| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། སཾ་བ་ར་ཨ་ཀ་ལི་ཏ་ནཱ་མ། བོད་སྐད་དུ། བདེ་མཆོག་ཤེས་པར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲག་འཐུང་འགྲོ་བའི་གཙོ། ་དངོས་དང་དངོས་མེད་བདག་ཉིད་ཅན། །རང་རང་རྣམ་རྟོག་འཛོམས་མཛད་པ་།ཕྱག་འཚལ་དེ་ཡི་སྒྲུབ་ཐབས་བཤད། །རི་ཡི་ཕུག་དང་རི་ཡི་སུལ། །ཆུ་ཡི་དོགས་དང་མཆུ་མདོ་དང། །རྒྱ་མཚོའི་དོགས་ཀྱི་ཉམས་དགའ་དང། །ཤིང་གཅིག ་དྲུང་དང་ངུར་ཁྲོད་དང།། སེམས་བྲལ་ཁང་པ་སྟོང་པ་རུ། །དཔའ་བོའི་གཙོ་བོ་བསྒོམ་པར་བྱ། །བསྟན་པ་ཡི་ནི་གནས་དག་གམ། །གང་དུ་ཡིད་ནི་དགའ་བར་རོ། །དེ་ལ་ཕུང་བོ་ལྔ་ཡི་ང་རྒྱལ་གྱིས། །སེམས་བསྐྱེད་པར་ནི་དགེ་བར་བྱ། །གཟུགས་ཀྱི ་ཕུང?་པོ་ལ?་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ། །ཚོར་བ་ལ་ཨོཾ་ལས་རྡོ་རྗེ་ཉི་མ་སེར་པོ། །འདུ་ཤེས་ལ་ཧྲཱི(རྒྱུད་འགྲེལ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་ཧི་ལས་དཔལ་ཧེ་རུ་ཀ་ནག་པོའོ། །སྣ་ཚོགས་པདྨ་ཟླ་བ་དང། །ཉི་གཟུགས་དབུས་ཀྱི་གདན་བཞུགས་ཤིང། །སེང་གེ་གླང་པོ་རྟ་དག?་དང། །རྨ་བྱ་ནམ་མཁའ་ལྡིང་གི་སྟེང། །རོའི་སྟེང་དེ་དག་རིམ་བཞིན་དུ།། ་རིགས་དྲུག་གཙོ་བོ་བསྒོམ་པར་བྱ། །སྙིང་པོ་རྡོ་རྗེ་ས་གནོན་གྱུར། །གཞན་རྣམས་གོ་རིམ་བཞིན་དུ་ནི། །ཕྱག་གཡས་འཁོར་ལོ་རིན་ཆེན་དང། །དེ་བཞིན་པདྨ་སྣ་ཚོགས་རྡོ་རྗེའོ། །གཡོན་ན་དྲིལ་བུ་བཀུར་བྱས་ཏེ། །ཐམས་ཅད་དག་ནི་སྤྱན་གསུམ ་ཉིང། །མིག་ལ་ཧཱུཾ་ལས་གཏི་མུག་རྡོ་རྗེ་དཀར་པོའོ། །རྣ་བ་ལས་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོའོ། །སྣ་ལ་ཁཾ་ལས་སེར་སྣ་རྡོ་རྗེ་སེར་པོའོ། །ཁ་ལ་ཨཱ་ལས་འདོད་ཆགས་རྡོ་རྗེ་དམར་པོའོ། །ལུས་ལ་ཏྲཾ་ལས་ཕྲག་དོག་རྡོ་རྗེ་ལྗང་གུའོ། །སྐྱེད་མཆེད་ཐམས་ཅད ་ལ་ཨོཾ་ལས་དབང་ཕྱུག་རྡོ་རྗེ་དཀར་པོའོ། །སའི་ཁམས་ལ་ལཾ་ལས་ལྟུང་བྱེད་མ་སེར་པོའོ། །ཆུའི་ཁམས་ལ་མཾ་ལས་གསོང་བྱེད་མོ་ནག་མོའོ། །མེའི་ཁམས་ལ་ཏྲཾ་ལས་འགུགས་བྱེད་མ་གསེར་ལྟར་སེར་པོའོ། །རླུང་གི་ཁམས་ལ་ཡི་ལས་པདྨ ་གར་གྱི་དབང་ཕྱུག་དམར་པོའོ། །ནམ་མཁའ་ཨི་ཁམས་ལ་པདྨའི་དྲ་བ་མ་དུ་བ་ལྟར་སྔོ་བ་སྟེ། དེ་དག་རང་རང་གི་དཀྱིལ་འཁོར་ལ་བཞུགས་ཤིང། ཞལ་གཅིག་པ་ལ་ཕྱག་བཞི་པ། །ཕྱག་གཡས་འཁོར་ལོ་རྡོ་རྗེ་དང། །པདྨ་རལ་གྲི་གྲི་གུག་དང། །པད་སྣོད ་གཡོན་པ་དག་ལ་ནི། །ཁ་ཊཝཱཾ་ག་དང་ཟླ་བའོ། །པདྨའི་དྲ་བ་ཅན་ཉིད་དང། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །འདི་ཡི་ཕྱག་ལ་པད་སྣོད་དང། །དེ་ནས་ཁ་ཊཝཱཾ་ག་ཞགས་པ། །ལྕགས་ཀྱུ་ཉིད་དང་ཚངས་པའི་མགོ་།གྲི་གུག་དག་ནི་བསྒོམ་པར་བྱ། །དེ ་ལྟར་ཕུང་པོ་དང་ཁམས་དང། སྐྱེ་མཆེད་དག་གི་རྣལ་འབྱོར་པ་ཐ་མལ་པའི་དབང་གིས། །ོཾ་པྲ་ཀྲི་ཏེ་པ་རི་ཤུདྡྷ:སརྦ་དྷརྨཱ་པྲ་ཀྲི་ཏི་པ་རི་ཤུདྡྷོ་ཧཾ། ཞེས་བྱ་བས་རྣམ་པར་དག་པར་བྱའོ། །སྙིང་གའི་དཀྱིལ་འཁོར་མཁའ་ ་དབུས་གནས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་དེ་ཁོ་ན་ཡི་མཆོག་།ཡེ་ཤེས་ལྔ་ཡི་རང་བཞིན་ཞི། །འོད་ཟེར་སྣ་ཚོགས་རང་བཞིན་མཆོག་།ཀུན་ནས་རྣམ་འགྲོ་བསམས་ནས་ནི། །ཀུན་ནས་ཕྱོགས་ནི་བཞི་པོ་རུ། །གསང་སྔགས ་རྗེས་སུ་དྲན་པར་བྱ། །ཕུར་བུ་བསྣམས་པའི་ཁྲོ་བོ་དག་།ཕྱོགས་བཅུ་དག་ཏུ་སྤྲོ་བར་བྱ། །མཛུབ་མོ་མཐེ་བོར་སྦྱང་བྱས་ཏེ། །སེ་གོལ་ཕྱོགས་བཅུར་བརྡབ་པར་བྱ། །ཤར་དུ་ཨོཾ་སུམ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། བྱང་དུ་ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། ནུབ་ཏུ་ཨོཾ ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ལྷོར་ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཾདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། གསང་སྔགས་རྒྱལ་པོ་འདི་ཡིས་ནི། །བགེགས་རྣམས་ཀུན་གྱི་སྤྱི་བོ་ལ། །ལུགས་དང་ལུགས་ལས་བཟློག་པ་ཡིས། །ཁྲོ་བའི་ཕུང་བུ་དགོད་པར་ནི།། ་ཨོཾ་གྷ(རྒྱུད་འགྲེལ་ལ་བལྟས་ལ་བསྣུན་པ་ནི། ཨོཾ་བཛྲ་མུངྒ་ར། བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ་འོ། །སྲིད་རྩའི་ཕྱོགས་བཅུ་དག་ཏུ་ནི། །འོད་ཟེར་ཕྲེང་བས་བསྡུ་བྱས་ལ། །འོད་ཟེར་དེ་བལྟས་དེ་ལས་ནི། །ར་བ་དྲ་བ་དེ་བཞིན་དུ། །རྡོ་རྗེ་ས་གཞི་བླ་བྲེ་དང། །མདའ་ཡི ་དྲ་པར་གནས་བར་བསམ། །དེ་ཡི་ཕྱི་རོལ་ཐག་རིང་པར། །རྡོ་རྗེ་མེ་ཡི་དྲ་བར་དགོད། །ོཾ་མེ་དི་ནི་བཛྲི་བྷཱ་ཝ་བཛྲ་བན་དྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་ཤ་ར་ཛ་ལ་ཏྭཾ་སཾ་ཏྭཱཾ། ཨོཾ་བཛྲ་ཛཝ་ལཱ་ན ་ལཱན་ཧཱུཾ་ཧཱུཾ་ཧཱུཾ། མཁའ་དབྱིངས་གནས་ནི་ཡིད་འོང་བའི། །དཀྱིལ་འཁོར་མཆོག་དགའ་བལྟས་ནས་ནི། །དངོས་གྲུབ་པ་ནི་བསྐུལ་བྱས་ལ། །བྱིན་གྱིས་བརླབ་པ་དག་ཀྱང་བྱ། །སངས་རྒྱས་བྱང་ཆུབ་སེམས་པ་དང། །ཀུན་ནས་ཁྲོ་བོ་ལྷ་མོ་དང། །བྱང་སེམས ་བླ་མ་དམ་པ་དག་།ཏིལ་གྱི་གང་བུ་བཞིན་བལྟས་ཤིང། །མཆོད་པའི་བདག་ཉིད་ཅན་ལྷ་མོ། །དགུ་པོ་བལྟས་ནས་མཆོད་པར་བྱ། །དེ་ནས་སྐྱབས་སུ་འགྲོ་བྱས་ལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ཉིད་ཧེ་རུ་ཀར་བྱས་ནས། །སེམས་ཅན་དེ་དག ་ཧེ་རུ་ཀའི། །གོ་འཕང་མཆོག་ལ་དགོད་པར་བྱ། །ོཾ་སྭ་བྷ་བ་ཤུདྡྷ:སརྦ་དྷརྨ:སྭ་བྷཱ་བ་ཤུདྡྷཉཧཾ། ཞེས་ལན་གསུམ་བརྗོད་ཅིང། །ོཾ་མུ:ཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཚངས་པའི་གནས་བཞི་ལ། །གོ?་རིམ་བཞིན་དུ་གནས ་པར་བྱ། །རྩེ་གཅིག་པ་ཡི་སེམས་ཀྱི་ནི། །བསམ་གཏན་ཕ་རོལ་བྱིན་དམིགས་ཏེ། །ཚེས་རྣམས་དོན་གྱི་སྟོང་ཉིད་དུ། །ཕྱི་དང་ནང་ནི་བལྟ་བྱས་ལ། །བྱང་ཆུབ་ཚོགས་དག་བསྒོམས་ནས་ནི། །སེམས་ཙམ་ཉིད་ལ་གནས་པར་བྱ། །རླུང་གི་དཀྱིལ་འཁོར ་བལྟས་ནས་ནི། །ས་འོག་བར་དུ་བསམ་པ་ནི། །ཡི་གེ་ཡཾ་ལས་བྱུང་བ་ཡི། །གཞུ་ཡི་དབྱིབས་ཅན་ཁ་དོག་སྡེ། །རྒྱལ་མཚན་གྱིས་མཚན་དུ་བ་ཡི། །བྲེང་བས་དཀྲིགས་པ་བསམ་པར་བྱ། །དེ་སྟེང་ཡི་གེ་རི་ལས་ནི། །མེ་ཡི་དཀྱིལ་འཁོར་ཟུར?་གསུམ ་མཆོག་།ཁ་དོག་དམར་པོ་འབར་བ་ཡི། །བྲེང་བས་དཀྲིགས་པ་འབར་བའོ། །ཉི་མ་བྱེ་བ་ལྟ་བུ་ལ། །རྡོ་རྗེས་མཚན་པ་གཞན་བསམ་བྱ། །དེ་སྟེང་ཆུ་ཡི་དཀྱིལ་འཁོར་ཉིད། །ཡི་གེ་བཾ་བྱུང་དམ་པ་ནི། །ཁ་པ་དག་དང་འདྲ་བ་ཉིད། །ཟླུམ་ལ་འོད་ཟེར་གྱིས ་བསྐོར་བའོ། །དེ་སྟེང་ཡི་གེ་ལཾ?་བྱུང་ཟེར། །ས་ཡི་དཀྱིལ་འཁོར་ཟུར་བཞི་པ། །རྡོ་རྗེས་མཚན་པ་སར་པོའོ?། །འོད་ཟེར་ཚོགས་ཀྱིས་དཀྲིགས་པ་བསམ། །དེའི་སྟེང་རི་རབ་ཀྱི་མཆོག་ནི། ཟུར་བཞི་རིན་ཆེན་རང་བཞིན་ཅན། རྩེ་མོ་བརྒྱད་ཀྱིས་ཉེར་མཛེས་ཤིང། ཡི་གེ ་སུཾ་བྱུང་ཡིད་འོང་བ། །གཟི་མཆོག་དམ་པའི་དམ་པ་བསྒོམ། །དེའི་སྟེང་དུ་འདབ་མ་སྣ་ཚོགས་པའི་པདྨ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་དང། དེའི་སྟེང་དུ་ཡི་གེ་པཾ་ཡོངས་སུ་གྱུར་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང།། ་དེའི་དབུས་སུ་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཅན། འོད་ཟེར་སྣ་ཚོགས་འབྲོ་བས་བསམ་པར་བྱའོ། །དེའི་དབུས་སུ་དཔལ་ཧེ་རུ་ཀ་ཉི་མའི་དབུས་ན་གནས་པ། ཕྱི་རོལ་དུར་ཁྲོད་གཏུམ་དྲག་སོགས། རྡོ་རྗེ་དྲ ་བའི་ནང་དག་ཏུ། །ཕྱོགས་ཀྱི་གཡོན་སྐོར་ཀུན་དག་དང། །དབང་ལྡན་ལ་སོགས་ཕྱོགས་མཚམས་ལ། །བཞི་བཞི་དག་ནི་རབ་སྦྱར་བྱ། །གཏུམ་དྲག་དང་ནི་ཆིང་ཆིང་དང། །འབར་བས་ཁྱབ་པ་ཀེང་རུས་ཅན། །འཇིགས་རུད་དག་ནི་ཤར་ཕྱོགས་ཀྱི། །གཡོན་སྐོར་དུ་ནི ་ཡང་དག་གནས། །དབང་ལྡན་ལ་ནི་ཧ་ཧར་རྒོད། །མེ་ཡི་མཚམས་སུ་དཔལ་འཛིན་ཏེ། །བདེན་བྲལ་ལ་ནི་མུན་ཆེན་དང། །རླུང་ལ་ཅ་ཅོ་སྒྲོགས་པའོ། །གཡོན་དུ་ཤྲི་ཤ་ཨ་ཤྭདཐ། ཆུ་ཤིང་དང་ནི་ཨ་མ་པའོ། །ཕ་ཊ་དང་ནི་ཀ་རཉྫ། །ལ་ཏཱ་པ་ར་ཨརྫུ་ན། །དབང་པོ་དང་ནི ་ནོར་སྦྱིན་དང། །ཆུ་དང་གནོད་སྦྱིན་བདག་པོ་དང། །དབང་ལྡན་དེང་ནས་བྱིན་ཟ་དང། །སྲིན་པོའི་དབང་པོ་རླུང་གི་བདག་།གནས་འཇོག་དང་ནི་འཇོག་པོ་དང། །ཀརྐོ་ཊ་དང་པདྨ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང། །རིགས་ལྡན་དང་ནི་དུ་བསྐྱོད་ངོ། །གརྫི་རྟ་དཔགུར?་ནི་རྟ། །འཁྱིལ་བ ་དང་ནི་མཐུན་ཉིད་དང། །འགེངས་བྱེད་དེ་བཞིན་ཆར་ཆེན་དང། །དྲག་པོའི་སྤྲིན་དག་འདི་དག་གོ་།བཅོམ་ལྡན་འདས་ནི་ཞལ་བཞི་བ། །གནག་དང་ལྗང་དང་དམར་དང་སེར། །སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ། །གཡས་བརྐྱང་བ་ཡིས་ཡང་དག་བཞུགས། །ན་བཟའ་དཀར ་བོ་ཡོངས་སུ་འཆབ?། །དྲི་མཆོག་དག་གིས་ལེགས་པར་བྱུགས། །འཇིགས་བྱེད་དང་ནི་དུས་མཚན་གྱི། །མུ་མ་དང་ནི་མགོ་མནོན་པའོ། །སྟག་གི་པགས་པ་བསྣམས་པ་སྟེ། །ཐུགས་རྗེ?་རོ་ཡིས་རྣམ་པར་བསྒྱིངས། །རྡོ་རྗེ་པག་མོས་ཀུན་ནས་འཁྱུད། །འཁྱུད་པ་དག་གི་ཕྱག་གཉིས་ཀྱིས།། ་རྡོ་རྗེ་རྩེ་མོ་དགུག་པ་དང། རྡོ་རྗེ་དྲིལ་བུ་བསྣམས་པའོ། །ཕྱག་གཞན་གཉིས་ཀྱིས་གླང་པོའི་པགས་པ་འཛིན་ཅིང་ཕྱག་གསུམ་པ་ལ་ཌ་མ་རུ་དང། བཞི་པ་ལ་དགྲ་སྟ་དང། །ལྔ་པ་ལ་གྲི་གུག་དང། དྲུག་པ་ལ་མདུང་རྩེ་གསུམ་པའོ། །གཡོན་གྱི་ཕྱག་གསུམ་པ་ལ་ཁ་ཊཝཱཾ ་ག་སྟེ་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ་དང། རྡོ་རྗེ་དྲིལ་བུ་དང། སྣ་ཚོགས་པདྨའི་བ་དན་འཕྱར་བ་།དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པའོ། །འོག་རྡོ་རྗེ་རྩེ་གཅིག་པ་ཅན་དང། བཞི་པ་ལ་ཁྲག་གི་བཀང་བའི་ཐོད་པ་དང། ལྔ་པ་ལ་རྡོ་རྗེ་ཞགས་པ་དང། དྲུག་པ་ལ་ཆིངས ་པའི་མགོ་བོའོ། །ཐོད་པའི་ཕྲེང་བའི་ཐོད་ཅན། ཟླ་བ་ཕྱེད་པ་འཇོག་པ། སྣ་ཚོགས་རྡོ་རྗེས་གནོན་པའི་ཅོད་པན་ཅན་འཇིགས་སུ་རུང་བ། མཆེ་བ་གཙིགས་པ། སྒེག་པ་ལ་སོགས་པའི་རོའི་ཉམས་དང་ལྡན་པ། མིའི་མགོ་བོ་བརློན་པའི་ཕྲེང་བ་འཆར་བ་རལ་པ་དང་ཅོད་པན ་གྱིས་བརྒྱན་པ། མགུལ་རྒྱན་དང། གདུ་གུ་དང། རྣ་ཆ་དང། སྤྱི་གཙུག་གི་ནོར་བུས་བརྒྱན་པ། ཚངས་པའི་སྐུད་པ་དང། ཐལ་བ་ཞེས་བྱ་བ་ཕྱག་རྒྱ་དྲུག་གི་མཚན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ།། ་དེའི་སྤྱན་སྔར་བཅོམ་ལྡན་འདས་མ། སྐུ་མདོག་དམར་པོ་ཕྱག་གཉིས་པ། ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། གཅེར་བུ་ཐོད་པའི་དུམ་བུས་བརྒྱན་པའི་སྐ་རགས་ཅན། འཁྱུད་པའི་ཕྱག་གཡོན་ན་ཐོད་པ་གདུག་པའི་ཁྲག་གིས་བཀང་བ་བསྣམས་པ། ་གཡས་པའི་སྡིག་མཛུབ་ཀྱིས་ཕྱོགས་ཐམས་ཅད་ཀྱི་བགེགས་སྡིག་པར་མཛད་ཅིང་གྲི་གུག་བསྣམས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་དྲག་པ་ཞལ་ནས་ཁྲག་འཛག་པ། བྱིན་པ་གཉིས་ཡང་དག་པར་འཁྱུད་པ། བདེ་བ་ཆེན་པོ་སྩོལ་བའི་བདག་ཉིད་ཅན་ནོ།། ་ཤར་གྱི་འདབ་མར་མཁའ་འགྲོ་མ། དེ་བཞིན་བྱང་ལ་ལཱ་མ་སྟེ། ནུབ་ལ་ཁཎྜ་རོ་ཧེ་དང། དེ་བཞིན་ལྷོར་ནི་གཟུགས་ཅན་མ། སྔོ་དང་ལྗང་དང་དམར་པོ་དང། །བཞི་པ་ཉིད་ནི་སེར་པོའོ། །སྤྱན་གསུམ་རྣམ་འགྱུར་དྲག་པ་སྟེ། །སྐ?་གྲོལ་བ་དང་གཅེར་བུའོ། །རྒྱན་རྣམས ་ཀུན་གྱིས་ཡང་དག་བརྒྱན། །ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པ། །མཁའ་འགྲོ་མ་སོགས་ཁ་ཊཝཱཾ་ག་།ཐོད་པ་ཤ་དང་བཅས་པ་འཆང། །གཡས་ཀྱི་དུས་ནི་ཐམས་ཅད་ཚེ། །གྲི་གུག་མཚོན་ཆ་བསྣུན?་པར་བརྩོན། །ཕྱོགས་མཚམས་བུམ་པའི་སྟེར?་དག་ཏུ།། ་བྱང་ཆུབ་སེམས་བཀང་པད་སྣོད་བཞག་།དང་པོ་ཐུགས་ཀྱི་འཁོར་ལོ་རྩིབ་བརྒྱད་པ་སྔོན་པ། །དེའི་ཤར་གྱི་རྩིབས་སུ་པུལླི?་རེ?་མ་ལ་ཡང་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ། །བྱང་ཛཱ?་ལནདྷ་ངར?་ཀེང་རུས་ཆེན་པོ་དང། །གཏུམ་པའི་མིག་ཅན་ནོ། །ནུབ་ཨོ་ཌཾ་ཡཱ་ན ་ལ་ཀེང་རུས་དང་འོད་ལྡན་མའོ། །ལྷོར་ཨརྦུ་དང་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །མེའི་མཚམས་གཽ་དཱ་བ་རིར་ཆང་དགྲ་དང་བརྟན་མའི་བློ་ཅན་མའོ། །བདེན་བྲལ་གྱི་མཚམས?་རཱ་མེ་ཤྭ་རར་འོད་དཔག་མེད་དང་མི་འཐུང་མའོ། །རླུང་གི ་མཚམས་དེ་བི་ཀོ་ཊིར་རྡོ་རྗེ་འོད་དང། ལང་ཀའི་དབང་ཕྱུག་མའོ། །དབང་ལྡན་གྱི་མཚམས་མཱ་ལ་བེར། རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་དེ་ལྟར་ཐུགས་ཀྱི་འཁོར་ལོའོ། །གཉིས་པ་གསུང་གི་འཁོར་ལོ་ནི་དམར་པོ། །དེའི་ཤར་གྱི་རྩིབས་ཀཱ་མ་རུ་པར་མྱུ་གུ་ཅན ་དང་ས་སྲུངས་མའོ། །བྱང་ཨོ་ཌེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ཏྲི་ཤ་ཀུ་ཉེར་དཔའ་བོ་ཆེན་ཕོ་དང་རླུང་གཤུགས་ཅན་མའོ། །ལྷོ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །མེའི་མཚམས་ཀ་ལིངྒར་རབ་ཏུ་བཟང་པོ་དང་ལྷ་མོ་སྔོ ་བསངས་མའོ། །བདེན་བྲལ་ལམ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །རླུང་གི་མཚམས་ཀཉྩིར་འཛིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །དབང་ལྡན་གྱི་མཚམས་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་དེ་ལྟར་གསུང་གི་འཁོར་ལོའོ། ། ་གསུམ་པ་སྐུའི་འཁོར་ལོ་དཀར་པོའོ། །དེའི་ཤར་གྱི་རྩིབས་སུ་བྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བྱང་གྲི་ཧེ་དེ་བ་ཏར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །ནུབ་སཽ་རཱཥྚར?་རྟ་མགྲིན་དང་ཆང་འཚོང་མའོ། །ལྷོ་གསེར་གླིང་དུ་ནམ་མཁའ་ཨི ་སྙིང་པོ་དང་འཁོར་ལོའི་གོ་ཆའོ། །མེའི་མཚམས་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བདེན་བྲལ་གྱི་མཚམས་སིནྟཱུང?་པདྨ་གར་གྱིས་དབང་ཕྱུག་དང། སྟོབས་ཆེན་མོའོ། །རླུང་གི་མཚམས་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མའོ། །དབང་ལྡན་གྱི ་མཚམས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩེན་འགྲུས་ཆེན་མོ་སྟེ། དེ་ལྟར་ན་སྐུའི་འཁོར་ལོའོ། །དཔའ་བོ་ཐམས་ཅད་ཕྱག་བཞི་པ་ཞལ་གཅིག་པ། རལ་པ་དང་ཅོད་པན་གྱི་བརྒྱན་པ། ཐམས་ཅད་ཕྱག་རྒྱ་ལྔ་འཆང་ཞིང། །སྤྱན་གསུཾ་སྐེ་རགས་དག་གིས་བརྒྱན།། ་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཁ་དོག་གསུམ་དུ་རྣམ་པར་གནས། །འཁྱུང་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཡས་ན་ཌ་མ་རུ། གཡོན་ན་ཁ་ཊཝཱཾ་ག་དང་ཀ་པཱ་ལ་ཤས་བཀང་བ་བསྣམས་ཤིང་རོ་ལ་གནས་པའོ། །ལྷ་མོ་སྣ་མདོག་པ། ཞལ་གཅིག ་པ། ཕྱག་གཉིས་པ། འདོད་ཆགས་ཆེན་པོའི་རྗེས་ཆགས་པ། སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། །གཞན་ཡང་ནམ་མཁའ་ཨི་གོས་ཅན་ཏེ། །མགུལ་བརྒྱན་གཙུག་གི་ནོར་བུ་དང། །དཔུང་རྒྱན་རྣ་ཆ་ཚངས་སྐུད་ཅན། །མགོ་པོའི་ཕྲེང ་བས་མགྲིན་པ་བརྒྱན། །རྗེ་ངང?་གཡེར?་ཀའི་སྒྲ་ཅན་ནོ། །སངས་རྒྱས་ཀྱིས་བརྒྱན་པ། ཐོད་པའི་ཅོད་པན་འཆང་བ་འཁྱུད་པ་ཡིས་ནི་ཐོད་པ་དང། གདུག་པ་སྡིགས་མཛུབ་གྲི་གུག་ཅན། ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་དག་ཁྭ་གདོང་ཅན་མ་དང། འུག་པའི ་གདོང་ཅན་མ་དང། །བྱིའི་གདོང་ཅན་མ་དང། ཕག་གི་གདོང་ཅན་མའོ། །མའི་མཚམས་དང། བདེན་པྲལ་གྱི་མཚམས་དང། རླུང་གི་མཚམས་དང། དབང་ལྡན་གྱི་མཚམས་དག་ལ་གཤིན་རྗེའི་འགྲམ་པ་ཅན་དང། གཤིན་རྗེ་ཕོ་ཉ་མོ་དང། གཤིན་རྗེ ་མཆེ་བ་ཅན་དང། གཤིན་རྗེ་འཇོམས་མའོ། །ཁྭའི་གདོང་ཅན་མ་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པ་དང་འདྲའོ། །འོན་ཀྱང་རོ་ལ་བཞུགས་པ། དཔལ་ཧེ་རུ་ཀ་ལ་སོགས་པ་དང་འདྲ་བར་གཡས་བརྐྱང་བས་བཞུགས་པའོ། །དེ་བཞིན་དུ་ཕྱོགས་མཚམས ་ཀྱི་ལྷ་མོའི་གཟུགས་ཉིད་པ་ཡིད་འབྲོག་པའོ། །དཔའ་བོ་དང་དཔའ་མོ་ཐམས་ཅད་སྣ་ཚོགས་པདྨ་དང་ཉི་མའི་དབུས་སུ་ཆུང་བ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེ་ཕྲེང་བ་ཅན་ནོ། །རྩ་བའི་སྒོ་ལོགས་གཉིས་སུ་གཟུང་ཀྱི ་སྣམ་བུར་ཤེས་པར་བྱ་སྟེ། པི་ཝང་མ་དང། གླིང་བུ་མ་དང། རྫ་རྔ་མ་དང། མུ་རུ་ཛ་དང། བཞད་མ་དང། སྒེག་མ་དང། གླུ་མ་དང། གར་མ་དང། མེ་ཏོག་མ་དང། སྤོས་མ་དང། མར་མེ་མ་དང། དྲི་མ་དང། མེ་ལོང་མ་དང། །རོ་མ་དང། རེག་བྱ་མ་དང། ་ཆོས་མའོ། །པི་ཝང་མ་ནི་སྔོན་པོའོ། །སྒེག་མ་དང། གླིང་བུ་མ་དང། གླུ་མ་ནི་སྐྱ་རེང་སེར་པོའི་མདོག་ཅན་ནོ། །གར་མ་དང་རྫ་རྔ་མ་ནི་ལྗང་གུའོ། །མུ་རུ་ཛ་དང། གཞད་མ་ནི་སྐྱ་རེང་དཀར་པོའི་མདོག་ཅན་ནོ། །པི་ཝང་མ་ལ་སོགས་པ་ལྷ་མོ་རྣམས ་ཀྱི་ཕྱག་ལ་པི་ཝང་མ་ལ་སོགས་པ་དགོང་པར་བྱ་ཞིང། དེ་ལས་གཞན་པ་དག་ལ་ནི་རྡོ་རྗེ་དྲིལ་བུ་དང། ཁ་ཊཝཱཾ་ག་དང། པདྨའི་སྣོད་དོ། །འདི་རྣམས་ཀྱིས་རྡོ་རྗེ་དཀུར་བཅས་པའོ། །སྒེག་མོ་དང་གླུ་མ་ནི་ཀན་སི་ཀ་དང་བཅས་པའོ། །གར་མ་ནི་པདྨ་དང། ་བཅས་པས་བསྐོར་བའོ། །དེ་དག་ཐམས་ཅད་ཕྱག་བཞི་པའོ། །བདུག་པ་མ་ནི་དུ་བའི་མདོག་ཅན་ནོ། །མེ་ཏོག་མ་ནི་དཀར་པོའོ། །མར་མེ་མ་ནི་མར་མེའི་རྩེ་མོ་ལྟ་བུའོ། །དྲི་མ་ནི་དམར་པོའོ། །མེ་ལོང་མ་ནི་དཀར་པོའོ། །རོ་མ་ནི་དམར་པོའོ། །ངག་བྱ ་མ་ནི?་ལྗང་གུའོ། །ཆོས་མ་ཞེས་བྱ་བ་ནི་དཀར་པོ་སྟེ། བདག་ཉིད་འདུད་པའི་སྦྱོར་བས་ཤེས་པར་བྱའོ། །དེ་དག་ནི་ཕྱག་ལ་མེ་ལོང་དང། དེ་རྣམས་ལ་པདྨའི་སྣོད་ཀྱིས་མཚན་པའོ། །སྐུ་ཡི་འཁོར་ལོ་རླུང་དག་གི་།དཀྱིལ་འཁོར་ལ་ནི་གནས་པ ་བསྒོ་ན།?་།མཁས་པས་གསུང་གི་འཁོར་ལོ་ནི། །ཆུ་ལ་གནས་པ་སྒོམ་པར་བྱའོ། །ཐུགས་ཀྱི་འཁོར་ལོ་མེ་དག་གིས། །དཀྱིལ་འཁོར་ལ་ནི་བདེ་ཆེན་པོ། །དབང་ཆེན་དཀྱིལ་འཁོར་ལ་གནས་པ། །དམ་ཚིག་དཀྱིལ་འཁོར་བླ་མེད་པའོ། །དེ ་བསྒོམ་གཉིས་པ་བསྒོམ་པ་ནི། །འཁོར་ལོ་པདྨ་རྡོར་ཕྲེང་བས། །འཁོར་ལོ་གསུམ་ལ་ཡོངས་བསྐོར་བས། །ཡེ་ཤེས་འཁོར་ལོ་བསྒོམ་པར་བྱ། །རིན་ཕྲེད་དེ་བཞིན་པདྨ་སྟེ། །རིན་ཆེན་དང་པོ་འོད?་གསལ་བ། །སྣ་ཚོགས་རྡོ་རྗེའི་ཕྲེང་བསྐོར་བའི། །དམ་ཚིག་འཁོར་ལོ་བྲི་བར ་བྱ། །ཕྱི?་རོལ་དཀྱིལ་འཁོར་རིགས་ལྔ་ཡི། །རོ་རྣམས་ཀྱིས་ནི་བསྐོར་བར་བྱ། །སྙིང་གར་དཀྱིལ་འཁོར་བཞི་དབུས་སུ། །དེ་མདོག་ཕྱག་མཚན་བལྟས་ནས་ནི། །དེ་ཉིད་ཀྱི་ནི་ཐུགས་ཀ་རུ། །ཟླ་བ་རྡོ་རྗེའི་སྟེང་ས་བོན། །ཡེ་ཤེས་དམ་ཚིག་བསྒོམ་པ་ནི། །བསྙེན་པའི་སྦྱོར ་བར་རབ་ཏུ་བརྟག། སྐད་ཅིག་སྐུ་ཡི་རྣལ་འབྱོར་གྱིས། །སྐད་ཅིག་ཕྱག་རྒྱའི་རྣམ་པར་རིག་།ཀུན་ནས་སྐུ་ནི་སྐད་ཅིག་སྟེ། །སྐད་ཅིག་གིས་མི་གསང་སྔགས་འདོན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་དང། །ཡི་གེ་གསུམ་གྱི་རང་བཞིན་གྱིས། །མཐོ་རིས་ས་བླ་ས་འོག ་དག། སྐད་ཅིག་གིས་ནི་སྐུ་གཅིག་གྱུར། །པུ་ཛ་ཨོ་ཨ། གཽ་རཱ་དེ་མཱ་།ཀཱ་ཨོ་ཏྲི་ཀོ་།ཀ་ལ་ཀ་ཏི། པྲེ་གྲི་སཽ་སུ། ནཱ་སི་མ་ཀུ་།པུལླཱི་ར་མ་ལ་ཡ་སྟེ་མགོ་བོ་ལ་རབ་ཏུ་གཏུམ་མའོ། །ཛ་ལནདྷ་ར་སྟེ་སྤྱི་གཙུག་ཆུ?་གཏུམ་པའི་མིག་ཅན་མའོ། །ོཌཡན?་ཏེ་རྣ་བ ་གཡས་པ་ལ་ནི་འོད་ལྡན་མའོ། །རྤུ?་ང་སྟེ་སྤྱི་བོའི་རྒྱབ་ཏུ་སྣ་ཆེན་མའོ། །གནས་ཏེ་ས་རབ་ཏུ་དགའ་པའོ། །གཽ་དཱ་བ་རི་སྟེ་རྣ་བ་གཡོན་ལ་བརྟན་པའི་བློ་ཅན་མའོ། །རཱ་མེ་ཤྭ་རི་སྟེ་སྨིན་མའི་དབུས་ལ་ནི་མི་ཐུང་མའོ། །དེ་བི་ཀོ་ཊེ་སྟེ་མིག་ལ་ནི་ལང་ཀའི ་དབང་ཕྱུག་མའོ། །མཱ་ལ་བ་སྟེ་ཕྲག་ཕ་གཉིས་ལ་ཤིང་གྲིབ་མའོ། །ཉེ་བའི་གནས་ཏེ་དེ་བཞིན་དུ་ས་དྲི་མ་མེད་པ་ཐུགས་ཀྱི་འཁོར་ལོ་སྟེ་མཁའ་སྤྱོད་དོ། །ཀཱ་མ་རུ་པ་སྟེ་མཆན་ཁུང་དག་ལ་ནི་ཨེ་ར་བ་ཏིའོ། །ོ་དྲེ་སྟེ་ནུ་མ་གཉིས་ལ་ནི་མི་འཐུར་མའོ། །ཞིང ་དེ་འོད་བྱེད་པར་ཤེས་པར་བྱའོ། །ཏྲི་ཤ་ཀུ་ནི་སྟེ་ལྟེ་བ་ལ་ནི་རླུང་གི་ཤུགས་ཅན་མའོ། །ཀོ་ས་ལ་སྟེ་སྣའི་རྩེ་མོ་ལ་ནི་ཆང་འཐུང་མའོ།། ཉེ་བའི་ཞིང་སྟེ་འོད་འཕྲོ་ཅན་ནོ། །ཀ་ལིང་ག་སྟེ་ཁ་ལ་ནི་ལྷ་མོ་སྔོ་བསངས་མའོ། །ལམྦ་ཀ་སྟེ་མགྲིན་པ་ལ ་ནི་ཤིན་ཏུ་བཟང་མོའོ། །ཚན་དོ་ཧ་སྟེ་ཤིན་ཏུ་སྤྱད་དཀའ་པ་ཉིད་དོ། །ཀ་རྩིག?་སྟེ་སྙིང་ག་ལ་ནི་རྟན་མའོ། །ཧི་མ་ལ་ཡ་སྟེ་འདོམས་ལ་ནི་བྱའི?་གདོང་ཅན་མའོ། ཉེ་བའི་ཆན་དོ་ཧ་སྟེ་མངོན་དུ་གྱུར་པའོ། །གསུང་གི་འཁོར་ལོ་སྟེ ་ས་ལ་སྤྱོད་པའོ། །པྲེ་ཏ་བུ་རི་སྟེ་མཚན་མ་ལ་ནི་འཁོར་ལོའི་ཤུགས་ཅན་མའོ། །གྲི་ཧ་དེ་བ་སྟེ་བཤང་བའི་ལམ་ལ་ནི་དུམ་སྐྱེས་མའོ། །འདུས་པ་ཅན་ཏེ་རིང་དུ་སོང་བའོ། །སོ་རཱཥྚཱ་སྟེ་བརླ་གཉིས་ལ་ནི་ཆང་འཆོད་མའོ། །སུ་བརྞ་དྭཱི?་པ་སྟེ་བྱིན་པ་གཉིས་ལ ་ནི་འཁོར་ལོའི་གོ་ཆ་མའོ་།ཉེ་བའི་འདུས་པ་ཅན་ཏེ་མི་གཡོ་བའོ། །ན་ག་ར་སྟེ་སོར་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ། །སིན་དྷུ་སྟེ་རྐང་བའི་པོ་ལ་ལ་ནི་སྟོབས་ཆེན་མའོ། །དུར་ཁྲོད་དེ་ལེགས་པའི་བློ་གྲོས་ཉིད་དོ། །མ་རོ་སྟེ་མཐེ་པོ་དག་ལ་ནི ་འཁོར་ལོས་སྒྱུར་མའོ། །ཀུ་ལུ་ཏ་སྟེ་པུས་མོ་གཉིས་ལ་ནི་བརྩོན་འགྲུས་ཆེན་མོའོ།། ཉེ་བའི་དུར་ཁྲོད་དེ་ཆོས་ཀྱི་སྦྲིན་ནོ། །སྐུའི་འཁོར་ལོ་སྟེ་ས་འོག་ན་གནས་པའོ། །སའི་ཁམས་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། ། ་མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའ་ཨི་ཁམས་ནི་པདྨའི་དྲ་བ་ཅན་ནོ། །ཉེ་བའི་བསྙེན་པའི་སྦྱོར་བ་ཡིས། །མཁའ་འགྲོ་མ་ཚོགས་དཀྱིལ་འཁོར་རོ། །སེན་མོ་དང་སོ་དག་ནི་ཐོད་པའི་དུམ་བུ?་ཅན ་ནོ། །སྐྲ་དང་སྤུ་དག་ནི་ཀེང་རུས་ཆེན་པོའོ། །པགས་པ་དང་དྲི་མ་དག་ནི་ཀེང་རུས་སོ། །ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ། །རྩ་རྒྱུས་ནི་ཆང་དགྲའོ། །རུས་པ་ནི་འོད་དཔག་ཏུ་མེད་པའོ། །མཁལ་མ་ནི་རྡོ་རྗེ་འོད་དོ། །སྙིང་པོ་ནི་རྡོ་རྗེའི་སྐུའོ། །མིག ་ནི་མྱུ་གུ་ཅན་ནོ། །མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན་ནོ། །གློ་བ་ནི་ཤིན་ཏུ་དཔའ་པོའོ། །རྒྱུ་མ་ནི་ཧཱུཾ་མཛད་དོ། །གཉེ་མ་ནི་རབ་ཏུ་བཟང་པོའོ། །གྲོད་པ་ནི་རྡོ་རྗེ་བཟང་པོའོ། །བཤད་བ་ནི་འཇིགས་བྱེད་ཆེན་པོའོ། །མཚམས་པར་ནི་མིག་མི་བཟང་པོའོ། །བད ་ཀན་ནི་སྟོབས་པོ་ཆེའོ། །རྣག་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ནི་རྟ་མགྲིན་རྡོ?། །རྡུལ་ཉིན?་མཁའ་ཨི་སྙིང་པོའོ། །ཚིལ་ནི་ཧེ་རུ་ཀའོ། །མཆི་མ་པདྨ་གར་བྱི་དབང་ཕྱུག་གོ་།མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །སྣབས་ནི་རྡོ་རྗེ་སེམས་དཔའ་ཨོ། །གཟུགས་ཀྱི་ཕུང་པོ་ནི་རྣམ་པར ་སྣང་མཛད་ངོ། །ཚོར་བ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ནི་པདྨ་གར་གྱི་དབང་ཕྱུག་གོ་།འདུ་བྱེད་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་པ་ཉིད་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །མིག་ནི་གཏི་མུག་རྡོ་རྗེའོ། །རྣ་བ་ནི ་ཞེ་སྡང་རྡོ་རྗེའོ། །སྣ་ནི་སེར་སྣ་རྡོ་རྗེའོ། །ཁ་ནི་འདོད་ཆགས་རྡོ་རྗེའོ། །རེག?་བྱ་ནི་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་པ་ནི་དབང་ཕྱུག་རྡོ་རྗེའོ། །ཐུགས་ལ་ནི་བསྐྱོད་པའོ། །གསུང་ལ་འོད་དཔག་ཏུ་མེད་པའོ། །སྐུ་ལ་རྡོ་རྗེ་རྣམ་པར་སྣང་མཛད་དོ། །དཔའ་ ་པོ་དགོད་པའི་སྦྱོར་བ་ཡིས། །སྒྲུབ་པ་དག་ཀྱང་ཡང་དག་བརྩམ། །ོཾ་སརྦ་བཱི་ར་ཡོ་གི་ནཱི་ཀ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨཀོ་ཧཾ། ཨོཾ་བཛྲ་ཤུདྡྷ(རྒྱུད་འགྲེལ་གྱུར་པའི་རང་བཞིན་གྱིས། །དེ་ནས་ཆོག་གཉིས་དགོད་བྱ། །སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། །མགོ་བོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོའོ། །སྤྱི་གཙུག་ལ་སྭཱཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་དམར་པོའོ། །ཕྲག་པ་གཉིས་ལ ་བོ་ཥཊ་ཧེ་དཔལ་ཧེ་རུ་ཀ་ནག་པོའོ། །མིག་གཉིས་ལ་ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མ་དམར་པོའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་རྟ་མཆོག་ལྗང་གུ་སྟེ་གོ་ཆའོ། །ལྟེ་བ་ལ་ཨོཾ་པཾ་རྡོ་རྗེ་ཕག་མོ་དམར་པོའོ། །སྙིང་གར་ཧཾ་ཨོཾ་ཡ་མི་ནི་སྔོན་པོའོ། །ཁ?་ལ་ཧྲཱིཾ་མོཾ་རྨོངས ་བྱེད་མ་དཀར་པོའོ། །མགོ་ལ་ཧྲེཾ་ཧྲཱིཾ་སྐྱོད་བྱེད་མ་སེར?་མོའོ། །སྤྱི་གཙུག་ལ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་གུའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་གཏུམ་མོ་དུ་བ་སྣ་ཚོགས་པའི་མདོག་ཅན་ཏེ་གོ་ཆའོ། །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་ཅན། དེ་ལས་གཞན ་པ་ཕྱག་བཞི་པ། །རྡོར་དྲིལ་པད་སྣོད་ཁ་ཊཝཱཾ་ག་།ཌ་མ་རུ་དང་མགོ་པོའོ། །གཞན་རྣམས་ཕྱག་གི་མཚོན་ཆ་ནི། །འཁོར་ལོ་ལ་སོགས་རང་མཚན་མ། །དྲིལ་བུ་ཐོད་པ་ཉིད་དག་དང། །ཁ་ཊཝཱཾ་ཌ་མ་རུ་ཉིད་འགྱུར། །ཕག་མོ་ཞལ་གསུམ ་ཕྱག་དྲུག་པ། །ཞལ་དམར་སྔོ་དང་ལྗང་གུ་སྟེ། །པད་སྣོད་ཉིད་དང་ཁ་ཊཝཱཾ་ག་།ཞགས་པ་དང་ནི་ལྕགས་ཀྱུ་ཉིད། །ཚངས་པའི་མགོ་དང་གྲི་གུག་དང། །འདི་ཡི་ཕྱག་ལ་རྣམ་པར་བསྒོམ། །གཞན་རྣམས་ཞལ་གཅིག་ཕྱག་བཞི་པ། །སྤྱན་གསུམ་ཕྱག་ན་པད ་སྣོད?་དང། །ཁ་ཊཝཱཾ་ག་དང་དྲིལ་བུ་དང། །ཅང་ཏེའུ་གྲི་གུག་དག་བསྒོམ་བྱ། །རྡོ་རྗེ་སེམས་དཔའ་ཕག་མོ་དང། །རྣམ་སྣང་ཡ་མི་ནི་ཞེས་བྱ། །གར་གྱི་དབང་ཕྱུག་རྨོངས་བྱེད་མ། །དེ་བཞིན་ཧེ་རུ་ཀ་བསྐྱོད་མ། །རྡོ་རྗེ་ཉི་མ་སྐྲག་བྱེད་མ། །རྟ་མཆོག་གི་ནི་གཏུམ ་མོའོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་གཉིས་ནི་བརྟན་པོར་རབ་ཏུ་སྦྱར། །དེ་ནི་དཔྲལ་བའི་ཕྱོགས་དབུས་རབ་བཞག་ནས། །བསྐོར་ཞིང་བསྐོར་པས་ཀུན་ཏུ་བསྐྱོད་པར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །བྱིན་དུ་ཕེཾ?་གི་སྒྲ?་སྒྲོགS ་ཤིང། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །དེ་ནས་སྙིང་པོའི་ཕྱག་རྒྱ་བསྟན་ཏེ། །ལག་པ་གཡས་པ་དང་གཡོན་པ་དག་བསྐོར་ཞིང། མཁའ་འགྲོ?་མའི་བདེ་པ། ཛ:ཧཱུཾ་བཾ་ཧོ:ཱི་སྦྱོར་པས ་དགུག་པ་དང། །གཞུག་པ་དང། བཅིང་བ་དང། དབང་དུ་བྱ་སྟེ། ཨོཾ་ཡོ་ག་ཤུདྡྷ:སརྦ་དྷརྨ་ཡོ་ག་ཤུདྡྷོ་ཧཾ། ཤེས་བརྗོད་པར་བྱའོ། །དེ་ནས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ནམ་མཁའ་ཨི་དཀྱིལ་ཡོངས་སུ་གང་བར་བལྟས་ལ། ཡེ་ཤེས་ཀྱི་བདུད ་རྩིའི་ཆུས་བཀང་བའི་བུམ་པ་ཕྱག་ན་བསྣམས་ཤིང་དབང་བསྐུར་བ་ལ་མངོན་དུ་ཕྱོགས་པས་དབང་བསྐུར་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས ་ཁྲུས་གསོལ་ལོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བི་ཥེ་ཀ་ས་མ་ཡ་ཤྲི་ཨཱ་ཧཱུཾ། རྡོ་རྗེ་སེམས་དཔས་རྒྱས་བཏང་བྱ། །གཞན་རྣམས་གོ་རིམ་བཞིན་དུ་འགྱུར། །ལྷ་མོ་ཞིང་སྐྱེས་ལྷན་ཅིག་སྐྱེས། །དེ་བཞིན་གནས་སྐྱེས་རྣལ་འབྱོར་མ། །ལྷ་མོ་རིགས་སྐྱེས་སྔགས་ལས་སྐྱེས ་དེ་བཞིན་མི་སྡང་མཁའ་སྤྱོད་མ། །ཐ་མ་སྐྱེས་དང་མཆོག་ཉིད་མ། །དབུས་མ་སྣ་ཚོགས་མཆོག་མ་ནི། །མཁའ་ལ་སྤྱོད་དང་ས་ལ་སྤྱོད། །ས་འོག་ན་ནི་གནས་པ་མོ། །གནོད་སྦྱིན་མོ་དང་ཀླུ་མོ་དང། །དེ་བཞིན་དྲི་ཟ་མི་འམ་ཅི། །ོ་བ་ས་རི་དང་དངོས་གྲུབ་མ། །ཡ? ་མི་ནི་དང་བདེ་གཤེགས་བསམ། །དཀོན་མཆོག་གསུམ་ལ་ཆགས་བདག་མ། །དེ་ཀུན་དཀྱིལ་འཁོར་ལ་དགུག་བྱ། །གླུ་ཡི་བྱ་བ་སྣ་ཚོགས་དང། །གར་གླུ་རྣམ་པར་བྱེད་པ་དང། །སྣ་ཚོགས་རོ་མཆོག་དགའ་སྟོན་གྱིས། །མཁའ་འགྲོ་མ་ཡི་གཙོ་བོ་མཆོད། །འཇིགས ་ཆེན་མཆེ་བ་གཙིགས་པ་སྟེ། །རྒྱུ་མ་ངག་གི་ཕྲེང་བ་བརྒྱན། །ཤ་ཆེན་པོ་ནི་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །ཞེས་བྱ་བས་བསྟོད་དོ། །རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་ལས་བྱུང་བའི་ཀ་པཱ་ལ་ཡེ་ཤེས་ཀྱི་བདུད་རྩི ་ལྔས་བཀང་པ་བཅུ་དྲུག་ཡི་གི་བཾ་དང་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་དང། ཡི་གེ་གསུམ་ལས་བྱུང་པར་སྤྲོ་ཞིང་ཡི་གེ་གསུམ་བསྒོམ་པར་བྱའོ། །ོཾ་སྭ་བྷཱ་བ་ཤུ་དྡྷ(རྒྱུད་འགྲེལ་སེམས་དག་བྱས་ནས་ནི། །ཡེ་ཤེས་བདུད་རྩི་སྤྱོར་བ་ཡིས། །ཡེ་ཤེས་བདུད་རྩིའི་ཆུ་གཏུང་བྱ། །ོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཧཱུཾ་ཧཱུཾ་ཋ་ཋ་ཏྲཾ་ཨ། །ཡི་གེ་དྱཱ་སྣའི་རྩེ་མོར་སྦྱར་ཞིང། །ཡི་གེ་བྱ་ལིངྐའི་སྟེ་བར་བཀོད་ལ་ཕྱེད་བཅས་ཀྱི་ལྟེ་བ་དང་སྙིང་ག་དང། ལྐོག་མ་དང ་དཔྲལ་བའི་ཕྱོགས་སུ་སྔགས་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་སརྦ་བཛྲ་ཀཱ་མི་ཎི་སརྦ་བྷ་ཀྵི?་ཤོ་དྷ་ཡ་གུ་ཧཡཾ་བཛྲ?་ཎི་ཧཱུཾ། ཞེས་བྱ་བས་དགའ་བར་བརྩམ་པར་བྱའོ། །ཱ་ལི་ཀཱ་ལི་མདུན་བསམ་ནས། །རྣལ་འབྱོར་ཆེན་པོས་དལ་བསོ་བར། །ཟླ་བའི ་དཀྱིལ་འཁོར་རྫོགས་པར་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །གོ་འཕང་མཆོག་གི་ཡི་གེ་ནི། །དེ་ཡི་དབུས་སུ་གནས་པར་བསམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ཡི་དབུས་ནི་འདས་གྱུར་ཅིག་། ་སེམས་ཉིད་འབྱུང་བར་མི་འགྱུར་མིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །བསམ་བའང་རྟག་པར་མི་བྱའོ། །དེ་ཡང་བསམ་མི་ཁྱབ་བསམ་ནས། །དེ་ནས་འཛིན་པ་ཐོབ་པར་འགྱུར། །དེ་ནས་མཉམ་པར་གཞག་པ་ཡིས། །དམ་ཚིག་འཁོར་ལོ་བཟླས་པར ་བྱ། །ོཾ་ཤྲི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་ཤཾ་བ་རཾ་སྭཱཧཱ། སྙིང་པོའི་སྔགས་སོ། །ོཾ་ཧྲི(རྒྱུད་འགྲེལ་ཨོཾ་ཀ་ར་ཀ་ར་པྲ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ། །ོཾ་ཀུ་རུ་ཀུ་རུ་ཙཎྜཱ་ཀྵཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བནདྷ་བནདྷ་པྲ་བྷཱ་བ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་མཧཱ་ནཱ་སེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཱི་ར་མ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ?་ཧྲོཾ་ཁར?་བ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲ:ཧྲ:ལངྒེ་ཤྭ ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕེཾ?་ཕེཾ?་དྲུ་མཙྪ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཨེ་རཱ་བ་ཏཱི་ཡཾ?་ཧཱུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་མ་ཧཱ་བྷཻ་ར་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ་།ོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བཱི་ནི་སུ་ར་བྷཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ ་མ་བྷ་པཱ་ཧཱ་ལ་ག་ཏ་བྷཱུ་ཛཱ་ག་སརྦ་མྦཱ་ཏརྫ་ཡ་ཏརྫ་ཡ་ཤཱ་མ་དེ་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀརྦབྷཡ?་ཨཱ་ཀརྦབྷ་སུ་བྷ་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲི་ཧྲི་ཧ་ཡ་ཀར་ཎེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཁ་ག་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཾ་ཀྵྨཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧིཾ་ཧིཾ་ཤོཎྜི་ནཱི་ཡེ ་ཧུཾ?་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཙཀྲ་བརྨི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་སུ་དཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་མཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙི་ལི་ཙི་ལི་ཙཀྲ་བརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་མི་མཧཱ་པཱི་རྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ? ་ཀ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མེ་དཱ་ཌཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཥྚཱཾ?་ཎཱི་པེ་རྩཾ་ཧཱུཾ་པཀྟ་ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་སྟུཾ?་ཧཱུཾ?་ཕཊ། ཨོཾ་ཤུ?་?་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་?་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ཎཱི་ཡེ ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་པཱི་?་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤཱགནི?་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛཊཱ་མ་ཀུ་ཊོཏ?་ཏཱ?་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ། བྷི་ཥཎཱ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ས་སྲ་བྱུ?་ཛ་ཕ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བ་ར་ཤཱུ་པ་ཤོ་དྱ་ཏ་ཤཱུ་པ་ཥ་དྱཱཾ? ་ག་དྷ་རི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱགྷ་ཛི་ནཱཾ་བ་ར་དྷ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷུམྦརཱནྡྲཧ་དྷ་ཀ་ར་བ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། མཆོད་པའི་སྔགས་སོ། །ོཾ་ན་མོ་བྷ་ག་བ་ཏི་བཟར་བཱ་རའ་ཧཱི་བཱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱརྱ་བ་རཱ་ཛི་ཧེ་ཏྲཻ་ལོ་ཀྱ་མཱ་ཏེ་བིདྱེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བྷཱུ་ཏ་བྷ་ཡཱ་པ་ཏེ་མཧཱ ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཤཱ་ནཱི་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཁྱཾ་ཀ་རི་ཎེ་ཏྲ་བཏྲ་མ་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤོ་ཥ་ནི་རོ་ཥ་ཏི་ཀྲོ་དྷ་ནི་ཀ་རཱ་ལེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་པ་ར་ཛ་ཡི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བི་ཛ་ཡེ་ཛཾ་བྷ་ནི་སྟམྦཱ་ནི་མོ་ཏ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ར་ཧཱི་མ་ཧཱ་ཡོ ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏྲ་ཀྲ་ཡི་ནཱ་མ། ལྷོ་མོའི་མཆོད་པའི་སྔགས་སོ། །ོཾ་བཛྲ་པཱ་རཱ་ཧཱི་པྲོ་ཏི་གེ་ཧ་ན་ཧ་ན་པྲ་ཎཱཾ་ཀིཾ་ཀི་ནི། ཁི་ཁི་ནི། དྷུ་ན་དྷུ་ན། བཛྲ་ཧསྟེ་ཤོ་ཥ་ཡ་ཤོ་ཥ་ཡ་བཛྲ་ག་ཊཝཱཾ་ག་།ག་པཱ་ལ་དྷཱ་རི་ནི། མཧཱ་རི་ཤི་ཏོ་མཱཾ་སཱ་ཤ་ནི་མ་ནུཥྱཱནྟ་པྲ་བྷིདཏི? ་སནྣི་དྱཾ། ན་ར་ཤི་རོ་མཱ་ལཱ་གྲཾ་ཐི་ཏ་དྷ་རི་ཎི་སུཾ་བྷ་ནི་སུཾ་བྷེ་ཧ་ན་ཧ་ན་པྲ་ཎཱཾ་སརྦ་པཱ་པཾ་ས་ཏྭཱ་ནཱཾ་མཧཱ་མཱཾ་ས་ཚེ་ད་ནི་ཀྲོ་དྷ་མུ་རྟི་དཾཥྚཱ་ཀ་རཱ་ལི་ནི། མཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྐྱེ་ཨགྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་གེ་།ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛཝ་ལིཾ་ཏ་ཏ་ཛ་ཨེ།? ་ཛཝ?་ལ་མུ་ཁི་ཁིཾ་ག་ལ་ལོཙ?་ནི། བཛྲ་ཤི་རཱ་རེ། བཛྲ་ཤ་ནེ་མི་ལི་ཏེ་ཙི་ལི་ཏེ། ཧེ་ཧེ་ཧཱ་ཧཱ་ཧཱུཾ་ཧཱུཾ། ཁ་ཁ། དྷུ་དྷུ། རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ་མཧཱ་ཡོ་གི་ནི། པ་ཋིཧི་ས་དྡྷི། དྲཻཾ་དྷཱཾ་དྲཻཾ་དྷཱཾ་གྲཾ་གྲཾ། ཧེ་ཧེ་ཧཱ:ཧཱ:བྷཱི་མེ་ཧ་ས་ཧ་ས། པཱི་རེ་ཧཱ་ཧཱ་ཧོ་ཧོ་ཧཱུཾ་ཧཱུཾ།:ཧྲཻ་ལོཀྱ?་བི་ནཱ ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་བྷཱ་ཐཱ་ག་ཏ་པ་རི་བཱ་རེ་ཏེ་ཧཱུཾ་ཧཱུཾ་ཕཊ། སིདྷ་རུ་པེ་ཁ:ག་ཛ་དཱུ་བེ་ག:ཏྲཻ་ལོཀྱ་ཨུ་ད་རེ། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བཱི་རཱ་དྭཻ་ཏེ་ཧཱུཾ་ཧཱུཾ་ཧཱ(རྒྱུད་འགྲེལ་སདྱ:པྲ་དྱ་ཡ་ཀཱརི་ཎི་ཧཱུཾ་ཧཱུཾ་ཕཊ་བྷུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ་པ་ར་མ་སིདྡྷ། ཡོ་བཱི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྭཱཧཱ། ཐག་མོའི་རྩ་བའི་སྔགས་སོ། །དེ་ལྟར་གོ?་རིམ་བཞིན་དུ་དུང་ཆེན་པོའི་ཕྲེང་བ་?་པའི་གཡོན་པ་མཐེ?་པོ་དང་སྲིན་ལག་གིས་ཇི་སྲིད ་འདོད་ཀྱི་བར་དུ་བཟླས་པར་བྱའོ། །ཐུན་བཞི་ཡིས་ནི་སྦྱོར་བ་ཡིས། །བསྒོམ་དང་བཟླས་པ་ལ་ཕྱོགས་པ། །དམ་ཚིག་དམ་ཚིག་སྦྱོར་བ་ཡིས། །བཟའ་བྱ་གསང་སྔགས་བསྡུ་བར་བྱ། །ཐོག་མ་པར་དང་ཐ་མར་ནི། །གསང་སྔགས་ཡི་གེ་བརྒྱ་པ་བཟླ། །འཁོར་ལོ ་བརྟན་པར་བྱ་བ་དང། །དཔའ་བོ་མཁའ་འགྲོ་མ་རྣམས་དང། །སྔགས་རྣམས་ཐམས་ཅད་ཉིད་དག་ནི། །ཤིན་ཏུ་བརྟན་པ་ཉིད་དུ་འགྱུར། །ོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏི་ཥྛ་དྲི་དྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ག་ཨནུ་སྟོ?་མ་བྷ་བ། སུ་པོ་ཥྱོ ་མེ་བྷ་བ་སརྦ་སིདྡྷི་མམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ལ:ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན?་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ:ཧཱུཾ་ཕཊ། སྐྱོ་བར་གྱུར་ན་རྣམ་པར་དག་པ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན ་བསྒོམས་ལ་གནས་པར་བྱ་སྟེ། མཁའ་འགྲོ་མ་ནི་ལུས་དྲན་པ་ཉེ་བར་གཞག་པའོ། །ལྔ?་མ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ། །དུམ་སྐྱེས་མ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །གཟུགས་ཅན་མ་ནི་སེམས་དྲན་པ་ཉེ་བར་བཞག་པ་སྟེ། བདེ་བ་ཆེན་པོའི ་འཁོར་ལོའི་རྣམ་པར་དག་པའོ། །རབ་ཏུ་གཏུམ?་མ་ནི་འདུན་པའི་རྫུ་འཕྲུལ་བྱི་རྐང?་པའོ། །གཏུམ་མའི་མིག་ཅན་མ་ནི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །འོད་ལྡན་མ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །སྣ་ཆེན་མ་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། ། ་བརྟན་མའི་བློ་ཅན་མ་ནི་དད་པའི་དབང་པོའོ། །མི་ཐུང་མ་ནི་བརྩོན་འགྲུས་གྱི་དབང་པོའོ། །པད་ཀའི་དབང་ཕྱུག་མ་ནི་དྲན་པའི་དབང་པོའོ། །ཤིང་གྲིབ་མ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ། ཐུགས་ཀྱི་འཁོར་ལོའི་རྣམ་པར་ངག་པའོ། །ེ་ར་བ་ཏི་ནི་ཤེས་རབ་ཀྱི་དབང་པོའོ། །འཇིགས་བྱེད ་ཆེན་པོ་ནི་དང་པའི་སྟོབས་སོ། །རླུང་གི་ཤུགས་ཅན་མ་ནི་བརྩོན་འགྲུས་ཀྱི་སྟོབས་སོ། །ཆང་ཐུང་མ་ནི་དྲན་པའི་སྟོབས་སོ། །ལྷ་མོ་སྔོ་བསངས་མ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །ཤིན་ཏུ་བཟང་མོ་ནི་ཤེས་རབ་ཀྱི་སྟོབས་སོ། །རྟ་རྣམ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག ་གོ། བྱ་གདོང་མ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། གསུང་གི་འཁོར་ལོའི་རྣམ་པར་དག་པའོ། །འཁོར་ལོའི་ཤུགས་ཅན་མ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།དུམ་སྐྱེས་མ་ནི་ཤིན་ཏུ་སྤྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།ཆང ་ཚོད?་མ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ལན་ལག་གོ་།འཁོར་ལོའི་གོ་ཆ་མ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།ཤིན་ཏུ་དཔའ་མོ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།སྟོབས་ཆེན་མ་ནི་ཡང་དག་པའི་ལྟ་བའོ། ། ་འཁོ་རློས་སྒྱུར་མ་ནི་ཡང་དག་པའི་རྟོག་པའོ། །བརྩོན་འགྲུས་ཆེན་མོ་ནི་ཡང་དག་པའི་ངག་སྟེ། སྐུའི་འཁོར་ལོའི་རྣམ་པར་དག་པའོ། །ཁྭའི་གདོང་ཅན་མ་ནི་ཡང་དག་པའི་ལས་ཀྱི་མཛའ་འོ། །འུག་པའི་གདོང་ཅན་མ་ནི་ཡང་དག་པའི་འཚོ་བྱའོ། ། ་ཁྱིའི་གདོང་ཅན་མ་ནི་ཡང་དག་པའི་རྩོལ་བའོ། །པག་གི་གདོང་ཅན་མ་ནི་ཡང་དག་པའི་དྲན་པའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །གཤིན་རྗེའི་འགྲམ་པ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པར་བྱེད་པའོ། །གཤིན ་རྗེའི་ཕོ་ཉ་མོ་ནི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུངས་པའོ། །གཤིན་རྗེའི་མཆེ་བ་ཅན་མ་ནི་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བར་བྱེད་པའོ། །གཤིན་རྗེ་འཇོམས་མ་ནི་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའོ། །རྡོ་རྗེ་སེམས་དཔའ་ཨི་ཅོད་ ་པན་ནི། །ཡེ་ཤེས་ལྔ་པོ་རྣམ་དག་པའོ། །རྩ་བའི་སྔགས་ཀྱིས་དཔའ་བོ་ཡི། །མཆོད་ཕྱིར་ཐོགས་སུ་རབ་ཏུ་བརྟག་།རྡོ་རྗེ་ཕག་མོའི་སྔགས་ཀྱིས་ནི། །མགུལ་པས་མགུལ་བརྒྱན་བརྒྱན་པ་ཡིན། །སྙིང་པོ་ཡི་ནི་སྔགས་ཀྱི་ལྷ། །ཕྲེང་བ ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །སྙན་ལ་སྙན་ཆས་བརྒྱན་པ་ཡིན། །སངས་རྒྱས་མཁའ་འགྲོ་མ་སྔགས་ཀྱི། །པགས་པའི་གོས་ནི་འཛིན་པ་ཡིན། །རྣལ་འབྱོར་མ་དྲུག་སྔགས་ཀྱིས་ནི། །སྐེད་པ་སྐུ་རགས་ཀྱིས་བརྒྱན་པ། །གོ་ཆ་དྲུག ་གིས་དཔའ་བོ་ཡི། །སྐུ་ནི་ཕྱག་རྒྱ་འདི་ཡིས་མཛེས། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ཀྱིས་བཏུང་བའི་ཐོད་པ་ཡིན། །རྣམ་སྣང་ཞེས་བྱའི་སྔགས་གང་ཡིན། །ཐོད་པས་བརྒྱན་པའི་དབུ་ཐོད་ཡིན། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ལ་ཁམས ་གསུམ་རྣམ་པར་རྟག་།ཁ་ཊཝཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོའང་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བཤད། །སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ། །དག་པ་ཆོས་ཀྱི་སྤྲུལ་པ ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །གྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དཱུང་མི་གནས་པའོ། །སེམས་ལ་གནས་པའི་རྣལ་འབྱོར་པ། །མྱ་ངན་འདས་པ་མི་རྟོག་ཀྱང། །འཐོ་བའི་ཚེ་ན ་རྣལ་འབྱོར་པ། །དཔལ་ལྡན་ཧེ་རུ་ཀ་སོགས་དང། །དཔའ་བོ་རྣལ་འབྱོར་མ་རྣམས་ནི། །ཕྱག་ན་མེ་ཏོག་སྣ་ཚོགས་ཐོགས། །སྣ་ཚོགས་རྒྱལ་མཚན་བ་དན་དང། །རོལ་མོའི་སྒྲ་ནི་སྣ་ཚོགས་དང། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། ། ་མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དེ་ལྟར་ཀུན་བསམས་རྣལ་འབྱོར་དག་།འཇིགས་པ་ཐམས་ཅད་རྣམས་སྤང་སྟེ། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག་།རྣལ་འབྱོར་བློ་ལྡན་ཆེན་པོ་སྤྱོད། །རིགས་ལྔ་དག་ཏུ་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར ་བརྟག་།ཚངས་པར་སྤྱོད་པར་རྟག་གྱུར་ནས། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །རྣམ་པར་མི་རྟོག་བདག་ཉིད་སེམས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །དོགས་པ་ཐམས་ཅད་རྣམ་སྤངས་ཏེ། །སྔགས་པ་སེང་གེ་བཞིན་དུ་སྦྱོར། །དེ་ལྟར་བདག་ཉིད་རྣམས་བསམས ་ཏེ། །སྔགས་མི་འདོར་ཞིང་ཤིན་ཏུ་བསྲུང། །རྐང་པ་གཡས་བརྐྱང་པས་གནས་ཤིང། །ཕྱག་རྒྱས་བཅིངས་ཏེ་མཉམ་གཞག་པས། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །དེ་ནས་དཔྲལ་བའི་ཕྱོགས་དབུས་རབ་བཞག་ནས།། ་བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐྱོད་པར་བྱ། །ོཾ་ཨཱ:་ར་ལླི་ཧོ། ཛ:ཧཱུཾ་བཾ་ཧོ:བཛྲ་ཌཱ་ཀི་ནི་ས་མ་ཡ་སྟཝཾ་དྲི་ཤྱ་ཧཾ། ཞེས་བྱ་བ་འདི་གསུམ་མམ་བཞི་འམ་ལྔའི་བར་དུ་བརྗོད་པར་བྱའོ། །དེ་ནས་ལག་པ་གཡས་པ་དང་གཡོན་པ་བསྐོར་ཞིང་མཁའ་འགྲོ་མའི ་བདེ་བ་དེའི་སྙིང་པོའི་ཕྱག་རྒྱ་བསྟན་ཏེ། རྣལ་འབྱོར་སྟན་ནི་མཐོན་པོ་ལ། །གཅེར་བུ་སྐྲ་ནི་གྲོལ་གྱུར་པས། །ལྷོར་ནི་ལུས་བལྟས་གནས་བྱས་ལ། །མཚན་བྱེད་གཏོར་མ་སྦྱིན་པར་བྱའོ། །རྡོ་རྗེ་ཐལ་མོ་གྱེད་དུ་ཁ་?་ལ། །དེ་ནས་གསང་སྔགས་འདི་བརྗོད་པར་བྱ་སྟེ། ། ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་བི་ཤཱ་ཙོནམ་དཱ་པསྨཱ་ར་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲི་ཧྞཾཏུ་ས་མ་ཡཾ་རཾ་ཀྵ་ཏུ། སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐི་བཾ་ཡ་ཐཥྛཾ། བྷུཉྫ་ཐ་པི་བ་ཐ་ཇི་གྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱར་ཏ་ཡ། སསསུ་ཁང་པི?་ཤུདྡྷ ་ཡེ། ས་ཧ་ཡི་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྣལ་འབྱོར་པས་ནི་ལག་གཡོན་གྱིས། དཔའ་བོའི་བརྡ་ནི་བསྟན་པར་བྱ། །འདི་དག་དཔའ་པོ་རྣམས་ཀྱི་གཞི། །བརྡ་རྣམས་དག་ནི་རབ་ཏུ་འཇུག་།ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་བ་ཐམས་ཅད ་གཡོན་ལས་བྱུང། །ཤིད་ལ་རྡོ་རྗེ་སེམས་དཔའ་སྟེ། །ཡལ་གར་རྣམ་པར་སྣང་མཛད་གནས། །བླ་མར་པདྨ་གར་དབང་ཕྱུག་།སོ་ལ་དཔའ་བོ་དྲུག་སྦྱིན་ཏེ། །མཐེའུ་ཆུང་ནམ་མཁའ་མི་བཟད་སྐུ། །སེན་མོ་ངོས་ལ་རྟ་མགྲིན་ཏེ། །དཔའ་བོ་ཀུན་གྱི་གཞི་ཡིན་པས། ། ་ལག་པ་གཡོན་པ་ངག་ལ་བྱ། །ལག་པའི་མཐིལ་ལ་ཕོ་ཉ་མོ། །སྙོམས་པར་འཇུག་པ་ལ་ཕྱོགས་པའོ། །རྒྱབ་ཏུ་ཤིན་ཏུ་ངེས་པ་ཡིན། །བརྡ་ལྔ་པོ་དག་བྱས་ནས་ནི། །སྒྲུབ?་པ་པོ་ཡིས་བརྟན་བྱས་ཏེ། །ས་ནི་སྤྲན་ཞེས་བྱ་བར་བཤད། །ཆུ ་ཁམས་གསོར་བྱེད་མ་རུ་ཤེས། །མེ་དང་ཆུ་ནི་སྒྲོལ་མ་དང། །གོས་དཀར་མོར་ནི་རབ་ཏུ་གྲགས། །ངར་སྐབས་དག་གི་སྟོང་པ་ནི། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །མཁས་པས་རྒྱབ་ཀྱིས་གཤེགས་གསོལ་བྱ། །དེ་ལྟར་དཔའ་བའ་ཨི་བརྡ་བྱས་ཏེ། །དེར་ནི་ལྷན ་ཅིག་ཟས་བརྩམ་བྱ། །ནག་པོའི་ཕྱོགས་ཀྱི་ཆོས་བཅུ་དང། །དཀར་པོའི་ཕྱོགས་ཀྱི་དེ་བཞིན་འགྱུར། །རྡོ་རྗེ་ལྷ་མོ་ཤ་ཆད་རྣམས་ཀྱིས་ཀྱང། །ངེས་པར་རབ་ཏུ་འབད་དེ་མཆོད་པར་བྱ། །ནག་པོའི་ཚེས་བརྒྱད་ནག་པོའི་བཅུ་བཞི་དང། །དཀར་པོའི་ཆོས ་བརྒྱད་དཀར?་པོའི་བཅུ་བཞི་ལ། །རྡོ་རྗེ་ལྷ་མོ་ཤ་ཆང་རྣམས་ཀྱིས་ཀྱང། །ངེས་པར་རབ་ཏུ་འབད་དེ་མཆོད་པར་བྱ། །དེ་དག་མཆོད་པ་དེ་ལས་དང་ཤས་ཤིང། །དཔལ་ལྡན་ཧེ་རུ་ཀ་ཡང་ཆགས་གྱུར་པའོ། །ཐུགས་དབྱེས་གྱུར་ནས་མཆོག་ནི་སྩོལ་བར་འགྱུར། ། ་འདི་ལྟར་མཆོག་ནི་དེ་དག་ལག་མཐིལ་གནས། །བྱང་ཆུབ་རྡོ་རྗེས་འད?་བྱས་ལ། །དགེ་ཆེན་དག་ནི་གང་སྐྱེས་པ། །ངེས་འགྲོ་བྱང་ཆུབ་རྡོ་རྗེ་ཡི། །གོ་ཕངས་ཆོག་ནི་ཐེབ་པར་ཤོག་།ཀུན་སྤྱོད་སྔོན་འབྱུང་ཞེས་བྱ་མ་ལུས་པ་དང་མཁའ་འགྲོ་ངེས་བརྗོད་བླ་མ་དང། ་ལུ་ཡི་པ་ལ་སོགས་པ་ལས་ནི་མཛད་པར་བལྟས་ནས་ཀྱང། །འཁོར་ལོའི་གཙོ་བོ་དཔལ་དག་སྐྱེ་བ་གཅིག་ཏུ་ཡོངས་སུ་གོམས་མཛད་ནས། །དཔལ་ལྡན་སམ་བར་རོལ་སྒྲུབ་ཐབས་བྱང་ཆུབ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །སློབ་དཔོན་བྱང་ཆུབ་རྡོ་རྗེའི་ཞལ་སྔ་ནས་ཀྱིས ་བཛད?་པ། སམ་པར་ཤེས་པར་བྱེད་པ་ཞེས་བྱ་བའི་འགྲེལ་བ། དཔལ་རྡོ་རྗེ་བདེ་མཆོག་གི་མངོན་པར་རྟོགས་པ་རྫོགས་སོ།། །།རྒྱ་གར་མཁན་པོ་བྷ་དྲ་ཤྲཱི་པོ་དྷི་དང། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས ་ཏེ་གཏན་ལ་ཕབ་པ། །། *། །རྒྱ་གར་སྐད་དུ། ཨེ་ཀ་?་སཱ་དྷ་ནཾ་?། བོད་སྐད་དུ། དཔའ་པོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོར་མལ་ནས་ལངས་ཏེ། ཁ་ལ་སོགས་པ་དག ་