| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤྲཱི་བྷ་ག་བ་ཏི། ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་མངོན་བར་རྟོགས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པའི་དབང་ཕྱུག་གིས་རེ་ཞིག་དང་པོར་ཚངས ་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ་།འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། ། ་རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ་འོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ། །མིག་གཉིས་ལ་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་ལ་ནི་སེར་སྣ་རྡོ་རྗེའོ། །ཁ་ལ་ནི་འདོད་ཆགས་རྡོ་རྗེའོ། །རེག ་ལ་ནི་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ནི་ལྟུང་བར་བྱེད་པའོ། །ཆུའི་ཁམས་ལ་ནི་གསོད་པར་བྱེད་པའོ། །མེའི་ཁམས་ནི་དགུག་པར་བྱེད་པའོ། །རླུང་གི་ཁམས་ནི་པདྨ་གར་གྱི་དབང་ཕྱུག་གོ་།ནམ་མཁའ་ཨི་ཁམས་ནི་པདྨ ་དྲ་བ་ཅན་ཏེ། དེ་དག་ནི་ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་ཀྱི་ལྷའི་རྣམ་པར་དག་པའོ། །དེ་ནས་རྡོ་རྗེའི་གུར་བསམ་པར་བྱ་སྟེ། ཨོཾ་སུམྦྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་པ་ཡ་གྲིཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་བཱཾ ་བཛྲ་རཱ་ཛ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཤར་ཕྱོགས་ལ་སོགས་པར་ངེས་པར་གཞག་པར་བྱའོ། །སྟེང་དུ་ནི་མདའི་དྲ་བའོ། །ས་གཞི་ནི་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་དེའི་འོད་ཀྱི་སྣང་བ་ལས་རྡོ་རྗེའི་ར་བ་དང། རྡོ་རྗེའི་བླ་བྲེ་སྟེ། ་ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་པྲ་དུཥྚཾ་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱ་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱ་ནཱཾ་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུས་གདབ་པའི་སྔགས་སོ། །ོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ་ཕུར་བུ་བརྡུང་པའི་སྔགས་སོ། །དེ་ནས་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བར་བསམ་པར་བྱས་ལ། དེའི་སྣང་བས་མདུན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང། བླ་མ་ལ་སོགས་པ ་བལྟས་ལ་ཕྱག་བྱ་སྟེ། མཆོད་པར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱའོ། །དེ་ནས་ཨཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་སེམས་ནི་བསྒོམ་པ་ཡིས། །མིག་ཡོར་ཙམ་གྱི་ཤེས་པ་ལ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ལངས་ནས་རྟེན་པའི་ཚུལ་དུ་གནས་པ་བཻ་རཾ་བྷ་ལ་སོགས་པའི་གནས་ལ་གནས་པའི་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི ་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་མདོག་སྔོན་པོའི་རྣམ་པར་བསམ་པར་བྱའི་དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ་ཁ་དོག་དམར་པོའོ། །དེའི་སྟེང་དུ་ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ལཾ་ཡོངས་སུ་གྱུར་པ་ལས། སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ ་སྣ་བཞིའི་རང་བཞིན་ཅན་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པ། དེའི་དབུས་སུ་ཨཱ་ལི་ཀཱ་ལི་སྦྱོར་བའོ།། ་དེའི་དབུས་སུ་ཡི་གེ་ཧཱུཾ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཅན་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་བར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་དུར་ཁྲོད་བརྒྱད་ཀྱིས ་བརྒྱན་པའོ། །དེ་ནས་དུར་ཁྲོད་རྣམས་བཤད་པར་བྱ་སྟེ། རྡོ་རྗེར་བའི་ནང་དུ་གཡོན་སྐོར་གྱིས་ཕྱོགས་ཐམས་ཅད་དང། དབང་ལྡན་ལ་སོགས་པའི་མཚམས་རྣམས་བཞི་བཞིར་བརྗོད་པར་བྱ་སྟེ། དྲག་ཏུ་གཏུམ་པ་དང། ཚང་ཚིང་འཁྲིགས་པ་དང། འུར་འུར ་འབར་བས་ཁྱབ་པ་དང། འཇིགས་སུ་རུང་བ་རྣམས་ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་གྱིས་ལེགས་པར་གནས་སོ། །དབང་ལྡན་གྱི་མཚམས་སུ་ནི་ཧ་ཧར་རྒོད་པའོ། །བྱིན་ཟའི་མཚམས་སུ་ནི་ནགས་ཚལ་ཕུན་སུམ་ཚོགས་པའོ། །སྲིན་བུའི་མཚམས་སུ་ནི་མུན་པ་མི ་བཟད་པའོ། །རླུང་གི་མཚམས་སུ་ནི་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པའོ། །རྡོ་རྗེ་ར་བའི་དུར་ཁྲོད་དེ་རྣམས་ནི་འཇིགས་པའི་གཟུགས་ཀྱི་རོ་ལངས་དང་འབྱུང་པོ་འདུས་པ་ཅེ་སྤྱང་གི་སྒྲ་སྒྲོགས་པའོ། །རིམ་པ་དེ་ལྟར་བཅས་པའི་དུར་ཁྲོད་བརྒྱད་པོ་དེར་ཤིང་དང། ཕྱོགས་སྐྱོང ་བ་དང། ཀླུའི་དབང་པོ་དང། སྤྲིན་གྱི་དབང་པོ་རྣམས་ལ་ཤི་རི་ཥ་དང་ཨ་ཤྭད་ཐ་དང། ཀ་ཀོ་ལི་དང། ཙུ་ཏའི་ཤིང་སྟེ་ཤར་ལ་སོགས་པའོ། །བ་ཏ་དང། ཀ་རཉྩ་ཀ་དང། ལ་ཏཱ་བ་ར་ཀ་ཏི་ཀ་དང། པར་ཏིའི་བའོ། །དེ་བཞིན་དུ་དབང་པོ་དང། ནོར་བདག་དང། ་ཀླུའི་དབང་པོ་དང། གཤིན་རྗེ་དང། དབང་ལྡན་དང། བྱིན་པ་དང། སྲིན་པོའི་དབང་པོ་དང། རླུང་བདག་གོ་།དེ་བཞིན་དུ་ནོར་རྒྱས་དང། འཇོག་བོ་དང། སྟོབས་ཀྱི་རྒྱུ་དང། པདྨ་དང། པདྨ་ཆེན་པོ་དང། ཧུ་ལུནྟ་དང། རིགས་ལྡན་དང། དུང་སྐྱོང་ངོ། །དེ ་བཞིན་དུ་སྒྲ་སྒྲོགས་པ་དང། རྨུགས་པ་དང། མུན་པ་ཅན་དང། ཀུན་ཏུ་འཁྱིལ་པ་དང། འཁྲིགས་པ་དང། དྲག་པོ་དང། འབབ་པ་དང། གང་ལ་སྤྲིན་གྱི་བདག་པོ་སྟེ། དེ་རྣམས་དེ་བཞིན་དུ་བསམས་ནས། བཅོམ་ལྡན་འདས་ཞལ་བཞི་པ། སྤྱན་གསུམ ་པ་ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་འཕྲེང་བ་འཛིན་པ། གཡས་བརྐྱང་བས་བཞུགས་པས་འཇིགས་བྱེད་ཆེན་པོ་དང། དུས་མཚན་དག་ཞབས་ཀྱིས་མནན་པ། །རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཕྱག་གཞན་གཉིས ་ཀྱིས་གླང་པོ་ཆེའི་ལྤགས་པ་ན་བཟར་བསྣམས་པ་གཡས་པའི་ཕྱག་གསུམ་པ་ལ་ཌ་མ་རུ། བཞི་པ་ལ་དགྲ་སྟེ། ལྔ་པ་ལ་གྲི་གུག། དྲུག་པ་ལ་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ལ་ཁ་ཊཝཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ལ་ཁྲག་གིས ་བཀང་བའི་ཐོང་པ། ལྔ་པ་ལ་རྡོ་རྗེའི་ཞགས་པ། དྲུག་པ་ལ་ཚངས་པའི་མགོ་བོ་བསྣམས་པ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཐོད་པའི་ཕྲེང་བའི་ཐོད་ཅན། ཟླ་བ་ཕྱེད་པ་འཛིན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ཞལ་རྣམ་པར་འགྱུར་བ། ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། སྐུ་མདོག་མཐིང་ཀ་བཞུགས་པར་བསམ་པར་བྱའོ། །རྩ་བའི་ཞལ་མཐིང་ནག་ཞལ་གཡས་བཤིན་ཏུ་སེར་བ། རྒྱབ་པདྨ་རཱ་གའི་མདོག་ཅན། གཡོན་མརྐཏ་ལྟ ་བུའི་མདོག་ཅན། སྟག་གི་ལྤགས་པའི་ཤམ་ཐབས་བསྣམས་པའོ། །མིའི་མགོ་བོ་རློན་པའི་ཕྲེང་བ་འཕྱང་བ། རྣ་ཆ་དང། གདུ་བུ་དང། མགུལ་རྒྱན་དང། སྐ་རགས་དང། སྤྱི་གཙུག་ནོར་བུས་བརྒྱན་པ། མཆོད་ཕྱིར་ཐོགས་པ་འཆང་བ། ཐལ་བ་དང། ཕྱག ་རྒྱ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱིར་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཞལ་གཅིག་མ། སྤྱན་གསུམ་པ། ཕྱག་གཉིས་མ། སྐྲ་གྲོལ་པ། གཅེར་བུ་དུམ་བུའི་སྐ་རགས་ཀྱིས་བརྒྱན ་པ། ཕྱག་གཡོན་པ་འཁྱུད་ནས་གདུག་པ་དང་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པ། གཡས་ཕྱོགས་པ་ཐམས་ཅད་དུ་གདུག་པ་རྣམས་ལ་སྡིགས་མཛུབ་བྱེད་ཅིང། རྡོ་རྗེ་བསྣམས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཆེན་པོ ་དང་ལྡན་པ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། ཕྱིན་པ་གཉིས་ཀྱིས་འབྱུང་བ། བདེ་བ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་ཧི?་ཤ་ཉིད་ཅན་ནོ། །མཁའ་འགྲོ་མ་དང་ལཱ་མ་དང། ཁཎྜ་རོ་ཧ་དང། གཟུགས་ཅན་མ་རྣམས་ནི་དོན་ཐམས་ཅད་གྲུབ་པར ་བྱེད་པ་སྟེ། པདྨའི་ཕྱོགས་ཀྱི་གནས་སུ་ནག་པོ་དང། ལྗང་གུ་དང་དམར་པོ་དང། སེར་པོ་ཞལ་གཅིག་པ། ཕྱག་བཞི་པ་སྟེ། ཕྱག་གཡོན་ན་ཁ་ཊཝའི་ག་དང་ཐོད་པ། གཡས་པ་ཌ་མ་རུ་དང་གྲི་གུག་བསྣམས་པ། སྤྱན་གསུམ་པ་སྐྲ་གྲོལ་བ། གཅེར་བུ་གཡས་རྐྱང ་བས་བཞུགས་པ། ཞལ་མཆེ་བ་རྣམ་པར་གཙིགས་པ། ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པ་དགོད་པར་བྱའོ། །མཚམས་རྣམས་སུ་འདོད་ཆགས་དང་གཏི་མུག་ལ་སོགས་པ་རྣམ་པར་དག་པས་སེམས་ཚིམ་པར་བྱེད་པའི་མཆོད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས ་པའི་སྣོད་བཞི་པོ་དགོད་པར་བྱའོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་སྟེ། མདོག་སྔོ་ནག་རྡོ་རྗེའི་ཕྲེང་བས་བརྒྱན་པ། དེའི་ཤར་གྱི་རྩིབས་ལ་པུལླི་ར་མ་ལ་ཡར། ཁཎྜ་ཀ་པཱ་ལ་དང། རབ་ཏུ་གཏུམ་མའོ། །བྱང་ཛཱ་ལནདྷ་རར། མཧཱ་ཀཾ་ཀ་ལ་དང། ་གཏུམ་བའི་མིག་ཅན་མའོ། །ནུབ་ཨོ་ཌཡན་དུ་ཀཾ་ཀ་ལ་དང། འོད་ལྡན་མའོ། །ལྷོ་ཨརྦུ་དར། མཆེ་བ་རྣམ་པར་གཙིགས་པ་དང། སྣ་ཆེན་མའོ། །མེ་གོ་དཱ་ཝ་རིར་སུར་བཻ་ར་དང། བརྟན་པའི་བློ་ཅན་མའོ། །བདེན་བྲལ་རཱ་མེ་ཤྭ་རེ་རེ། འོད་དཔག་མེད་དང། ་མིའུ་ཐུང་མའོ། །རླུང་དེ་བི་ཀོ་ཊིར་རྡོ་རྗེ་འོད་དང། ལང་ཀའི་དབང་ཕྱུག་མའོ། །དབང་ལྡན་མཱ་ལ་བར། རྡོ་རྗེ་སྐུ་དང། ཤིང་གྲིབ་མ་སྟེ། འདི་དག་ནི་ཐུགས་ཀྱི་འཁོར་ལོའོ། །གཉིས་པ་གསུང་གི་འཁོར་ལོའི་རྩིབས་བརྒྱད་པ་དམར་པོ་སྟེ། པདྨའི་ཕྲེང་བས་ཡོངས་སུ ་བསྐོར་བའོ། །དེའི་ཤར་གྱི་རྩིབས་ཀྱི་ཀཱ་མ་རཱུ་པར། ཨཾ་གུ་རི་དང། ཨི་རཱ་བ་ཏཱིའོ། །བྱང་ཨོ་དྲེར་རྡོ་རྗེ་རལ་པ་ཅན་དང། འཇིགས་བྱེད་ཆེན་མོའོ། །ནུབ་ཏྲི་ཤ་ཀུ་ནེར། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །ལྷོ་ཀོ་ས་ལར་རྡོ་རྗེ་ཧཱུམ་མཛད་དང་ཆོས? ་འཐུང་མའོ། །ཤར་ལྷོར་ཀ་ལིཾ་གད་རབ་ཏུ་བཟང་པོ་དང། ཤྱཱ་མཱ་དེ་བིའོ། །ལྷོ་ནུབ་ལཾ་པཱ་ཀར་རྡོ་རྗེ་བཟང་པོ་དང། ཤིན་ཏུ་བཟང་མོའོ། །ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང། རྟ་རྣ་མའོ། །བྱང་ཤར་ཧི་མ་ལཱ་ཡར་མིག་མི་བཟང་དང། ཁ་གོ་ན་སྟེ། དེ་དག་ནི་གསུང་གི ་འཁོར་ལོའོ། །གསུམ་པ་སྐུའི་འཁོར་ལོ་ནི་དཀར་པོ་སྟེ། འཁོར་ལོའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ཤར་གྱི་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང། འཁོར་ལོའི་ཤུགས་ཅན་མའོ། །བྱང་གྲི་ཧ་དེ་བ་ཏཱར་རིན་ཆེན་རྡོ་རྗེ་དང། ཁཎྜ་རོ་ཧའོ། །ནུབ་སཽ་རཱཥྚ་ར་རྟ་མགྲིན་དང ་ཤཽཎྜི་ནིའོ། །ལྷོ་ཕྱོགས་སུ་བརྞ་དྭཱི་པར་ནམ་མཁའ་ཨི་སྙིང་པོ་དང། འཁོར་ལོའི་གོ་ཆ་མའོ། །ཤར་ལྷོ་ན་ག་རར། དཔལ་ཧེ་རུ་ཀ་དང། ཤིན་ཏུ་དཔའ་མོའོ། །ལྷོ་ནུབ་སིནདྷཱུར། པདྨ་གར་གྱི་དབང་ཕྱུག་དང། སྟོབས་ཆེན་མོའོ། །ནུབ་བྱང་མར་རོ། རྣམ་པར་སྣང་མཛད་དང། ་འཁོར་ལོ་སྒྱུར་མའོ། །བྱང་ཤར་ཀུ་ལ་ཏཱར་རྡོ་རྗེ་སེམས་དཔའ་དང། བརྩོན་འགྲུས་ཆེན་མོ་སྟེ། དེ་དག་ནི་སྐུའི་འཁོར་ལོའོ། །ཥཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་མོ་རྣམས་ནི་ཞལ་གཅིག་པ་ཕྱག་བཞི་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། རལ་པའི་ཐོར་ཚུགས ་ཀྱིས་བརྒྱན་པའི་ཅོད་པན་ཅན། ཕྱག་གཉིས་འཁྱུད་པས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཕྱག་གཡོན་བ་ན་ཁ་ཊཝཱཾ་ག། གཡས་པ་ན་ཌ་མ་རུ། སྐུ་ལ་ཕྱག་རྒྱ་རྣམ་ལྔ་ལ་སོགས་པ་དང་ལྡན་པ། གཡས་བརྐྱང་བས་བཞུགས་པའོ། །རབ་གཏུམ་ལ་སོགས་པའི་ལྷ ་མོ་རྣམས་ནི་ཕྱག་གཉིས་དང། ཞལ་གཅིག་པ་ཐོད་པ་བསྣམས་པའི་ཕྱག་གིས་འཁྱུད་པ། གདུག་པ་རྣམས་ལ་སྡིགས་མཛུབ་དང་གྲི་གུག་བསྣམས་པ། མིག་གསུམ་པ་དྲག་པོའི་གཟུགས་ཅན་སྐྲ་གྲོལ་བས་རྣམ་པར་མཛེས་པ། གཉིས་སུ་མེད་པའི་སྦྱོར་བ ་ལ་བརྩོན་པ། གཅེར་བུའི་མཆོག། གདུ་བུ་དང་དབུའི་ནོར་བུ་དང། རྣ?་ཆ་དང། མགུལ་རྒྱན་དང་ཚངས་པའི་སྐུད་པ་ཐོགས་པ། མགོ་བོའི་ཕྲེང་བས་མགུལ་པ་བརྒྱན་པ། སྐ་རགས་སིལ་སིལ་སྒྲ་སྒྲོགས་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་སུ་ཁྭ་གདོང ་མ་དང། འུག་གདོང་མ་དང། ཁྱི་གདོང་མ་དང། ཕག་གདོང་མའོ། །ཤར་ལྷོ་དང། ལྷོ་ནུབ་དང། ནུབ་བྱང་དང། བྱང་ཤར་མཚམས་རྣམས་སུ་ཡ་མ་དཱ་ཌཧི་དང། གཤིན་རྗེ་བརྟན་མ་དང། གཤིན་རྗེ་ཕོ་ཉ་མོ་དང། གཤིན་རྗེ་མཆེ ་བཅན་དང། གཤིན་རྗེ་འཇོམས་མ་སྟེ། ཇི་ལྟར་མཁའ་འགྲོ་མ་ལ་སོགས་པའི་ཚོགས་ཇི་ལྟ་བར་ཁྭ་གདོང་མ་ལ་སོགས་པའི་དབྱེ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མཚམས་ན་བཞུགས་པའི་ལྷ་མོ་རྣམས་ནི་ཡིད་འཕྲོགས་པའི་གཉིས་པ་སྟེ། ཐམས་ཅད ་ཡི་དགས་ཀྱི་གདན་ལ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པའོ། །དཔའ་བོ་དང་རྣལ་འབྱོར་མ་འདི་དག་ཐམས་ཅད་ནི་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །དེ་ནས་གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བས་སྦྱར་བར་བྱ་སྟེ། ་དེ་དག་ཀྱང་གང་ཞེ་ན། ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ཥཎྜ་རོ་ཧེའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི ་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི ་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨེ་ར་བ་ཏིའོ། །དད་པའི་སྟོབས་ནི་འཇིགས་བྱེད་མའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི ་ཤྱཱ་མ་དེ་བིའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁ་ག་ནའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། ། ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་རོ་ཧེའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཥཽཎྜི་ནིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་? ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མོའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོ་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་པོའོ། །ཡང་དག་པའི་ལས་ཀྱི་མཛའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི ་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་བ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི་གཤིན་རྗེའི་མཆེ་བ་ཅན་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །དེ་ནས་གཞན་ཡང་སྐུའི་དཀྱིལ་འཁོར་མཆོག་གི་རིམ་པའི་སྦྱོར་བས་ས་བཅུ་ཡོངས་སུ་དག་པས་གནས་ལ་སོགས ་པ་ཡང་དག་པར་བཤད་པར་བྱ་སྟེ། པུ་ཛཱ་ཨོ་ཨ་གོ་རཱ། དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། བྲེ་གྲི་སཽ་སུ་ན་སི་མ་ཀུ་པུ་ཞེས་བྱ་བ་ནི་པུལླི་ར་མ་ལ་ཡ་སྟེ། མགོ་བོར་ནི་རབ་གཏུམ་མའོ། །ཛཱ་ཞེས་བྱ་བ་ནི་ཛཱ་ལནདྷ་ར་སྟེ། སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ། །ོ་ཞེས ་བྱ་བ་ནི་ཨོ་ཌི་ཡ་ན་ཏཾ། རྣ་བ་གཡས་པར་འོད་ལྡན་མའོ། ། ཞེས་བྱ་བ་ནི་ཨརྦུ་ད་སྟེ། མགོ་བོའི་རྒྱབ་ཏུ་སྣ་ཆེན་མོ་སྟེ་གནས་སོ། །གོ་ཞེས་བྱ་བ་ནི་གོ་དཱ་བེ་རི་སྟེ། རྣ་བ་གཡོན་པར་བརྟན་པའི་བློ་ཅན་མའོ། །རཱ་ཞེས་བྱ་བ་ནི་རཱ་མེ་ཤྭ་ར་སྟེ། སྨིན་མའི་དབུས་མིའུ་ཐུང ་མའོ། །དེ་ཞེས་བྱ་བ་ནི་དེ་བ་ཀོ་ཊ་སྟེ། མིག་ཏུ་ལངྒའི་དབང་ཕྱུག་མའོ། །མཱ་ཞེས་བྱ་བ་ནི་མཱ་ལ་བ་སྟེ། ཕྲག་པར་ནི་ཤིང་གྲིབ་མ་སྟེ། ཉེ་བའི་གནས་སོ། །འདི་དག་ནི་ཐུགས་ཀྱི་འཁོར་ལོ་སྟེ། ནམ་མཁའ་ལ་སྤྱོད་པའོ། །ཀཱ་ཞེས་བྱ་བ་ནི་ཀཱ་མ་རཱུ་པ་སྟེ། མཚན་ཁུང་དག ་ཏུ་ནི་ཨེ་ར་བ་ཏིའོ། །ོ་ཞེས་བྱ་བ་ནི་ཨོ་དྲེ་སྟེ། ནུ་མ་གཉིས་སུ་ནི་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ། །ཏྲི་ཞེས་བྱ་བ་ནི་ཏྲི་ཤ་ཀུ་ནི་སྟེ། ལྟེ་བར་ནི་རླུང་གི་ཤུགས་ཅན་མའོ། །ཀོ་ཞེས་བྱ་བ་ནི་ཀོ་ས་ལ་སྟེ། སྣའི་རྩེ་མོར་ཆད་འཐུང་མ་སྟེ ་ཉེ་བའི་ཞིང་ངོ། །ཀ་ཞེས་བྱ་བ་ནི་ཀ་ལིངྒ་སྟེ་ཁར་ནི་སྱཱ་མ་དེ་རཱིའོ། །ལ་ཞེས་བྱ་བ་ནི་ལཾ་བཱ་ཀ་སྟེ། མགྲིན་པར་ནི་ཤིན་ཏུ་བཟང་མོ་སྟེ། ཙྪནདོ་ཧའོ། །ཀཱ་ཞེས་བྱ་བ་ནི་ཀཱཉྩི་ན་སྟེ། སྙིང་གར་ནི་རྟ་རྣ་མའོ། །ཧི་ཞེས་བྱ་བ་ནི་ཧི་མཱ་ལ་ཡ་སྟེ། འདོམས་སུ་ནི་ཁག་ན་སྟེ། ་ཉེ་བའི་ཚནདོ་ཧའོ། །འདི་དག་ནི་གསུང་གི་འཁོར་ལོ་སྟེ། ས་ལ་སྤྱོད་པའོ་པྲེ་ཞེས་བྱ་བ་ནི་པྲེ་ཏ་པུ་རི་སྟེ། མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ། །གྲི་ཞེས་བྱ་བ་ནི་གྲི་ཧ་དེ་བ་སྟེ། བཤང་བའི་ལམ་དུ་ཁཎྜ་རོ་ཧེ་སྟེ་འདུས་པ་ཅན་ནོ། །སཽ་ཞེས་བྱ་བ་ནི་སཽ་རཱཥྚ ་སྟེ། བརླ་གཉིས་སུ་ཤཽཎྜི་ནིའོ། །སུ་ཞེས་བྱ་བ་ནི་སུ་བརྞ་དྭི་པ་སྟེ། བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མ་སྟེ། ཉེ་བའི་འདུས་པ་ཅན་ནོ། །མ་ཞེས་བྱ་བ་ནི་ན་ག་ར་སྟེ། སོང་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ། །སི་ཞེས་བྱ་བ་ནི་སིནདྷུ་སྟེ། རྐང་པའི་བོལ་ལ་ནི་སྟོབས ་ཆེན་མ་སྟེ། དུར་ཁྲོད་དོ། །མ་ཞེས་བྱ་བ་ནི་མ་རུ་སྟེ། མཐེ་བོ་དག་ལ་ནི་འཁོར་ལོ་སྒྱུར་མའོ། །ཀུ་ཞེས་བྱ་བ་ནི་ཀུ་ལུཏཱ་སྟེ། དུ་ས་མོ་གཉིས་ལ་ནི་བརྩོན་འགྲུས་ཆེན་མོ་སྟེ། ཉེ་བའི་དུར་ཁྲོད་དོ། །འདི་དག་ནི་སྐུའི་འཁོར་ལོ་སྟེ། ས་འོག་ན་གནས་སོ། །དེ་ཡང ་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་ངོ་བོ་ལས། །མཐོ་རིས་མི་ཡུལ་ས་འོག་ཏུ། །སྐད་ཅིག་གཅིག་གིས་སྐུ་གཅིག་འགྱུར། །སྐད་ཅིག་ཙམ་གྱི་རྣལ་འབྱོར་བདག་།སྐད་ཅིག་གིས་ནི་ཕྱག་རྒྱ་ཅན། །ཀུན་ནས་ཀུན་ཏུ་སྐད་ཅིག་སྟེ། །སྐད་ཅིག ་གིས་ནི་གསང་སྔགས་འདོན། །ོཾ་ཨཱ:ཧཱུཾ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་ཀཱ་ཡ་བཱཉྩིཏྟཾ་བཛྲ་སྭ་བྷཱ་བཱཏྨ་ཀོཧཾ། ཨོཾ་བཛྲ་ཤུདྷ(རྒྱུད་འགྲེལ་དམ་ཚིག་འཁོར་ལོ་ལ་མྱུར་གཞུག་།དེ་ནས་གོ་ཆ་གཉིས་བཤད་པར་བྱ་སྟེ། སྙིང་ཀར་ཨོཾ་ཧའོ། །མགོ་བོར་ན་མ་ཧའི། །སྤྱི་གཙུག་ལ་སྭཱཧཱ་ཧུ། ཕྲག་པ་གཉིས་ལ་ནི་བཽ་ཥཊ་ཧེ། མིག་གཉིས་ལ་ནི་ཧུཾ་ཧཱུཾ་ཧོ། ཡན་ལག་ཐམས་ཅད་ལ་ནི་ཕཊ་ཧཾ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། ། ་གཉིས་པ་རྣམ་པར་སྣང་མཛད་བཞུགས། །གསུམ་པ་པདྨ་གར་དབང་བཞུགས། །བཞི་པ་དཔལ་ལྡན་ཧེ་རུ་ཀ་།རྡོ་རྗེ་ཉི་མ་རྟ་མཆོག་སྟེ། །གདུག་པ་གོ་ཆ་རྣམས་ཀྱིས་བསྲུང། །ོཾ་བཾ་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་ཡ་མི་ནིའོ། །ཧྲི་མོཾ་རྨོངས་བྱེད་མའོ། །ཧྲེཾ་ཧྲཱིཾ་སྐྱེད་བྱེད་མའོ། ། ་ཧཱུཾ་ཧཱུཾ་སྐྲོད?་བྱེད་མའོ། །ཕཊ་ཕཊ་ནི་ཙཎྜི་ཀ་སྟེ། ཡན་ལག་ཐམས་ཅད་ལ་མཚོན་ཆ་ཡིས་ཏེ། ལྟེ་བ་དང་སྙིང་ག་དང་དེ་བཞིན་དུ་ཁ་དང། མགོ་བོ་དང། སྤྱི་གཙུག་དག་གི་མཚོན་ཆ་ཉིད་དོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། ། ་འདི་ནི་དཔྲལ་བའི་དབྱིངས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག་།ོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་དྷརྨམཱ་ཡོ་ག་ཤུདྡྷོ་ཧཾ། དེ་ནས་སྙིང་པོའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། ལག་པ་གཡས་པ་དང་གཡོན་པ་བསྐོར་ཞིང་མཁའ་འགྲོ་མའི་དམ་པ་བདེ་བར་གཞུག་པར་བྱའོ། །ོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱཧཱ་སྙིང་པོའི་སྔགས་སོ། །ོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ་ཉེ ་བའི་སྙིང་པོའི་སྔགས་སོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། བཅོམ་ལྡན་འདས་མའི་སྙིང་པོའོ། །ོཾ་སརྦབ་བུ་དྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། བཅོམ་ལྡན་འདས་མའི་ཉེ་བའི་སྙིང་པོའོ། །ོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ་ཨོཾ་པྲ་ཙཎྜི་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ་ཨོཾ་ཙཎྜཱ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནདྷ་བནདྷ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ:ཧྲ:ཧུཾ ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨེ་ར་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དེ་ཧེ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བྷཻ་ར་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་དཱནྟཱ་མཱ་ལཱ་བ་ལམྦི་མཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་རཱ་བཀྵཱི་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་དེ་ག་སརྦཾ་ཝཱ། ཏརྫ་ཡ་ཏརྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མཱ་དེ་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌཌ་ཨཱ་ཀཌཌ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་དྷ་དྲེ་ཧུཾ་ཧཱུཾ་ཕཊ། ་ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀརྞྞེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ནེ་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་པེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཎྜི་ནཱི་ཡཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ་ཨོཾ་ཙཀྲ་བརྨམི?་ཎྜི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཱིརྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵ་ཀྵ? ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ན་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་བྷཾ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཧཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ། མཧཱ་ཀ་ཝཱ་གནི་སནྣཾ་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏཀ་ཊཱ་ཡ། དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། སཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། བརཤུ་པཱ་ཤོ་དྱ་ཏ་ཤུ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎི། བྱཱ ་གྷྲ་ཛི་ནཱཾ་བ་ར་དྷ་རཱ་ཡ། མཧཱ་དྷཱུ་མགྲཱནཧ་ཀ་ར་བ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། དེ་དག་ནི་མཆོད་པའི་སྔགས་སོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ོཾ ་སརྦབ་ཏ་ཐཱ་ག་ཏེ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དབང་བསྐུར་བའི་སྔགས་སོ། །རྡོ་རྗེའི་ཐལ་མོ་གྱེན་དུ་ཁ་ཕྱེ་ལ་མཚན་ཕྱེད་ན་གཏོར་མ་སྦྱིན་པར་བྱའོ། །ོཾ་བཛྲ་ཨ་རལླི་ཧོ(རྒྱུད་འགྲེལ་པར་བསྔགས་པར་བྱས་ལ་བཏབ་པར་བྱ་སྟེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཥ་ཀྵ་ས་དྷཱུ་ཏ་པྲེ་ཏ་པི་ཤཱཙོ་ནམ་དཱ་པ་སྨཱ་ར་ཌཱ་ཀ་རཱ་ཀི་རྒྱ་ང་ཡ་མི་མཾ་བལིཾ་གྲི་ཧྞནྟུ་ས་མ་ཡཾ་རཀྵནྟུ། མ་མ་སརྦབ་སིདྡྷིམམེ་པྲ་ཡཙྪནྟུ་ཡ་ཐཻ་བི་ཡ་ཐཻཥྚཾ་བྷུཾ་ཛ་ཐ་པི་བ་ཐ་ཛི་གྷ་ཐ་མཱ་ཏི་ཀྲ་མ་ཐ། ་མ་མ་སརྦབཱ་ཀཱ་རཾ་སཚུ་ཁ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་བནྟུ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། སོ་དང་སེན་མོ་དག་ཁཎྜ་ཀ་པཱ་ལའོ། །སྐྲ་དང་སྤུ་དག་མཧཱ་ཀངྒ་ལའོ། །པགས་པ་དང་དྲི་མ་དག་ཀངྒ་ལའོ། །ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ། །རྒྱུས་པ་ནི་སུ་ར་བཻ་རིའོ། །རུས་པ་ནི་འོད་དཔག ་ཏུ་མེད་པའོ། །མཆིན་པ་ནི་རྡོ་རྗེ་འོད་དོ། །སྙིང་ནི་རྡོ་རྗེ་སྐུའོ། །མིག་ནི་ཨདྷུ་རི་ཀའོ། །མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན་ནོ། །གློ་བ་ནི་དཔའ་བོ་ཆེན་པོའོ། །རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །གཉེ་མ་ནི་རབ་ཏུ་བཟང་པོའོ། །གྲོད་པ་ནི་རྡོ་རྗེ་བཟང་པོའོ། །ཆུ་སོ་ནི་འཇིགས་བྱེད་ཆེན་པོའོ།། ་སྐྲ་མཚམས་ནི་མིག་མི་བཟང་ངོ། །བད་ཀན་ནི་སྟོངས་པོ་ཆེའོ། །རྣག་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ནི་རྟ་མགྲིན་ནོ། །རྡུལ་ནི་ནམ་མཁའ་ཨི་སྙིང་པོའོ། །ཚིལ་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །མཆི་མ་ནི་པདྨ་གར་གྱི་དབང་ཕྱུག་གོ་།མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །སྣབས་ནི་རྡོ་རྗེ ་སེམས་དཔའ་སྟེ། དེ་དག་ནི་དཔའ་བོའི་ཡན་ལག་རྣམ་པར་དག་པའོ། །དཔའ་བོའི་རྩ་བའི་སྔགས་མཆོག་གང། །མཆོད་ཕྱིར་ཐོགས་ལ་སོགས་པ་བརྟག་།དཔའ་བོ་ཉི་ཤུ་རྩ་བཞི་ཡི། །ལུས་ཀྱི་ཁམས་ལ་རྣམ་པར་བརྟག་།གོ་ཆའི་ཕྱག་རྒྱ་དཔའ་བོ་དྲུག་།ཕྱག་རྒྱ་འདི ་ཡིས་ལུས་མཛེས་ཏེ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པ་མགུལ་ངོས་བརྒྱན་པ་ཡིན། །སྙིང་པོའི་སྔགས་ཀྱི་དཔའ་བོ་ཡི། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །གསང་སྔགས་ཡི་གེ་བདུན་གྱིས་ནི། །རྣ་ཆ་ཡིས་ནི་རྣ་བ་བརྒྱན། །སངས་རྒྱས་ཀུན་གྱི་མཁའ་ ་འགྲོ་མ། །པགས་པའི་གོས་ནི་འཛིན་པའི་མཆོག་།རྣལ་འབྱོར་མ་དྲུག་སྔགས་ཀྱིས་ནི། །སྐ་རགས་བྱས་པ་རྣམ་པར་བརྒྱན། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ། །སྔགས་ཀྱི་བཏུང་བའི་ཐོད་པ་ཡིན། །བཻ་རོ་ཙ་ནའི་སྔགས་གང་ཡིན། །ཐོད ་པས་མགོ་བོ་རྣམ་པར་བརྒྱན། །དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །ཚང་ངམ་སྔགས་ཀྱིས་ཤིན་ཏུ་བསྲུང། །ཚངས་པར་སྤྱོད་པ་རྟག་གྱུར་ནས། །རྐང་པ་བརྒྱད་པའི་གསང་སྔགས་མཆོད། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་རྣལ་འབྱོར ་བདག་ཉིད་བསམ། །འཁོར་ལོ་བདེ་མཆོག་སྡོམ་བ་ལ། །བློ་ལྡན་ཆེ་གང་རྣམ་པར་སྤྱོད། །རིགས་ལྔ་དག་ཏུ་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག་།རྣམ་པར་མི་རྟོག་བདག་ཉིད་སེམས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །དགོས་པ ་ཐམས་ཅད་རྣམ་སྤངས་ཏེ། །དཔའ་བོ་སེངྒེ་བཞིན་དུ་སྤྱོད། །ཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་མཆོག་གི་གནས་གྱུར་པ། །དེ་ཡི ་དབུས་སུ་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་ཆོས་ཉིད་ཡིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ ་གྱིས་མི་ཁྱབ་དེ་བསམས་ནས། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཁ་ཊཝཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མོར་བཤད། །མྱ་ངན་འདས་བྱུང་དཔའ་བོ་རྣམས། །དྲུག་པ་སེམས ་ཀྱི་སྤྲུལ་བ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ཡིག་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དཱུང་མི་གནས་པའོ། །སེམས་ནི་ངལ་བསོ ་རྣལ་འབྱོར་པ། །མྱང་འདས་བསྟན་པ་མ་ཡིན་ཉིད། །འཕོ་བའི་ཚེ་ན་རྣལ་འབྱོར་པ། །དཔལ་ལྡན་ཁྲག་འཐུང་སོགས་རྣལ་འབྱོར། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །སྣ་ཚོགས་རྒྱལ་མཚན་བ་དན་དང། །རོལ་མོའི་སྒྲ་ནི་སྣ་ཚོགས་དང། །གླུ་ཡིས་མཆོད་པ་སྣ ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བ། ཡུལ་བྷཾ་ག་ལའི་སློབ་དཔོན་བསོད་སྙོམས་པ་དངོས་གྲུབ་བརྙེས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལཱུ་ཡི ་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁས་པ་ཤྲདྡྷཱ་ཀ་ར་བརྨ་དང། ཞུ་ཆེན་གྱི་ལ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱི་དཔལ་རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་ན་བ་ཀོ་ཊི་པཱ ་དེའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙ་བ་མགོས་ལྷ་བཅོས་ཀྱིས་ཡུལ་ཤར་ཕྱོགས་ཀྱི་དཔེ་དང་བསྟུན་ཏེ་བཅོས་པའོ།། །།དུས་ཕྱིས་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་འགྲེལ་པ་དང་བསྟུན་ནས་ཅུང་ཟད་བཅོས ་པའོ།། །།(འདིའི་སྔགས་རྣམས་རྒྱ་དཔེ་དང་སྔགས་བཅུ་གཉིས་ཀ་བསྟུན་ཏེ་ཞུས་ལེགས་པར་དག་པས་ཡིད་བརྟན་དུ་དུར་བར་རློམ།། །།*། །དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་དཱ་རིག་པས་མཛད་པ་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ ་