| Wylie | e-texts based on the ACIP/ALL Input |
པའོ།། །།(འདིའི་སྔགས་རྣམས་རྒྱ་དཔེ་དང་སྔགས་བཅུ་གཉིས་ཀ་བསྟུན་ཏེ་ཞུས་ལེགས་པར་དག་པས་ཡིད་བརྟན་དུ་དུར་བར་རློམ།། །།*། །དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་དཱ་རིག་པས་མཛད་པ་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ ་བ་ར་སཱ་དྷ་ནཾ་ཏཏདྭ་སཾ་གྲ་ཧནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱི་བདེ་ཆེན་གནས། །སྐད་ཅིག་ཉིད་ལ་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ ་བུ་དང། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་མ། །ས་གསུམ་གནས་ལ་གུས་བཏུད་དེ། །དེ་ཉིད་རིན་ཆེན་ཀུན་བསྡུས་པ། །སྐུ་གསུམ་པོ་ཡི་ཆོ་ག་བཤད། །དང་པོར་སྔགས་ཀྱིས་ཡོངས་སུ་སྦྱངས་པའི་རྣལ་འབྱོར་པས། དབེན་པའི་གནས་སུ ་དགོས་པ་ཚང་བ་ཙམ་གྱིས་གནས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་འབྱུང་བ་དང་ལྷ་དང་བླ་མ་ལ། དད་པ་དང་བླ་ན་མེད་པའི་ལམ་ལ་གནས་པར་དགའ་བས་བྱང་ཆུབ་ཆེན་པོར་ཉལ་བར ་བྱའོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་ནམ་མཁའ་ཨི་ཁམས་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་མཆོག་གི་སྒྲ་དང། ཌ་མ་རུས་བསྐུལ་བ་དང་ལངས་ཏེ། ཨོཾ་སརྦ་བཱི་ར་ཡོ་ག་ནཱི་ནཱཾ་ཀཱ་ཡ་ཝཀྩི་ཏྟ་པྲ་ཎ་མེ་ན་བཛྲ་བནདཱ་ནཱཾ་ཀ་རཽ་མི་ཞེས་བྱ་བའི་སྔགས་ཀྱིས ་ཕྱག་བྱས་ཏེ། ལུས་བདེ་བར་གནས་པའི་ལས་བྱས་ནས། སྲིད་པ་གསུམ་པོ་རྣམ་པར་དག་པའི་གནས་ཀེང་རུས་ཀྱི་དབུས་སུ་ས་བཅུའི་རང་བཞིན་དུ་བསམས་ཏེ། གནས་ལ། རྣལ་འབྱོར་བསྲུང་བའི་དོན་དུ་ཚངས་པའི་གནས་བཞི་ལ་སྙོམས་པར་འཇུག ་པ་སྔོན་དུ་འགྲོ་བས། ཕུང་པོ་དང་དབང་པོ་དང། ཁམས་རྣམས་ཀྱི་ང་རྒྱལ་བསྐྱེད་པར་བྱ་སྟེ། དེ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ་།འདུ་བྱེད་ཀྱི་ཕུང་པོ ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་མི་བསྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེའོ། །ལྕེ་ལ་འདོད ་ཆགས་རྡོ་རྗེའོ། །ལུས་ལ་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཀྱི་བདག་པོ་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་གར་གྱི་དབང་ཕྱུག་མའོ།། ་ནམ་མཁའ་ཨི་ཁམས་ལ་ནི་པདྨའི་དྲ་བ་ཅན་མའོ། །དེ་དག་ནི་ཕུང་པོ་དང་དབང་པོ་དང་ཁམས་རྣམ་པར་དག་པ་གོ་ཆའི་ལྷ་སྟེ། བདག་བསྲུང་བའོ། །ཧེ་རུ་ཀ་རྣམ་པར་རྒྱལ་བའི་ང་རྒྱལ་བརྟན་པས། གཡས་པའི་ཁྲོ་བོའི་ཁུ་ཚུར་སྙིང་གར་བསྒྲེང་སྟེ། གཡོན་སེ་གོལ ་དང་བཅས་པའི་སྡིགས་མཛུབ་ཕྱོགས་སུ་བསྐོར་ཞིང། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྣ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་པ་ཡ་གྲིཧྞ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ(རྒྱུད་འགྲེལ་པས་བགེགས་རྣམས་བསྐྲད་ཅིང་བསྲེག་པར་རྣམ་པར་བསམས་པར་བྱས་ལ། འོད་དེ་ཉིད་དང། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བཛྲ་བནདྷ་ཧཱུཾ་ཞེས་བརྗོད་པས། འོག་རྩེ་གསུམ་པའི་བདག་ཉིད་ཀྱི་སྣ་ཚོགས་རྡོ་རྗེར་བྱིན་གྱིས་བརླབ་པར་བྱའོ། །ོཾ་བཛྲ་པྲཱ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ད་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ་ཧཱུཾ། ཨོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བའི་སྔགས་རྣམས་ཀྱིས་རིམ་པ་བཞིན་དུ་རྡོ་རྗེའི་ར་བ་དང། གུར་དང། བླ་བྲེ་དང། མདའི་དྲ་བ་དང། མེ་རི་འབར་བའི་མཐར་ཐུག་པར་བསམས ་ཏེ། ལས་ཐམས་ཅད་པའི་ཁྲོ་བོ་སྤྲོས་ནས་བགེགས་ཀྱི་དབང་པོ་རྣམས་བཀུག་སྟེ། ཨོཾ་གྷ(རྒྱུད་འགྲེལ་བྱ་བའི་སྔགས་ཀྱིས་ཕུར་བུས་གདབ་བོ། །ོཾ་བཛྲ་མུདྒ་ར། བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕུར་བུ་རྣམས་བརྡུང་ངོ། །དེ་ནས་རང་གི་སྙིང་གར་ཨཾ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཧཱུཾ་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམས་ཏེ། དེའི ་འོད་ཀྱིས་མདུན་གྱི་བར་སྣང་ལ་བླ་མ་དང་སངས་རྒྱས་ལ་སོགས་པའི་ཚོགས་བལྟས་ཏེ། ཕྱག་བྱས་ནས། ཕྱི་དང་གསང་བ་དང། དེ་ཁོ་ན་ཉིད་ཀྱིས་མཆོད་པས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཐོགས་མ་མེད་དུས་འཁོར་བ་ན། ། ་ཆགས་སོགས་རྟོག་པའི་རང་བཞིན་གྱིས། །སྡིག་བགྱིས་མགོན་པོའི་སྤྱན་སྔ་རུ། །མ་ལུས་སོ་སོར་བཤགས་པར་བགྱི། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །ཉེར་བསྡུས་འགྲོ་བ་ཐམས་ཅད་ཀྱི། །བསོད་ནམས་ཚོགས་ནི་མ་ལུས་ལ། །རྟག་པར་བདག་ནི་ཡི་རང་ངོ། ། ་རྡོ་རྗེའི་ཡེ་ཤེས་ཐུགས་ཆུང་ནས། །ཤིང་དབང་དྲུང་ན་བཞུགས་གྱུར་བའི། །འགྲོ་ལ་ཉེར་བརྩེས་ཐུབ་དབང་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །རྒྱལ་བའི་མཛད་པ་རྫོགས་གྱུར་ཏེ། །མགོན་པོ་དབྱིངས་སུ་གཤེགས་བཞེད་ལ། ། ་སེམས་ཅན་སྡུག་བསྔལ་བྲལ་བར་དུ། །མྱ་ངན་མི་འདར་བདག་གསོལ་འདེབས། །བདག་ནི་ཐུབ་དབང་མ་གྱུར་པར། །སངས་རྒྱས་སྔགས་སོགས་ཆོས་རྣམས་དང། །དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྣལ་འབྱོར ་ལམ་ལ་གནས་བགྱི་ཞིང། །དམ་ཚིག་ཐམས་ཅད་བསྐྱང་བ་དང། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་བསྒྲུབ་པར་གྱི། །བརྟེན་སོགས་དགེ་བ་དེ་དག་གིས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་ཉིད་དུ་བདག ་གྱུར་ནས། །འགྲོ་བ་ཡོངས་སུ་གྲོལ་བྱེད་ཤོག་།དེ་ནས་དངོས་པོ་རྣམས་ཡོངས་སུ་གསལ་བར་བྱས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །དེ་ལས་ལངས་ཏེ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་བགས་པ་ལྟ་བུ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གཡུང་དྲུང་གིས་མཚན་པ་གྲུ ་གསུམ་པའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་སུཾ་ལས་རི་རབ་ཆེན་པོ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལས ་གྲུབ་པ་གྲུ་བཞི་པ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཚན་པའོ། །དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དང། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་གེ་སར་གྱི་ཕྲེང་བས་མཚན་པའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལི་ལ་དག་པ་རྣམས་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས ་ལ་དེར་གྱུར་པ་ལས་ཉི་མ་དང་ཟླ་བའི་གཟུགས་སུ་བསམས་ཏེ། དེའི་བར་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཅན་བསམས་པར་བྱའོ། །དེའི་འོད་ཀྱིས་དག་པ་དང་མ་དག་པ་རྣམས་བསྡུས་ཏེ། གྱུར་པཾ་ལས་དཔལ་ཧེ་རུ་ཀ་དཀྱིལ ་འཁོར་གྱི་འཁོར་ལོ་དང་བཅས་པས་རྫོགས་པར་གྱུར་ཏེ། གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ། རྡོ་རྗེ་རྩེ་མོ་ཅན་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ། ཀ་བ་སུམ་ཅུ་རྩ་གཉིས་སམ་བརྒྱད་ཀྱིས་སྤྲས་བ། དེར་དང་ཟླ་བ་དང་ཉི་མ་དང་རྔ་ཡབ་དང། འཕན ་ལ་སོགས་པས་བརྒྱན་བ་དེའི་ཕྱི་རོལ་ན་རྡོ་རྗེའི་ས་གཞི་ལ་དུར་ཁྲོད་བརྒྱད་གནས་པ་སྟེ། ཤར་ཕྱོགས་སུ་དྲག་ཏུ་གཏུམ་པར་མདུང་གིས་ཕུག་པའི་རོ་དང་ཤིརཥ་ཏ་ལ་གླང་པོའི་གདོང་དང། དབང་བ་དང། ལྷའི་དགེ་འདུན་གྱི་ཚོགས་དང། ནོར་རྒྱས་དང། སྒྲོགས་བྱེད ་རྣམས་གནས་པའོ། །བྱང་ཕྱོགས་ཚང་ཆིང་རྣམ་པར་འཁྲིགས་བར་བྱང་ཆུབ་ཀྱི་ཤིང་ལ་གནོད་སྦྱིན་གྱི་གདོན་དང། ཀུ་བཻ་རར་གནོད་སྦྱིན་གྱི་ཚོགས་དང། སྦྲུལ་གྱིས་ཟོས་པ་དང། འཛོག་པོ་དང། སྤྲིན་གྱི་རྒྱལ་པོ་ལྡོག་བྱེད་རྣམས་གནས་པའོ། །ནུབ་ཕྱོགས ་འུར་འུར་འབར་བར་མྱ་ངན་མེད་པའི་ཤིང་ལ་ཆུ་སྲིན་གྱི་གདོང་ཅན་དང། རུས་པའི་རོ་དང་ཆུ་ལྷ་དང། སྤྲིན་གྱི་རྒྱལ་པོ་དང། སྟོབས་ཀྱི་རྒྱུ་དང། འཇིགས་པར་བྱེད་པ་རྣམས་སོ། །ལྷོ་ཕྱོགས་མཐུག་པོའི་དུར་ཁྲོད་དུ་བསྲེགས་པའི་རོ་དང། ཙཱུ་ཏའི་ཤིང་ལ་མ་ཧེའི་གདོང ་དང། གཤིན་རྗེ་དང་གཤིན་རྗེའི་ཚོགས་དང། པདྨ་དང་འཁོར་བྱེད་རྣམས་སོ། །དབང་ལྡན་གྱི་མཚམས་ཧ་ཧར་རྒོད་པར་འགེགས་པའི་རོ་དང། ནྱ་གྲོ་དྷའི་ཤིང་ལ་རྒྱུ་མཆོག་གི་གདོང་དང་དབང་ལྡན་དང། ཡི་དགས་ཀྱི་ཚོགས་དང། པདྨ་ཆེན་པོ་དང། གར་བ ་རྣམས་ཀྱིས་མཛེས་པའོ། །མེའི་མཚམས་ནགས་ཚལ་ཕུན་སུམ་ཚོགས་པར་དུམ་བུར་གྱུར་པའི་རོ་དང། ཀ་རཾ་ཛ་ཀའི་ཤིང་ལ་རའི་གདོང་ཅན་དང། མེ་ལྷ་དང། དྲང་སྲོང་གི་ཚོགས་དང། ཧུ་འུར་དང། འགེགས་བྱེད་རྣམས་ཀྱི་གང་བའོ། །བདེན་བྲལ་གྱི་མཚམས་སུ ་ཀུན་པ་མི་བཟད་པར་བྱིས་པ་ཤི་བའི་རོ་དང། འཁྲི་ཤིང་ལ་ཡི་དགས་ཀྱི་གདོང་དང། སྲིན་པོ་དང་སྲིན་པོའི་ཚོགས་དང་རིགས་ལྡན་དང། ཆར་འབེབས་རྣམས་སོ། །རླུང་དུ་ཀི་ལི་ཀི་ལི་སྒྲ་སྒོགས་པར་སྨྱོ་བའི་རོ་དང། ཨུ་དུམ་བཱ་རའི ་ཤིང་ལ། རི་དགས་ཀྱི་གདོང་དང། རླུང་ལྷ་དང་རིག་པ་འཛིན་པའི་ཚོགས་དང། དུང་སྐྱོང་དང་སྦྲིན་སྟུག་པོ་རྣམས་སོ། །དེ་ལྟར་དུར་ཁྲོད་ཆེན་པོ་དེར། ལྷ་བརྒྱད་དང་གཟའ་བརྒྱད་དང། མཁའ་འགྲོ་མ་ཆེན་མོ་བརྒྱད་དང། འབྱུང་པོའི་ཚོགས་དང། རི་དང་ཆུ་དང ་མེ་དང་སྐུ་བདུང་ཆེན་པོ་བརྒྱད་དང། རྣལ་འབྱོར་པ་བརྒྱད་དང། གནོད་སྦྱིན་དང། སྲིན་པོ་དང་སྨྱོ་བྱེད་དང། རྗིད་བྱེད་དང། ཡི་དགས་དང། ཤ་ཟ་དང། མཁའ་འགྲོ་རྣམས་ཀྱིས་གང་ཞིང་ཁྭ་དང་བྱ་རྒོད་དང། ཁྲ་དང་འུག་པ་དང། མགྲིན་རིངས་དང་ཝ་དང ་སྤྱང་ཀི་དང། ཅེ་སྦྱང་འདུས་ཤིང་སྒྲ་འབྱིན་པའོ། །ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་སྙིང་པོ་ལ་བཅོམ་ལྡན་འདས་སྐུ་མདོག་སྔོན་པོ། ཤིན་ཏུ་ཁྲོས་པ་དང། ཆགས་པ་དང། ཞི་བ་དང། མཉམ་པའི་ཞལ་སྔོན་པོ་དང་དམར་པོ་དང། ལྗང་གུ་དང ་སེར་པོ་མངའ་བ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་པ། རྡོ་རྗེ་དང་ཐོད་པའི་དབུ་རྒྱན་ཅན་རལ་བའི་ཐོར་ཚུགས་ཀྱིས་མཛེས་པ། སྣ་ཚོགས་རྡོ་རྗེ་དང། ཟླ་བ་ཕྱེད་པ་དང། མི་བསྐྱེད་པ་གནས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། བརྒྱ་ཕྱེད་པའི་མགོ་བོ་དང། སྦྲུལ ་གྱི་ཚངས་སྐུད་ཅན། ཕྱག་བཅུ་གཉིས་པ་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྣམ་པར་རྒྱལ་བའི་ཕྱག་གིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཉིས་ཀྱིས་གླང་པོ་ཆེའི་པགས་པ་བསྣམས་པ། གཡས་པའི་ལྷག་མས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག ་དང། རྩེ་གསུམ་འཛིན་པའོ། །གཡོན་པ་རྣམས་ན་ཁ་ཊཝཱཾ་ག་དང་ཐོད་པ་དང་རྡོ་རྗེ་ཞགས་པ་དང། ཚངས་པའི་མགོ་བོ་འཛིན་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མནན་པའོ། །རྡོ་རྗེ་ཕག་མོ་ནི་སྐུ་མདོག་དམར་པོ་ཞལ་མཆེ་བ ་གཙིགས་པ། ཁྲག་ལ་དགྱེས་པ་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་འགྱུར་པ། ལྷན་ཅིག་སྐྱེས་པའི་བདེ་བས་དགྱེས་བ། ཕྱག་རྒྱ་ལྔ་དང་ཐོད་པའི་ཕྲེང་བས་བརྒྱན་པར་གནས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ་དང། བྱང་དུ་ལཱ་མ་ལྗང་གུ་དང། ནུབ་ཏུ་དུམ ་སྐྱེས་མ་དམར་མོ་དང། ལྷོ་རུ་གཟུགས་ཅན་མ་སེར་མོ་དང། མཚམས་སུ་དུམ་པ་པདྨའི་སྣོད་དང་ལྡན་པ། དྲི་ཆེན་དང། དྲི་ཆུ་དང། རང་འབྱུང་དང། གླད་པ་དང། ཁུ་བས་གང་བའོ། །དེ་ལྟར་ལྷ་ལྔའི་བདག་ཉིད་དམ། ཐུང་ཞིང་སྒེག་པའི་སྐུ་རྡོ་རྗེ་དང་དྲིལ་བུ་དང་ཌ ་མ་རུ་དང། ཁ་ཊཝཱཾ་ག་དང་ཐོད་པ་བསྣམས་པའི་རང་བཞིན་འཁོར་ལོ་ལྔ་དང་བཅས་པ་འམ། བསྡུས་པའི་རྣལ་འབྱོར་ཕྱི་ནང་གི་འཁོར་ལོ་གཉིས་བསྒོམ་པར་བྱ་སྟེ། ཁྭ་གདོང་ནག་མ་དང། ལྗང་ཁུ་འུག་གདོང་དང་ཁྱི་གདོང་དམར་མོ་དང། ཕག་གདོང་སེར་མོ་དང། ་གཤིན་རྗེ་བརྟན་མ་དང། གཤིན་རྗེ་འཇོམས་མ་དང། གཤིན་རྗེ་ཕོ་ཉ་མོ་དང། གཤིན་རྗེ་མཆེ་བ་མ་རྣམས་གཟུགས་གཉིས་མའི་རང་བཞིན་ཅན་ཏེ། ཞལ་གཅིག་པ་ཕྱག་བཞི་མ་གྲི་གུག་དང་ཐོད་པ་དང། ཌ་མ་རུ་དང། ཁ་ཊཝཱཾ་ག་བསྣམས་པ། ཞབས་གཡས་བརྐྱང ་བས་རོ་མནན་པ། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་དོ་ཤལ་ཅན། སྒེག་པའི་ཞལ་དང་འཇིགས་སུ་རུང་བར་གནས་པའོ། །དེ་ལྟར་སྤྲུལ་པའི་སྐུའི་སྒོམ་པ་ལ་གནས་ཏེ། ལོངས་སྤྱོད་རྫོགས་པའི་ཆོ་ག་རྫོགས་པར་བྱ་བ་གསུངས་པ། ཧེ་རུ་ཀ་ལ་སོགས་པའི་ལྷ། ། ་རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བའི། །རྐང་པའི་དཀྱིལ་དུ་བསྐྱོད་བྱེད་རླུང། །གཞུ་ཡི་དབྱིབས་སུ་ཡང་དག་གནས། །སུམ་མདོའི་གནས་སུ་མེ་ཡི་དངོས། །གྲུ་གསུམ་འབར་བར་ཡང་དག་གནས། །ལྟོ་བར་ཆུ་ནི་ཟླུམ་པོ་སྟེ།། ་སྙིང་གར་ས་ནི་གླུ་བཞི་གནས། །སྒལ་ཚིགས་དབྱུག་པའི་རི་རབ་ཉིད། །རང་གི་ཡན་ལག་ལས་བྱུང་བའི། །ཀ་བ་བརྒྱད་ནི་ཉེ་བར་གནས། །ཆུ་ཞེང་ཀུན་ཏུ་མཉམ་པ་ཡིས། །གྲུ་བཞི་བར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །དཀྱིལ་འཁོར་གསུམ ་ནི་ངེས་པར་གསུངས། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། །ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། །པྲེ་གྲི་སཽ་སུ་ན་སི་མ་ཀུ། །མཚོགས་མ་པུལླཱི་མ་ལ་ཡང། །མི་ཕྱེད་རྩ་ནི་སོ་སེན་འབབ། །རབ་གཏུམ་ཐོད་པའི་དུམ་བུ་ཉིད། །སྤྱི་གཙུག་ཛཱ་ལནདྷ་རོར་ནི། །སྐྲ ་སྤུ་འབབ་པ་ཕྲག་གཟུགས་མ། །ཀེང་རུས་གཏུམ་པའི་མིག་ཅན་མ། ། ནྱཱ་ན་རྣ་བ་གཡས་པའི་སྟེངས། །པགས་དང་དྲི་མ་བརྩེ་གམ། །ཀེང་རུས་ཅན་དང་འོད་ལྡན་མའོ། །ལྟག་པའི་སྟེང་ན་ཨ་དྷུ་རི། །གཡོན་པ་མར་ནི་ཤ་ཡི་ཁམས། །འབབ་པ་མཆེ་གཙིགས ་སྣ་ཆེན་མ། །གོ་དཱ་པ་རི་རྣ་བ་གཡོན། །ཐུང་ངུ་མ་ནི་རྒྱུས་པ་འབབ། །ལྟ་དགྲ་དང་ནི་དཔའ་བློ་ཅན། །རཱ་མེ་ཤྭ་ར་སྨིན་པའི་དབུས། །རུ་སྦལ་སྐྱེས་མ་རུས་པ་འབབ། །འོད་དཔག་མེད་དང་མི་ཐུང་མ། །ལྷ་མོའི་མཁར་ནི་མིག་གཉིས་ལ། །སྒོམ་པ་མ་ནི་མཁས་མ ་འབབ། །ལང་ཀའི་དབང་ཕྱུག་རྡོ་རྗེ་འོད། །དཔུང་པའི་རྩ་བར་མཱ་ལ་བེ། །སྙིང་གི་ཁམས་འབབ་དབང་མ་སྟེ། །རྡོ་རྗེ་སྐུ་དང་ཤིང་གྲིབ་མ། །མཁའ་སྤྱོད་ཉིད་དེ་ཐུགས་འཁོར་ལོ། །ཀཱ་མ་རུ་ནི་མཆན་ཁུང་ལ། །མིག་གི་ཁམས་འབབ་སྐྱོན་འབྱིན་མ། །མྱུ་གུ་ཅན ་དང་ས་སྲུངས་མ། །ནུ་མ་གཉིས་ལ་ཨོ་དྲི་སྟེ། །མཇུག་མ་མཁྲིས་པ་འབབ་པ་ཉིད། །རལ་པ་ཅན་དང་འཇིགས་བྱེད་མའོ། །ཏྲི་ཤ་ཀུ་ནི་ལྟེ་བར་ཏེ། །མ་མོའི་རྩ་ནི་གློ་བ་འབབ། །དཔའ་བོ་ཆེ་དང་རླུང་ཤུགས་མ། །སྣ་ཡི་རྩེ་མོར་ཀཽ་ས་ལ། །མཚན་མོའི་རྩ ་ནི་རྒྱུ་མ་འབབ། །རྡོ་རྗེ་ཧཱུཾ་མཛད་ཆང་འཐུང་མ། །ཀ་ལིངྒ་ནི་ཁ་ལ་སྟེ། །བསིལ་སྦྱིན་མ་ནི་གཉེ་མ་འབབ། །རབ་ཏུ་བཟང་དང་སྔོ་བསངས་མོ། །མགྲིན་པའི་གནས་སུ་ལམྦ་ཀ། །ཚ་བ་མ་ནི་ཕོ་བ་འབབ། །རྡོ་རྗེ་འོད་དང་ཤིན་ཏུ་བཟང། །ཀཱཉྩི་སྙིང་གའི་གནས་སུ ་སྟེ། གཞོལ་མའི་དྲུང་དུ་དྲི་ཆེན་འབབ། །འཇིགས་བྱེད་ཆེན་མོ་རྟ་རྣམ། །ཧི་མཱ་ལ་ནི་ཆུ་སོ་རུ། །ཤིན་ཏུ་གཟུགས་ཅན་མཚན་མ་འབབ། །མིག་མི་བཟང་དང་བྱ་རྒོད་མ། །གསུང་སྟེ་ས་སྤྱོད་བདག་ཉིད་ཀྱི། །མཁའ་འགྲོ་མར་ནི་ཤེས་པར་བྱ། །པྲེ་ཏ་པུ་རི ་མཚན་མ་ལ། །རངས་མའི་རྩ་ནི་མཆིལ་མ་འབབ། །འཁོར་ལོའི་ཤུགས་མ་སྟོབས་པོ་ཆེ། །གྲི་ཧ་དེ་བ་བཤང་ལམ་ལ། །དབྱི་མའི་རྩ་ནི་རྣ་བར་འབབ། །རིན་ཆེན་རྡོ་རྗེ་དུམ་སྐྱེས་མ། །སཽ་རཱ་ཤཱ་སྟེ་བརླ་གཉིས་ལ། །རྒྱུ་སྦྱིན་མ་ནི་ཁྲག་འབབ་མ། །རྟ་མགྲིན་དང་ནི་ཆང ་འཐུང་མ། །གསེར་གླིང་བྱིན་པ་གཉིས་ལ་སྟེ། །སྦྱོར་བྲལ་མ་ནི་རྡུལ་འབབ་བྱེད། །མཁའ་སྙིང་འཁོར་ལོའི་གོ་ཆ་མ། །རྐང་པའི་སོར་མོ་ན་ག་ར། །སྡུག་གུམ་ནི་ཚིལ་བུ་འབབ། །ཤིན་ཏུ་དཔའ་མ་ཧེ་རུ་ཀ་།སིནདྷུ་རྐང་པའི་བོལ་ཉིང་ལ། །ཀྲུང་མའི་རྩ་ནི་མཆི་མ་འབབ། ། ་པདྨ་གར་དབང་སྟོབས་ཆེན་མོ། །མ་རོ་རྐང་པའི་མཐེ་བོ་སྟེ། །འཆོད་མ་ཁ་ཆུ་འབབ་པ་ཉིད། །རྣམ་སྣང་འཁོར་ལོ་སྒྱུར་བ་མོ། །ཀུ་ལུ་ཏཱ་ནཱི་པུས་མོ་ལ། །ཡིད་བཟངས་མ་ནི་སྣབས་སྐྱེད་བྱེད། །རྡོ་རྗེ་སེམས་དཔའ་གཙོ་ཆེན་མོ། །སྐུ་སྟེ་ས་འོག་སྤྱོད་མ་ཡི། མཁའ་འགྲོ ་དཔའ་བོར་ཤེས་པར་བྱ། །ལྟེ་བ་འམ་སྙིང་གའི་རྩ་བཞི་ནི། །འབྱུང་ལྔའི་རླུང་དང་བདུད་རྩི་འབབ། །བདེ་ཆེན་དགུ་ཡི་བདག་ཉིད་བསམ། །ཕྱག་བརྒྱད་དམ་ནི་སྒོ་བརྒྱད་དུ། །ལས་ཀྱི་རླུང་དང་མ་བྱེད་བདག་གིས། །ཁྭ་གདོང་གཤིན་རྗེ་ལ་སོགས་བརྒྱད། །མེ་ལོང་ནང་གི ་གཟུགས་བཞིན་དུ། །རང་གི་ཆ་ལུགས་བརྒྱན་པའི་ཚུལ། །རོ་ཡི་གདན་ལ་ལེགས་པར་དགོད། །འོད་འཕྲོ་འོད་ཀྱི་དཀྱིལ་འཁོར་ཅན། མ་ངེས་ཤིང་འཇིགས་པའི་གཟུགས་ཅན་ནོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་ངོ་བོ་ཉིད། །མཐོ་རིས་མི ་ཡུལ་ས་འོག་ཏུ། །སྐད་ཅིག་གིས་ནི་སྐུ་ཉིད་གྱུར། །སྐད་ཅིག་གིས་ནི་རྣལ་འབྱོར་བདག་།སྐད་ཅིག་སྔགས་དང་ཕྱག་རྒྱར་ལྡན། །ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ། །སྐད་ཅིག་གིས་ནི་གསང་སྔགས་ལྡོན། །ོཾ་ཨཱ:ཧཱུཾ། ཨོཾ་སརྦ་བཱི་ར་ཡོ་གི་ནི་ཀ་ཡ་ཝཱཉྩིཏྟ་བཛྲ་སྭ་བྷཱ་བ ་ཨཱཏྨ་ཀོཧཾ། ཨོཾ་བཛྲ་ཤུདྡྷ:སརྦ་དྷརྨཱ་བཛྲ་ཤུདྡྷཀོཧཾ། ཨོཾ་ཨཱ:ཧཱུཾ་ཧེ་ཡིག་གིས་ཕྱག་རྒྱ་བཞིས་ནི་རྒྱས་བཏབ་བྱ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་པཱཀྩིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཧཾ། ཡེ་ཤེས་ལས་བྱུང་འོད་ཚོགས་ཀྱིས། །རྐང་པ་ནས་ནི་གཙུག་ཏོར་མཐར། །ལུས་ཀུན་རབ ་ཏུ་བསལ་བྱས་ནས། །ཁམས་གསུམ་ཁྱབ་པར་རབ་ཏུ་སྤྲོ། །མཛུབ་མོ་མདུང་བྱས་གུང་མོ་སྦྱང། །མཐེ་བོང་རྡོ་རྗེར་བརྟན་བྱས་ནས། །དཔྲལ་བའི་སྟེང་དུ་རབ་གཞག་སྟེ། །བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། ། ་གྱེན་དུ་ལཾ་གྱི་སྒྲ་སྒྲོགས་ཤིང། །ཕྱོགས་བཅུ་ཁམས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག་།སྔགས་དང་ཕྱག་རྒྱར་རབ་ལྡན་པས། །དགུག་སོགས་དམ་ཚིག་རོ་མཉམ་བྱས། །ོཾ་ཡོ་ག་ཤུདྡྷ:སརྦ་དྷརྨཱ་ཡོ་ག་ཤུདྡྷོཉཧཾ། དེ་ནས་སྔགས ་ཀྱི་མཚོན་ཆ་དགོད། །སྙིང་གར་ཨོཾ་ཧའི་རྣམ་པ་ཡིས། །རྡོ་རྗེ་སེམས་དཔའ་ཡང་དག་དགོད། །གཉིས་པ་དཔལ་ལྡན་རྣམ་སྣང་མཛད། །མཚོགས་མར་ན་མ་ཧི་ཉིད་དོ། །སྤྱི་གཙུག་སྭཱ་ཧཱ་ཧི་ཉིང་ནི། །མགོན་པོ་པདྨ་གར་དབང་རྒྱལ། །བཞི་པ་དཔལ་ལྡན་ཧེ་རུ་ཀ། ་ཕྲག་པ་ལ་ནི་བཽ་ཥ་ཊ་ཧེ། །མིག་གཉིས་ལ་ནི་ཧཱུཾ་ཧཱུཾ་ཧོ། །རྡོ་རྗེ་ཉི་མ་གཟི་བརྗིད་ལྡན། །དྲུག་པ་རྟ་མཆོག་རྒྱལ་པོ་ཉིད། །ཕཊ་ཧཾ་ཚིག་ཀུན་མཚོན་པའོ། །ལྟེ་བོར་ཨོཾ་པཾ་ཕག་མོའི་བདག་།ཧཾ་ཡོ་སྙིང་གར་གསོད་བྱེད་མ། །ཧྲཱིཾ་མོཾ་ཁ་ལ་རྨོངས་བྱེད་མ། །དཔྲལ་བར་ཧྲོ ་ཧྲིཾ་སྐྱོང་བྱེད་ཉིད། །ཧཱུཾ་ཧཱུཾ་སྤྱི་གཙུག་སྐྲག་བྱེད་མ། །ཆོ་ག་མཛའ་ཀུན་ལ་ཕཊ་ཕཊ་ཏེ། །གཏུམ་མོའི་བདག་ཉིད་རྣམ་པར་བསམ། །བདུད་ཚོགས་ཀུན་གྱི་གཡོ་བ་ཡི། །གོ་ཆ་རུང་བ་བླ་ན་མེད། །ལུས་ལས་ཁམས་གསུམ་ཀུན་བཀང་སྟེ། །དཔའ་བོ་རྣལ་འབྱོར་མ་རྣམས ་ཀྱིས། །ནམ་མཁའ་ཨི་གཏོགས་ནི་བཀང་བྱས་ལ། །འདོད་པ་ལྔ་ནི་མཉེས་གྱུར་ནས། །མགོན་པོ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་བདག་ལ་སྩོལ། །ཡིད་ཀྱིས་གསོལ་བ་ལེགས་བཏབ་པས། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན ་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིན། །དེ་བཞིན་དུ་ནི་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ལྟར་སྔགས་ཏེ་བརྗོད་ནས་སུ། །པདྨའི་བུམ་པས་དབང་བསྐུར་བསམ། །ལྷ་རྣམས་ལུས་ལ་བསྡུས་ནས་ཀྱང། །མཆོད ་སྤྱིར་ཀུན་གྱིས་ཡང་དག་མཆོད། །སྣ་ཚོགས་པ་སྤྲོད?་པས་མངོན་བསྟོད་ནས། །བདུད་རྩི་མཆོག་ལ་ལོངས་སྤྱོད་བྱ། །དཔའ་བོས་ལྷ་རྣམས་གསལ་དམིགས་ནས། །ཆོས་ཀྱི་སྐུ་ལ་ངེས་པར་སྦྱར། །དཔའ་བོ་ལྷན་ཅིག་སྐྱེས་དགའ་ཨི་དངོས། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག ་མོའི་གཟུགས་སུ་བསྟན་པ་ཡིན། །མེ་ལོང་ལ་སོགས་ཡེ་ཤེས་བཞི། །མཁའ་འགྲོ་མ་བཞི་པདྨར་གནས། །ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །སེམས་ལྡན་པ་ཉེ ་བར་གཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་ཏུ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་གོ་།དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང ་པོ་ནི་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མ་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི ་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་བསང་མའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧིའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤཽཎྜི་ནའོ། །དྲན་པ་ཡང་གདག་བྱང་ཆུབ་ཀྱི ་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་ཤིན་ཏུ་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོ་སྒྱུར་མའོ། །ཡང་དག་པའི་དག?་ནི་བརྩོན་འགྲུས་ཆེན་པོའོ། །ཡང་དག་པའི ་ལས་ཀྱི་མཛའ་ནི་ཁྲ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་འཇོམས ་མའོ། །དེ་དག་ནི་དཔའ་བོ་དང་དཔའ་མོ་རྣམས་གཉིས་སུ་མེད་པ་རྣམ་པར་དག་པའོ། །ཱ་ལི་ཀཱ་ལི་མངོན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ། ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་སེམས་ཉིད་ཡིན། །སེམས་ཉིད་རྟོག་པས་མི་བསླད་དོ། །བསམ་གྱི་མི་ཁྱབ་དེ་བསམས་ན། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཤྲཱི་ནི ་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །དུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དཱུང་མི་གནས་པའོ། །དེ་ལྟར་སྐུ་གསུམ་སྦྱོར་བ་ཡིས། །གནས་བྱས་དཔའ་བོ་དེ་ཡི་ནི། །ཡོན་ཏན་ཐོབ་པ་གང་ཡིན་པ། །བསྐལ་པ་བྱེ་བ་དུ་མ་རུ། །ཁ་ནི་བརྒྱ ་སྟོང་དུ་མ་ཡིས། །བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ན་སྔགས་ཀྱི་དངོས་གྲུབ་ཕྱིར། །སྔགས་ཀྱི་བཟླས་པ་རབ་ཏུ་བརྩམ། །ོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རི་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ོཾ་ཧྲཱི(རྒྱུད་འགྲེལ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། སྙིང་པོའི་སྔགས་སོ། །ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །སྡིག་ཀུན་ལས་ནི་རྣམ་གྲོལ་ཞིང། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །ོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ། ཨོཾ ་གྲོཧྞ་བྲ་ཧྞ་བཛྲ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཎཱ་ཡ་ཧོ་བྷ་གབཱན་བཛྲ་རཱ་ཛ་བཛྲ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་ཝཱི?་རེ་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཝཱགནི་སཾ་ནི་བྷཱ་ཡ་བཛྲ་ཨུ་ལཱུ?་ཀྵུ?་སེ་སཾ་ཧཱུཾ་ཕཊ། ཨོཾ་ཛ་ཌཱ་མ་ཀུ ་ཊོཉྫ?་ཊཱ་ཡ་བཛྲ་ཤབ?་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཡ་མ་ཧཱ་ཌཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཧ་ཤཱུ་ལ་ཁ་ཊཝཱཾ་ག་དྷ་རི་ཎེ་བཛྲ་ཡ་མ་དཱུཾ་ཏྭཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་གྱཱ་གྷཝ་ཛི་ནཱི་པ་ར་དྷ་རཱ་ཡ་བཛྲ་ཡ་མ ་དཾཥྚི་ཎ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷཱུ་མཔྲནདྷ?་ཀ་ར་ཝ་པུ་ཥཱ་ཡ་བཛྲ་ཡམ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། རང་གི་ཡུམ་དང་གཉིས་སུ་མེད་པ་ཞལ་བཞི་དང་རྐང་པ་བརྒྱད་པའི་སྔགས་ཏེ་བཅུ་ཆ་སྦྱིན་སྲེག་དང་བཅས་པས་བཟླས་སོ། །གཞན་ཡང་རྒྱས་པའི་ཚུལ་ལ་ཡང། ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜེ ་བཛྲ་ཁཎྜ་ཀ་པཱ་ལ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་རྣམས་ཨོཾ་དང་ཧུཾ་ཧཱུཾ་ཕཊ་ཀྱི་བར་ཆུད་པ། ཕྲེང་བའི་སྔགས་དང། དཔའ་བོ་དཔའ་མོ་རྣམས་འབྲེལ་པར་བཟླས་སོ། །མདའི་འོད་དང་སྒྲོའི་འོད་དང། ལུ་གུ་རྒྱུད་དང། སུམ་སྒྲིལ་ནི་ཆོ་གའི་ཁྱད་པར་རོ། །ཐམས་ཅད ་དུ་འམ་ཚེས་བཅུ་ལ། །རང་འདོད་ལས་ལ་གཏོར་མ་སྦྱིན། །དང་པོ་དཔའ་བོ་རྣལ་འབྱོར་མ། །ཆང་སོགས་ལོངས་སྤྱོད་ཀྱིས་མཆོད་ནས། །འབར་བའི་ཕྱག་རྒྱ་རབ་བཅིངས་ནས། །སྐྲ་གྲོལ་གཅེར་བུར་གྱུར་པ་ཡིས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །དཔལ་ཆེན་ཁྲག་འཐུང ་ནས་བརྩམས་ནས། །དུར་ཁྲོད་གནས་ཀྱི་མཐར་ཐུག་པར། །མཐོན་པོའི་གནས་སུ་མཆོད་པར་བྱ། །སྐྱེ་བོ་དམ་པ་ཀུན་འདུས་ལ། །བདེ་བ་ཐམས་ཅད་དབུལ་བར་བྱ། །དེར་ནི་བཟའ་བ་རྣམས་ཟོས་ལ། །ལྷག་མ་སྣོད་གཉིས་གཞག་པར་བྱ། །ཧེ་རུ་ཀ་དཔལ་རྣལ་འབྱོར་བདག་། ་དེ་ཡིས་མ་མོ་དགའ་བར་འགྱུར། །དེ་ཡི་ལག་ཏུ་འོངས་པའི་དཔལ། །གང་གིས་ཀྱང་ནི་འཕྲོག་མི་ནུས། །སྐྱེ་བོ་དང་ལྡན་ཀུན་གྱིས་མཆོད། །ཧེ་རུ་ཀ་དཔལ་དགྱེས་གྱུར་ནས། །སྤྱོད་དང་གྲོལ་བའི་འབྲས་རབ་གསོལ། །ོཾ་ཨ་རལླི་ཧོ། ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཡ་སྟཝཾ་དྲི་ཤྱ་ཧོ། ལན་གསུམ་ལྔ་ཡི་བར་དུ་བརྗོད། །རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་དྷཱུ་ཏ། དྲེ་ཏ་པི་ཤཱ་ཙོནམད་ཨ་པ་སྨཱ་ར་བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ང་ཡ། ཨི་མཾ་བ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ ་སིདྡྷི་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐེ་ཥྚཾ། བྷུ་ཉྫ?་ཐ། ཛི་གྷ་ཐ་པི་བ་ཐཱ། མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀ་རཱ་ཡ་སཏྭ་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀཱ་བྷ་བནྟུ། ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧ་ཨུཙྪི་ཤཊི་བྷ་ཀྵ་ཀ་སྭཱཧཱ། ཞེས་བྱས་པའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ་ལྷ་མོ་ཚོད་མ་དམ་ཚིག་ཚད་མ་དང། །དེས་གསུངས་ཚིག་ཀྱང་ཚད་མ་མཆོག་ཡིན་ཏེ། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་།ཅེས་བརྗོད་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་དགའ་བས། ་སེམས་ཅན་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་ཡང་དག་པར་གནས་པར་བྱའོ། །བདག་དོན་འགྱུར་དང་གཞན་ལ་རྣམ་བརྩེ་བས། །དཔལ་ལྡན་འཁོར་ལོ་སྡོམ་པའི་སྒྲུབ་པ་ཡི། །ཐབས་དག་ཅུང་ཟད་བཀོད་ལ་ཚུལ་མིན་པ། །འབྱུང་འགྱུར་ཉེས་པ་མཁས ་རྣམས་བཟོད་པར་མཛོད། །འདི་ཡིས་བསོད་ནམས་མཛའ་མེད་སྒྲུབ་གྱུར་གང་ཡིན་དེས། །མཛའ་མེད་སེམས་ཅན་བདེ་བའི་ལམ་ཞུགས་སངས་རྒྱས་ཤོག། །།དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ། ་སློབ་དཔོན་ཆེན་པོ་རིག་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་བས་མཛད་པ་རྫོགས་སོ།། །།བྷདྒ་ལའི་པཎྜི་ཏ་ཀུ་མཱར་བཛྲ་དང། ལོ་ཙ་བ་དགེ་སློང་ཉི་མ་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་