| Wylie | e-texts based on the ACIP/ALL Input |
ལན་དྷཱ་རས་མཛད་པ་རྫོགས་སོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་གཉིས་ཀྱི་རྒྱུ་བྱས་པས། །བརྒྱད་པོ་འཇིག་རྟེན་པ་དང་ཐུན་མོང་སྟེ། ལྔ་ཉིད་སྤང་བྱ་ལྔ་ཉིད་ལམ་ཡང་ཡིན། །དག་བྱེད་ངོ་བོ་སེམས་ཀྱི་རང་བཞིན ་སྐུ། །བསམ་མི་ཁྱབ་པའི་རྟོག་པ་རང་ལ་བྱུང། །བཞི་དང་བྲལ་ཏེ་གསུམ་དུ་རྟག་ཏུ་མེད། །དག་བྱེད་རང་བཞིན་དག་པའི་དང་དུ་སྣང། །གཉིས་པོ་སྤངས་ཏེ་ལྔ་ཉིད་ལམ་དུ་བྱ?་ལྔ་ལ་མི་ཆགས་གླང་ཆེན་སྨྱོན་པ་འདྲ། །ཀུ་ཤ་རླུང་བསྐྱོད་སྤྱོད་འདི་བདག་ལ ་གཅེས། །ཤའུ་སར་པ་འདྲ་པར་གསོ་པ་འདི། །ཀུན་ལ་གཅེས་པ་ཡིན་ཞེས་རི་ཁྲོད་གསུངས། །མ་རྟོགས་རྟོགས་པའི་སྤྱོད་པ་སྨྱོན་པ་འདྲ། །རྟོགས་ནས་མི་སྤྱོད་བླུན་པོའི་སྤྱོད་པ་ཡིན། །གང་ཡང་མི་རྟོག་དེ་ཡི་ངང་ལ་བཞག་།གྲོལ་བར་འགྱུར་ཏེ་དེ ་ཉིད་ཐེ་ཚོམ་མེད། །གསུམ་པོ་སྤང་བར་གྱིས་ཤིང་རང་ལ་ལྟོས། །ཞེས་གདམས་སོ། །དཔལ་ལྷན་ཅིག་སྐྱེས་པའི་མན་ངག་།བདག་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཁྲོད་པ་ཆེན་པོའི་གསུང། རྗེ་མི་ཉག་ལོ་ཙ་བས་བསྒྱུར་བ་རྫོགས ་སོ།། །།རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སཾ་བ་ར་སྭ་ཏིཥྛ་ནཾ་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་།བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་སྒྲུབ་པའི་སྙིང་པོ་བདེ་ཆེན་རང་གི་སེཾས།། ་