CLOSE WINDOW

N965: dpal lhan cig skyes pa bde ba'i mchog bdag byin gyis brlab pa zhes bya ba
Wyliee-texts based on the ACIP/ALL Input

ཉིད་ཐེ་ཚོམ་མེད། །གསུམ་པོ་སྤང་བར་གྱིས་ཤིང་རང་ལ་ལྟོས། །ཞེས་གདམས་སོ། །དཔལ་ལྷན་ཅིག་སྐྱེས་པའི་མན་ངག་།བདག་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཁྲོད་པ་ཆེན་པོའི་གསུང། རྗེ་མི་ཉག་ལོ་ཙ་བས་བསྒྱུར་བ་རྫོགས ་སོ།། །།རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སཾ་བ་ར་སྭ་ཏིཥྛ་ནཾ་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་།བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་སྒྲུབ་པའི་སྙིང་པོ་བདེ་ཆེན་རང་གི་སེཾས།། ་འཁྲུལ་པའི་དབང་གིས་རྐྱེན་དང་བཅས་གྱུར་ཀྱང། །རྒྱ་མཚོའི་ཆུ་ནི་དངས་མའི་རང་བཞིན་ཡིན་།རྙོག་མའི་རང་བཞིན་གློ་བུར་རྐྱེན་ལས་བྱུང། །མ་བཅོས་རང་སར་བཞག་ན་རྒྱལ་བའི་ཐུགས། །འདི་ན་བླ་མའི་དུས་ཐབས་བསྟེན་ལས་བྱུང་བ་སྟེ། །ཐབས་ཀྱི? ་རྒྱལ་པོ་བྱ་བ་ཐམས་ཅད་གཏང་བར་བྱ་བའོ། །ཞེས་རི་ཁྲོད་པ་ཆེན་པོས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་མན་ངག་རྫོགས་སོ།། །།རྒྱ་གར་སྐད་དུ། །ཤྲཱི་ས་ཧ་ཛ་སཾ་བར་སྭ་ཏིཥཐ་ན་ནཱཾ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས ་པ་བདེ་བའི་མཆོག་།བདག་བྱིན་གྱིས་བརླབས་པ་ཞེས་བྱ་བ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་རང་རྟགས་དང། །རྫོགས་པའི་གཟུགས་བརྙན་བསམ་མེད་དོ། །སྣ་ཚོགས་གཟུགས་ཅན་ཡིད་དུ་འོང། །ཡིད ་བཞིན་ནོར་བུའི་གཟུགས་འཆང་མ། །ཟིན་ན་དངོས་གྲུབ་ཆེན་པོ་འབྱུང། །ཆོས་བཤད་ནས་ནི་དབང་དུ་བྱ། །ཡང་ན་རི་བའི་རིན་གྱིས་བླུ། །ཤིན་ཏུ་གསང་བའི་སྒྲུབ་པ་པོས། །དབང་གིས་ཡོངས་སུ་སྨིན་པ་དང། །ལྷ་ལྟར་བལྟས་ལ་དངོས་གྲུབ་བླང། །མེ་ལོང་ནང་གི ་གཟུགས་བརྙན་ལྟར། །གསལ་ལ་འཛིན་མེད་བདེ་བའི་སྐུ། །ཉི་ཤུ་རྩ་ལྔ་ཡུལ་རྣམས་རྫོགས། །བལྟས་དང་རྒོད་དང་འཁྲིག་པ་ཡིས། །མཁའ་སྦྱོར་བདེ་བའི་ཕོ་བྲང་དུ། །དབང་གི་རྒྱལ་པོས་གང་བྱས་པས། །དཔའ་བོ་རྣལ་འབྱོར་མ་ཀུན་དགྱེས། །དཔའ་བོ ་མཁའ་འགྲོ་དགྱེས་པའི་གླུ་།ི་དང་ཧཾ་གིས་སྐྲ་བརྗོད་པས། །ཚངས་པའི་རི་བོ་རྩེ་ནས་ཉིལ། །རྒྱ་མཚོའི་ལྦུ?་བ་བལྟམས་པ་དང། །གནས་པ་བཞི་ཡི་རིམ་པ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །དབང་ཕྱུག་དམ་པའི་གསང་གཏམ་འདིས། ་ནམ་མཁའ་རྡོ་རྗེ་གྲོང་དུ་འཇུག་།བདེ་ཆེན་དག་པའི་ཞིང་ཁམས་མཐོང། །ཐམས་ཅད་ལྷན་ཅིག་སྐྱེས་པའི་སྐུ། །ཤེས་རབ་རྡོ་རྗེ་རྣལ་འབྱོར་མ། །གཉིས་མེད་བདེ་བའི་རྣམ་པ་ཅན། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །ཁ་ཅིག་ཟུང་འཇུག་ཅེས་བྱར་བརྗོད། །སྒྲིབ་པ་དང ་བྲལ་ཚོས?་སྐུ་འདིར། །རཀྟ?་ལ་སོགས་བྱང་སེམས་རྣམས། །རྟེན་དང་བརྟེན་པའི་མཚན་ཉིད་ཀྱི། །དཀྱིལ་འཁོར་ཐམས་ཅད་འདི་ཉིད་དོ། །དཔལ་ལྡན་ཅིག་སྐྱེས་པའི་སྒྲུབས་ཐབས་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། རྒྱལ་པོ་ཨིནྡྲ?་པོ་དྷི་འབྲིང ་ཐོས?་མཛད་པ། །རྗེ་མི་?་ཆེན་པོས་བསྒྱུར་བཟློགས?་སོ།། །། *། །རྒྱ་གར་སྐད་དུ། སཾ་བ་ར་བྱག་ལྱཱ?་།བོད་སྐད་དུ། སྡོམ་པ་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔའ་བོ་རྣལ་འབྱོར་མ་འབྲེལ་ལས། བདེ་མཆོག་བཤད་པ་འབྱུང ་པ་སྟེ། །ིནྡྲ་བོ་དྷིའི་གཞུང་ཉིད་དང། །ཀུན་སྤྱོད་དཱ་རིག་གཞུང་གིས། །དཔའ་བོ་དང་ནི་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་པ་རུ་གསུངས། །དཔལ་ལྡན་འབར་བ་འཛིན་ཞགས་སམ། །ཀཙོ?་ཏ་ཡི་གཞུང་རྣམས་ཀྱིས། །དཔལ་པོ་རང་ནི་རྣལ་འབྱོར་མ།། ་ཞལ་གཅིག་ཕྱག་གཉིས་པ་རུ་གྲབས?། །མཁའ་འགྲོ་མ་སོགས་དཔའ་འདིར་དཔྱད་པར་ཞུ་བོར་བཅས། །སྒོ་སྐྱོང་མ་?་ཡང་དག་ལྡན། །ཁྲོ་བོའི་གཟུགས་ནི་ཧཱུཾ་དང་བཅས། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ལྷ་མོ་རབ་ཏུ་གཏུམ་སོགས་བཞིན། །སྐུ་མདོག་སྣ ་ཚོགས་ཁྱད་པར་རོ། །བརྟུལ་བཞུགས་ཞལ་སྔ་ནས་ཀྱིས་གཞུང། །ཕྱག་གཉིས་དང་ནི་ཞལ་གཅིག་པ། །སྒེག་སོགས་རོ་ནི་ཐམས་ཅད་ཀྱིས། །དེ་རྣམས་འགྱིང་བས་རོལ་པར་འགྱུར། །ཡང་ན་སེམས་ནི་རྣམ་དག་པ། །སྐུ་མདོག་སྔོན་པོ་རྣམ་པའི་དབྱིབས།། ་