| Wylie | e-texts based on the ACIP/ALL Input |
རྒྱ་?་མཁན་པོ་ཀཱ་ཡ་སྠ་པཱ་ག་ཡ་དྷ་རའི་ཞལ་སྔ་ནས་དང། བོད་ཀྱི་ལ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྐྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པར་བྱེད་པ་ཞེས་བྱ་བའི་བཀའ་འཕྲེལ།། །། ་*།?་།རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་ཏན་ཏྲ་སྱ་ཏ་ད་ཏྭ་སུ་སྠཱ་ར་ནཱ་མ་པཉྫི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པར་བྱེད་བ་ཞེས་བྱ་བའི་བཀའ་གྲེལ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གོང་ན་མེད་པའི ་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་གསང་བ་ལ་སོགས་པའི་ཚོགས་རྣམས་ཀྱི་ནང་དུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་འདུས་པར་བསྟན་པ་ཡིན་ཏོ། རྒྱུ་དེས་ན་སྡུད་པར་བྱེད་པས་ཀྱང་དེ་ལྟར་རིམ་པ་བཞིན་དུ་གསུངས་ཏེ། གང་གི་ཕྱིར་འདིར་བཅོམ།། ་ལྡན་འདས་རྡོ་རྗེ་ཕག་མོ་འདིའི་སྡུད་པ་པོར་འགྱུར་བས་སོ། །ཡང་ན་བརྡའི་དབང་གིས་གསང་བ་ལ་སོགས་པའི་ཚིག་གིས་སེམས་ཀྱི་དོན་བསྟན་པ་ཡིན་ཏེ། སྒྱུ་རྣམས་ཀྱི་སྦྱོར་བའི་རང་བཞིན་ཅན་གྱི་ནུས་པ་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འདི ་སྐད་བདག་གིས་ཞེས་པ་ཉེ་བར་སྦྱར་ཞེ་ན། གང་གི་ཕྱིར་གསང་བ་འདུས་པ་སོགས་པར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ངེས་པ་བསྟན་པ་དེའི་ཕྱིར་དྲང་བའི་དོན་དང་ངེས་པའི་དོན་གྱི་རིམ་པས་གླད་དུ་ཨོཾ་བཾ་དོན་བསྟན་པ་ཡིན་ནོ། །གཞན་དུ་མདོ་སྡེའི ་སྡེ་སྣོད་ལ་སོགས་བའི་ཆོས་ཐམས་ཅད་དུ་དེ་ལྟར་མ་ཐོང་བ་དང་འགལ་ལོ། །དེས་ན་འདི་སྐད་བདག་གིས་ལ་སོགས་པ་ཇི་ལྟར་སྦྱར་མོད་ཀྱི། འོན་ཀྱང་དོན་དུ་མ་ལྡན་ཏེ། སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་དང། རྡོ་རྗེ་མཁའ་འགྲོ་མ ་རྡོ་རྗེའི་གུར་ལ་སོགས་པའི་རྣལ་འབྱོར་མཱི?་རྒྱུད་རྣམས་སུ་བསྟན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མ་གྲུབ་པ་ལ་སྒྲུབ་པའི་ཉེས་པ་འཇུག་པར་འགྱུར་རོ། །གལ་ཏེ་འདིར་ཡང་གྲུབ་པ་སྒྲུབ་པར་གསུངས་པོ་ལ་གང་གིས་བཟློག་པར་བྱ། །ཤེས་རབ་ཅན་རང་ཉིད་ཀྱིས ་ཤེས་པར་བྱ་སྟེ། བརྡའི་དོན་ཅིའི་ཕྱིར་བྲི་བར་མི་བྱ། དེའི་ཕྱིར་འདི་ལ་ཉེས་པ་མེད་དོ། །འགྲོ་བ་མཛའ་དག་དང་ཐུན་མོང་མ་ཡིན་པའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་གཡོ་བ་མེད་པ་ཡོངས་སུ་ཤེས་པར་བྱ་སྟེ། བླ་མ་བརྒྱུད་པའི་རིམ་པའི ་མན་ངག་གིས་རང་གི་ངོ་བོ་རྟགས་པ་འབའ་ཞིག་ཏུ་བྱའི། གཞན་ཉམ་ཐག་པས་ཅི་ཞིག་བྱ། ཡང་ན་དགོས་པ་ལ་སོགས་པ་འདོད་པ་ལ་སྒྲ་གཙོ་བོའི་དོན་ལ་འདའ་པ་རིག་པ་མ་ཡིན་ནོ། །འདིར་གསང་བ་བསྟན་པར་བྱ་བ་ལ་སྒྲ་གཙོ་བོར་གྱུར་པའི་ཆོ་བསྡུད ་པར་བྱེད་པས་ཀྱང་རིགས་པས་རྙེད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་གསུང་རབ་རྣམས་ལ་འདི་སྦྱར་བར་བྱའོ། །དེས་ན་འདིར་ཡང་འདི་སྐད་བདག་གིས་ཐོས་པ་ལ་སོགས་པའི་མཚན་ཉིད་དང་པོར་སྦྱར་བ་འཐད་པ་ཡིན་ནོ། །དེ་ལྟར་དོན་ཅི ་ཡང་རུང་བ་ལེགས་བར་སྦྱར་བ་དེ་ལྟར་ཡང་ཐེ་ཚོམ་ཟ་བ་མ་ཡིན་ཏེ། སྡུད་པར་བྱེད་པ་ཉིད་ཀྱིས་ཐོས་པའི་བཤད་པའི་ཁྱད་པར་གསུངས་པས། ཐེ་ཚོམ་ཟ་བའི་མཚན་ཉིད་ཅི་ཡང་མེད་པ་ཡིན་ནོ། །འདིར་རིགས་པ་ལ་རྟོག་བཞིན་པས་ནི་གཞུང་རྒྱས་པར་? ་དོན་མེད་ཅིང་ཉམས་ཐག་པར་ཅི་ཞིག་བྱ། ཇི་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདིར་སྦས་པ་ནི་ཡོད་པ་སྟེ། འདིར་སྦས་པ་ཡོད་པ་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། བླ་མ་བརྒྱུད་པའི་རིམ་པ་ལས་པའི་ཨེ་ལ་སོགས་པའི་གསང་བ་ནི་སོད ་གྱི་བསམ་པའི་དབྱེ་བས་དེ་དང་དེ་?་སྦས་པ་ཡིན་ནོ། །དེ་བས་ན་ཤིན་ཏུ་གསང་བ་ཉིད་ནི་དེ་བཞིན་གཤེགས་པས་བསྟེན་པར་བཞེད་པ་ཡིན་ནོ། །དེ་ཤེས་པར་འདོད་ན་ཤེས་རབ་ཆེན་པོ་ནན་ཏན་དུ་བྱ་བར་འོ་སོ། །དེས་ན་ལུང་གི་འདི་དག་ཐམས་ཅད་དང་ལྡན་པ་སྟེ། ་འདིར་ཇི་ལྟ་བ་བཞིན་དུ་སྦས་པ་དེ་དོན་དང་མི་འགལ་བར་བསྟན་པར་བྱའོ། །གསང་པ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་པ་སྟེ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག ་པུ་ཉིད?་ལྷག་པའི་ལྔ། །སྒྲ་ཡི་ཆུལ?་ལས་ངེས་བྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན་ཞེས་པ་ལ། །གསང་བའི་སྒྲ་ལས་ནི་ཨེ་ལོ་ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ནི་པའོ། །མཆོག་གི་སྒྲ་ལས་ནི་ཐིག་ལེའོ། །མཁའ་འགྲོ་མའི་རང་བཞིན་གྱི་སྒྲ་ལས་ནི་མ་?། །ཡང་ཐམ་ཅད ་བདག་ཉིད་ཀྱི་སྒྲ་ལས་ནི་ཨའོ། །འདི་ཉིད་ཀྱི་ར་དང་ལྡན་པ་དང་མ་ཡའི་ཆག་དྲག་ལས་ཡི་གེ་ཤར་བྱས་ཏེ་སྦྱར་བ་དང། སེམས་དཔའ་རྡོ་རྗེ་མཁའ་འགྲོའི་སྒྲ་ལས་ཨུའོ། །ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ཏའོ། །འདི་ཉིད་ཀྱི་ཡང་མའོ། །གཅིག་པུ་ཉིད་ཀྱི་སྒྲ་ལས་ཨེ་ཞེས? ་ཐམས་ཅད་བདག་ནི?་ཀྱི་སྒྲ་ལ་སའོ། །མཆོག་གི་སྒྲ་ལས་མའོ། །ཐམས་ཅད་བདག་ཉིད་སྒྲ་ལས་ཨིའོ། །ཡང་འདི་ཉིད་ཀྱི་སྒྲ་ལས་ནའོ། །དམ་ཚིག་གི་སྒྲ་ལས་མ་ཡའོ། །མཆོག་གི་སྒྲ་ལས་ཨེ་གཟུང་བོ། །དེས་ན་དོན་ནི་འདི་ཡིན་ཏེ། ཨ་བཾ་ཡ་ཤྲུ་ཏཾ་ཨེ? ་?་ས་མ་ཡ་ཞེས་སོ། །གསང་བ་མཆོག་གིར་གྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་པ་ནི། །རྡོ་རྗེ་མཁའ་འགྲོ་བདེ་བདེ་བའི་མཆོག་།འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་དུ་ཉིད་ནི? ་ལྷག་པའི་སྟེ། །སྒྲ་ཡི་ཚུལ་ལས་ངེས་བྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན་ཞེས་ཏེ། དེ་ཉིད་ཀྱིས་ནི་ཁྱད་པར་བྱ་བ་དང་ཁྱད་པར་དག་གཅིག་ཏུ་གྱུར་པ་དེ་ཉིད་ཀྱི་དོན་གསལ་བར་བྱས་པས་ནི་ཐམས་ཅད་ལེགས་པར་གནས་པ་ཡིན། ་ཡང་ན་འདིར་ཁྱད་པར་གཞན་ཡང་ཡོད་པར་བསྟན་ཏེ། གསང་བ་ལ་སོགས་པའི་ཚིག་རྣམས་ལ་ཁམས་བཅུ་དྲུག་དུ་ལྟར་བ་དང། ཁ་སྤྱོད་ལ་སོགས་པར་གང་བསྟན་པ་དེ་ཡང་གཏན་ལ་དབབ་པར་བྱ་བ་དང། ཡི་གེ་བཅུ་དྲུག་པོས་དེའི་དོན ་བསྡུས་པ་དང། ཡང་ན་སྟོང་པ་ཉིད་བཅུ་དྲུག་ཏུ་བསྟན་པ་དང། མཆོག་ཏུ་གཉན་ལ་དབབ་པ་རྣམས་སྡུད་པ་པོས་འཆད་པར་འགྱུར་བའི་རྒྱུད་མཛའ་དག་གི་དོན་ཐུགས་ལ་བཞག་སྟེ། འདི་སྐད་བདག་གི་ཐོས་པ་ཞེས་བྱ་བ་ལ་སོགས་གསུངས་སོ། །གང་གི་ཚེ་གང ་གིས་གང་ལ་ཞེས་པའི་འདྲི་བ་ལྔས་ནི་གླིང་གཞི་བསྟན་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཨེ་བི་གི་རྣམ་པའི་ཆོས་ཀྱི་འབྱུང་གནས་ཀྱི་ཁང་པ་བརྩེགས་པའི་དབུས་སུ་བཞུགS་པ་སྟེ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ནི་ཞེས་པའི་གསང་བར་སྤྱོད་པ་དང ་སྤྱོད་ཡུལ་དུ་བྱེད་ཅིང་རྗེས་སུ་སྒྲུབ་པ་སྟེ། ལུང་ལ་ནི་རྟས་ངང་སྒྲའི་མཚན་ཉིད་རང་དབང་མ་ཡིན་པར་རིགས་སོ། །དེས་ན་གནས་དེར་འཁོར་རྣམས་ཀྱིས་ཡོང་སུ་བསྐོར་བའི་རྡོ་རྗེ་མཁའ་འགྲོ་ལས་དེའི་ཚེ་ཐོས་སོ། །ཐོས་པ་ནི་ཁོང་དུ་འཆུད་པོའི། །རྡོ་རྗེ་ནི་རྡོ་རྗེ ་སེམས་དཔའ་ཨོ། །མཁའ་འགྲོ་ནི་འགྲོ་བའི་དོན་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ། སྐད་ཀྱི་བྱིངས་རྣམས་ནི་དོན་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱར་བཞུགས་ཞེས་བྱ་བའི་ཡང་དོན་ཏོ། །དུས་གཅིག་ནི་དུས་གཅིག་གི་ཚེའོ། །དུས་གཞན་མ་ཡིན་ཞིང་ད་ལྟའི་དུས་ན་ཞེS ་པའི་དོན་ཏོ། །འདིས་ནི་སྡུད་པ་པོ་བདག་ཉིད་ཐོས་པ་མང་བ་དང་ལྡན་ཏེ། བསམ་གྱིS་མི་ཁྱབ་པའི་རྣམ་པར་ཐར་པའི་བེ་བ་རྙེད་ཅེས་པའི་དོན་ཏོ། །དོན་ནི་བཅོམ་ལྡན་འདས་ཀྱི་དྲུང་དུ་ཐོས་ཞེས་པའི་ཐ་ཚིག་གི། འདི་དག་གིས་ནི་སྟོན་པ་དང་གནས་ཕུན་སུཾ ་ཚོགས་པ་དང། བརྗོད་པ་དང། བརྗོད་པར་བྱ་བ་དང། དགོས་པ་དང། དགོས་པའི་དགོས་པ་རྣམས་བསྟན་པ་ཡིན་ནོ། །སླར་ཡང་གསང་བ་ལ་སོགས་པའི་ཚིག་ཁྱད་པར་དུ་དབྱེ་སྟེ། གསང་བ་མཆོག་གི་དགྱེས་པའི་ཁྱད་པར་ཇི་ལྟ་ཡིན ་?། ཉན་ཐོས་ལ་སོགས་པ་ལ་སྦས་པ་ཉིད་ཀྱི་ཕྱིར་གསང་བའོ། །མཆོག་ནི་ཕུལ་དུ་བྱུང་བའོ། །དགྱེས་པ་ནི་ཤིན་ཏུ་ཡིད་དགའ་བར་བྱེད་པའོ། །མཆོག་ཀྱང་ཡིན་ལ་དགྱེས་པ་ཡིན་པས་ན་མཆོག་དགྱེས་སོ། །གསང་བ་དང་མཆོག་ཏུ་དགྱེས ་པ་ནི་གསང་པ་མཆོག་དགྱེས་ཏེ་ཁྱད་པར་བསྡུ་པའོ། །དེར་རྟག་ཏུ་བཞུགས་པ་ནི་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཉིད་ཁོང་དུ་?་པའོ། །རྟག་ཏུ་བཞུགས་པ་ནི་དུས་ཐམས་ཅད་དུ་བཞུགས་ཞེས་བའི་དོན ་ཏོ། །མཁའ་འགྲོ་ཀུན་དངོས་སེམས་པ་ནི་ཞེས་པ་ནི། ཐམས་ཅད་སྐུ་དང་གསུང་དང་ཐུགས་ལས་ཡང་དག་པར་?་བ་བརྗོད་ཀྱིས་མི་ལང་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཁྱབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་སེམས་ཅན ་རྣམས་ཀྱི་དོན་ལ་ཤིན་ཏུ་བརྩོན་པའི་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་སེམས་དཔའ་ནི་སྲོག་ཏུ་གྱུར་པ་སྟེ། སྙིང་རྗེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་བདེ་བ་ནི་བླ་ན་མེད་པའི་བདེ་བ་སྟེ། འགྲོ་བ་མཛའ་དག་གི་ཡིད་ལ་རེ་བ་སྒྲུབ་པར་བྱེད་པ་ཉིད ་ཀྱི་ཕྱིར་རོ། །འདིར་ནི་?་བྱུང་ཞེས་པ་ལ། །རང་བྱུང་བར་གྱུར་པས་རང་བྱུང་ངོ། །ཡང་ན་གང་གི་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་བདེ་བ་ལ་གོམས་པས་རང་སྐྱེ་བར་འགྱུར་ཞིང། སེམས་ཅན་དེ་ལྟ་བུར་གྱུར་པ་འབྱུང་བར་འགྱུར་བས་ན་རང་ ་བྱུང་ངོ། །གཅིག་པུ་ཉིད་ནི་ལྷག་པའི་ལྷ་སྟེ། མཆོག་ཏུ་བཙུན་པར་རྟོགས་པའི་ཕྱིར་དང། གདུལ་བྱའི་སེམས་ཅན་སྣ་ཚོགས་པའི་སྤྱོད་པའི་འཇིག་རྟེན་གྱི་ཁམས་སུ་འཁྲུང་བའི་ཕྱིར། དེས་ན་བཅོམ་ལྡན་འདས ་ཉིད་ལྷག་པའི་ལྷའོ། །བཅོམ་ལྡན་འདས་ཞེས་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་སྦྱོར་བའམ། །ཉོན་མོངས་པ་ལ་སོགས་པའི་བདུད་བཅོམ་པའམ། ཡང་ན་ཤེས་རབ་ཀྱིས་ཉོན་མོངས་འཇོམས་པ་སྟེ། དེའི་ཕྱིར་ཤེS་རབ ་ལ་འཇོམས་པ་ཞེས་བྱ་སྟེ། གང་ལ་དེ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཞེས་བྱའོ། །སྒྲའི་ཚུལ་ལས་ངེས་འབྱུང་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་རང་བཞིན་སྒྲའི་ཚུལ་གྱི་ཧཱུཾ་གི་ཡི་གེའི་རང་བཞིན་སྔགས་དང་ལྷ་དག་དབྱེར་མེད་པ་ལས ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ། སྐུ་གསུམ་གྱི་རང་བཞིན་གྱིས་འགྲོ་བ་གདུལ་པའི་ཕྱིར། སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཏེ། ཐམས་ཅད་དུ་སོན་པའི་རང་བཞིན་ཉིད་ཀྱིས་དེ་ལྟར་ཐམས་ཅད་ངེས་པར་འབྱུང་བར་བྱེད ་པའི་དོན་ཏོ། །ཡང་ན་མངོན་པར་རྟོགས་པའི་རིམ་པ་བསྟན་པ་ཉིད་དོ། །ད་ནི་གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཁྱ?་ད་དུ་བྱ་སྟེ། རྟག་ཏུ་ནི་དུས་ཐམས་ཅད་དུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །འགྲོ ་ཤིང་འབྱུང་བས་ན་རྡོ་རྗེ་མཁའ་འགྲོ་སྟེ།། དེ་ནི་ནམ་མཁའ་འགྲོ་བ་སྟེ། སངས་རྒྱས་ཁམས་སུ་རྣམ་པར་བསྟན་ཞེས་གསུངས་སོ། །རྡོ་རྗེ་ནི་མི་ཕྱེད་བའི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་དང་དམ་ཚིག་ཉིད་དོ་ཞེས་པའོ། ཡང་ན་རྡོ་རྗེ་མཁའ་འགྲོའི་སྒྲས་ཀླ་ཀློའི་སྐད་དུ ་བསྟན་པའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་རྣམ་པར་ཐར་པ་བཞི་དང་ལྡན་པ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཞལ་བཞི་པར་འབྱུང་པར་འགྱུར་བའི་དོན་ཏོ། །གང་དུ་གནས་ཞེས་གསུངས་པ་ལ ་གསང་བ་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མཆོག་སྟེ་ཕུལ་དུ་བྱུང་བའོ། །སླར་ཡང་ཁྱད་པར་དུ། བྱ་སྟེ། དགྱེས་ནི་དགའ་བ་ལ་སྦྱོར་བའོ། །ཐམས་ཅད་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སོང ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཡང་ན། གསང་བ་ས་ཡི་ཁམས་ཡིན་ཏེ། མཆོག་ནི་ཆུ་ཡི་ཁམས་ཡིན་ནོ། །དགྱེས་པ་མེ་ཡི་ཁམས་ཡིན་ཏེ། ཐམས་ཅད་བདག་ཉིད་རླུང་གི་ཁམས། །རྟག་ཏུ་བཞུགས་བ་ནམ་མཁའ་ཨི་ཁམས། །ཡང་ན་རྡོ་རྗེ་སེམས ་དཔའ་དང། བདེ་བར་གཤེགས་པ་ལྔའི་རང་བཞིན་ཉིད། །གསང་བ་རྣམ་བར་སྣང་མཛད་དེ། །མཆོག་ནི་རིན་ཆེན་འབྱུང་ལྡན་ནོ། །དགྱེས་པ་འོད་དཔག་མེད་པ་སྟེ། ཐམས་ཅད་བདག་ཉིད་དོན་ཡོད་གྲུབ། །རྟག་ཏུ་མི་བསྐྱོད་པ་ཡིན་ཏེ། །བཞུགS་པ ་རྡོ་རྗེ་མཁའ་འགྲོའོ། །ཡང་ན་དགའ་ལ་སོགས་པ་ནི། །བཞི་ཡི་རིམ་བ་ཇི་བཞིན་ནོ། །ཡང་ན་སྣ་ཚོགས་ལ་སོགས་པའི། །སྐད་ཅིག་བཞི་རུ་སྦྱར་བར་བྱ། །ཡང་ན་རྣལ་འབྱོར་བཞི་དང་ནི། །མྱུར་བ་ལ་སོགས་སྐད་ཅིག་བཞི། །ཡང་ན་རིན་རྡོ་རྗེར་གསུངས ་ཡི་གེ་ཧཾ?་ནི་པདྨར་བརྗོད། །གང་ཡང་འདི་དག་འདུས་པ་ནི། །བྱང་སེམས་ནི་བརྗོད་པར་བྱ། །ཚིག་གཞན་དག་ཐམས་ཅ་དནི། །དེའི་ཁྱད་པར་དུ་གནས་པ་ཡིན་ནོ། །བདེ་བའི་མཆོག་ཅེས་པ་ནི། སེམས་ཅན་ཐམས་ཅད་དང་ཐུན?་མོང་གི་ཚུལ་ཡོད་པའི་བདེ ་བཞེས་པའོ། །དེའི་དོན་ཁྱད་པར་དུ་བྱེ་བ་ནི་མཆོག་གོ་།ལུས་ལ་ནི་རྟག་དང་སྒྲའི་མཚན་ཉིད་རང་དབང་མ་ཡིན་པར་རིགས་སོ། །མཆོག་ཏུ་བདེ་བ་ནི་འགྲོ་བ་མཛའ་དག་དང་ཐུན་མོང་མ་ཡིན་པ་མྱང་ངན་ལས་འདས་པ་སྟེར་པ་ཉིད་ཀྱི་ཕྱིར་རོ། །དེས་ན་གཅིག ་པུ?་ཉིད་དུ་ལྟག?་པའི་ལྟའོ?། །གདུལ་བྱའི་སྐྱེ་བོ་རྣམས་སྒོམ་པའི་རྗེས་སུ་སྒྲུབ་པ་ལ་སྟོན་པར་བྱེད་པས་ན་སེམས་པའོ། །ཡང་ན་སེམས་པ་ལ་སྦྱོར་བའི་ཕྱིར་སེམས་དཔའ་ཨོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་རང་ཉིད་འབྱུང་བས་མཛད? ་འབྱུང་ངོ། །ཡང་ན་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་རང་འབྱུང་ངོ། །ཡང་ན་དབང་བཅུ་བརྙེས་པ་ཉིད་ཀྱི་ཕྱིར་ན་རང་འབྱུང་ངོ། །མཁའ་འགྲོ་མ་ཀུན་གྱི་དངོས་པོ་ནི་རྣལ་འབྱོར་མ་ཐམས ་ཅད་ཀྱི་རང་བཞིན་ཏེ། སྤྱན་མ་ལ་སོགས་པ་དེའི་རང་བཞིན་ཞེས་པའི་དོན་ཏོ། །འདིས་ནི་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་བཞི་བསྟན་པ་ཡིན་ནོ། །ཡང་ན་མཁའ་འགྲོ་མའི་སྒྲས་ནི་ལུས་པ་གནས་པའི་རྩའི་འཁོར་ལོའོ། །དེའི་རང་བཞིན་ནི་ཀུན ་རྫོབ་བྱང་ཆུབ་སེམས་ཀྱིས་ངོ་བོ་སྟེ། དེ་ཉིད་ཀྱིས་ན་སེམས་པའོ། །འདིས་ནི་གསང་བའི་དབང་སྐྱེད་པ་ཉིད་དུ་བསྟན་ནོ། །ཡང་ན་ཤེས་རབ་ཡེ་ཤེས་ཉིད་ཀྱིས་གཉིས་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་བ་ཉིད་ཀྱིས་ཁམས་གསུམ་པ་རོ་གཅིག་པ ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་དག་ནི་རྟོགས་པར་སླ་བར་བཤད་པ་སྟེ། གསང་བའི་ཚིག་ཙམ་གྱི་དོན་མ་ལུས་པ་རབ་བཤད་པ་ཡིན་ནོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལོའུ?་དང་པོའི་གསང་བའི་བཤད་པའོ།། །།དང་པོར ་རྣམ་པར་སྣང་མཛད་གནས། །ཞེས་པ་ནི་དང་པོར་ཨོཾ་གནས་པའོ། །དེ་ལ་སྡེ་ཚན་མཧཱ་མ་སྦྱར་ཞེས་པ་ནི། ཨོཾ་དེའི་མཛའ་མར་སྡེ་ཚན་བརྒྱད་པའི་མཛའ་མ་ཧ་སྦྱར་བར་བྱའོ། །ཧབ?་དག་ནི་མཛའ་མ་ལ། །རི་ཁྲོ་བདག་གིS་བལྟ་བར་བྱ་ཞེས་པ་ནི། ཏའི་སྡེ་ཚན ་དང་པའི་སྡེ་ཚན་གྱི་མཛའ་མར་གནས་པའི་ན་དང་མ་སྟེ། དེའི་མཐར་བདག་གིས་ཧ་བལྟ་བར་བྱའོ། །གསུམ་པ་མདའ་ཡིས་སྤྱི་བོར་བརྒྱན། །ཞེས་པ་ནི་དབྱངས་ཡིག་གསུམ་པའི་ཨི་དེས་བརྒྱན་ཞེས་བའི་དོན་ཏོ། །མཛའ་རུ་ས་ཞེས་པ་ནི། མཛའ་རུ་ས་སྒྱུར? ་བའོ། །ལ་ཤ་དག་གིས་དབུས་ཀྱི་བདན་ཞེས་པ་ནི། ལ་དང་ཤ་དག་གི་དབུས་སུ་གནས་པའི་ཡི་གེ་ཝ་དེ་གང་གི་གདན་དུ་སྦྱར་ཞེས་པའི་དོན་ཨོ། །མདའ་གཉིས་པ་ཡིས་ཡོངས་སུ་དག་ཅེས་པ་ནི། དབྱངས་ཡིག་གཉིས་བ་དང་སྤེལ་བས་ཡོངས་སུ་མཉེས་པར ་བ་ཞེས་པའི་དོནྟོ། །རི་ཁྲོད་ཨའི་མདའ་སྟེང་གནས་ཞེས་པ་ནི། རི་ཁྲོད་ནི་ཧའོ། །དེ་ཡང་དབྱངས་ཀྱི་ཡི་གེ་མདའ་དང་ལྡན་པའི་དོན་ཏོ། །སླར་ཡང་རི་ཁྲོད་མདའ་ལྔའི་གདན་ཞེས་ནི། སླར་ཡང་ཧ་ཨུའི་གདན་ལ་གནས་པའི་དོན་ཏོ། །ཟླ་ཕྱེད་ཐིག ་ལས་བརྒྱན་པ་སྟེ་ཞེས་པ་ནི། ཟླ་བ་ཕྱེད་པ་དང་ཐིག་ལེས་མཛེས་པར་བྱས་ཞེས་པའི་དོན་ཏོ། །ལ་ཤའི་དབུས་སུ་གནས་པ་ས་བོན་ཞེས་པ་ནི། ལ་དང་ཤའི་དབུས་སུ་གནས་པའི་ས་བོན་ཞེས་བའི་དོན་ཏོ། །བཅུ་པའི་མདའ་ཡིས་ཡོངས་སུ་དག་ཞེS ་པ་ནི། དབྱངས་ཡིག་བཅུ་པོ་ཨའུས་བརྒྱན་པར་མགུ་བར་བྱ་ཞེས་བའི་བར་དུའོ། །ཤ་དང་སའི་དབུགས་གནས་པ་ཞེས་པ་ནི། ཤ་དང་སའི་དབུཌ་གནས་པའི་ཥ་ཞེས་བའི་དོན་ཏོ། །ཞལ་གསུམ་པ་ཞེས་པ་ལ་ཞལ་གསུམ་པ་ནི་ཏའོ། །རླུང་གི་གཉིས་པ ་དྲག་བོས་བརྒྱན་ཞེས་པ་ལ་རླུང་གི་ཡའོ། །དེའི་གཉིས་པ་ནི་ཤའི་སྡེ་ཚན་ཏེ། དེའི་མཛའ་མའི་ཧ་དབྱངས་ཡིག་བཅུ་གཅིག་པས་བརྒྱན་ཞེས་པའི་དོན་ཏོ། །ཧཱུཾ་ཧཱུཾ་དང་ནི་ཧ་རྙེད་པ་ཞེས་པ་ནི། ཧཱུཾ་ཧཱུཾ་ཧ་བླང་ཞེས་པའི་དོན་ཏོ། །དགུ་བ་མདའ་ཡོངས་སུ་བརྒྱན་ཞེས་བ་ནི ་ཨོཾ་དང་ཡང་དག་པར་ལྡན་ཞེས་པའི་དོན་ཏོ། །ཕཊ་ཀྱི་ཡི་གེ་རྙེད་པ་ཞེས་པ་ནི། ཡི་གེ་ཕཊ་བླང་བ་ཉིད་ཉིད་དོ། །ལྷག་མ་ཧ་ཞེས་པ་ནི་སྡེ་ཚན་གྱི་ལྷག་མ་སྟེ། མཛའ་ན་གནས་པའི་ཧའོ། །ཚིག་གི་ཁ་བསྐང་ཞེས་པ་ནི་ཧ་ལ་ཨོཾ་སྦྱར?་ཞེས་པཱི ་དོན་ཏོ། །འདིས་ནི་འཁོར་ལོ་སྒྱུར་བ་དྲུག་གི་སྔགས་བཏུ་པ་བསྟན་པ་ཡིན་ནོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ོཾ་ཧ་ན་མ་ཧི་སྭ་ཧཱ་ཧཱུཾ་བཱུཾ་ཤད་ཧེ་ཧཱུཾ་ཧཱུཾ་ཕཊ་ཧཾ་ངོ། །ལྔ་པའི་དབུས་གནས་དེ་ཁོ་ན་ཞེས་པ་ནི་སྡེ་ཚན་ལྔ་པའི་དབུས་སུ་གནས་པའི་བའོ། །ཡི་གེ་ཧ་དང ་ཡོའང་སྦྱར་ཞེས་པ་ནི། ཡི་གེ་ཧ་ཡོ་བཏུ་བའོ། །རི་ཁྲོད་ར་ལ་ཞོན་པ་སྟེ་ཞེས་པ་ནི། ཡི་གེ་ཧ་ར་ལ་གནས་པའོ། །ིའོ་མདའ་ནི་སྤྱི་བོར་གནས་ཞེས་པ་ནི། ཡི་གེ་ཨི་མགེར་ཡང་དག་པར་གནས་ཞེས་པའི་དོན་ཏོ། །སླར་ཡང་བ་སྡེའི་མཛའ་མ་ལ། །ཞེS་པ ་ནི་ཡང་པའི་སྡེ་ཚན་གྱི་མཛའ་མའི་གཟུང་བའོ། །དགུ་པའི་མདའི་ཡོངས་སུ་བརྒྱན་ཞེས་པ་ནི། ཨོའུ་དབྱངས་ཡིག་དང་ལྡན་པའོ། །རི་ཁྲོད་འདི་ཉིད་ལ་ཞོན་པ་ནི། ཏའི་ཡི་གེ་དེ་ཉིད་ར་ལ་རྟེན་པའོ། །རྣ་བ་རུ་ནི་ཨེ་ཡིས་བརྒྱན་ཞེས་པ་ནི ་ཡི་གེ་ཨེས་མགོའི་གྲཝར་བརྒྱན་པའི་དོན་ཏོ། །རི་ཁྲོད་ར་ལ་ཞོན་པས་མཛེས། །ི་མདའ་ཟླ་ཕྱེད་ཐིག་ལེས་བརྒྱན། །ཞེས་པ་ནི་ཡི་གེ་ཧ་ར་ལ་བརྟེན་པ། །དབྱངས་ཡིག་ཨིས་བརྒྱན་ཅིང་ཟླ་བ་ཕྱེད་པ་དང་ཐིག་རེས་བརྒྱན་པས་མཛེས་ཞེས་པའི་དོན་ཏོ། །སླར ་ཡང་རི་ཁྲོད་མདའ་ལྔས་སྦྱར། ཟླ་ཕྱེད་ཐིག་ལེ་ཅོད་པན་ནོར་ཞེས་པ་ནི་སླར་ཧ་དབྱངས་ཡིག་ཨུ་དང་ལྡན་པས་བཏུ་བའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཟླ་བ་ཕྱེད་པ་དང་ཐིག་ལེའི་ནོར་བུ་དེ་ཉིད་ཀྱིས་དེ་ལ་སྦྱར་བའི་དོན་ཏོ། །སླར་ཡང་མཛའ་དག་དེ་ཉིད་མགོན་ཞེས ་པ་ནི། སླར་ཡང་མཛའ་དག་གི་དེ་ཁོ་ན་མཆོག་སྟེ་ཧཱུཾ་ངོ། །དེ་ཉིད་ཀྱིས་མགོན་པོའོ། །མཛའ་མར་ཕཊ་ཀྱིས་རིན་ཆེན་བརྒྱན་ཞེས་པ་ལ། ཕཊ་ནི་ཀླུའི་རིན་པོ་ཆེ་འདྲ་བ་སྟེ། ཐ་མར་ཕན་ཉིད་འགྱུར་སྦྱར་ཞེས་པའི་དོན་ཏོ། །རྣམ་པར་སྣང་མཛད་ཀྱི་གོ་ཆ་བཞིན། །སྣ་ཚོཌ ་ཚིག་ནི་ཁ་བསྐང་བྱ། །ཞེས་པ་ནི། དེའི་རྗེས་སུ་ཚིག་ཐམས་ཅད་ལ་ཁ་བསྐངས་པས་རྫོགས་པར་བྱ་བའི་དོན་ཏོ། །གང་གིས་ཞེ་ན་ཁ་བསྐང་བའི་ཆོ་གསོ། །སྔོན་དུ་གསུངས་པའི་ཐུན་མོང་གི་ཆོ་གར་བལྟ་བར་བྱ་སྟེ། དེའི་རྗེས་སུ་རེ་ཤིག་དང་པོར་ཨོཾ་དང་ཐམས་ཅད ་གྱི་མགོང་ཟླ་བ་བྱེད་པ་དང། ཐིག་ལེས་བརྒྱན་པར་བྱ་བའི་དོན་ཏོ། །འདིས་ནི་རྣལ་འབྱོར་མ་དྲུག་གི་སྔགས་བཏུབ་བསྟན་ཏོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨ?་བཾ་ཧཱཾ་ཡོཾ་ཧྲཱི་མཱོཾ་ཧྲཱི་ཧྲཱིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། །སྔོན་དུ་བསོགས་མཛའ་རུ་ནི་ར་དང་མཉམ་པ་ལན་གཉིས ་བཟླས་ཞེས་པ་ནི། དང་པོ་ཁོ་ནར་ཀ་རའི་མཛའ་དང་ལྡན་པར་སྦྱར་བ་ལན་གཉིས་སུ་བཟླས་པར་བྱ་བའི་དོན་ཏོ། །ཀུ་རུ་ཀུ་རུ་སེམས་ཅན་སྦྱོར། ཞེས་པ་ནི་སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱར་བར་བྱེད་པའོ། །བན་ད་ཅོད་པན་མཛེས་པ་ཆིངས། །ཞེས་པ་ནི་མགོར་? ་ཅོད་པན་མཛེས་པ་ཆིངས་ཤིག་ཅེས་པའི་དོན་ཏོ། །སླར་ཡང་འདི་ནི་བཟླས་པར་བྱ་ཞེས་པ་ནི་བན?་དང་ཞེས་པའི་སྒྲའི་གཟུགས་འདི་ཉིད་སླར་བཟླས་བ་སྟེ། ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཏྲས་བརྫུན་པའི་འཇིག་རྟེན་སྐྲག་།གཟུགས་བྲལ་བདེན ་དངོས་འདི་ནི་བཟླ་ཞེས་པ་ནི། འཇིག་རྟེན་བརྫུན་སྐྲགས་པར་བྱེད་པའི་གཟུགས་དང་བྲལ་བའི་བདེན་པའི་དངོས་པོ་སྟོང་བ་ཉིད་གསུངས་བ་ཡང་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཀ་ཤ་ཨོའི་མདའ་དང་ལྡན་ཞེས་པ་ནི། ཡི་གེ་ཀྵ་ཨོའི་དབྱངས་ཡིག་དང ་ལྡན་པར་བྱ་བའི་དོན་ཏོ། །བྷ་ཡ་གློ་རུ་ཡང་དག་གནས། །ཞེས་པ་ནི། བ་ཡི་སྒྲ་གློ་རུ་གནས་པར་བྱ་བའོ། །སླར་ཡང་འདི་ནི་བཟླས་པར་བྱ་ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་ཉི་མའི་གདན་ལ་བཞུགས་ཞེས་པ་ནི། ཡི་གེ་ཧ ་རའི་སྟན་ལ་གནས་ཞེས་པའི་དོན་ཏོ། །བཅུ་པའི་མདའ་དང་ཟླ་ཕྱེད་དང་ཐིག་ལེ་ཡིས་ནི་ཡོངས་སུ་བརྒྱན་ཞེས་པ་ནི། དེ་ཉིད་ཨོ་དང་ཟླ་བ་ཕྱེད་པ་དང་ཐིག་ལེས་ཡོངས་སུ་རྫོགས་པར་བྱ་ཞེས་པའི་དོན་ཏོ། །འདི་ཉིད་སླར་ཡང་བཟླས་པར་བྱ་ཞེས་པ་ནི་འདི་ཉིད ་ཡང་བརྗོད་པ་སྟེ། ལན?་གཉིས་སུ་བཟླས?་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་ཉིན་གཅིག་ལྡན་ཅིག་བས། ཡོངས་བརྒྱན་ཆོག་དྲག་ཡང་དག་གནས་ཞེས་པ་ནི། ཡི་གེ་ཧ་ར་ལ་རྟེན་ཅིང་ཚིག་དང་ལྷན་ཅིག་པ་བཅུ་བ་ཞེས་པའི་དོན་ཏོ། །ཉིས་འགྱུར་བྱ་ཞེས་པ་ནི ་ལན་གཉིས་སུ་བཟླས་པར་བྱ་ཞེས་བའི་དོན་ཏོ། །ཕེ་ཞེས་པའི་སྟེང་དུ་ནི། ཟླ་བ་བཞོན་པའི་ཐིག་ལེར་སྦྱར་ཞེས་པ་ནི། ཡི་གེ་ཕེའི་སྟེང་དུ་ཟླ་བ་ཕྱེད་པ་དང་ཐིག་ལེར་སྦྱར་ཞེས་པའི་དོན་ཏོ། །སླར་ཡང་བཟླས་པར་བྱ་བ་ཡིན་ཞེས་པ་ནི་སྔོན་བཞིན་དུ་ཡང་བཟླས? ་བ་བྱ་བའི་དོན་ཏོ། །ཕཊ་ཕཊ་སྒྲའི་བསྒྱིངས་ཏེ་མཛེས་ཤེས་པ་ནི་ཕཊ་ཕཊ་ཅེས་པས་བརྒྱན་པ་གོང་མ་དང་སྦྱར་བར་ཞེས་པའི་དོན་ཏོ། །ད་ཏ་དེ་ཧ་ལག་མཁའ་འགྲོ་སྡོམ་མ་ལུས་རྣམ་རྟོག་ཤིང་ནི་སྲེག?་ཞེས་པ་ནི། །ད་ཏ་ད་ཏ་མཁའ་འགྲོ་མའི་སྡོམ་པ་སྟེ། རྣམ ་པར་རྟོག་བ་མ་ལུས་པའི་ཤིང་སྲེག་པའི་དོན་ཏོ། །སྡེ་ཚན་ལྔ་པ་གཉིས་དང་ལྡན་ཞེས་བ་ནི་སྡེ་ཚན་ལྔ་པའི་པ་དང། སྡེ་ཚན་གཉིས་པའི་རྩ་དང་ལྡན་པའི་དོན་ཏོ། །སྡེ་འདི་དག་གི་གཙོ་བོ་ནི། སླར་ཡང་བཟླས་པར་བྱ་བ་ཡིན། ཞེས་བ་ནི ་སྡེ་ཚན་དེ་དག་གི་ཡི་གེ་གཉིས་པོ་གཙོར་ར་གྱུར་པ་སླར་ཡང་བཟླས་པར་བྱ་ཞེས་པའི་དོན་ཏོ། །བྷཀྵ་བྷ་ཀྵ་བ་ས་རུ་དྷི་ར་ཨ་ན་ཏྲ་མཱ་ལཱ་བཾ་ལཾ་བྷི་ནི་ཞེས་པ་ནི། བྷཀྵ་བྷཀྵ་ཞེས་པ་ལ་སོགས་པ་བསྡུས་ཏེ་བཏུ་བར་བྱ་ཞེས་པའི་དོན་ཏོ། །གྲིཧྣ་གྲིཧྣ་ས་པ་ཏ་བ་ཏ་ལ ་ག་ཏཱ་བྷུ་ཛ་ག་ས་བཾ་བྷ་ཞེས་པ་དང། ཏར་ཛ་ཡ་ལན་གཉིས་བཟླས་པར་བྱ་ཞེས་པ་ནི། ཏ་ར་ཛའི་ཚིག་ལན་གཉིས་སུ་བསྒྲེ་བར་བྱ་ཞེས་པའི་དོན་ཏོ། ། དང་ཀ་སྟེ་གསུམ་པ་དང། བཞི་པའི་ཚིག་ལ་ཡང་དག་གནས། ཞེས་པ་ནི་ཡིག་ཨ་དྲང་སྡེ་ཚན་གསུམ ་པའི་ཌ་དང་འདི་ཉིད་ཀྱི་བཞི་པ་ཌཱ་ཡིའི་ཚིག་ལ་གནས་པའི་དོན་ཏོ། །སྦྱོར་བ་འདི་བཟླས་པར་བྱ་ཞེས་པའི་དོན་ནི་ལན་གཉིས་སུ་གདོན་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་མའི་གདན་ལ་གནས་ཞེས་བ་ནི། ཡི་གེ་ཧ་ར་རྟེན་པའི་དོན་ཏོ། བཞི་པའི་མདའ་ཡིས་ཡོངS ་སུ་རྫོགས་ཞེས་བ་ནི་བཞི་པའི་དབྱངས་དང་ལྡན་པའི་དོན་ཏོ། །སླར་ཡང་བཟླས་པར་བྱ་བ་ཡིན་ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཀ་ཤ་སྡེ་ཚན་ལྔ་པ་ཡི། །མཛའ་ཨི་གདན་ལ་ཡང་དག་གནས་ཞེས་པ་ནི། ཡི་གེ་ཀྵ་སྡེ་ཚན་ལྔ་པའི ་མཛའ་མ་མའི་གདན་ལ་གནས་པའོ། ། དང་ཐིག་ལེར་ཡང་དག་ལྡན་ཞེས་པ་ནི། ཨའི་དབྱངས་ཡིག་དང་ཐིག་ལེ་དང་རབ་ཏུ་ལྡན་ཞེས་པའོ། །འདི་ནི་བཟླས་པར་བྱ་བ་ཡིན་ཞེས་བྱ་བ་ནི་འདི་བཟླས་པར་བྱ་ཞེས་པའི་དོན་ཏོ། །སླར་ཡང་རི་ཁྲོད་ཞེས་བྱ་བ། ་གཉིས་པའི་མདའ་དང་ཡང་དག་ལྡན། །ཞེས་པའི་ཡི་གེ་ཧ་དང་དབྱངས་ཡིག་གཉིས་པ་དང་ལྡན་ཞེས་པའི་དོན་ཏོ། །སླར་ཡང་གསུངས་པའི་མདའ་ཡིས་ནི། །རི་ཁྲོད་ཡོངས་སུ་བརྒྱན་པའོ། །ཞེས་པ་ནི་དབྱངས་ཡིག་གསུམ་པས་ཡོངས་སུ་རྫོགས་པའི་ཧ་ཞེས ་པའི་དོན་ཏོ། །སླར་ཡང་རི་ཁྲོད་ཞེས་བྱ་བས། །ལྔ་པའི་མདའ་ཡིས་གདན་དུ་བྱས། །ཞེས་པ་ནི་སླར་ཡང་ཡི་གེ་ཧས་དབྱངས་ཡིག་ལྔ་པ་གདན་དུ་བྱས་ཞེས་པའི་དོན་ཏོ། །འདི་དག་ཐམས་ཅད་ཟླ་ཕྱེད་དང། ཐིག་ལེ་ཅོད་པན་གྱིས་ནི་བརྒྱན་ཞེས་པ་ནི ་འདི་དག་ཐམས་ཅད་ཇི་ལྟར་གསུངས་པའི་བཞིན་དུ་ཟླ་བ་ཕྱེད་པ་དང་ཐིག་ལེ་ཅོད་པན་དུ་བརྒྱན་ཞེས་པའི་དོན་ཏོ། །འདི་དག་སླར་ཡང་བཟླས་པར་བྱ་ཞེས་པ་ནི། འདི་དག་ཐམས་ཅད་ཡང་དང་ཡང་དུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཀ་ས་ཙ་དྷི ་ཨི་མདའའཆང་ཞེས་བ་ནི་ཡི་གེ་ག་དང་ས་ཙ་དང་དྷ་རྣམས་དབྱངས་ཡིག་ཨི་འཆང་ཞེས་པའི་དོན་ཏོ། །རེ་རེ་བཞིན་དུ་ལིའི་མཛའ་ཞེས་པ་ནི་རེ་རེ་བཞིན་དུ་ལིའི་སྒྲའི་མཛའ་དང་ལྡན་ཞེས་པའི་དོན་ཏོ། །འདིའི་རང་བཞིན་སླར་ཡང་བཟླས་ཞེས་པ་ནི་ཡང ་དང་ཡང་དུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །རི་ཁྲོད་ཨུ་ཡི་མདའ་ལ་ཞོན། །ཟླ་བ་ཕྱེད་དང་ཐིག་ལེར་ལྡན། །སླར་ཡང་ཡོངས་སུ་བཟླས་པར་བྱ། །ཞེས་པ་ནི་ཡི་གེ་ཧ་དང་དབྱངས་ཡིག་ལྔ་པ་ཨུ་ལ་རྟན་པ་དང། ཟླ་བ་ཕྱེད་པ་དང་ཐིག་ལེ་དན་ལྡན་པ་ལན ་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ། །ཕཊ་ཀྱི་རིན་ཆེན་རབ་ཏུ་བསྒྲུབ། །རྣམ་པ་དུ་མཱི་ཆ་དང་ནི། །ཆ་མེད་མེ་ཏོག་ཡང་དག་བླང། །ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཆ་དང། །ཆ་མ་ཡིན་པའི་མེ་ཏོག་བླངས་ཏེ་ཕཊ་ཀྱི་མཛའ་ཅན་ཀྱི་སྔགས་ཀྱི་རྒྱལ ་པོ་རབ་ཏུ་བསྒྲུབ་ཞེས་པའི་དོན་ཏོ། །འདིས་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་ཚོགས་གང་ཞིག་ཀླུའི་རྣམ་འཕྲུལ་གྱི་བཏུས་ཏེ་བསྟན་པ་ཡིན་ནོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བན་དྷ་བན་དྷ། ཏྲ་ས་ཡ་ཏྲ་ས་ཡ། ཀྵོ་བྷ་ཡཀྵོ་བྷ་ཡ། ་ཧྲཱཾ་ཧཱཾ་ཧཱ་ཧཱ:ཕེཾ་ཕེཾ་ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ་བྷཀྵ་བྷཀྵ། བ་ས་རུ་དྷ་རེ། ཨན་ཏྲ་མཱ་ལན་བ་ལཾ་བི་ནེ། གླིཧྣ་གྲིཧྣ་ས་པ་ཏ་ལ་ག་ཏ་བུ་ཛི་ག་ས་བཾ་བྷ་ཏ་ར་ཛ་ཡ་ཏ་ར་ཛ་ཡ། ཨ་ཀ་བྷཡ་ཧྲཱིཾ་ཧྲཱི་ཀྵྨཱཾ་ཀྵྨཱཾ་ཧཾ་ཧཾ་ཧི་ཧི་ཧུཾ་ཧུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ་སྔག? ་ཀྱི་རྒྱལ་པོ་འདི་དང་རྒྱུད་དུ་གསུངས་པའི་རབ་ཏུ་སྦྱོར་བ་ལས་ཀྱི་ཚོགས་བརྒྱ་བྱའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གཉིས་པའི་སྔགས་བཏུ་བའི་བཤད་པའོ།། །།རྐང་པ་བརྒྱད་པའི་སྔགས་དང་བཙན་ཐ་མས?་ཀྱི ་གཟུངས་དང། སྤྱན་སེར་ཅན་གྱི་སྔགས་ལྷན་ཅིག་པར་གཏོགས་བ་རྒྱུད་དུ་བསྟན་པ་དེ་བཞིན་བཏུ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་བ་ཏེ་བི་རེ་ཤཱ་ཡཱ། མ་ཧཱ་ཀ་ལ་པཱ་གནི་སི་ནི་བྷཱ་ཡ། ཛ་ཏྲ་མ་ཀུ་ཊོད་ཀ་ཊཱ་ཡ། དཾཥཏ་ཀ་རའོ་གྲ ་བྷཱ་ཤ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷ་སུ་ར་ཡ། པ་ར་ཤུ་པཱ་ཤོད་དྱེ་ཏ་ཤུ་ལ་ཁ་ཏྭཾ་གྷ་བྷཡ་རི་ནི། བྱ་གྷྲ་ཛི་ནཱ་མ་བྷ་དྷཡ་ར་མ། མ་ཧཱ་དྷུ་མ་མྲཱ་ཡན་དྷ་ཀ་ར་བ་པུ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།། །དེ་ལ་བཙན་ཐབས་ཀྱི་གཟུངས་ནི་འདིའོ། །ཱ་ཌཌེ་བ་ཌཌེན ་?་ཀུན་ཐ་ཀ་ཐར་ཀེ་ཏ་རུ་བི་ཏ་རུ་བེ་ན་ཊཱ་ཀེ་ལི་ལི་ལུ་ལུ་ཧི་ལི་མི་ལི་ཏི་ལི་སི་ལི་སི་ལི། ། ཨ་ཐེ་བ་ཐ་ཀུ་ན་ཐེ། ཨ་ན་པ་ཏི། དྷ་ན་པ་ནི་ཀ་སེ་གྷ་སེ་གྷ་སེ་མ་ཏ་གྷ་ས་གྷ་ས་གྷེ་སེ་སྭཱ་ཧཱ། ཨོཾ་བཾ་ག་ཙ་ལཱ་ཀྵ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་པ་ནི་སྤྱན་སེར་ཅན་གྱི ་སྔགས་སོ། །གང་དུ་?་ཞེ་ན། ཨ་མོ་ཧེ?་ཞེས་པ་ལ་སོགས་པའོ། །ཧི་མ་བན་ད་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། ས་ལ་ཁྲུ་གད་ཙམ་བརྐོས་ནས་དེའི་འོག་གི་ས་བླངས་ཏེ་ལན་བདུན་དུ་མངོན་པར་སྔགས་ཏེ། །དབུགས་མི ་འབྱིན་པར་ཁང་པའི་སྟང་གཏོར་མ་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །བྷ་ས་བ་ཏོ་ལ་ཨི་མ་ཊཊི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་མཐར་གང་གསུངས་པ་ནི་བ་ལང་གི་གདོང་ཅན་གྱི་སྦྱོར་བའོ། །ཁྱུ་མཆོག་གི་རྭས་ས་གཏོར་བ་བར་སྣང ་ལས་མྱུར་བར་བླངས་ཏེ་ཞེས་པ་ནི། ཁྱུ་མཆོག་རང་ཉིད་ཀྱི་རྭས་བརྐོས་པ་གང་ཡིན་པ་དེ་ཉིད་བླང་བར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ངེས་པར་དཀྲུགས་པ་དང། མ་དཀྲུགས་པའི་རིམ་པས། །སྦྱོར་བ་རྟོགས་པར་བྱའོ། །སྔགས་ཀྱང་དེ་བཞིན་ནོ།། ་དེ་ལྟར་གཞན་དག་ཀུན་ནི་རྟོགས་པར་སླའོ། །བཀས་སྤྲིན་བཟློག་འགྲུབ་ཞེས་པ་ནི། ཨིན་ད་སྲ་ཏི་ཎྞ་ཛཏ་ཨ་ཨི་ཞེས་པ་ལ་སོགས་བའི་སྔགས་ཀྱིས་སོ། །ཀ་ར་བི་རཱི་ལྕུག་མ་ལ་ལག་པའི་ཚད་ཙམ་བླངས་ཏེ། ཆོ་ག་བཞིན་སྔགས་པས་རླུང་དང་ཚོར?་བ་དང་སར? ་བ་ལ་སོགས་ཟློག་པར་བྱེད་དེ། འདིའི་ཆོ་གས་རྟོགས་པར་བྱའོ། །རང་ན་ར་ཏི་ཞེས་པ་ནི། ཨོཾ་རད་ན་ར་ཏི་སྭ་ཧཱ་ཞེས་པའོ། །སྔགས་འདིའི་སྦྱོར་བ་ནི་བུད་མེད་ཀྱི་ཆུའི་རྗེས་ཀྱིས་དང། བདག་གི་ཆུའི་རྗེས་ཀྱིས་གཅིག་ཏུ་བྱས་པ་དང། གཞན་ཡང ་མིའི་ཐོད་པར་འགི་ཝང་དང། སེན་རྩི་དག་གིས་བསྒྲུབ་བྱའི་ཆ་བྱད་བྲི་བར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་ལས་ཀྱི་ཆོ་ག་རྫོགས་བྱ་ཞེས་པའི་བར་དུའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གསུམ་པའི་ལས་ཀྱི་ཚོགས་ཀྱི་བཤད་པའོ།། །། ་དཔའ་བོ་གཡུལ་དུ་ཕྱོགས་བའི་རས་ལ་རི་མོ་སྣ་ཚོགས་ལས་ལུས་སྤྲས་ཞེས་པ་ནི། ཨོཾ་ཛཱཾ་བྷེ་མོ་ཏེ་ཞེས་པའི་སྦྱོར་བས་རྟོགས་པར་བྱའོ། །རྐང་བ་བརྒྱད་པའི་སྔགས་ཀྱི་རྒྱལ་པོ་ནི། དེའི་ལS་ཀྱི་ཁྱད་པར་ཐམས་ཅད་ལ་ཐུན་མོང་མ་ཡིན་ནོ། །བཙན ་ཐབས་ཀྱི་གཟངས་རྒྱུན་དུ་བཟློག་པ་གང་ཡིན་པ་དེ་ནི་འཆི་བ་ལས་རྒྱལ་བར་འགྱུར་རོ། །སྤྱན་སེར་ཅན་གྱི་རབ་ཏུ་སྦྱོར་བས་ཀྱང་དེ་ལྟར་འགྱུར་རོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་པའི་ལས་ཀྱི་ལྷག་མའི་བཤད་པའོ།། །།རྟོག ་པའི་བགྲའི་མཆི་བ་ཅན། ཞེས་པ་ནི་བཤིན་རྗེའི་དགྲའ་མཆེ་བ་ཅན་གྱི་ཡི་གེ་སའོ། །རུས་སྦལ་གདན་ལ་ཡང་དག་བཞུགས་ཞེས་བ་ནི། ཨུའི་གདན་ལ་ཡང་དག་པར་བཞུགས་བའོ། །པ་སྡེ་དབུ་མའི་མཐར་ཆུང་པ། །སླར་ཡང་བཞི་པ་ཡང་དག་གནས ་ཞེ་བ་ནི་བཀྲམ་པའི་འཁོར་ལོའི་དབུས་སུ་གནས་པའི་སྡེ་ཚན་གྱི་མཛའ་མའི། །སླར་ཡང་བཞི་པ་ཞེས་པ་ནི། སྡེ་ཚན་དེ་ཉིད་ཀྱི་དབུས་སུ་གནས་པའི་བཞི་པའི་བྷ་དེ་རུ་ཡང་དག་པར་སྦྱོར་བས་གནས་བའོ། །གཤིན་རྗེ་ཕྱོགས་ཀྱི་སར་གནས་པ་ནི་ཏའི་སྡེ་ཚན་གྱི ་མཛའ་མའོ། །བཟང་པོ་ས་སྟེང་དུ་བརྒྱན་སྟེ། ཞེས་པ་ལ་བཟང་པོ་ནི་ཨི་སྟེ། དེས་སྟེང་དུ་བརྒྱན་པ་ཞེས་བའི་དོན་ཏོ། །སླར་ཡང་རུ་སྦལ་ཞེས་བྱ་བ་གཤིན་རྗེ་མཆེ་བར་རབ་ཏུ་བསྒྲུབ། །ཞེས་པ་ནི། ཡང་རུ་སྦལ་ནི་མུ? ་སྟེ། ས་དང་ལྡན་པར་རབ་ཏུ་བསྒྲུབ་ཞེས་པའི་དོན་མྦྷའི་ཚིག་དང་ཡང་དག་ལྡན་ཞེས་བ་ནི་མྦྷའི་སྒྲ་དང་ལྡན་པའི་དོན་ཏོ། །མེའི་རུ་སྦལ་གདན་ལ་གནས་ཞེས་པ་ལ། མེ་ནི་གཤིན་རྗེའི་སྲུབ་མ་སྟེ་ཧའོ། །རུ་སྦལ་ནི་ཨུ་སྟེ་དེའི་གདན་ལ་གནས་ཞེས་པའི ་དོན་ཏོ། །མགོན་བོ་རི་མོ་གཉིས་ནི་བར། ཅེས་པ་ནི་ཧཱུཾ་འབར་བ་དང་ལྡན་པ་གཉིས་ཞེས་པའི་དོན་ཏོ་གདེངས་ཀའི་གདེངས་ཅན་འབར་བའི་མགོན་ཞེས་པ་ནི། ཕཊ་ཕཊ་ཞེས་པ་ཁ་ནས་འབར་བའི་མགོན་པོ་ཞེས་པའི་དོན་ཏོ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ་ཕཊ ་སྔགས་འདི་ལྟར་བཏུས་ཏེ་སྤེལ་བ་འདིས་ནི་ལས་ཐམས་ཅད་དོ། །དེ་ལ་སྦྱོར་པ་ན་འདི་ཡིན་ཏེ། ཁྭ་དོང་མ་ཞེས་པ་ནི་ཁཱ་གདོང་ཅན་གྱི་བུད་མེད་བྲི་བར་བྱ་ཞེས་པའི་དོན་ཏོ། །སྐྲ་གྲོལ་མ་ཞེས་པ་ནི་སྐྲ་བཤིག་བ་མའོ། །གཅེར་བུ་ཞེས་པ་ནི་གཙར་བུ་མང ་གྱུར་པའོ། །ཟླ་བའི་ཆམ་ཞེས་པ་ནི། དེའི་སྙིང་ཁར་ཟླ་བ་ཕྱེད་པའི་བྲི་བར་བྱ་ཞེས་པའི་དོན་ཏོ། །རེའུ་མིག་བསྒྲུབ་ཅེས་པ་ནི། ཟླ་བ་ཕྱེད་པ་རེ་རེའུ་མིག་བྱ་ཞེས་པའི་དོན་ཏོ། །སྙིང་གི་སྟེང་དུ་ཕྲེང་གཉིས་བྱ་ཞེས་པ་ནི། དེ་ལྟར་སྙིང་ཁར་རེའུ་མིག་ཕྲེང ་གཉིས་བྱ་ཞེས་པའི་དོན་ཏོ། །དེར་འདི་བྲི་བར་བྱ་སྟེ། ཀ་ཧ་ཀ་ཧི་ཛཛ་ཨི་ཀ་སྨཱ་ཐཱཾ་ཞེས་པའོ། །འབྲལ་དུ་འབྲས་བུ་སྟེར་བྱེད་པའི་སྔགས་ཀྱི་དོན་སུ་ཞིག་ལ་བསྟན་པར་བྱ། སུ་ལའང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལས་ཀྱི་རྗེས་སུ་འབྲངས ་རྒྱུད་དུ་གསུངས་པའི་ཆོ་ག་རྣམས་ནི་རྩ་བར་བྱའོ། །གལ་ཏེ་དབང་པོ་དང། ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་རྣམས་མངོན་སུམ་དུ་དཔུང་ཏང་བཞོན་པར་བཅས་པ་ལྷགས་ཏེ་བསྲུངས་ཀྱང། ཁྭ་གདོང་མའི་སྙིང་ཁར་གནས་པའི ་འཁོར་ལོའི་ཀློག་ཅིང་འཇིག་པར་བྱེད་དོ། །བྷི་དི་ཀ་ནི་ས་དབང་ཕྱུག་ཅས་པ་ནི། བྷི་དི་ཀ་ས་དབང་ཕྱུག་ནི་ཨོཾ་སྟེ། བཅུ་གཉིས་པོ་དེ་དག་ལ་སའི་དབང་ཕྱུག་ཅེས་གསུངས་པའི་ཕྱིར་རོ། །ཟླ་ཕྱེད་ཐིག་ལེ་དག་གིས་བརྒྱན་ཞེས་པ་ནི། ཨོཾ་ལ་ཟླ་ཕྱེད་དང་ཞིག?་དེ? ་དག་གིས་བརྒྱན་ཞེས་བའི་དོན་ཏོ། །སླར་ཡང་དབུ་མའི་དབུ་མ་བླང་ཞེས་པ་ནི། དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་དབུ་མ་པ་བཏུ་ཞེས་པའི་དོན་ཏོ། །བྱང་གི་དབུ་མ་ཡང་བླང་བྱ་སྟེ། ཞེས་པ་ནི། བྱང་གི་ཕྱོགས་སུ་གནས་པ་ནི་ཙའི་སྡེ་ཚན་ཏེ། དེའི་དབུ་མ་བླང? ་ཞེས་བའི་དོན་ཏོ། །ཞབས་ཀྱི་པདྨར་ཉི་མར་ལྡན་ཞེས་པ་ནི་དེའི་ཆ་འོག་གི་ཆར་ར་དང་ལྡན་ཞེས་པའི་དོན་ཏོ། །བདེན་བྲལ་མི་ཀི་ར་ཡིས་བརྒྱན་ཞེས་པ་ནི། བདེན་བྲལ་གྱི་ཕྱོགས་སུ་གནས་པའི་བ་བླང་ཞེས་པའི་དོན་ཏོ། །མི་ཀི་རས་བརྒྱན་པ་ནི་ཨིས་བརྒྱན་ཞེས ་པའི་དོན་ཏོ། །འབྲར?་བ་བྷི་དྷི་ཀ་ཡིས་བརྒྱན་ཞེས་པ་ནི་འབར་བ་ནིར་སྟེ་དེ་ལ་བྲི་དྲི་ཀ་ཨོས་བརྒྱན་ཞེས་པའི་དོན་ཏོ། །བྱང་གི་དང་པོ་གཤིན་རྗེའི་མཛའ་ཞེས་པ་ལ། བྱང་གི་དང་པོ་ནི་ཙའོ། །གཤིན་རྗེའི་མཛའ་མ་ནི་ནའོ། །ཁྱུད་མཆོག་སྟེང་དུ་ཡང་དག ་གནས་ཞེས་པ་ལ། ཁྱུང་མཆོག་སྟེང་དུ་གནས་པ་ནི་ཡི་གེ་ཨི་ཞེས་པའི་དོན་ཏོ། །རླུང་ལ་རན་དས་རབ་ཏུ་བསྒྲུབ་ཅེས་པ་ལ། རླུང་ནི་ཡའོ། །རན་དྷས་རབ་ཏུ་བསྒྲུབ་པ་ཞེས་པའི་དོན་ཏོ། །གཤིན་རྗེའི་མཆེ་བ་ཅན་བདེན་བྲལ་གནས་ཞེས་པ་ལ། གཤིན་རྗེའི ་མཆེ་བ་ཅན་ནི་སའོ། །བདེན་བྲལ་ནི་ཝ་སྟེ་དེ་ལ་ཡི་གེ་ས་གནས་པ་ཞེས་པའི་དོན་ཏོ། །མོ་ཧི་ཏའི་རྒྱན་གྱིས་བརྒྱན་ཞེས་པ་ནི། མོ་ཏི་ཏ་ནི་ཨ་དེ་ཉིད་ཀྱིས་དེ་ལ་བརྒྱན་ཞེས་པའི་དོན་ཏོ། །གཤིན་རྗེ་སྲུབ་མ་ནི་ཧའོ། །མོ་ཧི་ཏ་ནི་ཨ་སྟེ། དེས་ཡོངས་སུ་བརྒྱན ་ཞེས་པའི་དོན་ཏོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་སྭཱཧཱ། དང་པོར་རུས་སྦལ་བྱང་གི་ནི་དང་པོར་གཉིས་པར་ཡང་དག་ལྡན་ཞེས་པ་ལ། རུ་སྦལ་ནི་ཨུ་སྟེ་དེ་དང་པོར་སྦྱར་རོ། །བྱང་གི་དང་པོ་ནི་བྱང་གི་ཕྱོགས་སུ་གནས་པའི་ཙའོ། །གཉིས ་བ་ནི་དེ་ཉིད་ཀྱིས་གཉིས་བ་ཆ་སྟེ། དེ་དང་ཡང་དག་པར་ལྡན་པར་བྲི་བར་བྱ་བའི་དོན་ཏོ། །བྷ་དྲ་སྟེང་དུ་ཡང་དག་གནས་ཞེས་བྱ་བ་ལ། བྷ་དྲ་ནི་ཨི་སྟེ་དེའི་སྟེང་དུ་གནས་ཞེས་པའི་དོན་ཏོ། །གཤིན་རྗེ་ཕོ་ཉ་ཆུ་གདན་ཞེས་པ་ལ། གཤིན་རྗེ་རི་ཕོ་ཉ ་མོ་ནི་ཤའོ། །དེའི་གདན་དུ་ཆུ་སྟེ་ཏ་བྱ་ཞེས་བའི་དོན་ཏོ། །ར་དང་མོ་ཧ་དེ་རུ་སྦྱར་ཞེས་པ་ནི། ར་ལ་མོ་ཧ་ཏི་སྟེ། ཨ་དང་སྦྱར་བར་བྱ་ཞེས་པའི་དོན་ཏོ། །སླར་ཡང་ཀ?་ཤ་ཞེས་སུ་བཤད་ཅེས་པ་ལ། སླར་ཡང་ཀ་དང་ཤ་ཞེས་པ་ནི། ཡི་གེ་ཀྵ་ཞེས་པའི་དོན་ཏོ། ། ་གཤིན་རྗེའི་མཆེ་བ་ཅན་ཞེས་པ་ལ། བཏྲའི་ས་ནི་སྤྱི་བོར་བརྒྱན་ཞེས་པ་ནི། གཤིན་རྗེ་མཆེ་བ་ཅན་ནི་སའོ། །བྷ་ཏྲ་ནི་ཨི་སྟེ་དེ་སའི་མགོ་བོར་བརྒྱན་ཞེས་པའི་དོན་ཏོ། །སླར་ཡང་མཆེ་བ་ཅན་གྱི་ནི་ཞེས་པ་ལ། མཆེ་བ་ཅན་ཞེས་པ་ནི་སའོ། །གདན་དུ་བདེན་བྲལ ་བྱ་སྟེ་ཞེས་པ་ནི། བདེན་བྲལ་དུ་གནས་པའི་གདན་དུ་བྱ་ཞེས་པའི་དོན་ཏོ། །མེ་ཧི་ཏ་ནི་གྲོགས་དང་ལྡན་ཞེས་པ་ལ། མེ་ཧི་ཏ་ནི་ཨཱ་སྟེ། དེའི་ཤེས་དང་ལྡན་པར་བྱ་ཞེས་པའི་དོན་ཏོ། །དེ་རུ་རི་ཁྲོད་མོ་ཧི་ཏའོ། །གྲོགས་ཀྱིས་ཡོངས་སུ་བརྒྱན་པ་སྟེ་ཞེས་པ་ལ། ་དེ་ལྟར་རི་ཁྲོད་ནི་ཧའོ། །མོ་ཧི་ཏ་ནི་ཨའོ། །དེ་ཉིད་གྲོགས་པ་སྟེ་དེས་ཡོངས་སུ་བརྒྱན་ཞེས་པའི་དོན་ཏོ། །གཞན་དག་ནི་རྟོགས་པར་སྨ་བའི་ཕྱིར་འདིར་མ་བཀྲོལ་ལོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨུཙྪི་ཤཏ་ར་ཀཤ་སི་སྭཱཧཱ། ཤར་གྱི་བརྒྱད་པ་བླང་བྱ་སྟེ་ཞེས་པ་ནི། ་ཤར་ཕྱོགས་སུ་གནས་པའི་སྡེ་ཚན་ཏེ། དེའི་བརྒྱད་པ་ཛ་བླང་ཞེས་པའི་དོན་ཏོ། །དབུ་མའི་བཞི་པ་མཛའ་མཐར་ལྡན་ཞེས་པ་ལ། དབུ་མ་ནི་བའི་སྡེ་ཚན་ཏེ། དེའི་བཞི་པ་ནི་བྷའོ། །དེའི་མཛའ་ནི་མ་སྟེ། དེ་དང་ལྡན་པར་བྱ་ཞེས་པའི་དོན་ཏོ། །དེའི་སྤྱི་བོར་རན་ཌ་སྦྱར ་ཞེས་པ་ནི། བྷ་དེའི་སྤྱི་བོར་དུ་རན་ཌ་སྟེ་ཨེ་སྦྱར་ཞེས་པའི་དོན་ཏོ། །སླར་ཡང་དབུ་མའི་མཛའ་མ་བླང་ཞེས་པ་ནི། སླར་ཡང་དབུ་མ་ནི་བའི་སྡེ་ཚན་ཏེ། དེའི་མཛའ་མ་ནི་མ་བླང་ཞེས་པའི་དོན་ཏོ། །བྷི་དྷི་ཆང་གིས་མྱོས་དང་ལྡན་ཞེས་པ་ལ། བྷ་བྷི་ཀ་ན་ཨ?་སྟེ། ་དེའི་ཆད་གིས་མྱོས་པ་དང་ལྡན་ཞེས་པའི་དོན་ཏོ། །གཤིན་རྗེ་སྲུབ་མ་ཡང་དག་བླང་ཞེས་པ་ལ། གཤིན་རྗེ་སྲུབ་མ་ནི་ཧ་སྟེ། དེ་ཡང་དག་པར་བླང་ཞེས་པའི་དོན་ཏོ། །ཐོད་པའི་དབུས་རན་ཌ་ཡིས་ནི་རྣམ་པར་བརྒྱན་ཞེས་པ་ནི། ཡི་གེ་ཨེས་ཧའི་མཌོཥི? ་གྲར་བརྒྱན་པའི་དོན་ཏོ། །མཐར་རུ་སྭཱཧཱ་ཆོ་གས་མཛེས་པ་ལ། ཆོ་ག་ནི་ཨོཾ་སྟེ། དེ་ཡོངས་སུ་མཉེས་པར་བྱ་བའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། དང་པོར་ཨོཾ་སྦྱར་མཐར་མར་སྭཱཧཱ་སྦྱར་ཞེས་པའི་དོན་ཏོ། །ཐོད་པའི་དབུས་སུ་གནས་བས་རྒྱལ་ཞེས་པ་ནི། ཐོད་པ་ཁ ་སྦྱར་གྱི་དབུས་སུ་གནས་པར་བྲི་སྟེ། གྲོགས་མཁར་གྱིས་ལ་སོགས་པ་ལ། གཟུགས་བརྙན་བྱས་ལ་གཞན་ཡང་ཆོ་ག་བཞིན་དུ་སྤེལ་ཏེ། དེའི་སྙིང་ཁར་བཅུག་ན་རྒྱལ་བར་འགྱུར་རོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ོཾ་ཛཾ་བྷེ་མོ་ཧེ་སྭཱ་ཧཱ། ཡི་གེ་རེ་རེ་བཞིན་ནང་དུ ་ཆུད་པའི་སྔགས་འདི་གཉིས། བ་ལང་གི་ཆུ་རྗེས་ལྟ་བུར་སྦྱར་བ་རིམ་པས་བཏུ་སྟེ། སྔགས་ཕྲེང་གཉིས་སུ་བྱའོ། །དེ་ལ་ཨོཾ་ནི་ཀཱ་ཀ་ཀ་ས་ཁི་ཞེས་པ་ལ་སོགས་པའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། མུ་ནི་ཀ་ས་ཨི་མུ་ནི་བས་ཨི་མུ་ནི་ཧལ་ལ་དག་ལེ་ཧོ་ཕཊ། ཨའི་ཨ་མུ་ཀ ་སྱ་མུ་ཧ་ཧ་ཐ་བྷ་ན་དྷ་མཱི་སྭཱ་ཧཱ། ཕྲེང་གཅིག་གི་བཞན་བཤད་དེ། ཨོཾ་ཀཱ་ཀཱ་ཀྵ་ཀ་ཀུ་རུ་ཏེ་ཀ་ཀ་བིན་ཏོ་པ་ཧ་རི་ནི་ཨ་མུ་ཀ་སྱ་ཇི་བི་ཏ་གྲ་ཧཡ་ཙྪ་ཀཱ་ཀཱི་ཡ་ཐཾ་སུ་ཁཾ་ཕཊ། འཕྲེང་གཉིས་པའོ། །སྔགས་འདི་གཉིས་གནོན་པ་དང་བསྐུད་པ་ལ་རབ་ཏུ་སྦྱར་བར ་བྱའོ། །ོཾ་བྷ་ག་བྷ་ཏི་མུན་ཏེ་ཞེས་པ་ལ་སོགས་པ་ནི་རྒན་བྱད་མའི་སྔགས་སོ། །སྦྱོར་བ་གང་དང་གང་ལ་སྔགས་མི་གསུངས་པ་དེ་དང་དེར?་ཆོ་ག་བཞིན་རྒན་བྱང་མའི་གདོང་ཅན་གྱི་སྦྱོར་བའི་སྔགས་དེ་ཁོང་དུ་ཆུད་པར་བྱའོ། །དེ་དག་བགྲམ་པའི་འཁོར ་ལོ་ལས་བཏུ་བར་བྱའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དྲུག་པའི་སྔགས་བཏུ་བའི་བཤད་པའོ།། །།ཉི་ཁྲི་དང་ནི་གཅིག་སྟོང་དང། འདྲུག་བརྒྱ་ཞེས་བྱའི་ལོ་ནི། ཞེས་པ་ནི་ཞག་གཅིག་གི་དབུགས་དང་ལོ་གཅིག་གི་པུ་གུའི་གྲངས་ཡིན?་ཏེ།། ་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང། བརྒྱ་ཕྲག་དྲུག་ཅེས་པའི་དོན་ཏོ། །ཇི་ལྟར་བགྲང་བར་བྱ་ཞེ་ན། ཉིན་མཚན་གཅིག་ལ་དབུགས་ཚོད་དྲུག་ཅུ་སྟེ། དབུགས་ཚོད་དང། ཆུ་ཚོད་དང་སྤུ་གུ་ཞེས་བ་ནི་རྣམ ་གྲངས་ཀྱི་དོན་ཏོ། །ཞག་གསུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་གོ་།དེ་སྙེད་ཀྱི་གྲངས་ཉིད་ཆུ་ཚོད་གཅིག་གི་དབུགས་ཏེ་ཇི་ལྟ་ཞེ་ན། དབུགས་སུམ་བརྒྱ་དྲུག་ཅུས་ནི་ཆུ་ཚོད་གཅིག་གོ་།ཆུ་ཚོད་དྲུག་ཅུལ་ནི་ཉིན་མཚན་གཅིག་གོ། གང་གི་ཚེ་དབུ་གསུམ ་བརྒྱ་དྲུག་ཅུ་གྲངས་དྲུག་ཅུར་སྦས་ཏེ། གསུམ་དྲུག་ལ་བཅོ་བརྒྱད་དོ། །དྲུག་དྲུག་ལ་སུམ་ཅུ་རྩ་དྲུག་སྟེ། དེའི་རིམ་པས་རྩིས་པ། དེའི་ཚེ་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །འབྱིན་དང་རྡུབ་ཅེས་པ་ནི། འབྱུང་བའི་རླུང་དང་འཇུག་པའི་རླུང་ངོ། ། ་དེ་བཞིན་ས་ནི་བཅུ་གཉིས་ཉིད། །ཕྱི་རོལ་དུ་ནི་མཚོན་ཏེ་བཞག་།ཅེས་པ་ནི། མོ་རྩིས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རྟོགས་པར་བྱེད་པའི་བདག་ཉིད་དུ་གསུངས་ཏེ། འདི་ནི་རྒྱུད་ཉིད་ནས་མངོན་པར་གསལ་ཏེ། ཕྱིས་ཀྱང་གསལ་བ་ཉིད་དུ་འགྱུར་རོ། །དེས་ན་དུས་ཀྱི ་བགྲོད་པ་བཤད་ཅེས་པ་ལ་སོགས་པ་ལ། རེའུ་མིག་བཅུ་གཉིས་པོ་དེ་རྣམས་སུ་སྔོན་བཞིན་དུ། །ཐམས་ཅད་བྲི་བར་བྱ་ཞེས་པའི་དོན་ཏོ། །རོ་ཧི་ཏ་ལ་ནོར་རྒྱས་ཏེ། །མོ་ཧི་ཏ་ལ་འཇོག་པོ་ཉིད། །བྷ་དྷ་སྟོབས་ཀྱིས་རྒྱུའི་གཟུགས། །ཁྱུ་མཆོག་པདྨར་ཤེས་པར་བྱ། ་དེ་བཞིན་རུ་སྦྲལ་པར་ཆེན་པོ། །ཆུ་སྲིན་དུད་སྐྱོང་ཉིད་དུ་གསུངས། །རན་དང་མཛའ་ཡས་སུ་ནི་བཤད། །མི་ཀི་ར་ལ་རིགས་ཀྱི་གཙོ། །བྷ་དྷ་ལ་ནི་མགོ་བརྒྱབ། །བྱ་ཀུ་ལི་ལ་ཡིད་འགྲོ་ཞེས། །སྦས་ན་ལ་ནི?་གཅིགས་པ་ཉིད། །ས་ལ་ས་རུ་ཆར་འབེབས་བའོ། ་ལྷ་ཆེན་བཅུ?་གཉིས?་པོ་དེ་རྣམས། །སོ་སོར་བྱུང་བའི་རང་བཞིན་ཉིད་ཅེས་པ་ནི། །གང་དུ་གཟའི་དུས་ཡིན་པ་དེར་ཀླུའི་དུ་སཱུང་གསུངས་ཏེ། དེས་ན་ཚེས་གྲངས་རྣམས་དང་རྒྱུ་སྐར་རྣམས་དང་རྗེས་སུ་མཐུན་པའི་དུས་ཀྱི་དབང་ཏང་ནི། དུས་ཀྱི་?་པོར ་གསུངས་སོ། །དེ་ལྟར་ས་ནི་མཉམ་ཤེས་ནས། ཞེས་པ་ནི། ཇི་སྐད་གསུངས་པའི་རིམ་པས་གནས་མཉམ་པར་ཤེས་པ་སྟེ། །མོ་རྩིས་ཤེས་པས་ལག་པས་རེག་པའམ། མེ་ཏོག་བསྒྱུར་བའམ། བགྲང་བ་ཡང་རུང་བས་དགེ་བ་དང་མི་དགེ་བ་ཐམས་ཅད ་འཁོར་ལོ་འདིར་རིམ་པ་བཞིན་དུ་གཅིག་པར་བསྟན་བར་བྱ་བའི་དོན་ཏོ། །དགའ་བ་ལ་སོགས་པའི་ཞེས་པ་ནི། དགའ་བ་བཞི་དང། སྐད་ཅིག་བཞི་དང། འབྲས་བུ?་དང། ཡན་ལག་དང། དེ་བཞིན་དུ་བགྲོད་པ་དང། དབྱེ་པ་སྟེ་དྲུག་གོ་དེ་དག་གསུམ ་འགྱུར་དུ་བསྒྱུར་རོ། །ཐམས་ཅད་ཆིག་རྐང་བཞི་ཡིས་དགང་ཚིག་ཚོགས་པར་བྱ་ཞེས་པའི་དོན་ཏོ། །གང་གི་དགེ་བ་དང་མི་དག་བ་ཤེས་པར་བྱ་སྟེ། དེའི་མིང?་བཞུགས་པར་བྱའོ། །མདུད་པ་དོར་བ་འབྱུང་བ་ཉིད་ཅེས་པ་ནི། འཁོར་ལོ་རེའུ་མིག ་བཅུ་གཉིས་པའི་མདུད་པ་བཏང་བ་སྟེ། ཡངས་ཞེས་པའི་དོན་ཏོ། །ལྷག་མ་དུས་འབྱུང་བ་ལས། དགེ་བ་དང་མི་དགེ་བ་བསྟག་སྟེ། དེ་ནས་རོ་ཧི་ཏ་ལ་སོགས་པའི་ཕན་ཡོན་ཇི་སྐད་རྒྱུད་དུ་གསུངས་པ་ཐམས་ཅད་ཤེས་པར་བྱའོ། །ལྷག་མ་གྱུར་པ་ནི་རྟོགས་པར ་སླའོ། །ལེའུ་དགུ་པར་གསུངས་པའི། །ཕྱུགས་རྣམས་ཀྱི་ནི་རྒྱུད་དྲལ་ཕྱིར། །རྒྱུད་བྲལ་གྱིས་ནི་བསྣུན་པར་བྱ། ཞེས་པ་ནི་རྒྱུ་ནི་རྒྱུར་གྱུར་བ་སྟེ་ལས་དགེ་བ་དང་མི་དགེ་བ་ལས་འོང་བའི་རྣམ་པར་ཤེས་པའོ། །དེ་དང་བྲལ་བ་གང་ཡིན་པ་ནི་སྲོག་སོང་བ ་ཞེས་པ་མི་བར་དུའོ། །དེ་རྣམས་ཀྱི་བསྣུན་པ་ནི་ཤ་བླང་བྱའོ། །རྒྱུ་ཡིད་པའི་ས་ཞེས་པ་ནི། བདག་དང་བདག་གི་གཞན་ལ་སོགས་པར་ཡོངས་སུ་བརྟགས་བའི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རིགས་པ་སྔ་ཕྱི་ཡོངས་སུ་དག་པའི ་དོན་ཤེས་པ་སྟེ། མཁས་པ་ཞེས་པའི་དོན་ཏོ། །དེ་ལྟར་རྒྱུད་གཞན་དག་གི་ནང་དུ་ཡང་རྟོགས་པར་བྱའོ། །དེ་དག་ཇི་ལྟར་ངེས་པར་ནུས་ཞེ་ན། ལེའུ་ཉི་ཤུ་རྩ་དགུ་པ་ལས་གསུངས་པ། མ་དང་དེ་བཞིན་ཕ་དང་ནི། །རྒྱལ་པོ་བྲམ་ཟེ་གཙང་མ་གཉིས།། ་ཡུལ་འཁོར་རྒྱུ་བ་བཅས་བཅོམ་ན། །བྲམ་ཟེ་སྦིག?་པ་མེད་པར་འགྱུར་ཞེས་པ་ལ་སོགས་པ་ནི། ཇི་ལྟར་འདུས་པ་དེ་ལྟར་འགྱུར་བ་དེ་ལྟར་བསྟན་པའི་ཕྱིར་རོ། །དེ་ལ་སྲེད་པ་དང། གཏི་མུག་དང། འདོད་ཆགས་དང། སྣང?་གཞོམ? ་པའི་དོན་དུ་དེ་ལྟར་གསུངས་བ་ཡིན་ནོ། །འདིར་ལུང་གི་དོན་ཤིན་ཏུ་རྐོག་ཏུ་གྱུར་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ལྟར་མོད་ཀྱི། བདག་ཉིད་འཇིག་རྟེན་དུ་ནོར་བཟངས་ཞེས་གྲགས་པ་བཞིན་དུ། གསེར་ལ་སོགས་པ་དང་ལྡན་པས་དེ་ནོར་བཟངས་ཞེས་གལ་ཏེ ་མིང་ཁོང་ནས་བསྟན་ཀྱང་འདིར་སྒྲོན་བུ་ཙམ་ཡང་མེད་དོ། །དེའི་ཕྱིར་དམ་བ་མ་ཡིན་པའི་རྟོག་པ་ལ་མངོན་པར་ཞེན་པས་བདག་ཉིད་འབྲེལ་པར་བྱེད་པ་ཞིག་ཏུ་ཟད་དོ། །བརྡའི་དོན་དང་སྒྲའི་དོན་དག་ལ་ཁྱད་པར་ཅི་ཡང་མ་མཐོང་ངོ། །གལ་ཏེ་?་བསྐྲད ་པ་ལ་སོགས་པ་དེ་ཡང་གདུལ་བྱའི་ཕྱིར་བྱེད་ན་ནུས་པ་རྟས་པས་བྱ་བ་ཡིན་ནོ། །དེས་ན་དེས་ཉམས་སུ་མྱོང་བ་ཙམ་བསྟན་གྱི་གསང་པ་ནི་མ་ཡིན་ཏེ། བྱ་བ་ཐམས་ཅད་ལ་སྙིང་རྗེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པའི་རླུང་གི ་དེ་ཁོ་ན་ཉིད་བཤད་པའོ།། །།ཉེ་བར་སྤྱོད་བའི་གཏོར་མའི་སྣོད་ཅེས་པ་ནི། ཉེ་བར་སྤྱོད་པར་གྱུར་པའི་བཟའ་བ་ལ་སོགས་པ་སྣོད་གཅིག་ཏུ་བསགས་ཏེ། རྣལ་འབྱོར་མ་མང་པོ་དང་ལྷན་ཅིག་ཏུ་ལོངས་སྤྱོད་བའོ། །དེ་རྣམས་ཀྱི་གཏོར་མའི་སྣོད་ནི ་སོ་སོར་བྱ་ཞེས་པའི་དོན་ཏོ། །ཤ་རློན་ལ་སོགས་ཉའི་ཤ་ཞེས་བ་ལ་སོགས་པ་ནི། དེ་ཁོ་ན་ཉིད་དུ་བསྟན་པའི་དོན་ཏོ། །གཡོན་པའི་ཆའི་སྣོད་ལས་ནི་ཞེས་པ་ནི། གཡོན་གྱི་ལོགས་སུ་མཆོད་ཡོན་གྱི་སྣོད་གཞག་པར་བྱ་ཞེས་པའི་དོན་ཏོ། །གཡས་ཀྱི ་ཁྲོ་བོས་བསྟན་པར་བྱ་ཞེས་བ་ནི་སྣོད་དེར་གནས་པའི་མེ་ཏོག་ལ་སོགས་པའི་གཡས་པའི་འཛུབ་མོ་དང་འཐེ་བོ་དག་གིས་བསྐོར་ཏེ། མཆོད་ཡོན་དབུལ་ཞེས་པའི་དོན་ཏོ། །གཞན་དག་ནི་རྟོགས་པར་སླའོ། །དཔལ་རྡོ་རྗེ་མཁའ་འགྲོའི་བཅོ་བརྒྱད ་པའི་གཏོར་མའི་བཤད་བའོ།། །།སུམ་ཅུ་རྩ་གཉིས་རྩ་ཞེས་བ་ནི། དུས་ཀྱི་འཁོར་ལོའི་གནས་སྐབས་སུ་གཙོ་བོ་ཉིད་ཡིན་ནོ། །བཅུའི་ཕྱེད་ཞེས་པ་ནི་རྩ་ལྔ་ཞེས་པའི་དོན་ཏོ། །དབྱངས་རྣམས་ཀྱི་ནི་འགྲོ་མཚན་ཉིད། དཀར་བོ ་ནག་པོ་ཆ་ཡིས་ནི་ཞེས་པ་ནི་ཐབས་ཤེས་རབ་ཀྱི་དབྱེ་བས་དབྱངས་ཉི་ཤུ་རྩ་བཞི་གསུངས་སོ། །ལུས་ཀྱི་མཚན་མ་ཞེས་པ་ནི་འོག་ནས་འབྱུང་བའི་རྟགས་དགུའོ། །དབུགས་ན་རྣམ་པར་རྒོད་ཅན་གྱིས། །ལུས་ཅན་དྲུག་གཉིས་ན་ནི་འཆིང་ཞེས་པ་ནི། ་སོར་བཅུ་གཉིས་སུ་དབུགས་ཕྱིར་བྱུང་བ་ཆད་ནའི?་ཞེས་པ་སྟེ། ལུས་ཅན་སོར་གནས་པའི་རང་འདི་ལས་གལ་ཏེ། གཞན་དུ་གྱུར་པ་དེའི་ཚེ་འཆི་བའི་དུས་ལ་བབ་པར་ད་རྟོགས་པར་བྱའོ། །རོ་ཧི་ཏ་དུས་སྔ་དྲོའི་ཆ་ཞེས་པ་ནི། ཐུན་ཕྱེད་དུ་ངེས་པར་རླུང ་འཕོ་བའི་དོན་ཏོ། །དེ་ལ་རོ་ཧི་ཏ་ལ་སོགས་པའི་ཞག་བཅུ་གཉིས་རྣམ་པར་དབྱེ་སྟེ་དེའི་དོན་ནི་འདིའོ། །ཞག་གཅིག་ཉིད་ལ་ཆོས་བཅུ་གཉིས་ཀྱི་ཆ་ཕྱེ་སྟེ། དེས་ན་རོ་ཧི་ཏའི་ཆ་ནས་མཚོན་པའི་དོན་ཏོ། །གཞན་དག་ནི་རྟོགས་པར་སླའོ། །དབུས་ན་ཚད? ་པར?་འགྱུར་ཞེས་པ་ན། རྟགས་དགུ་པོ་གང་བསྟན་པས་གང་གི་ཆེ་རྩ་དེ་འཆང་དེ། ཚེ་བྲང་ཅས་པའི་དོན་ཏོ། །གང་ཚེ་ཉིད་ཞག་དྲུག་རྒྱུ་བ། །གཅིག་ཏུ་རྒྱུ་བས་བརྒྱན་པ་སྟེ་ཞེས་པ་ནི། རྟོག་པ་གང་གི་ཚེ་རླུང་གི་རྒྱུ་བ་དེའི་ཚེ་ཞེས་པའི་དོན་ཏོ། །དེ་རུ?་ལོ? ་ནི་གསུམ་ཅི་?་དེ་བཞིན་སུམ་བརྒྱ་དྲུག་ཅུས་སོ། འཁོར་ལོ་ཕྱིའི་རིམ་པའི་གྲངས་ཞག་ལྔ་རྒྱན་ལོ་གསུམ་དུ་ཚེས་ཐུབ་པར་གསུངས་སོ་།དེའི་རྗེས་སུ་ལྔ་ལ་ཡང་འཕེལ་བས་གང་གི་ཚེ་ཞག་བཅུའི་བར་དུ་རྒྱུ་བ་ཚེ་ལོ་བ་ཉིས་སུ་འཚོ་བ་བསྟན་ཏོ། ། ་འདི་དག་གི་བར་དུ་ཆུད་པའི་ཉི་མ་རྣམས་གཏན་ལ་དབབ་སྟེ། དེར་ལོ་གསུམ་དུ་བརྩི་བ་ནི་མ་ཡིན་ཏེ་ལོ་གསུམ་གྱི་ཆ་བླང་བར་བྱ། །དེས་ན་ལོ་གཉིས་དང་ཟླ་བ་དྲུག་ཏུ་དེ་བཞིན་དུ་ཞག་བཅོ་བརྒྱད་དོ། །དེ་ལྟར་བར་དུ་ཆད་པའི་ཉི་མ་གཞན་རྣམས་ཀྱང་རྟོགས ་བར་བྱའོ། །སུམ་བརྒྱ་དྲུག་ཅུས་ལོའི་ཞག་གི་གྲངས་ཀྱི་ཆ་ཡོངས་སུ་བརྟག་པར་བྱའོ། །འདི་དག་ཐམས་ཅད་ཀྱི་བར་གྱི་ཉི་མ་གང་ཡིན་པ་བཤད་པར་བྱ་སྟེ། དེ་ཡང་ཇི་ལྟར་རྙེད་ཞེ་ན། ཞག་བདུན་པའི་ཆ་ལ་ཡོངས་སུ་བརྟག ་པ་སྟེ། ལོ་གཉིས་དང་ཟླ་བ་ཡང་དུས་ཀྱི་གྲངས་སུ་བསྟན་ཏོ། །ཞག་བདུན་དོར་ཞེས་པ་ནི། ཞག་བདུན་དོར་བ་ནི་བརྒྱད་པ་ཞེས་པའི་དོན་ཏོ། །གང་ཚེ་རླུང་ནི་རྒྱུ་བ་ཞེས་པ་ནི། གང་གི་ཚེ་སྣ་བུག་གཡས?་པ་ནས་ཞག་བརྒྱད་དུ་རླུང་རྒྱུ་བན་ལོ། ་གཉིས་དང། ཟླ་བ་རིག་བྱད་ཀྱི་གྲངས་ཏེ། ཟླ་བ་བཞི་ཞེས་པའི་དོན་ཏོ། །ཞག་རྣམས་ཀྱི་དུས་ཀྱི་སྒྲས་བསྟན་ཏེ། ཞག་ནི་ཉི་ཤུ་རྩ་བཞི་བསྟན་ཏེ། འཚོ་བའི་དུས་ཀྱི་གྲངས་སོ། །བར་གྱི་ཞག་གྲངས་གསུངས་པ་གང། །བཅུ་གཉིས་ལས་ཤེས ་བཞིན་བཟངས་མ། །བདུན་ཅུ་རྩ་གཉིས་གོ་རིམ་ལས། །ལོའི་རིམ་གྱིས་དོ་དོར་བྱ། །སུམ་ཅུ་དྲུག་དང་བཅོ་བརྒྱད་དོ། །ཟླ་བ་ལ་སོགས་གོ་རིམས་བཞིན། །ཞེས་པ་ནི་ལོའི་རིམ་གྱི་གྲངས་བཞིན་ནི་མ་ཡིན་ཏེ། ལོའི་ཆ་ལ་གནས་ཏེ། གཅིག ་གཉིས་གསུམ་ལ་སོགས་པའི་ཉི་མས་དེ་སྦྱར་ཞེས་པའི་དོན་ཏོ། །དེ་ཡང་འཁོར་ལོའི་སྟེང་འོག་གི་སྒོ་ལས་ཤེས་པར་བྱ་སྟེ། འཁོར་ལོའི་སྟེང་གི་སྒོ་ནི་ལེའི་རིམ་པས་སོ། །འོག་གི་སྒོ་ནི་ཞག་དང་ཟླ་བའི་རིམ་པས་སོ། །བགས་ཀྱི་བགས ་ཀྱིས་དབྲི་བར་བྱ། །ལྷག་མར་གྱུར་པ་གང་ཡིན་དང། བཟླུམས་པ་ཞེས་བྱ་འཚོ་བའི་ཚད། །ཞེས་པ་ནི་ཇི་ལྟར་ཕྲི་བ་དེ་ལྟར་བསྣན་པའི་དོན་ཏོ། །འདིས་ནི་ཕྱིའི་དང་དབུས་ཀྱི་རེའུ་མིག་བཅུ་གཉིས་གཏན་ལ་ཕབ་པ་ཡིན་ནོ། །ནང་གི་རེའུ་མིག ་རྣམས་ནི་རྟོགས་པར་སླ་བ་ཉིད་དོ། །འདིས་འཆི་བའི་མཚན་ཉིད་ངེས་པར་བྱ་སྟེ། ཕྱིར་བཟློག་པའི་ཆོ་ག་བྱའོ། །འཆི་བ་འཚོ་བ་ལ་སོགས་པ་ནི་སྔོན་ཉིད་དུ་ཡང་བསྟན་ཟིན་ཏེ། ཡན་ལག་ཁ་ཊཱཾ་ག་དང་སྦྱར་ཞེས་པ་ལ་སོགས་པ་གསུངས ་ཏེ། ཡང་ན་ཀེད་རུས་ཀྱི་གཟུགས་ལྔགས་པ་དང། ཤ་དང་ཁྲག་དང་ཁུ་བ་ལ་སོགས་པ་དང་བྲལ་བ་བདག་ཉིད་བསྒོམ་པར་བྱའོ། །ཡང་ན་ཁན་འདའ་རོ་ཧ་ཁ་ཊཱཾ་ག་དང་ཐོད་བ་དང་ལྡན་པ་ཕྱུང་སྟེ། བསྒོམ་པ་ལ་གོམས་བའི་རྣལ་འབྱོར་པས། ཡན ་ལག་ཐམས་ཅད་ཀྱི་སྒོ་ལ་སོགས་པ་བསྲུངས་ཏེ། བདུད་རྩི་ལྔས་ཁ་བཀྲུས་པའམ། ཡང་ན་བདུད་རྩི་བསམ་གཏན་གྱིས་བྱིན་གྱིས་བརླབ་པོ། །མཆོད་པ་སྔོན་དུ་བྱེད་འགྲོ་བ་ལ་སོགས་པ་ནི་སྔོན་དུ་བཤད་ཟིན་ཏོ། །དཔལ་རྡོ་རྗེ་མཁའ་འགྲོའི ་ལེའུ་བཅུ་དགུ་པ་ལས། འཆི་བ་སླ་བའི་བཤད་བའོ།། །།ད་ནི་མུ་སྟེགས་ཅན་གྱི་དབང་དུ་བྱས་ཏེ་གསུངས་པའོ། །རླུང་བཅིང་པ་ལ་སོགས་པས་དེ་དག་ཀྱང་རྫོགས་པའི་རྒྱས་སུ་བྱའོ། །དེ་དག་གིས་ངེས་པར་རླུང་དང་བདུད ་རྩི་ལ་སོགས་པའི་དེ་ཁོ་ན་ཉིད་རྟོགས་པར་འདོད་དེ་དེས་ན་དེ་རྣམས་ཀྱིས་རྟོགས་པར་བྱ་བ་དང། བདག་ཅག་གི་ཡང་ཡོད་པ་སྟེ། ཕུང་པོ་ལ་ཞེན་ཅིང་མངོན་བར་ཆགས་པ་རྣམས་དང། མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་དགའ་བ་རྣམས་ཀྱི་ཕྱིར། ་གཞན་གྱི་ལུས་ལ་བཞུགས་པ་དང། གོང་དུ་འཕོ་བ་བསྟན་པ་ཡིན་ནོ། །འདི་དག་གང་ལས་ཤེས་པར་བྱ་ཞེ་ན། མདོ་སྡེ་ལ་སོགས་པ་ལས་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་ཏེ། གང་གི་ཚེ་སྔོན། ཚངས་པ་དང་དྲང་སྲོང་དང། འོད་སྲུང ་བྱུང་བ་དེའི་ཚེ། དགེ་སྦྱོང་གོའུ་ཏམས་གལ་ཏེ། བདག་གི་དེ་ཁོ་ན་ཉིད་ཤེས་ན་དེའི་ཚེ་འཆིས་མཉམ་པར་བྱའོ། །ཞེས་བགྲོས་ཏེ། བཅོམ་ལྡན་འདས་ལ་འདྲི་བ་ལ་བརྩོན་པར་བྱེད་དོ། །དགེ་སྦྱོང་གཽ་ཏ་མ་བདག་ཡོད་དམ་ཞེས་འདྲིའོ། །གསུངས ་པ་བདེན་ཏེ་ཁྱོད་ཅག་གིས་ཇི་ལྟར་ཤེས་པ་བཞིན་དུ་བདག་ནི་ཡོད་དོ་ཞེས་གསུངས་སོ། དེ་ནས་དེ་དག་ཡིད་དགའ་ཞིང་མགུ་ནས་ལེགས་སོ་ཞེས་བྱ་བ་བྱིན་ནས་རབ་ཏུ་འབྱུང་བར་གྱུར་ཏོ། །དེ་ལྟར་གཞན་དག་གི་དཔེར་ཡང་རྟོགས་བར་བྱའོ། ། ་གཞན་ཡང་བརྩེ་བ་དང་ལྡན་ཞིང་བསྒོ་ནས་པའི་བདག་ཉིད་ཅན་སེམས་ཅན་གྱི་དོན་དང་ལྡན་པས། ངན་འགྲོའི་ལམ་དགག་པར་བྱ་བའི་ཕྱིར་གོང་དུ་འཕོ་བར་བྱའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས?་པར་བྱ་བའི་ཕྱིར། ་དང། ངན་འགྲོ་ལས་གཞན་གྱི་སེམས་བསྲུང་བར་བྱ་བའི་ཕྱིར། གཞན་གྱི་ལུས་ལ་གཞུག་པར་བྱ་སྟེ། དེ་ཡང་བསྒོམ་པའི་བདག་ཉིད་ཅན་ནུབ་པ་དང་ལྡན་པས་འདི་བྱའོ། །དང་པོ་ཁོ་ནར་ཡོངས་སུ་དག་པར་བསྟན་ཏེ་ཕྱིས་སེམས་ཀྱི་ལས་བྱའོ། ། ་གཞན་དག་ནི་རྟོགས་པར་སླའོ།། །།སྔོན་བཞིན་འཁོར་ལོ་གང་གསུངས་ལས། རྣ་བ་དག་ཏུ་ཞུགས་ནས་ཀྱང་ཞེས་པ་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བས་ནང་གི་འཁོར་ལོའི་བདག་ཉིད་བསྒོམས་ཏེ། ཐིག་ལེར་སྤྲོས་ནས་འཇིག ་རྟེན་གསུམ་དུ་གཏོགས་པའི་སྒྲ་དང་འདྲེས་ཤིང། ཛ་ལན་དྷ་རའི་ལམ་ནས་ཞུགས་ཏེ། མེ་སྟག་བཞིན་དུ་འཁོར་བར་འགྱུར་རོ། །བླུང?་གིས་མི་བསྐྱོད་པས་སྤྲོས་པའི་བདག་ཉིད་ཤེས་རབ་དང་ལྡན་པ་མ་སྟག་བཞིན་དུ། རྣ་བ་དག་ཏུ ་གཞུག་གོ་ཞེས་པའི་དོན་ཏོ། །འདིས་ནི་རྣལ་འབྱོར་པའི་རིང་ནས་ཐོས་པ་ཤེས་པར་འགྱུར་རོ། །དེ་ལྟར་མིག་ལ་ཡང་སྦྱར་ཏེ། ལྷའི་མིག་སྤྱོད་ཡུལ་དུ་བྱས་པས་ཁམས་སུམ་མཐོང་བར་འགྱུར་རོ། །དེ་ལྟར་སྔོན་གྱི་གནས་ཤེས་པར་བྱ ་བའི་ཕྱིར། འཇིག་རྟེན་གསུམ་སྣང་བར་བྱ་བ་དང། གཞན་གྱི་སེམས་ལ་བཅུག་པས་གཞན་གྱིས་སེམས་ཤེས་པ་དང། རྫུ་འཕྲུལ་མངོན་པར་བྱེད་དོ། །ཇི་ལྟར་གསུངས་པའི་དཀྱིལ་འཁོར་ལ་གནས་ཏེ། འབར་ཞིང་གསལ་པ་ལ་སོཌ ་པ་ལ་བསླབ་པ་དང། གཞན་གྱི་ལུས་ལ་འཇུག་པ་དང། གོང་དུ་འཕོ་བའི་མཚན་ཉིད་ལ་བརླབས་པས་མྱུར་བ་ཁོ་ནར་དེ་དང་འདྲ་བ་སྐྱེ་བར་འགྱུར་རོ། །འགྲོ་པའི་ནི་སྒོ་བཟང་པོ། ཉིན་ཅིག་ལྷ་མོ་སྒྱུ་འཕྲུལ་ཆེ་ཞེས་པ་ནི། སྒོ་དགུ ་ནས་རྣམ་བར་ཤེས་པ་འཕོ་བའི་མཆོག་དང་ཐ་མའི་དབྱེ་བས་འགྲོ་བའི་དབྱེ་བ་བསྟན་ཞེS་པའི་དོན་ཏོ། །ལྟེ་བ་འདོད་པ་ཅན་མཐོ་རིས་ཏེ། །ཐིག་ལེས་གཟུགས་ཀྱི་ལུས་ཅན་ནོ། །ཞེས་པ་ནི། གང་གི་ཚེ་སྦྲོ་བ་དང་སྡུད་བའི་རིམ་པས་སེམས་ཐིག་ལེའི་གཟུགས་ཅན་གྱི ་རྣམ་པར་ཤེས་པ་ལུས་ཅན་རྣམས་ཀྱི་ལྟེ་བའི་སྒོ་ནས་བྱུང་བ་དེའི་ཚོ་མཐོ་རིས་སུ་སྐྱེ་པར་འགྱུར་རོ། །ལྷ་མོ་སྟེང་གིས་སྟེང་འགྲོ་ཞིང་ཞེས་པ་ནི། གང་གི་ཚེ་སྟེང་ཛ་ལན་དྷ་རའི་སྒོ་ནས་བྱུང་ན། དེའི་ཚེ་རྣལ་འབྱོར་པ་མཐོ་རིས་ཀྱི་གོང་དུ་གྱུར་པ་འོག་མིན ་ལ་སོགས་པར་སྐྱེ་བར་འགྱུར་བ་སྟེ། དེས་ན་མྱུར་དུ་འགྲོ་བས་ཕྱེ་བ་ཞེས་པའི་དོན་ཏོ། །སྣ་ལས་ནི་གནོད་སྦྱིན་དུ་འགྱུར་རོ། །རྣ་བ་དག་ལས་ནི་མི་འམ་ཅིར་འགྱུར་རོ། །ལྷ་མོ་གལ་ཏེ་མིག་འགྲོ་ན། །མི་རྣམས་ཀྱི་ནི་རྒྱལ་བོར་འགྱུར་ཞེས་པ་ནི ་གལ་ཏེ་མི་གནས་རྣམ་པར་ཤེས་པ་བྱུང་ནས། མིའི་འཁོར་ལོས་སྦྱར་བའི་རྒྱལ་པོར་འགྱུར་ཞེས་པའི་དོན་ཏོ། །སྲིད་པའི་སྒོ་ཞེས་པ་ནི་ཁའི་སྒོ་སྟེ། འདི་ལས་རྣམ་པར་ཤེས་པ་བྱུང་ན་ཡི་དགས་སུ་འགྱུར་ཞེས་པའི་དོན་ཏོ། །ཆུ་ཡིས་དུད་འགྲོ་ཞེས ་པ་ནི་དྲི་ཆུའི་ལམ་ནས་རྣམ་པར་ཤེས་པ་བྱུང་ན་དུད་འགྲོ་འགྱུར་ཞེས་པའི་དོན་ཏོ། །ཆུ་མིན་དམྱལ་པར་འགྲོ་བ་སྟེ་ཞེས་པ་ནི་འོག་གི་སྒེ?་དྲ་ཆེན་གྱི་ལམ་ནས་རྣམ་པར་ཤེས་པ་བྱུང་ན་དམྱལ་བར་སྐྱེ་བར་འགྱུར་ཞེས་བའི་དོན་ཏོ། །ཐར་པ་རྣམS་ལ ་གཉན་དུ་འགྲོ་ཞེས་པ་ནི་འདི་ལྟ་བུའི་སླར་ཡང་ཐར་པཱི་སྒོར་མི་འགྲོ་ཞེས་པའི་དོན་ཏོ། །དེའི་ཚེ་རྣལ་འབྱོར་པ་རང་དགའ་ཨི་རྫུ་འཕྲུལ་ཅན་དུ་ཇི་ལྟར་འགྱུར་ཞེ་ན། སྔོན་དུ་བུམ་པ་ཅན་བསམས་ལ་སྒོ་ཐམས་ཅད་བཀག་ཏེ་གོང་དུ་འཕོ་བ་བརྩམས་ན་དེ? ་ལྟ་བུར་འགྱུར་ཞེས་པའི་དོན་ཏོ། །སྒྲོགས་པ་ལྔའི་མཆོད་རྟེན་གྱི། །སྒོའི་བུ་གར་བསྒོམ་བྱ་བ་ཞེས་བྱ་བ་ནི། མཆོད་རྟེན་གྱི་སྒོ་དང་སྤྱི་བོའི་བུ་གར་ཧི་ཀ་བསྒོམས་སྒོ་དབྱེ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཁུང་སུའི?་སྒོ ་ལ་ཞེས་པ་ནི་སྙིང་གི་ནང་དུ་གནས་པའི་ཧཱུཾ་གིས་ས་བོན་ཆུ་ལྟ་བུའི་འབྱུང་བ་དང། །འཇུག་པའི་རླུང་བདུད་རྩིའི་རང་བཞིན་ཅན་མེའི་ས་བོན་སྦར་བ་དང་བུམ་པ་ཅན་གྱི་དབུགས་དེས་ནི། བདེ་བླག་ཏུ་སྒོ་ཕྱེ་ནས ་ལུས་དོར་ཏེ། རང་དགའ་བར་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞེས་པའི་དོན་ཏོ། །ལུས་ནི་རླུང་གི་མདོག་ཏུ་སྟེ་ཤེས་པ་ལ་སོགས་པ་ནི་གོ་བར་སླའོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གཅིག་པ་ལས། གོང་དུ་འཕོ་པའི ་བཤད་པའོ།། །།སླར་ཡང་ལྷ་མོས་གང་མཛད་དེ། གླུ་འདི་ཡིས་ནི་མཉེས་པར་བྱ་ཞེས་པ་ལ་སོགས་པ་ལ། ཨོཾ་བཾ་སི་ཏཱ་ཨ་རུ་ཎ་ནི་བྷ་ཛ་ནི་ཏ་མ་དྷ་མག་མཱ་དྷ་དྷ་མ་ལ། ཞེས་པ་ནི་ཁྱོད་ནི་ཨེ་བཾ་སྟེ། དཀར་པོ ་དང་དམར་པོར་སྣང་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །སི་ཏ་ཞེས་པ་ནི་ཧེ་རུ་ཀ་ནག་པོའོ། ། རུ་ཤ་ཞེས་པ་ནི། རྡོ་རྗེ་ཕག་མོ་དམར་མོ་སྟེ། །འདི་དག་གཉིས་པའི་དངོས་པོས་ཤེས་རབ་དང་ཐབས་ཀྱི ་རང་བཞིན་ཞེས་པའི་དོན་ཏོ། །ཛ་ནི་ཏ་མ་དྷཡ་མ་ག་མཱ་ག་མཱ་ཞེས་པ་ནི། དབུ་མ་ལས་སྐྱེས་ཤིང་འོངས་པ་ཞེས་པའི་དོན་ཏོ། །དྷཡ་མ་ནི་སེམས་འདུལ་བ་སྟེ། །དེ་ལས་གང་སྐྱེས་པ་ནི་དབུ་མར་འགྲོ་བས་འདུལ་བར་འགྱུར་བ་དེ་ལ ་བསྲུང་ཤིང་བསྐྱངས་པའི་དོན་ཏོ། །ནི་ས་ཞེས་པ་ནི་དབུགས་རྡུབ་པའི་ཞེས་པའི་དོན་ཏོ། །རིང་ཀཊ་མཱ་སཱ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རྣལ་འབྱོར་མ་དེའི་རང་བཞིན་ཏེ། སྲོག་གི་དབུགས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །རི་གཱི་མཱ་ཞེས ་པ་ནི་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །བྷུཾ་པ་ཏེ་ཞེས་པ་ནི་མ་ལུས་པའི་དབང་ཕྱུག་ཞེས་པའི་དོན་ཏོ། །ས་རི་རེ་ཞེས་པ་ཁྱོད་ཀྱི་སྙིང་པོ་ཞེས་པའི་དོན་ཏོ། །དེ་ཅི་ཞེ་ན། ནི་པཱ་སཱ་ཞེས་པ་ནི་རྡུབ་པའི་དབུགས་ཐ་མལ་པ་གཞན? ་དག་མ་ཡིན་ཏེ། ཤེས་རབ་དང་གཉིས་འདུས་པས་འགྲོ་བ་ལ་ཕན་པར་བྱེད་པ་ཞེས་པའི་དོན་ཏོ། །མ་དྷཡ་མ་དྷཡ་མ་སཱ་སཱ་སཱ་སྲུ་ཏ་ནི་ས་ཞེས་པ་ནི། འཛག་པའི་རང་བཞིན་རྡུབ་པའི་དབུགས་ཏེ། སེམས་ཀྱི་ཆོས་ཀུན་རྫོབ་པ་བྱང་ཆུབ་སེམས་ཀྱི་རང་གཞིན ་ཞེས་པའི་ཐ་ཚིག་གོ་།སཱ་རི་སཱ་རི་ཏ་ཀ་མ་ག་མ་ཞེས་པ་ནི། དེ་དབུགས་གཏོང་པ་དང་རྡུབ་པ་དང་འགྲོ་བ་དང་འོང་བའི་རང་བཞིན་ཞེས་པའི་ཐ་ཚིག་གོ་།དྷ་མམཱ་དྷ་མ་ས་ཞེས་པ་ནི་དེས་གདུལ་བ་སྟེ་ཡིད་ཀྱིས་གདུལ་བའི་དོན་ཏོ། །པཱ་པཱ་མ་པཱ་པཱ ་ཞེས་པ་ནི་སྡིག་པ་དང་སྡིག་པ་མེད་པའི་རང་བཞིན་ཞེས་པའི་དོན་ཏོ། །མ་དང་ནི་མི་ཏ་ཞེས་ནི་ཀྱེ་མཆོག་ཏུ་དགའ་བའི་རང་བཞིན་གྱིས་དྲེགས་ཞེས་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ་གླུས་མཉེས་པར་བྱ་ཞེས་སྦྱར་ཏེ། དལ་ཞིང་སྙན་པའི་དབྱངས ་ཀྱིས་ཁྱད་པར་གྱི་གླུ་བླང་ཞེས་པའི་དོན་ཏོ། །དེ་ལྟར་རྣལ་འབྱོར་པའི་དབུགས་ཀྱི་གནས་སུ་དབྱངས་ཀྱི་དབྱེ་བ་དེ་རྣམས་ཀྱང་བསྟན་ཏོ། །ད་ནི་རྩིས་ཀྱི་འཁོར་ལོར་དགེ་བ་དང་མི་དགེ་བའི་རྒྱུ་མཚན་འབྱུང་བ་བསྟན་ཏེ། ཤར་དུ་མེ་ཞེས་པ ་ནི་རེའུ་མིག་དགུ་པ་བྲིས་ཏེ། དེའི་ཤར་ཕྱོགས་སུ་མ་ཤའི་ལུག་དབང་ཐང་བྲི་བར་བྱའོ། །གཤིན་རྗེར་བྲི་ཞེས་པ་ནི་གཤིན་རྗེའི་ཕྱོགས་སུ་བྲི་ཤ་པྲིའོ། །ཆུ་རུ་མི་ཤ་ཞེས་པ་ནི་ཆུའི་ཕྱོགས་སུ་མི་ཐུ་ནམ་བྲིའོ། །གནོད་སྦྱིན་དུ་ཀུ་ཞེས ་པ་ནི་གནོད་སྦྱིན་ཏེ་བྱང་གི་ཕྱོགས་སུ་རིལ་བྲིའོ། །མེ་རུ་དྷ་སི་ཞེས་པ་ནི། མའི་ཕྱོགས་སུ་དྷ་ནུ་དང་སི་ཧ་བྲིའོ། །སྲིན་པོ?་མ་ཀ་ར་ཞེས་པ་ནི་སྲིན་པོའི་ཕྱོགས་བདེན་བྲལ་དུ་མ་ཀ་ར་དང་ཀ་བྱམ་བྲིའོ། །གཡོ་བར་དུ་ཀུ་ཞེས་པ་ནི་རླུང་གི་ཕྱོགས་སུ ་ཏུ་ལ་དང་ཀུམ་པ་བྲིའོ། །དབང་ལྡན་དུ་བི་མེ་ཞེས་པ་ནི་དབང་ལྡན་གྱི་ཕྱོགས་སུ་བི་ཚ་དང་མི་ནང་བྲིའོ། །འདི་ནི་དབང་ཏང་རྣམས་ཀྱི་དགོས་པའོ། ། ལ་སྣུར་པོ་ཞེས་པ་ནི་སྒུར་པོ་མིག་དམར་ཏེ། དེའི་ཨ་འབྲི་ཞེས་པའི་དོན་ཏོ། ། ལུས?་ཟླ ་སྐྱེས་ཞེས་པ་ནི། ཟླ་སྐྱེས་ནི་གཟའ་སྟེ། གཟའ་གི་ཨི་བྲི་ཞེས་པའི་ཐ་ཚིག་གོ་།ུ་ལ་ལྷའི་བླ་མ་ཞེས་པ་ནི། ལྟའི་བླ་མ་ཞེས་པ་ནི་ཕུར་བུ་སྟེ། དེའི་ཨ་བྲི་ཞེས་པའི་དོན་ཏོ། །ེ་ལ་ཁུ་བ་ཞེས་པ་ནི?་བ་སངས་ཀྱི་ཨོ? ་བྲི་ཞེས་པའི་དོན་ཏོ། །ོ་ལ་ཉི་མའི་བུ་ཞེས་པ་ནི་སྤེན་པའི་ཨོ་བྲི་ཞེས་པའི་དོན་ཏོ། །ོཾ་ལ་གཟའ་བདག་ཞེས་པ་ནི་གཟའ་བདག་ནི་ཟླ་བ་སྟེ། དེའི་ཨོཾ་བྲི་ཞེས་པའི་དོན་ཏོ། །:ཉི་མར་གསུངས་ཞེས་པ་ནི། ཉི་མའི་ཨ:བྲི་ཞེས་པའི་དོན་ཏོ། །ད་ནི ་འདི་གཉིས་རྟོགས་པར་བྱ་སྟེ། ཀུ་ལིར་ལ་དཀྱིལ་འཁོར་ཅན་དུ་ཤེས་ཞེས་པ་ནི་ཀུ་ལི་ར་ནི་ཀར་ཏེའོ། །དཀྱིལ་འཁོར་ཅན་ནི་ཟླ་བ་སྟེ། དེ་ལ་སྐྱེས་པ་ནི་གཟའ་ལག་ཏུ་ཤེས་པར་བྱ་བའི་དོན་ཏོ། །གདོང་ལྔ་པ་ལ་ཉི་མ་གནས་ཞེས་པ་ནི། གདོང་ལྔ ་པ་སེང་གེ་ཉི་མ་གནས་པར་ཤེས་པར་བྱ་ཞེས་པའི་དོན་ཏོ། །འདིས་ནི་ཏའི་འགྲོས་ཀྱིས་གཟའ་རྣམས་བསྟན་པ་ཡིན་ནོ། །གང་དག་མཛའ་ན་གནས་པའི་གཟའ་རྣམས་ནི། ལྷག་མ་རང་རང་དབང་ཏང་ལ་སྤྱོད་པ་ཞེས་པ་ནི་གང་དག་ལྷག་མ་རྣམས ་མཛའ་ན་གནས་པ་སྟེ། མཚམས་ཀྱི་ཆན་གནས་པ་དེ་རྣམས་ནི་དབང་ཐང་གཉིས་གཉིས་ལ་སྤྱོད་པས། ཡོངས་སུ་མཉེས་པའི་དོན་ཏོ། །ཕྱོགས་རྣམས་ནི་དབང་ཐང་རེ་རེ་ལ་སྤྱོད་ཅེས་པའི་ཐ་ཚིག་གོ་།གཞན་ཡང་རོ་ཧི་ཏ་ལུག་ཁ་ཅིག་ཏུ་ཞེས་བྱ་བ ་ལ་སོགས་པ་ནི། རྒྱུད་ཀྱི་གཞུང་ཉིད་དུ་གསལ་པར་བྱས་པས་ཐམས་ཅད་རྟོགས་པར་སླ་ཞེས་པའི་ཐ་ཚིག་གོ་།དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གསུམ་པ་ལས་གླུ་དང་གཟའི་དབང་གི་བཤད་པའོ།། །། ་དེ་ལྟར་དེ་ཀུན་འཇིག་རྟེན་གྱི་ཞེས་པ་ནི། གང་དག་སྔོན་དུ་གསུངས་པའི་ཏོ་ཏ་ལ་སོགས་པའི་དབྱངས་ཡིག་བཅུ་གཉིས་པོ་རྣམས་སོ། །དེས་ན་ཟད་དང་མངོན་པར་འབྱུང་ལ་གནས་ཞེས་གསུངས་སོ། །ལྷ་ཆེན་བཅུ་གཉིས་པོ་དེ་རྣམས། །འཚོ ་བའི་གཟུགས་ཀྱི་ཆ་རུ་གནས། །དེ་རྣམས་དབང་ཐང་ཡང་དག་བཤད། །རྒྱུ་སྐར་ཀུན་དང་ཡང་དག་ལྡན། །ཟླ་བ་ཉི་མ་རྣམ་དབྱེ་བས། །འོག་དང་སྟེང་དུ་ལྟས་དེ་བཞིན། །ཞེས་པ་ནི་ལུས་ལ་ཁ་སྟེང་དུ་ལྟས་པ་ནི་? ་པའོ། །ཁ་འོག་ཏུ་ལྟས་པ་ནི་ཀ་ལ་སོགས་པ་ཞེས་བའི་དོན་ཏོ། །བརྟན་པ་དང་ནི་གཡོ་བ་ཉིད། །གཉིས་དང་གཉིས་སུ་ཡང་དག་གསུངས་ཞེས་པ་ནི། རེ་རེ་བཞིན་དུ་བརྟན་པ་དང་གཡོ་བའི་རང་བཞིན་ཞེས་པའི་དོན་ཏོ། །འདི་དག ་གི་འབྱུང་བའི་རིམ་པས་ནི་མི་དགེ་བའོ། །འཇུག་པའི་རིམ་པས་ནི་དགེ་བའོ། །སོ་སོར་རེ་རེ་ལ་སྦྱར་ཞེས་པའི་དོན་ཏོ། །ལྷ་མོ་དེ་བཞིན་གཟི་བརྗིད་ཟུང། །རིང་ཐུང་རྒྱལ་དང་རྒྱལ་མིན་པ་ཞེས་པ་ནི། སྔོན་དུ་གསུངས་པའི་འཁོར་ལོའི་སླར ་བསྟན་པའོ། །གཟི་བརྗིད་ཟུང་ཞེས་པ་ནི་སྡེ་ཚན་རིམ་པར་གསུངས་པའི་ཡི་གེ་ཟུང་དུ་འབྲེལ་པ་ཐུང་བ་དང་རིང་བ་གང་ཡིན་པ་དེས། རྒྱལ་བ་དང་རྒྱལ་བ་མ་ཡིན་པར་འགྱུར་རོ། །དེའི་བསམ་པ་ཅི་ཞེ་ན། སྟེང་གིས་དེའི་རྒྱལ་བ་སྟེ་ཞེས་སྨོས་ཏེ། ་དང་པོའི་ཡི་གེ་ཐུད་དུས་ནི་རྒྱལ་བར་འགྱུར་རོ། །འོག་གིས་འཆི་དང་ཕྲད་པ་ཡིན་ཞེས་པ་ནི་ཡི་གེ་གཉིས་པས་ནི་འཆི་བ་དང་ཕྲད་བས་འགལ་ལོ་ཞེས་བའི་དོན་ཏོ། །དེ་ལྟར་སྡེ་ཆེན་ཐམས་ཅད་དམ། ཨ་ལ་སོཌ་པཱི་སྡེ་ཚན་རྣམས་རྩིས་ཀྱི ་འཁོར་ལོ་ནི?་ས?་ཏེ། བརྩིས་པར་འགྱུར་བས་གང་ལྷག་པར་འགྱུར་བའི་ཡི་གེ་དེ་བླངས་ཏེ། དེས་བསྟན་བའི་དགེ་བ་དང་མི་དགེ་བའི་འཁོར་ལོ་རེའུ་མིག་བཅུ་གཉིས་པ་ལS?་མཚོན་པར་བྱའོ། །དེ་ཡང་རྒྱུད་ཉིད་ལས་སྟོན་པར་འགྱུར་རོ། ། ་ཐམས་ཅད་ཉི་མར་སྤྱོད་པ་དང། །སྐར་མ་དབང་ཐང་གཟའ་དང་ཀླུ། །འཆིང?་བ་ཡིས་ནི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཔལ་རྡོ་རྗེ་མཁའ་འགྲོ་མའི་ལེའུ་ཉི་ཤུ་པའི་རྩིས་ཀྱིས་འཁོར་ལོའི་བཤད་བའོ།། །། ་གོང་དུ་ཟླ་བ་རྣམ་གནས་པར་སྔོན་དུ་སྐར་མ་བགྲང་བར་བྱ་ཞེས་པ་ནི་མི་རྣམས་སྐྱེས་པ་དང་སྐར་མ་བསྟན་པར་བྱ་སྟེ་སྔོན་དུ་བརྩི་བར་བྱའོ། །ཕྱིས་དེའི་ཟླ་བ་དུ་ཡིན་པ་ཡང་བརྟགས་ལ། །གང་དུ་སྐར?་མ་གནས ་བའི་ཟླ་བ་དེ་བརྩིས་ཏེ། མཚན་མ་གདབ་བར་བྱའོ། །དེ་ནས་གྲངས་དྲུག་ཅུ་རུ་རྩི་པར་བྱའོ། །ཡང་ཉི་མ་གང་ལ་སྐྱེས་བ་དེའི་དུས་ཀྱི་ཆུ་ཚོད་འདས་པ་དེ་རྣམས་ཀྱང་བསྟན་པར་བྱའོ། །དེར་ནི་ཟླ་བ་གཞུག་པར་བྱ་ཞེས་བའི་དོན་འདི་ཡིན་ཏེ། ་ཟླ་བ་ལ་ལོང་སྤྱོད་པའི་དུས་གཞུག་པ་དང། སླར་ཡང་གྲངས་དྲུག་ཅུ་བསྣན་བའི་བྱ་བའི་དོན་ཏོ། །གླང་པོ་མེ་དང་རོ་དབང་པོ་ཞེས་པ་ལ། གླང་པ་ནི་ཕྱོགས་གླང་པོའོ། །མེ་ནི་གསུམ་མོ། །རོ་ནི་དྲུག་གོ་།དབང་པོ་ནི་གཅིག་སྟེ། སྤྱིར་དྲིལ་ན ་གྲངས་ཉི་ཤུར་འགྱུར་རོ། །དེ་ལྟར་ཆ་འདི་དག་ཙམ་རིམས་ཀྱིས་ཕྲི་སྟེ། ལྷག་མ་ལུས་པའི་ཆ་གང་ཡིན་པ་དེ་བླང་བར་བྱ་ཞེས་པའི་དོན་ཏོ། །དབུས་སུ་ལྷག་པ་ཞེས་པ་ནི་གང་ལྷག་པ་བླངས་པ་དེའི་གནས་སྐབས་ལ་སྤྱད་པར་གསུངས་ཞེས་བའི་དོན་ཏེ།? ་ཉིན་དང་མཚན་གྱི་རབ་སྦྱོར་པས། །ལྷག་པའི་ཆུ་ཚོད་དུ་མ་གསུངས། གང་དུ་ཟླ་བ་རྣམ་གནས་པ། རབ་ཏུ་གནས་པས་འཇོམས་པར་འགྱུར་ཞེས་པ་ནི། གལ་ཏེ་དང་པོ་ལ་སྐྱེས་པ་དེའི། ཟླ་བ་དང་སྐར་མས་ནི་འཇོམས་ཤིང་གསོད་པ་ལ ་སོགས་པར་འགྱུར་ཞེས་པའི་དོན་ཏོ། གཉིས་པ་ཞི་བས་ཞི་བ་སྟེ། ཞེས་པ་ནི་ཟླ་བ་གཉིས་པ་ནི་ཞི་ཞིང་དགེ་བར་ཤེས་པར་བྱ་ཞེས་པའི་དོན་ཏོ། །གསུམ་པ་ནི་འཆི་བ་ཞེས་བྱ་བ་ནི་ཟླ་བ་གསུམ་པས་སྡུག་བསྔལ་ཞིང་འཆི་བའི་གནས་སྐབས་སུ་འགྱུར ་ཞེས་པའི་དོན་ཏོ། །བཞི་པ་དགའ་བས་མགུ་བར་འགྱུར་ཞེས་པ་ནི་ཟླ་བ་བཞི་པས་དགའ་ཞིང་མགུ་བར་འགྱུར་ཞེས་པའི་དོན་ཏོ། །ལྔ་པ་ནོར་གྱིས་ནོར་ནི་འབྱུང་ཞེས་པ་ནི། ཟླ་བ་ལྔ་པས་ནོར་འབྱུང་བར་འགྱུར་ཞེས་པའི་དོན་ཏོ། །དྲུག་ལ?་རིམས? ་ཀྱིས་དུས་ནི་ཀློག་ཞེས་པ་ནི། ཟླ་བ་དྲུག་པས་ལུས་རིམས་ཀྱིས་ཀློག་པར་འགྱུར་ཞེས་བའི་དོན་ཏོ། །བདུན་པས་དགའ་པས་དེ་བཞིན་དུ་ཞེས་པ་ནི་ཟླ་བ་བདུན་པས་མགུལ་དང་འཕྲད་པར་འགྱུར་ཞེས་པའི་དོན་ཏོ། །བརྒྱད་པ་རློག་པས་རླུག?་པས་ཏེ། ཞེས་བྱ?་བ? ་ནི་ཟླ་བ་བརྒྱད་པས་རླག་པར་འགྱུར་ཞེས་པའི་དོན་ཏོ། །དགུ་པ་ཉེ་བར་གནས་པ་ཡིས། ཞེས་པ་ནི་ཟླ་བ་དགུ་པས་དགྲ་རྣམས་དང་རྩོད་པར་འགྱུར་ཞེས་པའི་དོན་ཏོ། །བཅུ་བརྩེ་འཇོ་ཞེས་བྱ་བས་ཞེས་བྱ་བ་ནི། རྣམ་པར་རྒྱལ་བ་སྣ་ཚོགས་པར་རྒྱལ ་བར་འགྱུར་ཞེས་པའི་དོན་ཏོ། །བཅུ་གཅིག་པ་ནི་གདུང་བ་ཡིས་ཞེས་པ་ནི། ཟླ་བ་བཅུ་གཅིག་བས་འཇིགས་པ་སྣ་ཚོགས་འབྱུང་ཞེས་པའི་དོན་ཏོ། །བཅུ་གཉིས་པ་ནི་ཟ་བཞིན་པས་ཞེས་པ་ནི་ཟླ་བ་བཅུ་གཉིས་པས་བདེ་བ་ཆེན་པོ་ལོངས་སྤྱོད ་བསྐྱེ་བར་འགྱུར་ཞེས་བའི་དོན་ཏོ། །ཟླ་བ་དགུ་པའི་ཆོག་རིམ་པས། །ལྷ་མོ་ལུག་ལ་སོགས་པར་བཤད་ཅེས་ཏེ། དེ་དག་ནི་རྩིས་ཀྱི་འཁོར་ལོར་ཁོང་དུ་ཆུད་བར་བྱ་ཞེས་བའི་ཐ་ཚིག་གོ་།དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ ་ཉི་ཤུ་རྩ་ལྔ་པ་ལས། སྐྱེ་བའི་གནས་སྐབས་ཀྱི་བཤད་བའོ།། །།ཉ་ལ་མེ་རུ་ཡང་དག་གནས། །རྣམ་སྟོང་ལ་ནི་རླུང་དུ་གནས། །དེ་ལྟར་དེའི་དབུས་གནས་པ་ཡི། །ཕྱོགས་ནི་རབ་ཏུ་གདུང ་བ་གནས། །ཟླ་བ་ཉི་མ་འབྱུང་རི་མོ། །མཉམ་པར་སོང་ཞིང་མཉམ་པར་ལྟ། །ཞེས་པ་ལ་སོགས་པ་ནི་རྒྱུད་ཉིད་དུ་གསལ་བར་བསྟན་ཏོ། །མན་ངག་དམ་པ་རྣམས་ནི་རྙེད་དཀའ་ཤེས་པར་དཀའ་། །དེས་ན་བླ་མ་སྙིང་རྗེས ་ཐུགས་བཅིངས་འདིར་བཞུགས་པས། །དེ་ཉིད་རབ་བསྟན་རྒྱུ་རུ་ཁྱེད་ཅག་དེ་རྟོགས་ཀྱིས། །བདག་ལ་རིག་པས་ཁེངས་པའི་ཆི་ནི་འདིར་ཅི་ཡང་མེད། །བདེ་གཤེགས་སྲས་ཚོགས་དང་ནི་ཡེ་ཤེས་བཙུན?་མོ ་མཆོག་།ཇི་སྲིད་བྱང་ཆུབ་སྙིང་པོར་འགྲོ་ཀུན་ཕན་མཛད་དང། །མཁའ་སྤྱོད་ས་སྤྱོད་རྣམས་དང་སའི་སྟེང་བཞུགས་བ་ཡི། །འཕགས་པ་རྣམས་ལ ་ནོར་བཟངས་འདི་བྱས་བཟོད་པར་མཛོད། །དཔལ་རྡོ་རྗེ་མཁའ་འགྲོའི་བཀའ་འགྲེལ་དེ་ཁོ་ན་ཉིད་བསྟན་པར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནོར་བཟངས་ཀྱིས་ཞལ་ལྔ་ནས་ཀྱིས ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་བོ་ཤྲཱི་འགའ་ཡ་དྷ་ར་དང། བོད་ཀྱི་ལོཙྪ་བ་གྱི་ཙི?་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། །ཡེ་དྷ་རྨཱ་ཧེ་ཏུ་བྲ་བྷ་བཱ་ཏེ ་ཏུནྟེ་ཥཱནྟ་ཐ་ག་ཏོ་ཧཡ་བ་ད་ཏ། ཏེ་ཥཉྩ་ཡོ་ནི་རོ་དྷཱ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲཱི་མ་ཎ::།། །།མངྒལཾ།། །། ་