| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཏ་ཏཏབ་གནཧ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྒྲུབ་པ་ཞེས་བྱ་བ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཚེ་བྱེད་དང་ནིར་ཡི་བུ་མོ་གཉིས་ཀ་ཞབས་ཀྱིས་མནན་དང་ལྷ་གསུམ་དབང་ཕྱུག་ནི། །ཚངས ་པ་ལ་སོགས་དབང་ཕྱུག་མཛད་དང་གླང་ཆེན་གོས་དང་སྟག་ལྤགས་སྤྲུལ་དང་སྒྱུ་མ་འཛིན། །ཕྱག་རྒྱ་ལ་འཁྱུད་རྒྱུ་མས་སྤྱི་བོར་མདུད་མཛད་མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་པ་ནི། །ནམ་མཁའ་གསལ་བའི་སྐུ་འདྲ་བདེ་བའི་མཆོག་ལ་བཏུད་ནས་དེའི་སྒྲུབ་པ ་གྲི་བར་བྱ། །དང་པོ་རེ་ཞིག་མལ་ནས་ལངས་ཏེ། གདོང་བ་དག་པ་ལ་སོགས་པ་བྱ་བ་ཐམས་ཅད་རྣལ་འབྱོར་དབང་པོས་བྱས་ནས། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པའི་འབྱུང་པོའི་ཚོགས་ཀྱིས་འདྲིས་པར་འགྱུར་བ་དང། གཡོ་བའི་ཀེང་རུས་དང ་ལྡན་པའི་འཇིག་རྟེན་གསུམ་པོ་དུར་ཁྲོད་ཀྱི་དབུས་སུ། འཇམ་པའི་སྟན་ལ་འདུག་སྟེ། ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པ་བྱས་ནས། གནས་དང་བདག་དང་རྣལ་འབྱོར་གྱི་སྲུང་བ་བརྩམ་པར་བྱའོ། །དུས་གསུམ་དང་ཁམས་གསུམ་གྱི་གཟུགས་ཀྱི་ཕུང ་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི། པདྨ་གར་གྱི་དབང་ཕྱུག་གོ་།འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པའོ། །དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རང་བཞིན་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །དེ་བཞིན་དུ་མིག་དག་ནི་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེ་དང། ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། ། ་དེ་བཞིན་དུ་སའི་ཁམས་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོར་བྱེད་མའོ། །མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའ་ཨི་ཁམས་ནི་པདྨའི་དྲ་བ་ཅན་མའོ། །ཞེས་བྱ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད ་རྣམས་ཀྱི་རྣམ་པར་དག་པའོ། །དེ་ནས་རྡོ་རྗེའི་ར་བ་བསམ་པར་བྱ་སྟེ། མཛུབ་མོ་གཡོན་པ་བསྒྲེང་བ་སྙིང་གར་བཞག་ནས་སུཾ་བྷའི་སྔགས་བརྗོད་པར་བྱའོ། །ོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ་ཨོཾ་ཨཱ་ན་ཧོ་བྷ་ག་བཱ་ན་བཛྲ་ཧཱུཾ་ཕཊ། ཞེས་ཤར་ལ་སོགས་པའི་ཕྱོགས་ལ་དགོད་པར་བྱའོ། །སྟེང་དུ་མངའ་ཨི་དྲ་བ་དགོད་དོ། །ཡི་གེ་ཧཱུཾ་གིས་སྣ་ཚོགས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལྟར་རྡོ་རྗེའི་རེ་བ་བསྒོམ་པར་བྱའོ། །མདུན་དུ་ཡཾ་རཾ་གྱི ་ས་བོན་ཡོངས་སུ་གྱུར་ནས། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཀ་ལས་སྐྱེས་པའི་བི་མུ་མ་ར་ཤུ། གོ་ཀུ་ད་ཧ་ནའི་རྫས་ཀྱིས་ཡོངས་སུ་གང་བ་བསྒོམ་པར་བྱའོ། །ལུགས་ལས་བཟློག་པའི་ཡི་གེ་གསུམ་གྱིས་སྦྱང་བ་དང་སྤེལ་བ་དང་མེ་འབར་བ་བྱ་སྟེ། ་ཡི་གེ་ཧོ་ཡིས་བདུད་རྩིར་བྱས་ཏེ། སླར་ཡང་རིམ་པ་དེ་ཉིད་ཀྱིས་མངོན་པར་བསྔགས་ནས། ཕྱི་ནས་ལུས་པོ་བྱུག་པར་བྱའོ། །དེ་ནས་གནོད་སེམས་དང་མནར་སེམས་དང། མི་དགའ་བ་དང། འདོད་ཆགས་ལ་སོ་སོར་ཕྱོགས་སུ་གྱུར་པ་ནི་གྲངས ་ཇི་ལྟ་བས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ནི་བསྒོམ་པར་བྱ་ཞེས་བྱ་བ་ནི། བདག་དང་གནས་དང་རྣལ་འབྱོར་གྱི་བསྲུང་བའོ། །དེ་ནས་རིན་པོ་ཆེའི་རི་ལ་གནས་པ་རང་གི་གཟུགས་དང་འདྲ་བ་རང་གི་གྲིབ་མ་འདོད་པའི་ཡོན་ཏན་ཐམས་ཅད ་དང། བདག་ཉིད་ཀྱི་གཟུགས་ཀྱིས་མཆོད་པར་བྱས་ཏེ། ཕྱི་ནང་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་དོན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཧེ་ཞེས་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །ཧ་ཞེས་ནི་སྐྱེས་པ་དང་ཉམས་པ་སྤང་བའོ། །ེ་ཞེས་ནི ་ཡོངས་སུ་འདོད་པ་རྣམ་པར་གྲོལ་བའོ། །ར་ཞེས་ནི་བདེ་བ་ཐམས་ཅད་དང་ཡང་དག་པར་ལྡན་པའོ། །ུ་ཞེས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ནོ། །ཀ་ཞེས་ནི་རྟོག་པ་དང་བྲལ་བའོ། ། ཞེས་ནི་ཆོས་ཐམས་ཅད་དང་པོ་ནས་མ་སྐྱེས་པ་སྟེ་མིང་གི་ཡི་གེ ་དོན་འདི་ཉིད་དོ། །ོཾ་ཧྲཱི:ཧཱུཾ་གི་གཟུགས་ཡོངས་སུ་གྱུར་བ་འགྲོ་བའི་ལུས་དང་ངག་དང་སེམས་ཡོངས་སུ་བཀུག་ནས་རང་གི་ལུས་དང་ངག་དང་སེམས་ལ་ཞུགས་པར་བྱས་ཏེ་རང་གི་སེམས་ཀྱི་གཟུགས་ཀྱིས་ཡོངས་སུ་གྱུར་ནས། ཡི་གེ་གསུམ་པོ་ནི་ནཱ་དའི་རང ་བཞིན་སེམས་ཙམ་སྔགས་ཀྱི་རིམ་པ་ནི་ཐིག་ལེ་དང་ནཱ་དའི་རང་བཞིན་གྱིས་ནམ་མཁའ་ལ་ཞུས་པར་བྱ་སྟེ། བདག་ཉིད་བརྟན་པ་དང་གཡོ་བའི་བདག་ཉིད་ནམ་མཁའ་དང་འདྲ་བར་བལྟ་བར་བྱའོ། །དེ་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཐམས ་ཅད་ཀྱི་རང་བཞིན་དུས་གསུམ་ཅན་ནི་རྟེན་དང་མ་བརྟེན་པ་རྫོགས་པ་དང་མ་རྫོགས་པའི་སེམས་ཀྱི་ཁམས་ཀྱི་གཟུགས་གཅིག་ཏུ་དཔལ་ལྡན་ཧེ་རུ་ཀའི་འཁོར་ལོ་བསྒོམ་པར་བྱ་སྟེ། དེ་ལ་རིམ་པ་འདི་ཡིན་ནོ། །ནམ་མཁའ་ཨི་ཁམས་ལ་ཕྱོགས་ཀྱི་ཡུམ་རྣམ ་པ་གཅིག་གི་རང་བཞིན་མ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ཧཾ་ཡོངས་སུ་གྱུར་པའི་ནམ་མཁའ་ཨི་དཀྱིལ་འཁོར་ཏེ། ནང་དུ་ནི་སྤྱི་གཙུག་གི་པདྨའི་ལྟེ་བའོ། །ཕྱི་རོལ་ཏུ་དེའི་སྟེང་ན་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡིན ་ལ་ནང་དུ་ནི་དཔྲལ་བའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་རཾ་ཡོངས་སུ་གྱུར་བའི་མེའི་དཀྱིལ་འཁོར་ཡིན་ལ། ནང་དུ་ནི་མགྲིན་པའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པའི་ཆུའི་དཀྱིལ་འཁོར་ཡིན་ལ། ་ནང་དུ་ནི་སྙིང་གའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་ལཾ་ཡོངས་སུ་གྱུར་པའི་སའི་དཀྱིལ་འཁོར་ཡིན་ལ་ནང་དུ་ནི་ལྟེ་བའི་པདྨའི་ལྟེ་བའོ། །ཕྱི་རོལ་དུ་ནི་དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལྷུན་པོ་བཟང་པོ་ཡིན་ལ་ནང་དུ་ནི་གསང་བའི་པདྨའི་ལྟེ་བའོ། །ཕྱི་རོལ་ཏུ་ནི ་དེའི་སྟེང་དུ་ཏཾ་ཡོངས་སུ་གྱུར་པ་རིན་པོ་ཆེའི་རི་བོ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་བདག་ཉིད་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་ནམ་མཁའ་ལ་སྣ་ཚོགས་པདྨ་ཡིན་ལ། ནང་དུ་ནི་རྡོ་རྗེ་ནོར་བུར་ལྟེ་བ་དང་བཅས་པའི་རྩ་བརྒྱད་དོ། །ཕྱི་རོལ་ཏུ་ནི་ལྟེ ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཡིན་ལ་ནང་དུ་ནི་དུས་ཀྱི་མེའོ། །ཕྱི་རོལ་ཏུ་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དཀའ་བཟློག་དང། དབང་ཕྱུག་ཆེན་པོ་ཡིན་ལ། ནང་དུ་ནི་ཁུ་བ་དང། རྡུལ་ཏེ། དེ་ལྟར་བཅོམ་ལྡན་འདས་ཧེ་རུ་ཀའི་གདན་བསྒོམ་པར་བྱས ་ནས། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་གདན་བསྒོམ་པར་བྱའོ། །དེ་ནས་སྣ་ཚོགས་པདྨའི་ཤར་གྱི་འདབ་མའི་བདག་གི་གདན་ལ་ཨཱ་ཡོངས་སུ་གྱུར་པའི་ཡི་དགས་ཡིན་ལ། ནང་དུ་ནི་ལྟེ་བའི་པདྨའི་དཀྱིལ་འཁོར་འབབ་པའི་རྩ་དྲུག་ཅུ་དང། ཐུན་མཚམས ་ཀྱི་རྩ་བཞིའོ། །དེ་རྣམས་ལ་ཤར་གྱི་རྩའི་སྲོག་རླུང་འགོག་པའོ། །དེ་ལྟར་ལྷོའི་འདབ་མའི་གཞན་གྱི་གདན་ལས་ཡོངས་སུ་གྱུར་པའི་ཡི་དགས་ཡིན་ལ། ནང་དུ་ནི་ལྷོའི་རྩའི་སྲོག་འགག་པའོ། །ནུབ་ཀྱི་སྔགས་ཀྱི་གདན་ལ་ཡི་གེ་མ་ལས་སྐྱེས་པའི་ཡི་དགས ་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པའོ། །བྱང་གི་དེ་ཁོ་ན་ཉིད་ཀྱི་གདན་ལ། ཡི་གེ་ཏ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པའོ། །མཚམས་ལ་ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་ཆུ་དང། ཁྲག་དང་ཤའི་ཐོད་པ་རྣམས་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་འཁོར་ལོའི་གདན་གྱི་ངེས་པའོ། །དེ་ནས་ས་འོག་གི་མེ་དང་རླུང་གི་དཀྱིལ་འཁོར་གྱི་ནང་དུ་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་སྡུག་བསྔལ་མི་བཟད་པའི་དམྱལ་བ་ཆེན་པོའི་དུར་ཁྲོད་བརྒྱད་དེ། ཤར་ཕྱོགས་ཀྱི ་དུར་ཁྲོད་མདུང་གིས་ཕུག་པ་ལ་ཡི་གེ་ཤུ་ཡོངས་སུ་གྱུར་པའི་ཡི་དགས་ཡིན་ལ། ནང་དུ་ནི་ཁའི་རྩའི་སྲོག་འགོག་པའོ། །ལྷོའི་དུར་ཁྲོད་རོ་བསྲེགས་པ་ལ་ཤ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་སྣ་བུག་གཡོན་པའི་རྩའི་སྲོག་འགོག་པའོ། །ནུབ་ཀྱི་དུར ་ཁྲོད་རྣག་གི་དྲི་ལ་བུ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་བཤད་བའི་རྩའི་སྲོག་འགོག་པའོ། །བྱང་གི་དུར་ཁྲོད་རུལ་བའི་དྲི་ལ་ཡི་གེ་ཀླི་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་སྣ་བུག་གཡོན་པའི་རྩའི་སྲོག་འགོག་པའོ། །དབང་ལྡན་དུ་བྱིས་པའི་རོ ་ལ་ཡི་གེ་པ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རྣ་བ་གཡོན་པའི་རྩའི་སྲོག་འགག་པའོ། རླུང་གི་སྦྲུལ་གྱི་མཆེ་བས་བཏབ་པ་ལ། ཡི་གེ་ས་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་རྣ་བ་གཡས་པའི་རྩའི་སྲོག་འགོག་པའོ། །བདེན་དྲལ་གྱི་མི་བཟད་པའི ་གཡུལ་དུ་ཡི་གེ་གྷོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མིག་གཡས་པའི་རྩའི་སྲོག་འགོག་པའོ། །མེའི་དུར་ཁྲོད་ལྷག་མ་ལ་ཡི་གེ་ཨུ་གོ་ཟེར་བའང་སྒང་ལས་སྐྱེས་པའི་རོ་ཡིན་ལ་ནང་དུ་ནི་མིག་གཡོན་པའི་རྩའི་སྲོག་འགོག་པའོ། །ཞེས་ནི་ཁྱི་གདོང་མ་ལ ་སོགས་པའི་དུར་ཁྲོད་བརྒྱད་ཀྱི་གདན་རྣམས་སོ། །ད་ནི་ཐུགས་ཀྱི་འཁོར་ལོའི་གདན་བརྒྱད་དེ། དེར་ནམ་མཁའ་ཨི་ཐུགས་ཀྱི་འཁོར་ལོའི་ལྷུན་པོའི་ཕྱོགས་བརྒྱད་ལ་ཤར་གྱི་རྩིབས་པུལླཱི་རར་ཡི་གེ་པུ་ལས་སྐྱེས་པའི་ཡི་དགས་ཡིན་ལ། ནང་དུ་ནི་སྙིང་གའི་ཆོས་ཀྱི ་འཁོར་ལོའི་ཤར་གྱི་རྩའི་སྲོག་འགོག་པ་སྟེ། ལུས་ཀྱི་དཀྱིལ་འཁོར་གྱི་སྤྱི་བོར་དགོད་པར་བྱའོ། །ལྷོ་རུ་ཛཱ་ལནདྷ་རར་ཡི་གེ་ཛཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རྩ་གཡས་པའི་སྲོག་འགོག་པ་སྟེ། སྤྱི་གཙུག་དུ་ཛ་འགོད་པའོ། །ནུབ་ཀྱི་ཨོ་རྒྱན་དུ་ཡི་གེ་ཨོ ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པ་སྟེ། སྣ་བ་གཡས་པའི་སྟེང་དུ་ཡི་གེ་ཨོ་དགོད་པའོ། །བྱང་གི་ཨརྦུ་དར་ཡི་གེ་ཨ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པའི་ལྷག་པར་ཡི་གེ ་ཨ་དགོད་པའོ་ཞེས་པ་ནི། གདན་གྱི་ས་བོན་དགོད་པའོ། །དབང་ལྡན་གྱི་རྩིབས་ཀྱི་གོ་དཱ་བ་རིར་གོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་དབང་ལྡན་གྱི་རྩའི་སྲོག་འགོག་པ་སྟེ། རྣ་བ་གཡོན་པའི་སྟེང་དུ་ཡི་གེ་གོ་དགོད་པའོ། །རླུང་གི་རྩིབས་ཀྱི་རཱ་མེ་ཤྭ་རི་ར ་རཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རླུང་གི་རྩའི་སྲོག་འགོག་པ་སྟེ། སྨིན་མའི་དབུས་སུ་ཡི་གེ་རཱ་དགོད་པའོ། །བདེན་བྲལ་གྱི་དེ་བི་ཀོ་ཊར་ཡི་གེ་དེ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བདེན་བྲལ་གྱི་རྩའི་སྲོག་འགོག་པ་སྟེ། མིག་གཉིས་ལ་དེ ་དགོད་པའོ། །མེའི་མཱ་ལ་བར་ཡི་གེ་མཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ཆོས་ཀྱི་འཁོར་ལོའི་མེའི་རྩའི་སྲོག་འགོག་པ་སྟེ། དཔུང་པ་གཉིས་ཀྱི་རྩ་བར་ཡི་གེ་མཱ་དགོད་པའོ། །ཞེས་ནི་ཆོས་ཀྱི་འཁོར་ལོ་ཉེ་བའི་གདན་གྱི་ངེས་པའོ། །སའི་དཀྱིལ་འཁོར ་གྱི་ལྷུན་པོའི་ཕྱོགས་བརྒྱད་ཀྱི་གསུང་གི་དཀྱིལ་འཁོར་གྱི་ཤར་གྱི་རྩིབས་ཀྱི་ཀཱ་མ་རཱུར་ཡི་གེ་ཀཱ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་ཕྱི་རོལ་གྱི་ཟླུམ་པོའི་རྩ་སུམ་ཅུ་རྩ་གཉིས་ཏེ། ནང་གི་ཟླུམ་པོའི་རྩ་བརྒྱད་དོ། ་དེ་ལས་ཤར་གྱི་རྩའི་སྲོག་འགོག་པ་སྟེ། མཆན་ཁུང་གཉིས་ལ་ཡི་གེ་ཀཱ་དགོད་པའོ། །ལྷོའི་ཨོཾ་དྲར་ཡི་གེ་ཀོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་གཡས་ཀྱི་རྩའི་སྲོག་འགོག་པ་སྟེ། ནུ་མ་གཉིས་ལ་ཡི་གེ་ཨོ་དགོད་པའོ། །ནུབ་ཀྱི་ཏྲི་ཤ་ཀུ་ནེར་ཡི་གེ ་ཏྲི་ལས་སྐྱེས་པའི་རོ་ཡིན་ལ། །ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པ་སྟེ། ལྟེ་བར་ཡི་གེ་ཏྲི་དགོད་པའོ། །བྱང་གི་ཀོ་ས་ལར་ཡི་གེ་ཀོ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པ་སྟེ། སྣའི་རྩེ་མོར་ཡི་གེ་ཀོ་དགོད་པའོ། །ཞེས་ནི ་གསུང་གི་དཀྱིལ་འཁོར་གྱི་ཞིང་དང་ཉེ་བའི་ཞིང་གི་གདན་གྱི་ངེས་པའོ། །དེ་ནས་དབང་ལྡན་གྱི་ཀ་ལིངཀར་སྐྱེས་པའི་རོ་ཡིན་ལ་ནང་དུ་ནི་མགྲིན་པ་གསུམ་གྱི་འཁོར་ལོའི་དབང་ལྡན་གྱི་རྩའི་སྲོག་འགོག་པ་སྟེ། ཁར་ཀ་དགོད་པའོ། །རླུང་གི་ལམྦྷ་ཀར་ཡི་གེ་ལཾ་ལས ་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རླུང་གི་སྲོག་འགོག་པའོ། །མགྲིན་པར་ཡི་གེ་ལམ་དགོད་པ་སྟེ། བདེན་བྲལ་གྱི་ཀཱཉྩིར་ཡི་གེ་ཀཱཾ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བདེན་བྲལ་གྱི་རྩའི་སྲོག་འགོག་པ་སྟེ། སྙིང་གར་ཀཱཾ་དགོད་པའོ། །མེའི་ཧི་མཱ་ལ་ཡར ་ཡི་གེ་ཧི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མེའི་རྩའི་སྲོག་འགོག་པ་སྟེ། ཆུ་སོར་ཧི་དགོད་པའོ། །ཞེས་ནི་གསུང་གིས་འཁོར་ལོ་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་འདུན་སའི་དང་ཉེ་བའི་གདན་གྱི་ངེས་པའོ། །དེ་ནས་ས་འོག་རྒྱ་མཚོའི་དཀྱིལ་འཁོར ་གྱི་ལྷུན་པོའི་ཕྱོགས་བརྒྱད་ཀྱི་སྐུའི་འཁོར་ལོའི་ཤར་གྱི་རྩིབས་ཀྱི་པྲེ་ཏ་པུ་རི་ཡི་གེ་བྲི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་དཔྲལ་བར་ལྷན་ཅིག་སྐྱེས་པའི་འཁོར་ལོའི་ཕྱི་རོལ་གྱི་ཟླུམ་པོའི་རྩ་བཅུ་དྲུག་སྟེ། ནང་གི་ཟླུམ་པོའི་རྩ་བརྒྱད་དོ། །དེ་ལས ་ཤར་གྱི་རྩའི་སྲོག་འགོག་པ་སྟེ། མཚན་མར་པྲེ་དགོད་པའོ། །ལྷོའི་གྲི་ཧ་དེ་བ་ཏཱ་ར་ཡི་གེ་གྲི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རྩ་གཡས་པའི་སྲོག་འགོག་པ་སྟེ། བཤང་བའི་ལམ་དུ་ཡི་གེ་གྲི་དགོད་པའོ། །ནུབ་ཀྱི་སཽ་རཱཥྚར་ཡི་གེ་སོའུ་ལས ་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་ནུབ་ཀྱི་རྩའི་སྲོག་འགོག་པ་སྟེ། བརླ་གཉིས་ལ་སོ་སོ་དགོད་པའོ། །བྱང་གི་སུ་བན་དྭཱི་བར་ཡི་གེ་སུ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བྱང་གི་རྩའི་སྲོག་འགོག་པ་སྟེ། བྱིན་པ་གཉིས་ལ་སུ་དགོད་པའོ། །ཞེས་ནི ་སྐུའི་འཁོར་ལོའི་འདུས་པ་དང། ཉེ་བའི་འདུས་པའི་གདན་གྱི་ངེས་པའོ། །དེ་ནས་ཕྱི་རོལ་དུ་དབང་ལྡན་གྱི་རྩིབས་ཀྱི་ན་ག་རར་ཡི་གེ་ན་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་དབང་ལྡན་གྱི་རྩའི་སྲོག་འགོག་པ་སྟེ། རྐང་པའི་སོར་མོ་རྣམས་ལ་ཡི་གེ་ན ་དགོད་པའོ། །རླུང་གི་སིནདྷུའི་ཡུལ་དུ་ཡི་གེ་སི་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་རླུང་གི་རྩའི་སྲོག་འགོག་པ་སྟེ། རྐང་པའི་བོལ་ལ་སི་དགོང་པའོ། །བདེན་བྲལ་གྱི་མ་རུང་མ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་བདེན་བྲལ་གྱི ་རྩའི་སྲོག་འགོག་པ་སྟེ། རྐང་པའི་མཐེ་བོང་གཉིས་ལམ་དགོད་པའོ། །མེའི་མཚམས་ཀྱི་ཀུ་ལུ་ཏཱར་ཡི་གེ་ཀུ་ལས་སྐྱེས་པའི་རོ་ཡིན་ལ། ནང་དུ་ནི་མེའི་མཚམས་ཀྱི་རྩའི་སྲོག་འགོག་པ་སྟེ། པུས་མོ་གཉིས་ལ་ཡི་གེ་ཀུ་དགོད་པའོ། །ཞེས་ནི་སྐུའི ་འཁོར་ལོ་དང། བདེ་བ་ཆེན་པོའི་འཁོར་ལོའི་དུར་ཁྲོད་དང། ཉེ་བའི་དུར་ཁྲོད་ཀྱི་གདན་གྱི་ངེས་པའོ། །རོའི་གདན་རྫོགས་པར་བྱེད་པའི་ས་བོན་གྱི་ཡི་གེ་འདི་རྣམས་ཀུན་ནི་རྣལ་འབྱོར་པས་རྩའི་གདན་གྱི་ཉི་མའི་དཀྱིལ་འཁོར་རྣམས་འབྱུང་བར་བསྒོམ་པར་བྱའོ།། ་དེ་ནས་ཨུ་མ་དང་དབང་ཕྱུག་ཆེན་པོའི་སྟེང་དུ་ཆའི་ཟླ་བས་སྒྲ་གཅན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲོས་པའོ། །དེར་ཡེ་ཤེས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རོའི་སྟེང་དུ་ཉི་མའི་གདན་བཞིའོ། །དུར་ཁྲོད་ཀྱི་ཕྱོགས་མཚམས་ལ་ཉི་མའི་གདན་བརྒྱད་དོ། །ཐུགས ་དང་གསུང་དང་སྐུའི་འཁོར་ལོའི་ཕྱོགས་དང། མཚམས་ཀྱི་རོ་རྣམས་ཀྱི་སྟེང་དུ་ཟླའི་གདན་ཉི་ཤུ་རྩ་བཞི་བསྒོམ་པར་བྱའོ། །དེ་ནས་ནམ་མཁའ་ལས་ཐིག་ལེ་དང། ནཱ་ད་བཀུག་ནས་སྙིང་པོ་ཡེ་ཤེས་ཀྱི་འཁོར་ལོའི་པདྨའི་ལྟེ་བའི་སྟེང་དུ་ཡེ་ཤེས་ལྔའི ་བདག་ཉིད་ཡི་གེ་ཧཱུཾ་ནི་ས་བོན་གྱི་ཚོགས་སྤྲོ་བར་བྱའོ། །ཡེ་ཤེས་ཀྱི་པདྨའི་ཤར་ལ་སོགས་པའི་ཕྱོགས་ལ་ཀ་ཀཱ་ཀཾ་ཀ(རྒྱུད་འགྲེལ་ཆོས་ལས་བཞེངས་ནས་ཡེ་ཤེས་ཀྱི་འཁོར་ལོ་དང། དུར་ཁྲོད་བརྒྱད་ནི། བཅུ་གཉིས་ཀྱི་བདག་ཉིད་དུ་འགྱུར་རོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་རྣམས་ལ། ཀེ་ཀེ་ཀོ་ཀླེ་ཞེས་བྱའོ། །མཚམས་རྣམས་ལ་ཀྲི་ཀྲི་ཀུ་ཀླི་ཞེས་བྱའོ། །གསུང་གི་འཁོར ་ལོའི་ཕྱོགས་རྣམས་ལ་ཡོན་ཏན་གྱི་དབྱེ་བས་ཀེ་ཀར་ཀོ་ཀལ་ཞེས་བྱའོ། །མཚམས་རྣམས་ལ་ཀཻ་ཀཱ་ར་ཀཽ་ཀཱ་ལ་ཞེས་བྱའོ། །སྐུའི་འཁོར་ལོའི་ཕྱོགས་རྣམས་ལ་ཡ་ཎ་ཨ་འདི་ཤས་ནི་ཀྲཀྵ་ཀྭ་ཞེས་བྱའོ། །རླུང་དང་མེ་དང་ཆུ་དང་སའི་ཆོས་ཀྱིས་བཞེངས་ནས ་སྙིང་རྗེ་ཆེན་པོའི་རང་བཞིན་འཁོར་ལོ་གསུམ་གྱི་རང་བཞིན་གསལ་བྱེད་ནི། ཉི་ཤུ་རྩ་བཞིའི་བདག་ཉིད་དུ་གྱུར་རོ། །ཡང་ན་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་རང་གི་མིང་གི་ཡི་གེ་བསྐྱེད་པའོ། །དེ་ནས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་པ། ཡི་གེ་ཧཱུཾ ་མགོན་པོ་དང་བཅས་པ་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་འོད་ཟེར་གྱི་ཚོགས་སྤྲོས་པ་ཡིས་མ་ལུས་པའི་ནམ་མཁའ་ཨི་ཁམས་རྫོགས་པར་བྱེད་པའོ། །དེའི་འོད་ཟེར་རྣམས་ཀྱིས་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་ཀུན་ནས་དེ་ལ་ཞུགས་པར་བྱས ་ཏེ། ཡོངས་སུ་གྱུར་ནས་བདག་ཉིད་ནི་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཁ་དོག་སྔོན་པོ་ཞལ་བཞི་པ་སྤྱན་གསུམ་པའོ། །ཕྱག་བཅུ་གཉིས་པ། དྲག་པོ་དང་དཀར་མོའི་སྟེང་དུ་གཡས་བརྐྱང་བར་བཞུགས་པ་དབུ་སྐྲ་སེར་སྐྱ་སྟེང་དུ་འབར ་བ། ཕྱག་རྒྱ་ལྔས་སྐུ་རྣམ་པར་བརྒྱན་པ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། སྐུ་ལ་ཐལ་བས་བྱུགས་པ། མགོ་བོའི་ཕྲེང་བས་མཛེས་པ། སྦྲུལ་གྱི་ཚངས་སྐུད་དང་ལྡན་པ། རྡོ་རྗེ་ཕག་མོས་སྐུ་ལ་འཁྱུད་པའོ། །འཁྱུད་པའི་ཕྱག་གཉིས་ཀྱི་རྣམ་པར་རྒྱལ ་བའི་ཕྱག་རྒྱས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ། གཡས་པའི་ཕྱག་རྣམས་ལ་ཌ་མ་རུ་དང། དགྲ་སྟ་དང། གྲི་གུག་དང། རྩེ་གསུམ་འཛིན་པའོ། །གཡོན་པ་རྣམས་ཁ་ཊཝཱཾ་ག་དང། ཐོད་པ་དང། ་རྡོ་རྗེ་ཞགས་པ་དང། ཚངས་པའི་མགོ་པོ་འཛིན་པའོ། །རྩ་བའི་ཞལ་ནི་ནག་པའོ། །གཡས་པ་ནི་པདྨ་རཱ་ག་དང་འདྲ་བའོ། །ནུབ་ཏུ་ནི་གསེར་ཞུན་མ་ལྟ་བུའོ། །གཡོན་པ་ནི་ཁ་བ་དང། ཀུན་ད་དང་ཟླ་བ་དང་འདྲ་བའོ། །ཤིན་ཏུ་འཇིགས་པའི་ཞལ་གྱི་མཆེ ་བ་གཙིགས་པ། སྤྱི་བོ་ཟླ་བ་ཕྱེད་དང་ལྡན་པ་སྣ་ཚོགས་རྡོ་རྗེས་ཅོད་པན་མནན་པ་བལྟ་བར་བྱའོ། །རྡོ་རྗེ་ཕག་མོ་ནི་ཁ་དོག་དམར་པོའམ། བཅོམ་ལྡན་འདས་ཀྱི་ཁ་དོག་དང་མཚུངས་པ་ཕྱག་གཉིས་པ་ཞལ་གཅིག་པ་གྲི་གུག་དང ་ཐོད་པ་འཛིན་པ། ཞལ་གདངས་པ། ཞལ་གྱི་མཆེ་བ་གཙིགས་པ་དང། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ་སྒེག་པའི་རོ་དང་ཡང་དག་ལྡན། ཁྲག་གི་རོ་ཡིས་བརྒྱལ་ཉིད་དོ། །དེ་ལྟར་བདག་ཉིད་ནི་ཡེ་ཤེས་ཀྱི་པདྨའི་ལྟེ་བ་ལ་གདན་ཐམས་ཅད་ཀྱིས ་རྫོགས་པ་ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་རྣལ་འབྱོར་པས་བལྟ་བར་བྱ་སྟེ། ནང་དུ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །རྡོ་རྗེ་ཕག་མོ་ནི་དེའི་འོད་ཟེར་གྱི་འོད་ཐམས་ཅད་མཁྱེན་པ་ཉིད་དུ་སྟེ། ཟླ་བའི་མཚན་མ་དང་འདྲ་བར་དབྱེར་མེད་པའི་ཆོས ་ཅན་མའོ། །ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ནི། བཅོམ་ལྡན་འདས་ཧེ་རུ་ཀར་བརྗོད་དོ། །འདིར་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཡེ་ཤེས་ཀྱི་ཞལ་བཞི་པའོ། །དེ་ལྟར་བཅོམ་ལྡན ་འདས་ཞལ་བཞི་པ་སྟེ། སྐུ་དང་གསུང་དང་ཐུགས་དང། ཡེ་ཤེས་ཀྱི་ཞལ་གྱི་བདག་ཉིད་ཞལ་བཞི་པའོ། །ཞལ་བཞི་པོ་དེ་རྣམས་ཀྱི་རང་བཞིན་གྱིས་བྱང་དང་ལྷོ་དང། ཤར་དང་གཞན་ནི་འཁོར་ལོའི་རྩིབས་ལ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་ཡང་དག་པར ་གནས་སོ། །ཕྱི་རོལ་གྱི་རི་རབ་ཀྱི་སྟེང་སྣ་ཚོགས་པདྨའི་ལྟེ་བ་ལ་རིགས་ལྡན་མ་རྡོ་རྗེ་ཕག་མོ་སྟེ། ནང་དུ་ནི་གསང་བའི་པདྨའི་རྩ་བའི་གདན་ལའོ། །ཕྱི་རོལ་དུ་ལུས་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་པདྨའི་ཤར་གྱི་འདབ་མ་ལ་ཁ་དོག་སྔོན་པོ་རྡོ་རྗེ ་མཁའ་འགྲོ་མ་སྟེ། ནང་དུ་ནི་སྙིང་གའི་པདྨའི་བདག་གི་གདན་ལའོ། །ལྷོའི་འདབ་མ་ལ་ཚོར་བ་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་ཁ་དོག་དམར་པོ་ལཱ་མ་སྟེ། ནང་དུ་ནི་མགྲིན་པའི་པདྨའི་གཞན་གྱི་གདན་ལའོ། །ནུབ་ཀྱི་འདབ་མ་ལ་སེམས་དྲན་པ་ཉེ ་བར་བཞག་པའི་རང་བཞིན་མ་ནི་རྒྱུ་མཐུན་ལ་སོགས་གསེར་ཞུ་བ་དང་འདྲ་བ་དུམ་སྐྱེས་མ་སྟེ། ནང་དུ་ལྟེ་བའི་པདྨའི་སྔགས་ཀྱི་གདན་ལའོ། །བྱང་གི་འདབ་མ་ལ་ཆོས་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ནི་ཁ་དོག་དཀར་པོ་གཟུགས་ཅན་མ་སྟེ། ནང་དུ་ནི་དཔྲལ ་བའི་པདྨའི་དེ་ཁོ་ན་ཉིད་ཀྱི་གདན་ལའོ། །བཞི་པ་འདི་རྣམས་ཞལ་གཅིག་པ་ཕྱག་བཞི་པ་གཡོན་ཐོད་པ་དང་ཁ་ཊཝཱཾ་ག་དང། ཌ་མ་རུ་དང། གྲི་གུག་དང་ལྡན་པ་གཡས་པའི་ཕྱག་གོ་།ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐམས ་ཅད་ཕྱག་རྒྱ་ལྔར་འཛིན་དང། །རྣམ་པར་འཇིགས་བྱེད་དྲག་མོའོ། །དེ་ནས་ས་འོག་ཏུ་རླུང་དང་མའི་དཀྱིལ་འཁོར་གྱི་དབུས་སུ་དུ་བ་མི་བཟད་པ་དམྱལ་བ་ཆེན་པོ་དུར་ཁྲོད་བརྒྱད་དོ། །ཤར་ལ་སོགས་པའི་ཕྱོགས་ལ་མདུང་གིས་འབིགས་པ་དང། རོ་བསྲེག་པ་དང ་རྣག་གི་དྲི་དང། རུལ་པ་ཞེས་བྱ་བ་ལ་རྣ་ཆའི་རྣམ་པ་དང་འདྲ་ཆར་གཡས་སྐོར་དུ་ཕོ་རོག་དང། འུག་པ་དང། ཁྱི་དང། ཕག་པའི་གདོང་སྟེ། མཁའ་འགྲོ་མ་ལ་སོགས་པ་བཞི་ཁ་དོག་དང། ཕྱག་རྒྱ་དང། མཚན་མ་དང། དབྱིངས་ཀྱིས་ཡང་དག་པའི་ལས་ཀྱི ་མཛའ་དང། འཚོ་བ་དང། རྩོལ་བ་དང་དྲན་པའི་རང་བཞིན་དུ་བསྒོམ་པར་བྱའོ། །མཚམས་རྣམས་ལ་རྣ་ཆའི་རྣམ་པ་བཞིན། གཡོན་སྐོར་གྱིས་ལྷ་མོ་བཞི་སྟེ། དབང་ལྡན་གྱིས་བྱིས་པའི་རོ་ལ་ཕྱག་དང་ཞལ་དང། སྐུ་མདོག་དང། དབྱིབས་གཟུགས ་ཅན་མ་བཞིན་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པར་བྱེད་པ་ནི་གཤིན་རྗེ་བརྟན་མའོ། །རླུང་གི་སྦྲུལ་གྱི་མཆེ་པས་བཏབ་པ་ལ་དུམ་སྐྱེས་མ་བཞིན་དགེ་བ་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེའི་ཕོ་ཉ་མའོ། །བདེན་བྲལ་གྱི་མི་བཟང་པའི་ཡུལ་དུམ ་བཞིན། གཤིན་རྗེ་མཆེ་བ་མིང་མི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རབ་ཏུ་འཇོམས་པར་བྱེད་དོ། །མེའི་ལྷག་མའི་དུར་ཁྲོད་ལ་མཁའ་འགྲོ་མ་བཞིན་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །དུར་ཁྲོད་ཀྱི་ལྷ་མོ་བརྒྱད་པོ་འདི ་རྣམས་ནི་ནང་དུ་ཁ་ལ་སོགས་པའི་སྒོ་བརྒྱད་པའོ། །མཁའ་འགྲོ་མ་བཅུ་གཉིས་པོ་འདི་རྣམས་སྟོང་པ་ཉིད་ཀྱི་ཆོས་ཅན་མ་སྟེ། དེ་བས་ནི་དམིགས་པ་མེད་པའི་སྙིང་རྗེའི་གཟུགས་དང་ལྡན་པའི་བཅོམ་ལྡན་འདས་བདེ་མཆོག་ལ ་སྤྱན་བཅུ་གཉིས་ཏེ། འདི་ནི་རྡོ་རྗེ་ཕག་མོ་དང་ལྷན་ཅིག་སྦྱོར་བའོ། །དཔའ་བོའི་དབང་ཕྱུག་མ་ཉི་ཤུ་རྩ་བཞི་ལ། དཔའ་བོ་ཉི་ཤུ་རྩ་བཞི་དང་ལྷན་ཅིག་ཏུ་བརྗོད་པར་བྱས་ཏེ། ནམ་མཁའ་ཨི་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ཀྱི་གང ་པའི་རིར་ཐོད་པའི་དུམ་བུ་ཅན་དང་རབ་གཏུམ་མ་སྟེ། ནང་དུ་ནི་མགོ་བོ་ལ་མི་ཕྱེད་པ་ཞེས་བྱ་བའི་རྩ་སེན་མོ་དང་སོ་འབབ་པའོ། །གཡས་ཀྱི་རྩིབས་ཀྱི་ཛཱ་ལནདྷ་རར་ཀེང་རུས་ཆེན་པོ་དང། གཏུམ་མིག་མ་སྟེ། སྤྱི་གཙུག་ཏུ་གཟུགས་ཕྲ་མ་སྐྲ་དང་བ་སྤུ ་འབབ་པའོ། །ནུབ་ཕྱོགས་ཀྱི་ཨོ་རྒྱན་དུ་ཀེང་རུས་ཅན་དང། འོད་ལྡན་མ་སྟེ། རྣ་བ་གཡས་པའི་སྟེང་དུ་མཛེས་མ་པགས་པ་དང། དྲི་མ་འབབ་པའོ། །བྱང་གི་ཨརྦུ་ངར་མཆེ་བ་གཙིགས་པ་དང། སྣ་ཆེན་མ་སྟེ་པགས་པར་གཡོན་པ་མ་ཤ་འབབ་པའོ།། ་དཔའ་བོ་དང་དཔའ་མོ་འདི་རྣམས་ཀྱི་ལོངས་སྤྱོད་ནི་གནས་བཞི་སྟེ། རྣ་ཆའི་རྣམ་པ་བཞིན་གཡས་སྐོར་གྱིས་སྔོན་པོ་དང། དམར་པོ་དང་སེར་པོ་དང། ཁ་དོག་དཀར་པོ་དང་ལྡན་པ་སྟེ། འདུན་པ་དང་བརྩོན་འགྲུས་དང་དཔྱོད་པ་དང། སེམས་ཀྱི་རྫུ ་འཕྲུལ་གྱི་རྐང་པའི་རང་བཞིན་མའོ། །ཞེས་ནི་རབ་ཏུ་དགའ་བའི་སའོ། །དེ་དབང་ལྡན་གྱི་རྩིབས་ཀྱི་གོ་དཱ་རིར་ལྷའི་དགྲ་དང། དབང་པོའི་མགོ་ཅན་མ་སྟེ། རྣ་བ་གཡོན་པའི་སྟེང་དུ་མིའུ་ཐུང་མ་རྒྱུས་པ་འབབ་བའོ། །རླུང་མཚམས་ཀྱི་རྩིབས་ཀྱི་རཱ་མ ་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ་སྟེ། སྨིན་མའི་དབུས་སུ་རུ་སྦལ་ལས་སྐྱེས་མ་རུས་པ་འབབ་པའོ། །བདེན་བྲལ་གྱི་ལྷ་མོའི་རྫོང་ལ། རྡོ་རྗེ་འོད་དང་ལང་ཀའི་དབང་མོ་སྟེ། མིག་གཉིས་ལ་བསྒོམ་པ་མ་མཁའ་མ་འབབ་པའོ། །མེའི་རྩིབས ་ཀྱི་མཱ་ལ་བར། རྡོ་རྗེ་ལུས་དང་རྩོལ་ཞིང་གྲིབ་མ་སྟེ། དཔུང་པའི་རྩ་བོར་དབང་མ་སྙིང་འབབ་པའོ། །ཞེས་ནི་དཔའ་བོ་དང་དཔའ་མོའི་ལོངས་སྤྱོད་ཉེ་བར་གནས་བཞི་སྟེ། རྣ་ཆའི་རྣམ་པ་བཞིན་གཡོན་སྐོར་དུ། སྐུ་ནི་དཀར་པོ་དང་སེར་པོ་དང། དམར་པོ་དང ་ལྗང་གུའོ། །དད་པ་དང་བརྩོན་འགྲུས་དང་དྲན་པ་དང། །ཏིང་ངེ་འཛིན་གྱི་རང་བཞིན་མ་སྟེ། དྲི་མ་མེད་པའི་སའོ། །དེ་ལྟར་གནས་དང་བཅས་པའི་དབང་པོའི་དབང་ཕྱུག་མའི་ཉེ་བའི་གནས་དང། ལོངས་སྤྱོད་དང་ལྡན་པ་མཁའ་སྤྱོད་མ་སྟེ་ཐུགས་ཀྱི་འཁོར ་ལོའོ། །དེ་ནས་སའི་དཀྱིལ་འཁོར་གྱི་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་ཤར་ཕྱོགས་ཀྱི་རྩིབས་ཀཱ་མ་རཱུ་པར་མྱུ་གུ་ཅན་དང། ས་སྲུངས་མ་སྟེ། མཚན་ཁུང་གཉིས་ལ་སྐྱོན་མ་དམིགས་འབབ་པའོ། །གཡས་ཕྱོགས་ཀྱི་ཨཽ་དྲེར་རལ་པ་ཅན་དང། འཇིགས་བྱེད ་ཆེན་པོ་སྟེ་ནུ་མ་གཉིས་ལ་མཇུག་མ་མཁྲིས་པ་འབབ་པའོ། །ཞེས་ནི་དཔའ་བོ་དང་བཅས་པ་དཔའ་བོའི་དབང་ཕྱུག་མའི་ལོངས་སྤྱོད་ཅིང་གཉིས་ཏེ་འོད་བྱེད་པའི་སའོ། །ནུབ་ཕྱོགས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང། རླུང་ཤུགས་མ་སྟེ་ལྟེ་བར་མ་མོ ་གློ་བ་འབབ་པའོ། །བྱང་གི་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ། སྣའི་རྩེ་མོར་མཚན་མོར་རྒྱུ་མའི་ཕྲེང་བ་འབབ་མའོ། །ཞེས་དཔའ་བོ་དང་བཅས་པ་དཔའ་བོའི་དབང་ཕྱུག་མ་ཉེ་བའི་ཞིང་གི་ལོངས་སྤྱོད་དང་ལྡན་པ་སྟེ་འོད་འཕྲོ་བའི་སའོ། །དེ་ལྟར ་ཞིང་དང་ཉེ་བའི་ཞིང་གི་ལོངས་སྤྱོད་དང་ལྡན་པ་རྣ་ཆའི་རྣམ་པ་བཞིན་གཡས་སྐོར་དུ་སྐུ་མདོག་ནག་པོ་དང་དམར་པོ་དང་སེར་པོ་དང། དཀར་པོའོ། །ཤེས་རབ་ཀྱི་དབང་པོ་དང་དད་པ་དང་བརྩོན་འགྲུས་དང་དྲན་པའི་སྟོབས་ཀྱི་རང་བཞིན་མའོ། །དེ་ནས་དབང ་ལྡན་གྱི་ཀ་ལིང་ཀར་ཤིན་ཏུ་བཟང་མོ་དང། སྔོ་སངས་ལྷ་མོ་སྟེ། ཁར་སིལ་བྱིན་མ་གློའི་རྒྱུས་པ་འབབ་པའོ། །རླུང་ཕྱོགས་ཀྱི་ལམ་པ་ཀར་རྡོ་རྗེ་འོད་དང་ཤིན་ཏུ་བཟང་མོ་སྟེ། མགྲིན་པར་ཚ་བ་མ་གསུངས་པ་འབབ་པའོ། །ཞེས་ནི་དཔའ་བོ་དང་བཅས་པའི ་དཔའ་བོའི་དབང་ཕྱུག་མའི་ཚན་དོ་ཧའི་ལོངས་སྤྱོད་དང་ལྡན་པ་སྟེ། སྦྱང་དཀའ་བའི་སའོ། །བདེན་བྲལ་གྱི་ཀཱཉྩིར་འཇིགས་བྱེད་ཆེན་མོ་དང། རྟ་རྣམ་སྟེ་སྙིང་གར་གཞོལ་མར་དྲི་ཆེན་འབབ་མའོ། །མེའི་མཚམས་ཀྱི་ཧི་མཱ་ལ་ཡར་མིག ་མི་བཟང་དང། ཁྭ་གདོང་མ་སྟེ། ཆུ་སོར་གཟུགས་ཅན་མ་ཐེར་ཐེར་འབབ་པའོ། །ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་ཉེ་བའི་ཚན་དོ་ཧའི་ལོངས་སྤྱོད་དང་ལྡན་པ་སྟེ་མངོན་དུ་གྱུར་བའི་སའོ། །ཚནདོ་ཧ་དང། ཉེ་བའི་ཚནདོ་ཧའི་ལོངས་སྤྱོད ་དང་ལྡན་པ་རྣ་ཆ་བཞིན་གཡོན་སྐོར་དུ་སྐུ་མདོག་དཀར་པོ་དང་སེར་པོ་དང། དམར་པོ་དང་སྔོན་པོའོ། །ཏིང་ངེ་འཛིན་གྱི་སྟོབས་དང། ཤེས་རབ་ཀྱི་སྟོབས་དང། ཏིང་ངེ་འཛིན་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་མའོ། །ཞིང་དང ་ཉེ་བའི་ཞིང་དང། འདུན་པ་དང་ཉེ་བའི་འདུན་པའི་ལོངས་སྤྱོད་དང་ལྡན་པ་ནི་ས་སྤྱོད་མ་སྟེ་གསུང་གི་འཁོར་ལོ་ལའོ། །ངེས་འོག་གི་རྒྱ་མཚོའི་དཀྱིལ་འཁོར་རི་རབ་ཀྱི་ཕྱོགས་བརྒྱད་ཀྱི་སྐུའི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་ཀྱི་ཡི་དགས་ཀྱི་གྲོང་ལ་སྟོབས་པོ ་ཆེ་དང་འཁོར་ལོའི་ཤུགས་མ་སྟེ། མཚན་མ་ལ་རངས་མ་མཆིལ་མ་འབབ་པ་རིང་དུ་སོང་བའི་སའོ། །ལྷོ་ཕྱོགས་ཀྱི་གྲི་ཧ་དེ་བ་ཏཱར་རིན་ཆེན་རྡོ་རྗེ་དང། ཁཎྜ་རོ་ཧ་སྟེ་བཤང་ལམ་དུ་དབྱི་མ་རྣག་འབབ་པའོ། །ནུབ་ཕྱོགས་ཀྱི་སཽ་རཱཥྚར་རྟ་མགྲིན་དང་ཆང ་འཚོང་མ་སྟེ། བརླ་གཉིས་ལ་རྒྱུ་སྦྱིན་མ་ཁྲག་འབབ་པའོ། །བྱང་གི་གསེར་གྱི་གླིང་ལ་ནམ་མཁའ་ཨི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། བྱིན་པ་གཉིས་ལ་སྦྱོར་བྲལ་མ་རྡུལ་འབབ་མའོ། །ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་ཉེ་བའི་དུས ་བའི་ལོངས་སྤྱོད་དང་ལྡན་པ་སྟེ། ས་མི་གཡོ་བའོ། །དེ་ལྟར་འདུས་པ་དང། ཉེ་བའི་འདུས་པ་འདི་ལོངས་སྤྱོད་དང་ལྡན་པ་ཟླུམ་པོའི་རྣམ་པ་དང་འདྲ་བར་གཡོན་སྐོར་དུ་སྔོན་པོ་དང་དམར་པོ་དང་སེར་པོ་དང། སྐུ་མདོག་དཀར་པོའོ། །དགའ་བ་ཤིན་ཏུ་སྦྱངས ་པ་དང། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། དྲན་པ་ཡང་དག་བྱང་ཆུབ་ཀྱི་རང་བཞིན་མའོ། །དེ་ནས་དཔལ་ལྡན་གྱི་གྲོང་ཁྱེར་དུ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་རྐང་པའི་སོར་མོ་རྣམས་ལ་རྩེ་བ་ཅན་མཆིལ་བུ་འབབ་མའོ། །རླུང་གི་སིནདྷུའི་ཡུལ་དུ་པདྨ་གར་གྱི ་དབང་ཕྱུག་མ་དང། སྟོབས་ཆེན་མ་སྟེ། རྐང་པའི་བོ་བདག་ལ་གྲུབ་པ་འཆི་མ་འབབ་མའོ་ཞེས་ནི་དཔའ་བོ་དང་བཅས་པ་དཔའ་བོའི་དབང་ཕྱུག་མ་དུར་ཁྲོད་གཉིས་ཀྱི་ལོངས་སྤྱོད་དང་ལྡན་པ་སྟེ་ས་ལེགས་པའི་བློ་གྲོས་སོ། །བདེན་བྲལ་གྱི་མ་རོར་རྣམ་པར་སྣང་མཛད ་དང་འཁོར་ལོ་བསྐོར་མ་སྟེ། རྐང་པའི་མཐེ་བོང་དག་ལ་འཚད་མ་ཁ་སྤུ་འབབ་མའོ། །མེའི་མཚམས་ཀྱི་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང། བརྩོན་ཆེན་མ་སྟེ། པུས་མོ་དག་ལ་ཡིད་བཟངས་མ་སྣབས་འབབ་པའོ། །ཞེས་ནི་དཔའ་བོ་དང་བཅས་པའི་དཔའ་ ་བོའི་དབང་ཕྱུག་མ་ཉེ་བའི་དུར་ཁྲོད་དང་ལྡན་པའི་ལོངས་སྤྱོད་དང་ལྡན་པ་སྟེ། ས་ཆོས་ཀྱི་སྤྲིན་ནོ། །ཞེས་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་ལོངས་སྤྱོད་དང་ལྡན་པ་ན། ཟླུམ་པོ་བཞིན་གཡོན་སྐོར་དུ་སྐུ་མདོག་དཀར་པོ་དང། སེར་པོ་དང་དམར་པོ་དང། སྔོན་པོའོ། །བཏང ་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཡང་དག་པའི་ལྟེ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བའི་རང་བཞིན་མའོ། །དེ་ལྟར་འདུས་པ་དང། ཉེ་བའི་འདུས་པ་དང། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་ལོངས་སྤྱོད་དང་ལྡན་པས་ས་འོག་སྤྱོད ་མའི་སྐུའི་འཁོར་ལོ་ལའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་འདི་རྣམས་ཞལ་གཅིག་པ་ཕྱག་བཞི་པ་རོའི་གདན་ལ་གཡས་བརྐྱང་བས་བཞུགས་པ་ཐོད་པའི་ཕྲེང་བ་དང་དབུ་རྒྱན་ཅན་དབུ་སྐྲ་སེར་སྐྱ་ནི་འཇིགས་པར་བྱེད་པ་ཐམས་ཅད་ཕྱག་རྒྱ་ལྔ་འཛིན་པའོ། ། ་སྦྲུལ་གྱི་ཚངས་སྐུད་དང་ལྡན་པ། སྒེག་པ་ལ་སོགས་ཉམས་དང་ལྡན་པ་མགོ་བོའི་ཕྲེང་བས་རྣམ་པར་མཛེས་པའོ། །རབ་གཏུམ་མ་ལ་སོགས་པའི་སྐུ་ལ་འཁྱུད་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ཐུགས་ཀྱི་འཁོར་ལོ་ལའོ། །གསུང་གི་འཁོར་ལོ་ལ་པདྨ་དང་པདྨའི ་དྲིལ་བུ་འཛིན་པའོ། །སྐུའི་འཁོར་ལོ་ལ་འཁོར་ལོ་དང། འཁོར་ལོའི་དྲིལ་བུ་འཛིན་པའོ། །ཐམས་ཅད་ཀྱི་ཕྱག་ན་ཁ་ཊཝཱཾ་ག་དང་ཐོད་པ་དང། ཌ་མ་རུའོ། །ལྷ་མོ་རྣམས་ཞལ་གཅིག་ཕྱག་གཉིས་པ། གྲི་གུག་དང་ཐོད་པ་འཛིན་པ། དྲག་པོའི ་གཟུགས་ཅན་ཞལ་གྱི་མཆེ་བ་གཙིགས་པ་རང་གི་འོད་ཀྱི་ཐབས་ཀྱི་སྐུ་ལ་འཁྱུད་པ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་འཁོར་ལོའི་གྲངས་ཇི་ལྟ་བས་བདུད་དང། ལྷ་དང་ལྷ་མ་ཡིན་དང། མིའི་ཐོད་པ་རྣམས་ཁྲག་གིས་གང་བའོ། །ཡེ་ཤེས་ཀྱི་པདྨའི ་ཤར་གྱི་འདབ་མ་དང། ཐུགས་དང་གསུང་དང། སྐུ་དང། ཡེ་ཤེས་ཀྱི་འཁོར་ལོའི་ཤར་དང་མེའི་དུར་ཁྲོད་ཆེན་པོ་ལོངས་སྤྱོད་དང་ལྡན་པ་ནི་ཐུགས་ཀྱི་འཁོར་ལོའི་རང་བཞིན་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། གསད་བ་ལ་སོགས་པའི་ལས་རྗེས་སུ ་མཐུན་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་འདབ་མ་དང་ལྷོ་དང་བདེན་བྲལ་གྱི་རྩི་བས་དང་ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་ཆེན་པོའི་ལོངས་སྤྱོད་དང་ལྡན་པ་ནི་གསུང་གི་རྡོ་རྗེའི་རང་བཞིན་དང། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་སྟེ། ་དབང་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་ནུབ་ཀྱི་འདབ་མ་དང། ནུབ་དང། རླུང་གི་རྩིབས་དང་ནུབ་དང་རླུང་གི་དུར་ཁྲོད་ཆེན་པོའི་ལོངས་སྤྱོད་དང་ལྡན་པ་ནི་ཡེ་ཤེས་ཀྱི་ཞལ་རང་བཞིན་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། ་རེངས?་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་བཞིན་དུ་བྱང་གི་འདབ་མ་དང་བྱང་དང་དབང་ལྡན་གྱི་རྩིབས་དང་བྱང་དང་དབང་ལྡན་གྱི་དུར་ཁྲོད་ཆེན་པོའི་ལོངས་སྤྱོད་དང་ལྡན་པའི་སྐུའི་ཞལ་གྱི་རང་བཞིན་དང། མེ་ལོང་ལྟ་བུའི་ཡེ ་ཤེས་ཀྱི་རང་བཞིན་ཏེ། ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་འགྱུར་རོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཏེ། ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །རླུང་དང་མེ་དང་ས་དང་ཆུའི ་དཀྱིལ་འཁོར་ནི་ཇི་ལྟར་གྱུར་པའི་སྙིང་ག་དང་མགྲིན་པ་དང། ལྟེ་བ་དང་དཔྲལ་བའི་རང་རང་གི་རྩིབས་ཀྱི་སྟེང་དུ་རིམ་པ་ཇི་ལྟ་བས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཀུན་ཏུ་སྤྱོད་པ་ནི་ཞལ་བཞིའི་དབྱེ་བ་ཡིས་སོ། །ཕྱི་རོལ་གྱི་གདན་ལས་འགྲོ་བའི་དོན་དུ་རྡོ་རྗེ ་མཁའ་འགྲོ་མ་ལ་སོགས་པའི་རོའི་གདན་ཇི་ལྟ་བ་དེ་དེ་བཞིན་ནང་དུ་ཁམས་ཐམས་ཅད་ནི་སྲོག་གི་རླུང་ལའོ། །རང་རང་གི་འཁོར་ལོའི་རྩིབས་ལ་རོའི་གདན་ལ་ཇི་ལྟར་གནས་པ་དེ་བཞིན་དུ་རང་རང་གི་འཁོར་ལོའི་རྩལ་བུམ་པའི་སྤྱོར་བ་ཡིས་གནས་པའོ། །དེ་ལྟར ་བརྟན་པ་དང། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་གཅིག་པུ་བསྒོམ་པར་བྱས་ནས་ཕྱག་རྒྱ་བཞིའི་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། མགོ་བོ་ལ་ཡི་གེ་ཨོཾ་ལས་བྱུང་བའི་སྐུའི་མཁའ་འགྲོ ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བྲ་ཏི་སེན་བཞིན་བལྟ་བར་བྱའོ། །དེ་བཞིན་དུ་མགྲིན་པར་ཨཱ:ལས་གསུང་གི་མཁའ་འགྲོ། དེ་བཞིན་དུ་སྙིང་གར་ཧཱུཾ་ལས་ཐུགས་ཀྱི་མཁའ་འགྲོ། དེ་ལྟར་ལྟེ་བའི་པདྨའི་སྟེང་དུ་ཡི་གེ་ཧྲཱི:ལས་བྱུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ ་མའི་ཆོ་གས་ཀྱིས་ཡོངས་སུ་བསྐོར་བ། པྲ་ཏི་སེ་ན་བཞིན་བལྟ་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཐུགས་དང་གསུང་དང་སྐུའི་འཁོར་ལོ་བསྐུལ་ནས་རྐང་པ་ནས་བརྩམས་ནས་མགོ་བོའི་བར་དུ་ལུས་པོ་ཐམས་ཅད ་འོད་གསལ་བར་བསྒོམ་པར་བྱ་སྟེ། འོད་ཟེར་གྱིས་བསྐུལ་བའི་རིམ་པས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་གྱུར་པར་བྱའོ། །དེ་ནས་དཔའ་བོ་དང། རྣལ་འབྱོར་མ་དང་ལྡན་པའི་བདག་ཉིད་གོ་ཆར་བྱས་ཏེ། བ་སྤུའི ་བུ་ག་ལས་བྱུང་བའི་འོད་ཟེར་གྱི་དྲ་བ་དུ་མ་རྒྱས་པ་རྣམས་ཀྱིས་ཐོག་མ་དང། ཐ་མ་མེད་པའི་ནམ་མཁའ་ཨི་ཁམས་གང་བར་བྱས་ཏེ། ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་རིགས་ལྔ་པོ་སོ་སོར་བཅིངས་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་བཀུག་ནས ་རང་གི་སེམས་ཀྱི་སྣང་བའི་ཚུལ་མདུན་དུ་བསྒོམ་པར་བྱ་སྟེ། ཡིད་ཀྱི་འདོད་པའི་ཡོན་ཏན་ལྔ་ཡིས་མཆོད་པར་བྱས་ནས། ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་བཀང་བའི་པདྨའི་སྣོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་བདག་ཉིད ་ལ་དབང་བསྐུར་བར་རྣལ་འབྱོར་དབང་ཕྱུག་གིས་བལྟ་བར་བྱའོ། །དེ་ནས་མཁའ་འགྲོ་དང་མཁའ་འགྲོ་མའི་དྲ་བའི་ཚོགས་དེ་ནི་རང་གི་ལུས་ལ་ཞུགས་པར་བསྒོམ་པར་བྱའོ། །སླར་ཡང་བ་སྤུའི་བུ་ག་ལས་མཆོད་པའི་ལྷ་མོའི་བདག་ཉིད་དུ་སྤྲོས་ནས། ཆོས་ཀྱི་དབྱིངས ་དང་མཉམ་པའི་མཆོད་པའི་སྤྲིན་གྱི་ཚོགས་དུ་མས་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བྱའོ། །རྣམ་པ་སྣ་ཚོགས་དང་ཚད་མེད་པའི་བསྟོད་པ་རྣམས་ཀྱིས་བསྟོད་པར་བྱའོ། །དེ་ནས་སྔོན་དུ་བཤད་པའི་རིམ་པས་རླུང་དང་མེའི་དཀྱིལ་འཁོར་ལ་གནས ་པའི་ཀ་ལས་སྐྱེས་པའི་རྫས་ཆེན་པོ་ལྔ་དང་ལྡན་པའི་སྟོབས་ལྔ་ནི་སྦྱང་བ་དང། སྤྲེལ་བ་དང་འབར་བ་དང། བདུད་རྩིར་བྱས་ཏེ། དེ་གཉིས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཚིམ་པར་བྱས་ནས་སྲིད་པ་དང་མཉམ་པའོ་བདེ་བ་ཆེན་པོའི་རང་བཞིན་རོ་གཅིག་ལ ་གནས་པར་བྱའོ། །ཕྱི་ནས་སྔགས་བཟླས་པ་བརྩམ་པར་བྱས་ཏེ། སྲོག་དང་རྩོལ་བའི་རིམ་པས་དབང་པོ་རྣམས་འགགས་པར་གྱུར་ནས། ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་ཡེ་ཤེས་ཀྱི་བཟླས་པ་བྱའོ། །དམ་ཚིག་གིས་བཟླས་པ་བྱ་སྟེ། སྙིང་གའི་ས་བོན་དང ་པདྨ་ཀ་རི་ཀའི་ལྟེ་བའི་དབུས་སུ་གནས་པའི་ཐིག་ལེ། ཕྲ་མོ་ལས་འབྱུང་པའི་ཡི་གེ་རྣམས་འོད་ཟེར་ལྔའི་རང་བཞིན་ཉིད་དབུས་མའི་རྩ་འབབ་པ་ཡིས་ཇི་སྲིད་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨའི་ནང་དུ་ཞུགས་ཏེ། དེའི་ཞལ་ནས་རང་གི་ཁར་ཞུགས་པར་བྱས ་ནས་དེ་ཉིད་དུ་ནུབ་པར་འགྱུར་བར་བསྒོམ་པར་བྱའོ། །དང་པོར་ཡི་གེ་ཨོཾ་དང་མཐར་སྭཱཧཱ་འམ་ཡི་གེ་ཕཊ་ནི་ཡང་དང་ཡང་དུ་ཇི་སྲིད་སྐྱོ་བར་མ་གྱུར་དུ་བསྒོམ་པར་བྱའོ། །ད་ནི་སྔགས་བསྒྲུབ་པའི་ཆོ་ག་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་དཔྱིད་ཟླ་འབྲིང་པོའི ་ཉལ་དུར་ཁྲོད་དུ་དཀྱིལ་འཁོར་བྲིས་ལ་རྩ་བའི་སྔགས་ལ་ཨརྒྷཾ་དབུལ་ཏེ་མིའི་སོའི་ཕྲེང་བས་ཟླ་བ་རེ་རེར་དཀར་པོའི་ཚེས་ལྔ་ནས་བརྩམས་ནས་ཟླ་བའི་བར་དུ་འབུམ་ཕྲག་གསུམ་བཟླས་པ་བྱས་ཏེ། བཟླས་པའི་བཅུ་ཆ་ཡིས་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གཅིག་ལ་བཟླས ་པ་ནི་འབུམ་ཕྲག་སུམ་ཅུ་རྩ་དྲུག་སྟེ། སྤྱིན་སྲེག་ནི་ཁྲི་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །ོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་བཛྲེ་ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱཧཱ། རྩ་བའི་སྔགས་ཡི་གེ་རྩ་གཉིས་པའོ། །དེ་ནས་ལོ་གཉིས་པ་ལ་ཆོ་ག་དེ་ཉིད་ཀྱིས་སྙིང་པོའི་བཟླས་པ་དང ་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱཾ་ཧཱཾ?་ཧུཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་དྲུག་ནི་སྙིང་པོའི་སྔགས་སོ། །སླར་ཡང་ལོ་གསུམ་པ་ལ་ཆོ་ག་དེ་ཉིད་ཀྱིས་ཉེ་བའི་སྙིང་པོའི་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བདུན་ནི་ཉེ་བའི་སྙིང་པོའི་སྔགས་སོ།། ་དེ་ནས་ལོ་བཞི་པ་ལ་ཆོ་ག་དེ་ཉིད་ཀྱིས་གོ་ཆའི་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧེཾ་ཧེཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བརྒྱད་ནི་གོ་ཆའི་སྔགས་སོ། །དེ་ནས་ལོ་ལྔ་པ་ལ་ཆོ་ག་དེ་ཉིད་ཀྱིས་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ། ་ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་སྭཱཧཱ། ཞེས་བྱ་བའི་ཡི་གེ་བཅུ་པ་འདི་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའི་སྙིང་པོའི་སྔགས་སོ། །ོཾ་བཾ་ཡཾ་མཾ་ཧྲིཾ་ཧེཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བརྒྱད་ནི་གོ་ཆའི་སྔགས་སོ། །དེ་ལྟར་ལོ་དྲུག་གིས་སྔགས་ཀྱིས་བཟླས་པ་བྱེ་བ་ཕྲག་གཉིས་དང ་འབུམ་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་ལ། སྦྱིན་སྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང། ཁྲི་ཕྲག་དྲུག་བྱས་ཏེ། དེ་ནས་རྣལ་འབྱོར་པ་རྣམས་ཀྱི་ལུས་དག་པར་འགྱུར་རོ། །དེ་ནི་གདོང་པ་སྦྱང་བའི་ཕྱིར་ཞལ་བཞི་པའི་སྔགས་བཟླས་པ་བརྗོད་པར་བྱས་ཏེ། ཆུ་སྲིན ་གྱི་འཕོ་བར་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། མཁའ་འགྲོ་མ་ལ་ཨརྒྷ་ཕུལ་ནས། ཟླ་བ་རེ་རེ་ཞིང་གསང་བའི་ལས་ཀྱི་དངོས་གྲུབ་ཀྱི་དོན་དུ་ལས་དང་རྗེས་སུ་མཐུན་པའི་ཕྲེང་བས། འབུམ་ཕྲག་གསུམ་བཟླས་པ་དང། བཅུ་ཆའི་སྦྱིན་སྲེག་བྱའོ།། ་ཨོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ་ཀི་ནི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བཅུ་བཞི་ནི་ཤར་གྱི་སྔགས་སོ། །ཟླ་བ་གསུམ་ལ་བཟླས་པ་འབུམ་ཕྲག་དགུ་བ?། སྦྱིན་སྲེག་ཁྲི་ཕྲག་དགུར་བྱའོ། །བྱ་བ་དང་པོ་ལ་མིའི་རུས་པའི་ཕྲེང་བས་སོ། །གཉིས་པ ་ལ་རྔ་མོའི་ཕྲེང་བས་སོ། །གསུམ་པ་ལ་བོང་བུའི་རུས་པའི་ཕྲེང་བས་སོ། །སྦྱིན་སྲེག་ནི་ལས་ཀྱི་སྐབས་སུ་བསྟན་པའི་སྔགས་ཀྱིས་སོ། །དེ་ནས་ལུག་གི་འཕོ་བ་ལ་སྨིན་ལྗོངས་སུ་དཀྱིལ་འཁོར་བྲིས་ཏེ་ལཱ་མ་ལ་ཨརྒྷ་ཕུལ་ལ་ཟླ་བ་རེ་རེ་ཞིང་འབུམ་ཕྲག་གསུམ་བཟླས་པ ་བྱས་ཏེ། ཟླ་བ་གསུམ་ལ་དབང་གི་དོན་དུ་བཟླས་པའི་འབུམ་ཕྲག་དགུ་དང། ལས་ཀྱི་སྐབས་སུ་བསྟན་པའི་རྫས་ཀྱིས་སྦྱིན་སྲེག་ཁྲི་ཕྲག་དགུ་བྱའོ། །ོཾ་གྲིཧྞ་གྲིཧྞ་བཛྲ་མཱ་ལེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་བཅུ་གཉིས་ནི་ལྷོ་ཕྱོགས་ཀྱི་ཞལ་གྱི་སྔགས་སོ། །ཟླ་བ་དང་པོ་ལ ་པདྨའི་མིག་གི་ཕྲེང་བས་སོ། །གཉིས་པ་ལ་ཙན་དན་དམར་པོའི་ས་བོན་གྱི་ཕྲེང་བས་སོ། །ཟླ་བ་གསུམ་པ་ལ་འོད་ཟེར་དམར་པོའི་ཕྲེང་བས་སོ། །དེ་ནས་ཀརྐ་ཊའི་འཕོ་བ་ན་རི་ལ་དཀྱིལ་འཁོར་བྲིས་ཏེ། དུམ་སྐྱེས་མ་ལ་ཨརྒྷ་ཕུལ་ལ་ནུབ་ཀྱི་ཞལ་གྱི་སྔགས་བཟླས་པ ་འབུམ་ཕྲག་གསུམ་བྱའོ། །ཇི་ལྟར་ཟླ་བ་གསུམ་གྱིས་བཟླས་པའི་དབུམ་ཕྲག་གསུམ་དང། ལས་ཀྱི་སྐབས་སུ་བསྟན་པའི་རྫས་ཀྱི་སྦྱིན་སྲེག་ཁྲི་ཕྲག་དགུར་བྱའོ། །ོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་ནུབ་ཀྱི་ཞལ་གྱི་སྔགས་སོ།། ་ཟླ་བ་དང་པོ་འབོད?་ཙེའི་ཕྲེང་བས་སོ། །གཉིས་པ་རུ་དྲཱཀྵའི་ཕྲེང་བས་སོ། །གསུམ་པ་ལ་ནི་ལུང་ཏང་གི་ཕྲེང་བས་སོ། །དེ་ནས་སྲང་གི་འཕོ་བ་ལ་མི་ཚང་ཚིང་གི་ཕུག་ཏུ་དཀྱིལ་འཁོར་བྲིས་ཏེ། གཟུགས་ཅན་མ་ལ་ཨརྒྷ་ཕུལ་ལ་ཟླ་བ་གཅིག་གིས་འབུམ་ཕྲག་གསུམ ་བཟླས་པར་བྱའོ། །ཟླ་བ་གསུམ་གྱིས་བཟླས་པར་འབུམ་ཕྲག་དགུ་དང་སྦྱིན་སྲེག་ཁྲི་ཕྲག་དགུར་བྱའོ། །ཞི་བའི་དོན་དུ་བྱང་གི་ཞལ་གྱི་སྔགས་བཟླས་པ་དང། ལས་དང་རྗེས་སུ་འཐུན་པའི་རྫས་ཀྱི་སྦྱིན་སྲེག་བྱའོ། །ོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་བཛྲ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་བྱང་གི་ཞལ་གྱི་སྔགས་སོ། །ཟླ་བ་དང་པོ་ལ་ནི་ཤེལ་གྱི་ཕྲེང་བ་ཡིས་སོ། །གཉིས་པ་ལ་ནི་མུ་ཏིག་གི་ཕྲེང་བས་སོ། །གསུམ་པ་ལ་ནི་དུང་གི་ཕྲེང་བས་སོ། །དེ་ལྟར་པོ་གཅིག་ལ་བཟླས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང། སྤྱིན་སྲེག ་ཁྲི་ཕྲག་སུམ་ཅུ་རྩ་དྲུག་བྱས་ཏེ། དེས་ནི་གདོང་རྣམ་པར་དག་པར་འགྱུར་རོ། །ད་ནི་ཁ་ལ་སོགས་པའི་སྒོ་སྦྱང་བའི་ཕྱིར་སྔགས་བཟླས་པ་བརྗོད་པར་བྱ་སྟེ། ལོ་གཉིས་པའི་ཆུ་སྲིན་གྱི་འཕོ་བ་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ་ཁྭ་གདོང་མ་ལ་ཨརྒྷ་ཕུལ ་ལ་ཕྱོགས་རེ་རེ་ཆད་པ་བརྒྱད་ཀྱི་སྔགས་འབུམ་ཕྲག་གཅིག་དང། ཁྲི་ཕྲག་ལྔ་བཟླས་པར་བྱས་ཏེ། དེ་ལྟར་ཤར་གྱི་ཞལ་ལས་བསྟན་པའི་ཕྲེང་བའི་ཆོ་ག་ཡིས་བསྐྲད་པའི་དོན་དུ་ཟླ་བ་ཕྱེད་དང་གཉིས་ལ་བཟླས་པ་དང། བཟླས་པའི་འབུམ་ཕྲག་བཞི་དང། ཤར་གྱི་ཞལ་གྱི ་ལས་ཀྱི་སྐབས་སུ་བསྟན་པའི་རྫས་རྣམས་ཀྱི་ཕྱེད་དང་བཅས་པའི་ཁྲི་ཕྲག་བཞི་ཡིས་སྦྱིན་སྲེག་བྱའོ། །ོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་བཛྲ་ཀཱ་ཀ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་དང་པོའོ། །དེ་ནས་བུམ་པའི་འཕོ་བའི་ཕྱེད་ན་སྨན་ལྗོངས་སུ ་དཀྱིལ་འཁོར་བྲིས་ཏེ། འུག་གདོང་མ་ལ་ཨརྒྷ་ཕུལ་ལ་སཱ?་མའི་སྐབས་སུ་བསྟན་པའི་ཕྲེང་པའི་ཚོགས་དགུག་པའི་དོན་དུ་ཟླ་བ་ཕྱེད་དང་གཉིས་ལ་བཟླས་པ་འབུམ་ཕྲག་ཕྱེད་དང་བཅས་ལ་བཞི་དང། སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་མཧཱ་ཀལྤཱགནི་སཾ་ནི་བྷཱ་ཡ་བཛྲ་ཨུ ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་གཉིས་པའོ། །དེ་ནས་ལུག་གི་འཕོ་བ་ལ་རི་རྩེར་དཀྱིལ་འཁོར་བྲིས་ཏེ། ཁྱི་གདོང་མ་པ་ཨརྒྷ་ཕུལ་ལ་དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་ག་ཡིས་ཕུར་བུ་གདབ་པའི་ཕྱིར་བཟླས་པ་ཕྱེད ་དང་བཅས་པ་འབུམ་ཕྲག་ཕྱེད་པ་བཞི་ཆ་དང། སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་ཛ་ཊཱ་མ་ཀུ་ཊོཏཀ་ཊཱ་ཡ་བཛྲ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པའི་ཡི་གེ་བཅུ་བདུན་ནི་རྐང་པ་གསུམ་པའི་སྔགས་སོ། །དེ་ནས་ཁྱུ་མཆོག་གི་འཕོ་བའི་ཕྱེད་ན་ཚང་ཚིང་གི་ཕུག་ཏུ་དཀྱིལ་འཁོར་བྲིས ་ཏེ། ཕག་གདོང་མ་ལ་ཨརྒྷ་ཕུལ་ལ་རྒྱས་པའི་ཕྱིར་གཟུགས་ཅན་མའི་ཕྲེང་བའི་ཚོགས་འབུམ་ཕྲག་ཕྱེད་དང་ལྔར་བཟླས་ནས། སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པའི་ཡི་གེ་ཉི ་ཤུ་རྩ་གཉིས་ནི་སྔགས་ཀྱི་རྐང་པ་བཞི་པའོ། །དེ་ནས་ཀརྐ་ཊའི་འཕོ་བ་པདྨའི་ཆུ་བོ་འམ། ཚང་ཚིང་གི་ཕུག་ཏུ་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་བརྟན་མ་ལ་ཨརྒྷ་ཕུལ་ཏེ། གཟུགས་ཅན་མའི་ཕྲེང་བའི་ཚོགས་དུག་མེད་པར་བྱ་བའི་ཕྱིར་འབུམ་ཕྲག་ཕྱེད་དང་ལྔར ་བཟླས་ནས་སྦྱིན་སྲེག་བཅུ་ཆས་བྱས་ཏེ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་བཛྲ་ཡ་མ་དཱ་བྷཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་ལྔ་པའོ། །དེ་ནས་སེང་གེའི་འཕོ་བ་ཕྱེད་ན་རི་རྩེར་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་ཕོ་ཉ་མོ་ལ་ཨརྒྷ་ཕུལ་ལ་རེངས་པར ་བྱེད་པའི་ཕྱིར་དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་ཟླ་བ་ཕྱེད་དང་བཅས་པ་གཉིས་ལ་འབུམ་ཕྲག་ཕྱེད་དང་ལྔར་བཟླས་ནས་སྦྱིན་སྲེག་བཅུ་ཆས་བྱས་ལ་གཤེགས་སུ་གསོལ་ལོ། །ོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎེ་བཛྲ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་ལྔ་ནི་སྔགས་ཀྱི་རྐང་པ་དྲུག་པའོ། །དེ་ནས་སྲང་གི་འཕོ་བ་ན་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་མཆེ་བ་མ་ལ་ཨརྒྷ་ཕུལ་ལ། རེངས་པར་བྱ་བའི་ཕྱིར་ཟླ་བ་ཕྱེད་དང། གཉིས་ཀྱིས་བཟླས་པ་ཕྱེད་དང་བཅས་པའི ་འབུམ་ཕྲག་བཞི་དང། སྦྱིན་སྲེག་བྱེད་དང་བཅས་པའི་ཁྲི་ཕྲག་ཕྱེད་དང་བཅས་པའི་བཞི་བྱས་ཏེ། ཨོཾ་བྱཱ་གྷྲ་ཛི་ནཱཾ་པ་ར་དྷ་རཱ་ཡ་བཛྲ་ཡ་མ་དཾཥྚE་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་བདུན་པའོ། །དེ་ནས་སྡིག་པ་ཕྱེད་ཀྱི་འཕོ་བ་ན་མཚོ ་འགྲ་མ་མམ། ལྗོང་བུའི་འགྲོ་མ་དུ་དཀྱིལ་འཁོར་བྲིས་ཏེ། གཤིན་རྗེ་འཇོམས་མ་ལ་ཨརྒྷ་ཕུལ་ལ། ཞེ་སྡང་བྱེད་པའི་དོན་དུ་ཕྱེད་དང་བཅས་པའི་ཟླ་བ་གཅིག་ལ་མཁའ་འགྲོ་མའི་སྐབས་སུ་ཕྲེང་བས་འབུམ་ཕྲག་ཕྱེད་དང་ལྔར་བཟླས་ནས། སོ་སོའི་ཉ་ལ་སྦྱིན ་སྲེག་བཅུ་ཆད་བྱས་ཏེ། ཨོཾ་མཧཱ་བྷཱུཾ་བྲཱན་དྷ་ཀཱ་ར་ཝ་པུ་ཥཱ་ཡ་ཡ་མ་མ་བཱ་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་གཅིག་ནི་རྐང་པ་བརྒྱད་པའི་སྔགས་སོ། །དེ་ལྟར་ན་ལོ་གཅིག་པ་བཟླས་པ་ནི་འབུམ་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུར་ལ། སྦྱིན་སྲེག་ནི་ཁྲི་ཕྲག་སུམ་ཅུ ་རྩ་དྲུག་ཏུ་འགྱུར་ཏེ། དེས་ཁ་དང་སྣ་དང་གཤང་བ་དང་མིག་དང་རྣ་བའི་རྩ་རྣམས་དག་པར་འགྱུར་རོ། །ར་ནི་རྐང་པ་ཉི་ཤུ་རྩ་བཞི་པའི་ཕྲེང་བའི་སྔགས་ཀྱི་བཟླས་པ་བརྗོད་པར་བྱ་སྟེ། དགུན་ཟླ་ར་བའི་གནམ་སྟོང་ལ། མཚོ་འགྲམ་དང་ལན་ཚྭ་ཅན་གྱི་ཆུ་འགྲམ་མམ། ་རྫིང་བུའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། བསད་པའི་ཕྱིར་རབ་གཏུམ་མ་ཡེ་ཨརྒྷ་ཕུལ་ལ། ཉིན་མཚན་ལྔ་ཡིས་ཁྲི་ཕྲག་ལྔ་དང། སྦྱིན་སྲེག་སྟོང་ཕྲག་ལྔར་བྱས་ཏེ། དེ་ལྟར་ཟླ་བ་ཕྱེད་ལ་མཁའ་འགྲོ་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་བཟླས་པ་ནི་འབུམ་ཕྲག ་ཕྱེད་དང་གཉིས་སུ་འགྱུར་རོ། །སྦྱིན་སྲེག་ནི་ཁྲི་ཕྲག་ཕྱེད་དང་གཉིས་སུ་འགྱུར་རོ། །ོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜི་བཛྲ་ཁཎྜ་ཀ་པཱ་ལ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བའི་ཡི་གེ་ཉི་སུ་ནི་སོ་སོའི་ཡན་ལག་སྔགས་ཀྱི་རྐང་པ་དང་པོའོ། །དེ་ནས་དགུན་ཟླ་ར་བའི་ཉ་ལ་ལྗོངས་སམ། སྐྱེད་མོས་ཚལ ་དུ་དཀྱིལ་འཁོར་བྲིས་ཏེ། གཏུམ་མིག་མ་ལ་ཨརྒྷ་ཕུལ་ལ་དབང་དུ་བྱ་བའི་ཕྱིར་ལཱ་མའི་སྐབས་སུ་བསྟན་པའི་ཕྲེང་བའི་ཆོ་གས་ཟླ་བ་ཕྱེད་ལ་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས་ཁྲི་ཁྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་ཀུ་རུ་ཀུ་རུ་བཛྲ་ཙེཎྜཱ་ཀྵི་བཛྲ་མཧཱ་ཀཾ་ཀ་ལ ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་སྟེ། ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་གཉིས་སོ། །དེ་ནས་དགུན་ཟླ་འབྲིང་པོའི་གནས་སྟོང་ལ་རི་རྩེ་ལ་དཀྱིལ་འཁོར་བྲིས་ཏེ། འོད་ལྡན་མ་ལ་ཨརྒྷ་ཕུལ་ལ། རེངས་པར་བྱེད་པའི་དོན་དུ་དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ ་ལ་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས་ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་བནདྷ་བནདྷ་བཛྲེ་པྲ་བྷཱ་བཱ་ཏཱི་བཛྲ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་གསུམ་པའོ། །དེ་ནས་དགུན་ཟླ་འབྲིང་པོའི་ཉ་ལ་ཚང་ཚིང་གི་ཕུག་གམ། པདྨའི་ ་རྫིང་བུའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། རྒྱས་པར་བྱ་བའི་དོན་དུ་སྣ་ཆེན་མ་ལ་ཨརྒྷ་ཕུལ་ལ་གཟུགས་ཅན་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱས་ཏེ། ཨོཾ་ཏཱ་ས་ཡ་ཏྲཱ་ས ་ཡ་བཛྲ་མཧཱ་ནཱ་སི་བཛྲ་ཝོ་ཀ་ཌཾ་ཥྚར་ནི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་བཞི་ནི་སྔགས་ཀྱི་རྐང་པ་བཞི་པའོ། །དགུན་ཟླ་ཐ་ཆུང་གི་གནམ་སྟོང་ལ་ཚང་ཚིང་གི་ཕུག་གམ། པདྨའི་མཚོའི་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། ཞི་བར་བྱ་བའི་དོན་དུ་དཔའ་བོའི་བློ ་མ་ལ་ཨརྒྷཾ་ཕུལ་ལ། གཟུགས་ཅན་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག་ཕྱེད་དང་གཉིས་སུ་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཛྲ་པ་ཡི་ར་མ་སྟེ་བཛྲ་སུ་ར་ཝཱི་རེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ ་བའི་ཡི་གེ་ཉི་ཤུ་རྩ་གཉིས་ནི་སྔགས་ཀྱི་རྐང་པ་ལྔ་པའོ། །དེ་ནས་དགུན་ཟླ་ཐ་ཆུང་གི་ཉལ་རི་རྩེར་དཀྱིལ་འཁོར་བྲིས་ཏེ། རེངས་པར་བྱེད་པའི་དོན་དུ་མའུ་ཐུང་མ་ལ་ཨརྒྷཾ་ཕུལ་ལ། དུམ་སྐྱེས་མའི་སྐབས་སུ་བསྟན་པའི་ཕྲེང་བས། ཉིན་མཚན་བཅོ་ལྔ་ལ ་འབུམ་ཕྲག་ཕྱེད་དང་གཉིས་སུ་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཁཏྭ་དི་བཛྲ་ཨ་མི་ཏཱ་བྷཱ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དྲུག་ནི། སྔགས་ཀྱི་རྐང་པ་དྲུག་པའོ། །དེ་ནས་དཔྱིད་ཟླ་ར་བའི་གནས་སྟོང་ལ་ལྗོངས་སུ་དཀྱིལ་འཁོར ་བྲིས་ཏེ། དགུག་པ་བྱ་བའི་དོན་དུ་ལང་ཀའི་དཔའ་མོ་ལ་ཨརྒྷཾ་ཕུལ་ལ། ལཱ་མའི་སྐབས་སུ་བསྟན་པའི་ཕྲེང་བས་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱ་སྟེ། ཨོཾ་ཏྲ(རྒྱུད་འགྲེལ་བའི་ཡི་གེ་བཅུ་དྲུག་ན་སྔགས་ཀྱི་རྐང་པ་བདུན་པའོ། །དེ་ནས་དཔྱིད་ཟླ་ར་བའི་ཉ་ལ་མཚེ་འགྲམ་དུ་དཀྱིལ་འཁོར་བྲིས་ཏེ། ཞེ་སྡང་བྱ་བའི་དོན་དུ་བརྩོན་འགྲུས་མ་ལ་ཨརྒྷཾ་ཕུལ་ལ། མཁའ་འགྲོ་མའི་སྐབས་སུ་བསྟན་པའི་ཕྲེང་བས་ཉིན་མཚན་བཅོ་ལྔ་ལ་འབུམ་ཕྲག ་ཕྱེད་དང་གཉིས་བཟླས་ནས། ཁྲི་ཕྲག་ཕྱེད་དང་གཉིས་སུ་སྦྱིན་སྲེག་བྱས་ཏེ། ཨོཾ་ཕེཾ་ཧེཾ་བཛྲ་དྲུ་མཙྪ་ཡེ་བཛྲ་དེ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དྲུག་ནི་སྔགས་ཀྱི་རྐང་པ་བརྒྱད་པའོ། །དེ་ནས་དཔྱིད་ཟླ་འབྲིང་པོའི་ཉ་ལ་བསྐད་པར་བྱ་བའི་དོན་དུ་ས་སྲུངས་མ་ལ་ཨརྒྷཾ་ཕུལ་ལ ་རབ་གཏུམ་མའི་སྐབས་སུ་བསྟན་པའི་ཕྲེང་བས་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ། ཨོཾ་ད་ཧ་ད་ཧ་བཛྲ་ཨི་ར་བ་ཏེ་བཛྲ་ཨཾ་གུ་རེ་ཀ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་དགུ་པའོ། །དེ་ནས་དཔྱིད་ཟླ་བ་འབྲིང་པོའི་ཉ་ལ་ཚ་བར་བྱ་བའི་དོན་དུ་འཇིགས ་བྱེད་ཆེན་པོ་ལ་ཨརྒྷ་ཕུལ་ལ། གཏུམ་མིག་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་པ་ཙ་པ་ཙ་བཛྲ་མཧཱ་བྷཻ་ར་བ་བཛྲ་ཛ་ཊཱ་ལེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་བཅུ་བའོ། །དེ་ནས་དཔྱིད་ཟླ་ཐ་ཆུང་གི་ཉ་ལ་སྡེ་རེངས་པར་བྱ་བའི ་དོན་དུ་རླུང་ཤུགས་མ་ལ་ཨརྒྷ་ཕུལ་ལ། འོད་ལྡན་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ། ཨོཾ་བྷཀྵ་བྷཀྵ་བཛྲ་བཱ་ཡུ་བེ་གེ་བཛྲ་མཧཱ་ཝི་ར་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་ནི་སྔགས་ཀྱི་རྐང་པ་བཅུ་གཅིག་པའོ། །དེ་ནས་དཔྱིད་ཟླ་ཐ་ཆུང་གཉི་ལ ་ཆར་དབབ་པའི་དོན་དུ་ཆང་འཐུང་མ་ལ་ཨརྒྷ་ཕུལ་ལ། སྣ་ཆེན་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ། ཨོཾ་བས་རུ་དྷི་ར་ཨནྟྲ་མཱ་ལ་ཨ་བ་ལཾ་བ་ནི་གྲིཧྞ་བཛྲ་སུ་ར་བྷཀྵི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་སུམ་ཅུ་རྩ་གཅིག་ནི་སྔགས་ཀྱི་རྐང་པ ་བཅུ་གཉིས་པའོ། །དེ་ནས་དབྱར་ཟླར་བའི་གནམ་སྟོང་ལ་རིམས་བཞིལ་བར་བྱ་བའི་དོན་དུ་སྔོ་བསངས་ལྷ་མོ་ལ་ཨརྒྷཾ་ཕུལ་ལ། དཔའ་བོའི་བློ་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་རེག་བྱ་སྟེ། ཨོཾ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ་བཛྲ་ཤྱཱ་མ་དི་ཝི་བཛྲ་སུ་བྷ་དྲ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་སུམ་ཅུ་རྩ་བཞི་ནི་སྔགས་ཀྱི་རྐང་པ་བཅུ་གསུམ་པའོ། །དེ་ནས་དབྱར་ཟླ་ར་བའི་ཉ་ལ་ས་འོག་འབིགས་པར་བྱ་བའི་དོན་དུ། ཤིན་ཏུ་བཟང་མོ་ལ་ཨརྒྷ་ཕུལ་ལ། མིའུ་ཐུང་མའི་ཆོ་ག་བཞིན་དུ་སྔགས་བཟླས ་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཨཱ་ཀཌཌཡ་ཨཱ་ཀཌཌཧཡ་བཛྲ་སུ་བྷ་དྲེ་བཛྲ་བྷ་དྲ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་བཅུ་བཞི་པའོ། །དེ་ནས་དབྱར་ཟླ་འབྲིང་པོའི་གནམ་སྟོང་ལ་འབེབས་པར་བྱ་བའི་དོན་དུ། ལང་ཀའི་དབང་ཕྱུག་མའི ་ཆོ་ག་བཞིན་དུ་རྟ་རྣ་མ་ལ་ཨརྒྷ་ཕུལ་ནས། སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧི་ཧི་བཛྲ་ཧ་ཡ་ཀ་ར་ཎེ་བཛྲ་མཧཱ་བྷེ་ར་བ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་དགུ་ནི་སྔགས་ཀྱི་རྐང་པ་བཅོ་ལྔ་པའོ། །དེ་ནས་དབྱར་ཟླ་འབྲིང་པོའི་ཉ་ལ་སྤྲིན་ཆད་པར་བྱ་བའི་དོན་དུ། ་བྱ་གདོང་མ་ལ་ཨརྒྷ་ཕུལ་ལ་སྔགས་བཟླས་པ་དང། སྦྱིན་སྲེག་བྱས་ཏེ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཁ་ག་ན་ནེ་བཛྲ་བི་རཱུ་པཱཀྵ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཡི་གེ་བཅོ་བརྒྱད་པའོ། །སྔགས་ཀྱི་རྐང་པ་བཅུ་དྲུག་པའོ། །དེ་ནས་དབྱར་ཟླ་ཐ་ཆུང་གི་གནམ་སྟོང་ལ་རལ་གྲི་ཆེན་པོ་བསྒྲུབ་པར ་བྱ་བའི་དོན་དུ། འཁོར་ལོའི་ཤུགས་ཅན་མ་ལ་ཨརྒྷ་ཕུལ་ནས། རབ་གཏུམ་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང། སྦྱིན་སྲེག་བྱས་ཏེ། ཨོཾ་ཀྵྨཾ་ཀྵྨཾ་བཛྲ་ཙཀྲ་བེ་གེ་བཛྲ་མཧཱ་བ་ལ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་བཅུ་བདུན ་པའོ། །དེ་ནས་དབྱར་ཟླ་ཐ་ཆུང་གི་ཉ་ལ་ཀླུའི་ན་ཆུང་མ་དབང་དུ་བྱ་བའི་དོན་དུ། དུ་མ་སྐྱེས་མ་ལ་ཨརྒྷཾ་ཕུལ་ནས་རབ་གཏུམ་མོའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱས་ཏེ། ཨོཾ་ཧཾ་ཧཾ་བཛྲ་ཁཎྜ་རོ་ཧེ་བཛྲ་རཏན་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་བཅོ་བརྒྱད་པའོ། །སྟོན་ཟླ་ར་བའི་གནམ་སྟོང་ལ་ཀླུའི་རྒྱལ་པོ་རེངས་པར་བྱ་བའི་དོན་དུ་ཆང་འཚོང་མ་ལ་ཨརྒྷཾ་ཕུལ་ནས་འོད་ལྡན་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ། ཨོཾ་ཧཱ་ཧཱ་བཛྲ་ཤཽ་ཎྜི་ནཱི་ཡེ ་བཛྲ་རཏན་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་བདུན་ནི་སྔགས་ཀྱི་རྐང་པ་བཅུ་དགུ་པའོ། །དེ་ནས་སྟོན་ཟླ་ར་བའི་ཉ་ལ་འཁོར་ལོའི་གོ་ཆ་མ་ལ་ཨརྒྷ་ཕུལ་ལ། རོ་ཆེན་པོ་བསྒྲུབ་པར་བྱ་བའི་དོན་དུ་སྣ་ཆེན་པོའི་ཆོ་ག་ཡིས་སྔགས་བཟླས་པ་དང་སྦྱིན་སྲེག ་བྱ་སྟེ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཙཀྲ་ཝརྨི་ཎེ་བཛྲ་ཨཱ་ཀ་ཤ་གརྦྷ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅུ་བདུན་ནི་སྔགས་ཀྱི་རྐང་པ་ཉི་ཤུཔའོ། །སྟོན་ཟླ་འབྲིང་པོའི་གནམ་སྟོང་ལ་བཟང་པོའི་དཔའ་མོ་ལ་ཨརྒྷ་ཕུལ་ནས་བདུད་རྩིའི་འབྲས་བུ་སྒྲུབ་པར་བྱ་བའི་དོན་དུ། དཔའ་བོའི་བློ་མའི ་ཆོག་བཞིན་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ། ཨོཾ་ཀི་ལི་ཀི་ལི་བཛྲ་སུ་བཱི་རེ་བཛྲ་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་ཉི་ཤུ་རྩ་གཅིག་པའོ། །དེ་ནས་སྟོན་ཟླ་འབྲིང་པོའི་ཉལ་རྫས་བསྒྲུབ་པར་བྱ་བའི་དོན་དུ་སྟོབས་ཆེན་མ་ལ་ཨརྒྷ་ཕུལ ་ནས་མེའི་ཐུང་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང། སྦྱིན་སྲེག་བྱ་སྟེ་ཨོཾ་སི་ལི་སི་ལི་བཛྲ་མཧཱ་བ་ལ་བཛྲ་པདྨ་ནི་རྟེ་ཤྭ་ར་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་རྐང་པ་ཉི་ཤུ་རྩ་གཉིས་པའོ། །སྟོན་ཟླ་ཐ་ཆུང་གི་གནམ་སྟོང་ལ་རིན་པོ་ཆེ་བསྒྲུབ་པར་བྱ་བའི ་དོན་དུ་འཁོར་ལོ་སྒྱུར་མ་ལ་ཨརྒྷཾ་ཕུལ་ནས་དེ་ནས་ལང་ཀའི་དབང་ཕྱུག་མའི་ཆོ་ག་བཞིན་སྔགས་བཟླས་པ་དང་སྦྱིན་བསྲེག་བྱ་སྟེ། ཨོཾ་ཧི་ལི་ཧི་ལི་བཛྲ་ཙཀྲ་བརྟི་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི་གེ་ཉི་ཤུ་རྩ་གཅིག་ནི་སྔགས་ཀྱི་རྐང་པ་ཉི་ཤུ་གསུམ་པའོ། །སྟོན ་ཟླ་ཐ་ཆུང་གི་ཉ་ལ་དཀྱིལ་འཁོར་བྱས་ནས། འཇིག་རྟེན་གསུམ་པོ་འདར་བ་མེད་པར་བྱ་བའི་དོན་དུ་བརྩོན་ཆེན་མ་ལ་ཨརྒྷ་ཕུལ་ལ། བརྩོན་གྲིབ་མའི་ཆོ་ག་བཞིན་དུ་སྔགས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། ཨོཾ་དྷི་ལི་དྷི་ལི་བཛྲ་མཧཱ་ཝཱིརྱ་བཛྲ་བཛྲ་སཏྭ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་ཡི ་གེ་བཅོ་བརྒྱད་ནི་སྔགས་ཀྱི་རྐང་པ་ཉི་ཤུ་རྩ་བཞི་པའོ། །དེ་ལྟར་ལོ་གསུམ་པ་ལ་རྐང་པ་ཉི་ཤུ་རྩ་བཞི་སོ་སོའི་ཡན་ལག་གི་སྔགས་འབུམ་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་ཤིང་ཁྲི་ཕྲག་སུམ་ཅུ་རྩ་དྲུག་ཏུ་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གསུམ་ལ་བྱེ་བ་ཕྲག་གཅིག་དང་། ་འབུམ་ཕྲག་བརྒྱད་དུ་བཟླས་པ་དང། ཁྲི་ཕྲག་གཅིག་གིས་ལྷག་པའི་འབུམ་ཕྲག་བཅུར་སྦྱིན་སྲེག་བྱ་སྟེ། དེས་རྣལ་འབྱོར་རྣམས་ལ་སོ་སོའི་སྔགས་ཀྱི་ཡན་ལག་རྣམ་པར་དག་པར་འགྱུར་རོ། །ཞེས་བྱ་བ་ནི་སྔགས་བཟླས་པའི་ཆོ་གའོ། །སྔོན་དུ་བསྟན་པའི་ལོག་པའི ་ཆོ་གས་བྱིས་པའི་བློ་ཅན་རྣམས་ཀྱི་དངོས་གྲུབ་སྒྲུབ་པ་དོན་མེད་པར་འགྱུར་རོ། །དེ་བས་ན་བསྟན་པའི་ཆོ་གས་ལོ་བཅུ་གཉིས་ཀྱི་བར་དུ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཐམས་ཅད་དུ་བྱའོ། །ཕྱི་ནས་ཟླ་བ་ཕྱེད་དང་གཉིས་སུ་ཚོགས་ཀྱི་འཁོར ་ལོ་བྱས་ཏེ། ལྷའི་སྔགས་ཀྱི་སྟོབས་ཀྱིས་ཉལ་ཚོགས་ཀྱི་གཙོ་བོར་གྱུར་ནས། ཚོགས་ཀྱི་འཁོར་ལོ་དང། ལྷན་ཅིག་ཏུ་འགྲུབ་པར་གྱུར་ཞིང་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས། ཡོན་ཏན་ལྷག་པ་དང་བཅས ་པའི་ན་ཆུང་མ་རྣམས་དེ་འགྱུར་རོ། །ད་ནི་ཁྲུས་དང་བཟའ་བ་དང། བཏུང་བ་དང། སྙོམས་པར་ཞུགས་པའི་ཆོ་གས་བརྗོད་པར་བྱ་སྟེ། དེང་ཁྲུས་ནི་ལྷའི་མངོན་པར་དབང་བསྐུར་བའི་ཆོ་ག་བཞིན་དུ་བྱའོ། །བཟའ་བ་ནི་དམ་ཚིག་གི་སྤྱོད་པ་བཞིན་དུ་བྱའོ། །དེ་བཞིན་དུ་ཧ་རི ་ཏེ་པཎྜི་ཀི་པྲ་ཏཱིཙྪ་སྭཱཧཱ་ཞེས་པ་ནི་གོང་བུའི་སྔགས་སོ། །ོཾ་ཀྵི་ཀྵེ་ཏྲ་པཱ་ལ་ཨཱ(རྒྱུད་འགྲེལ་རྒྱས་པ་ཆེན་པོ་དེའི་དབུས་སུ་བཞག་ལ་སྔགས་འདིས་སྦྱང་བར་བྱ་སྟེ། ཨོཾ་བཛྲ་ཀྲོ་སྡེ་ཤྭ་རེ་སརྦ་དྲ་བྱ་ནི་བི་ཤུདྡྷཱ་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཧེ་རུ་ཀ་ཨཱ་ཀཌཌཧཡ་ཨཱ་ཀཌཌཧཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ་བནདྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་ཌཱ་ཀ་ནི་ནཱཾ་ཧྲི་ད་ཡ་ཛ(རྒྱུད་འགྲེལ་ཅེས་བྱ་བ་དགུག་པའི་སྔགས་སོ། །ོཾ་སུ་བྷ་ནི་སུ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲི་ཧྞ་གྲི་ཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲི་ཧྞ་པ་ཡ་གྲི་ཧྞ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་རཱ་ཛ་ཧུཾ་ཧུཾ་ཕཊ། ཅེས་བྱ་བ་ནི་གཏོར་མ་སྦྱིན་པའི་སྔགས་སོ། །ོཾ་དཱུ་ཏེ་ཀི་ཨ་གྲ་སཎ་མ་པྲི་ཏཱཙྪ་སྭཱཧཱ་ཞེས ་བྱ་བ་སྟེ། ཨོཾ་ཨཱ:ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་པས་མངོན་པར་བསྔགས་ནས་ཟན་ཟོས་པས་འགྱུར་བའི་བར་དུ་ས་ལ་བཞག་པར་བྱའོ། །ེཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་ཙྪཥྚ་བྷཀྵ་ཀ་སྭཱཧཱ། ཞེས་བྱ་བ་ནི་ལྷག་མའི་གཏོར་མའི་སྔགས། །ཇི་ལྟར་རྗེས་སུ་མཐུན་པའི་སྔགས་སོ།། ་ཐམས་ཅད་རེ་རེར་བྱའོ། །ཆང་བཏུང་བ་ནི་ཡི་གེ་ཨོཾ་ལག་པ་གཡོན་པས་སྦྱང་བ་དང། ཡི་གེ་ཨཱ:ལག་པ་གཡས་པས་སྤེལ་བ་དང། ཐལ་མོས་བཀབ་ནས་ཡི་གེ་ཧཱུཾ་གི་འབར་བ་དང་ཡི་གེ་ཧོ་ནམ་མཁའ་ལྡིང་གི་ཕྱག་རྒྱས་བདུད་རྩིར་བྱས་ཏེ། ཆང་གི་ཐིག་ལེས་བཟུང ་ལ་ལག་པ་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་ཀྱི་འབྱུང་གནས་སུ་བྱ་ཞིང། དེའི་དབུས་སུ་ཐིག་ལེ་ཟླུམ་པོར་བྱ་ཞིང་དེའི་དབུས་སུ་ལྷ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དང། པྲ་ཏི་སེ་ན་དང་མཚུངས་པའི་ཡེ་ཤེས་ཀྱི་འཁོར་ལོ་བསྒོམ་པར་བྱས་ནས་དེ་ཚིམ་པར ་བྱའོ། །ཕྱི་ནས་ཞིང་སྐྱོང་བ་ལ་སོགས་པ་ལ་གཏོར་མ་སྦྱིན་པར་བྱའོ། །ཕྱི་ནས་ལས་ཀྱི་ཕྱག་རྒྱ་རིགས་ལྔ་དང་ལྡན་པར་བྱ་སྟེ། དེའི་པདྨའི་ལྟེ་བར་ཡི་གེ་དྱཱ་བསྒོམ་པར་བྱ་སྟེ། བདག་ཉིད་ཀྱི་ངོ་བོ་ལ་ནི་རྩེ་མོ་དཔའ་བོ་བསྒོམ་པར་བྱས་ལ་རང་གི་ཡི་དམ་གྱི་རྣལ་འབྱོར ་གྱིས་སྙོམས་པར་ཞུགས་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ལྟ་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །ཡེ་ཤེས་ཀྱི་བཟླས་པའི་སྟོབས་དང། ཡེ་ཤེས་ཀྱི་ཕྱག་རྒྱའི་བསྒོམ་པའི་སྟོབས་ཀྱིས ་གཟུགས་ལ་སྤྱོད་པའི་ལྷག་པར་བྱེད་པ་ཐབ་པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་གཉིས་ཀྱི་བསྒོམ་པ་ཡིས། །སྒྲུབ་པ་པོ་ནི་འཇིག་རྟེན་གྱི་དངོས་གྲུབ་ཐམས་ཅད་ཀྱི་སྣོད་དུ་རུང་བར་འགྱུར་རོ། །དེ་ཡང་དང་པོའི་སངས་རྒྱས་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ་འདོད་པ་ན་སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །འོག་མིན་གྱི་ནི་མཐར་ཐུག་པར། །གཟུགས་ཤེས་ཡེ་ཤེས་ཕྱག་རྒྱས་སོ། །རྣལ་འབྱོར་ཆེན་པོས་ཐམས་ཅད་མཁྱེན། །ཕྱག་རྒྱ་ཆེན་པོའི་ཡན་ལག་བསྒོམ། །འབྱུང་མེད་བདེ་བ་བསྒྲུབས་ནས ་ནི། ཚེ་འདི་ཉིད་དུ་སངས་རྒྱས་འགྱུར། །དེ་བས་ན་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། བླ་མ་ལས་ཀྱང་བླ་མ་སྟེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། །ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་ལ་སྟེར་བར་མཛད་པ་བསྒོམ་པར ་བྱའོ། །དབུགས་འབྱུང་བར་མ་མཆོག་དང་ནི། །དྲི་ཡི་ཆུ་དང་བཅས་པས་ཀྱང། །ཞེས་བྱ་བ་ལ་འདིར་དྲི་ནི་ཟླ་བའི་དབུགས་ཀྱི་རྒྱུ་བ་སྟེང་དང་འོག་ཏུ་ལ་ལ་ནཱའོ། །ཆུ་ནི་ལྕི་བ་སྟེ། ཉི་མའི་དབུགས་རྒྱུ་བ་སྟེང་དང་འོག་ཏུ་ར་ས་ནའོ། །བར་མ་ཞེས ་ནི་ས་བོན་དང་རྡུལ་དང། སྒྲ་གཅན་དང་དུས་ཀྱི་མེའི་དབུགས་རྒྱུ་བ་སྟེ། སྟེང་དང་འོག་ཏུ་ཨ་བ་དྷཱུ་ཏཱིའོ། །འདི་ལ་འགྱུར་བའི་དབུགས་རྣལ་འབྱོར་གྱི་སྟོབས་ཀྱིས་འབབ་པར་འགྱུར་ན་དབུགས་འབྱུང་བར་མ་མཆོག་ཞེས་བརྗོད་དོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར ་བར་བྱེད་པ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་དོ། །སྟེང་དང་འོག་གི་ཟླ་བ་དང་ཉི་མ་དང། དྲི་ཆེན་དང་དྲི་ཆུའི་རྩ་རྣམས་དང་ལྡན་པ་ཁུ་བ་དང། རྡུལ་དང། སྒྲ་གཅན་དང་དུས་ཀྱི་མེའི་རྩ་རྣམས་དང། རོ་མཉམ་པ་ཉིད་དུ་གྱུར་པ། བྱང་ཆུབ་ཀྱི་སེམས་ཐིག ་ལེ་བཞི་འཛིན་པ། སྐུ་དང་གསུང་དང་ཐུགས་རྣམས་གཅིག་ཏུ་གྱུར་པ། སྟེང་དང་འོག་གི་རྡོ་རྗེ་རྩེ་ལྔ་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གཟུང་བ་དང་འཛིན་པ་སྤངས་པ་དང། རྡོ་རྗེ་འཛིན་པ་ཆེན་པོའི་དབུགས་འབྱུང་བ་ལས་ཀྱི་ཕྱག་རྒྱ་ལ་སོགས ་པའི་རྒྱུ་དང་བྲལ་བ། ཕྱག་རྒྱ་ཆེན་པོའི་བསྒོམ་པ་ལས་བྱུང་བའི་རྣལ་འབྱོར་པས་རང་རིག་པའི་ཡེ་ཤེས་ཡུལ་དང་དབང་པོ་འདྲེས་པར་གྱུར་པ། ལྟེ་བར་གཏུམ་མོ་འབར་བས་ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་བསྲེགས་ལ། དཔྲལ་བར་ཟླ་བ་ཞུ་བའི ་བདུད་རྩི་འཛག་པ་འཕོ་བ་མེད་པ། སྟེང་དུ་སོང་ལ། མཆོག་ཏུ་མི་འགྱུར་བ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། ་སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབ་པ་དང། ལྦ་མའི་བཀའ་ཨི་ཀུན་ཏུ་འབྱུང་བ་ལ་དེ་ཉིད་ཀྱིས་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ལས་དང་པོ་ལ་སྡུན་དུ་བསྒོམ་པ་ནི། ཇི་སྲིད་སྐྱེ་གནས་བྱང་ཆུབ་སེམས། །རྣལ་འབྱོར་པས་ནི་གཏོར་མི་བྱེད། །དེ་སྲིད ་མཆོག་གི་དགའ་བ་ནི། རྒྱུན་མི་འཆད་པ་ཐོབ་པར་འགྱུར། །བདེ་བའི་གཟུགས་ནི་དེ་ཉིད་དང། །སངས་རྒྱས་གཟུགས་དང་ལྡན་པ་ནི། །ཇི་སྲིད་ཁུ་བ་བརྟན་པར་འགྱུར་རོ། །བདག་ཉིད་དུ་ནི་བསྒོམ་པར་བྱའོ། །ཞེས་བྱ་བའོ། །དེ་བཞིན་དུ་ཡང་རྡོ་རྗེ་སྐྱིལ་ཀྲུང་དུ་ནི་སེམས།། ་ནོར་བུའི་སྣང་གནས་བལྟ་བར་བྱ། །རྒྱུ་མཐུན་ལ་སོགས་བདེས་གང་བ། །དྲི་མེད་འགྱུར་བའི་བར་དུའོ། །བྷ་གར་ལིང་ག་བཞག་ནས་ནི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱའོ། །ལས་ཀྱི་ཕྱག ་རྒྱའི་སྙོམས་འཇུག་དང། །ཡེ་ཤེས་ཕྱག་རྒྱའི་ཡན་ལག་བསྒོམ། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་འགྱུར་འགྱུར་མེད་དེ་ཉིད་དོ། །གཙུག་ཏོར་སྟེང་གི་པདྨ་ལ། སུ་ཀྲ་བྱུང་ན་དགའ་བ་ཡིན། །མགྲིན་དང་སྙིང་གར་མཆོག་དགའ་དང། །དེ་ནས་དགའ་བྲལ ་དགའ་བར་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་ལ། །གལ་ཏེ་གསང་བའི་པདྨར་སོང། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་ཆེན་མི་འགྱུར་མངའ་བདག་གོ་།ཆུ་འབབ་བཞིན་དུ་དད་པ་ཡིས།། ་ཤེས་རབ་ཆེན་པོས་བསྒོམ་པར་བྱ། །ཞེས་བྱ་བའོ། །དེ་ལྟར་བཀུར་སྟིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོའོ། །རང་བཞིན་སྐྱེས་བུར་ཕན་གདགས་དོན་དུ་དེ་ཉིད་སྙིང་པོ་ཡི། །བསྒྲུབ་པ་གང་ནི་བླ་མའི་རིམ་པ་ཐོབ་པའི་དག་པ་ཅེས་བྱ། །དེ་བཞིན་དུ་ཡང་སྐྱོན ་ལྡན་མཁས་པས་བཟོད་པ་བཞེས། །འདི་དག་བརྩམས་ཞོ་ཟླ་བ་ཁ་བ་དང་འདྲ་བསོད་ནམས་ཚོགས། །གང་ཞིག་བདག་གིས་ཐོབ་པར་གྱུར་པ་དེ་ཡིས་ཆུ་གཏེར་འབྱིང་བ་ཡི། །འཇིག་རྟེན་རྣམས་ནི་ཉོན་མོངས་པ་དང་སོགས་བཅོམ་པ། །ཡོན་ཏན་གང་བ་དོ་རྗེ་མཁའ་ ་འགྲོའི་སྐུ་གཅིག་འགྱུར་བར་ཤོག་།བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པའི་ཕྱག་ན་རྡོ་རྗེས་མཛད་པ། བཅོམ་ལྡན་འདས་རྣལ་འབྱོར་གྱི་བདེ་མཆོག་གི་བསྒྲུབ་པ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཆེན་པོ་སོ་མ་ནཱ་ཐས། གཉལ་མི་ཤེས་རབ་མཆོག་གི་དོན་དུ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། །། *། (།དཔལ་འཁོར་ལོ་བདེ་མཆོག་གི་མངོན་རྟོགས་པཱུ་ཡི་བས་མཛད་པ་བཞུགས་སོ།།)་།། ་