| Wylie | e-texts based on the ACIP/ALL Input |
ཕོད་ཀྱི་ལོ་ཙ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། །། *། (།ཡི་གེ་བདུན་པའི་སྒྲུབ་ཐབས་བཞུགས།)་། *། །རྒྱ་གར་སྐད་དུ། སཔཏ་ཨཀྵ་ར་སཱ་དྷཱ་ན། བོད་སྐད་དུ། ཡི་གེ ་བདུན་པའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་འཛིན་པ་འདི་དག་གིས། །བདག་ངོས་དྲན་པ་ཙམ་གྱིས་ནི། །བློ་དང་ལྡན་པའི་ལེགས་གྱུར་པ། །ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །འདི་བསྒོམ་པ་ལ་དབང་བར་གྱུར་པའི ་སྔགས་པས་ཐོ་རངས་མལ་ནས་ལངས་ཏེ། སྙིང་གར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་བལྟས་ལ། དེའི་འོད་ཟེར་གྱིས་བདག་ཉིད་ཀྱི་དྲི་མ་མེད་པར་བྱས་ནས། དེའི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། ་འཆད་པར་འགྱུར་བའི་སྐུ་མདོག་དང། ཕྱག་དང་མཚོན་ཆར་ལྡན་པ་འཁོར་དང་བཅས་པ་ནམ་མཁའ་ཨི་ཕྱོགས་སུ་བལྟས་ཏེ། ཡིད་ཀྱི་རང་བཞིན་གྱི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས ་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོའི་སྐྱེ་བོ་མ་ལུས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ། །བདག་འདི་ནས་བྱང་ཆུབ་ཀྱི་བར་དུ་རྐང་གཉིས ་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཐེག་པ་ཆེན་པོའི་ཚོགས་ཀྱི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཀྱི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས།། ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བར་ཇི་སྲིད་དུ་དེ་རྣམས་ལ་མཆོག་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་སླད་དུ་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་བདག་གིས་ལུས་དབུལ་བར་བགྱིའོ། །དགེ་བ་འདི་དག་ཐམས་ཅད་བླ་མ་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་བྱ་བ་ལ་ཡི་གེ་བརྒྱ་པ་བརྗོད་པས་བཅོམ་ལྡན་འདས་མཉེས ་པར་བྱས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྡར་དྲི་ཌཧོ་མེ་བྷ་པ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མམེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟི་ཤྲེ་ཡ(རྒྱུད་འགྲེལ་བྷ་ག་བན། སརྦབ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲའི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨ(རྒྱུད་འགྲེལ་ཐམས་ཅད་སེལ་བར་བྱེད་པའི་རྣམ་པའི་སྙིང་རྗེ་དང། ལྷའི་བདེ་བ་རྒྱུན་མི་འཆད་པར་ངེས་པའི་རྣམ་པའི་དགའ་བ་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོའི་འམ་ཉེ་བར་སྦྱོར་བའི་རྣམ་པའི་བཏང་སྙོམས་བསྒོམ་པར ་བྱའོ། །དེའི་རྗེས་ལ་ཆོས་ཐམས་ཅད་ཡིད་ཀྱིས་དམིགས་ཏེ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཉེ་བར་བརྟགས་ལ། སྟོན་ཀའི་ཉི་མ་གུང་གི་ནམ་མཁའ་ཨི་དྲི་མ་མེད་པའི་དཀྱིལ་འཁོར་ལྟ་བུར་ཆོས་ཐམས་ཅད་དུ་བྱས་ཏེ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ ་བ་ཨཱཏྨ་ཀོ་ཧཾ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་ལས་བདག་ཉིད་འཆད་པར་འགྱུར་དཔལ་ཧེ་རུ་ཀའི་གཟུགས་སྐུ་མདོག་དང་མཚོན་ཆར་ལྡན་པ་མངོན་པར་སྤྲུལ་ལ་སྙིང་ཀའི་ས་བོན་གྱིས་ལྕགས ་ཀྱུས་ཕྱོགས་བཅུ་ན་གནས་པའི་བགེགས་ཀྱི་ཚོགས་བཀུག་སྟེ། ཁྲོན་པར་ཆུད་པར་བྱས་ལ། ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་ཕུར་བུས་གདབ་བོ། །ལྷ་མོ་དེ་རྣམས་སྐུ་མདོག་དམར་པོ་འབར་བ་གསལ་ཞིང། ཕྱག ་གཉིས་པ་མགོ་སྐྱེས་དམར་སེར་གྱེན་དུ་འབར་བ། གྲི་གུག་དང་ཐོད་པ་དང། ཁ་ཊཝཱཾ་ག་འཛིན་པ་ཞལ་རྣམ་པར་འགྱུར་བ། སྨད་རྩེ་མོའི་རྣམ་པར་བྱས་པ། མགོ་བོའི་ཕྲེང་བ་བརྒྱན་པའོ། །སྔགས་བས་ཁྲོ་བོའི་མིག་གིས་སྔགས་བཟླས་ཤིང། ་བགེགས་རྣམས་ཁྲོན་པར་ཆུད་བར་བྱས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཤར་ལ་སོགས་པར་གཡོན་ནས་རྣམ་པར་བསྐོར་ཞིང། མེ་ལ་སོགས་པར ་གཡས་ནས་བསྐོར་ཏེ་དགོད་དོ། །དེ་ནས་ཨོཾ་གྷ(རྒྱུད་འགྲེལ་པར་བྱའོ། །ོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། འདིས་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །དེ་ནས་ཕུར་པའི་འོད་ཟེར་འབར་བའི་འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང། ལོགས་སུ་རྡོ་རྗེའི་ར་བ་དང། སྟེང་དུ་རྡོ་རྗེ་གུར་དང། རྡོ་རྗེ་བླ་རེ་དང། མངའ་ཨི ་དྲ་བ་དང། ཕྱི་རོལ་དུ་རྡོ་རྗེ་མེ་འབར་བ་བསྒོམས་ལ་སྔགས་ཀྱིས་ཀྱང་བརྟན་པར་བྱ་སྟེ། ཨོཾ་མེ་དི་ནི་བཛྲི་བྷ་ཝ་བཛྲ་བནདྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པི་དཱ་ན་ཧཱུཾ། བཾ་ཧཱུཾ། ཨོཾ་བཛྲ་སཱ་ར་ཛྲཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ་རཾ་ཧཱུཾ་ཕཊ། སའི་ཆ་བགེགས་མེད་པར་བལྟས་ལ། ་དེའི་དབུས་སུ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་བ་ལས། ཟླ་བ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྟེ་བར་ཧཱུཾ་ཡིག་དེ་ཉིད་ཅན་བལྟས་ཏེ། དེའི་འོད་ཟེར་གྱི་སྤྲིན་སྤྲོས་པས་འགྲོ་བ་རྣམས་དཔའ་བོའི་རང་བཞིན་དུ་བསམས་ལ། དེ་ཉིད་བསྡུས་པས ་ཡུད་ཙམ་གྱིས་སྣ་ཚོགས་རྡོ་རྗེས་བསྐོར་བའི་སྣ་ཚོགས་པད་མ་དང་ཉི་མའི་སྟེང་དུ་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་འཇིགས་བྱེད་དང། དུས་མཚན་ཡང་དག་པར་མནན་པའི་དཔའ་བོ་ཞལ་གསུམ་ཕྱག་དྲུག་པ། ཆང?་སྤྲིན་སྔོན་པོ་ལྟ་བུ་ལ། ་སྟག་གི་པགས་པའི་ཤམ་ཐབས་ཅན། །གཡོན་བརྐྱང་པ་ཡི་གོམས་པས་གནས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཟླ་བ་ཕྱེད་པས་ཐོད་དུ་བྱས། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །བརྒྱ་ཕྱེད་མགོ་བོས་རྣམ་པར་བརྒྱན། །རྡོ་རྗེ་དྲིལ ་བུའི་ཕྱག་གཉིས་ཀྱིས། །ཕག་མོ་ལ་ནི་འཁྱུད་པར་བརྩོན། །གཡོན་པ་ཐོད་པ་ཁ་ཊཝཱཾ་ག་།གཡས་པའི་ཕྱག་ན་རྩེ་གསུམ་པ། །གཉིས་ཀྱིས་མི་ཡི་པགས་པའི་གོས། །མངའ་བདག་ཕྱག་རྒྱ་དྲུག་གིས་བརྒྱན། །རྩ་བའི་ཞལ་ནི་སྔོན་པོ་ཆེ། །གཡས་པ ་སེར་པོ་ལྟ་བུ་ལ། །གཡོན་པ་ལྗང་གུ་འཇིགས་པ་ཆེ། །མི་ཡི་རུས་པའི་རྒྱན་གྱིས་བརྒྱན། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །ཕག་མོ་མགོན་པོ་ལྟ་བུ་སྟེ། །འོན་ཀྱང་མི་ཡི་ཕགས་པ་སྤངས། །ལྷ་མོ ་མདའ་དང་གཞུ་འཛིན་ཅིང། །ལྷན་ཅིག་སྐྱེས་དགའ་ཨི་གཟུགས་ཅན་མ། །དེ་ནས་འཁོར་ལོ་རྩིབས་དྲུག་ལ། །ཤར་ལ་སོགས་པར་གཡོན་རིམ་བཞིན། །དང་པོ་ལྷ་མོ་ཧེ་ལ་ཀི་།གཉིས་པ་རྡོ་རྗེ་འཇིགས་བྱེད་མ། །གསུམ་པ་དྲག་ཅིང་གཏུམ་པོ་མ ་བཞི་པ་རྡོ་རྗེ་ཉི་མ་སྟེ། །ལྔ་པ་རྡོ་རྗེ་དྲག་མོ་ཡིན། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །སྔོན་པོ་སེར་མོ་དམར་མོ་དང། །ལྗང་དང་དུང་དཀར་རིམ་པ་བཞིན། །ལྷ་མོ་འདི་རྣམས་ཆེར་དྲག་ཅིང། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་མ། །ཀུན་ཀྱང་ཡི་དགས་ཉི ་མའི་གདན། །ཕྱག་བཞི་དང་ནི་སྤྱན་གསུམ་མ། །མི་ཡི་པགས་པ་རྟགས་འཛིན་ཅིང། །དྲིལ་བུ་ཅང་ཏེའུ་ལེགས་པར་བསྣམས། །ཐོད་པའི་ཕྲེང་བའི་དབུ་བརྒྱན་ཅན། །གཡོན་བརྐྱང་བ་ཡི་གོམས་པས་གནས། །ཀུན་ཀྱང་ཕྱག་རྒྱ་ལྔར་འཆར ་ཞིང། །མགོ་བོའི་འཕྲེང་བས་རྣམ་པར་བརྒྱན། །ཡི་གེ་བདུན་ལས་ཡང་དག་བྱུང། །དངོས་གྲུབ་ཐམས་ཅད་རབ་སེར་མ། །དེ་ལྟར་ཡོངས་སུ་གྱུར་པའི་དཀྱིལ་འཁོར་གྲུབ་པར་བལྟས་ཏེ། སྙིང་གའི་ས་བོན་གྱི་ལྕགས་ཀྱུ་རྣམས་ཀྱིས་ཡེ་ཤེས ་འཁོར་ལོ་བཀུག་ལ། ནམ་མཁར་བལྟས་ཏེ། ཛ(རྒྱུད་འགྲེལ་ཐམས་ཅད་སྤྱན་དྲངས་ཏེ། ཡིད་ཀྱི་མཆོད་པས་མངོན་པར་མཆོད་པ། དབང་བསྐུར་བའི་དོན་དུ་ཚིགས་སུ་བཅར་པ་འདིས་གསོལ་བ་གདབ་བར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསལ་བ་ལྟར། །བདག་ཀྱང་སྐྱབ་པའི་དོན་གྱི་ཕྱིར། ་ནམ་མཁའ་ཨི་རྡོ་རྗེ་དེང་བདག་གསོལ། །དེ་ལྟར་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་གཟུགས་འཛིན་པས་རང་གི་སྟོབས་ཀྱིས་བྱུང་བའི་དབང་བསྐུར་བའི་རྫས་རྣམས་ཀྱིས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། ཁམས་གསུམ་པ་ཡིས ་ཕྱག་བྱས་ལ། །གསང་བ་གསུམ་གྱིས་གནས་ལས་བྱུང། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། ཞེས་བྱ་བ་དང་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བརྗོད་ཅིང་དབང་བསྐུར་ཏེ། དབང་བསྐུར་ནས་དཀྱིལ་འཁོར་གྱི་བདག ་པོའི་སྤྱི་བོར་མི་བསྐྱོད་པ་བསྐྱེད། ཁྲག་འཐུང་མ་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པར་བསམ་མོ། །དེ་ནས་གོ་ཆ་ཤེས་པར་བྱ་སྟེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཧྲཱི(རྒྱུད་འགྲེལ་སྐྱེད་པར་བྱའོ། །དེའི་རྗེས་ལ་སྙིང་གར་རྡོ་རྗེ་སྟེང་དུ་ཧ་ཀར་པོ་བསམས་ཏེ། ཨོཾ་ཧ་བཛྲ་སཏྭ་ཧཱུཾ་ཧཱུཾ་ཕཊ། སྤྱི་བོར་ཟླ་བ་ལ་འཁོར་ལོའི་སྟེང་དུ་ཧི་སེར་པོ་བལྟས་ལ། ན་མ་ཧི་བཻ་རོ་ཙ་ན་ཧཱུཾ་ཧཱུཾ་ཕཊ། སྤྱི་གཙུག་ཏུ་ཉི་མ་ལ་མ་པདྨའི་སྟེང་དུ་ཧཱུཾ་དམར་པོ་བལྟས ་ལ། སྭཱཧཱ་ཧུ་པདྨ་ན་ལྟེ་ཤྭ་ར་ཧཱུཾ་ཧཱུཾ་ཕཊ། ཕྲག་པ་གཉིས་སུ་ཉི་མ་ལ་རྡོ་རྗེའི་སྟེང་དུ་ཏེ་སྔོན་པོ་བལྟས་ཏེ། བཽ་ཥ་ཊ་ཧེ་ཤྲཱི་ཧྭེ་རུ་ཀ་ཧཱུཾ་ཧཱུཾ་ཕཊ། མིག་ཏུ་ཉི་མར་རིན་པོ་ཆེའི་སྟེང་དུ་ཧོ་སེར་པོ་བལྟས་ལ། ཧུཾ་ཧཱུཾ་ཧོ་བཛྲཾ་སཱུརྱ་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར་སྣ་ཚོགས ་རྡོ་རྗེའི་སྟེང་དུ་ཡི་གེ་ཧཾ་ལྗང་གུ་བལྟས་ཏེ་ཕཊ་ཧཾ་པ་ར་མ་ཨ་ཤྭ་བཛྲ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ནི་གོ་ཆ་དྲུག་གི་སྔགས་སོ། །གཞན་ཡང་ཕག་མོའི་གོ་ཆའི་སྔགས་ནི། དེའི་རྡོ་རྗེ་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་བཾ ་དམར་པོ་བསམས་ལ། ཨོཾ་པཾ་བཛྲ་བཱ་རཱ་ཏཱི་ཧཱུཾ་ཧཱུཾ་ཕཊ། སྙིང་གར་ཟླ་བ་ལ་ཡོཾ་སྔོན་པོ་བལྟས་ཏེ་ཧཾ་ཡོཾ་ཡ་མི་ནི་ཧཱུཾ་ཧཱུཾ་ཕཊ། ལྕེར་པདྨ་ལཾ་ཧཱི་དཀར་པོ་བསམས་ལ་ཙཱིཾ་མོཾ་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། སྤྱི་བོར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཏྲེཾ་ལྗང་གུ་བལྟས་ལ ་ཨོཾ་ཏྲཾ་ཧྲཱིཾ་སཉྩ་ལ་ནི་ཧཱུཾ་ཧཱུཾ་ཕཊ། སྤྱི་གཙུག་ཏུ་རིན་པོ་ཆེའི་སྟེང་དུ་ཧཱུཾ་ནམ་མཁའ་ཨི་མདོག་ཅན་བལྟས་ཏེ། ཧཱུཾ་ཧཱུཾ་སཾ་ཏྲཱ་ས་ནི་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཕཊ་དུ་བའི་མདོག་ཅན་བལྟས་ལ། ཕཊ་ཕཊ་ཙཎྜི་ཀ་ཧཱུཾ་ཧཱུཾ་ཕཊ། དེའི་རྡོ ་རྗེས་ལ་སྤྱི་བོར་པདྨ་དཀར་པོ་ལ་ཟླ་བ་ལ་ཨོཾ། མགྲིན་པར་དམར་པོར་ཆོས་ཀྱི་འབྱུང་གནས་ལ་ཨཱ:སྙིང་གར་སྣ་ཚོགས་པདྨ་ལ་ཉི་མར་ཧཱུཾ་བསམས་ཏེ། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བས་ལུས་དང་ངག་དང། ཡིད་བྱིན་གྱིས་བརླབ་བོ། །དཀྱིལ་འཁོར ་བའི་ལྷ་མོ་ཐམས་ཅད་ཀྱང་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབས་ཏེ་ཡང་ཡི་གེ་བརྒྱ་པ་བརྗོད་པས་བརྟན་པར་བྱའོ། །རིག་སྔགས་བཟླས་པས་འགྲུབ་པར་འགྱུར་རོ། །ཞེས་པས་བཟླས་པ་བརྗོད་པར་བྱའོ། །སྙིང་གར་པདྨའི་ཉི་མར་རྩིབས ་དྲུག་པའི་འཁོར་ལོ་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་བདུན་བཀོད་དེ། ཡིད་ཀྱིས་བརྗོད་པ་ལྟ་བུའི་སྔགས་བཟླའོ། །ོཾ་ཧྲི(རྒྱུད་འགྲེལ་ལོ་སྙིང་གའི་ས་བོན་ལ་ཆུད་པར་བྱས་ནས་ལངས་ཏེ། ལྷའི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །གུང་དང་རྒོངས་མོའི་ཐུན་ལ་ལྷའི་ཁྱིམ་དུ་ཞུགས་ཏེ། བདེ་བའི་སྟན་ལ་འདུག་ནས་སྙིང་གའི་ས་བོན་ལས་དཀྱིལ་འཁོར་གྱི་འཁོར ་ལོ་སྤྲོས་ཏེ་གནས་ཇི་ལྟ་བར་བལྟས་ཏེ། ཡེ་ཤེས་སེམས་དཔའ་གཞུག་པ་དང། དབང་སྐུར་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱ་སྟེ། སྒོམ་པའི་ཐོག་མ་དང་ཐ་མ་ནི་གཏོར་མ་སྦྱིན་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་ཡཾ་དང་རཾ་ཡོངས་སུ ་གྱུར་པ་ལས་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཱ:ལས་སྐྱེས་པའི་ཐོད་པའོ། །དེའི་དབུས་སུ་ཨོཾ་གྱི་ཡི་གེས་མཚོན་པའི་རྫས་རྣམས་སོ། །དེའི་སྟེངས་སུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའོ། །དེ་ནས་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལས་མེ་འབར་ཏེ་དེས་དེ ་རྣམས་སྤྲོས་པ་དང། བཙོས་པ་དང་ཞུ་བར་གྱུར་ཏེ་སྟོན་ཀའི་ཟླ་བ་ལྟད་དཀར་པོར་གྱུར་པ་དང། དེའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་གྱི་བདུད་རྩི་བཀུག་སྟེ་དེ་ཉིད་དུ་བཅུག་ནས། ཨོཾ་ཨཱ(རྒྱུད་འགྲེལ་བྱིན་གྱིས་བརླབ་བོ། །ོཾ་སརྦ་བཛྲ་ཌཱ་ཀི་ནི་བྷཀྵི་མེ་ཤོ་དྷ་ཡ་གུ་ཏྱཾ་བཛྲི་ཎི་སྭཱཧཱ། ཞེས་པས་ལན་གསུམ་གྱི་བར་དུ་བསྔགས་ལ། ནམ་མཁའ་ཨི་ཕྱོགས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ཏེ། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ ་པ་རྟན་པོར་རབ་སྦྱར་ནས། །དེ་ནི་དཔྲལ་བའི་དབུས་སུ་རབ་གཞག་སྟེ། །བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐོར་བར་བྱ། རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའོ། །དཔའ་བོ་རྣལ ་འབྱོར་མ་རྣམས་དགུག་།དེ་ནས་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། ལྷ་མོ་ཚང་མ་དམ་ཚིག་ཚང་མ་དང། །དེ་གསུངས་ཚིག་ཀྱང་ཚང་མ་མཆོག་ཡིན་པའི། །བདེན་པ་འདིས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་།དེའི ་རྗེས་ལ་རྡོ་རྗེ་ཐལ་མོ་ཁ་གྱེན་ལ་ཕྱེ་ནས་སྤྱི་བོར་ལེགས་པར་བཞག་ལ། ཨོཾ་ཨཱ:་ར་ལླི་ཧོ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ལོ་ལ་དབུལ་ལོ། །དེའི་རྗེས་ལ་མཆོད་པ་བྱས་ལ། ཡང་ཚིགས་སུ་བཅད་པ་བརྗོད་དེ། །སྲིད?་?་?་ནི་བར་གྱུར་ནས་ཆགས་པའི་ཀུན་རྟོགས་རླབས་བཅོམ་ཞིང། །དེ་ཉིད་དུ་ན་དངོས་པོ་མ་ལུས་མཁའ་བཞིན་དུ་གཟིགས་པ། ། ་ཆེས་ལྕི་ཐུགས་རྗེའི་ཆུ་ཡི་ཐུགས་ཀྱི་པདྨ་རྒྱས་བའི་མགོན། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་ཐུགས་བརྩེར་མཛད་ཅིག་མཛོད། །ཅེས་བྱ་བ་འདིས་བསྟོད་ལ་གཏོར་མའི་ལྷག་མ་མཚན་མོ་རྒྱུ་བ་རྣམས་ལ་འདིས་སྦྱིན་པར་བྱའོ། །ོཾ་ཁ ་ཁ་ཁཱ་ཧི་ཁཱ་ཧི། སརྦབ་ཡཀྵ་རཀྵ་ས། བྷུ་ཏ་པྲ་ཏ། པི་ཥཱ་ཙོན་མ་བཱ་པ་སྐྱེ་ར?་གྲཧ་ཌཱ་ཀི་ནྱ་ད་ཡ། ཨི་མི་བ་ལི་གྲིཧྞཱནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམམེ་ཡཙྪནྟུ། ཡ་ཐཻ་བ། ཡ་ཏིཥྚ་བྷུཉྩ་ཐ་པི་པ་ཝ་མཱ་མེ། ཛི་གྷྲ་ཏ་ཨ་ཏི་ཀྲ་མ་ཐ ་མ་མ་སརྦབ་ཀཱརྟ་ཡ་ས་དུ་ཁཾ། བཾ་ཤུདྡྷ་ཐེ། ས་ཧ་ཡི་ཀཱ་བྷ་བནྟུ་ཨོཾ་ཨཱ:ཧཱུཾ་ཕཊ་སྭཱཧཱ། ཡི་གེ་བརྒྱ་པ་མུ:ཱི་མཛའ་ཅན་བཏོན་པས་གཤེགས་སུ་གསོལ་ལོ། །ཟས་ཀྱི་དུས་སུ་སྔར་བཞིན་བཟའ་བ་ཐམས་ཅད་སྦྱངས་ཏེ། ལྟེ་བའི ་པདྨའི་ཐེ་འབྲུར། མཐེ་བོང་གི་ཚད་ཀྱི་མེ་རྣམ་པར་བསམས་ལ། སྲོག་དང་རྩོལ་བས་བསྡམས་མེ་རབ་ཏུ་སྦར་ཏེ་ཡིད་ཀྱི་མཆོད་པས་མཆོད་པས། དེ་ཉིད་དུ་འབར་བའི་རྣམ་པར་གྱུར་པར་བལྟས་ནས། འབར་བའི ་དབུས་སུ་བཅོམ་ལྡན་འདས་ཐུགས་ཀའི་ས་བོན་ལས་སྐྱེད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང། ལྷན་ཅིག་ཏུ་བྱས་ནས། ལྗགས་ཧཱུཾ་ལས་རྡོ་རྗེར་བྱུང་བར་བསམས་ཏེ། བདུད་རྩི་དེས་སྦྱིན་སྲེག་བྱའོ། །ནང་གི་སྦྱིན ་སྲེག་གི་ཆོ་གའོ། །མཆོད་པའི་དུས་སུ་རང་གི་རིག་པ་ཡུད་ཙམ་གྱིས་ཕག་མོའི་གཟུགས་སུ་བལྟས་ལ་སྒྲུབ་ཐབས་ལ་སོགས་པ་ནས་གསུངས་པའི་ཆོ་གས་ཡེ་ཤེས་སེམས་དཔའ་གཞུག་པ་དང། དབང་བསྐུར་བ་དང། ཆོ་ག ་གཉིས་དང། ལུག་ངག་བྱིན་གྱིས་བརླབས་པ་བྱས་པས་བདག་ཀྱང་དེ་བཞིན་དུ་ཧེ་རུ་ཀའི་རྣམ་པར་བྱས་ཏེ། །ཧྲི་ཡི་གེ་ཨེ་ལས་ལྷ་མོའི་པདྨ་འདབ་མ་གསུམ་པ་དང་ཡི་གེ་ཨཱ:ལས་ཟེ?་འབྲུའོ། །ཀླུ་ལས་སྐྱེམ་པའི་རྡོ་རྗེ་དང་?། །ཡི་གེ་ཨོཾ ་ལས་སྐྱེས་པའི་རྡོ་རྗེ་དང། །དེའི?་བུ་གར་ནི་ཕཊ་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བའི་སྔགས་དྲན་ཞིང་བསྐྱོད་པས་རབ་ཏུ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། །ཁའི་ལམ་ནས ་སྙིང་གར་ཞུགས་ནས། བདེ་བ་ཆེན་པོ་ཞུ་བར་གྱུར་ནས་རྡོ་རྗེའི་ལམ་ནས་པདྨར་དབབ། དེ་ནས་བདུད་རྩི་དེ་ཉིད་ཀྱིས་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱའོ། །ནང་གི་མཆོད་པའི་ཆོ་གའོ། །དེ་ནས་རྫོགས ་པའི་རིམ་པའི་ཏིང་ངེ་འཛིན་གྱིས་སེམས་བརྟན་པར་འདོད་པས། ཨཱ་ལི་ཀཱ་ལི་སྔོན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ལྟེ་བའི་དབུས་སུ་རྫོགས་པ་ཡི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། ། ་ཡི་གེའི་གནས་ཀྱིས་མཆོག་གྱུར་པ། །དེའི་དབུས་སུ་གནས་པ་བསམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་སོ། ་བ་སྟེ། །སེམས་ཉིད་དུ་ནི་བསྒོམ་པར་བྱ། །བསམ་གྱིས་མི་ཁྱབ་དེ་ཡང་བསམ། །སེམས་ཉིད་དུ་ནི་རྟག་མི་བྱ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས ་གཟུགས་ནི་ཐོབ་པར་འགྱུར། །མཉམ་མེད་ཡོན་ཏན་གཏེར་གྱུར་སྡོམ་པའི་ཡི་གེ་བདུན་པ་འདིའི། །སྒྲུབ་ཐབས་འབད་པར་བྱས་ལས་བསོད་ནམས་ཐོབ་པ་དེས། །འཇིག་རྟེན ་མ་ལུས་པ་ནི་དཔའ་བོའི་དབང་པོ་ལྟར། །འགྲོ་རྣམས་གཅིག་གྱུར་མཐར་ཐུག་རབ་ཏུ་གནས་གྱུར་ཅིག་།ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ནག་པོ ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང། ཀློག་སྐྱ་ཤེས་རབ་བརྩེགས་གྱིས་བསྒྱུར་བའོ། །སླད་ནས་བོད་ཀྱི ་ལོ་ཙ་བ་ཨཱ་ཙརྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཀྲ་ཤིས།། ་