| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྲིཥྞ་དང། བོད་ཀྱི་ལོ་ཙ་བ་བནདེ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། །། *། (།དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བཞུགས།།)་།།རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སྲཾ་བ་ར་སཱ་དྷ་ནཾ། བོད་སྐད་དུ། ་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འགྲོ་ཀུན་དོན་ལ་རབ་གཞལ་པའི། །རང་རྒྱུད་སྔགས་དང་རྣལ་འབྱོར་ཤེས། །ཕྱི་རོལ་རྣམ་དག་སྤངས་ནས་ནི། །དམ་ཚིག་མཉམ་ཉིད་རྣལ་འབྱོར་ཆེ། །ནང་པར ་སད་པ་དང་མལ་ནས་ལངས་ཏེ། རྣལ་འབྱོར་རྗེས་སུ་མཐུན་པའི་གནས་སུ། སྟན་བདེ་བ་ལ་འདུག་ནས། བདུད་རྩིའི་རིལ་བུ་ཁར་བཅུག་ལ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་དོན་དྲན་པར་བྱས་ཏེ། སྙིང་ཀར་ཟླ་བ་ལ་དཔལ་མཆོག་དང་པོའི་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་ཅན ་འོད་ཟེར་དང་བཅས་པའོ། །ངེས་སྒོ་གསུམ་གྱི་དྲི་མའང་སྦྱང་ངོ། །འོད་ཟེར་འཕྲོ་བས་དངོས་གྲུབ་པ། །བསྐུལ་ནས་ཕྱག་བཙལ་རང་ལུས་གཞུག་།རྐང་པ་སུམ་མདོ་ལྟེ་སྙིང་ག་།རླུང་དང་མེ་ཆུ་ས་ཡིན་ནོ། །སྒལ་ཚིགས་རི་རྒྱལ་དེ་བཞིན་ཏེ། །ལུས་ནི་མཉམ ་པ་སྒོ་བཞི་རླུང། །རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་དཀྱིལ་འཁོར་དུ་འདོད་དེ། །ིནྡྲ་ནཱི་ལ་མཚུངས་པའི་མདོག་།ཞལ་བཞི་རེ་རེ་སྤྱན་གསུམ་པ། །རྩ་བའི་ལུས་མདོག་ལྗང་དང་དམར། །གསེར་གྱི་འོད་ལྟར་གཙིགས་པ་པོ། །རལ་པའི་ཐོར ་ཚུགས་ཟླ་བས་བརྒྱན། །ཐོད་ཕྲེང་སྣ་ཚོགས་རྡོ་རྗེ་བཅས། །རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད། །གཉིས་ཀྱིས་གླང་པོའི་པགས་པ་བསྣམས། །གཡས་ཀྱི་ལག་ན་ཌ་མ་རུ། །དགྲ་སྟ་གྲི་གུག་རྩེ་གསུམ་པ། །གཡོན་ན་ཁ་ཊཝཱཾ་ག་ཐོད་པ། །ཞགས་པ་ཚངས ་པའི་མགོ་བོ་བསྣམས། །གཡས་བརྐྱང་པ་ཡི་གར་གྱིས་ནི། །འཇིགས་བྱེད་དུས་མཚན་མཉམ་པར་མནན། །སྟག་ལྤགས་བསྣམས་དཀྲིས་མགོ་ཕྲེང་ཅན། །ཉམས་དགུ་རྒྱན་དྲུག་གིས་བཏབ་པའོ། །པཾ་ལས་འཁྱུད་པའི་བཅོམ་ལྡན་ཡུམ། །ཞལ ་གཅིག་སྤྱན་གསུམ་དམར་འབར་བ། །སྐྲ་གྲོལ་དུམ་བུའི་རྒྱན་གྱིས་བརྒྱན། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྱུད། །གཡོན་པ་འཁྱུད་ཅིང་ཐོད་པ་དག་།གདུག་པ་བདུད་ཀྱི་ཁྲག་གིས་གང། །གཡས་པ་རྟག་ཏུ་སྡིགས་མཛུབ་དང། །མ་རུངས་པ ་ཡི་གྲི་གུག་བསྣམས། །བདེ་ཆེན་ཐུགས་རྗེའི་རང་བཞིན་ཅན། །ཁ་སྦྱོར་ཕྱི་ཉིད་ལེགས་ཤེས་པས། །ཐུགས་སུ་ཨ་བ་དྷཱུ་ཏཱི་ཧཱུཾ། མ་བཅོས་ནང་གི་བདག་ཉིད་དོ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་མ། །གཟུགས་ཅན་མ་སྟེ་བཞི་རྣམས་ཀྱང། །ཞལ་མདོག ་དང་མཚུངས་ཁ་ཊཝཱཾ་སྣོད། །གྲི་དང་ཕྱག་རྒྱ་ལྔ་ཡིས་བརྒྱན། །མཆོད་པ་བཞི་ཡི་རང་བཞིན་རྩ། །ཕྱོགས་བྲལ་བདེ་ཆེན་འཁོར་ལོ་སྟེ། །མཾ་ལཾ་པཾ་ཏཾ་ཧཱུཾ་བརྒྱད་ཀྱང། །དམ་ཚིག་ཅིག་ཅར་བཤད་པ་ཡིན། །པུཛྙཱ་ཨོ་ཨ། གོ་རཱ་དེ་མཱ་ཀཱ། ་ཨོཾ། ཏྲི། ཀེ། ཀ་ལ། ཀཱ། ཧི། པྲེཾ་གྲི། སཽ། སུ། ན། སི་མ་ཀུ། འདི་དག་གནས་སུ་རྣལ་འབྱོར་མ། །རྩ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །དེ་དག་ཀྱང་གང་ཞེ་ན། གོ་རིམ་ཇི་ལྟ་བར། སྤྱི་བོར་ཁཎྜ་?་པཱ་ལི་དང་རབ་ཏུ་གཏུམ་མོ། ། ་སྤྱི་གཙུག་ཏུ་མཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མའོ། །རྣ་བ་གཡས་པར་ཀངཀ་ལ་དང། འོད་ལྡན་མའོ། །ལྟག་པར་མཆེ་བ་རྣམ་པར་གཙིགས་པ་དང། རྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པར་སུང་བཻ་རི་དང། བརྟན་པའི་བློ་ཅན་མའོ། །སྨིན་མའི་མཚམས ་སུ་ཨ་མི་ཏཱ་བྷ་དང་མི་ཐུང་མའོ། །མིག་ཏུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མའོ། །ཕྲག་པར་རྡོ་རྗེའི་སྐུ་དང། ཤིང་གྲིབ་ནི་ཉེ་བའི་གནས་ཏེ། ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྦྱོར་པ་མདོག་སྔོན་པོའོ། །མཆན་ཁུང་དུ་མྱུ་གུ་ཅན་དང་ས་སྲུངས་མའོ། ། ་ནུ་མར་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ། །ལྟེ་བར་དཔའ་བོ་ཆེན་པོ་དང་རླུང་གིས་ཤུགས་ཅན་མའོ། །སྣ་རྩེར་བཛྲ་ཧཱུཾ་ཀ་ར་དང། ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ། །ཁར་རབ་ཏུ་བཟང་པོ་དང་ཤྱཱ་མེ་དེ་བའི། །མགྲིན་པར་རྡོ་རྗེ་བཟང་པོ་དང། ་ཤིན་ཏུ་བཟང་མོ་སྟེ་ཚནདོ་ཧའོ། །སྙིང་གར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །འདོམ་པར་མིག་མི་བགྲང་དང། བྱ་གདོང་མ་སྟེ་ཉེ་བའི་མཚན་དོ་ཧ་སྟེ་གསུང་གི་འཁོར་ལོ་ས་ལ་སྤྱོད་པ་མདོག་དམར་པོའོ། །མཚན་མ་ལ་སྟོབས་པོ་ཆེ་དང། ཙཀྲ་བེ་གེའོ།། ་བཤང་ལམ་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧ་སྟེ་འདུས་པ་ཅན་ནོ། །བརླར་རྟ་མགྲིན་དང། ཤཽཎྜི་ནིའོ། །བྱིན་པར་ནམ་མཁའ་ཨི་སྙིང་པོ་དང། ཙཀྲ་ཝརྨི་ཎི་སྟེ་ཉེ་བའི་འདུས་པ་ཅན་ནོ། །སོར་མོ་རྣམས་ལ་ཤྲཱི་ཧེ་རུ་ཀ་དང་ཤིན་ཏུ་དཔལ་མོའོ། །བོལ་གོང་དུ་པདྨ་གར ་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ། དུར་ཁྲོད་དོ། །མཐེ་བོང་ལ་རྣམ་པར་སྣང་བྱེད་དང་ཙཀྲ་ཝརྟི་ནིའོ། །པུས་མོ་གཉིས་ལ་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་ནི་ཉེ་བའི་དུར་ཁྲོད་དོ། །སྐུ་ཡི་འཁོར་ལོ་ས་འོག་ན་སྤྱོད་པ་སྟེ། མངོན་དཀར་པོའོ། ། ་ཁཎྜ་ཀ་པ་ལ་ལ་སོགས་པའི་དཔའ་བོ་རྣམས་བཅོམ་ལྡན་འདས་ཀྱིས་རྣམ་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་རྡོ་རྗེ་ཕག་མོའི་རྣམ་པ་ཇི་ལྟ་བ་བཞིན་ཏེ། ས་བཅུ་ཡོངས་སུ་དག་པ་རྣམས་སོ། །ཁྭ་ད་དང། ་འུག་པ་དང། ཁྱི་དང་ཕག་གི་གདོང་པ་ཅན་རྣམས་དང། གཤིན་རྗེ་བརྟན་མ་དང། ཕོ་ཉ་མོ་དང། མཆེ་བ་ཅན་དང་འཇོམས་མ་སྟེ། འདི་དག་ཀྱང་ཕྱོགས་དང་མཚམས་སུ་མཁའ་འགྲོ་མ་ལ་སོགས་པ་ཇི་ལྟ་བ་བཞིན་ཏེ། མཚམས་ཀྱི་ལྷ་མོ་རྣམས་ནི་འོན་ཀྱང ་གཟུགས་གཉིས་མའོ། །བྱང་ཆུབ་ཕྱོགས་ཀྱི་རང་བཞིན་ཅན། །མེ་ལོང་གཟུགས་བརྙན་བཞིན་གསལ་བལྟ། །དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྙིང་ག་མགོ་བོ་སྤྱི་གཙུག་དང། །ཕྲག་པ་མིག་དང་ཡན་ལག་ལ། ། ་རྡོར་སེམས་སྣང་མཛད་གར་དབང་ཕྱུག་།ཁྲག་འཐུང་ཉི་མ་རྟ་མཆོག་བསམ། །ལྟེ་བ་སྙིང་ག་ཁ་སྦྱི་བོ། །སྤྱི་གཙུག་ཡན་ལག་ཐམས་ཅད་ལ། །ཕག་མོ་གཤིན་རྗེ་རྨོངས་བྱེད་མ། །སྦྱིན་བྱེད་སྐྲག་བྱེད་གཏུམ་མའོ། །ོཾ་ཧཱ་ན་མ་ཧི(རྒྱུད་འགྲེལ་ཧོ་ཕཊ་ཧཾ། ཨོཾ་བི། ཧཱུཾ། ཨོཾ་ཧྲིཾ། མོཾ། ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་དང་ཕྱག་རྒྱ་སྦྱོར་བ་ཡིས། །སྦྱིན་དྲངས་མཆོད་ནས་རང་ལུས་གཞུག་།དེ་བཞིན་རྒྱུན་ནི་དབང་བསྐུར་ནས། །ཅོད་པན་དང་ནི་ལྷག་པའི་ལྷ། །ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བྷར་སྭཱཧཱ། ཨོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦབ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་མའི ་སྙིང་པོ་དང། ཉེ་བའི་སྙིང་པོའོ། །རབ་ཏུ་འབར་ནས་མཆོད་ནས་ནི། །དུང་ཆེན་ཕྲེང་བ་བླང་བྱ་སྟེ། །ཇི་སྲིད་སྐྱོ་བར་མ་གྱུར་པ། །དེ་སྲིད་དུ་ནི་རབ་ཏུ་བཟླས། །བསམ་གཏན་མི་ནུས་རྣལ་འབྱོར་པས། །གོ་ཆ་ཆེ་ལ་སོགས་བསྲུངས ་ཏེ། རང་གི་ལྷག་པའི་ལྷ་སྦྱོར་བས། །སེམས་ཅན་ཀུན་ལས་རབ་བརྟག་བྱ། །རྐང་པ་བརྒྱད་པའི་སྔགས་བཟླས་ཤིང། །ཚངས་པར་སྤྱད་པ་རྟག་ཏུ་བསམ། །ཟས་ཀྱི་རྡོ་རྗེ་སེམས་སོགས་དང། །སྙིང་གའི་དཀྱིལ་འཁོར་སྦྱིན་སྲེག་བྱ། །ཞི་བའི་བཏུང་བ་བཞི ་མྱངས་པས། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །དམ་ཚིག་ལེགས་སོ་ལེགས་གནས་པས། །མཚན་ཕྱེད་གྱུར་ནས་གཏོར་མ་སྦྱིན། །ོཾ་ཨ་རལླི་ཧོ:ཛ:ཧཱུཾ་བཾ་ཧོ:བཛྲ་ཌཱ་ཀི་ནི་ས་མ་ཡ་སྟཝཾ་དྲི་ཤྱ་ཧོ:ོཾ་ཨཱ:ཧཱུཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ ་ས་བྷཱ་ཏ་པྲེ་ཏ་པི་ཤཱ་ཙོནམཱ་ད་ཨ་པ་སྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀིནྱཱ་ད་ཡ་ཨི་མཾ་བ་ལིང་གྲིཧྞཾ་ཏུ་ས་མ་ཡ་རཀྵནྟུ་མ་མ་སརྦབ་སིདྡྷིམམེ་པྲ་ཡཙྪན་ཏུ། ཡ་ཐཻ་བཾ་ཡ་ཐེཥྚཾ?་བྷུཉྫ་ཐ། ཛི་གྲ་ཐ་པི་བ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀརྟ་ཡ་སཏྨ་ཁཾ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀ་བྷ་བནྟུ་ཧུཾ ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་དོ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཁ་ཊཝཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི ་མཚན་མོ་བཤད། །གཉིས་མེད་ཡེ་ཤེས་སེམས་ལྔན?་ལ། །མི་བྱ་བ་ནི་ཅི་ཡང་མེད། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །སྡུག་པ་ཡིད་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་ཏོ། །གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །མཁས་སྤྱོད་པ་ཡི་གནས་སུ་ཁྲིད། །དེ་ལྟའི་དཔའ་བོ་ཆེན་པོ་དང། །རྣལ་འབྱོར་མ་ནི་ས་སྟེང་དཀོན།། ་ཆོ་ག་སྣ་ཚོགས་ཉམས་དགའ་བ། །བསམ་པ་སྣ་ཚོགས་གཟུང་བའི་ཕྱིར། །རྡོ་རྗེ་འཆང་གིས་གསུངས་པའི་ཕྱིར། །དེ་ཉིད་མེད་ན་འཆིང་འགྱུར་ལ། །གང་ཞིག་དེ་ཉིད་ཡོད་གྱུར་ན། །དེ་དག་ཐམས་ཅད་དགྲོལ་བའི་རྒྱུ། །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས ་ཀྱི་མན་ངག་།ཕྱག་རྒྱ་ཆེན་པོ་གྲུབ་པ། དཔལ་དྲིལ་བུ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་པྲཛྙ་བྷ་དྲ་དང། ལོ་ཙ་བ་མལ་གྱོ་བློ་གྲོས་གྲགས་ཀྱིས་བསྒྱུར་བའོ། །*། །རྒྱ་གར་སྐད་དུ། ་