CLOSE WINDOW

N989: rje btsun dpal he ru ka sgrub pa'i thabs mdor bsdus pa zhes bya ba
Wyliee-texts based on the ACIP/ALL Input

རྫོགས་སོ།། །།སློབ་དཔོན་དེ་ཉིད་དང། ལོ་ཙ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །རྒྱ་གར་སྐད་དུ། ཤྲཱི་སྟེ་ཧེ་རུ་ཀ་བྷཊཊཱ?་ར་ཀ་པྲ་སཱ་དྷ་ནོ་པ་ཡི་ཀ་པཎྜི་ཀི ་ནཱ་མ། བོད་སྐད་དུ་།རྗེ་བཙུན་དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པེ་མལ་ནས་ལངས་ཏེ། གདོང་ལ་སོགས་པ་དག་པར་བྱས་ཏེ། བདུད་རྩི་ལྔའི་རིང་བུ་ཁར ་བཅུག་ལ། ཨཱ་ལི་དང་ཀཱ་ལི་ལན་གསུམ་བརྗོད་ནས། སྟན་འཇམ་པོ་ལ་གནས་ཤིང་ལུས་དྲང་པོར་བྱས་ཏེ། སྣའི་རྩེ་མོར་བལྟས་ནས། སོའི་རྒྱལ་པོའི་བར་མཚམས་ཀྱིས་སྐྲའི་རྩེ་མོ་ཙམ་ལ་ཡང་དག་པར་རེག་ཅིང། རི་བོ་ལྟར་མི་གཡོ ་བར་གནས་པར་བྱའོ། །དེ་ནས་ཕུང་པོ་ལྔ་དང་རང་གི་ལྷའི་ང་རྒྱལ་བསྐྱེད་ཅིང། རང་དང་གཞན་ལ་ཕན་པའི་ཕྱིར་འོག་ནས་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཀྱི་གཟུགས་ཆོས་འདིས་བསྒོམ་པར་བྱའོ། །རེ་ཞིག་དང་པོ་ཨོཾ་སུཾ་བྷ་ནི ་སུཾ་བྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་པ་ཡ་གྲིཧྞཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་པི་དྱཱ་རཱ་ཛ་ཧུཾ་ཧུཾ་ཕཊ། ཨོཾ་གྷ:གྷ:གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱ་ན་ཕཊ། ཨོཾ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀྩིཏྟཾ་བཛྲཱི་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཀོ་ཏ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སེ་གོལ་བརྡབ་པར་བྱའོ། །དེ་ནས་རང་གི་སྙིང་གི་ནམ་མཁར་མདོག ་སེར་པོ་ཡི་གེ་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་དང། ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་ཟླ་པ་དཀར་པོ་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཁ་སྦྱར་གྱི་དབུས་སུ་ཡི་གེ་ཧཱུཾ་ནག་པོའི་འོད་ཟེར་གྱིས་བླ་མ་དང་སངས ་རྒྱས་ལ་སོགས་པ་མཆོད་ཅིང། སྡིག་པ་བཤགས་པ་ལ་སོགས་པ་བྱ་ཞིང། མདུན་དུ་ཨོཾ་ཧཱུཾ་ཨཱ:གྲངས་ཇི་ལྟ་བ་བཞིན་དུ་དཀར་པོ་དང་སྔོན་པོ་དང་དམར་པོའི་ས་བོན་གསུམ་བལྟས་དབུས་ཀྱིས་ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེའི ་དབུས་མའི་རྩེ་མོ་ལ་ཡི་གེ་ཧཱུཾ་བལྟས་ལ། དེའི་ཡི་གེ་གསུམ་གྱི་འོད་ཟེར་གྱིས་སེམས་ཅན་གྱི་ཁམས་སྦྱང་ཞིང། ཡང་བསྡུས་ཏེ་རང་རང་གི་ས་བོན་ལ་ཞུགས་སོ། །དེ་ནས་ཨོཾ་ནི་ཨཱ(རྒྱུད་འགྲེལ་མོ་ནི་རྡོ་རྗེ་ལའོ། །རྡོ་རྗེ་ནི་ཨའུ་ལའོ། །འུ་ནི་ཧ་ལའོ། །ཧ་ནི་མགོ་བོ་ལའོ། །མགོ་ནི་ཟླ་ཚེས་ལའོ། །ཟླ་ཚེས་ཐིག་ལེ་ལའོ། །ཐིག་ལེ་ཡང་སྒྲའོ། །སྒྲ་ནི་སྒྲ་ཙམ་ལའོ། །དེ་ལྟར་རིམ་གྱིས་བསྡུས་ཤིང། ཁམས་ཕྲ་བ་ལ་ཞུགས་ཤིང་སྣོད ་ཀྱི་འཇིག་རྟེན་སྤངས་ལ། ཅིག་ཅར་དུ་ཁམས་ཕྲ་བ་ལ་ཨཱ་ཀཱ་ལིའི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། རང་གི་བདག་ཉིད་ཧེ་རུ་ཀའི་གཟུགས་སུ་བལྟ་བར་བྱའོ། །བཅོམ་ལྡན་འདས་ནི་ཞལ་བཞི་པ། སྤྱན་གསུམ་པ། སྐུ་མདོག་ནག་པོ་ཕྱག་བཅུ ་གཉིས་པ། གཡས་བརྐྱང་བའི་སྟང་སྟབས་ཅན། འཇིགས་བྱེད་ཆེན་པོ་དང་དུས་མཚན་མོ་ཞབས་ཀྱིས་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་པོ་ལ་རྡོ་རྗེ་དང་དྲིལ་བུ་།སྟེང་གི་ཕྱག་གཉིས་པ་ལ་གླང་པོ་ཆེའི་པགས་པ ་བསྣམས་པ། གཡས་པའི་གསུམ་པ་ན་ཅད་ཏེའུ། བཞི་པ་ལ་དགྲ་སྟེ། ལྔ་པ་ལ་གྲི་གུག་།དྲུག་པ་ལ་རྩེ་གསུམ་འཕྱར་བ། གཡོན་གྱི་གསུམ་པ་ལ་ཁ་ཊཝཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ཁྲག་གིས་གར?་བའི་ཐོད་པ། ལྔ་པ་རྡོ་རྗེ་ཞགས?་པ། དྲུག་པ ་ཚངས་པའི་མགོ་པོ་བསྣམས་པ། རལ་པའི་ཅོད་པན་ཅན་ཟླ་གམ་དང་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཞལ་འགྱུར་ཞིང་མཆེ་བ་རྣམ་པར་གཙིགས་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། ཞལ་གཡོན་པ་སེར་པོ། ནུབ་པདྨ་རཱ་ག་དང་འདྲ་བ། གཡས ་པ་མརྐཏ་ལྟ་བུ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། རྒྱུ་མ་ལ་བརྒྱུས་པའི་མི་མགོའི་ཕྲེང་བ་བསྣམས་པ། མགུལ་རྒྱན་དཔུང་རྒྱན་རྣ་ཆ་དང། སྤྱི་བོ་ནོར་བུས་རྣམ་པར་བརྒྱན། མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་ནི ་རབ་ཏུ་གྲག་།ཕ་རོལ་ཕྱིན་དྲུག་རྣམ་དག་པ། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་མདུན་དུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ་དབུ་སྐྲ་བཀྲོལ་བ། གཅིར?་བུ་དུམ་བུས ་བརྒྱན་པའི་སྐ་རགས་ཅན། འཁྱུད་པའི་ཕྱག་གཉིས་ཀྱི་གདུག་པ་དང་བདུང་ལ་སོགས་པའི་ཁྲག་གིས་གང་བའི་སྣོད་བསྣམས་པ། གཡས་པས་ནི་ཕྱོགས་ཐམས་ཅད་ཀྱི་གདུག་པ་ལ་སྡིགས་མཛུབ་མཛད་པའི་རྡོ་རྗེས་མཚན་པའི་གྲི་གུག ་བསྣམས་པ། བསྐལ་པའི་མེ་ལྟར་འཇིགས་པ་ཆེ། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། །བྱིན་པ་གཉིས་པོ་འཁྱུད་ནས་ནི། །བདེ་ཆེན་ཐུགས་རྗེའི་བདག་ཉིད་དོ། །མཁའ་འགྲོ་མ་དང་ལཱ་མ་དང། །དུམ་སྐྱེས་མ་དང་གཟུགས་ཅན་མ། །དངོས ་གྲུབ་ཐམས་ཅད་རབ་སྩོལ་བཞི?་ཕྱོགས་ཀྱི་འདབ་མ་རྣམས་ལ་དགོད། །ནག་དང་སེར་དང་དམར་དང་ལྗང། །ཞལ་གཅིག་མ་ལ་ཕྱག་བཞི་མ། །གཡོན་པ་ཐོད་པ་ཁ་ཊཝཱཾ་དང། །གཡས་པ་ཅད་ཏེའུ་གྲི་གུག་བསྣམས། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ།། ་གཡོན་བརྐྱང་ཕྱོགས་ཀྱི་གོས་ཅན་ཏེ། ཞལ་ནི་མཆེ་བ་རྣམ་པར་གཙིགས། ཕྱག་རྒྱ་ལྔ་ཡིས་སྐུ་བརྒྱན་པའོ། །བྱང་ཆུབ་སེམས་ཀྱིས་གང་བ་ནི། །གྲཝ་བཞི་ལ་ནི་ཐོད་བཞི་གནས། །ཤར་དང་བྱང་ནུབ་ལྷོ་སྒོ་རུ། །ཁྭ་དང ་འུག་པ་ཁྱི་དང་ནི། །ཕག་གི་གདོང་ཅན་དེ་བཞིན་དེ། །མེ་དང་བདེན་བྲལ་རླུང་མཚམས་དང། །དེ་བཞིན་དབང་ལྡན་མཚམས་སུ་ཡང། །གཤིན་རྗེ་སྲེག་མ་གཤིན་རྗེ་ཡི། །ཕོ་ཉ་གཤིན་རྗེ་མཆེ་བ་མ། །དེ་བཞིན་གཤེགས་རྗེ་འཇོམས་མ་དགོད། །ཇི་ལྟར་མཁའ་ ་འགྲོ་མ་ལ་སོགས། །ཁྭ་གདོང་ལ་སོགས་དེ་བཞིན་ལྟ། །དེ་བཞིན་གྲཝ་ཡི་ལྷ་མོ་རྣམས། །ཡིད་འཕྲོག་མཛེས་པའི་གཟུགས་གཉིས་འཛིན། །ཡི་དགས་གདན་ཅན་དྲག་པོ་ཆེ། །མཆོག་ཏུ་འགྲོ་བའི་དོན་མཛད་པའོ། །ོཾ་ཤྲཱི་བཛྲ་ཧེ་ཧེ་དུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ ་ཌཱ་ཀི་ནི་ཛཱ་ལ་ཤོཾ་བ་རཾ་སྭཱཧཱ། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཌཱ་ཀཾ?་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རུ་པཾ་ཎཱི་ཡེ་ཧུཾ ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨ་ཤྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌཧཱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ན་ཧུཾ་ཧཱུཾ་ཕཏ། སྐྱེ་བོ་ཀུན་ལ ་?་ཆགས?་མེད་པའི?། །དམ་ཚིག་ལྡན་ཞིང་བདེ་མཆོ་སྟོན། །བླ་མ་ལ་གུས་སྙིང་རྗེ་ཅན། །སྐྱེ་དང་སྐྱེ་བར་བདག་གྱུར་ཅིག་།ལག་ན་རྡོ་རྗེ་དྲིལ་བུ་བསྣམས། །ཟབ་མོའི་ཆོས་ནི་སྟོན་བྱེད་པའི། །བཙུན་མོའི་ཤུཀྲ་ལེན་པ་པོ། །སྐྱེ་དང་སྐྱེ་བར་བདག ་གྱུར་ཅིག་།ཅེས་བྱ་བ་ནི་སྨོན་ལམ་མོ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅི་ལྟར་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འགྲོ་བའི་དོན་དུ་གཤེགས། །མུ:ཞེས་པས་གཤེགས་སུ ་གསོལ། །ོཾ་ཨ་ཀཱ་རོ་མུ་ཁོཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏཔཱནྣ་ཏྭད་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་ཅིང་ཨུཏཔ་ལའི་ཕྱག་རྒྱ་བཅས་ལ་གཏོར་མ་བཏང་ངོ། །དཔལ་རྗེ་བཙུན་ཧེ་རུ་ཀའི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་བྲམ་ཟེ་བྷྲི?་ཀ་རའི་ཞལ ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གཞོན་ནུ་བུམ་པའི་ཞབས་ཀྱིས་བསྒྱུར། །སླད་ཀྱིས་པཎྜི་ཏ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས། ལོ་ཙ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་དག་བྱས་པའོ།། །། ་