| Wylie | e-texts based on the ACIP/ALL Input |
*། (།དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་བཞུགས།)་།།*། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཧོ་མ་བིདྷི། བོད་སྐད་དུ། དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག ་འཚལ་ལོ། །སྔོ་སེར་དམར་པོ་མརྒ་ཏ་ལྗང་གུའི་སྐུ་འཆང་སྤྱན་གསུམ་ཅན། །དབང་ཆེན་ལ་སོགས་ཕྱོགས་བཞིའི་ཞལ་སྔ་ཤེས་རབ་དམར་སྤྱན་གསུམ། །ཕྱག་གཉིས་བགེགས་ཀྱི་ལྤགས་འཛིན་རྡོ་རྗེ་དྲིལ་བུ་གཉིས་ན་འཆང། །ཕྱག་གཞན་ཕྱག་མཚན ་བརྒྱད་པོ་འཛིན་པ་བདེ་བ་མཆོག་གིས་བསྲུངས། །ཐོག་མར་བདེ་མཆོག་འཁོར་ལོ་ཡི། །རྣལ་འབྱོར་མ་ཡི་རྒྱུད་ལས་ནི། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སྦྱིན་སྲེག་རིམ་པ་བདག་གིས་བཤད། །དཀྱིལ་འཁོར་དག་ནི་སྒྲུབ་དུས་སུ། ་སྦྱིན་སྲེག་གིས་ནི་ཚིམ་པར་བྱས། །གསང་སྔགས་མ་བཟླས་མི་འགྲུབ་ལ། །སྦྱིན་སྲེག་མ་བྱས་འབྲས་མོ་འབྱུང། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །སྦྱིན་སྲེག་ལས་རྣམས་མེད་པ་ལ། །དངོས་གྲུབ ་འབྱུང་བར་མི་འགྱུར་རོ། །དེ་བས་འདི་ང་ནི་སྔགས་པ་ཡིས། །བརྩོན་པས་སྦྱིན་སྲེག་ལས་རྣམས་བྱ། །བླ་མེད་ནང་དང་ཕྱི་ཡི་སྟེ། །སྦྱིན་སྲེག་དག་ནི་གསུམ་དུ་འདོད། །གཞན་དག་ཞི་བ་ལ་སོགས་པ། །སྦྱིན་སྲེག་དག་ནི་བཞི་རུ་འདོད། །དེ་ལ་བླ་ན་མེད་པ ་དང་པོར་བརྗོད་པར་བྱ་སྟེ། རྣམ་རྟོག་མེད་པའི་སེམས་ཉིད་ནི། །ཐབ་ཁུང་སྒྲ་ཡི་མཚན་མ་དང། །རྣམ་དབེན་མེ་ཡི་དབུས་སུ་ནི། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །སེམས་ལས་བྱུང་བ་མ་ལུས་པའི། །ཡམ་ཤིང་དག་གི་སྲེག་བླུགས་བྱས། ། ་གཟུགས་ལ་སོགས་པའི་འབྱུང་བ་རྣམས། །ཡམ་ཤིང་དུ་ནི་རབ་གྲགས་ཡིན། །པདྨ་ཐབ་ཁུང་ཡིན་པར་བཤད། །རྡོ་རྗེ་བླུགས་གཟར་ཡིན་པར་གྲགས། །རྟག་ཏུ་ས་བོན་སྲེག་བླུགས་ཀྱིས། །བླ་མེད་གནས་ནི་ཐོབ་པར་འགྱུར། །བླ་མེད་རྗེས་སུ་སྦྱོར་བ་ཡིས།། ་ཕུང་པོ་པའི་རྩ་རྣམས་ནི། །བཞི་པོ་ཡང་དེ་རུ་སོན་པའོ། །བདུད་རྩི་ལྔ་འབབ་པ་དེ་ནི། །མཆོད་པའི་ངོ་བོར་གནས་པ་སྟེ། །དེ་ཡི་གཟུགས་ཉིད་དངོས་པོ་ཡིས། །མཆོད་པ་བཞི་ཞེས་རྣམ་པར་བཤད། །ལུས་ཅན་སྙིང་གི་ནང་དུ་ནི། །སྣ་རྣམ་ལྔ་ནི ་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཡང་དག་བརྗོད། །གནས་སོགས་བྱེ་བ་ལ་བརྟེན་ཏེ། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡང་དག་འབྱུང་བ་ཡི། །རྩ་རྣམས་སྤྱི་བོར་སྐྱེས་ཞེས་དྲན། །དེ་ཡི ་ནང་ན་འདྲེན་པ་ནི། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །པུལླཱིར་རབ་གཏུམ་མོ་ཞེས་དྲན། །སོ་དང་སེན་མོ་འབབ་པར་དྲན། །ཛཱ་ལནདྷ་རར་གཏུམ་མིག་མ། །དེ་བཞིན་སྐྲ་དར་བ་སྤུ་འབབ། །ོ་ཌི་ཡ་ན་གནས་ཆེན་པོར། །འོད་ལྡན་མ་ནི་རྣམ ་པར་གནས། །གཡས་པའི་གནས་ལ་བརྟེན་ནས་ནི། །པགས་པའི་དྲི་མ་འཛིན་ལ་གནས། །རྦུ་དང་ནི་སྣ་ཆེན་མོ། །མཁའ་འགྲོ་མ་ནི་ཤ་ཟན་བསམ། །གནས་ཀྱི་འདྲེན་པ་མཁའ་འགྲོ་མ། །གནས་བཞི་རུ་ནི་ཡང་དག ་བཤད། །གང་ཞིག་ཆུ་རྒྱས་འབབ་པའི་རྩ། །གོ་དཱ་བ་རི་རྣམ་དག་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །དཔའ་བོའི་བློ་གྲོས་མ་ཞེས་བཤད། །རཱ་མེ་ཤྭ་རིའི་རྩ་གང་ཞིག་།དེ་ནི་མིའུ་ཐུང་མ་ཞེས་གྲགས། །རུས་པའི་ཕྲེང་བ་རྣམས་གནས ་པ། སྲ་བ་ཡི་ནི་དངོས་པོས་གནས། །ལྷ་མོ་མཁར་དཱུང་གང་ཞིག་རྩ། །འཇམ་ལུས་ལང་ཀའི་དབང་ཕྱུག་མ། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཀུན་གྱི་ལུས་ནི་རྟག་པར་གནས། །མ་ལ་བར་ནི་ཤིང་གྲིབ་མིག་།རྒྱལ་བའི་དབང་ཕྱུག་སྙིང ་ལ་གནས། །མཁའ་འགྲོ་འཇིག་རྟེན་མ་མོ་རྣམས། །ཉེ་བའི་གནས་སུ་ཡང་དག་བཤད། །ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་མ། །གནས་དང་ཉེ་གནས་ཡང་དག་གནས། །མིག་འབབ་པ་ཡི་རྩ་གང་ཞིག་།འདོད་པའི་གཟུགས་སུ་རྣམ་པར་གནས།། ་གཟུགས་ནི་མཐོང་བར་འདོད་པ་སྟེ། །ེ་ར་བ་ཏི་ཞེས་བྱར་བཤད། །ོ་ཊེར་མཁྲིས་པ་འབབ་པའི་རྩ། །འཇིགས་བྱེད་ཆེན་མོ་རུ་ནི་བརྗོད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།འདི་དག་ཞིང་དུ་ཡང་དག་བཤད། །ཏྲི་ཤ་ཀུ་ནེར་ཡང་དག་བྱུང། །རླུང་གི ་ཤུགས་མ་འགྲོ་བར་བཅས། །ཆར་འཐུང་མ་ནི་ཀོ་ས་ལར། །རྒྱུ་མའི་ཕྲེང་བ་འཁྲུག་ལྷ་རྫས། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།ཉེ་བའི་ཞིང་དུ་ཡང་དག་བཤད། །ལྗང་ལྷ་མ་ནི་ཀ་ལིངྒར། །ལོགས་སུ་ཡང་དག་གནས་པའོ། །ལྟོར་གནས་ཤིན ་ཏུ་བཟང་མོར་ངེས། །ལམ་པཱ་ཀར་ནི་ཡོངས་སུ་གྲགས། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།མཚན་ངོ་ཧར་ནི་རྣམ་བཤད་པའོ། །རྟ་རྣ་མ་ནི་ཀཱཉྩིར་གནས། །བཤད་བ་རྟག་ཏུ་འབབ་པའོ། །ཧི་མཱ་ལ་ཡར་བྱ་གདོང་མ། །མཚམས་མཛའ་ཨི་དབུས་སུ ་སོན་པའི་སྟེ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།ཉེ་བའི་ཚན་དོ་ཧ་ཞེས་བཤད། །གསུང་གི་འཁོར་ལོ་ཡང་དག་བཤད། །ས་སྤྱོད་ཕོ་ཉ་རྣམ་གནས་པའོ། །ཡི་དགས་ལྷག་གནས་ཡང་དག་གནས། །འཁོར་ལོ་ཤུགས་མ་བད་ཀན་ཅན། །གང་ཞིང ་རྟག་ཏུ་རྣག་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །དུམ་སྐྱེས་མ་ཞེས་རྣམ་པར་བཤད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།འདུ་བ་ཅན་དུ་ཡང་དག་བཤད། །སཽ་རཱཤཙ?་ནི་དམར་པོས་མནན། །ཆང་ཚོང ་མ་ནི་མཁའ་འགྲོར་འདོད། །རྡུལ་ནི་འབབ་པར་འགྱུར་བའོ་རྩ?། །གསེར་གླིང་དུ་ནི་ཡང་དག་གནས། །ཤིན་ཏུ་བཟང་ལུགས་ཡང་དག་འཁྲུག་།དེ་ཡི་འཁོར་ལོ་གོ་ཆ་འདོད། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།ཉེ་བའི་འདུ་བ་ཅན་རབ་སྨྲས། །ན?་གར ་ཤིན་ཏུ་དཔའ་མོ་ཞེས། །ཚལ་ཅན་སྦོམ་པོའི་ལུས་ཅན་མ། །སི་ནདྷུར་སྟོབས་ཆེན་མ་ཞེས་བྱ། །མྱ་ངམ་གྱི་ནི་མཆི་མ་འབབ། །མཁའ་འགྲོ་རྣལ་འབྱོར་མ་མོ་དག་།འདི་དག་དུར་ཁྲོད་ཡང་དག་འབབ། །མཆིལ་མ་སྐམ་པོ་འབབ་པ་གང། མྱ་ངན ་འཁོར་ལོས་སྒྱུར་མའོ། །ཀུ་ལཱ་ཏཱ་ནི་བརྩོན་ཆེན་མོ། །ཕུང་པོ་ལ་སོགས་བུད་ཤིང་བསྲེག་།ཡེ་ཤེས་མེ་ནི་སྐྱེས་གྱུར་པས། །ཕྱི་རོལ་བསྲེག་པ་བདག་མེད་ཡིན། །ཛྙཱ་ན་པཱ་ད་པས་བཤད་པ། །སྦྱིན་སྲེག་ཆོ་ག་ཕྱི་རིམ་པ། །སེམས་དང་སེམས་བྱུང ་དག་ཡིན་ཏེ། །ཕུང་པོ་ལ་སོགས་བུད་ཤིང་བསྲེག་།ཡེ་ཤེས་འབར་བ་བླ་མེད་འདོད། །སེམས་ཀྱིས་ཇི་ཙམ་བསམ་པ་དག་།ཕྱི་རོལ་སྦྱིན་སྲེག་ཡིན་པར་འདོད། །ཡེ་ཤེས་མེ་ལ་ཕུང་པོ་ལ། །ཡམ་ཤིང་སྲེག་པ་བླ་མེད་ཡིན། །དེ་ནས་ཡང་ནང ་གི་བརྗོད་པར་བྱ་སྟེ། །ཉོན་མོངས་སེ་བ་ཞི་བྱེད་ཡིན། །ཏིང་ངེ་འཛིན་ནི་རྒྱས་བྱེད་ཕྱིར། །རང་གི་ལྷ་ཡི་སྦྱོར་བས་བདག་།ཇི་ལྟ་བར་ནི་སེམས་ཀྱི་བྱ། །སྐྱེ་བའི་ལས་ལས་རྣམ་གྲོལ་ཞིང། །ཚེ་ནི་ཡང་དག་འཕེལ་བའི་ཕྱིར། །ཅི་འདོད་སྲེག་བླུགས་ལས ་བྱ་བ། །ནང་གི་སྦྱིན་སྲེག་དག་ཏུ་བཤད། །ཇི་ལྟར་དུས་བཞིའི་རིམ་པ་ཡིས། །སྦྱིན་སྲེག་བཞི་ཡང་རབ་ཏུ་བཤད། །ཞི་བ་དང་ནི་རྒྱས་པ་དང། །དབང་དང་མངོན་སྤྱོད་ཤེས་པར་བྱ། །སྡིག་པ་འཇིག་ཕྱིར་ཞི་བ་སྟེ། །བསོད ་ནམས་ཡོངས་འཛིན་རྒྱས་པ་ཡིན། །ཆགས་པ་བསྒོམ་ཕྱིར་དབང་འགྱུར་ཏེ། །རྟོག་པ་ཟད་ཕྱིར་གསོད་པ་ཡིན། །དེ་ནས་ཡང་ཕྱིའི་བཤད་པར་བྱ་སྟེ། །རྒྱུད་སོ་སོ་ལས་སློབ་དཔོན་ཐ་དད་པས་སྦྱིན་སྲེག་གི་ཆོ་ག་ཇི་སྐད་བཤད་པ་བྱ། འདི་ནི ་རྣལ་འབྱོར་མའི་རྒྱུད་ལས་བསྟན་ཏེ། བདག་གིས་འཁོར་ལོ་སྡོམ་པའི་མན་ངག་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་ཐབ་ཁུང་ནི། སེམས་ཅན་དབྱེ་བས་མཛའ་ཡས་ཏེ། །རིགས་ཀྱི་དབྱེ་བས་ལྔ་རུ་འགྱུར། །ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །ཐབ ་ཁུང་རྣམས་ནི་དེ་ལྟར་བཤད། །ཞི་བ་ལ་ནི་ཟླུམ་ལ་དཀར། །རྒྱས་ལ་སེར་པོ་དབང་ཆེན་ཏེ། །དབང་ལ་དམར་པོ་གྲུ་གསུམ་པ། །མངོན་སྤྱོད་ཟླ་བ་ཕྱེད་པ་ཡིན། །ཁྲུ་གང་ཚད་ནས་བརྩམས་ནས་ནི། །ཁྲུ་ནི་བཅུ་དྲུག་པ་ཡི་བར། །དེའི་ཕྱེད་དུ ་བགོས་ནས་ནི། །རང་གི་ཚད་དུ་བྱ་བ་ཡིན། །ཁྲུ་གར་ཚད་ཀྱིས་ཐབ་ཁུང་ལ། །སོར་བཞི་དོར་བར་ཁ་ཁྱེར་སོར་བཞིས་གསོད། །ཁྲུ་ཕྱེད་བརྐོས་ལ་དེ་བཞིན་དུ། །ཐམས་ཅད་ལ་ཡང་བལྟ་བྱ་སྟེ། །ཀུན་ཀྱང་རང་གི་ཁ་ཁྱེར་དུ་བྱའོ། །ཐབ་ཁུང་གི ་དབུས་སུ་རྡོ་རྗེ་དང་ཟངས་གྲི་བྲིའོ། །ཐབ་ཁུང་གི་ནང་དུ་ཕྱོགས་བཞིར་ཁ་ཊཝཱཾ་ག་དང་དེ་བཞིན་གཤེགས་པའི་ཕྱག་མཚན་རྣམས་བྲིའོ། །ཁ་ཁྱེར་ལ་པདྨའི་སྟེང་དུ་ཟངས་གྲིའི་ཕྲེང་བ། ཐབ་ཀྱི་ཕྱི་རོལ་དུ་གྲུ་བཞི་པ་ལ་སྒོ་བཞི་པར་དཀྱིལ་འཁོར ་གྱི་ཐིག་བཏབ་སྟེ། འཁོར་ལོ་གསུམ་གྱི་བྱིན་གྱིས་བརླབས་ལ། སྒོ་བཞི་དང་ལྡན་པ། དུར་ཁྲོད་བརྒྱད་དང་བཅས་པ། ཇི་ལྟར་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཕྱག་མཚན་བཞིན་དུ་འདིར་ཡང་དེ་ལྟར་བལྟའོ། །ཤར་གྱི་སྒོ་ལ་སོགས ་པར་ལྕགས་ཀྱུ་ལ་སོགས་པས་མཚན་པར་བྱའོ། །ཕྱིའི་དཀྱིལ་འཁོར་ལ། པདྨ་ནགས་ཀྱི་ལྕུག་མ་དང། །ཕྲེང་བ་དང་ནི་སྤྱི་བླུགས་དནཧ?། །ཡི་དགས་པགས་པ་མདུང་རྩེ་གསུམ། །ཟླ་བ་བྱེད་པ་རྒྱལ་མཚན་དང། །རལ་པའི་ཚོགས་དང་མིག་དང་ནི། ། ་འཁོར་ལོ་དུང་དང་དབྱུག་པ་དང། །རལ་གྲི་བུ་བ་དང་མདུང་དང་ནི། །དྲིལ་བུ་བ་དན་རྨ་བྱ་དང། །ར་སྐྱེས་ལྔ་ལྔ་བྱས་ནས་ནི། །ཤར་ཕྱོགས་སྣམ་བུ་དག་ལ་བྲི། །དེ་ལྟར་ཐབ་ཐམས་ཅད་བྱས་ནས། །ལས་དང་རྗེས་སུ་མཐུན་པའི་ཁ་ཁྱེར་བྱའོ། །ཞི་བ་ལ ་ནི་རྡོ་རྗེས་མཚན་པའམ། འཁོར་ལོས་མཚན་པའོ། །རྒྱས་པ་ལ་ནི་རིན་པོ་ཆེས་མཚན་པ། དབང་ལ་ནི་པདྨས་མཚན་པ། དྲག་པོ་ལ་ནི་རྩེ་གསུམ་པས་མཚན་པ་སྟེ། འདི་ལྟར་ལས་རྗེས་སུ་མཐུན་པར་རང་རང་གི་མཚན་མས་མཚན་པའི་ཁ་ཁྱེར ་བྱའོ། ཤར་དུ་ཞི་བ་བྱ་བར་བཤད། །ལྷོ་ཕྱོགས་སུ་ནི་རྒྱས་པ་སྟེ། །དབང་གི་ལས་ནི་ནུབ་ཏུ་བཤད། །གསད་པ་བྱང་དུ་བྱ་བ་ཡིན། །ཇི་ལྟར་ལས་དང་རྗེས་མཐུན་པར། །རྡུལ་ཚོན་གྱིས་ནི་རྫོགས་པར་བྲི། །ཡང་ན་མེ་ཏོག་དག་ཀྱང་རུང། །ཐབ་ཁུང་དག་ཀྱང ་དེ་ལྟར་བྱ། །ཡམ་ཤིང་བུད་ཤིང་རྫས་ལ་སོགས། །མཚན་ཉིད་མེ་ཡི་རྟགས་རྣམས་ནི། །གཞན་དུ་རྒྱ་ཆེར་བཤད་པས་ན། །འདིར་ནི་བདག་གིས་མ་བསྒྲུབས་སོ། །མན་ངག་གཅིག་པུའི་རིམ་པ་དག་།རྣལ་འབྱོར་གྱི་རྒྱུད་ལས་གྲགས་པ་རྣམས། མདོར ་བསྡུས་ནས་ནི་ངེས་པར་ཡང། །ཇི་ཙམ་ནུས་པ་བཤད་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ལུས་ཁྲུས་བྱས་ཏེ། དྲི་ཞིམ་པོས་བདུག་ལ། གུར་གུམ་དང། ཙན་དན་དང། ཐལ་བ་བསྲེས་པས་ལུས་བྱུགས་ཏེ། ཇི་སྐད་བཤད་པའི་རྒྱུན་བསྒོ་པར ་བྱ་སྟེ། སྟག་གི་པགས་པ་བགོས་ཤིང། ཕྱག་རྒྱ་ལྔས་བརྒྱན་ཏེ། ན་རའི་རུས་པའི་རྒྱན་དང་ལས་སེམས་ཅན་གྱི་དོན་རྟག་ཏུ་བྱའོ། །ཕྱི་རོལ་བཟློག་ཚུལ་འཆང་བ་ནི། །དེ་ནི་ཞི་སོགས་ལས་རྣམས་ལ། །ཐུགས་ནི་ཞི་བར་ཤེས་པར་བྱ། །ཉི་མས ་གདུངས་པའི་རྒྱ་མཚོ་ཚ། །གངས་ལྟར་ནང་གྲང་ཕྱི་རོལ་ཚ། །ཐུགས་རྗེ་ཆེན་པོའི་ཁྲོ་བོ་ཡིས། །དེ་བཞིན་འགྲོ་བ་ཚུལ་འདི་གསུངས། །དེ་ལྟ་བུའི་ལས་དང་རྗེས་སུ་མཐུན་པར་གོས་ཀྱི་བྱེ་བྲག་བགོ་བར་བྱའོ། །དེ་ནི་སྒྲུབ་པ་པོའི ་ལས་སོ། །དེ་ནས་རང་གི་ལྷའི་ང་རྒྱལ་བསྐྱེད་དེ། ཇི་ལྟར་བཤད་པའི་ལས་དང་རྗེས་སུ་མཐུན་པའི་གཟུགས་སུ་བྱས་ལ། ཞལ་བཞི་པ་དང་སྐུ་གསུང་ཐུགས་ཀྱི་ཕུར་བུའི་སྔགས་དང། དེ་བཞིན་དུ་གསལ་བྱེད་ནི་རཀྵ་རཀྵ་དང། ཧཱུཾ་གསུམ་དང་ཕཊ་ནི་བརྗོད ་པར་གསང་སྔགས་དེ་ལས་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ། བགེགས་ཀྱི་ཚོགས་ཐམས་ཅད་བསྲེག་པར་བྱས་ནས། ཐལ་དང་བགེགས་རྣམས་བསྲེགས་ཏེ། ཕྱོགས་བཅུར་བྱེར་བར་བསམ་མོ། །དེ་བཞིན་དུ་གཡས་བརྐྱང་བ་ལ་སོགས་པའི་སྟངས ་སྟབས་ཀྱང་བྱའོ། །འདི་ལྟར་བགེགས་ཀྱི་ཚོགས་རྣམས་ཕུར་བུ་དང། རྡོ་རྗེ་དྲ་བ་དང་ར་བ་ལ་སོགས་པས་ཐབ་ཁུང་གི་ཐོན་ཁོར་བགེགས་པར་བྱ་སྟེ། ཐབ་ཁུང་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །ཡི་གེ་ཧཱུཾ་དམ་རང་གི་ལྷའི་ཚོགས་ཀྱི་ཡི་གེ ་གང་ཡང་རུང་བ་ལས་དང་རྗེས་སུ་མཐུན་པ་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ལྟེ་བ་ལ་ཡི་གེ་རེ་ཕ་འབར་བ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་པར་བྱས་ཤིང་བསྒོམས་ལ། དེའི་གྲཝ་གསུམ་ལ་ཨོཾ་ཨཱ:ཧཱུཾ་ཡི་གེ་གསུམ་གྱིས་འདོད་པ་དང། གཟུགས་དང། ་གཟུགས་མེད་པའི་ཁམས་གསུམ་འོག་དང་ས་བླ་མཐོ་རིས་ཀྱི་གཟུགས་པདྨ་དང་འཁོར་ལོ་དང་རྡོ་རྗེ་གསུམ་བསྐྱེད་དེ། དབུས་སུ་རེ་ཕ་འབར་བ་ཡོངས་སུ་གྱུར་པ་མཐོང་བ་དང། མཚན་མའི་ཡི་གེ་གསུམ་དང། རེ་ཕ་ཡོངས་སུ་གྱུར་པ་ལས་འབར ་བའི་དབུས་སུ་ཆུའི་དཀྱིལ་འཁོར་གནས་པ་ལ་ཁམས་གསུམ་གྱི་བདག་པོ་དཔལ་ཁྲག་བ?་འཐུང་བར་སྤྲོས་ཏེ། ཞི་བའི་དོན་དུ་པཱ་བ་ཀའི་མེ་བསྒོམས་ལ་ཞི་བའི་གཟུགས་ཅན་དཀར་པོ་ཞལ་ཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། །རལ་པའི ་ཅོད་པན་ཅན། ཕྱག་གཡས་པ་གཉིས་ན་དབྱུག་ཏོ་དང། (མི་འཇིགས་པ། གཡོན་པ་གཉིས)་ན་བགྲང་ཕྲེང་དང། སྤྱི་བླུགས་འཛིན་པ། རྒྱན་དང་གོས་དཀར་པོ་བསྣན་ནས?་པ། མཆོད་ཕྱིར་ཐོགས་འཆང་བ། ལུས་ཐམས་ཅད་ལ་བདུད་རྩི་དཀར་པོའི་རྒྱུན་འབབ་པ། ་རལ་པ་ལ་མཁའ་འགྲོ་མ་གནས་པར་བསྒོམ་མོ། །དེ་བཞིན་བུ་རྒྱས་པ་ལ་ནི་ཁྱད་པར་དུ་མདོག་སེར་པོའི་རྒྱན་ཅན། དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ། ཡེ་ཤེས་ཀྱི་སེམས་ཅན་ཐམས་ཅད་ལ་མཆོག་སྩོལ་བ། སྟོབས་དང་མདོག་དང ་དཔལ་རྫོགས་པར་མཛད་པ་ཅོད་པན་དུ་བསྒོམ་མོ། །རིམ་པ་གཞན་ཡང་དབང་དང་དགུག་པ་ལ་འདོད་པའི་མེ་དམར་པོ་མེའི་དཀྱིལ་འཁོར་ལ་གནས་པ། གོས་དམར་པོས་བརྒྱན་པ། ཁཎྜ་རོ་ཧ་ཅོད་པན་ལ་གནས་པ། ཁྱད་པར་དུ་གཡས་གཡོན ་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཞན་ནི་སྔ་མ་བཞིན་ནོ། །བསད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པ་མདོག་ནག་པོ་འཇིགས་པ་སྤྱན་ཟླུམ་པོ་ཧཱུཾ་གི་ས་བོན་ལས་སྐྱེས་པ་གོས་དང་རྒྱན་ནག་པོ་མི་རུས་ཀྱིས་ཕྲེང་བས་བརྒྱན་པ། ཟླ་ཕྱེད ་ལྟ་བུར་འབར་བའི་དབུ་སྐྲ་གྱེན་དུ་བརྫེས་པ། གཟུགས་ཅན་མའི་ཅོད་པན་ཅན། །གཡས་ན་རལ་གྲི་འཛིན་པ། འཇིགས་བྱེད་ཆེན་པོ་ནག་པོ་འབར་བ་ལས་བྱ་རྒོད་དང་ཁྲ་ལ་སོགས་པས། ནམ་མཁའ་ཁྱབ་པར་བཀུག་སྟེ། གང་དང་གང་བྱས་པ་དེ ་ཟོས་པར་བསྒོམ་མོ། །རླུང་གི་མེས་ནི་གསད་པ་ལ་སོགས་པ་ལས་བྱའོ། །མེ་ལྷའི་མཚན་ཉིད་དོ། །དེ་ལ་ཞིབ་ལ་ནི་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེ་འམ། རྒྱུན་བཞག་གི་མེ་འམ། བྲམ་ཟེ་ཐ་མའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོ་དང། ་བློན་པོ་དང། དགོན་པ་དང། རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེས་བྱའོ། །དབང་ལ་ནི་སྨད་འཚོར་མ་དང། རྗེའུ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེས་བྱའོ། །དགུག་པ་ནི་གར་མཁན་དང། རོལ་མོ་པ་དང། ལམ་དུ་བུས་པའི་མེས་བྱའོ། །གསོད ་པ་ལ་ནི་རྡོ་ལས་བྱུང་བའི་མེ་འམ། གདོལ་པའི་ཁྱིམ་ནས་བྱུང་བའི་མེས་བྱའོ། །ཐམས་ཅད་ཀྱང་དུར་ཁྲོད་ཀྱི་མེ་དང། དུར་ཁྲོད་ཀྱི་སོལ་བར་ལྡན་པར་བྱའོ། །མེའི་མཚན་ཉིད་དོ། །དེ་ནས་མཆོད་ཡོན་སྣོད་གཉིས་ནི། །མ་ཆག་སྡུག ་ཅིང་མཛེས་པ་ལ། །ཆང་ངམ་ཡང་ན་སྦྱར་བའི་ཆང། །མེ་ཏོག་ལྡན་པས་དགང་བར་བྱ། །དེ་ལ་བདུད་རྩི་ལྔ་པོ་ཡིས། །གཉིས་ཀ་ཡང་ནི་བླུགས་པར་བྱ། །ཡི་གེ་བདུན་པ་གཅིག་པུ་དང། །གཉིས་པ་གནོད་མཛེས་རྒྱལ་པོ་དག་།གཅིག་ནི་བརྒྱ་རྩ་བརྒྱད ་པ་སྟེ། །གཉིས་པ་དག་ནི་བཞི་ཆ་ཡིན། །གནས་ལ་ལེགས་པར་བཞག་ནས་སུ། །གོས་ཀྱིས་བཀབ་སྟེ་མཆོད་པར་བྱ། །མཆོད་ཡོན་གྱི་སྣོད་ཀྱི་ཆོ་གའོ། །སྦྱིན་སྲེག་ཡོ་བྱད་ཐམས་ཅད་ཀུན། །བདག་གིས་གཡས་སུ་དགོད་པར་བྱ། །རྡོ་རྗེ་དེ་བཞིན་དྲིལ ་བུ་དང། །མཆོད་ཡོན་སྣོད་ནི་གཡོན་དུ་བཞག་།དགང་གཟར་དང་ནི་བླུགས་གཟར་དང། །མར་ནི་མདུན་དུ་བཞག་པར་བྱ། །ཐམས་ཅད་ཀྱང་ནི་བསངས་ནས་བཞག་།འདི་ནི་རྫས་བཞག་པའོ། །དེ་ནས་ཕྱི་རོལ་གྱི་མེ་བླངས་ལ། གནོད་མཛེས་ཀྱི ་རྒྱལ་པོའི་གསང་སྔགས་ཀྱིས་ཀུ་ཤ་བླངས་ཏེ། དེའི་ཆུས་ལན་གསུམ་བསངས་ལ། རྩཝ་སྒམ་པོ་གཙང་མ་དང་བཅས་པས་དག་པར་བྱས་ཏེ། བདུད་རྩི་ལྔས་བསྲེག་ཏེ་ཐབ་ཁུང་དུ་བཞག་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་ཛཝ་ལ་ཛཝ་ལ་ཧཱུཾ་ཧཱུཾ། གསང་སྔགས ་འདི་དང་བཅས་པར་རླུང་གཡབ་ཀྱིས་གཡབས་ཏེ་ཐབ་ཏུ་མེ་སྦར་རོ། །དེའི་དབུས་སུ་དམ་ཚིག་སེམས་དཔའ་ཨི་མེ་སྔར་བཤད་པའི་རྣམ་པར་བསམས་ཏེ། ཡེ་ཤེས་སེམས་དཔའ་ཨི་མེ་སྔགས་དང་བཅས་པའི་ཕྱག་རྒྱ་འདིས་སྤྱན་དྲངས་ཏེ། ལག་པ ་གཡས་པ་མི་འཇིགས་པར་བྱས་ལ། མཐེ་བོང་སྲིན་ལག་གི་ཚིག་ལ་བཀུག་པའི་ཐབས་ཀྱིས་སྤྱན་དྲང་ངོ། །ེ་ཧཡེ་ཧི་མཧཱ་བྷུ་ཏདྱ་བ་རི་ཥི་དྭི་ཛ་སཏྭ་མ་གྲི་ཧི་ཏྭ་ཡུ་དྷཾ་མཧཱ་ར་སྨི་ཨ་སྨྲི་ན་སི་ནན་ནི་ཧི་ཏོ་བྷ་བ། ཨོཾ་ཧེ་རུ་ཀ་མཧཱ་བཛྲ་པཱ་བ་ཀ། ཨགན་ཡེ ་མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞི་པའིའོ། །ོཾ་ཧེ་རུ་ཀ་མཧཱ་བཛྲ་མ་ཧེ་ནྡྲ། ཨགན་ཡེ་མ་མ་པུཥྚིཾ་ཀུ་རུ་པཽ་ཥཊ་རྒྱས?་པའིའོ། །ོཾ་ཧེ་རུ་ཀུ་མཧཱ་བཛྲ་ཀཱ་མ་ཨ་ཀ་ན་ཡེ་མ་མ་ཨ་མུ་ཀཾ་བ་ཤྲིཾ་ཀུ་རུ་ཧོ། །དབང་གིའོ། །ོཾ་ཧེ་རུ་ཀ་མཧཱ་བཛྲ་ཀྲོ་དྷ་ཨ་ཀ་ན་ཡེ་ཛ་ཧི་ཀྲོ་དྷརྨ ་ཧཱུཾ་ཨ་མུ་ཀ་མཱ་ཡ་ཧཱུཾ་ཕཊ། མངོན་སྦྱད?་ཀྱིའོ། །མ་??་པ་དང་འཐོར་འཐུང་དང་ཉེ་རེག་བྱས་ཏེ་བཀུག་ལ་དམ་ཚིག་གི་མེ་ལྷ་ལ་གཞུག་གོ་།དེ་ནས་མཆོད་ཡོན་གྱི་སྣོད་བླངས་ལ། བདུད་རྩི་ལྔ་དང་བསྲེས་ཏེ་ཐུགས་ཀ་ནས་ཞབས་བསིལ་དབུལ་ལོ།། ་ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་པུ་བ་ར་??ཏཀཱ་ར་པྲ་ཏཱི་ཧཱུཾ?་སྭཱཧཱ། དེ་ནས་ལག་པ་གཉིས་ཀྱིས་ལན་གསུམ་ཨརྒྷ་འདི་དབུལ་ཏེ། ཨི་མཧཱ་མ་མ་ཡ་ཏཏྨ་གྲིཧྣ་སིདྷིམམེ་པྲ་ཡཙྪ་སྭཱཧཱ། སྤྱན་དྲང་བའི་ཆོ་གའོ། །དེ་ནས་འཁོར་ལོ་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། ་ཨོཾ་ཨཱ:ཧཱུཾ་མགོ་བོ་དང་མགྲིན་པ་སྙིང་ཀ་རྣམས་སུའོ། །དེ་ནས་ཡན་ལག་དྲུག་ཏུ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་མ་ལ་སོགས་པས་ཡིད་ཀྱིས་དབང་བསྐུར། །ལཱ་སྱ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ། དར་དཔྱངས་དང་ཕྲེང་བ་ལ ་སོགས་པ་བཅིངས་ཏེ་གོ་བསྐོན་ནོ། །དེ་ནས་མེ་ལོང་དང་སྨན་ལ་སོགས་པ་ཁྲུས་ཀྱི་ཡོ་བྱད་དང། དྲིལ་བུ་དཀྲོལ་ཞིང་སྤོས་དང་རྫས་སྔ་མ་དང་བཅས་པ་ལ་ཡི་གེ་བརྒྱ་པ་བཟླས་ཏེ་ཁྲུས་བྱའོ། །ཡི་གེ་བརྒྱ་པ་ནི་འདི་དག་སྟེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ ་ཡ་མ་ནུ་པཱ་ལ་ཡ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་མཁའ་འགྲོ་མ་ལ་སོགས་པ་བཞིའི་གསང་སྔགས་དང། ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་གསང་སྔགས་ཀྱིས་བཏབ་པའི་བུམ་པ་ལྔས་དབང་བསྐུར་རོ། །ཞི་བ་ལ་ནི་མཁའ་འགྲོ་མའི་གཟུགས ་ཅན་རྣམ་པར་སྣང་མཛད་དབུ་རྒྱན་དུ་བསམ་མོ། །རྒྱས་པ་ལ་ནི་ལཱ་མའི་ཚུལ་ཅན་རིན་ཆེན་འབྱུང་ལྡན་དབུ་རྒྱན་དུ་བསམ་མོ། །དབང་ལ་ནི་དུམ་སྐྱེས་མའི་ཚུལ་ཅན་སྣང་བ་མཛའ་ཡས་དབུ་རྒྱན་དུ་བསམ་མོ། །གསད་པ་ལ་ནི་གཟུགས་ཅན ་མའི་ཚུལ་ཅན་དོན་ཡོང་ཐུབ་པ་དབུ་རྒྱན་དུ་བསམ་མོ། །མ་ལྷའི་ཞལ་དང་དགང་གཟར་གྱི་ཁ་ལ་རང་གི་བདག་པོའི་ས་བོན་གྱི་ཡི་གེ་དགོད་དོ། །དེ་ནས་ཨོཾ་ཌཱ་ཀི་ནི་ཛི་ནི་ཛི་ཀ་སྭཱཧཱ། འདིས་མར་ལ་མངོན་པར་བསྔགས་ཏེ། ་དེ་བཞིན་དུ་རྒྱས་པ་ལ་ཡང་ལཱ་མ་དང་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྔགས་ཀྱིས་གདབ་བོ། །དེ་ལྟར་མེ་འབར་བར་ཤེས་ནས་ཐོག་མར་བླུགས་གཟར་གྱི་དགང་བླུགས་གསུམ། ཨོཾ་ཤྲཱི་ཧེ་རུ་ཀ་ཛཝ་ལ་ཛཝ་ལ་ཧཱུཾ་སྔགས་འདི་དང་བཅས་པར ་དབུལ་ལོ། །དེ་ནས་མེ་འབར་བ་དང་མདོག་དང་སྒྲ་ལ་སོགས་པ་ལས་བགེགས་མེད་པར་ཤེས་ནས། བགེགས་ཐམས་ཅད་བཅིང་བར་བྱ་བའི་ཕྱིར་ཕྱོགས་བཞི་ནས་ཀུ་ཤ་དགྲམ་མོ། །ོཾ་ཨའི་མེ་ཀུ་ཤ་ཤུ་བྷ་དིབ་བྱ། སུ་ར་བྲཧམ་པ་བི་ཏ་ཏྲི ་ན་རཏན་ཏྲ་ཡ་ར་ཏ་ཧི་བྷི་པྲི་ཐི་བི་ཛ་གརྦྷ་ཨ་བིགྷྣཾ་མ་མ་ཤཱནྟི་དཀུ?་རྦནྟུ་སྭཱཧཱ། འདི་ལྟ་བུའི་རིམ་པས་རྩ་བ་དང་བཅས་པར་ཕྱུང་སྟེ། མདོག་ལྗང་གུའི་མཚན་ཉིད་དང་ལྡན་པ་ཞི་བ་དང་རྒྱས་པ་ལ་སྦྱོར་རོ། །གཞན་རྣམས་ལ་ནི་མཉམ་པོར་བཅད ་པར་བྱའོ། །མེའི་རིམ་པ་ནི་ཤར་ནི་ཤར་གྱི་མདུན་ནས། ལྷོ་ནི་ལྷོའི་མདུན་ནས་སོ། །ནུབ་ནི་ནུབ་ཀྱི་མདུན་ནས་སོ། །བྱང་ནི་བྱང་གི་མདུན་ནས་སོ། །མེ་ཐབ་ཀྱི་ས་ཕྱོགས་ཀུན་ཏུ་ཞལ་བཞི་པའི་སྔགས་ཀྱིས་མཆོད་ཡོན་གྱི་སྣོད་ལ ་བསྔགས་ཏེ་བསང་ངོ། །དེ་ནས་ཞལ་བཞི་པའི་སྔགས་སམ། །བཎྜ་རོ་ཧའི་གསང་སྔགས་གང་ཡང་རུང་བས་མདའ་དང་ཚོན་སྐུད་ལ་བཏབ་སྟེ། མདའ་བཞི་ཕྱོགས་མཚམས་སུ་བཙུགས་ལ་སྣ་ལྔའི་སྐུད་པས་ཡོངས་སུ་བསྐོར་ན་རྡོ་རྗེའི ་བཅིང་བ་བྱས་པར་འགྱུར་རོ། །ཀུ་ཤ་ལ་སོགས་པ་དགྲམ་པའི་ཆོ་གའོ། །དེ་ནས་མེའི་ལས་དང། རྗེས་སུ་མཐུན་པར་དངུལ་གྱི་སྣོད་དང། པདྨའི་སྣོད་གང་ཡང་རུང་བ་མདུན་དུ་བསམས་ཏེ། ཡང་མཆོད་ཡོན་དང་ཞབས་བསིལ་དང། ་འཐོར་འཐུང་བྱིན་ལ་དགང་བླུགས་དབུལ་ལོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། པུས་མོ་གཉིས་ཀྱི་ནང་དུ་ལག་པ་བཞག་སྟེ། ལག་པ་གཡས་པ་རྡོ་རྗེ། བུ་ཚུར་གྱིས་དགང་གཟར་བླངས་ལ། མཐེ་བོང་དང་མཐེ་ཆུང་བརྟན་པར་གཟུང་སྟེ། སོར་མོ་ལྷག་མ ་རྣམས་སུ་ཡུ་བའི་སྟེང་དུ་བཞག་ལ་མར་གྱིས་ཡོངས་སུ་བཀང་བའི་དགང་བླུགས་མདུན་ནམ་གསུམ་མམ་གཅིག་མེ་ལྷའི་སྔགས་ཀྱིས་མེ་ལྷའི་ཞལ་དུ་དབུལ་ལོ། །ོཾ་ཧེ་རུ་ཀ་ཨགན་ཡེ་ཨ་མུ་ཀ་སྱ་ཤཱནྟི་ཀུ་རུ་སྭཱཧཱ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་རོ། ་དེ་ནས་བསྲེག་པའི་རིམ་པ་བལྟ་བར་བྱ་སྟེ། དང་པོར་དགང་བླུགས་དབུལ། དེ་ནས་ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །མར་ནི་ཞལ་དུའོ། །དེ་ནས་ཏིལ་དང་འབྲས་ཅན་དང། ཞོ་ཕྱག་དུའོ། །དེ་ནས་ཀུ་ཤ་དང་རཱུ་རྦའི་མྱུ་གུ་ནི་སྤྱི་གཙུག་ལའོ། ། ་དེ་ནས་ནས་དང་གྲོ་དང་འབྲས་དང་མོན་སྲན་གྲེའུ་རྣམས་ནི་ཞལ་ལོ། །དེ་བཞིན་དུ་ཞི་བའི་རྫས་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འབར་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། ། ་མཆོད་ཡོན་དང་འཐོར་འཐུང་ནི་ཕྱག་ལའོ། །མར་མེ་ནི་མདུན་དུ་སྟེ། དེ་དག་ནི་རིམ་པའོ། །དེ་ནས་སྡིག་པ་བསྲེག་པའི་ཕྱིར་དང་པོར་ཏིལ་གྱི་སྦྱིན་སྲེག་བྱ་སྟེ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། དེ་ནས་རྫས་ཐམས་ཅད་གསང་སྔགས་གཅིག་གིས ་བྱའོ། །ོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛཝ་ལ་ཡ་སརྦབ་བྷསྨིཾ་ཀུ་རུ་སརྦབ་བིགྷྣཾ་ཧཱུཾ་ཕཊ། ཨ་མོ་ཀ་སྱ་ཤཱནྟི་དཀུ་རུ་སྭཱཧཱ། ཡང་ན་ཨོཾ་ཧེ་རུ་ཀཱ་ཡ་བིདམ་ཧེ་བཾ་དྱ་རཱ་ཛཱ་ཡ་དྷི་མ་ཧེ་ཏནྣོ་བཱི་ར་པ་ར་ཛ་ཏ་ཡ་ཡ་ཧཱུཾ། ཨ་མོ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཡང་ན་རྒྱུད་གཞན་ལས ་བཤད་པ་སོ་སོའི་སྤྱིའི་གསང་སྔགས་ཀྱང་རུང་ངོ། །ོཾ་བཛྲ་ཡཛྙཱ་ཡ་སྭཱཧཱ། ཡམ་ཤིང་གིའོ། །ོཾ་ཨགན་ཡེ་སྭཱཧཱ། མར་གྱིའོ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་འདི་ཞེས་བྱ་བ། པཱ་བཾ་ད་ཧ་སྭཱཧཱ། ཏིལ་དང་ཡུངས་ཀར་རྣམས་ཀྱིའོ། །ོཾ ་སཏྭ་སཾ་པ་དེ་སྭཱཧཱ། ཞོ་དང་ཟན་གྱིའོ། །ོཾ་ཨ་པྲ་ཏི?་ཧ་ཏ?་བཛྲ་ཡ་སྭཱཧཱ། ཀུ་?བའིའོ། །ོཾ་བཛྲ་ཨཱ་ཡུ(རྒྱུད་འགྲེལ་སྭཱཧཱ། འབྲུའིའོ། །ོཾ་མཧཱ་བོ་ལཱ་ཡ་སྭཱཧཱ། མ་ཤའིའོ། །ོཾ་བཛྲ་པུཥྚ་ཡོ་སྭཱཧཱ། འབྲས་མ་དྲུག་པའིའོ། །ོཾ་མཧཱ་བྷི་བ་ཡ་བ་ཡེ་སྭཱཧཱ། སྟར་ཀ་དང། གླ་གོར་ཞོ་ཤ་དང། ཛཱ་ཏི་ཕ་ལ་རྣམས་ཀྱིའོ། །ཞུ་བའི་རྫས་ལྷག་མ་རྣམས་ཀྱི་ནི་མེའི་རང་གི ་གསང་སྔགས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །ུ་དུམྦ་རའི་ཤིང་གི་ཡལ་ག་ལ་སོགས་ལྷག་མ་རྣམས་ལ་ནི། ཨོཾ་ལ་སོགས་པ་ནས་རང་གི་མིང་དང་མཐར་སྭཱཧཱ་བཅས་པའི་རིམ་པས་སྦྱིན་སྲེག་བྱའོ། །རྫས་ཐམས་ཅད་ལ་བདུད་རྩི་ལྔ་དང་བསྲེས ་ཏེ་སྦྱིན་སྲེག་བྱའོ། །ཐམས་ཅད་དེ་ནས་མེ་ལ་འཐོར་འཐུང་དང། བསང་གཏོར་ལ་སོགས་པ་བྱ་བ་སྟེ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ། སྙིང་ག་ནས་ཡི་གེ་ཧཱུཾ་གིས་འོད་ཟེར་གྱིས་བསྐུལ་ནས་ནམ་མཁའ་ལས་བཀུག་སྟེ། ལས་མ་ལུས་པའི་གཞི་འཇིག ་རྟེན་འདས་པའི་ཡེ་ཤེས་ཀྱི་མེ་ལྷ་ཇི་སྐད་བཤད་པའི་ལས་ཀྱི་རྒྱན་དང། ན་བཟའ་དང། ཇི་སྐད་བཤད་པའི་མདོག་དང། ཕྱག་ཇི་ལྟར་གནས་པའི་དཔལ་ཁྲག་འཐུང་གི་གཟུགས་བྱོན་པ་དང། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཨི་ས་བོན་གྱི ་འོད་ཟེར་རྣམས་དང། རང་གི་དམ་ཚིག་གི་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་སྤྱན་དྲང་ངོ། །ཁྱུད་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨེ་ཧཡེ་ཧི་བྷ་ག་བན། ཨི་ཧ་བཀྱ་ས་མ་ཡེ་མ་ཙ་པཉྫ་ཨ་མྲི་ཏ་ཨརྒྷཾ་སཾ་པྲ་ཏིཙྪ་སྭ་བུ་ཙམ་བི ་ཏྲ་སི་ཏ་མེ། འདིས་ཐབ་ཁུང་གཡས་ཀྱི་དྲུང་དུ་བལྟས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱཧཱ། ཞབས་བསིལ་དང་མཆོད་ཡོན་དང། འཐོར་འཐུང་དང། ལྷ་བཤོས་དང། ལཱ་སྱ་ལ་སོགས་པས་ཡང་དག་པར་མཆོད ་དེ། རྩ་བའི་སྔགས་བརྒྱད་གྱིས་བསྟོད་དོ། །རྡོ་རྗེ་བཅིངས་ལ་ལྕགས་བྱ་དང། །ཞགས་པ་དང། ལྕགས་སྒྲོག་དང། དྲིལ་བུ་རྣམས་ཀྱིས་དགུག་པ་དང། གཞུག་པ་དང་བཅིང་བ་དང། དབང་དུ་བྱའོ། །དྲི་ཤྱ་ཛ:ཛ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཡ་ཧོ་འདིས་མེའི་དམ་ཚིག་སེམས་དཔའ་ཨི་ཞལ་དུ་ཐམས་ཅད་ཀྱི་བདག་ཉིད་རབ་ཏུ་གཞུག་གོ་།དེ་ལྟར་སྔ་མ་བཞིན་དུ་མེ་ལོང་གི་ཐོག་ཏུ་ཁྲུས་བྱས་ལ་དབང་ལྔ་གསོལ་ཏེ། དར་དཔྱངས་དང། ཕྲེང་བ་བཅིངས་ཏེ། ཡེ་ཤེས་སེམས་དཔའ་ ་རང་གི་ཐུགས་ཁར་མཚན་མའི་དབུས་སུ་རང་གི་ཟླ་ཆོས་ཀྱི་ཡི་གེ་ལ་དཀྱིལ་འཁོར་མ་ལུས་པ་དྲུག་ཅུ་རྩ་གཉིས་ཀྱི་ལྷའི་རང་བཞིན་མཐོང་བ་ལ་ཡང་མཆོད་ཡོན་ཕུལ་ཏེ། སྔ་མ་བཞིན་དུ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསངས་ཏེ། དེ་ནས་དགང ་གཟར་བླངས་ལ་ཇི་ཙམ་ནུས་པའི་དགང་བླུགས་མེ་ལྷའི་ཞལ་དུ་དབུལ་ལོ། །དེ་བཞིན་དུ་བླུགས་གཟར་གྱིས་སྟོང་ངམ། བརྒྱ་རྩ་བརྒྱད་དམ། ཕྱེད་དམ། བཞི་ཆ་ཡང་རུང་བསྲེག་གོ་།དེ་ནས་ཡང་དགང་བླུགས་གསུམ་དབུལ་ཏེ། འདི་ལྟར་དཀྱིལ ་འཁོར་མ་ལུས་པ་ཀུན་ལ་བཅུ་ཆའི་སྦྱིན་སྲེག་བྱའོ། །ཐམས་ཅད་ལ་དགང་བླུགས་དང་སྤོས་དང། དྲིལ་བུའི་སྒྲ་དང་ཡི་གེ་བརྒྱ་པ་གསུམ་མམ་གཅིག་བཟླས་ཏེ། མེ་ཏོག་ལ་སོགས་པ་དག་པ་དབུལ་ལོ། །སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་ཀྱིས་སྔ་མ ་བཞིན་དུ་སྦྱིན་སྲེག་བྱའོ། །དབྱངས་སྐྱོང་གི་སྔགས་སམ་ཡི་གེ་བདུན་པ་འམ། །རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་གསང་སྔགས་གང་ཡང་རུང་བ་ལས་འདི་ཞེས་བྱ་བ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་བྱ་བ་མཐར་གདགས་སོ། །རྒྱས་པའི་མཐར་ནི་པུཥྚི་དཀུ་རུ་བཽ་ཥཊ། ་དབང་གི་མཐར་རོ། །བསང་པའི་མཐར་ཕཊ། ཡང་དྲི་ཞིམ་པོ་ལས་བྱུང་བ་ཅི་ཡང་རུང་སྟེ། ཐམས་ཅད་བདག་གིས་ཁ་ཟས་ལ་སོགས་པ་འབྱོར་པའི་དོན་དུ་སྦྱིན་སྲེག་བྱའོ། །དེ་ལྟར་མངོན་པར་འདོད་པའི་སྦྱིན་སྲེག་བྱས་ལ་དངོས་གྲུབ་ཀྱི་ཕྱིར། རྒྱུད་ལས་ ་བཤད་པའི་རྫས?་རྣམས་ཀྱིས་སྦྱིན་སྲེག་བྱའོ། །བ་ལང་དང་རྟ་ཤ་དང། །ཤྭ་ནའི་ཤཱ་དང་ཁྱིམ་བྱ་དག་།དཀྱིལ་འཁོར་གྲུ་གསུམ་བྱས་ན་ནི། །སངས་རྒྱས་ཉིད་ཀྱང་ངེས་པར་འཇིག་།ཕྱིར་བཟློག་ཕྲེང་བའི་གསང་སྔགས་ཀྱིས། ། ་ཞི་བ་ལ་སོགས་ལས་རྣམས་བྱ། །རྡོ་རྗེ་ཕག་མོའི་སྔགས་གཉིས་ཀྱིས། །དགུག་པ་ལ་སོགས་བྱ་བ་མིན། །དེ་ནས་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱས་པའི་མཐར་ཨོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་འདི་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་མར ་གྱི་སྲེག་བླུགས་ཀྱིས་སྤང་ལ། མཆོད་ཡོན་དང་ཞབས་བསིལ་དང། འཐོར་འཐུང་དང། དྲིལ་བུའི་རོལ་མོ་སྡ་མ?་བཞིན་དུ་དབུལ་ལོ། །དགང་བླུགས་ཀྱི་མཐར་བདེ་ལེགས་སུ་དང་རོལ་མོ་དང། བཀྲ་ཤིས་པའི་ཚིགས་སུ་བཅད་པ་དབུལ་ལོ། །དེ་ནས ་བསྟོད་པ་བྱ་སྟེ། །མངོན་པར་འདོད་པའི་དངོས་གྲུབ་གསལ་ལ། བཟོད་པར་གསོལ་ལོ། །རྡོ་རྗེ་བཅིང་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཧེ་རུ་ཀ་མུ:འདིས་སྟེང་དུ་དགྲོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་པ་ལ་སོགས་པ་བརྗོད་དོ། ། ་དེ་ནས་ཨོཾ་ཁ་ཁ་ཁཱ་ཧི་ཞེས་བྱ་བའི་གསང་སྔགས་ཀྱིས་ཉ་དང་ཤ་དང། ཆང་དང། ཟན་དྲོན་ལ་སོགས་པས་ཡོངས་སུ་གང་བའི་གཏོར་མ་བྱིན་ནོ། །མེའི་དབུས་ནས་ཡེ་ཤེས་སེམས་དཔའ་ཆོས་ཀྱི་དབྱིངས་སུ་གྱུར་ཏེ་གཤེགས་སུ་གསོལ་ལོ། །དེ་ནས ་མེ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཀྱང་སྦྱིན་སྲེག་བྱའོ། །སྲེག་བླུགས་ཀྱི་མཐར་བསྒྲུབ་བྱ་བཟུང་ལ་དགང་བླུགས་དབུལ་ལོ། །མཆོད་ཡོན་དང་ཞབས་བསིལ་དང་བསང་གཏོར་ཡང་བྱ། སྒྲུབ་པ་པོ ་མངོན་པར་འདོད་པའི་དངོས་གྲུབ་ཀྱང་གསོལ་ཏེ། ཨོཾ་ཨགན་ཡེ་ཡ་ཧི་ཡ་ཧི། སརྦབཾ་རྩེ་ཁ་བ་ར་ཨ་ཐཾ་ཙ་ས་ཏི་དྷ་མ་ག་ཙ་ཧ་ཕྱག་བྱུག་ཅེས་བྱའོ། །སྤྱན་དྲང་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པའི་མེ་འབར་བའི་གཟུགས་ཅན་དུ་བལྟ་བ་དེ ་གཤེགས་སུ་གསོལ་ཏེ། རང་གི་ལྷའི་ང་རྒྱལ་དང། ལྡན་པས་ཕྱོགས་སྐྱོད་རྣམས་ལ་གཏོར་མ་སྦྱིན་ནོ། །རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ཡང་ལ་ནི་བདུན་གྱི་བར་དུ་བཟླས་བརྗོད་བྱའོ།། །།ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་བྱ་བས་ཕྱོགས་ཀྱི་ཕུར་བུ་དང། མངའ་ ་རྣམས་ཕྱུར་ལ། ལས་ཐམས་ཅད་པའི་ཆུའོ་མེ་དང་བཅས་པ། ཁཎྜ་རོ་ཧའི་དྲིག?་སྔགས་ཀྱིས་བཏབ་སྟེ། མཐུས་བྱས་ལ་གཞག་གོ་།དེ་ནས་ལན་གསུམ་བསྒོང་བ་བྱས་ཏེ། གླུ་དེར་གང་ལ་སོགས་པ་མདུན་དུ་བྱ་ཞིང་ཇི་ལྟར་བདེ་བར་གནས་པར་བྱའོ། ། ་དཔལ་སྡོམ་རྣལ་འབྱོར་མ་རྒྱུད་ལས། །སྦྱིན་སྲེག་རིམ་པ་བྱུང་བ་འདིས། །རྣལ་འབྱོར་པ་ནི་རྟག་དགའ་བའི། །དངོས་གྲུབ་མྱུར་དུ་པར་ཤོག། །དཔལ་ཧེ་རུ་ཀའི་མིང་གི་རྒྱུད་ལས། དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག། གྲུབ་པའི་སློབ ་དཔོན་ཚིན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨམ་བྷ་དྲ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིག་པ་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་