| Wylie | e-texts based on the ACIP/ALL Input |
སཱཙྪའི་ཆོ་ག་མཧཱ་བྲཛྙཱ་རཀྵིས་ཏས་མཛད་པ། ལོ་ཙ་བ་བཤེས་གཉེན་བ་རིས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙཀྲ་སཾམྦ?་ར་སཱ་དྷ་ནཾ། བོད་སྐད་དུ། འཁོར་ལོ་སྡོམ་བའི་སྒྲུབ་ཐབས། རྡོ་རྗེ ་དྲག་པོ་ལ་ཕྱག་འཚལ་ལོ། །སྐུ་གསུམ་དྲི་མ་གསུམ་སྤངས་པའི། །རྡོ་རྗེ་དྲག་པོ་ཕྱག་འཚལ་ཏེ། འཁོར་ལོ་བདེ་མཆོག་བདག་ཉིད་ཀྱི། །སྒྲུབ་ཐབས་ཡན་ལག་མཆོག་བཤད་བྱ། །དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་བས ་ལག་པ་དང་རྐང་པ་དང་ཁ་ལ་སོགས་པ་དག་པར་བྱས་ནས་ཡིད་དང་མཐུན་ཞིང་མངོན་བར་འདོད་བའི་ཕྱོགས་ཅིག་ཏུ་ཁ་ལྷོ?་ཕྱོགས་བལྟས་བར་གྱུར་བ་ཡིས་འཇམ་བའི་སྟན་ལ་འདུག་།བདུད་རྩི་ལྔའི་རི་ལུ་ཁར་བཅུག་སྟེ་ས་ཕྱོགས ་དེར་ནི་བྱ་རོག་དང། འུག་པ་དང་ཅེ་སྤྱང་དང་དུམ་བུ་དང་རིལ་པོ་དང་ཚིག་པ་དང་མ་ཚིག་བའི་འཇིགས་པར་བྱེད་པའི་རོ་ལ་སོགས་པའི་འཁོར་གྱིས་ཡོངས་སུ་བསྐོར་བའི་དུར་ཁྲོད་ཆེན་པོ་རབ་ཏུ་བསམས་ལ། མགུལ་རྒྱན་དང། རྣ་རྒྱན ་དང། ལག་རྒྱན་དང། སྤྱི་བའི་ནོར་བུ་དང། ཐལ་བ་དང་མཆོད་ཕྱིར་ཐོགས་དང་ཕྱག་རྒྱ་དྲུག་གིས་བརྒྱན་པའི་བདག་ཉིད་དུ་དམིགས་ཏེ། བསྲུང་བའི་དོན་ཏུ་གཏི་མུག་ལ་སོགས་པའི་རབ་ཏུ་གསུམ་བསམས་ཏེ། སེམས་ཅན་ཐམས ་ཅད་ལ་ཕན་པ་དང། བདེ་བའི་རྒྱུར་བདག་དཔལ་ཧེ་རུ་ཀ་ཡིན་ནོ། ཞེས་སྨོན་ལམ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་འོག་ནས་འབྱུང་བའི་རིམ་པས་སྐད་ཅིག་གིས་རྡོ་རྗེ་དྲག་པོའི་རྣལ་འབྱོར་དང་ལྡན་པས། ཨོཾ་ཨ་ཨཱ་ཨི་ཨའི་ཨུ་ཨའུ ་རི་རཱི་ལི་ལཱི་ཨེ་ཨི། ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་བའི་ཡི་གེ་གསུམ་གོ་རིམ་ཇི་ལྟ་བ་བཞིན་དུ་སྤྱི་བོ་དང། མགྲིན་པ་དང་སྙིང་གར་བསམས་ལ། ཧེ་ཞེས་བྱ་བ་རྒྱུ་དང་བྲལ་བའོ། །རུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོག་པ་དང་བྲལ་བའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་གང་དུ་ཡན་མི ་གནས་པའོ་ཞེས་བྱ་བས་ཡི་གེ་གསུམ་གྱི་དོན་ལ་ལྷག་བར་མོས་ཏེ་ཡི་གེ་གསུམ་གྱིས་ཁམས་གསུམ་དང་བདག་ཉིད་མ་ལུས་པ་སྣང་བ་མེད་པར་བྱས་ནས། དེ་ལྟར་བྱས་ཤིང་གནས་པར་བསམ་པའི་རྗེས་སུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཧེ་རུ་ཀ་ཞེས ་བྱ་བའི་ཡི་གེ་གསུམ་གྱི་ངོ་བོའི་རང་བཞིན་ཨོཾ་དང་ཨཱ(རྒྱུད་འགྲེལ་དམིགས་བ་དེ་ལས་བྱུང་བའི་དེའི་རྣམ་པ་ཅན་གྱི་འོད་ཟེར་ནམ་མཁའ་ཨི་ཁམས་ཁོར་ཡུག་ཆེན་པོའི་བར་དུ་ཁྱབ་པར་བྱས་ལ་སེམས་ཅན་མ་ལུས་པའི་དོན་བྱེད་པ་ལ་ཞུགས་ཏེ། ལྕགས་ཀྱུའི་རྣམ་པ་ཅན་གྱིས་འོད་ཟེར་དེ་གོང་གི་ཡི་གེ་གསུམ་ལ་གཞུག་གོ། ་ཨོཾ་ནི་ཨཱ་ལའོ། །ཱ་ནི་རྡོ་རྗེ་ལ་སྟེ་རིམ་བཞིན་དུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་ལྟེ་བ་ལའོ། །ཡང་ཧཱུཾ་ལའོ། །ུ་ཧ་ལའོ། །ཧ་མགོ་ལའོ། །མགོ་བོ་ཟླ་བྱེད་ཀྱི་རྣམ་པ་ལའོ། །དེ་ཡང་ཐིག་ལེ་ནི་སྒྲ་ཙམ་སྟེ ་ཡང་དམིགས་པར་བྱའོ། །དེ་ལྟར་མ་ལུས་ཤིང་ལུས་པ་མེད་པར་ཁམས་གསུམ་གྱི་སྒྲ་ཙམ་གྱི་རྣམ་པར་གནས་པར་བསམས་ལ། དེ་ནས་ལཱ་མའི་རང་བཞིན་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་མདོག་སྔོན་པོ་རྒྱལ་མཚན་གྱིས་མཚན ་པའི་གཞུའི་རྣམ་པ་བསམས་ལ། དེའི་སྟེང་དུ་དུམ་སྐྱེས་མའི་རང་བཞིན་རཾ་ཡོངས་སུ་གྱུར་པ་ལས། གྲུ་གསུམ་དམར་པོ་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མཁའ་འགྲོ་མའི་རང་བཞིན་བཾ་ཡོངས་སུ་གྱུར་པ་ལས་ཟླུམ་ཞིང་དཀར་བའི་ཆུའི་དཀྱིལ ་འཁོར་རོ། །དོའི་སྟེང་དུ་གཟུགས་ཅན་མའི་རང་བཞིན་ལཾ་ཡོངས་སུ་གྱུར་པ་ལས་གྲུ་བཞི་མདོག་སེར་བ་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཀཾ་ཡོངས་སུ་གྱུར་པ་ལས་རུས་སྦལ་ལཾ་ཐོད་པའོ། །དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་བར་མཚམས་མེད་པའི་སྣ ་ཚོགས་རྡོ་རྗེ་ཉེ་བར་དམིགས་ལ། དེའི་ལྟེ་བར་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་བསམ་མོ། །དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལས་རི་བདུན་གྱིས་ཡོངས་སུ་བསྐོར་བའི་གྲུ་བཞི་པ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ ་ཡོངས་སུ་བསྒོམ་བར་བྱའོ། །དེའི་སྟེང་དུ་པདྨའི་ཟེ་འབྲུ་དང་བཅས་པའི་འདབ་མ་བརྒྱད་པ་དམིགས་ལ་པདྨའི་ཟེ་འབྲུའི་སྟེང་དུ་ཨཱ་ལི་ཀཱ་ལི་བཀོད་ནས། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་རྒྱ་ཆེ་ཞིང་ཡོངས་སུ་རྫོགས་པའི་ཟླ་བའི ་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་གནས་པའི་སྒྲ་ཙམ་ལ་ཐིག་ལེའོ། །ཐིག་ལེ་ལས་ཟླ་ཕྱེད་ཀྱི་རྣམ་པའོ། །དེ་ནས་མདོ་པོ་ལས་ཧ། ཧ་ལས་ཧུ། དེ་ལྟར་རིམ་པས་ཧཱུཾ་ངེས་པར་རྫོགས་པར་བྱས ་ལ། ནམ་མཁའ་ཨི་ཕྱོགས་ནས་དཀྱིལ་འཁོར་གྱི་དབུས་སུ་འཇུག་པར་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མགོན་པོ་རྡོ་རྗེ་ཕག་མོ་ལ་འཁྱུད་པ།། ཞལ་བཞི་པ་སྤྱན་གསུམ་པ་མན་ངག་གི་ཕྱག་བཅུ་གཉིས་དང ་པོའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་ཕག་མོ་ལ་མཉམ་པར་འཁྱུད་པའོ། །གཉིས་པའི་ཕྱག་གཉིས་ན་ཁྲག་འཛག་པའི་གླང་པོ་ཆེའི་པགས་པ་རྒྱབ་ཏུ་བསྣམས་པའོ། །གཡས་པའི་ཕྱག་བཞིན་རྩེ་གསུམ་དང་གྲི་གུག ་དང་དགྲ་སྟ་དང་རྡེ་ཆུང་བསྣམས་པའོ། །གཡོན་པའི་ཕྱག་བཞི་ན་རྡོ་རྗེས་མཚན་བའི་ཁ་ཊཝཱཾ་ག་དང་ཐོད་པ་དང་ཞགས་པ་དང་ཚངས་པའི་མགོ་བོ་བསྣམས་ཤིང་འཆང་བའོ། །པདྨའི་ཞལ་བཞི་ཕྱག་དྲུག་དང་ལྡན་པ། དཔྲལ་བའི་མཛའ་རུ་རྡོ་རྗེ་ཕྲེང ་བས་གཅིངས་པ། དེ་དང་ཉེ་བའི་སྟེང་དུ་ཐོད་པ་རྣམ་པ་ལྔ་བཅིངས་པ་ལྷ་མོའི་ངོ་བོ་ཉིད་དོ། །རལ་པའི་ཅོད་པན་གྱིས་བརྒྱན་པའོ། །གཡོན་ཕྱོགས་ཀྱི་ཆར་ཟླ་བ་ཕྱེད་པ་བཞག་པའོ། །སྤྱི་བོར་སྣ་ཚོགས་རྡོ་རྗེ་དབུས་སུ་མི་བསྐྱོད་པས་མནན ་ཞིང་འཆང་བའོ། །མགོ་བོའི་ཕྲེང་བ་བརྒྱ་ཕྱེད་པས་སྐུ་ལ་བརྒྱན་པ། སྟག་གི་པགས་པ་ཁྲག་འཛག་པའི་ཤམ་ཐབས་ཅན། རུས་པའི་ཕྲེང་བ་རྐེད་པའི་ཕྱོགས་སུ་བཅིངས་པའོ། །ཞལ་དང་པོ་དང་ལུས་ཐམས་ཅད་ནི་དུ་བའི་མདོག་ལྟ་བུའོ། །ལྗང་གུ ་དང་དམར་པོ་དང་སེར་པོ་ནི་གཡོན་པ་དང་རྒྱབ་དང་ལྷོ་ཕྱོགས་ཀྱི་ཞལ་ལོ། །ཡི་དགས་ཆེན་པོ་མནན་པ། གདུག་པ་ཅན་ཐམས་ཅད་འཇོམས་པའི་གཟུགས་སུ་རྣལ་འབྱོར་ཆེན་པོ་དམིགས་ཤིང་བརྟན་པར་བྱས་པས་རྡོ་རྗེ་ཕག་མོ་ལ་ཡང་ཐལ་བ་དག ་དཔྲལ་བའི་ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པའོ། །རུས་པའི་སྐ་རགས་ལ་སོགས་པས་བརྒྱན་པའོ། །ཕྱག་གཉིས་པ། ཞལ་ཅིག་པ་མགོན་པོ་དཔའ་བོའི་བདག་ཉིད་ཀྱི་སྐུ་ལུས་འདྲ་བའོ། །མིའི་རྒྱུ་མ་དང་ཁྲག་གིས་བཀང་བས་གཉིས་ཀའི་ཁར ་གསོལ་བའི་ཐོད་པ་གཡོན་པའི་ཕྱག་ན་བསྣམས་པའོ། །བདུད་ཐམས་ཅད་ཚར་གཅོད་པ་ལ་ཕྱེད་དུ་བྱས་པའི་སྡིགས་མཛུབས་དང་བཅས་པའི་རྡོ་རྗེ་གཡས་པའི་ཕྱག་ན་བསྣམས་པའོ། །སྐྲ་གྲོལ་བ ་གཅེར་བུ་རུས་པའི་ཕྲེང་བས་བརྒྱན་པའི་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། །པདྨའི་འདབ་མ་ལ་མདུན་དུ་མཁའ་འགྲོ་མ་མདོག་ནག་པོའོ། །གཡོན་དུ་ལཱ་མ་ལྗང་གུའོ། །རྒྱབ་ཏུ་དུམ་སྐྱེས་མ་དམར་མོའོ། །གཡས་སུ ་གཟུགས་ཅན་མ་མདོག་སེར་པོའོ། །དབང་ལྡན་ལ་སོགས་པའི་མཚམས་བཞིར་ཐོད་པ་ལ་གནས་པའི་དྲི་ཆེན་དང་དྲི་ཆུ་དང་རང་འབྱུང་གི་མེ་ཏོག་དང་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་བསྒོམ་པར་བྱའོ། །དེ་ལ་ལྟེ་བར་གཅིག་ཏུ་བྱས་པ ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུག་ཅན་མའོ། །རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །རྟ་མགྲིན་དང། ཤཽ་ཎ་ཌི་ནིའོ། །ནམ་མཁའ་ཨི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །པདྨ་གར་དབང་དང་སྟོབས ་མཆེའོ། །རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མའོ། །རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མའོ། །སྐུའི་འཁོར་ལོ་སེར་པོའོ། །རྩིབས་བརྒྱད་དང་མདོག་སེར་པ་སྟེ་རྐེང་པའི་ཕྱོགས་སུ་གནས་པའོ། །དེའི་སྟེང་དུ་ཨད་གུ་རེ་དང་ཨི་ར་བ ་ཏིའོ། །རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །རབ་ཏུ་བཟང་པོ་དང་སྔོ་བསངས་མའོ། །རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། ། ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །མིག་མི་བཟང་དང་ཁྭ་གདོང་མའོ། །རྩིབས་བརྒྱད་ནི་དམར་བ་སྟེ་གསུང་གི་འཁོར་ལོ་ནི་དམར་པོའོ། །ནུ་མའི་བར་དུ་གནས་པའོ། །དེའི་སྟེང་དུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ། ། ་རྐེང་རུས་ཆེན་མོ་དང། གཏུམ་མའི་མིག་ཅན་མའོ། །ཀཾ་ཀ་ལ་དང་འོད་ལྡན་མའོ། །མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །ལྷ་དགྲ་དང་བརྟན་པའི་བློ་ཅན་མའོ། །འོད་དཔག་མེད་དང་མི་ཐུང་མའོ། །རྡོ་རྗེ་འོད་དང་ལངཀའི ་དབང་ཕྱུག་མའོ། །རྡོ་རྗེ་སྐུ་དང་ཤིང་གྲིབ་མའོ། །ཐུགས་ཀྱི་འཁོར་ལོ་ནི་དུ་བ་ལྟ་བུ་སྟེ་རྩིབས་བརྒྱད་ཀྱང་དུ་བ་ལྟ་བུའོ། །རྐེད་པ་མན་ཆད་ཀྱིས་ཕྱོགས་སུ་གནས་པའོ། །ཁྭ་གདོང་མ་དང། འུག་གདོང་མ་དང། ཁྱི་གདོང་མ་དང། ཕག ་གདོང་མའོ་ཞེས་བྱ་བ་ནི་གྲུ་བཞི་པའི་སྒོ་བཞི་རུ་དུ་བ་དང་ལྗང་གུ་དང་དམར་པོ་དང་སེར་པོའི་མདོག་གོ་།གཤིན་རྗེ་བསྟན་མ་དང་གཤིན་རྗེ་ཕོ་ཉ་མོ་དང། གཤིན་རྗེ་མཆེ་བ་མ་དང། །གཤིན་རྗེ་འཇོམས་མ་ནི་དབང་ལྡན་ལ་སོགས ་པའི་མཚམས་རྣམས་སུ་སྟེ་མདོག་གཉིས་པའོ། །དཔའ་བོ་ཐམས་ཅད་ནི་ཞལ་གཅིག་ཕྱག་བཞི་པ་རལ་པའི་ཅོད་པན་ལ་དར་དཔྱངས་ཀྱིས་མཚན་པའོ། །ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ལྷ་མོ་ལ་མཉམ་པར ་འཁྱུད་པའོ། །གཞན་གཉིས་ཀྱིས་རྡེའུ་ཆུང་དང་ཐོད་པ་བསྣམས་ཤིང་འཆང་བའོ། །ཕྱག་རྒྱ་ལྔ་ལ་སོགས་པས་སྐུ་བརྒྱན་པ། གཡོན་བརྐྱང་བས་གདན་ལ་གནས་པའོ། །སྤྱན་གསུམ་པ་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ནི་སྐྲ ་གྲོལ་བ་གཅེར་བུ་ཐོད་པ་དང་གྲི་གུག་གིས་མཚན་པའི་ཕྱག་གཡོན་པ་དང་གཞན་ནོ། །སྤྱན་གསུམ་པ་དཔའ་བོ་དང་མཁའ་འགྲོ་མ་ནི་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔ་དང་ལྡན་པའོ། །ལྷ་མོ་ཐམས་ཅད་ནི་གཡས་བརྐྱང་བའི་ཞབས་ཀྱིས ་གནས་པའོ། །ད་ནི་དཔའ་བོ་འདི་རྣམས་ཐམས་ཅད་ནི་ཡི་གེ་ཧཱུཾ་གཅིག་པུ་ལས་སྐད་ཅིག་གིས་ཡོངས་སུ་རྫོགས་པར་བསམས་ལ་དེའི་ནན་དུ་བྱའོ། །གྲུ་བཞི་པ་སྒོ་བཞི་དང་དོ་ཤལ་དང་ཏྭ་ར་ཎ་དང་དྲིལ་བུ་དང་བ་དང་དང་མེ་ཏོག་གིས་ཕྲེང་བས ་བརྒྱན་པ། འུག་བ་དང་རོ་དང་བར་བ་ལ་སོགས་པ་མང་པོས་ཁྱབ་པའི་དུར་ཁྲོད་དང་ལྡན་པར་འབར་བའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་གསུམ་གྱིས་བསྐོར་བའོ། །ར་བ་ལྟ་བུའི་སྟེང་དང་རྡོ་རྗེ་གུར་ཡོངས་སུ་བསྲུང ་བའི་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བྱས་ལ་འདི་ཐམས་ཅད་ཡང་དག་པར་བལྟ་ཞིང། ཨོ་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ(རྒྱུད་འགྲེལ་པ་ཞལ་བཞི་ནས་ཚིག་བརྗོད་པར་བྱའོ། །དེ་ནས་མིང་ཐམས་ཅད་ནི་སོ་སོར་བརྗོད་པར་བྱ་སྟེ། །དེ་རྣམས་ཀྱི་མདོག་དང་ཕྱག་ལ་སོགས་པ་ནི་ངེས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །སྔགས་འདིའི་རིམ་པས་གོ་ཆ་བྱ་སྟེ། ཨོཾ་ཧ: ་རྡོ་རྗེ་སེམས་དཔའ་ནི་སྙིང་གར་རོ། །ན་མ་ཧི་རྣམ་པར་སྣང་མཛད་ནི་མགོ་བོ་ལའོ། །སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་ནི་སྤྱི་གཙུག་ཏུའོ། །བཽ་ཥད་ཧེ་དཔལ་ཧེ་རུ་ཀ་ནི་ཕྲག་པ་གཉིས་ལའོ། །ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མ་ནི་མིག་གཉིས་ལའོ། ། ་ཕཊ་ཧཾ་རྟ་མགྲིན་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །དེ་ལྟར་བདག་ཉིད་གོ་ཆ་བགོ་བར་བྱའོ། །ོཾ་བཾ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ། །ཧཾ་ཡོཾ་གཤིན་རྗེ་མ་ནི་སྙིང་གར་རོ། །ཧྲཱིཾ་མོཾ་རྨོངས་བྱེད་མ་ནི་ཁ་ལའོ། །ཧྲེཾ་ཧྲཱིཾ?་བསྐྱོང་བྱེད ་མ་ནི་མགོ་ལའོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་ནི་སྤྱི་བོར་རོ། །ཕཊ་ཕཊ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །དེ་ལྟར་རྡོ་རྗེ་ཕག་མོ་ཡང་བགོ་བར་བྱའོ། །དེ་ནས་གནས་གཞན་ན་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་དེ་ལྟ་བུ ་བསམས་ལ། རང་གི་སྙིང་ག་ན་གནས་པའི་ཡི་གེ་ཧཱུཾ་སྟེ་འོད་ཟེར་སྤྲོས་ཏེ་བསྐུལ་ན། རྡོ་རྗེ་སྐྱིལ་མོ་ཀྲུང་བརྐྱང་སྟེ། རྐང་པ་གཡས་པའི་མཐེ་བོང་གི་སྟེང་དུ་གཡོན་པའི་མཐེབ་ཆེན་གྱིས་མནན་ལ་ལག་པ་གཉིས་ཀྱིས་དམ་ཚིག ་གི་ཕྱག་རྒྱ་བཅིངས་ལ་དཔྲལ་བའི་སྟེང་དུ་ཡང་དག་པར་བཞག་སྟེ། ཕེཾ་གི་སྒྲ་བརྗོད་ཅིང་གཡོན་པ་དང་གཡས་པ་བསྐོར་བའི་ཚུལ་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དཀུག་སྟེ་གཞུག་ཅིང་གཅིག་ཏུ་བྱས་ལ་བརྟན་པར་བྱས་ལ་འདི་ཡང་བྱའོ། ། ་བྱཱ་དང་བྱཱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་པདྨ་བསམས་ལ། དེའི་སྟེང་དུ་དྱཱ་དང་བྱ་གཉིས་མཚན་པའི་མཚན་ཉིད་བསམ་མོ། །དེ་ནས་ཨོཾ་སརྦ་བུད་དྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྟ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བ་ནི་ལྟེ་བར་རོ། །ོཾ་བཛྲ་བེ?་རོ ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བ་ནི་སྙིང་ཀར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་ཀྱི་འཁོར་ལོ་སྤྱན་དྲངས་པའི་སྔོན་དུ་ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱ་དམིགས་ལ་ང་ནི་ལས་ཀྱི་ཕྱག་རྒྱ་བརྩམ་པར་བྱའོ། །དེ་ནས་བདུད་རྩི་མྱང་བར་བྱ་སྟེ། ཧཱུཾ་གི་འོད་ཟེར་གྱིས་བཀུག་སྟེ་ཨོཾ་ཨཱ(རྒྱུད་འགྲེལ་དུ་བརྗོད་པ་ཙམ་གྱིས་བདུད་རྩི་ལངས་ཏེ་ནམ་མཁའ་ཨི་ཕྱོགས་ཐམས་ཅད་དུ་སྤྲོས་ལ་དཀྱིལ་འཁོར་གྱིས་འཁོར་ལོའི་སྟེང་དུ་བ་མོ་ཐིགས་པའི་གཟུགས་ཀྱིས་བདུད་རྩི་བབ་ཅིང་དེ་བཞིན་དུ་དཀྱིལ་འཁོར་པ་ཚིམ་པར་བྱའོ། །ཡེ་ཤེས་ཀྱིས་བདུད་རྩི ་དེ་མྱངས་པས་དགའ་བ་དང་མཆོག་དགའ་དང། ཤིན་ཏུ་དགའ་བ་དང་རབ་ཏུ་དགའ་བའི་བདག་ཉིད་དུ་གྱུར་པའི་མཉམ་པར་བཞག་པའི་ཡིད་ཀྱིས་བསྒོམས་ལ། ཆོག་བཞིན་དུ་ཕྱི་དང་གསང་བའི་མཆོད་པས་ཡང་དག་པར་མཆོད་ལ ་རྡོ་རྗེ་དང་བཅས་པའི་དྲིལ་བུ་ཡང་ལན་གསུམ་དུ་དཀྲོལ་ཞིང་བསྟོང་པ་བྱས་ལ་ཉེ་བར་བསྟུ?་བར་བྱའོ། །འདི་ནི་སྤྲུལ་པའི་སྐུའོ། །དེ་ནས་བསྲུང་པ་དང་བསྲུང་པའི་སྦྱོར་བས་ཉེ་བར་བརྡུ་བར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ་སྒོ་བསྲུང ་བའི་ལྷ་མོ་རྣམས་གཡོན་སྐོར་གྱིས་བསྐོར་ཏེ་སྐུའི་འཁོར་ལོ་རབ་ཏུ་ཞུགས་པར་བསམ་པར་བྱའོ། །དེ་ལྟར་སྐུའི་འཁོར་ལོ་གཡས་བསྐོར་དུ་བསྐོར་ནས་གསུང་གི་འཁོར་ལོ་ལའོ། །གསུང་གི་འཁོར ་ལོ་གཡོན་བསྐོར་དུ་བསྐོར་ནས་ཐུགས་ཀྱི་འཁོར་ལོ་ལའོ། །ཐུགས་ཀྱི་འཁོར་ལོ་གཡས་བསྐོར་དུ་བསྐོར་ནས་ལྷ་མོ་བཞི་ལའོ། །ལྷ་མོ་བཞི་གཡོན་དུ་བསྐོར་ནས་ཞལ་བཞི་ལ་གོ་རིམས་བཞིན་དུ་ཞུགས་པར་བསམས་པར་བྱའོ།། ་དེ་ནས་གོ་ཆ་ཆེན་པོས་ནི་གོ་བགོ་བར་བྱ་སྟེ་འདིའི་རིམ་པ་ནི་པུ་ཛ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་བྲེ་གྲི་སཽ་སུ་ནཱ་སི་མ་ཀུ་དེ་ལ་འདིའི་དོན་ནི་པུལླི་ར་མ་ཆེ་མགོ་བོ་ལ་སྟེ་རབ་ཏུ་གཏུམ་མོའོ། །ཛ་ལན་དྷ་ར་སྤྱི་གཙུག་ཏུ ་ནི་གཏུམ་པའི་མིག་ཅན་མའོ། །ོ་ཌི་ཡ་ན་ནི་རྣ་བ་གཡས་པ་སྟེ་འོད་ལྡན་མའོ། །རྦུ་ཏ་རྒྱབ་ཀྱི་ཕྱོགས་སུ་སྟེ་སྣ་ཆེན་མ་གནས་སོ། །གོ་ཏཱ་བ་རི་རྣ་བ་གཡོན་པ་སྟེ་དཔའ་བོའི་བློ་མའོ། །རཱ་མེ་སྭ་རེ་སྨིན་མའི་དབུས་ཏེ་མི་ཐུན ་མའོ། །དེ་བི་ཀོ་ཊི་མིག་གཉིས་ཏེ་ལངཀའི་དབང་ཕྱུག་མའོ། །མཱ་ལ་བེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ། །ཀཱ་མ་རུ་པ་མཆན་ཁུང་གཉིས་ཏེ་ཨི་ར་བ་ཏིའོ། །ོ་ཊེ་ནི་ནུ་མ་གཉིས་ལ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ། །ཏྲི་ས ་ཀུ་ནེ་ནི་ལྟེ་བ་སྟེ་རླུང་གི་ཤུགས་མའོ། །ཀོ་ས་ལེ་སྣ་རྩེ་སྟེ་ཆང་མཐུང་མ་སྟེ་ཉེ་བའི་ཞིང་ངོ། །ཀ་ལིང་ག་ནི་ཁ་སྟེ་སྔོ་བསངས་མའོ། །ལམ་པ་ཀ་མགྲིན་པ་སྟེ་རབ་ཏུ་བཟང་མོ་འདུན་སའོ། །ཀཉྩི་སྙིང་གར་ཏེ་རྟ་རྣ་མའོ། །ཧི་མ ་ལ་ཡ་འདོམས་སུ་ཁྭ་གདོང་མ་སྟེ་ཉེ་བའི་འདུན་སའོ། །བྲེ་ཧ་པུ་རི་མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ། །གྲི་ཧ་དེ་བ་གསང་བའི་སྒོ་སྟེ་དུམ་སྐྱེས་མ་འདུ་བའི་སའོ། །རཽ་རཱཥྚ་བརླ་གཉིས་ལ་ཆང་འཚོད་མའོ། །སུ་བརྞ ་དྷཱི?་བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མ་ཉེ་བའི་འདུས་སའོ། །ནཱ་ག་ར་སོར་མོ་ལ་སྟེ་རབ་ཏུ་དཔའ་མོའོ། །སིན་དྷུ་སྟེ་རྐང་པའི་རྒྱབ་གཉིས་སུ་སྟོབས་པོ་ཆེ་སྟེ་དུར་ཁྲོད་དོ། །མ་རུ་ནི་མཐེབ་ཆེན་གཉིས་པ་འཁོར་ལོ་སྒྱུར་མའོ། །ཀུ ་ལུ་ཏ་པུས་མོ་གཉིས་ལ་བརྩོན་ཆེན་མ་ཉེ་བའི་དུར་ཁྲོད་དོ། །དེ་ལྟར་དེ་ནས་པུ་ལ་སོགས་པ་ས་བོན་གྱི་ཡི་གེ་ཉི་ཤུ་རྩ་བཞི་དེའི་བདག་པོ་ལྷ་མོའི་རང་བཞིན་ནོ། །མགོ་པོ་ལ་སོགས་པ་གཏོགས་པའི་ཕྱི་མ་རྣམས་ཀྱི་ནི་མིང ་གསུམ་པ་གོ་ཆ་ཆེན་པོའི་བསྲུང་བའོ། །དེ་ལྟར་བསྒོམས་ནས་སྒོམ་པས་སྐྱོ་བར་གྱུར་ན་ཡང་དག་པར་བསྟོད་ལ་སྔགས་བཟླས་པ་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་ལྷ་མོ་དང་མགོན་པོ་མ་གཏོགས་པའི་ཕྱི་མ་རྣམས་ཀྱི་ནི་མིང ་ཉིད་སྔགས་ཏེ། ཨོཾ་ནི་དང་པོར་བྱས་ལ་ཧཱུཾ་ཧཱུཾ་ཕཊ་ནི་མཐར་སྦྱར་རོ། །ོཾ་ཌཱ་ཀཱི་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་དེ་ལྟར་ཐམས་ཅད་ལའོ། །དེ་ལ་འདིར་བཟླས་པའི་རིམ་པ་ནི། །རྣལ་འབྱོར་པའི་སྔགས་བཟུང?་སྟེ། །དེ་ཡི་ཁ་ནས་བརྗོད་པའི་རིམ།། ་ཁ་ཡི་སྐུད་པའི་རྣམ་བ་ལྟར། །རྡོ་རྗེའི་ལམ་ནས་ཕྱིར་བྱུང་སྟེ། །དཀར་པོ་དམར་པོ་དེ་བཞིན་སེར། །ནག་པོ་གཉིས་ཀྱིས་རྣམ་པ་བཞིས། །པདྨའི་ལམ་ནས་རབ་བཞུགས་ཏེ། །པདྨ་ནས་ནི་པད་རིམས་སུ། །འཁོར་ལོ་འཁོར ་བའི་གཟུགས་ཀྱིས་ནི། །བློ་དང་ལྡན་པས་སྔགས་བཟླས་བྱ། །དེ་ལྟར་རྣལ་འབྱོར་བཟླས་རིམ་ནི། །ཤེས་བྱ་སྔགས་ལ་གོམས་པར་བྱ། །བླ་མའི་རྡོ་རྗེ་གནང་དྲིན་གྱིས། །ཞི་བ་དབང་སོགས་བྱེ་བྲག་གིས། །ལས་རྣམས ་བཞི་ནི་ངེས་པ་རུ། །སྔགས་པས་མྱུར་དུ་འགྲུབ་པར་འགྱུར། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་གཞན་ཡང་རང་གི་སྙིང་གའི་ཟླ་བའི་སྟེང་དུ་ཧཱུཾ་ངོ། །ཧཱུཾ་ལས་བྱུང་བའི་རླུང་གིས་ཨཱ་ལི་ཀཱ་ལིའོ། །འཇུག་པའི་རླུང ་གིས་ཉེ་བར་བསྡུའོ། །དེ་ལྟར་ལན་མང་དུ་ནམ་མཁའ་ཨི་ཁོངས་སུ་སྤྲོ་ཞིང་ཡི་གེ་ཡང་སྔོན་བཞིན་དུ་ཐིམ་བར་གྱུར་པར་བསམ་པར་བྱའོ། །འདི་ནི་ཆོས་ཀྱི་སྐུའོ། །དཔལ་འཁོར་ལོ་སྡོམ་པའི་སྒྲུབ ་ཐབས། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་དང། བོད་ཀྱི་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།དཔལ་བདེ ་མཆོག་གི་དཀྱིལ་འཁོར་བཞུགས།། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལོ་པ་ཡི་ཀཱ་ནཱ་མ། བོད་སྐད་དུ། དཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཀུན་ཏུ ་