། ཨོཾ་པུ་ཀ་ས་བཱི་ར་ཡེ་སྭཱཧཱ། དེ་ནས་ཐུགས་ཀར་རྡོ་རྗེ་བཟུང་ལ། མཚན་དང་དཔེ་བྱད ་ལ་སོགས་པ་བསྐྱེད་བའི་ཕྱིར། དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་བ་དང། བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ། །རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག་།ོཾ་ཏྲ་ཏྲེ་ཤ་མ་ཧཱ་མ་ཧཱ་བུ་རུ་ཥ་ལ་ཀྵ་ཎ་ཤི་ཏི་ཨ་ནུ་བྱཉྫ ་ནཱ་ཡེ་སྭཱཧཱ། བྱང་ཆུབ་སེམས་དཔའ་ཨི་ཆ་ལུགས་ཡིན་ན། སོ་མངས་དང་ཁབ་དང། བསྙུང་བུ་དང། གྲི་གུག་དང། ཆུ་གྲི་རྣམས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བརླབ་བྱའོ? ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེ་བཞེས་པ་བཞིན། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །ོཾ་ཨ་བ་ཡུ་བུ་ག་ས་པ་རི་ཀ་ར་མེ་སྭཱཧཱ་།དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་ལ་ཐུན་མོང་དུ་རིན་པོ་ཆེ་སྣ་བདུན ་དང། བཀྲ་ཤིས་རྫས་བརྒྱད་དང། འཇིག་རྟེན་པའི་བཀྲ་ཤིས་པའི་བིལ་བ་སྟར་ཀ་དང། ཞོ་དང། རས་ཡུག་དཀར་པོ་དང། གདུགས་གསེར་གྱི་ཡུ་བ་ཅན་རྣམས་དབུལ། དང་པོ་ལས་ཐམས་ཅད་པའི་ཆུས་བསངས་ལ། དྲིའི ་ཐིག་ལེ་དང། མེ་ཏོག་ཚོམ་བུ་བཀོད་ལ། ཐེག་མཆོག་བླ་རེ་གདུགས་དང་བ་དན་དང། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་ཏིང་འཕན་དང། །གར?་དང་རོལ་མོའི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར ་བརྒྱན་པར་བགྱི། །ཇི་ལྟར་མི་དབང་འཁོར་ལོ་སྒྱུར་བ་ཡིས། །རིན་ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་བདུན་ཚོགས་རྣམས་དབུལ་བར་བགྱི། །ལྷ་ཡི་རྒྱལ་པོ་ལྷ་མིན ་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་རྣམས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །འཇིག་རྟེན་ཁྱིམ་བདག་རྣམས་ན་དཔལ་བསྟེན་ནས། །སིལ་པ ་ལྟར་ཀ་བུམ་པ་བཟང་དང་བཅས། །མདུན་དུ་བདར?་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །དེ་ནས་འདོད་པ་ལྔའི་ལོངས་སྤྱོད་གཏེར་བཟང་འབུལ་བ་ནི། །གཟུགས་སྒྲ་དྲི་རོ་རེག?་ལྡན་པའི། །མཆོག་ཏུ་གྱུར ་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ོཾ་བཛྲ་དི་བྱ་ཨ་?་ས་མཱ་དྷི་དྷཡཱ་ནི་པྲི་ཎ་ནེ་སྭཱཧཱ། ཞེས་པཱུ་ཛ་ལྔ་ཡང་བྱའོ། །དེ་ནས་འབྱོར་པ་ཡོད་ན་སྦྱིན་སྲེག་བྱའོ། །མེད་ན་སྒྱེད་པོ ་དཀར་པོ་གསུམ་བཙུགས་ལ། ས་ལས་བྱས་པའི་སྣོད་གཙང་མར་དཀར་གསུམ་དང་མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། སྦྱིན་སྲེག་གི་མེ་འམ། རིག་མའི་མེ་ལ་དབྱངས་སྐྱོང་གི་སྔགས་ཟློས་ཤིང་བསྐོལ་པར་བྱའོ། །དེ་ནས་ཙཱ་རུ ་དབུལ་བར་བགྱིའོ། །དེ་ནས་བདུད་རྩི་ལྔ་དང་དཔའ་བོ་ལྔ་དང་བཅས་པའི་ཚོགས་ཀྱི་འཁོར་ལོ་བྱའོ། །དེ་ནས་སློབ་དཔོན་དང། ཡོན་བདག་གཉིས་ཀས་སྐུའི་གདན་ཁྲི་ནས་བཟུང་ནས། མེ་ཏོག་གི་ཕྲེང་བ་ཕུལ་ཏེ། ཇི་སྲིད་མེ་དང?་ཆུ་དང་ནི། ། ་རླུང་གིས་བསྐལ་པ་འཇིག་པར་དུ། །ཡོན་བདག་བསོད་ནམས་སྤེལ་བ་དང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་གནས་སུ་རབ་བཞུགས་ནས། །ལྷ་མོ་སྒྱུ་མའི་མངལ་འཇུག་ལྟར། །དེ ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་པོ་རྟག་ཏུ་འདིར་བཞུགས་ལ། །མེ་ཏོག་ལ་སོགས་འདི་བཞེས་མཛོད། །ཆེ་གེ་མོ་ཡི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་འཕེལ་བར་མཛོད། །ོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། སྨད་དང་སྙིང་ག་? ་པ་རུ། །རྡོ་རྗེ་གསོར་བ་དེ་རྣམས་ལ། །ལན་གསུམ་བསྐོར་ནས་བཞག་པར་བྱ། །ལྟ་རྣམས་བརྟན་པར་འདོད་པ་ཡིས། །བཤད་པར་གྱུར་པའི་ཚིགས་བཅད་གདོན། །བློ་ལྡན་བརྟན་པར་བསམ་པར་བྱའོ། །དེ་ནས་ཕྱོགས ་སྐྱོང་དང། མཧཱ་ཀཱ་ལ་དང། ཡུལ་གྱི་བགེགས་ལ་གཏོར་མ་བྱིན་ལ། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད་ཅེས ་བྱ་བ་དང། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་དབུལ། བདེ་བར་གཤེགས་པ་སྤྲུལ་བའི་སྐུ་བསྲུང་བར་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་བསྲུང་བར་མཛད་དུ་གསོལ་ཞེས་བརྗོད་པ་དང། གཙོ་བོ ་ནུས་པ་མ་མཆིས་པས། །མ་རྙེད་པ་དང་མཚང་བའི། །འདིར་ནི་ནོངས་བགྱིས་གང་ལགས་པའི། །རྨོངས་པ་བདག་གི་ཀུན་བཟོད་མཛོད། །ཅེས་པའི་བཟོད་པར་གསོལ་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག་།འགྲོ་ལ་ཕན་ཕྱིར་སངས་རྒྱས ་ཤོག་།སངས་རྒྱས་མ་ཐོབ་བར་དུ་ཡང། །བདེ་འགྲོ་ཕུན་སུམ་ཚོགས་པར་ཤོག་།ཚེ་འདི་ལ་ཡང་བསམ་གྲུབ་ཅིང། །བར་ཆད་ཐམས་ཅད་ཉེར་ཞི་ཤོག་།ཅེས་དགེ་བ་བསྡོས་ནས། འདི་སྐད་གསུངས་བཞིན་རབ་གནས་པ། །དེ་ནི་ངེས་བྱས ་བྱེད་དུ་བཅུག་།ཁྱེད་ཀྱིས་དེ་ཀུན་ཡོངས་རྫོགས་པས། །ཅི་བདེ་བར་ནི་བཞེས་སུ་གསོལ། །བླ་མ་ཡོང་སུ་མཉེས་གྱུར་ན། །ལས་རྣམས་རབ་ཏུ་འགྲུབ་པར་འགྱུར། །དབུལ་པོ་རྣམས་ཀྱིས་གུས་པ་ཡིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་བསྒོ ་བར་བྱའོ། །རབ་ཏུ་བྱུང་བའི་གནས་བརྟན་དང། །ཁྱིམ་པའི་གཙོ་བོ་རྣམས་ལ་ཡང། །སྙིགས་མ་ལྔའི་དུས་ཀྱི་སྤྲུལ་པའི་སྐུ་འདི་ཡིན་གྱིས། འདི་ཁྱེད་ཀྱིས་མ་ཉམས་པར་བསྲུངས་ཤིག་ཅེས་བཅོལ་བར་བྱས་ལ། ལུགས་མའམ་རས ་རིས་སམ་པོ་ཏི་ཡིན་ན། ན་བཟའ་བཟང་པོ་ལ་དྲངས་ལ། ཤིང་རྟལ་བསྐྱོན་ནས་དྲི་ཐིག་ལེ་བྱས་ཏེ། འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར། གྲོང་ཁྱེར་རྣམས་བསྐོར་བར་བྱའོ། །ཡོན་བདག་དང་སློབ་མ་རྣམས་ཀྱིས་སྐུ་གཟུགས་ལ་ཕྱག་འཚལ་བ་དང། ་མཆོད་པ་དང་བསྐོར་བ་དང། གླུ་དང་གང་དང། རྒྱན་གདགས་པ་དང། བཀྲ་ཤིས་བ་རྣམས་བྱེད་དུ་གཞུག་།དཀྱིལ་འཁོར་ནི་རང་རང་གང་ཡིན་པའི་དཀྱིལ་འཁོར་སྒྲུབ་པའི་ཆོ་གས་རབ་ཏུ་གནས་པར་བྱས་ལ། དེ་ནས་རབ་གནས་ལ་ཕུལ་བའི་རྫས་ཀྱི ་ལྷག་མ་རྣམས་ནི། དེ་བཞིན་གཤེགས་པའི་ལྷག་མ་ཟོས་ཤིང། སྡིག་པ་འདག་བར་བྱེད་པས། རང་དང་སློབ་མས་བཟའ་བར་བྱའོ། །སྤྱད་དུ་བཏུབ་པ་རྣམས་ནི། ཨོཾ་སྭ་བྷཱ་བས་བསངས་ལ་བཞག་གོ་།རིག་པའི་བསྲུང་བ་དང། བགྲང ་ཕྲེང་ནི་སྐད་ཅིག་ཙམ་གྱིས་བྱའོ། །དཔལ་འཁོར་ལོ་སྡོམ་པའི་ཆོ་ག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང། ལོ་ཙ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་པའོ།། །། ་