CLOSE WINDOW

N971: dpa' bo gcig pa'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

ཏེ་གཏན་ལ་ཕབ་པ། །། *། །རྒྱ་གར་སྐད་དུ། ཨེ་ཀ་?་སཱ་དྷ་ནཾ་?། བོད་སྐད་དུ། དཔའ་པོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོར་མལ་ནས་ལངས་ཏེ། ཁ་ལ་སོགས་པ་དག ་པར་བྱས་ནས་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སྙིང་གར་པ?་ལས་པདྨ་དམར་པོ་འདང་མ་བརྒྱད་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་?་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཧུཾ་མཐིང་བ། །དེའི་འོད་ཟེར་གྱིས་མཛུན་གྱི་བར་སྣང་ལ་བླ་མ་དང། སངས་རྒྱས ་དང། བྱང་ཆུབ་སེམས་དཔའ་དང། ལྷ་མོ་རྣམས་གསལ་བར་དམིགས་ཏེ། ཡིད་ཀྱིས་མཆོད་པར་བསམ་མོ། །འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་གསལ་བར་བསམས་ལ་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད ་སྟོང་པ་ཉིད་དུ་མོས་པར་བྱའོ། །ོཾ་སྭ་བྷཱ་བ་ཤུ་དྡྷ(རྒྱུད་འགྲེལ་རྡོ་རྗེ་རྩེ་ལྔ་པའི་ཚང་གཟུངས་ལ་ཡི་གེ་ཧཱུཾ་དེ་སམས་ཏེ། དེའི་འོད་ཟེར་གྱི་ཁམས་གསུམ་གྱི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ་འོད་ཟེར་བསྡུས་མ་ཐག་ཏུ། རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ་ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་གཡོན་ཐེད ་པ་དང་ཁ་?་ག་བསྣམས་པ། ཕྱག་གཡས་པ་རྡོ་རྗེ་འབྱར་བ་ཆེ་བ་གཙིགས་པ་རལ་པ་དང་ཐོད་པའི་དབུ་རྒྱན་ཅན། སྤྱི་གཙུག་གི་འཁོར་ལོ་དང། རྣ་རྒྱན་དང། མགུ་ལ་བརྒྱན་དང། བདུ་བུ་དང། སྐ་རགས་ཀྱིས་བརྒྱན་པ། མི་མགོའི་ཆུན་འཕྱང། སྐྱིལ་ཀྲུང་ཕྲེད་པའི་གར ་སྟབས་ཅན། དཔྲལ་བ་དང། མགྲིན་པ་དང། སྙིང་གར། ཨོཾ་ཨཱ:ཧཱུཾ་གིས་བྱིན་གྱིས་བརླབས་པ། རང་དང་འདྲ་བའི་ཤེས་རབ་ཀྱིས་འཁྱུད་བ། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ ་ནམ་མཁའ་ལ་བཀུག་སྟེ་བདག་ཉིད་ལ་བསྟིམ་པར་བྱའོ། །སླར་འོད་ཟེར་གྱིས་དེ་བཞིན་གཤེགས་པ་བསྐུལ་ཏེ། བདག་ལ་དབང་བསྐུར་བ་དང། མཆོད་པ་དང། བསྟོད་པར་བསམ་མོ། །དེ་ནས་བདུད་རྩི་མྱང་བ་བྱས་ནས། ཆོས་ཀྱི ་སྐུ་འདི་ལྟར་དམིགས་བར་བྱའོ། །སྤྱི་བ་དང་མགྲིན་པ་དང། སྙིང་ག་དང། ལྟེ་བར་བདེ་བ་ཆེན་པོ་དང། ལོངས་སྤྱོད་དང། ཆོས་དང། སྤྲུལ་པའི་འཁོར་ལོ་བསམས་ཏེ། ཧཾ་ཨོཾ་ཧཱུཾ་ཨཾ་སྟེ། དེ་དག་གི་ལྟེ་བར་བསྒོམ་པར་བྱའོ། །དེ་ནས་སྲོག་དང་རྩོལ་བ་སྦྱར ་ནས་ཨཾ་ལས་ཡེ་ཤེས་ཀྱི་མེ་སྦར་ལ། སྔར་བཀོད་པའི་ཡི་གེ་བསྲེགས་ཏེ། ཧཾ་ལས་བདུད་རྩིའི་ཐིག་ལེ་འབབ་པ་ལྟ་བར་བསྒོམ་པར་བྱའོ། །དེ་ལ་བསྟན་ཞིང་སེམས་རྩེ་གཅིག་པར་བྱས་ལ་དུ་བ་ལ་སོགས་པའི་རྟགས་རྙེད་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི ་ཆོས་ཉིད་མངོན་དུ་བྱའོ། །དེ་ལྟ་བུ་ལ་ཇི་སྲིད་མི་སྐྱོ་བའི་བར་དུ་གནས་པར་བྱའོ། །མ་གོམས་པའི་དབང་གིས་སྐྱོ་བར་གྱུར་ན། སྔོན་དུ་བཤད་པའི་དཔལ་ཧེ་རུ་ཀའི་སྐུ་འཇའ་ཚོན་ལྟ་བུ་དམིགས་ཏེ་ལྡང་བར་བྱའོ། །དེའི་བཟླས་པ་ནི་ཨོཾ་ཧྲི:ཧ་ཧ་ཧཱུཾ་ཧཱུཾ ་ཕཊ་།ཅེས་པ་འདི་བཟླས་པར་བྱའོ། །མཆོད་པ་ལྔས་མཆོད་ལ་རང་གི་སྙིང་གར་བསྡུ་བར་བྱའོ། །དཔའ་བོ་གཅིག་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཌོཾ་བྷི་ཧེ་རུ་ཀས་མཛད་པ་རྫོགས་སོ།། །།རྗེ་དཱི་བཾ་ཀ་རའི་ཞལ་སྔ་ནས་དང། ནག ་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་རོ།། །།རྒྱ་གར་སྐད་དུ། ཤྲཱི་ཨབྷི་ས་མ་ཡ་ནཱ་མ་པཉྩི་ཀ་།བོད་སྐད་དུ། དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདེ་མཆོག ་