| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་བི་བྲི་ཏྟི་ནི་བནདྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པའི་བཤད་སྦྱར ་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བདུད་རྩི་འཛག་པའི་དངོས་གྲུབ་ཀྱི། །ཟླ་ཟེར་ལྟ་བུའི་རྒྱུ་ཡི་ཕྱིར། ། ་ཟླ་བ་ལྟ་བུར་མཁར་ཤར་བ། །རྡོ་རྗེ་མཁའ་འགྲོའི་སྐུ་ཕྱག་འཚལ། །འདི་ཡི་རྒྱུད་ནི་འབའ་ཞིག་གི་།ཀུན་གྱི་ཡན་ལག་སྙིང ་པོ་ཉིད། །རིན་ཆེན་གསེར་གྱི་དངོས་པོའི་སྐུ། །རི་རབ་ལྟ་བུར་གྲུབ་པ་ཉིད། །འདོད་པ་མཚུངས་པའི་ལྕེ་ཡིས་ནི། །སྐད་ཅིག ་ཙམ་གྱིས་རབ་ཏུ་དབྱེ། །ཇི་ལྟར་འདི་ཡི་རྒྱུད་ཀྱི་ཡང། །དོན་ཆེན་གསལ་བའི་བློ་ཡིས་ནི། །དེ་ནས་འདིར་ནི་ཅུང་ཟད་ཉིད།། ་བདག་གིས་དོན་ཆེན་གསལ་བར་བཤད། །ཇི་ལྟར་བླ་མ་ཇི་ལྟར་བློས། །ཇི་ལྟར་བསྟན་བཅོས་ཇི་ལྟར་དྲན། །རྒྱུད་ལས་པུ་ཡི་མན ་ངག་གིས། །རྙེད་པའི་དོན་ནི་ཕུན་ཚོགས་པ། །བྲི་བར་ཡང་ནི་མི་ནུས་ཀྱང། །དེ་ཡང་བདག་གིས་བརྗོད་པར་བྱ། །འདིར་ངེས་པར ་བརྗོད་པར་བྱེད་པ་ལ་སོགས་པ་བསྟན་དགོས་སོ། །མ་བསྟན་ན་ནི་གང་ཡང་རྟོག་པ་སྔོན་དུ་གཏོང་བ་རྣམས་གང་དུ་འཇུག་པར་འགྱུར་ཏེ། ་དགོས་པའི་དཱུང་སྒྲུབ་ཐབས་ལ་འཇུག་ན། དེ་ཡང་མངོན་པར་འདོད་པའི་དོན་སྒྲུབ་པ་པོ་རང་གི་མངོན་པར་འདོད་པ་ཡང་སྒྲུབ་པར་ནུས་སོ། །རྗོད་པར ་བྱེད་པ་ལ་སོགས་པ་མ་བསྟན་ན་ནི། དགོས་པ་རྟོགས་པར་མི་ནུས་ཏེ། འདི་ལྟར་ཡང་མངོན་པར་འདོད་པའི་དགོས་པ་ནི་མངོན་པར་འདོད་པ་ཉིད་སྒྲུབ ་ཐབས་ཀྱིས་སྒྲུབ་པར་བྱེད་དོ། །གཞན་དུ་ན་མཐོ་རིས་འདོད་པས་ར་དཀར་པོ་རྙེད་པ་ཞེས་བྱ་བ་འདི་ལ་ནི། སངས་རྒྱས་པ་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས ་མངོན་པར་འདོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ར་དཀར་པོ་ཞེས་བྱ་བ་བསད་པས་མཐོ་རིས་ཞེས་བྱ་བའི་འབྲས་བུ་ཡིན་ཀྱང། དེ་ལྟར་ཡང ་སྙིང་རྗེ་དང་ལྡན་པ་སུ་ཞིག་འདིར་འཇུག་པར་འགྱུར། དེས་ན་བརྗོད་པར་བྱ་བ་ལ་སོགས་པ་རྟོགས་པར་བྱ་བའི་དོན་དུ་གནས་ཕུན་སུམ་ཚོགས་པ་ལ ་སོགས་པ་བསྟན་པའི་སྒོ་ནས། གསང་བ་ཞེས་བྱ་བ་ལ་སོགས་པ་ནས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ཡི། །རྡོ་རྗེ་མཁའ་འགྲོ་བདེ་བའི ་མཆོག་།ཅེས་བྱ་བའི་མཛའ་ཨི་ཚིག་གིས། རྡོ་རྗེ་ཕག་མོ་སྡུད་པར་མཛད་མས་དང་པོར་གསུངས་སོ། །གཅིག་པུ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སེམས་ཅན ་གདུལ་བའི་དོན་དུ་དེ་ལྟ་དེ་ལྟར་རོལ་པ་སྟོན་ཏེ། འཆད་པ་པོ་དང། སྡུད་པ་པོ་དང། འཁོར་གྱི་མཚན་ཉིད་དང་དཀྱིལ་འཁོར་དང། དེའི་གཙོ་བོ་དང་དཀྱིལ ་འཁོར་པ་དང། དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་མཚན་ཉིད་དང། བཤད་པར་བྱ་བའི་ངོ་བོ་ཡང། རང་ཉིད་ཀྱིས་འཛིན་པར་མཛད་དོ། །གསང་བ་ཞེས་བྱ ་བ་ལ་སོགས་པ་ལ། གསང་བ་ལ་ཞུགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་འཆད་པར་འགྱུར་བ་དང་སྦྱར་རོ། །གོང་དུ ་གསུངས་པ་ཉིད་ཀྱི་བརྗོད་པར་བྱ་བ་ལ་སོགས་པ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་གཞུང་གི་རྗེས་སུ་འབྲངས་ནས་རང་རྒྱུད་བཅོམ་ལྡན་འདས་མས་སྤང་བར་མཛད་པའོ། །དེ་བས་ན་བཅོམ་ལྡན་འདས ་ལས་ཐོས་པ་ཉིད་དེ་ཞེས། རྒྱུད་ཀྱི་བསྡུས་པའོ་ཞེས་བྱ་བ་དགོངས་སོ། །གལ་ཏེ་ཡང་བཅོམ་ལྡན་འདས་ཉིད་འཆད་པ་པོ་ལ་སོགས་པའི་གཟུགས་ཀྱིས་རྣམ་པར་གནས་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས ་མའི་གཟུགས་ཀྱིས་ཐ་དད་པར་བདག་ཉིད་རྟོགས་པར་མཛད་དོ། །གསང་བའི་སྒྲས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ལས་བྱུང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཁྱབ་པར་བྱེད་པ་སྟེ། གསང་བ་ནི ་ཆོས་ཀྱི་འབྱུང་གནས་སོ། །དེ་ལ་ཡང་རི་རབ་ཀྱི་སྟེང་དུ་གཞལ་མེད་ཁང་བརྩེགས་མ་གནས་པའོ། །ཅིར་འགྱུར་ཞེ་ན། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཅེས་བྱ་བ་ནི་ཁྱད་པར་དུ ་འཕགས་པ་སྟེ། མཆོག་གི་ཡེ་ཤེས་ཀྱི་ཡུལ་ལའོ། །དགྱེས་པ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ་བསྐྱེས་པའི་ཡུལ་ལོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད ་ཅན་གྱི་ཕྱིར། ཐམས་ཅད་ཀྱི་བདག་ཉིད་དེ་གསང་བའོ། །ཡང་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཕྱིར། ཐམས་ཅད་བདག་ཉིད་དོ། །ཡང་ན་ཐམས་ཅད་ཀྱི་སྒྲས་ནི་རྡོ་རྗེ་འཛིན ་པ་སྟེ། དེའི་བདག་ཉིད་ཅན་གྱི་ཕྱིར་དེ་ནི་དེ་ལྟ་བུ་སྟེ། འདིས་ནི་གནས་ཕུན་ཚོགས་གསུངས་སོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི། ཐོག་མ་མེད་པའི་དུས་ནས་གང་དཱུང་མི་འགྲོ་བ། དེའི་རང་བཞིན་གྱི་ཕྱིར་སྣ ་ཚོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་གྱིས་མཚམས་མེད་ཅིང་རྒྱུན་མི་འཆད་པར་རྟག་ཏུ་ཆོས་སྐུ་ལ་སོགས་པའི་ངོ་བོས་འདིར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཅིར་འགྱུར་ཞེ་ན། ་སྨྲས་པ་མཁའ་འགྲོ་ཀུན་གྱི་སྒྲ་ཡིས་ནི་རབ་གཏུམ་མ་ལ་སོགས་པའི་ལྷ་མོ་རྣམས་ཏེ། དེ་གང་གི་རང་བཞིན་ཡིན་པ་འདི་ནི་མཁའ་འགྲོ་ཀུན་དངོས་སོ། །འདིས་ནི་འདི་དག་གསུངས་པ་ཡིན་ནོ། །མཁའ་འགྲོ་མ་ཀུན་གྱི་འཁོར ་གྱིས་བསྐོར་བའི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དེ་ཡང་འཁོར་ཕུན་ཚོགས་པ་བརྗོད་པའོ། །སེམས་ཅན་གྱི་དོན་མཛད་པར་ནུས་པའི་ཕྱིར་སེམས་དཔའ་ཨོ། །རྡོ་རྗེ་ནི་མི་ཤེས་པའི་རི་བོ་འདྲལ་བའི་ཕྱིར་ཏེ། ་མི་ཤེས་པ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཞེས་བྱ་རྣམས་ལ་གཟུང་བ་ལ་སོགས་པར་མངོན་པར་ཞེན་པས་ཡེ་ཤེས་ཀྱི་ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྡོ་རྗེ་ནི་གཉིས་སུ་མེད ་པའི་ཡེ་ཤེས་ཏེ་ཤེས་རབ་ཀྱི་ངོ་བོའོ། །མཁའ་འགྲོ་ཞེས་བྱ་བ་ནི་འཕུར་ཞིང་སྤྲུལ་པས་ནམ་མཁའ་ལ་འགྲོ་བ་སྟེ། ཁྱབ་པའི་ཕྱིར་མཁའ་འགྲོའོ། །སྤྲུལ་པ་ཡང་མཁའ་འགྲོ་མའི་གཟུགས་ཏེ། དངོས་པོའི་རང་བཞིན་ནོ། །རྡོ་རྗེ ་ཡང་ཡིན་ལ་མཁའ་འགྲོ་ལྔ་ཡིན་པ་དེ་ནི་རྡོ་རྗེ་མཁའ་འགྲོ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་ཀུན་དངོས་ཞེས་བྱ་བའི་ཁྱད་པར་ནི་འཁོར་ལ་བདེགས?་སོ་ཞེས་བྱ ་བའི་དོན་དོ། །རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཉིད་དོ། །ཞེས་བྱ་བར་བསྙེགས་སོ་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེ་ནི་བདེ་བའི་གཟུགས་སོ་ཞེས་བྱ་བ་འདི་ཉིད་གསུངས་པ། བདེ་བའི་མཆོག་ཅེས་བྱ་བ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ ་ཡང་བསྒྲུབ་པར་བྱ་བ་མཆོག་གི་མཐར་ཐུག་པར་གྱུར་པ་ཞེས་པའི་དོན། །འགྲོ་བ་དྲུག་ཏུ་འཁོར་བ་རྣམས་ཀྱིས་ཀྱང་བདེ་བ་ཉིད་བསྒྲུབ་པར་བྱ་བ་སྟེ། འདི་ལྟར་ཡང་བྱིས་པ་རྣམས་ཀྱི་ནི་ཟག་པ་དང་བཅས་པའོ། །འཕགས་པ་རྣམས་ཀྱི་ནི་ཟག་པ་མེད་པ་སྟེ། དེ་ལྟར་ཡང་བདེ་བ་ལས ་ཕ་རོལ་གཞན་དུ་བསྒྲུབ་པར་བྱ་བ་ཡོད་པ་མ་ཡིན་ཞིང་བདེ་བ་ཉིད་དོན་དུ་གཉེར་བས་སྒྲུབ་ཐབས་སྣ་ཚོགས་བཙལ་བར་བྱའོ། །ཡང་ན་བྱིས་པ་རྣམས་ཀྱི་ཇི་སྲིད་དུ་རང་བཞིན་ཡོངས་སུ་དག་པ་ཉིད་དེ། །རང་ཉིད་ཟག་པ་དང་བཅས་པའི་ཕྱིར་དེ་ཡང་ཟག་པ་དང་བཅས་པ་བལྟ་བུར ་འདོད་དེ། མངོན་པར་ཞེན་པ་དང་བཅས་པའི་ཕྱིར་རོ། །དེས་ན་བདེ་བའི་རང་བཞིན་འདི་ནི་དེ་ལྟར་ཡང་གསུངས་པ་བདེ་བས་བདེ་བ་བསྒྲུབ་པར་བྱ་ཞེས་བྱ་བ་ལ། བདེ་བས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པས་སོ། །བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ལ་སོགས ་པ་ནས་མཆོག་ཅེས་བྱ་བའི་མཛའ་ཨི་ཁྱད་པར་གྱི་སྐྱེས་པ་རང་དང་གཞན་གྱི་དོན་ཕུན་ཚོགས་པའི་སྒོ་ནས་བལྟ་བར་བྱའོ། །འདི་ནི་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ཕུན་ཚོགས་པའོ། །ངེས་ཅིར་འགྱུར་ཞེ་ན་གསུངས་པ། རང་འབྱུང་ཞེས་བྱ་བ་ནི་རང་གི་རང་བཞིན་གྱིས་དེ་ལྟ་དེ་ལྟར ་གདུལ་བར་བྱ་བ་གདུལ་བའི་དོན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པའི་གཟུགས་ཀྱིས་འབྱུང་བས་རབ་ཏུ་ཕྱེ་བའོ། །དེ་ལྟར་ཡང། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡི་གཟུགས་སུ་མཚོན་པ་ཡིན། །ཞེས་གསུངས་སོ། །སེམས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ།། ་བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་པ་རྣམ་པ་དྲུག་གི་སྦྱོར་བའི་ཕྱིར་རོ། །གཅིག་བུ་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་དོན་དམ་པའི་བདེན་བའི་ཚུལ་ཞེས་བྱ་བའི་དོན་ཏོ། །ལྷག་པའི་ལྷ་ཞེས་བྱ་བ་ནི་གསལ་བར་བྱེད་པས་ན་ལྷ་སྟེ་སྤྲུལ་པའོ?།། ་དེ་རྒྱས་པར་བྱེད་པ་ནི་ལྷ་དེ་ཉིད་དེ། རང་གི་དོན་ལ་ཨཎ་སྟེ་ངེས་པར་བྱས་ཤིང་བཏའོ། །བྱིན་གྱིས་བརླབས་པའི་ལུས་ཀྱིས་ལྷ་ཉིད་ནི་ལྷག་པའི་ལྷ་སྟེ། ཕྱག་དང་ཞལ་གྱི་རྣམ་པའི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེང་དུ་གྱུར་པའི་ཕྱིར ་ལྷག་པའི་དོན་གྱིས་ཀྱང་པ་ལྟ་བར་བྱ་ཞིང་དེས་ནི་ཀུན་རྫོབ་ཀྱི་བདེན་པས་ཞེས་བྱ་བར་ཏེ། ཀུན་རྫོབ་ནི་དོན་དམ་པའི་ངོ་བོས་ཞེས་བྱ་བའི་དོན་ཏོ། ཡང་ན་བཅོམ་ལྡན་འདས་ཉིད་མཁའ་འགྲོ་ཀུན་ཞེས་བྱ་བའི་ཚིག་གི་རྐང་པས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཉིད་དུ་བརྗོད་དེ་དེ་ཉིད ་ཀྱི་ཕྱིར་རང་འབྱུང་ངོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རང་དང་གཞན་གྱི་དོན་ཕུན་ཚོགས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་རང་བཞིན་གྱིས་འབྱུང་བ་ཞེས་བྱ་བ་བདེན་པ་གཉིས་ཀྱི་ཚུལ་གྱིས་བཅོམ་ལྡན་འདས་ཀྱིས་བཤད་པའོ། །ད་ནི་བསྐྱེད་པའི་རིམ་པའི་ཚུལ་གྱིས་བཅོམ ་ལྡན་འདས་བསྟན་པར་བྱ་བའི་ཕྱིར་གསུངས་པ། བྱུང་ཞེས་བྱ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཡང་དག་པར་དབྱེ་ཞིང་འབྱུང་བ་འམ། ཕྱེ་བ་སྟེ་འདིར་འབྱུང་བ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་གྱི་སེམས་སོ། །བྱུང་ཞེས་བྱ་བ་ནི་ཁྱབ?་ཕྱིས་པས་ལྔ་པ་སྟེ། བྱང་ཆུབ་ཀྱི ་སེམས་བརྟན་པར་བྱས་པ་ནི་བཏོན་ཞེས་བྱ་བར་སྦྱར་རོ། །གང་ལས་ཤེས་ན་སྐྲའི་ཚུལ་ལས་ཤེས་གསུངས་སོ། །སྒྲ་ནི་སྐད་དོ། །ཚུལ་ནི་གང་དག་གི་སྒྲའི་ཚུལ་ལས་ཏེ་དེ་ནི་ཨ་ལ་སོགས་པ་དང། ཀ་ལ་སོགས་པ་དང། གཞན་ཡང་སྔགས་རྣམས་སོ། །བཏོན་ཞིང་ཞེས་བྱ་བ་ནི་རྣམ་པ་སྣ ་ཚོགས་པའི་གཟུགས་ཀྱིས་བཏོན་ཅིང་བསམ་པ་དང། བརྗོད་པ་ཞེས་བྱ་བར་དགོངས་སོ། །དམ་ཚིག་ཅེས་བྱ་བ་ནི་ཟླ་བ་གཉིས་སོ། །སྤྱོད་པ་ནི་ས་བོན་ནོ། །སྤྱོད་ཡུལ་ནི་མཚན་མའོ། །འདིས་ཀྱང་བཏོན་པ་ཞེས་བྱ་བའོ། །འདིར་འདི་སྐད་དུ་ཡིན་ཏེ། མདུན་དུ་བླ་མ་དང་སངས་རྒྱས་མཆོད་པ ་དང། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱ་སྟེ། སེམས་ཀྱི་འཕྲུལ་པ་འགྲོ་བ་འདི་དག་ནི། སེམས་ལས་གཞན་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཡིད་ལས་བསམས་ནས། ཨོཾ་ཨཱདྱ་ནུཏཔནྟ?། སརྦ་དྷརྨཱ:པྲ་ཀྲི་ཏི་པྲ་བྷཱ་སྭཱ་རཱ:། སརྦ་དྷརྨཱ་ཞེས་བྱ་བའི་སྔགས་བརྗོད་དེ། དེའི་སེམས་ཟླ་བའི་དཀྱིལ ་འཁོར་ཀྱི་རྣམ་པར་བསྒོམ་པར་བྱའོ། །ོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་པའི་སྔགས་བརྗོད་ནས་དེ་ལ་ཟླ་བའི་དཀྱིལ་འཁོར་དུ་ཞུགས་ཏེ། སངས་རྒྱས་ཀྱི་ཡོན་ཏན་གྱི་གཟུགས་གྱིས་ཨ་ལ་སོགས་པ་བསམ་པར་བྱས་ཤིང་དེའི་འོད་ཟེར་གྱིས་བསྐུལ་བས། སྐར་མ་འཕོ་བའི་རིམ་པའི་རྣམ་པས་གཞན་པའི ་དེ་བཞིན་གཤེགས་པ་རྣམས་དེ་ཉིད་དུ་ཞུགས་པར་བསམ་པར་བྱའོ། །ཡང་དེའི་སྟང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ནས། ཨོཾ་བོ་དྷི་ཙིཏྟ་མུཏྨ་ད་ཡཱ་མི་ཞེས་བྱ་བའི་སྔགས་བརྗོད་ནས། །འདིར་ཡང་ཀ་ལ་སོགས་པའི་ཡིག་འབྲུ་རྣམས་དེ་ཉིད་དུ་བསམ་པར་བྱའོ། །དེའི་སྟེང་དུ་ས་བོན ་ལས་སྐྱེས་པ་རང་གི་མཚན་མ་བསྒོམ་པར་བྱས་ནས། བདག་དེའི་གཟུགས་སུ་བསྒོམ་པར་བྱས་ནས་ཀྱང། ཨོཾ་ཏིཥཐ་བཛྲ་ཞེས་བརྗོད་པར་བྱ་སྟེ། ཡང་སྤྲོ་བ་དང་བསྡུ་བ་ཡང་གོང་མ་བཞིན་ནོ། །ོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་ང་རྒྱལ་བྱའོ། །དེ་ནས་ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པས་རང་གི ་ལྷ་བསྒོམ་པར་བྱས་ནས། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་ཧཾ་ཞེས་བརྗོད་པར་བྱའོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྟན་པ་སྟེ། བཅོམ་ལྡན་འདས་དེ་ནི་འདི་ལྟ་བུ་གཟུགས་སོ་ཞེས་བྱ་བར་དགོངས་སོ། །རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུའི་བཅོམ་ལྡན་འདས་རྙེད་པར་དཀའ་བའོ།། ་གང་དུ་ཞེ་ན་འཇིག་རྟེན་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཁྱབ་འཇུག་དང་འཕྲོག་པ་དང། ནོར་གྱི་སྙིང་པོ་རྣམས་ལ་འམ། འདོད་པ་ལ་སོགས་པ་གཞན་གྱི་མིང་འཛིན་པ་རྣམས་ལའོ། །དེ་ལྟར་ཡང་འདོད་པ་སེང་གེར་ཡང་དག་བཤད། །སེམས་ནི་ཐམས་ཅད་པ་རུ་གྲགས། ཚངས་པ་ཐར་པ ་ཞེས་བྱང་བརྗོད། །འཇིག་རྟེན་གསུམ་དུ་འདི་རྣམས་གསུངས་ཤེས་གསུངས་སོ། །མ་ནིང་དུ་བསྟན་པ་ནི། ལུང་གི་ཕྱིར་རོ། །ཡང་ན། འདོད་ཆགས་བུད་མེད་སྐྱེས་བུ་ནི། །ཞེ་སྡང་གཏི་མུག་གཉིས་སྤངས་པའོ་ཞེས་བྱ་བའི་ཚིགས་བཅད་ཕྱེད་པོ་འདིའི་དོན་ནི། འདོད་ཆགས་རྣམ་དག་ཡན་ལག?་ ་ཅན། ཞེ་སྡང་དེ་བཞིན་སྐྱེས་བུ་ཉིད། །གཏི་མུག་གཉིས་ནི་སྤངས་པ་སྟེ། །དེ་ལྟར་ཁྱད་འཕགས་འདོད་པའི་སེམས། །ད་ལྟར་ཡང་གསུངས་པ། འདོད་པ་སེམས་ཞེས་བརྗོད་པ་སྟེ། འདོད་ཆགས་ཞེ་སྡང་མུན་པར་ལྡན། །ཞེའོ། འཇིག་རྟེན་ཞེས་བྱ་བ་ནི་དེ་ལྟར་? ་པར་འཕགས་པའི་སེམས་སྣང་བར་བྱེད་པའོ། །སྙིང་རྗེ་ཡང་འཇིག་རྟེན་ཏེ། གཟིགས་པར་བྱེད་ཅིང་འདིས་སེམས་ཅན་གྱི་དོན་མཛད་པས། ཆོས་ཀྱི་དབྱིངས་དང་འཇིག་རྟེན་ནོ། །གཅིག་ལ་སོགས་པའི་རང་བཞིན་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཐིམ་པར་བྱེད་ཅིང་འཇིག་པར་བྱེད་པས་འདིར་སྐྱེས? ་པ་སྟེ། གསུམ་པོ་འདི་རྣམས་སུ་རྙེད་པར་དཀའ་བའོ། །ཅི་ཞེ་ན་མགོ་གཡོ་བས་རྟོགས་པར་བྱ་སྟེ། འདིས་ནི་རང་རིག་པ་ཙམ་ཉིད་བཅོམ་ལྡན་འདས་ལ་བརྙེགས་སོ་ཞེས་བྱ་བའོ། །དེ་ལྟར་ཡང་གསུངས་པ། རྟག་ཏུ་འདོད་པ་བསྟེན་པར་གྱིས། །ཆུ་ཡི་མཆོག་ནི་བཏུང་བར་གྱིས། །ཆོས་ལ ་བསྙེན་ཅིག་ཆོས་མིན་མིན། །འདི་གསུམ་སྐྱེས་བུའི་བརྟུལ་ཞུགས་ཉིད་ཅེའོ། །ཡང་ན་གུས་པ་མེད་པའི་བདུན་པ་སྟེ། །འཇིག་རྟེན་ནི་འཇིག་པར་བྱེད་པ་སྟེ། ལུས་རྡོ་རྗེ་ལ་སོགས་པའོ། །རྙེད་པར་དཀའ་ཞེས་བྱ་བ་ནི་དེ་ལ་གུས་པ་མེད་པས། སྡུག་བསྔལ་གྱིས་རྙེད་ཅེས་བྱ་བ་སྟེ། ལུས་ལ་སོགས ་པའི་བདག་ཉིད་ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་སྤངས་ནས་གང་དུ་བདེ་བ་ཆེན་པོའི་གཟུགས་ཅན་གྱི་མཚན་བཅོམ་ལྡན་འདས་རྙེད་པར་སླ་ཞེས་བརྗོད། དྲིས་པ་ལུས་ལ་སོགས་པ་སྤངས་ནས་སྡུག་བསྔལ་གྱི་རྙེད་པར་མིད་རྙེད་དོ་ཞེས་བྱ་བ་དེ་ལྟར་ན་དེ་བས་ན་ཡུལ་ཡོད་པ་ཉིད་དོ ་ཞེས་སྙམ་པ་ལ། དགའ་བ་ཞེས་བྱ་བའི་སྒྲ་ནི་དགག་པའི་ཚིག་མ་ཡིན་པར་བལྟ་བར་བྱའོ། །ཡང་དག་གནས་ཞེས་བྱ་བ་ནི། འཇིག་པ་མེད་པའོ། །ཐོག་མ་དབུས་མཛའ་ཞེས་བྱ་བ་ནི། གཅིག་ཉིད་དང་གཉིས་ཉིད་དང་མང་པོ་ཉིད་ཀྱི་མཚན་ཉིད་དེ། གང་དུ་ཐོག་མ་དབུས་མཛའ་ཡང ་དག་གནས་ཞེས་བྱ་བ་ནི་གཞན་གྱི་མཐར་ལྷག་མ་ནི་ཚིག་གི་ཕྲད་དོ། །རང་བཞིན་གྱིས་རྟག་པས་བསྐྱེད་པ་དང་གནས་པ་དང། འཇིག་པ་རྣམས་དང་པོ་ལ་སོགས་པའི་སྒྲའི་ཚིག་གིས་དབྱིབས་ལ་མི་འཇིག་པས་གནས་སོ་ཞེས་བྱ་བ་ནི། ཐོག་མ་དབུས་མཛའ་ཡང་དག་གནས་ཞེས་བྱ་བ ་འདིའི་དོན་ཏེ། ཐམས་ཅད་དུ་བཅོམ་ལྡན་འདས་ཉིད་ཁྱད་པར་དུ་བྱས་པའོ། །དབུ་མ་རྟོགས་པའི་སྒོ་ནས་ཁྱད་པར་ནི་འདོད་ཆགས་མེད་ཅིང་ཞེས་བྱ་བ་གསུངས་སོ། །འདོད་ཆགས་ནི་འཁོར་བའོ། །འདོད་ཆགས་དང་བྲལ་བ་ནི་མྱ་ངན་ལས་འདས་པ་སྟེ། དམིགས་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདོད ་ཆགས་དང་འདོད་ཆགས་བྲལ་བ་དག་གིས་སྤངས་པ་རྟོགས་པ་དམིགས་པར་མི་འགྱུར་ཏེ། དབུ་མ་རྟོགས་པའི་རང་གི་ངོ་བོ་བཅོམ་ལྡན་འདས་དེ་ལྟ་བུའི་ངོ་བོ་ནི་རྡོ་རྗེ་འཛིན་པ་སྟེ་བརྗོད་བྱའོ། །ད་ནི་ཤེས་རབ་ཀྱི་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་རྟོགས་པར་བྱ་བའི་ཕྱིར་གང་ཞིག་གཙོར་གྱུར་པ་དེ་ཉིད་བུད ་མེད་ཀྱི་རང་གཟུགས་ཉིད་རྟོགས་པར་བྱ་བའི་ཕྱིར་ཀུན་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བུད་མེད་ཀུན་ནི་ལྷ་མོ་ཐམས་ཅད་དེ། །དེ་ཉིད་སྒྱུ་མའོ། །ཕྱག་རྒྱ་ཞེས་བྱ་བ་ནི་དེ་ཉིད་གནས་པ་དང་གཡོ་པའི་འགྲོ་བ་ཕྱག་རྒྱས་འདེབས་པ་སྟེ། རིགས་ལ་གཅིག་གི་ཚིག་གོ་།སྒྱུ་མའི་སྒྲ་འདི་ནི་སྒྱུ་མའི་སྒྲའི ་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་རབ་གྲུབ་བོ། །འདིར་གསུངས་པ། བདེ་བ་ཆེན་པོ་རྟོགས་པའི་ཕྱིར། །བཅོམ་ལྡན་ཉིད་ནི་བུད་མེད་སྤྲུལ། །བདེ་བའི་རྒྱུ་རུ་བདེ་རྟོགས་ཕྱིར། །བུད་མེད་སྒྱུ་མའི་ཕྱག་རྒྱ་དེ། ཀུན་རྫོབས་ཀྱི་ནི་གཟུགས་དང་ནི། །དོན་དམ་ངོ་བོ་ཕྱག་བརྒྱ་ཉིད། །ཅེའོ། གཉིས་མེད་ཡེ་ཤེས་ཤེས་བྱ་བ་ནི ་དེའི་མཆོག་ཏུ་ཤེས་པར་བྱ་བའི་ཡེ་ཤེས་སོ། །གང་དག་གི་གདུག་པ་རྣམས་དང་སྐྱོན་རྣམས་དང། ཉོན་མོངས་པ་རྣམས་ལ་སྤྱོད་པའི་དང་ཚུལ་དེ་ནི་སྦྱོད་པར་དཀའ་བ་སྟེ། དེ་ཡང་རྣལ་འབྱོར་པ་རྣམས་ལའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་དོན་དམ་པའི་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་པར ་འགྱུར་ཞེས་བྱ་བའང་དགོངས་ཏེ། རྣལ་འབྱོར་པའང་དེ་ལ་དོན་དམ་པའི་ཡེ་ཤེས་སྟེར་བར་འགྱུར་རོ་ཞེས་བྱ་བའང་བལྟ་བར་བྱའོ། །འདིའི་སྒྲའི་དོན་ནི་རེ་ཞིག་སྐྱེས་བུས་ཚེགས་ཆུང་དུས་གྲུབ་པར་འགྱུར་ཞེས་བྱ་བར་དགོངས་སོ། །ཇི་ལྟར་འགྲུབ་ཅེན་ཀུན་གྱི་ཞེས་བྱ་བ་གསུངས་ཏེ། ཕུང་པོ ་ལ་སོགས་པ་རྣམས་ཀྱིའོ། །རྙེད་པ་ཞེས་བྱ་བ་ནི། རང་གི་ངོ་བོའི་ཡེ་ཤེས་ཏེ་རྙེད་པ་ཐམས་ཅད་དོ། །དེས་བདེ་བ་ནི་ཡིད་དང་ལྡན་པ་སྟེ། དེའི་ཁྱད་པར་དུ་འཕགས་པའོ། །ཐམས་ཅད་ལས་མཆོག་གི་མཆོག་ཏུ་གྱུར་པ་ལ་ཞེན་པ་བསྐྱེད་བ་དེ་རྣམས་ཀྱི་བྱེད་པར་གྱུར་པ་དེ་རྣམས་གྱིས་? ་དང་ཤེས་རབ་སྙོམས་པར་འཇུག་པ་ལས་སྐྱེད་པའི་བདེ་བས་ཞེས་བྱ་བར་དགོངས་སོ། །ལྷ་མོ་རྣམས་ཀྱི་མཚན་གཞན་དུ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་གསུངས་པ། ཀུན་ཏུ་ཞེས་བྱ་བ་ནི་གང་དག་ལ་ཕྱི་རོལ་གྱི་དོན་གྱི་གོ་སྐབས་འབྱེད་པ་དེ་ནི་ནམ་མཁའ་ ་ཀུན་ཏུ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་སྒྱུར་བ་དྲུག་པོ་རྣམས་སོ། །དེ་རྣམས་དང་ལྷན་ཅིག་སྤྱོད་པ་ཞེས་བྱ་བར་ནི་དེ་ལྟ་བུའོ། རིགས་ཙམ་ལ་གཅིག་གི་ཚིག་གོ། རྣམ་པར་སྣང་མཛད་ལ་སོགས་པ་སྒྲུབ་པོ་ཞེས་བྱ་བའི་དོན་ཏེ། དེས་ཡང་འདིས་དངོས་གྲུབ་འགྲུབ་པར ་འགྱུར་རོ་ཞེས་བྱའོ། །དེ་ཉིད་གང་ཞིག་ཁྱབ་པ་སྟོང་པ་ཉིད་ཀྱི་ངང་ཚུལ་གང་ལ་ཡོད་པ་དེ་ནི་མཁའ་འགྲོ་མ་སྟེ་ཤེས་རབ་ཀྱི་ཕ་རོལ་པའི་རང་གི་ངོ་བོའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཌཻ་བཻ་ཧཱ་ཡ་འགྲོ་བའི་སྐད་ཀྱི་དབྱིངས་འདིར་རྣམ་པར་བརྟགས་པ་ཞེས་བྱ་བ་ནི་ཌེ་བཻ་ཧཱ་ཡ ་འགྲོ་བ་ནི་སྟོང་པ་ཉིད་མངོན་དུ་བྱེད་པའོ། །ཞེས་ཤེས་བྱ་བ་ནི་གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་འདིས་འགྲོ་ཞིང་རྣམ་པར་འཇིག་པའོ། ཞེས་ཤེས་བྱ་བའམ། །མཁའ་འགྲོ་མ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའི་ཚིག་གོ་ཞེས་ཁ་ཅིག་ཟེར་རོ། །འདི་ཉིད་ནི་བུད་མེད ་ཀྱི་ཐུན་མོང་གི་མིང་སྟེ། ཅིའི་ཕྱིར་ཡང་ཐུན་མོང་ཞེ་ན་དེའི་ཕྱིར་སྨྲས་པ་རབ་ཏུ་འགྲུབ་པར་འགྱུར་ཏེ། རྟེན་ཅིང་འཕྲེལ་པར་འབྱུང་བར་རབ་ཏུ་འགྲུབ་ཅིང་འགྲོ་བར་འགྱུར་ཞིང་ཐབས་དང་བཅས་པར་མཁའ་འགྲོ་མ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཀུན་ལས་ཞེས་བྱ་བ་ནི ་ཕྱོགས་བཅུ་རྣམས་སུའོ། །སྣ་ཚོགས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སྟེ་ཕྱག་རྒྱས་འདེབས་པ་ནི་ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ་ལྷ་མོའོ། །སྨྲས་པ་འདིར་འགྱུར་ཏེ། ལྷ་མོ་རྣམས་ནི་རབ་གཏུམ་མ་ལ་སོགས་པ་འམ་འཁོར་ལོ་སྒྱུར་བ་དྲུག་པོ་རྣམས་སུ་བལྟ་བར་བྱའོ། །སྟེ་ཞེས ་བྱ་བའི་སྒྲ་ནི་ཁྱད་པར་དུ་བུད་མེད་ཀྱི་གཟུགས་ཉིད་ལྷ་མོའི་གཟུགས་ཀྱིས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བའི་དོན་ཏོ། མཁའ་འགྲོ་མ་མེད་པར་ཐབས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་བསྟན་པའི་ཕྱིར། ཀུན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར ་པའི་ཐམས་ཅད་ལ་སོགས་པའི་ཆོ་གའི་ཁྱད་པར་འཕགས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིས་ཤེས་ན། ཀུན་ལས་ཏེ་གཟུགས་ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་པ་ཆོ་ག་སྣ་ཚོགས་པས་ལུས་དང་ཡིད་ཀྱི་བདེ་བ་རྣམས་ཀྱིས་རྣལ་འབྱོར་པ་འགྲུབ་པར་འགྱུར་རོ། །ཅིར་གྱུར་པས་ཤེ་ན ་མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བ་ཞེས་གསུངས་ཏེ། མཁའ་འགྲོ་ཐམས་ཅད་རྣམས་ཀྱིས་སམ། འཁོར་ལོ་སྒྱུར་བ་དྲུག་པོ་དཀྱིལ་འཁོར་དུ་གནས་པ་རྣམས་ཀྱིས་སམ། ལྷ་མོ་རྣམས་ཀྱིས་མཉམ་པར་སྦྱོར་བ་སྟེ། དེ་ཡང་འདི་ནི་རྡོ་རྗེ་ཡང་ཡིན་ལ་མཁའ་འགྲོ་ཡང་ཡིན་པ་དེ་ནི་དེ་ལྟ་བུའོ། །རྡོ་རྗེ ་མཁའ་འགྲོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། རྡོ་རྗེ་འཛིན་པ་ལ་སོགས་པ་གཞན་མཆོག་གི་གཟུགས་ཀྱི་རང་རང་གི་མཁའ་འགྲོ་མའི་འཁོར་གྱིས་སོ། །རབ་ཏུ་འགྲུབ་ཅེས་བྱ་བ་ནི་བདག་ཉིད་རྣལ་འབྱོར་པ་བསྐྱེད་པར་བྱའོ། །ད་ནི་ཕྱི་རོལ་གྱི་འཕར་མར་དམིགས་པས་བྱ་བའི་རྒྱུད་ཀྱི་ཆོ་གས་ཕྱག་རྒྱ་ཆེན་པོའི་དངོས ་གྲུབ་ཀྱི་མཚན་ཉིད་མི་འདོད་པས། དེ་ཉིད་མེད་ཅེས་གསུངས་ཏེ། དོན་དམ་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོས་དེ་ལས་ཕྱིན་ཅི་ལོག་ནི་དེ་ཁོ་ན་མ་ཡིན་ཏེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པས་དེ་ཉིད་མེད་པའོ། །བསམ་ཞེས་བྱ་བ་ནི་གནས་ཏེ། གང་གི་ཡུལ་ལ་དེ་ནི་དེ་ལྟ་བུའོ། །རྣལ་འབྱོར ་ནི་ཏིང་ངེ་འཛིན་ཏེ་སེམས་རྩེ་གཅིག་པའོ། །གང་དག་ལ་དེ་ཁོ་ན་ཉིད་མེད་པའི་བསམ་པའི་རྣལ་འབྱོར་?་པ་དེ་ནི་དེ་ལྟ་བུའོ། །ལྷ་ཞེས་བྱ་བ་ནི་རང་འདོད་པ་སྟེ་དེའི་དམིགས་པ་ནི་དགོད་པའོ། །ལྟ་བུ་ཞེས་བྱ་བའི་སྒྲས་ནི་མཚན་ཉིད་ལའམ་འདོད་པ་ལའོ། །གཟུགས་བརྙན་ཞེས་བྱ་བ་ནི་རང་གི་གཟུགས་ལས ་གཞན་པའི་གཟུགས་ཏེ་གཟུགས་བརྙན་ནོ། །དེའི་དངོས་པོའི་རྣལ་འབྱོར་ཞེས་བྱ་བར་སྦྱར་རོ། །དབང་བསྐུར་ལ་སོགས་ཞེས་བྱ་བ་དེ་ནི་དབང་བསྐུར་བ་སྟེ། བྲིས་པ་དང་ལུགས་མ་ལ་སོགས་པ་རྣམས་ལ་སྐྱེ་བར་འགྱུར། འདིས་ནི་ཕྱག་རྒྱ་ཆེན་པོ་དངོས་གྲུབ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ།། ་རང་གི་གཟུགས་ལྷའི་གཟུགས་ཀྱི་ཚུལ་གྱིས་རྫོགས་པ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་བརྗོད་དོ། །དེ་ཉིད་ནི་བྱང་ཆུབ་སེམས་ནི་རྣལ་འབྱོར་ཆེ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སེམས། དེ་ཉིད་ཐབས་ཆེན་པོས་ལྷའི་གཟུགས་སུ་སྦྱར་བར་བྱའོ། །དེ་ལ ་དབང་ཕྱུག་ནི་གཉིས་སུ་མེད་པ་ཉིད་ཀྱིས་ཡེ་ཤེས་ཏེ་གཙོ་བོའོ། །དེ་ལས་ལྷག་པ་འཐུང་བའི་ཕྱིར་དེ་ནི་དེ་ལྟ་བུའོ། །ཇི་ལྟར་ཞེ་ན། རང་ཞེས་གསུངས་པ་ནི་བདག་ཉིད་དེ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། ལྷའི་གཟུགས་ཀྱི་ཚུལ་གྱིས ་རྫོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་བསྒོམ་པ་གཅིག་པུ་ཉིད་ནི་ལྷའི་གཟུགས་བསྒོམ་པའོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ཡང་ཡེ་ཤེས་ལྔའི་?་ཕྱིར་རོ། །འདི་ཉིད་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན ་གྱི་ཞེས་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་རང་གི་གཟུགས་ཀྱིས་བྱང་ཆུབ་སེམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རང་དང་གཞན་གྱི་དོན་ནུས་པའི་ངོ་བོ་དེའི་ཕྱིར་བཅོམ་ལྡན་འདས་དེ་ཉིད ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཅན་ནོ། །མཆོད་པར་བྱ་ཞེས་བྱ་བ་ནི་མངོན་དུ་བྱེད་པའོ། །ཀུན་ཏུ་རབ་འབད་པས་ཤེས་བྱ་བ་ནི་ཐམས་ཅད་དུ་གུས་པ་དང་བཅས་ཤིང་རྒྱུན་ཏུ་དུས་རིང་པོར་བསླབས་པས་སོ། །དེས་ན་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ཉིད་བརྗོད་པར་བྱ་བར་རྟོགས ་པ་ཡིན་ཏེ། བརྗོད་པར་བྱ་བ་དང་དགོས་པ་དེ་ཉིད་མངོན་དུ་བྱེད་པའོ། །རང་དང་གཞན་གྱི་དོན་བྱེད་པའི་ངོ་བོ་ཉིད་ཀྱང་སྨྲས་པ། འགྲོ་བ་ཤིན་ཏུ་གཉེན་ལྟ་བུའི་རང་བཞིན་ཏེ་དེས་སོ། །སྣ་ཚོགས་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། །ཁྱབ་པ་ནི་བདག་ཉིད་དུ་བྱས་པའོ། །རྣམ་པ་སྣ་ཚོགས ་པའི་སྤྲུལ་པ་རྣམས་རང་གི་པོ་བོ་ཤེས་ནས་རྣམ་པར་གནས་པ་སྟེ། དེ་མཆོད་པར་བྱ་ཞེས་བྱ་བ་གོང་མ་དང་སར་རོ། །རང་དང་གཞན་གྱི་དོན་གྱི་དངོས་གྲུབ་ཉིད་ནི་དགོས་པའི་འང་དགོས་པའོ། །དེ་ཉིད་ནི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་སངས་རྒྱས་ཐམས ་ཅད་དང་ཕྱི་རོལ་གྱི་དོན་ཐམས་ཅད་ཉིད་ཅེས་པའོ། །ཀུན་ལ་ཤིན་ཏུ་ཕན་པ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ལྟ་བུར་བྱས་ནས་བསྒྲུབ་པར་བྱའོ། །ཇི་ལྟར་ཞེ་ན་རང་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཕྱིར་བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་སྒྲུབ་པར་བྱའོ་ཞེས་བྱ་བར་དགོངས ་སོ་།རང་དང་གཞན་གྱི་དོན་འདི་ནི་དགོས་པའོ། །གཞན་གྱི་དོན་གྱི་དགོས་པ་ནི་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་བརྗོད་པར་བྱ་བ་མངོན་དུ་བྱས་པས་སོ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཇི་ལྟར་ཡང་ལེའུ་བཞི་བཅུ་རྩ་གཉིས་པ་ལས་འཆད་པར ་འགྱུར་རོ། །དེ་ཉིད་དུ་དོན་གྱི་འདི་དག་གིས་ཀྱང་བསྟན་པར་བྱའོ། །འདིར་བརྗོད་པར་བྱ་བ་ལ་སོགས་པ་དེའི་རང་གི་ངོ་བོས་བཅོམ་ལྡན་འདས་ཉིད་བཞེད་པར་མཛད་དོ། །ད་ནི་བདག་གིས་ཀྱང་བསྟན་པར་བྱའོ། །སྡུད་པར་བྱེད་པས་རྟོགས་པར་བྱ་བའི་ཕྱིར། དེ་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ་དེ་སྐད་ཅེས་བྱ་བ་ནི་བརྗོད་པར་བྱ་བ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོན་པ་པོའོ། །དེ་བཞིན་ཉིད་དུ་ཕྱིན་ཅི་མ་ལོག་པར་བཅོམ་ལྡན་འདས་རྟོགས་པ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ནོ། །ད་ནི་རྒྱུད་ཀྱི་བརྗོད་པར་བྱ་བའི ་རྣམ་པ་དང་བྱེ་བྲག་གི་དབྱེ་བས་བསྟན་པའི་ཕྱིར་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཉིད་ནི་རང་བཞིན་མེད་པ་ལ་སོགས་པའི་མཚན་ཉིད་དོ། །མཚན་ཉིད་ནི་གང་གི་ངོ་བོ་སྟེ་དེ་ནི་དེ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན་ཐམས་ཅད་ཅེས་གསུངས་ཏེ། དེ་འང་ཕུང་པོ་ལ་སོགས ་པའོ། ནམ་མཁའ་ཡང་སོ་སོར་བཅོམ་པས་རྫས་བསལ་པ་ཙམ་གྱི་མཚན་གྱི་ཕྱིར་མཚན་ཉིད་མེད་པ་སྟེ། མིང་ཙམ་ཡོངས་སུ་བརྟགས་པའི་ཕྱིར་རོ། །ཅི་སྟེ་བྱ་བ་བྱེད་པས་ཕུང་པོ་ལ་སོགས་པ་རྟོགས་པ་ཇི་ལྟ་བུ་ཞེས་སྙམ་པ་ལ། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ ་ནི་ཡོད་པ་མ་ཡིན་པའི་འང་གཟུགས་ཏེ། དོན་གྱི་བྱ་བ་བྱེད་པ་ཡང་སྒྱུ་མའི་གཟུགས་ཀྱིས་བྱེད་དོ། །ཞེས་བྱ་བར་བལྟ་བར་བྱའོ། །དེ་ལྟ་བུ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཉིད་དོ། །འང་གི་སྒྲས་ནི་ངེས་པར་གཟུང་བའོ། །ཕུང་པོ་ལ་སོགས་པ་ཙམ་ཉིད་དོ། །ཞེ་ན། དེ་ལྟར་མ་ཡིན ་ནོ། དེ་ལྟ་མོད་ཀྱི་ཁམས་གསུམ་མོ། །དེ་ཡང་ཕྱོགས་ཅིག་ཙམ་དི?་མ་ཡིན་ཏེ། དེ་ཉིད་ནི་མ་ལུས་པ་ཞེས་གསུངས་སོ། །གང་ལ་ལྷག་མ་ཡོད་པ་མ་ཡིན་པ་དེ་ནི་མ་ལུས་པའི་འགྲོ་བ་སྟེ། དང་པོའི་མཐར་ཏ་ཤི་ལའོ། །འགྲོ་བ་སྒྱུ་མ་ལྟ་བུར་གསལ་བར་བསྟན་པའི་ཕྱིར་མཐོང་བ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའོ། །ཇི་ལྟ་བུ་ཞེ་ན་རེག་པ་ཞེས་གསུངས་ཏེ། གང་ཞིག་དབང་པོ་རྣམས་ཀྱིས་གཟུང་བའོ་དེ་ཅི་ཞེ་ན། འགྲོ་བ་གནས་པ་ནི་ཞེས་བྱ་བ་གསུངས་བ་ནི་ཐ་སྙད་ཅེས་བྱ་བའི་དོན་ཏོ། ཐམས་ཅད་ཅེས་བྱ ་བ་ནི་རྣམ་པ་དང་བྱེ་བྲག་ལས་སོ། །འོན་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དམིགས་པ་ཉིད་དུ་མི་འགྱུར་རོ། །ཅི་དང་མཚུངས་ཤེ་ན། ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་སྒྱུ་མས་གཅིག་ཉིད་ལ་སོགས་པ་ནི་དེ་ཁོ་ན་མ་ཡིན་ནོ། །གང་གི་ཕྱིར་འདི་? ་དུ་འགྲོ་བ་སྒྱུ་མ་ལྟ་བུ་དེའི་ཕྱིར་ཞེས་བྱ་བར་དགོངས་སོ། །འདིས་ནི་ཞེས་བརྗོད་པས་ནི་སྟོང་པ་ཉིད་ཀྱི་ངོ་བོས་སོ། །ཕྱག་རྒྱས་ཞེས་བྱ་བ་ནི་ཤེས་རབ་དང་ལྷན་ཅིག་པའོ། །རྣལ་འབྱོར་ནི་ཕྱག་དང་ཞལ་ལ་སོགས་པའི་རྣལ་འབྱོར་ཏེ། གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པའོ། །དེས་ཅི ་བྱེད་པར་འགྱུར་ཞེ་ན། གནས་གསུམ་པོའང་བཟའ་བར་བྱ་ཞེས་གསུངས་ཏེ། ལུས་ལ་སོགས་པ་དེའི་ཕལ་བའི་གཟུགས་བཅོམ་པ་ཞེས་བྱ་བའི་དོན་ཏོ། ཇི་ལྟར་འདི་སྐད་དུ་དངོས་པོའི་ཆའི་རྣམ་པར་རྟོགས་པ་དང་བཅས་པའི་བཅིང་བའི་རྒྱུའི་ཕྱིར་ཞེས་བྱ་བ་ནི་གང་གིས་གསུངས ་ཏེ། དངོས་པོའི་ཆ་ཡིས་སོ། །རྨོངས་བ་ནི་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་ལྡན་པའོ། །བཅིང་བ་ཉིད་ནི་སྡུག་བསྔལ་གྱི་བཅིང་བས་བཅིང་བར་འགྱུར་བའོ། །དེ་ཉིད་ཀྱིས་མཁས་པར་རོལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གསལ་བའི་མང་བའི་ཕྱིར་མང་པོའི་ཚིག་གོ། དེས ་ནི་ཞེས་བྱ་བ་ནི་དངོས་པོའི་ཆ་ཉིད་ཀྱིས་ཞེས་བྱ་བར་དགོངས་སོ། །མཁས་པས་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ལས་གྲོལ་བ་སྟེ། མངོན་པར་ཞེན་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་རོལ་པ་ནི་སེམས་ཅན་གྱི་དོན་བྱེད་པའི་རྒྱུར་གཟུགས་སྣ་ཚོགས་འཛིན་ཅིང་དེའི་རང་བཞིན་ཡོངས་སུ ་ཤེས་པས་ཀྱང་རྩེ་བ་སྟེ། གང་གི་ཕྱིར་ཆོས་ཉིད་ནི་འདིའོ། །འདིར་ནི་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ལའོ། །སྟོང་པ་ཉིད་བསྒོམ་པ་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་སྒྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི། ངེས་ནི་ཞེས་བྱ་བ་ནི་ལ་སོགས་པ་གསུངས་ཏེ། དེ་ནི་ཡང་རྣལ་འབྱོར ་པའོ། །གང་མེད་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་དངོས་པོ་སྤངས་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིས་སོ། །འགྱུར་ཏེ་ཞེས་བྱ་བ་ནི་མྱང་ལས་འདས་པ་སྟེ། རང་གི་དོན་ཡང་རྙེད་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། ཅི་དང་འདྲ་ཞེ་ན། མར་མེ་བཞིན་ཞེས་གསུངས་ཏེ། མར་མེ་ནི་?་མར་གྱི་སྦྱོར ་བ་ལས་སྣོད་ལ་ནམ་མཁའ་ཨི་མཐིལ་དུ་འབར་བར་འགྱུར་རོ། །དེའི་དངོས་པོ་མེད་པས་སྟོང་པ་ཉིད་ལ་གཅིག་ཏུ་གནས་པའི་ཕྱིར་རེ་ཞིག་གཞན་གྱི་དོན་ལྟ་ཞོག་གི་བདག་ཉིད་ཀྱང་གསོ་བར་ནུས་པར་མི་འགྱུར་རོ། །འཁོར་ལོ་སྒྱུར་བ་དྲུག་གི་རང་བཞིན་གྱི་རྣལ་འབྱོར་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ།། ་གཟུགས་ནི་དབང་པོ་ལྔ་པོ་རྣམས་དང་དོན་ལྔའོ། །རྡོ་རྗེ་ཉི་མ་ནི་རིན་ཆེན་འབྱུང་གནས། །ཚོར་བ་ནི་བདེ་བ་ལ་སོགས་ཉམས་སུ་མྱོང་བའི་ངོ་བོའོ། །པདྨ་གར་དབང་ཕྱུག་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ནོ། །འདུ་བྱེད་ནི་འདོད་ཆགས་དང་ཞེ་སྡང་དང ་གཏི་མུག་གི་བདག་ཉིད་ཅན་ནོ། །རྡོ་རྗེ་རྒྱལ་པོ་ནི་དོན་ཡོད་གྲུབ་པའོ། །རྣམ་ཤེས་ནི་ཡུལ་རྣམ་པར་རིག་པའོ། །རྡོ་རྗེ་སེམས་དཔའ་ཉིད་ནི་མི་བསྐྱོང་བའོ། །ཉེ་བར་བསྡུ་པ?་ནི་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོའི་ངོ་བོ་ནི་རྣམ་པར་སྣང་མཛད ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་སོ། །དེའི་རང་བཞིན་ནི་རྡོ་རྗེ་མཁའ་འགྲོ་སྟེ་དེ་ལྟར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འབྱུང་བ་ཆེན་པོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་གཟུགས་ཏེ་ལྷན་ཅིག་སྐྱེས་པའི་གཟུགས་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ནི་དགའ་བ་ལ་སོགས་པ་རབ ་ཏུ་སྦྱིན་པ་པོའོ། །རྡུལ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བའོ། །རྡུལ་ཞེས་བྱ་བ་ནི་སེན་རྣམས་སུ་བྱས་པས་འཚེད་པའོ། །སྒྱུ་མ་ཆེན་པོའི་རང་བཞིན་ཞེས་བྱ་བ་ནི་བདག་ཉིད་དེ་དེའི་དངོས་པོ་ནི་དེའོ། །ལྟུང་བར་བྱེད་མ་ཞེས་བྱ་བ་ནི། འཇིག་རྟེན་པ་རྣམས་ལྟུང་བར་བྱེད་པ་དང། དེ་དག་འདུལ་བར་བྱེད་བའོ། །ས་ནི ་སྙིང་རྗེའི་རང་བཞིན་དང་སྤྱན་ནོ། །བསོད་པར་བྱེད་མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་བྱེད་པ་དང་གསོད་པར་བྱེད་པའོ། །ཆུའི་ཁམས་ནི་བྱམས་པའི་རང་བཞིན་དང་མཱ་མ་ཀཱིའོ། །མེ་ཞེས་བྱ་བ་ནི་དགའ་བའི་རང་བཞིན་དང་གོས་དཀར་མོའོ། །དེ་ཉིད་འགུགས་བྱེད་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རླུང ་ནི་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་རང་བཞིན་དང་སྒྲོལ་མའོ། འགུགས་པ་དང་སྐེམས་པར་བྱེད་བ་ཞེས་བྱ་བའི་ལས་གཉིས་པའོ། དེ་ཉིད་རླུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ལྔ་པོ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའོ། ས་ལ་སོགས་པ་རྣམས་ལ་སྤྱན་ལ་སོགས་པ་རྣམས ་དགོད་དོ། །སྒྱུ་མཚེན་མོ་ཞེས་བྱ་བ་ནི་པདྨ་འབར་མའོ། །དང་གིས་འགྲོ་ཞེས་བྱ་བ་ནི། རང་ལ་རྡོ་རྗེ་མཁའ་འགྲོའི་སྐུའི་ནམ་མཁར་འགྲོ་བའོ། ལྔ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་གཙོ་མོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་ལྷན་ཅིག་མི་ཕྱེད་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། མིག་ལ་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ ་སོགས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་གསུངས་སོ། །དེ་ཡང་གོ་སླའོ། །བ་ཞེས་བྱ་བ་ནི་ལྕེའོ། །སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ནི་བདུན་པ་ཕྱིས་པའོ། །འདིར་སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བའི་ཡིད་དེར་སྐྱེ་མཆེད་ཐམས་ཅད་མཉཾ་པར་སྦྱོར་བ་སྟེ། རྡོ་རྗེ་མཁའ་འགྲོའོ། འདི་དག་ཀུན་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ།། ་མིག་གིས་ཞེས་བྱ་བ་ནི་སེམས་ཀྱིས་ཏེ་གང་གི་ཕྱིར་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའི་རྣམ་པར་མི་རྟོག་པའི་མིག་གོ། དགོས་པ་མེད་པ་ཞེས་བྱ་བ་ནི་གཉིས་དང་བྲལ་བའོ། །ཉེ་བར་སྡུ་བ་ནི་དེ་ལས་ཤེས་བྱ་བ་ལ་སོགས་པ་གསུངས་སོ། དེ་ལས་ཞེས་བྱ་བ་འདིའི་དོན་བསྡུ་བར་རྡོ་རྗེ་མཁའ་འགྲོ་བསྐྱེད་པའི ་རྣལ་འབྱོར་གྱིས་བསྐྱེད་ནས་སྟོང་པ་ཉིད་དང་བཅས་པས་དབྱིག་པའི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པར་བྱང་ཆུབ་སྒྲུབ་པོ་ཞེས་བྱ་བར་དགོངས་སོ། །ལྷའི་རིམ་པ་དང་རིམ་པས་བརྗོད་པར་བྱའོ། །སྡུད་པར་བྱེད་པས་རང་གི་རྒྱུད་སྤང་པའི་ཕྱིར་དེ་སྐད་ཅེས་བྱ་བ་ལ་སོགས་པའོ་།ད་ནི་བསྒོམ་པའི་རིམ་པ ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་ཉིད་དུ་གཤེགས་པའི་ཕྱིར་རོ། །གདོན་མི་ཟ་བ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའི་ཕྱིར་རོ། མི་ཤིགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཙམ་ཉིད་ཀྱིས་སོ། དམ་ཚིག་ནི་སྨོན་ལམ་སྟེ་དེ་བཞིན་དུ་དམིགས་པའོ། །ཏིང་ངེ་འཛིན་ནི ་རིམ་པ་སྟེ། དེ་ཡང་བདེ་བ་ཆེན་པོ་འགྲོ་བ་ཐམས་ཅད་བདེ་བ་ཆེན་པོས་སྒྲུབ་པའི་སྒྱུའི་ཕྱིར་རོ། རིམ་པ་ནི་ཁྱད་པའོ?། འདི་གསུངས་སོ་ཞེས་བྱ་བ་ནི་སྟོན་པའོ། སྨོན་ལམ་ལ་སེམས་རྩེ་གཅིག་ཏུ་བྱས་ཏེ་འཆད་པའི་འགྱུར་བ་འདི་བརྗོད་དོ། ཞེས་བྱ་བར་དགོངས་སོ། ཇི་སྲིད་ཅེས་བྱ་བ་ལ་སོགས་པའོ། འཁོར་བ་ཞེས་བྱ་བ ་ནི་ཕུང་པོ་ལྔ་པོ་ལས་དང་ཉོན་མོངས་པའི་དབང་གིས་འགྲོ་བ་གཞན་དང་གཞན་དུ་འཁོར་བའོ། དེ་ལ་གནས་སུ་ནི་གནས་པར་གྱུར་པ་ན་ཞེས་བྱ་བ་ནི་དེས་ན་དེའི་དོན་དུ་རྣམ་པར་གནས་ཤིང་གང་དུ་ཡང་མི་འགྲོ་བའོ། དམ་བཅས་པ་དང་ལྡན་པའམ་བཅའ་བ་ཡང་འགྲོ་བའི་དོན་དུ་སྒྲུབ་པའི་ཕྱིར་རོ། དཔའ་མཆོག་ཅེས་བྱ་བ་ནི་བྱང་ཆུབ ་སེམས་དཔའ་ཨོ། །མཚུངས་མེད་སེམས་ཅན་དོན། མྱ་ངན་མི་འདའ་བྱེ་པར་ནུས། ཞེས་བྱའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངལ་མེད་ཅེས་བྱ་བ་ནི་ཕྱིར་མི་ཁོག་པ་བསྟན་ཏོ། །བརྩོན་ཐག་ཏུ། ཟླ་པ་ཅོག་མར་གདན་ལ་བཀོད་མ་ཐག་ཏུ། ཟླ་ཞེས་བྱ་བ་ཞེས་བྱ་བར་དགོངས་སོ། ནམ་མཁའ་ཨི་མཐར་ཐུག་པར་དུ་གནས་ཞེས་བྱ་བ་ནི། ་ནམ་མཁའ་ལྟ་བུར་ཕུང་པོ་ལྔ་པོའོ། །མཐར་ཐུག་ནི་གནས་པ་སྟེ། གང་ལ་འདིའི་ནམ་མཁའ་ཨི་མཐར་ཐུག་པར་གནས་པ་དེ་ལ་དེ་ནི་དེ་ལྟ་བུའོ། །ཅིའི?་འདོན་དུ་དེ་ལྟར་འགྱུར་ཞེ་ན་སྨོན་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། སྨོན་ལམ་རྟོགས་པ་བྱ་བའི་ཕྱིར་གསུངས་པ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དོན་དུ་ཞེས ་བྱ་བ་ནི་དགོས་པའོ། །དེ་ཉིད་ཅི་ཞེ་ན། ཐམས་ཅད་ཅེས་བྱ་བ་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ནི་དགོས་པ་སྟེ། སེམས་ཅན་གྱི་དོན་ཏོ། འདོད་ཆགས་རྣམ་པར་དག་པའི་མཚན་ཉིད་དུ་བྱའོ་ཞེས་སྨོན་ལམ་བཏབ་པའོ། དེ་རྣམས་ཆོས་བསྟན་པ་ཡང་བྱའོ། །ཞེས་བསྟན་པར་བྱ་སྟེ། སྦྱིན་པར་བྱའོ། ་ཞེས་བྱ་བ་ལ་སོགས་པའོ། །བརྟན་པ་རྒྱས་པ་ཞེས་བྱ་བ་ནི་བརྟག་པའི་ཆོགས་ཏེ། དུས་ཀྱི་ལམ་གཅིག་ཏུ་སྦྱོར་བ་ཞེས་བྱ་བ་གཉིས་པའོ། །དེ་རྣམས་ལ་ཅི་ཞིག་སྦྱིན་པར་བྱ?་?། ཐོག་མཛའ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། དང་པོ་ཞེས་བྱ་བ་ནི་ཆོས་ཁྱད་པར་དུ་འཕགས་པ་སྟེ། བསྐལ་པ་ཀུན་གྱི་དང ་པ་ཆོས་བཤད་པ་ཉིད་དོ། །ཆོས་ཀྱི་གཏམ་བཤད་པ་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་མཁའ་འགྲོའོ། །ཤིན་ཏུ་དགའ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། སེམས་ཅན་ཐམས་ཅད་ཡང་དག་འབྱུང་ཞེས་བྱ་བ་ནི། འདིའི་ཕྱིར་སེན་ཐམས་ཅད་ཡང་དགའ་འབྱུང་བའོ། །འདིས ་དེ་དཀྱིལ་འཁོར་བའི་ལྷ་མོ་རྣམས་བསྐྱེད་དོ། །ཞེས་བྱ་བར་བརྙེགས་སོ། །ལྷག་མ་ནི་གོ་སླའོ། །མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་དང་ཁང་པ་ཅོག་མར་གདན་ལ་བཀོད་མ་ཐག་ཏུ། ཟླ་བ་དང་མཚན་མ་ལ་སོགས་པར། ཨོཾ་མཧཱ་ཞེས་བྱ་བ་ལ་སོགས་པའི་གླུས་བསྒུལ་ཞིང་བསྒོམས་པས་བཞེངས་པར་ ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་སམ། རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བསྒོམ་བར་བྱའོ། །ཁ་ཅིག་ན་རེ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་སེམས་དཔའ་གོང་དུ་ཁུ་བར་གྱུར་པ་རྡོ་རྗེ་མཁའ་འགྲོར་བསྐྱེད་དོ་ཞེས་ཟེར་རོ། །བསྐུལ་བར་མཛད་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ ་སེམས་དཔའ་བསྐྱེད་པའི་ཕྱིར་གསུངས་པ། དཀྱིལ་འཁོར་ཆེ་སྦྱོར་བས་ཞེས་བྱ་བ་ནི་འཕར་མ་མང་བའི་ཕྱིར་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་རོ། །དེའི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དང་པོར་རང་གི་སྙིང་གར་དབྱངས་ཀྱི་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་བསྒོམ་པར ་བྱའོ། དེའི་འོད་ཟེར་རྣམས་ཀྱིས་མདུན་དུ་བླ་མ་དང་རྡོ་རྗེ་སེམས་དཔའ་དམིགས་པ་ལ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང། སྔོན་དུ་སྡིག་པ་བཤགས་བ་ལ་སོགས་པ་དང། ཚངས་པའི་གནས་བཞི་ཡིད་ལ་གཟུགས་ཏེ། ཆོས་ཐཾ་ཅད་བདག་མེད་པར་བྱས་ནས། ཨོཾ་ཨཱ་དྱ་ནུ་ཏརྣ?། སརྦ་དྷརྨཱ:པྲ་ཀྲི་ཏི་པྲགྷཱ ་སྤ་ང:སརྦ་དྷརྨཱ:ཞེས་བཟླས་ཤིང། དེ་ཉིད་རང་བཞིན་གྱིས་འོད་གསལ་བའི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ། །ོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་ཡིད་ཀྱིས་སྔགས་བརྗོད་ཅིང། དེ་ནས་ཡང་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་བར་བྱའོ། །ོཾ་བོ་དྷི་ཙཏྟ་མུཏྭཱ་ད་ཡཱ་མི་ཞེས་སྔགས་བརྗོད ་ཅིང་གོང་པར་ཟླ་བའི་དཀྱིལ་འཁོར་ལ་ཨ་ལ་སོགས་བ་སངས་རྒྱས་ཀྱི་ཡོན་ཏན?་ཞུགས་པར་བྱའོ། །དེ་བཞིན་དུ་གཉིས་པར་ཀ་ལ་སོགས་པ་བསྒོམ་པར་བྱ་ཞིང། དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་བོའི་སྟེ་བ་ལ་དེ་བྱིན་གྱིས་བརླབ་ཅིང་བསམས་ནས། ཨོཾ་ཏིཥྛ་བཛྲ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་བྱས ་ནས་དེ་ནས་བདག་ཉིད་དོན?་བསྒོམ་པར་བྱའོ། །ོཾ་བཛྲ་ཨཱཏྨཱ?་ཀོ་ཧཾ་ཞེས་བརྗོད་པར་བྱའོ། དེ་དག་ཐཾ་ཅད་ཡོངས་སུ་གྱུར་པས་འཛུཾ་ཞིང་ཟླ་བའི་བདོག་དང་ཉི་མའི་འོད་ཀྱིས་དཀྱིལ་འཁོར་དང་སངས་རྒྱས་ལྔའི་དབུ་རྒྱན་དང་རྒྱན་ཐཾས་ཅད་དང་སྤྱན་གསུམ་པ་རལ་པ་འཛིན་པ་དཀར་བོ་དང་དཀར་བོ་མ་ཡིན་པ་དང་སེར་པོ་དང་དམར་པོ་དང་རྩ་བ་དང་གཡས་པ་དང། གཡོན་པའི་ཞབ ་བཞི་ནི་ཞི་བ་སྟེ། གཡས་པའི་ཞལ་ནི་ཞི་བའི་ཕྱིར། །རྩ་བ་དང་གཡོན་པ་དང་རྒྱབ་ཀྱི་ཞལ་ནི་གཙིགས་པའི་ཕྱིར་རོ། །སུམ་ཅུ་རྩ་གསུམ་པ་འཇིགས་པར་མཛད་པ་རྡོ་རྗེ་དང། རལ་གྲི་དང་དྲིལ་བུ་དང། ཐོད་པ་གཡས་པ་དང་གཡོན་པའི་ཕྱག་བཞི་ཡིས་འཛིན་པ་ཐོད་པར་གནས་པའི་ཟླ་བའི་དཀྱིལ་འཁོར་ལ ་བཞུགས་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱི་གནས་པ། འཆད་པར་འགྱུར་བའི་གཞལ་མེད་ཁང་དུ་བཞུགས་ཤིང་དཀྱིལ་འཁོར་གྱི་ལྷ་རྣམས་དང་བཅས་པར་མྱུར་བར་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས་ཉི་མར་གནས་པའི་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབ ་ནས། དེའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་ར་བ་ལ་སོགས་པ་བསམ་མོ། །དེ་ལ་ཧཱུཾ་སུཾ་ཧཱུཾ་རྫོགས་པ་དང་རི་རབ་ཀྱི་སྟེང་དུ་ཆོས་ཀྱི་འབྱུང་གནས་སོ། །དེ་ལ་སྣ་ཚོགས་པདྨ་རྡོ་རྗེའི་སྟེང་དུ་བྷྲུཾ་ཡོངས་སུ་གྱུར་པའི་རྣམ་པར་སྣང་མཛད་དོ། །དེ་ཡོངས་སུ་གྱུར་པ་ལས་གྲུ་བཞི་པ་ལ་སོགས་པ་དང་ལྡན་པར་སོ་སོར་ཐོད་པའི་གདན་གྱིས་མནན་པར ་ཁས?་རྩེག་མ་བསམ་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པ་དེའི་དབུས་སུ་པདྨའི་སྟེང་དུ་ཟླ་པར་གནས་པའི་ཐོད་པ་ལ་ཟླ་བའི་དཀྱིལ་འཁོར་བལྟས་ནས་འདི་ལ་ཨ་ལ་སོགས་པ་ཡང་ཞུགས་ཤིང་སངས་རྒྱས་ལ་སོགས་པ་ཡང་བསམ་པར་བྱའོ། །ོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་བྱིན་གྱིས་བརླབ་པར་བྱའོ ་དེ་བཞིན་དུ་ཟླ་བ་གཉིས་བ་བསམས་ལ། ཨོཾ་བོདྷི་ཙིཏྟ་མུཏཔཱ་ད་ཡཱ་མི་ཞེས་བྱིན་གྱིས་བརླབས་ཤིང། །ཧཱུཾ་གི་ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟ་བར་དེས་བྱིན་གྱིས་བརླབས་ཅིང་བལྟ་བར་བྱའོ། །ོཾ་ཏིཥྛ་བཛྲ་ཞེས་བྱིན་གྱིས་བརླབས་ལ། དེ་ནས་བདག་ཉིད་རྡོ་རྗེ་ཙམ་དུ་ཤེས་པར་བྱས་ནས། ཨོཾ་བཛྲཱ་ཏྨ? ་གོ་ཧཾ?་ཞེས་བྱིན་གྱིས་བརླབ་བར་བྱའོ། །དེ་ནས་ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛ:ཧཱུཾ་བཾ་ཧོ:སུ་ར་ཏསྟཝཾ?་ཞེས་བྱ་བའི་སྔགས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་བ་ལས་བཞེངས་པར་བསྐུལ་ཞིང་དེ་དག་ཐཾས་ཅད་རྫོགས་པ་དང་རྡོ་རྗེ་སེམས་དཔའ་གོང་དུ་གསུངས་པའི་གཟུགས་སུ་བདག་ཉིད་བསམ་པར་བྱའོ། །ོཾ་ཡཱ ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཧ་ཞེས་བྱིན་གྱིས་བརླབས་ཏེ་མངོན་པར་བྱང་ཆུབ་པ་ལྔའི་རྣམ་པ་རྫོགས་པའོ། །ོཾ་ཧ་ཞེས་བྱ་བ་འདིས་ནི་རྡོ་རྗེ་སེམས་དཔའ་ནི་སྙིང་ཁར་རོ། །ན་མ:ཧི་ཞེས་བྱ་བ་འདིས་ནི་རྣམ་པར་སྣང་མཛད་སྤྱི་བོ་ལའོ། །སྭཱ་ཧཱ་ཧུ་ཞེས་བྱ་བ་འདིས་ནི་པདྨ་གར་གྱི་དབང་ཕྱུག་སྟེ་ཁ་ལའོ། །བཽ་ཥཌ ་ཧེ་ཞེས་བྱ་བ་འདིས་ནི་ཧེ་རུ་ཀ་སྟེ་དཔུང་པ་ལའོ། །ཧཱུཾ་ཧཱུཾ་ཧོ་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཉི་མ་སྟེ་མིག་གཉིས་ལའོ། །ཕཊ་ཧཾ་ཞེས་བྱ་བ་འདིས་ནི་རྟ་མཆོག་སྟེ་ཡན་ལག་ཐཾས་ཅད་ལ་མཚོན་ཆའོ། །འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་འཚན་ལ་སོགས་པ་ནི་འདི་ཉིད་དུ་དཀྱིལ་འཁོར་དུ་བཤད་པར་བྱའོ། །ོཾ་བཾ་ཞེས ་བྱ་བ་འདིས་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ། །ོཾ་ཧཾ་ཡོཾ?་ཞེས་བྱ་བ་འདིས་ནི་འབྲོ་བྱེད་མ་སྟེ་སྙིང་ལའོ། །ོཾ་ཧྲཾ་ཧོཾ་ཞེས་བྱ་བ་འདིས་ནི་རྨོགས་བྱེད་མ་སྟེ་ཁ་ལའོ། །ོཾ་ཏྲེཾ?་ཏཱིཾ?་ཞེས་བྱ་བ་འདིས་ནི་སྐྱོང་བྱེད་མ་སྟེ་སྤྱི་བོ་ལའོ། །ོཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་འདིས་ནི་སྒྲག་བྱེད་མ་སྟེ་སྤྱི་གཙུག་ཏུའོ། །ོཾ་ཕཊ་ཕཊ་ཞེས་བྱ་བ་འདིས་ནི?་? ་མོའི་སྒྱུ་སྟེ་ཡན་ལག་ཐཾས་ཅད་ལ་མཚོན་ཆའོ། །འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་ལེའུ་གཞན་དུ་ཤེས་པར་བྱའོ། །གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཆོར་བ་ལ་རྡོ་རྗེ་ཉི་མའོ། །འདུ་ཤེས་ལ་པདྨ་གར་གྱི་དབང་བྱུག་གོ་།འདུ་བྱེད་ལ་རྟ་མཆོག་གོ་།རྣམ་པར་ཤེས་པའི་ཕུང་པོ་ལ་དཔལ་ཧེ་རུ་ཀའོ། །སྐྱེ་མཆེད་ཐམས་ཅད་ལ་རྡོ་རྗེ ་སེམས་དཔའ་ཨོ། །ས་ལ་ནི་སྦྱར་རོ། །ཆུ་ལ་ནི་པཱ་མ་ཀིའོ། །མེ་ལ་ནི་གོས་དཀར་མའོ། །རླུང་ལ་ནི་སྒྲོལ་མའོ། །ནམ་མཁའ་ལ་ནི་པདྨ་འབར་མའོ། །འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པའང་འདི་ཉིད་ལས་དཀྱིལ་འཁོར་དུ་བརྗོད་པར་བྱའོ། །པདྨ་འབར་མ་ནི་མཱ་མ་ཀི་ལྟ་བུའོ། །གོ་ཆ་ལ་སོགས་པར་བྱིན་གྱིས་བརླབས་ནས། །རང་གི་ལུས་ལས་འོད ་ཟེར་གྱིས་མཁའ་འགྲོ་མའི་གཟུགས་སུ་སྦྲོས་པས་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་བཀུག་པ་དང་དེའི་སྐུ་ལས་འོད་ཟེར་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་བུམ་པའི་ཕྱག་གིས་བདག་ཉིད་དབང་སྐུར་ཏེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་བ་ལྔས་རལ་པའི་ཅོད་པན་ལ་བརྒྱན་པ་ཡིན་ནོ། །དེ་ནས་མདུན་ལ་སོགས ་པའི་ཐོད་པ་རྣམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་ཚོགས་བསམ་པར་བྱའོ། །མདུན་དུ་ཐོད་པར་ཟླ་བ་ལ་བྷྲུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དཀར་ཞིང་ཞི་བ་ཕྱག་བཞི་བ། གཡས་དང་གཡོན་ན་འཁོར་ལོ་དང་དྲིལ་བུ་དང་ཐོད་པ་དང་ཞགས་པ་འཛིན་པར་བསྒོམ་བར་བྱའོ། །གཡས་སུ་ཐོད་པར་ཟླ ་བ་ལ་ཨཾ་ལས་བྱུང་བའི་རིན་ཆེན་འབྱུང་གནས་སེར་པོ་ཕྱག་བཞི་བ། གཡས་པ་ལ་སོགས་པ་ནི། རིན་པོ་ཆེ་དང་ལྕགས་ཀྱུ་དང་ཐོད་པ་དང་ཞགས་པ་འཛིན་བའོ། །ནུབ་ཏུ་ཐོད་པར་ཟླ་བ་ལ་ཧྲི:ལས་བྱུང་བའི་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དམར་པོ་ཕྱག་བཞི་པ། གཡས་པ་ལ་སོགས་པའི ་ཕྱག་ན་མདའ་དང་པདྨ་དང་གཞུ་དང་ཞགས་པ་འཛིན་པའོ། །བྱང་དུ་ཐད་པར་ཟླ་བ་ལ་ཁཾ་ལས་བྱུང་བའི་རྟ་མཆོག་སྐུ་མདོག་ལྗང་ཁུ་ཕྱག་བཞི་པ། གཡས་བ་ལ་སོགས་པ་ན་རྡོ་རྗེ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཐོད་པ་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རལ་པའི་ཅོད་པན་ཅན་ཞལ་ཅིག་པའོ། །དབང་ལྡན་དུ་ཐོད ་པར་ཟླ་བ་ལ་བྷུཾ་ལས་བྱུང་བའི་སྤྱན་མ་དཀར་མོ་སྤྱན་གསུམ་མ། ཞལ་གཅིག་མ་ཐོད་པའི་ཕྲེང་བས་རལ་བ་བརྒྱན་པར་མཛད་པ། ཕྱག་བརྒྱད་མ་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མདའ་དང། ཐོད་པ་དང་དྲིལ་བུ་དང་ཞགས་པ་དང་གཞུ་འཛིན་པར་བསྒོམ་པར་བྱའོ། །མེད་ནི་ཐོད་པར་ཟླ་བ་ལ་ཧཱུཾ་ལས་མཱ་མ་ཀཱི་སྔོན་མ་སྤྱན་གསུམ་ཞལ་གཅིག ་མ་ཐོད་པའི་ཕྲེང་བས་རལ་པའི་ཅོད་པན་བརྒྱན་པར་མཛད་པ་ཕྱག་བཅུ་གཉིས་མ་གཡས་དང་གཡོན་ན་མདའ་དང་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང། རིན་པོ་ཆེ་དང་པདྨ་དང་གཞུ་དང་ལྕགས་ཀྱུ་དང། དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊཝཱཾ་ག་འཛིན་མའོ། །བདེན་བྲལ་དུ་ཐོད་པར་ཟླ་བ་ལ་ཧྲི:ལས་བྱུང་བའི་གོས?་དཀར་མོ་ཐོད་པའི ་ཅོད་པན་བརྒྱན་བར་མཛད་མ། སྐུ་མདོག་དམར་པོ་ཕྱག་བརྒྱད་ཀྱིས་སྤྲས་པ། གཡས་པ་ལ་སོགས་པ་ན་མདའ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་དང་གཞུ་དང། ཐོད་པ་དང་ཞགས་པ་དང་དྲིལ་བུ་འཛིན་པའོ། །རླུང་དུ་ཐོད་བར་ཟླ་བ་ལ་ཧཱཾ་ལས་འབྱུང་བའི་སྒྲོལ་མ་སྐུ་མདོག་ལྗང་གུ་སྤྱན་གསུམ་མ་ཕྱག་བརྒྱད་མ་གཡས་པ་ལ་སོགས ་བ་ན་ཨུཏཔལ་དམར་པོ་དང་རལ་གྲི་དང་ལྕགས་ཀྱུ་དང་མདའ་དང་འཁོར་ལོ་དང་ཞགས་པ་དང་ཐོད་པ་དང་གཞུ་འཛིན་མ་བསྒོམ་པར་བྱའོ། །དེ་ནས་འཕར་མ་གཉིས་པ་ལ་མདུན་དུ་ཐོད་བར་ཟླ་བ་ལ་ཨཾ་ལས་སྐྱེས་བའི་རྡོ་རྗེ་དྲག་མོ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན། མདའ་དང་ལྕགས་ཀྱུ་དང་བཞུ་དང་ཁུ་བས་གང་བའི་ཐོང ་པ་འཛིན་མའོ། །གཡས་ཐོད་པར་ཟླ་བ་ལ་ཨའི་ལས་སྐྱེས་པའི་རྡོ་རྗེ་གཟུགས་ཅན་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན། རྡོ་རྗེ་དང་མདུང་ཐུང་དང་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ་འཛིན་མའོ། །ནུབ་ཏུ་ཐོད་པར་ཟླ་བ་ལ་ཨི་ལས་སྐྱེས་པའི་རྡོ་རྗེ་འདོད་ཆགས་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་རལ ་དྲི་དང་རྡོ་རྗེ་དང་ཆུ་ཡིས་གང་བོའི་ཐོད་པ་དང་དྲིལ་བུ་འཛིན་མའོ། །བྱང་དུ་ཐོད་པར་ཟླ་བ་ལ་ཨོཾ་ལས་སྐྱེས་པའི་རྡོ་རྗེ་ཞི་བ་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་གཏུན་ཤིང་གི་འཕན་དང། རྡོ་རྗེ་དང་རལ་གྲི་དང་ཐོད་པ་འཛིན་མར་བསྒོམ་པར་བྱའོ། །འདི་དག་རིམ་པ་ཇི་ལྟར་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའོ ་དཔལ་ལྡན་དུ་ཐོད་པར་ཟླ་བ་ལ་ཨུཾ་ལས་སྐྱེས་པའི་རྡོ་རྗེ་གནོད་སྦྱིན་མོ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་རྡོ་རྗེ་དང་ཨུཏཔ་ལ་དང་ཐོད་པ་དང་ཅང་ཏེ་འཛིན་མའོ། །མེར་ནི་ཐོད་པར་ཟླ་བ་ལ་ཨའུཾ་ལས་སྐྱེས་རྡོ་རྗེ་མཁའ་འགྲོ་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་པདྨ་དང་མེ་ལོང་དང་ཚིལ་བུས་གང་བའི་ཐོད་པ་དང་དགྲ་སྟ་འཛིན་མའོ། །བདེན ་བྲལ་དུ་ཐོད་པར་ཟླ་བ་ལ་མཾ་ལས་སྐྱེས་བཔའི་སྒྲའི་རྡོ་རྗེ་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་འཕང་མདུང་དང་དུང་དང་འཁོར་ལོ་དང་ཁྲིགས་གང་བའི་ཐོད་པ་འཛིན་མའོ། །རླུང་དུ་ཐོད་པར་ཟླ་བ་ལ་ཨ:ལས་སྐྱེས་པའི་སའི་རྡོ་རྗེ་མ་ཕྱག་བཞི་པ། །གཡས་པ་ལ་སོགས་པ་ན་བུམ་པ་དང་རྡོ་རྗེ་དང་རྫས་ཀྱིས?་གང ་བའི་སྐྱེས་པའི་པགས་པས་བཀབ་པའི་ཐོད་པ་དང་དྲིལ་བུ་འཛིན་མའོ། །འདི་དག་རིམ་པ་ཇི་ལྟ་བར་དཀར་སེར་དང་དམར་སེར་དང་སྔོ་དམར་དང་ལྗང་སྐྱ་སྟེ་ཁ་དོ་གཉིས་གཉིས་དང་ལྡན་པའོ། །འཕར་མ་གསུཾ་པ་ལ་མདུན་དུ་ཐོད་པར་ཟླ་བ་ལ་རི་ལས་སྐྱེས་པའི་སྒེག་མོ་གཡོན་པ་རྐེད་པར་གནས་པ་གཡས་པ་གང་གྱི་ཚུལ ་གྱི་ལག་བའོ། །གཡས་སུ་ཐོད་པར་ཟླ་བ་ལ་རཱིཾ་ལས་སྐྱེས་པའི་ཕྲེང་བ་མ་ལག་པ་གཉིས་ཀྱིས་བྱ་འཛིན་མའོ། །ནུབ་ཏུ་ཐོད་པར་ཟླ་བ་ལ་ལིཾ་ལས་སྐྱེས་པའི་གླུ་མ་གླུ་ཡིས་གང་བའི་ཁང་ལག་པ་གཉིས་ཀྱིས་རིམ་པས་ཁ་འགེངས?་པར་བྱེད་པའོ། །བྱང་དུ་ཐོད་པར་ཟླ་བ་ལ་ལཱི་ལས་སྐྱེས་པའི་གདམ་ལག་པ་གཉིས ་གང་གྱིས་བྲེལ་བའོ། །འདི་རྣམས་རིམ་པ་ཇི་ལྟ་བས་རྡོ་རྗེ་དྲག་མོ་ལ་སོགས་པའི་ཁ་དོག་གོ། །མེ་ལ་སོགས་བའི་ཐོད་བའི་ཟླ་བ་རྣཾས་ལ་ཨོཾ་ཨོཾ་ཨོཾ་ཞེས་བྱ་བའི་མངོན?་ལས་སྐྱེས་པའི་གླིང་དུ་མ་དང་པི་བང་མ་དང་མུ་དུན?་དཱ་དང་རྫ་རྔ་མ་ནི་རིམ་པ་ཇི་ལྟ་བས་ལྷ་མོ་རྣམས་ཕྱ་གཉིས་ཀྱིས་རང་གི་མིང་གི་མཚན་མ་འཛིན་མ་རིཾ ་པ་ཇི་ལྟ་བར་རྡོ་རྗེ་དྲག་མོ་ལ་སོགས་པའི་འཁོར་ལོ་འཕར་མ་བཞི་པའི་སྣམ་བུ་ལ་མེ་ལ་སོགས་ཐོད་བའི་པར་ཟླ་བ་རྣམས་ལ་རིམ་པ་ཇི་ལྟ་བར་སྒེག་མོ་ལ་སོགས་པའི་ས་བོན་ལས་སྐྱེས་པ་རྡོ་རྗེ་དྲག་མོ་ལ་སོགས་པའི་མདེགས?་མེ་ཏོག་རྨ?་དང་བདུག་པ་མདག?་ཉད?་མེ་མ་དང་དྲི་མ་རྣམས་རང་གི་མིང་གི་མཚན་མ་འཛིན ་མ་ཕྱག་ཉིད་མའོ། །འདི་རྣམས་རྡོ་རྗེ་དྲག་མོ་ལ་སོགས་པ་ནས་དྲི་མའི་?་རལ་པའི་ཅོད་པན་དང་བརྒྱན་ཐམས་ཅད་འཛིན་མའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ནི་སྐྱིལ་ཀྲུང?་བྱེད་པའི་གང་གྱིས་བཞུགས་པ་དང། ཉི་མའི་འོད་དང་གོས་བཟང་པོ་ཅན་ནོ། །གཡས་པ་ལ་སོགས་བའི་སྒོར་ཐོད་པར་སྣ་ཚོགས་པདྨ་ཉི་མའི ་དཀྱིལ་འཁོར་རྣམས་ལ་རིམ་པས་ཛ:ལས་སྐྱེས་པའི་རྡོ་རྗེ་ལྕགས་ཀྱུ་མ་ཞལ་གསུམ་མ་ནམ་མཁའ་ཨི་སྔོ་བསངས་མ་དང་ནག་མོ་དང་དཀར་མོ་སྟེ། རྩ་བ་དང་གཡས་པ་དང་གཡོན་པའོ། །ཕྱག་དྲུག་པ་གཡས་པ་ལ་སོགས་པ་ན་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ་དེ་ཞགས་པ་དང་སྡིག་འཛུབ་དང་དྲིལ་བུ་འཛིན་པའོ། །ཧཱུཾ ་ལས་སྐྱེས་པའི་རྡོ་རྗེ་ཞགས་པ་མ་ནི་བྱག་དྲུག་པ་དཀར་སེར་ལྟ་བུ་དང་དཀར་མིན་སེར་བ་ལྟ་བུ་དང་ནག་པོ་དང་དམར་པོའོ། །རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་པ་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་ཀྱིས་གཟུང་པའི་ཞགས་པ་འཛིན་མའོ། །བཾ་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མ ་ཕྱག་དྲུག་མ་དམར་པོ་དང་དམར་པོའི་མདོག་དང་དམར་ནག་དང་དཀར་པོ་ནི་རྩ་བ་དང་གཡས་བ་དང་གཡོན་པའི་ཞལ་གསུམ་པ་གཡས་པ་ལ་སོགས་པ་ན་ལྕགས་སྒྲོག་དང་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ་རྣམས་ཀྱིས་བརྒྱན་པར་བྱས་པའོ། །ཧོ:ལས་སྐྱེས་པའི་རྡོ་རྗེ་དྲིལ་བུ་མ་ནི་ཕྱག་དྲུག་པ་ལྗང་དགུ?་དང ་ནག་མོ་དང་དཀར་པོ་སྟེ། རྩ་བ་དང་གཡས་དང་གཡོན་གྱི་ཞལ་གསུཾ་པ་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཁྱུ་དང་ཞགས་པ་འཛིན་པའོ། །འདི་རྣམས་ནི་སྒྲ་སེར་པོ་གྱེན་དུ་འབར་བ། གཡས་བརྐྱང་བས་བཞུགས་པ་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་སྟག་གི་པགས་པའི་ཤཾ་སམ?་ནབས་པ། ཕྱག་རྒྱ་དྲུག་གིས་རྣམ་པར ་བརྒྱན་མའོ། །དེ་ནས་ཛ:ཧཱུཾ་བཾ་ཧོ:ཞེས་བརྗོད་པས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས?་ཀྱི་འཁོར་ལོ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་ཡང་བྱེད་དོ། །གོ་ཆ་གཉིས་ཀྱི་ལྷ་ཐཾས་ཅད་ཀྱི་ཆོ་གས་ཀྱི་ཡན་ལག་ལ་དགོས་པ་བྱས་ནས་དེ་བཞིན་གཤེགས་པ་ཐཾས་ཅད་ཀྱིས་དབང་སྐུར་བྱིན་ཏེ། དེ་བཞིན་གཤེགས་པ་ལྔའི་ཅོད ་པན་དཱ་བྱའོ། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛ?:ཧཱུཾ་བཾ་ཧོ:སུར་ཏསྟཱཾ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྔགས་སོ། །ོཾ་བྷྲུཾ་སྭཱཧཱ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི། ཨོཾ་ཨཾ་སྭཱ་ཧཱ་ཞེས་བྱ་བ་ནི་རིན་ཆེན་འབྱུང་གནས་ཀྱིའོ། །ོཾ་ཛྲིཾ་སྭཱ་ཧཱ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའིའོ། །ོཾ་ཁཾ་སྭཱ་ཧཱ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་འོ། །ོཾ་ཧུཾ་སྭཱ་ཧཱ་ཞེས ་བྱ་བ་ནི་མི་བསྐྱོད་པའོ། །ོཾ་ཨཱ:?་ཧཾ་སྭཱ་ཧཱ། ཞེས་བྱ་བ་ནི་སྤྱན་གྱིའོ། །ོཾ་ཨཱ་གྷི་ཧཾ་སྭཱཧཱ་ཞེས་བྱ་བ་ནི་མཱ?་མ?་ཀེའོ། །ོཾ་ཀ་ཊེ་བིཀ་ཊེ་ནི་ཀཊེ་ཀཊཾ་ཀཊེ་ཧཾསྭཱ་ཧཱ་ཞེས་བྱ་བ་ནི་གོས་དཀར་མོའིའོ།། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧཱཾ་སྭཱཧཱ?་ཞེས་བྱ་བ་ནི་སྒྲོལ་མའིའོ། །ོཾ་ཨཱ:ཾཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་དྲག་མོའིའོ། །ོཾ་ཨཱཾ:འ་སྭཱ་ཧཱ་ཞེས་བྱ་བ ་ནི་རྡོ་རྗེ་གཟུགས་ཅན་མའིའོ། །ོཾ་ཨཱ:ོཾ་ཧཾ་སྭཱཧཱ། ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའིའོ། །ོཾ་ཨཱ(རྒྱུད་འགྲེལ་ཞེས་བྱ་བ་ནི་སྒྲའི་རྡོ་རྗེ་མའིའོ། །ོཾ་ཨཱ:འཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་སའི་རྡོ་རྗེ་མའི་འོ། །ོཾ་ལཱ་སྱི་རཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་སྒེག་མོའི་འོ། །ོཾ་མཱ་ལེ་རཱི?་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་?་མའིའོ། །ོཾ་གཱི་ཏེ་ལིཾ་ཧཾ་སྭཱཧཱ་ཞེས་བྱ་བ་ནི་གླུ་མའི་འོ། ། ་ཨོཾ་ནྱཾ་ཏྱེ་ལིཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་གར་མའི་འོ། །ོཾ་ཨཱ:རིཾ་ཧཾ་སྭཱཧཱ་ཞེས་བྱ་བ་མེ་ཏོག་མའི་འོ། །ོཾ་ཨཱ:རིཾ་ཧཾ་སྭཱཧཱ་ཞེས་བྱ་བ་ནི་བདུག་བ་མའི་འོ། །ོཾ་ཨཱ:ལིཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་བྱུག་པ་མའི་འོ། །ོཾ་ཨཱ(རྒྱུད་འགྲེལ་མེ་མའི་འོ། །ོཾ་ཨཱ:ོཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་གླིང་བུ་མའི་འོ། །ོཾ་ཨཱ:ཽ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་པི་བང་མའི་འོ། །ོཾ་ཨཱ(རྒྱུད་འགྲེལ་ཀུ་ཤི་ཛ(རྒྱུད་འགྲེལ་མའི་འོ། །སྔགས་ཀྱི་ཆོ་གས་འདིས་དཀྱིལ་འཁོར་གྱི་བསྟོད་པ་བྱས་ནས། །དེ་རྣམས་བདུད་རྩི་ལྔ་པོ་དེས་མཆོད་པར་བྱའོ། །དེ་ནས་ཡང་གཏུམ་མོའི་རྣལ་འབྱོར་གྱི་མཐར་སྔགས་བཟླ་བར་བྱ་སྟེ། ཨོཾ་མཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས། ། ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་སྒོམ་པའི་ཆོ་གའོ། །དེའི་ཞེས་བྱ་བནི་དཀྱིལ་འཁོར་གྱི་དབས?་སུ?་རྡོ་ཇེ་སེམས་དཔའ་བསམ་པར་བྱའོ། དམར་ཞིང་འབར་འཁྱིལ་ཞེས་བྱ་བ་ནི་ཉི་མའི་འོད་ཟེར་རོ། །སངས་རྒྱས་ཕྲེང་བས་རྣམ་པར་སྤྲས་ཞེས་བྱ་བ་ནི་མི་བསྐྱོད ་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ཡིས་ཅོད་པན་བརྒྱན་པའོ། །ལྷག་མ་གོ་སླའོ། །རིག་མ་བཞི་དང་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་སོ། །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །གཡས་པ་?་མིན ་ཞི་བ་དང་ཞེས་བྱ་བ་ལ་དཀར་པོའི་སྒྲས་ནི་སྐྱ་བོ་སྟེ་ནག་པོ་ཞེས་བྱ་བར་བརྗོད་དོ། །འདི་ལ་དཀར་པོའི་སྒྲའི་ཚིག་སྐྱ་བོ་ཞེས་བྱ་བར་བློ་ལ་བརྟན་པར་བྱས་ནས་དེ་ལས་བཟློག་པ་ཞལ་ནག་པོ་ཞེས་བྱ་བར་བརྗོད་དོ། །གཡས་པའི་ཞལ་ཞི་པའི་ཕྱིར་གཞན་པ་རྣམས་ཀྱི་ནི་རྣམ ་པར་གཙིགས་པའོ། །འདི་ཉིད་ཀྱི་ཕྱིར་སུམ་བཅུ་རྩ་གསུམ་པ་འཇིགས་པར་མཛད་པའོ། །མཁའ་འགྲོའི་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་དྲག་མོ་ལ་སོགས་པའོ། །སྐྱོབ་པ་པོས་ནི་སྣ་ཚོགས་ཞེས་བྱ་བ་ནི་གཟུགས་སྣ་ཚོགས་པས་རང་གི་སྐུ་ལས་སྤྲོས་པའི་དེ་བཞིན་གཤེགས ་པ་རྣམས་ཀྱིས་མཚོན་ཏོ། །བཅོམ་ལྡན་འདས་དང་བདག་དབྱེར་མེད་པར་བསྒོམ་པར་བྱའོ་ཞེས་བྱ་པར་དགོངས་སོ། །ཡང་ན་སྐྱོབ་པ་པོས་ནི་སྣ་ཆོགས་ཤེས་བྱ་བ་ནི་ཡུད་ཙམ་གྱིས་རི་རབ་ལ་གཞན་མེད་ཁང་ལ་སོགས་པའི་དབུས་སུ་བཞུགས་པའི་བཅོམ་ལྡན་འདS ་ཀྱི་གཟུགས་སུ་བདག་ཉིད་བསྒོམ་པ་འམ། །དེ་བསྐྱེད་པའི་རིམ་པས་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །གང་ཞིག་མ་གྲུབ་པ་སྒྲུབ་པར་བྱེད་ན་ནི་དེ་མ་གྲུབ་པར་འགྱུར་ཏེ། སྔོན་དུ་མངོན་པར་འདུ་མ་བྱས་པའི་ཕྱིར་ན། འདུས་མ ་བྱས་པ་ནི་རང་ཉིད་འཁོར་བར་འཁོར་བའི་ཕྱིར། དེ་ཇི་ལྟར་འདུས་བྱས་པའི་གཟུགས་སུ་སྤྲུལ་པར་རིགས། །དེ་ནི་རང་བཞིན་གྱིས་གྲུབ་པ་སྟེ། སོ་སོ་སྐྱེ་བོའི་སྤྱོད་ཡུལ་ནི་མ་ཡིན་ཏེ་གཟུགས་སུ་བརྟགས་པ་དེས་གཞན་རྣམ་པར་དག་པར་བསྐྱེད་པར་བྱའོ། །རྣམ་པར་དག ་པས་ནི་རྣམ་པར་དག་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ་།འདི་ལྟར་ཡང་རྒྱུ་ལས་རིས་མཐུན་པའི་འབྲས་བུ་ཐམས་ཅད་དུ་ངེས་པར་མཐོང་སྟེ། ཕལ་ཆེར་ནི་རིས་མཐུན་པ་ཉིད་ཀྱིས་རིམ?་མཐུན་པ་སྐྱེས་པར་བྱེད་དེ། གཞན་དུ་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །འབྲས་བུའི་རིས ་མཐུན་པའང་དེ་ཉིད་ཀྱིས་སྐྱེས་པར་བྱེད་པར་ངེས་ཤིང། རྒྱུའི་རིས་མཐུན་པས་དེ་ཉིད་ཀྱིས་བསྐྱེད་པར་བྱེད་པ་པོར་ངེས་པའང་ནུས་པར་འགྱུར་རོ། །ཇི་སྲིད་འདུས་བྱས་པའང་རྣམ་པར་མ་དག་པ་སྟེ་མངོན་པར་འདུ་བྱ་བ་མངོན་པར་འདོད་པའི་གཟུགས་ ་*།།དགོང་བ་ཡང་གཞན་དུ་འགྱུར་རོ། །གལ་ཏེ་དེ་ལྟར་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཞེ་བྱ་བར་ཇི་ལྟར་འགྱུར་ཏེ། འདིར་མངོན་པར་འདོད་པའི་ཡོན་ཏན་གྱི་དགོད་པ་ཡང་མེད་པར་འགྱུར་རོ། །དེ་ལྟ་མོད་ཀྱི་རང་བཞིན་གྱིས་གྲུབ་པ་ཉིད་དོ། །དཔེར་ན་འོ?་མ ་ལ་སོགས་པའི་ཡོན་ཏན་དཀར་པོ་ཡད་པ་མངན་པར་འདོད་པའི་གཟུགས་དང་ལྡན་པའང་རྣམ་པར་དག་པར་བརྗོད་ཅིང་གློ་བུར་བའི་གཟུགས་སོན་པ་ཡང་གསལ་བས་རང་གི་གཟུགས་གསལ་བར་འགྱུར་རོ། །འདི་ཉིད་གཞན་དུ་ན་དངོས་པོ་མེད་པར་ཡང་འགྱུར་རོ། །རྣལ་འབྱོར་པས ་གང་ཞིག་དེ་ལྟར་བསྒོམ་པ་དེ་ཇི་ལྟ་བུ་ཞེ་ན། ཀུན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་ཡུད་ཙམ་གྱིས་རིམ་རབ་ལ་ཁང་པ་རྩེག་མ་ལ་སོགས་པར་བཞུགས་པའི་དེ་བཞིན་གཤེགས་པ་དང་སྤྱན་ལ་སོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བདེ་བའི་མཆོག་ཅེས་བྱ་བ་ནི་བདེ་བདམ ་པའི་རྣམ་པ་སྟེ། འདི་ཡང་དངོས་པོའི་ཁྱད་པར་རོ། །དེ་སྐད་ཅེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པས་རང་རྒྱུད་སྤངས་པའོ། །ཇི་ལྟ་བུ་ཞེ་ན་སྨྲས་པ། དེ་བཞིན་གཤེགས་ཞེས་གསུངས་ཏེ། དེ་བཞིན་བློ་ལ་གནས་པར་བྱས་ནས། ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བར ་གཤེགས་པའོ། །ད་ནི་གཉིས་སུ་མེད་པའི་དེ་ཁོ་ན་བསྟན་པའི་ཕྱིར་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟའི་ཤ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། མཆེ་བ་ཅན་དང་སྐྱས་པ་དང་ཁྱི་མ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་གཟུང་སྟེ། འདི་རྣམས་དང་མིག་གི་དྲི ་མ་ལྷན་ཅིག་པ་བཅུའི་བདག་ཉིད་ཀྱི་དམ་ཚིག་གོ་།བཟའ་བར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམ་པར་སྦྱང་བས་སོ། །དོགས་པ་མེད་པ་ཞེས་བྱ་བ་ནི་སྒྱུག?་བྲོ་བ་སྤངས་པ་སྟེ། སེམས་ཀྱི་རྡོ་རྗེས་མི་བྱ་བའི་ཐ་ཚིག་གོ་།གཡོན་པས་སྤྱད་ཅེས་བྱ་བ་ནི་གང་ལ་? ་པས་སྦྱད་པ་ཡོད་པ་དེ་ནི་གཡོན་པས་སྤྱོད་པའི་རྣལ་འབྱོར་པའོ། །གཡོན་གྱིས་བསྒྱུར་བས་ལུས་ཐམས་ཅད་ཀྱི་ལས་བྱེད་པའོ། །གཡོན་པས་འཐོར་འཐུང་བཟའ་བར་བྱ་ཞེས་བྱ་བ་ནི། གཡོན་གྱིས་ལྷ་མོ་རྣམས་ཀྱི་འཐོར་འཐུང་དང་གཡོན་གྱིས་རང་བཟའ་བར་ཡང ་བྱའོ། དེ་ཅིའི་ཕྱིར་ཞེ་ན། གཡོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་དུ་གང་གི་ཕྱིར་དེ་བཞིན་ཉིད་དེ་ལས་བྱུང་བའི་འགྲོ་བ་ནི་དེ་བཞིན་ཉིད་ཀྱི་དངོས་པོའི་ཕྱིར། གང་གི་ཕྱིར་ཆོས་ཀྱི་དབྱིངས་སྤངས་ནས་ཆོས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གཡོན་པ་ནི་འཇིག་རྟེན ་གྱིས་སྨད་པ་སྟེ། སྒྱུག་བྲོ་བ་སྤང་པའི?་ཕྱར་པེ་ཉིད་བསྟེན་པར་བྱའོ། །ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི། སྔགས་ལ་སོགས་པ་དང་ལྡན་པའི་གཙོ?་མོ་གསུངས་སོ། །ཡང་ན་ལྷན་ཅིག་སྐྱེས་མཐ་འམ་ཞིད་སྐྱེས་མ་འམ། སྔགས་སྐྱེས་མ་ཐམས་ཅད་བརྗོད་དོ། །འདོད་པ་ཞེས་བྱ་བ་ནི་གཞན་དུ་འདོད་པས་སོ། ་རྨོངས་པས་སྐྱེས་པ་དེ་ནི་དེ་ལྟ་བུ་སྟེ། ཕོ་ཉ་སྤངས་ནས་འགྲུབ་བར་མི་འགྱུར་རོ། །ཞེས་དགོངས་སོ། །དེ་བས་ན་ཕོ་ཉ་མོ་ལ་ཆགས་པ་ནི་བདེ་བ་ལ་འདུ་བར་བྱེད་པ་སྟེ་འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ་ཞེས་བྱ་བའི་ཐ་ཆིག་གོ་།ཕོ་ཉ་ནི་ཤེས་རབ་པོ། འ།ཆགས་པས་ཞེས་བྱ་བ ་ནི་དེ་བས་ཏེ། དམ་པ་རྣམ་པར་རྟོག་པ་རྣམས་ལ་གྲོལ་བ་དང་བཅོམ་པ་ཞེས་བྱ་བའོ། །ཕོ་ཉ་ལ་ཆགས་པ་ནི་རྟག་ཏུ་ཐར་པ་ཞེས་བྱ་བའི་ཆིག་གི་དོན་ཏོ། །ཇི་ལྟ་བུ་ཞེ་ན། བརྟུལ་ཞུགས་མིན་བཅོམ་ཞེས་བྱ་བ་ནི། འཇིག་རྟེན་པའི་བརྟུལ་ཞུགས་བཅོམ་པའོ། །བརྟུལ་ཞུགས་གང་ཞེས ་བྱ་བ་ནི་འཆད་པར་འགྱུར་བའི་དཀའ་ཐུབ་ཀྱིས་གང་བ་སྟེ། བརྟུལ་ཞུགས་མ་ཡིན་པ་བཅོམ་ཞིང་བརྟུལ་ཞུགས་ཀྱིས་གང་བ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པབོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་པོའོ། །བྱས་པར་བརྩོན་པ་ཞེས་བྱ་བ་ནི་བྱས་པ་ལ་འགྲོ་བའི་དོན་བྱེད་པ་ལ་བརྩོན་པ ་སྟེ། དེ་ནུས་པའོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་རྣལ་འབྱོར་མ་དང་རྣལ་འབྱོར་པའི་འདུ་པའོ། །དེ་ལ་རིགས་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམ་ཀྱིའོ། །སྤྱོད་ཅེས་བྱ་བ་ནི་འདོད་པའོ། །རེ་ལ་གཅིག་ཏུ་བྱས་ནས་སྣོད་གཅིག་ཏུ་ལྷག་མ?་པ ་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ?་རིགས་དང། དམང་རིགས་དང་མཛའ་ཁོབ་ལས་ཡང་སྐྱེས་པ་རྣམས་ཀྱི་རིགས་རྣམས་ཀུན་འདུས་པས་སྤྱོད་པ་ནི་གཅིག་ཏུ་བྱེད་པ་ཉིད་དེ། དེ་ ་ལ་རིགས་གཅིག་ཏུ་བརྟགས་པར་བྱ་སྟེ་།སྣ་ཚོགས་ཉིད་ནི་ཡོད་པ་མ་ཡིན་ཞེས་བྱ་བར་དགོངས་སོ། །བདུད་རྩི་ལྔ་བསྟན་པའི་ཕྱིར་སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྲང་རྩི་ཁྲག་ཅེས་བྱ་བ་ནི་འཚེད་པར་བྱེད་པ་སྟེ་འོད་དཔག་ཏུ་མེད་པའོ། ། ་ག་བུར་ནི་དོན་ཡོད་གྲུབ་པའོ། །ལྷན་ཅིག་ངེས་སྤྱོད་པ་ནི་ག་པུར་དང་བཅས་པ་སྟེ། སྦྲང་རྩི་དང་ཁྲག་གོ་།དམར་པོ་ནི་རིན་ཆེན་འབྱུང་གནས་སོ། །ཙན་དན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །རིགས་ཀྱི་བདག་པོའི་ཆུ་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ། འདི་དག་ཐམས ་ཅད་ནི་བདུད་རྩི་ལྔར་བརྗོད་དོ། །ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་པ་རྣམས་དང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་དངོས་གྲུབ་སྒྲུབ་པ་པོ་སྟེ་།དེ་ལ་སྤྱོད་པས་ནི་བར་ཆད་རབ་ཏུ་ཞི་བར་འགྱུར་རོ། །སྤྱོད་པ་གསུངས་པ་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཞི ་བའི་བཏུང་བ་ཞེས་བྱ་བ་ལ། ཞི་བའི་ཞེས་བྱ་བ་ནི་ཟླ་བ་ཡིས་ཏེ་བྱང་ཆུབ་སེམས་ཀྱི་བཏུང་བའོ། །དེ་ཡང་དབང་པོ་གཉིས་སྙོམས་པར་ཞུགས་པའི་པདྨར་གནས་པ་ཉིད་ཀྱི་བྱང་ཆུབ་སེམས་ཀྱི་བཏུང་བའོ། །དེ་ལྟར་ཡང་གསང་བ་མཛོད་ཀྱི་རྒྱུད་ལས་གསུངས་པ། ་བྷ་གའི་དབུས་སུ་བདག་ཉིད་རྣལ་འབྱོར་པ་བསྒོམ་པར་བྱའོ། །དེ་མི་ནུས་ན་འཇིག་པའི་རྩ་བསྒོམ་པར་བྱའོ། །དེ་མི་ནུས་ན་ཡང་དེ་བྱའོ། །ཡང་ན་དེ་ཡང་མི་ནུས་ན། དེ་ལྟར་ཡང་རང་གི་གཟུགས་ཅམ་དུ་རིམ་པས་དེ་རྣམས་བུད་མེད་རྣམས་ལྷ་མོའི་གཟུགས་སུ ་བསམས་ན། བུད་མེད་དེའི་ཁུ་བ་བཏུང་བའམ་འཐུང་དུ་གཞུག་པར་བྱའོ། །དེ་བས་ན་ངེས་པར་སངས་རྒྱས་ཉིད་དུ་བྱེད་པར་འགྱུར་རོ། །དེ་དག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཐབས་བཅས་ཞེས་བྱ་བ་ལ་སོགས་པས་ནི་བརྟུལ་ཞུགས་བསྟན་ཏོ། །ཐབས ་བཅས་ཞེས་བྱ་བ་ནི་སྦྱང་བ་དང་བཅས་པའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་།དྲག་པོ་དང་དྲག་པོ་མ་ཡིན་པ་རྣམས་སྤྱོད་པའོ། །ཇི་ལྟར་ཞེ་ན། གསུངས་པ་མེ་རྟོག་པའི་ཞེས་བྱ་བ་ནི་བསམ་པས་སོ། །རྣམ་པར་མི་རྟོག་པ་ཉིད་ཀྱིས་བྱ་བ་ཐམས ་ཅད་དང་སྤྱོད་པ་དང། བརྟུལ་ཞུགས་འདི་དག་སེམས་ཀྱི་སྒོ་ནས་བསྟན་ཏོ། །མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི། ངག་གི་སྒོ་ནས་སོ། །ཡུལ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ལུས་ཀྱི་སྒོ་ནས་སོ། །སྐྲ་ཤད་འཛིངས་པ་ཞེས་བྱ་བ་ནི་ཕུང་པོའོ། །རྗེས་མཐོང་བས ་ཞེས་བྱ་བ་ནི་འདྲ་བ་སྟེ། རྗེས་ཀྱི་སྒྲས་ནི་འདྲ་བའི་ཚིག་གོ་།དཔེར་ན་ལྷས་བྱིན་གྱིས་རྗས་སུ་བྱེད་པའི་ཕྱིར་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གནས་ཀྱི་དངོས་པོ་སྟེ་རྗེས་སུ་འདྲ་བའི་དངོས་པོ་ནི་རྗེས་སུ་མཐོང་བའོ། །ཇི་ལྟར་རབ་རིབ་ཀྱིས ་ཉམས་པའི་མིག་གི་ནམ་མཁའ་ལ་སྐྲ་ཤད་ཀྱི་ཕུང་པོ་ཉེ་བར་རྟོགས་པ་དེ་བཞིན་དུ་ཡུལ་ལས་སྐྱེས་པ་རྣམས་ཀྱང་གཟུང་བ་ལ་སོགས་པར་མངོན་པར་ཞེན་པས་སོ། །དྲིས་པ་སྐྲ་ཤད་ཀྱི་ཕུང་པོ་དེ་ལྟར་གྱུར་པས་དོན་གྱི་བྱ་བ་བྱེད་པ་ཡོད་པ་མ་ཡིན་ཡང་ཡུལ་རྣམས་རྟོགས་པ་ཡོད ་ན་དེ་ཇི་ལྟར་འདི་རྣམས་ཡོད?་ན་དེ་ལྟར་འདི་རྣོས?་ཡོད་པ་མ་ཡིན་ཞེS་སྙ་ངལ?། ཡོད་པ་མ་ཡིན་ཀྱང་རྨི་ལམ་དམིགས་པའི་དངོས་པོས་འདོད་པ་མ་ལ་སོགས་པའི་མཚན་ཉིད་ཀྱིས་འདོད་པ་བྱེད་པས་ཤིན་ཏུ་དགའ་བའི་ཁམས་ཁྱད་པར་འཕགས་པ་ལ་སོགས་པའི་མཚན་ཉིད་དོན་གྱི་བྱ་བ ་སད་པའི་དུས་སུ་དམིགས་པ་ཉིད་དོ། །དེ་བས་ན་དངོས་པོ་ཇི་ལྟར་དམིགས་པ་གཅིག་ལ་སོགས་པའི་གཟུགས་ཀྱི་བག་ཆགས་ཀྱིས་དཀྲུགས་པས་རྟོགས་པའི་འང་ཚད་མས་སུན་ཕྱུང་བའི་ཕྱིར་ཡོད་པ་མ་ཡིན་ཡང་འདི་དག་ཐམས་ཅད་སེམས་ཙམ་ཉིད་དེ་དོན ་དུ་སྣང་བསྐྱེ་བར་འགྱུར་རོ། །བག་ཆགས་ཀྱིས་དཀྲུགས་པའི་ཕྱིར་དེའི་རྣམ་པ་ཡང་ཡོད་པ་མ་ཡིན་པ་དེ་ནི་དེ་ལྟ་བུའོ། །དེ་ཉིད་དབྱིག་གཉེན་གྱི་ཞལ་སྔ་ནས་གསུངས་པ། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། དཔེར་ན་རབ་རིབ་ཅན ་དག་གིས། །སྐྲ་ཤད་འཛིངས?་སོགས་མཐོང་བ་བཞིན། །ཞེའོ། །ཀྱེ་རྒྱལ་བའི་སྲས་ངག་གང་ཞིག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སེམས་ཀྱི་མིང་གི་རྣམ་གྲངས་ནི་རྣམ་པར་རིག་པ་དང་སེམས་དང་ཡིད་རྣམ་པར ་ཤེས་པ་དང། རྣམ་པར་རིག་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཞེས་བྱ་བའི་ཐ་ཚིག་གོ་།གང་ཞིག་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོད་པ་མ་ཡིན་ཡང་གདུལ་བའི་སྐྱེ་བོའི་དོན་དུ་གཟུགས་ལ་སོགས་པ་བསྟན་པ་བཅོམ་ལྡན ་འདས་ཀྱིས་མཛེད་དོ། །དེ་བཞིན་དུ་ཡང་གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་ཟེར་རོ། །འོན་ཀྱང་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཅི་གཟུགས ་ལ་སོགས་པའི་རྣམ་པར་རིག་པའི་ཡུལ་གཟུགས་ལ་སོགས་པ་གཅིག་པཱུང། །དུ་མ་ཞིག་ཡིན་ཞེ་ན། གང་ཞིག་རྣམ་པར་ཤེས་པ་ལས་ལོགས་ཞིག་ན་གཟུགས་ལ་སོགས་པ་རེ་རེ་ཞིག་དེ་གཅིག་པུ་རྣམ་པར་ཤེས་པའི་ཡུལ་དུ་རིགས་པ་དང་མི?་འཐད་དོ། །ཇི་ལྟར་བྱེ? ་བྲག?་པ་རྣམས་ཀྱི་ཡན་ལག་ཅན་གྱི་གཟུགས་རགས་པ་ཁྱོན་ཆེ་བ་དབང་པོ་བློའི་གཟུང་བར་འདོད་དེ། དེའི་ཆ་ཤས་ཅན་གྱི་རྫས་ཆ་ཤས་མ་གཏོགས་པར་གཞན་གང་ལ་ཡང་མི་འཛིན་ཏོ། །བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ལ་ངོས་ཆ་དང་རྒྱུ་སྦུན?་ལ་སོགས་པའི ་ཆ་ཤས་ཉིད་ལ་འཛིན་གྱི། དེ་དག་ལས་གཞན་དུ་བུམ་པ་དང་སྣམ་བུ་ལ་སོགས་པར་མི་འཛིན་ཏོ། །དེ་བས་ན་གཅིག་པུ་ཞེས་བྱ་བའི་རྫས་ཅུང་ཟད་ཀྱང་ཆ་ཤས་ཞེས་བྱ་བ་ལ་ཡོད་པ་མ་ཡིན་ནོ། །དུ་མ་ཕྲག་ཅན་དུ་གནས་པ་ཡང་མ་ཡིན་ཏེ། གང་ཞིག་རྡུལ་ཕྲ་རབ་སོ་སོ་ལ ་འཛིན་པར་ཁས་མི་ལེན་གྱི། འདི་ལྟར་རྣམ་པར་ཤེས་པ་ལྔའི་ཚོགས?་ནི་བསགས་པ་ལ་དམིགས་སོ་ཞེས་གཞན་དག་གིས་ཁས་བླངས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཕན་ཚུན་ནས་ཉེ་སྟེ་བར་མེད་པས་གནས་པའང་ཡུལ་མ་ཡིན་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་ཉིད་རྫས ་གཅིག་ཏུ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རྡུལ་ཕྲ་རབ་ཉིད་རྫས་སུ་ཡོད་ན་ནི་དེའི་ཚེ་ཅི་དེ་དག་ཕྲག་ཅན་དུ་གནས་པ་འམ། འདུས་བ་ཡུལ་ཡིན་ཞེས་བསམ་པར་བྱ་ན། དེ་བཞིན་དུ་ཡང། དེ་ནི་གཅིག་ན་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན ་ཏེ། །གང་ཕྱིར་རྡུལ་ཕྲན་མི་འགྲུབ་ཕྱིར། །ཞེས་ཟེར་རོ། །གང་གིས་ན་གང་གི་ཚེ་དབུས་ན་གནས་པའི་རྡུལ་ཕྲ་རབ་ལ། །ཕྱོགས་དྲུག་ནས་འོངས་པའི་རྡུལ་ཕྲ་རབ་རྣམས་ཀྱིས་སྦྱོར་བ་དེའི་ཚེ། ཅི་གཞན་དང་གཞན་གྱི་ཕྱོགས་ནས་སམ། ཅི་ཅིག་པུ་ཁོ་ན་སྦྱོར་ཞེས་བརྗོད་པར་བྱའོ། །གལ་ཏེ་རེ་ཞིག ་ཕྱོགས་གཞན་དང་གཞན་ནས་རྡུལ་ཕྲ་རབ་དྲུག་པོ་རྣམས་ཀྱིས་ཅིག་ཅར་སྦྱར་བ་དེའི་ཚེ། དབུས་ན་བདུག་པའི་རྡུལ་ཕྲ་རབ་ཆ་དྲུག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་སྙམ་པ་ལ་གང་ཞིག་དབུས་སུ་གནས་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱིས་ངོས་ལ་འདུག་བའི་རྡུལ་ཕྲ་རབ་གཅིག་གིས་ནོན་པ་དེ་ལ་རྡུལ་ཕྲ ་རབ་གཞན་གྱི་གོ་སྐབས་མེད་དེ། དེའི་ཕྱིར་དེ་གཞན་དུ་གཞན་གྱིས་གནས་པ་ཁོ་ནར་བྱ་དགོས་སོ། །དེའི་ཕྱིར་ཡང་རྡུལ་ཕྲ་རབ་ཆ་དྲུག་ཏུ་གྱུར་པའི་ཕྱིར་རྫས་སུ་ཡོད་པར་ག་ལ་འགྱུར། ཡང་ན་གང་ཞིག་དབུས་སུ་གནས་པའི་རྡུལ་ཕྲ་རབ་ཀྱི་གོ་དེ་ཉིད་གལ་ཏེ་ངོས་ལ་འདུག་པའི་དྲུག་པོ ་རྣམས་ཀྱི་ཡང་ཡིན་ན་ནི། དེའི་ཚེ་རྡུལ་ཕྲ་རབ་ཐམས་ཅད་གོ་གཅིག་པའི་ཕྱིར་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། འདི་ལྟར་ཁམས་གསུམ་ཡང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་རོ། །ཅིའི་ཕྱིར་སྙམ་པ་ལ་རྡུལ་ཕྲ་རབ་ནི་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་དེས་ཀྱང་གོང་བཱུང ་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ཡང། དྲུག་གིས་ཅིག་ཅར་སྔར?་བ་ལས། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ཕྱིར། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་ཟེར་རོ། ཆ་ཤས་དང་བཅས་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་ནོ། །ཆ་ཤས་མེད་པའི་ཕྱིར་བསགས་པའི ་དངོས་པོ་ཡང་མེད་པར་འགྱུར་རོ། །གང་ཞིག་།འབྱར་བ་དང་ནི་བསྐོར་བ་དང། །བར་མེད་རྣམ་པར་གནས་ཀྱང་རུང། །དབུས་གནས་རྡུལ་ཕྲ་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟས་པ་ཡང། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན ་ན་ཇི་ལྟར་ཡང། །ས་ཆུ་ལ་སོགས་རྒྱས་འགྱུར་རམ། །ཞེས་ཟེར་རོ། །འདི་ལྟར་རྡུལ་ཕྲ་རབ་རང་བཞིན་མེད་པས། །མིག་དང་གཟུགས་ལ་སོགས་པ་རང་བཞིན་མེད་པར་འགྱུར་རོ། །དེ་ཉིད། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས ་མང་པོ་དག་།རང་བཞིན་མེད་པར་མངོན་པ་ཡིན་ཞེས་ཟེར་རོ། །དེ་བཞིན་དུ་ཡང་རྡུལ་ཕྲ་རབ་བསགས་པ་གཟུགས་ལ་སོགས་པ་ལྔ་དང། མིག་ལ་སོགས་པ་ལྔ་དང། མིག་ལ་སོགས་པ་ལྔ་པོ་ཡུལ་དང་དབང་པོ་རྣམས་ཏེ། དེ་ལ་དམིགས་ཤིང་བརྟེན་པའི?་རྣམ ་པར་ཤེས་པ་ལྔའི་ཆོགས་སོ། །དེའི་དངོས་པོ་མེད་ན་ཅི་ལ་དམིགས་ཤིད་ཅིལ་བརྟེན་ཏེ་ཡང་སྐྱེ་བར་འགྱུར། དེ་ཡོད་པ་མ་ཡིན་ན་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པས་ཡིད་ཀྱི་རྣམ་པར་ཤེS་པ་ཡང་སྐྱེ་བར་མི་འགྱུར་ཏེ། རྣམ་པར་ཤེས་པ་ཡོད་པ་མ་ཡིན་ན་དེའི་འགགས་མ་ཐག?་པའི ་རྣམ་བར་ཤེས་པ་ཡིད་དུ་ངེས་ན་འགྱུར་བར་མི་རིགས་སོ། །དྲུག་པོ་འགག་མ་ཐག་པའི་རྣམ་པར་ཤེས་པ་དྲུག་པ་དེ་ཉིད་ནི་ཡིད་ཅེས་བྱ་བའི་ཐ་ཚིག་གོ་།སེམས་དང་འདུ་ཤེས་དང་སེམས་ལས་བྱུང་བ་ལ་སོགས་པའི་ཆོས་རྣམས་གནས་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །རྣམ་པར ་རིག་པ་ཙམ་ཡང་མེད་པས་འབྱུང་ང?་ཆེན་བོ་ཉེ་བར་བླངས་ནས་རྡུལ་ཕྲ་རབ་ཀྱང་ཡོང་ན?་ཡིན་ལ། འབྱུང་བ་ཆེན་པོ་ཡང་དངོས་པོ་མེད་པའི་ཕྱིར་རམ། བདེན་པ་མ་ཡིན་པ་སྟེ། སེམས་ཀྱི་འཁྲུལ་པའང་གང་ཞིག་བཅིང་བ་ཉིད་དེ། དགེ་བ་དང་མི་དགེ་བ་དང་འབྱུང་བ་ཆེན་པོ་ཉེ་བར་བླངས་ཤིང ་དེ་དག་རྣམ་པར་རིག་པ་ཙམ་ཡང་མེད་པར་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་གཟུགས་ལ་སོགས་པའི་གཟུང་བ་ལ་སོགས་པའི་ངོ་བོའི་མ?་མེད་པས་བཀག་པའོ། །རྡུལ་ཕྲ་རབ་གཉིས་ལ་སོགས་པའི་ཡང་ཆ་ཤས་ཅན་རྡུལ་ཕྲ་རབ་ནས་བརྩམས་ཏེ། དེའི་ཆ་ཤས་དངོས་པོ ་མེད་པར་བཀག་པའོ། །གཟུགས་དང་རོ་ལ་སོགས་པའི་ཡང་དེའི་ཡོན་ཏན་དང་དེའི་འགྲོ་བ་ལ་སོགས་པ་དང། དེའི་བྱ་བ་དང་རང་བཞིན་དང་སྤྱི་དང་ཁྱད་པར་དང་དེ་དག་དང་ལྡན་པ་ཡང་བཀག་པའོ། །དེ་ཉིད། །དེ་ཡི་རང་བཞིན་དེ་བརྩམས་དང། དེ་ཡི་ཡོན་ཏན་དེ་ལས ་བ་ཤ?་།དེ་ཡི་སྤྱི་དང་ཕྱད?་པར་དང། །དེ་དག་དེ་དང་ལྡན་པ་ཅན་ཞེས་ཟེར་རོ། །ནམ་མཁའ་དང་དུས་དང་ཕྱོགས་དང། བདག་དང?་ཡིད་རྣམS་རྟག་ཏུ་རང་བཞིན་དང་བྲལ་པ་ཉིད་ཁོ་ནའོ། །ཕྱོགས་ཐ་དད་བ་དང་འདྲེས་པའི་ཕྱིར་ཁྱབ་པའི་གཅིག་པཱུང་ཅིའི་ཕྱིར་ཞེས་བྱ་བའི་ཐ ་ཚིག་གོ་།གང་ཞིག་ཕྱོགས་ཐ་དད་པ་རྣམས་སུ་བུམ་པ་ལ་སོགས་པ་རྣམས་དང་འདྲེས་པ་དེ་ནི་ངེས་པར་གཅིག་པུའི་རང་བཞིན་མ་ཡིན་ཏེ། ཇི་ལྟར་སྣ་ཚོགས་པའི་གནས་སུ་གནས་པའི་བ་ད་རཱ་རྣམས་ནི་ཕྱོགས་ཐ་དད་པ་དང་འདྲེས་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པའི ་དངོས་པོ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་སྟེ། ངེས་པར་གཅིག་གི་རང་བཞིན་ཉིད་གཅིག་བུ་ཁྱབ་པར་བྱེད་པའོ། །དེ་དང་འགལ་བ་ནི་ཕྱོགས་ཐ་དད་བ་རྣམས་དང་དུམ་པ་ལ་སོགས་པར་འདྲེས་པ་སྟེ། འདི་ལྟར་ངེས་པར་གཅིག་གི་རང་བཞིན་གྱི་ཁྱབ་པར་བྱེད་པ་ལོག? ་པས་ཀྱང་འདིའི་གཅིག་དུ་ཉིད་ལྡོག་གོ་།དུ་མ་ཡང་གཅིག་སྔོན་དུ་འགྲོ་བའི་ཕྱིར་དེ་ཡོད་པ་མ་ཡིན་ན་དེ་ཡོད་པ་མ་ཡིན་ཏེ། གང་གི་གཅིག་ཡོད་པ་མ་ཡིན་པ་དེའི་དུ་མ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་པའི་ཐ་ཚིག་གོ་།རགས་པ་ཡང་གོང་ཉིད་དུ་རྡུལ་རང་ཆ་ཤས་མེད ་པས་བཀག་པའོ། །གང་ཟག་གི་ཡང་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དང་བྲལ་བའི་ཕྱིར། རང་བཞིན་མེད་པར་འབད་པ་མེད་པར་གྲུབ་པའོ། །སྐད་ཅིག་མས་ཀྱང་ཕྱི་མ་ཕྱི་མའི་རང་བཞིན་འབྱུང་བའི་ཕྱིར་དུ་མ་ཉིད་དོ། །སྐད་ཅིག་མ་མ་ཡིན་པས་བྱང་མཐར ་ཕྱི་མའི་རང་བཞིན་མི་འབྱུང་བའི་ཕྱིར་སྔོན་གྱི་རང་བཞིན་མི་འཇིག་པའི་ཕྱིར་གཅིག་ཉིད་ཡིན་ནོ། །དངོས་པོའི་མཚན་ཉིད་ནི་དོན་བྱེད་པར་ནུས་པ་སྟེ། དེ་ཡང་སྐད་ཅིག་མ་ཁོ་ནས་རིམ་དང་ཅིག་ཆར་དག་གིས་ཁྱབ་པའོ། །སྐད་ཅིག་མ་མ་ཡིན་པའི་ཡང་དེའི་ཁྱབ ་པར་བྱེད་པ་དེ་དག་གི་ཁྱབ་བར་བྱེད་པ་ལོགས་པས། དེའི་ཁྱབ་པར་བྱ་བ་དོན་གྱི་བྱ་བ་བྱེད་པ་ཡང་ལྡོག་སྟེ། རྒྱུ་ལོག་པས་ཁྱབ་པར་བྱེད་པའི་རང་བཞིན་ལྡོག་ཅིང་རང་གི་འབྲས་བུ་ཁྱབ་པར་བྱ་བའི་རང་བཞིན་ལྡོག་སྟེ། །དེ་ཡང་སྐད་ཅིག་མ་མ་ཡིན་པ་ཡང་མ་ཡིན་པ་དང ་སྐད་ཅིག་མ་ཡང་མ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང། སྐད་ཅིག་སྐད་ཅིག་མ་ཡིན་པས། གང་ཟག་བསྟན་དུ?་མི་རུང་བས། །གཅིག་དང་དུ་མའི་རང་བཞིན་དང། །བྲལ་བར་གསལ་བར་རབ་ཏུ་ཤེས་ཞེས་བརྗོད་དོ། །དངོས་པོ་ཐམས་ཅད་དང ་དེའི་གནས་སྐབས་སུ་གནས་པ། ཇི་ལྟ་བུ་ཞེས་སྙམ་པ་ལ། དོན་དམ་པ་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་གཟུང་བ་ལ་སོགས་པའི་ངོ་བོས་ཡོད་པ་མ་ཡིན་པ་ཡང་སྤྱོད་ཡུལ་མ་ཡིན་པའི་ངོ་བོ་ཁོ་ནའོ། །དེ་བཞིན་དུ་ཡང་དབྱིག་གཉེན་གྱི་ཞལ ་སྔ་ནས་གསུངས་པ། གལ་ཏེ་ཡིན་ཡོད?་ཀྱི་ཐམས་ཅད་དུ་ཆོས་རྣམས་ཡོད་པ་མ་ཡིན་པ་དེའི་འང?་རྣམ་པར་རིག་པ་ཙམ་གྱི་མིང་ཡང་ཡོད་པ་མ་ཡིན་ན། ཇི་ལྟར་ན་དེ་རྣམ་བར་གཞག་།ངེས་པར་ཐམས་ཅད་དུ་ཆོས་རྣམས་ཡོད་པ་མ་ཡིན་པ་ནི་མ་ཡིན་ཏེ། འདི་སྐད་དུ་ཆོས་རྣམས་ནི ་བདག་མེད་པར་འཇུག་པར་འགྱུར་རོ། །ཡིན་མོད་ཀྱི་གང་ཞིག་བྱེས་པ་རྣམས་ཀྱིས་བརྟགས་པའི་བདག་དང། དེས་ཆོས་རྣམས་ཀྱི་རང་བཞིན་ཀུན་ཏུ་?་དེའི་ཕྱིར་ཀུན?་ཏུ་བརྟབ?་པའི་འདས་སྟེ། དེས་རྣམས་ནི་བདག་མེད་པ་མི་འདོད་ཅིང། གང་ཞིག་སངས?་རྒྱས?་པ་རྣམས་ཀྱི་ནི་བདག་ཡུལ་མ་ཡིན་ནོ་ཞེའོ། །དེ ་བས་ན་སེམས་ཙམ་ཁོ་ན་སྟེ། སྣ་ཚོགས་སུ་སོ་སོར་སྣང་བ་སྐྱེ་བར་འགྱུར་རོ། །བློ་ཆུང་བ་རྣམས་ཀྱིས་དེ་ལས་ལོགས་ཤིག་ན་དོན་སྲུང?་ངོ་སྙམ་དུ་འདོད་དོ། །དེ་བཞིན་དུ་དཔལ་འདུས་པ་ལས་གསུངས་པ། དངོས་བོ་ཐམས་ཅད་དང་བྲལ་ཞིང། །ཕུང་པོ་ཁམས་དང་སྐྱེ་མཆེད ་ཀྱི། །གཟུང་དང་འཛིན་པ་རྣམས་ངས?་པ། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གདོང་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེའོ། །ལང་ཀར་གཤེགས་པ་ལས་ཀྱང། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོང་མ་ཡིན། །བག ་ཆགས་ཀྱིས་ནི་དཀྲུགས?་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེའོ། དེ་ཁོ་ན་བསྡུས་པ་ལས་ཀྱང་རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཇི་ལྟར་དེ་ཡོངས་སུ་སྦྱངས་པས་དེ་དེ་ལྟར་འགྱུར་རོ། །འདི་ལྟ་སྟེ་ཡང་གོས་དཀར་བོ་དམར་པོར་འཚོད་པ་དེ ་བཞིན་དུ་ཡང་སེམས་འདི་ནི་འོད་གསལ་བ་སྟེ། རང་བཞིན་གྱིས་གློ་བུར?་བའི་དྲི་མས་ཞེས་གསུངས་སོ། །གཅིག་དང་དུ་མ་ལས་ལོགས་ཤིག་ན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་ཞིག་རང་རང་གི་དངོས་པོ་དང་དངོས་པོས་འབྱུང་བར་འགྱུར་རོ། །གཅིག་དང?་དུ་མ་དག ་གིས་ནི་དངོས་པོ་ལ་ཁྱབ?་པ་ཞེས་བྱ་བའི་ཐ་ཚིག་གོ་།གཟུགས་བརྙན་དུ་བརྗོད་པ་ལ་ཆོས་གཉིས་རྗེས་སུ་འགྲོ་བ་ཡང་མ་གྲུབ་པ་ཡང་མ་ཡིན་ཏེ། མེ་ལོང་ལ་སོགས་པར་རང་བཞིན་གྱིས་གཟུགས་བརྙན་འདི་ནི་བཞིན་ལ་སོགས་བཞུགས་ཏེ། གནས་བ་ནི་མ་ཡིན་ཏེ་ཐལ་པར་འགྱུར་བའི ་ཕྱིར་རོ། །གཟུགས་བརྙན་དང་འདྲ?་བས་ནི་གཟུགས་བརྙན་དབྱུང་བར་འགྱུར་ཏེ། གཞན་དུན་དེའི་གཟུགས་བརྙན་ཉིད་མ་ཡིན་ནོ། །གལ་ཏེ་མིག་གི་འོད་ཟེར་རྣམས་མེ་ལོང་ལ་སོགས་པ་ནས་ཕྱིར་ལོག་ནས། སོ་སོར་འབྲས་བུར་གྱུར་བ། རང་གི་བཞིན་ལ་སོགས་པ་དང་འབྲེལ་པ་དེའི་མཚན ་མ་འཛིན་པ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཡང་བྱང་ཕྱོགས་སུ་ཁ་བལྟས་པས་མེ་ལོང་ལ་བལྟ་བ་ཡང། བྱང་ཕྱོགས་སུ་ཁ་བལྟས་པ་ཁོ་ནའི་གཟུགས་བརྙན་མཐོང་བར་འགྱུར་རོ། །མེ་ལོང་གི་ཚང?་ཆུང་ལ་བཞིན་གྱི་ཚོད་ཆེན་པོའི་གཟུགས་བརྙན་ཆེན་པོ་ཁོ་ན་མཐོང་བར་འགྱུར ་ཞིང། ཆལ?་ཡང་ཆུ་བོའི་འགྲམ་དུ་གནས་པ་རྣམས་ཀྱི་ཤིང་ལ་སོགས་པ་རྣམས་སྟེ་འདུ་གནས་པའི་འདབ་མ་དང་ཅེ་མེ་ལ་སོགས་པ་མཐོང་བར་འགྱུར་རོ། །འདི་ལྟར་ཡང་དེའི་གཟུགས་བརྙན་གྱི་རྣམ་པར་ཤེས་པ་ནི་བཞིན་ལ་སོགས་བའི་འཛིན་པ་པོ་མ་ཡིན་ཏེ། དེའི ་?་?་ཀྱི?་རྣམ་པ་དང་བྲལ་བའི་ཕྱིར་རོ། །གཟུགས་གཞན་ཞེས་བྱ་བ་དེ་ཡང་མི་སྦྱར་ཏེ། ལུས་རྣམས་གནས་པར་མི་བཟོད་པའི་ཕྱིར་རོ། །མངོན་པར་ཞེན་པ་མེད་པས་ཡུལ་རྣམ་ལ་ལོངས་སྤྱོད་པ་ནི་དཀའ་ཐུབ་ཅེས་བྱ་བར་དགོངས་ཏེ། དེ་ཡང་གཅིག་ཏུ་ངེས་པའི་ཕྱིར ་?་?་?་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་གནོན་བཞེས་བྱ་བ་ནི་དཀའ་ཐུབ་ཀྱིས་གནོན?་པས་ཞེས་བྱ་བས་སོ། །གང་ཞིག་ཅེས་བྱ་ལ་སོགས་པ་ལ། །ཤེས་རབ་ཅེས་བྱ་བ་ནི་ཐོས་པ་དང་བསམ་པ་རང་བསྒོམ་པའི་དངོས་པོའི་ཤེས་རབ་ཀྱིས་སོ། །ཐམས་ཅད་ནི་ལུས་ལ ་སོགས་པའི་ལས་རྣམས་ཏེ། རྣམ་པར་དཔྱད་ནས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ཤེས་རབ་གོ་།སྟོང་པའི་གནས་སུ་ཞེས་བྱ་བ་ནི། རྒྱུ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལའོ། །སྦྱར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ནོ། །བདག་ཆེན་ཞེས་བྱ་བ་ནི། རང་དང་གཞན་གྱི་དོན་བྱེད་པའོ། ། ་ཤེས་རབ་གསལ་བའི་གཟུགས་ཅན་མ་ཞེས་བྱ་བ་ནི། ཤེས་རབ་ལྟ་བུར་གསལ་བར་བྱེད་པ་དང། སྣང་བར་བྱེད་པ་ནི་ཤེས་རབ་གསལ་བའི་གཟུགས་ཅན་མ་སྟེ་དངོས་པོའོ། །རྣམ་པར་མི་རྟོག་སེམས་ཀྱི་ཞེས་བྱ་བ་དང། སྦྱར་ཞེས་བྱ་བའི་བྱ་བར་འབྲེལ་ཏོ། །དོགས ་པ་མེད་ཅེས་བྱ་བ་ནི་འཇིགས་པ་མེད་པའོ། །སྤྱོད་པ་ནི་རྣམ་པར་གནས་པའོ། །དེ་བས་ན་ཀུན་ཏུ་སྤྱོད་པ་ནི་གང་ཞིག་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གནས་པ་དེ་ནི་དཀའ་ཐུབ་བོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་སྟོང་པ་དང་སྙིང་རྗེའི་བདག་ཉིད་ཅན་གྱི་སེམས་སོ། །མེད་གཞན་དག ་ཏུ་མི་འཕོན་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། དེ་ནི་ངེས་པར་དཀའ་ཐུབ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཆེན་པོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། མཆོག་ཏུ་ཟག་པ་མེད་པའི་བདེ་བའི་རང་བཞིན་ནོ། །དེ་རབ་ཏུ་སྦྱིན་ནོ་ཞེས་བྱ་བ་ནི། །དེ་དེ་ལྟ་བུའི་དཀའ་ཐུབ་སྟེ། ཐབས་དང་ཤེས ་རབ་ཀྱི་བདག་ཉིད་ཅན་གྱི་སེམས་ངེས་པ་ཁོ་ནར་དཀའ་ཐུབ་ཅེས་བྱ་བར་དགོངས་སོ། །བརྩོན་འགྲུས་ཀྱིས་བྱང་ཆུབ་པོ་ཞེས་རྒྱས་པར་བསྟན་པའི་ཕྱིར། རྣལ་འབྱོར་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་པ་ཅན་ཞེས་བྱ་བ་ནི་བྱང་ཆུབ་ཏུ་བྱས་པའི་བརྩོན་འགྲུས་རྣམས་ཀྱིའོ། །རྣམ ་པར་མི་རྟོག་རྗེས་འགྲོ་བའི་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ལས་བྱུང་བའི་རྣམ་པར་རྟོག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་བས་ན་དངོས་པོའི་ཆའི་རྗེས་སུ་འགྲོ་ཞིང་འདྲ་བའི་དང་ཚུལ་གང་ལ་ཡོད་དེ་དེ་ལྟ་བུའོ། །དེ་རྣམས་ཀྱི་དེ་ལྟར་གྱུར་པ་ནི་རྣལ་འབྱོར་པ་རྣམས་ཀྱིའོ། །ཀུན་ཅེས་བྱ་བ་ནི ་ཕུང་པོ་ལ་སོགས་པ་རྣམས་སོ། །འབྱུང་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ། དོན་དམ་པའི་ངོ་བོ་ཅན་ཞེས་བྱ་བ་ཇི་སྙེད་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཤེས་རབ་ཅེས་བྱ་བ་ནི་སྟོང་པ་ཉིད་དོ། །དེའི་ཕ་རོལ་ནི་མཐར་ཐུག་པ་སྟེ། རང་བཞིན་མེད་པ་ལ་སོགས་པའི་ངོ་བོའོ། །ཕྱིན ་པ་ནི་སོན་པའོ། །ཡང་ན་ཕ་རོལ་གྱི་སྒྲས་ནི་སྙོམས་པར་འཇུག་པར་ཤེས་པར་བྱ་སྟེ། འདི་ཉིད་ནི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །ཤེས་རབ་མེ་ལོང་ལྟ་བུ་ཞེས་བྱ་བ་ནི། ཤེས་རབ་ཀྱི་མེ་ལོངས་ལ་གསལ་བར་བྱེད་པ་ནི་ཤེས་རབ་ཀྱི་མེ་ལོང་ལྟ་བུ་སྟེ་ཐམས་ཅད་ངོ། །དེའི ་རྣམ་པ་འདུས་བྱས་ཉིད་ཅེས་བྱ་བ་ནི། རྒྱུ་དང་རྐྱེན་གྱིས་ཡང་དག་པར་བྱུང་བར་བྱེད་པ་ནི་འདུས་བྱས་ཏེ། དེ་ཡང་དེའི་རྣམ་པའོ།། ཤེས་རབ་ཀྱི་རྣམ་པ་ཀུན་རྫོབ་དང་དོན་དམ་པ་དག་མི་ཕྱེད་པའི་ཕྱིར། དེ་ལྟར་ནི་དེ་ནི་ཤེས་རབ་ཀྱིས་བྱེད་བ་སྟེ། དཔྱད་པས་ཀུན་རྫོབ་ཀྱིས་གསལ་བར་བྱེད་པར་འགྱུར་རོ། །གང་གིས ་དེ་ངའི་རྣམ་པ་ཐམས་ཅད་དུ་འདུས་བྱས་པ་ནི་གང་གིས་མཐོང་བ་ཞེས་པའི་བྱ་བ་དགོད་པའོ། །དེ་རྣམས་ཀྱི་ཤེས་རབ་ནི་ཐོས་པ་དང་བསམས་པ་དང་བསྒོམ་པ་ལས་བྱུང་བ་སྟེ། བློའི་དབང་དོན?་ཇི་ལྟ་པ་བཞིན་དུ་རྟོགས་པའོ།། གང་དག་གི་རྣམ་པར་མི་རྟོག་པའི་རང་གི་ངོ་བོ་སེམས་དེ་ནི་དེ་ལྟ་བུའོ། །དོན ་ཇི་ལྟ་བ་བཞིན་དུ་ཤེས་ནས་བློས་བཙལ་བས་ཐབས་ཀྱིས་ཇི་ལྟ་བའི་དོན་རྙེད་པར་འགྱུར་རོ། །དེས་ན་ཡང་བློ་དང་ལྡན་པའི་སྒྲུབ་པ་པོས་ཐམས་ཅད་སྒྲུབ་པར་ནུས་སོ་ཞེས་བྱ་པར་དགོངས་སོ། །ཀུན་རྫོབ་དང་དོན་དམ་བ་དག་?་བྱད?་བར་རྟོགས་པ་ཁོ་ནར་དཔེས་བསྟན་པར་བྱ་བའི་ཕྱིར་མེ་ལོང་ཞེས་བྱ་བ་ལ ་སོགས་པ་ནི་འདིའི་དོན་ནི་གོང་ཉིད་དུ་རྟོགས་བའི་ཕྱིར་རོ། །འདི་ལྟར་ཡང་བརྫུན་པའི་ཆ་ལ་སོགས་པའི་གླང་པོ་དང་རྟ་ལ་སོགས་པའི་སྒྱུ་མ་ལ་སོགས་བས་གང་དམིགས་པ་དེ་དོན་དམ་པ་བ་མ་ཡིན་ནོ། །ཆུ་བུར་ཞེས་བྱ་བ་ནི་མི་རྟག་པའི་དཔེར་བྱས་པའོ། །སྒྱུ་མ་ཞེས་བྱ་བ་ནི་བརྫུན་པའི་ཆ་ལ ་སོགས་པ་སྟེ་།གླང་པོ་དང་རྟ་ལ་སོགས་པའོ། །ལྟར་ཞེས་བྱ་བའི་སྒྲས་ནི་སོ་སོ་སྟེ། དེ་བས་ན་མེ་ལོང་གི་གཟུགས་བརྙན་ལ་སོགས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །མིག་འཕྲུལ་འདྲ་བ་ཞེས་བྱ་བ་འདི་ནི་དེ་ལྟ་བུའོ། འགྲོ་གཙོ་ཞེས་བྱ་བ་ནི་གང་གིས་འགྲོ་བ་དེ་ལྟར་མཐོང་བ་དེ་ནི་འགྲོ་བའི་གཙོ་བོ་སྟེ། ་ཇི་ལྟར་དོན་ཤེས་བས་རབ་ཏུ་བྱུང་ཞེས་བྱ་བའི་དོན་ཏོ། །རྣམ་སྨིན་ཞེས་བྱ་བ་ནི། ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་གཞིར་གྱུར་བ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །ཉིད་ཅེས་བྱ་བ་ནི་འདྲ་བའི་དོན་ཏེ་སོ་སོར་མངོན་པར་སྦྱར་རོ། །དེས་ན་གློག་འདྲ་བ་ཞེས་བྱ་བ་ནི་མི་རྟག་པས་སོ། །དྲི་ཟའི ་གྲོང་ཁྱེར་འདྲ་བ་དང། རྣམ་པར་སྨིན་པ་ལྟ་བུ་ནི་ལྟར་འབྲས་པུ་དང་རྒྱུའི་རྣམ་པའི་དངོས་པོ་དང་བྲལ་བའི་དོན་དམ་པར་འདུས་མ་བྱས་པ་སྟེ། ཇི་ལྟར་དོན་དམ་པ་ལས་རྒྱུའི་རྐྱེན་གྱིས་འབྱུང་བར་བྱེད་པ་ནི། འདུས་བྱས་ཀྱི་གཟུགས་སུ་བྱེད་པ་ཡང་རྟོགས་པར་འགྱུར་རོ། །གཞན་དུ་ན་ཡང་གཅིག་ ་ལ་སོགས་པའི་ངོ་བོ་དོན་དམ་པ་ཞེས་བྱ་བར་དགོངས་སོ། །དེ་ལྟར་གང་གིས་མཐོང་བ་ནི་འགྲོ་བ་དེའིའོ། ཤེས་རབ་དབང་གིས་ཞེས་བྱ་བ་ནི། ཐོས་པ་ལ་སོགས་པའི་དངོས་པོའོ། །རང་ཀྱི་སྒྲས་ནི་རབ་ཆའི་རྣམ་པའི་དོན་ཏོ། །དེས་ན་ཞེས་བྱ་བ་ལ་སོགས་བཞི་བསྡུ་བ་གསུངས་པའི ་གང་དུ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱིའོ། །མངོན་པར་ཞེན་པ་ནི་སྐབས་སོ། །འགྱུར་བ་ཞེས་བྱ་བ་ནི་ཡོད་པའོ། །གལ་ཏེ་རང་བཞིན་མེད་པའི་དངོས་པོ་ཁོ་ན་ཡིན་ན་འདི་རྣམས་ཀྱིས་དོན་གྱི་བྱ་བ་མ་བྱེད་དོ་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་ན་ཡང་འདི་འབྱུངས་སོ། ་དེ་ཉིད་ཀྱི་དོན་གསུངས་པའང་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ། འང་གི་སྒྲས་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ངོ་བོ་རྣམས་ཀྱིས་སོ། །ཁྱད་འཕགས་ལོངས་སྤྱོད་རྫོགས་པ་སྐྱེས་ཞེས་བྱ་བ་ནི། ལས་དང་ཉོན་མོངས་པ་རྣམས་ཀྱིས་ཁྱད་པར་དུ་བྱས་ཤིང་ཁྱད ་པར་དུ་འཕགས་པའི་སེམས་ཅན་རྣམས་ཏེ་དེ་རྣམས་ཀྱིས་སོ། །སྐྱེས་ཞེས་བྱ་བ་ནི་ལོངས་སྤྱོད་པའི་དོན་ཏོ། དེ་ཡང་འདིར་སྐྱེས་ཞེས་བྱ་བའི་ལྷག་མ་ནི་གཞན་གྱི་མཐར་ཚིག་ཕྲད། སྐྱེས་བ་ནི་དོན་དམ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྐྱེས་ཤེ་ན། བདེ་བ་ལ་སོགས་པ་གསུངས་སོ། བདེ་བས་ཡོངས་སུ་གྱུར ་པ་ནི་འགྲོང་མགྲོན་དུ་གཉེར་བ་སྟེ། དེས་བདེ་བ་ཆེན་པོའི་རྣམ་པ་ཁྱད་པར་དུ་འཕག་པའི་ལོངས་སྤྱོད་རྫོགས་པའོ། ཅིའང་ཁྱད་པར་འཕགས་པའི་འབྲས་བུ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་རྣམ་པ་སྟེ། འདི་ཉིད་ཀྱིས་ནི་འདི་གསུངས་སོ། །གལ་ཏེ་ཕུང་པོ་ལ་སོགས་པ་སྙིང་པོ་མེད་པ་འདི་རྣམས་ཀྱིས། ་གཞན་ཀྱི་དོན་དང་རང་གི་དོན་གྱི་སྙིང་པོ་འཐོབ་པོ། །དེའི་ཚེན?་ཅིས་མི་འདོད་ཅེས་བྱ་བ་ནི་འདོད་པར་འགྱུར་བའང་ཉིད་དོ། ཡང་ན་ཁྱད་འཕགས་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་ནི་འདུ་བྱེད་བ་སྟེ་དེས་སོ། །སྐྱེས་ཞེས་བྱ་བ་ནི། སྐྱེས་པའི་འབྲས་བུ་སྟེ་དེ་ཡང་ཁྱད་པར་དུ་འཕགས་པའོ། །ཇི་ལྟར ་ཞེན་བདེ་བ་ཡོངས་སུ་གྱུར་པ་ཡིས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་རྣམ་པར་མ་དག་པ་ནི་སྡུག་བསྔལ་གྱི་རང་བཞིན་ཁོ་ན་སྟེ། ཕུང་པོ་ནི་སྡུག་བསྔལ་གྱིས་འཁོར་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་བདག་མེད་པས་རྣམ་པར་དག་པས་ལྷའི་གཟུགས་ཅན་རྣམས་ཀྱང་བདེ་བ་ཆེན་པོས་རབ ་དང་གཞན་དག་གི་དོན་བསྐྱེད་པར་ཡང་ནུས་པ་ཁོ་ནའོ། །མངོན་པར་འདུ་བྱེད་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་འབྲས་བུའི་དངོས་པོ་སྐྱེ་བར་འགྱུར་ཏེ་།གང་ཞིག་འོ་མ་སོགས་པས་བཅུས་པའི་རྒྱུད་པོ་ལ་སོགས་པའི་འབྲས་བུ་མངར་བོར་སྐྱེ་བར་འགྱུར་རོ། །ལྷག་མ་ནི་གོང?་མ་བཞིན་ནོ། །འདི་རྣམས་ཀྱི་སྙིང? ་པོ་མེད་པ་ཉིད་ཅིའི་ཕྱིར་ཞེ་ན། མེད་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་འདིར་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་ཤེས་པར་བྱ་སྟེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་ལས། སྡུག་བསྔལ་ཉིད་འཁོར་པར་སྒྲུབ་པར་བྱེད་པ་དེ་ཉིད་བདག་མེད་པ་ཁྱད་པར་? ་པས། བདེ་བ་ཁྱད་པར་དུ་འཕགས་པའི་འབྲས་བུ་སྐྱེད་པར་བྱེད་པ་ལ་ཉེས་པ་ཅི་ཡོད། བདེ་བ་ཞེས་བྱ་བ་ནི་ལུས་ཅན་གྱི་བདེ་བའོ། །ཡིད་བཟངས་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བ་སྟེ་ཡུལ་རྣམ་པར་དག་པའོ། །ལྟའི་རྣམ་པ་བསྒོམས་པས་བདེ་བ་སྐྱེ་བར་འགྱུར་ཏེ། བླ་མེད་འབྲས་བུ་ཐོབ་པ་ལ་།རྒྱུ་ཞེས་བྱ་བ་རྒྱན་འགྱུར ་བའོ་།བཅོམ་ལྡན་འདས་ལྷ་མོ་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་མ་ལྷ་མོའོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའོ། །གང་ཞིག་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་འགྲོ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན་གྱི་ཕྱིར། །དེ་ནི་དེ་ལྟ་བུའི་ཀུན་ཏུ་འགྲོ་བ་ནི་རྡོ་རྗེ་? ་བའི?་སྐུའོ། །མཆོད་པར་བྱ་པ་ནི་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་ཀྱིས་མངོན་སུམ་དུ་བྱེད་པའོ། །བདེ་བས་བདེ་ཉིད་སྒྲུབ་ཅིང། དེ་ལས་མ་གཏོགས་པའི་སྡུག་བསྔལ་གྱིས་སྡུག་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྡུག་བྱེད་ནི་དཀའ་ཐུབ་ལྔ་ལ་སོགས་པ་རྣམས་ཀྱིས་སོ། །བརྟུལ་ཞུགས ་ནི་ཟས་ཀྱི་ངེས་པ་རྣམས་ཀྱི་སོ། །མི་བཟད?་?་རྣམ་ཀྱི?་སོ། །ལུས་ནི་སྐུའོ། །བསྐམས་པ་ནི་ལུས་ཅན་རྣམས་ཀྱི་སྡུག་བསྔལ་རྙེད་བ་ཞེས་བྱ་བ་བར་དགོངས་སོ། །ལུས་སྡུག་བསྔལ་བ་ལས་ཡིད་སྡུག་བསྔལ་བར་འགྱུར་ཏེ་།དེང་སང་དགྲུགས་པས་དོན་ཇི་ལྟར་ཡོངས་སུ ་ཡེ་ཤེས་པས་དོན་གྱི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །རྗེས་སུ་འགྲོ་བའི་སྒོ་ནས་ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་དང་ལུས་བརྟན་པའི་ཕྱིར་བདེ་བ་ཐམས་ཅད་བརྟན་པ་ཡིན་ནོ། སྡུག་བསྔལ་གྱིས་ནི་གཡོ་བ་འབྱུང་ཞེས་བྱ་བ་ནི། བརྩམས་པས་ཉམས་པར་འགྱུར་རོ། །དེ་ཡང ་ཅི་ཞེན་གསུངས་པ། འགོག་པའི་འབྲས་བུ་རྙེད་བར་འགྱུར། །ལུས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུས་མིན་འཆིང་ན་ཞེས་བྱ་བ་ནི། ཐབས་མེད་བས་འབྲས་བུ་ཆོལ་བའི་ཕྱིར་དམ་བའི་ཆོས་ལ་སྨད་དེ། དེ་བས་ན་དུས་མ་ཡིན་པ་ནི་འཆོ་བམ་རྫོགས་པར་རོ། །ཤིན ་དམྱལ་བར་འཆོད་པར་འགྱུར་ཏེ། ངེས་པ་ནི་ཐེ་ཚོམ་མེད་པའོ། །མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་ཞེས་བཤད་པའོ། །འོ་ཞེས་བྱ་བ་ནི། ལེའུ་ཡོངས་སུ་རྫོགས་པའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ནི་རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ཅན་ནོ། །མཆོག་གི་དེ་ཁོ་ན ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་འོ?། །གཟིགས་པ་ཞེས་བྱ་བ་ནི་ངེས་བའོ། །དབུལ?་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་བ་རྣམས་ལའོ། །འཇུག་པ་ནི་འཇུག་པར་སྤྱོད་པའོ། །དེའི་ཡེ་ཤེས་ནི་རྟོགས་བའོ། །དེ་དག་གི་རྗོད་པར་བྱེད་པ་བོ་སྟེ། ལེའུ་ནི་གསུང?་དུམ་བུར་བཅད་པའོ། །དེའང་དང་པོའོ། ། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་སྟེ་ལེའུ་དང་པོའོ།། །དེ་ནས་ཞེས་བྱ་བ་ནི། མཆོག་གི་དེ་ཁོ་ན་གཟིགས་ལ་ཕུལ་ལ་འཇུག་པའི་ཡེ་ཤེས་ཀྱི་དེམ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ཕྱི་དང ་?་?་བག་མཆད་པའི་འཐལ་པོ?། །སྐུ་དང་གསུང་དང་ཐུགས་ཀྱིས་ཀུན་ནས་བསླང་བའི་བསང་མཆོག་རྣམས་ཀྱིས་ས་ལ་གཏུགས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཅེས་ཞེས་བྱ་བ་ནི། འཆད་པར་འགྱུར་བའོ། །གསོལ་ཏོ་ཞེས་བྱ་བ་ནི་ཞུས་པའོ། ། ་གསོལ་བའི་སྒྲས་ནི་མི་ཟད་པའི་བྱ་བའི་?་ཚིག་གོ་།གཅིག་དང་གཉིས་དང་མང་བོ་རྣམས་སུ་བལྟ་བར་བྱ་སྟེ། མིན?་པ་ནི་དུ་མའི་དོན་གྱི་ཕྱིར་རོ། །དཔེར་ན་པྲ་སའི་སྒྲ་ནི་གཞན་ལ་དང། འདི་ལ་དང་འདིར་ཞེས་བྱ་བའི་དོན་དུ་སྤྱོད་པའོ་།བཅོམ་ལྡན་འདས་མས་ཞུས་པ་ནི། བཤད་དུ ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་ཅེས་བྱ་བ་ནི་གུས་ལ་སོགས་བས་སྨོད་པར་བྱེད་བའོ། །དེའང་གདུག་པ་ཐམས་ཅད་དེ་དུ་རྣམས་རབ་ཏུ་དབྱེ་བས་བཅོམ་ཞིང་གདུག་པ་ཐམས་ཅད་?་འཇོམས་པ་ནི། ཧེ་རུ་ཀ་སྟེ་དེའི་སྙིང་པོའི་སྔགས་སོ། །ལུང?་ལས ་སྙིང་པོའི་སྔགས་ཞེས་གསུངས་སོ། །གདུག་པ་ནི་ཞེས་གསུངས་སོ། །གང་ཤིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདུལ་བར་བྱེད་ཅེས་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་གསུམ་ནི་ལུས་ལ་སོགས་པའི་དབྱེ་བས་སོ། །ལྟུང་བར་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་?་?་ལྟན་པར?་སྟོང?་བྱེད་པ་དེ ་བྱ་བའི་དོན་ཏོ། །དེ་ནས་ཤེས་བྱ་བ་ནི་ཞུས་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ། །དབྱངས་ཞེས་བྱ་བ་ནི་གྲུའི་དོན་གྱི་སྔགས་གཟུང་ངོ་ཞེས་བྱ་བར་དགོངས་སོ། །དང་པོར་གོ་ཆའི་སྔགས་གསུངས་པ། ཨ ་མིདཋི?་ཨ་བཻ་རོ་ཨཎ་ཞེས་བྱ་བ་ནི་དང་བར་རྣམ་བར་སྣང?་མཛད་དེ་ཨོཾ་གྱི་རྣམ་པའོ། །ཏསུ་ཝརྒ?་ནེ་ཏྭཾ་ཨི་དེས་བྱ་བ་ནི། དེ་ལ་གང་ཞིག་སྡེ?་ཚན་གྱི་མཛའ་ཨི་ཡིག་འབྲུ་སྟེང་བར་ཏའི?་རྣམ་པའོ། །ཏཱ་ཨི་ཞེས་བྱ་བ་མི་དེ་ལ་སྡེ་ཚན་གྱི་མཛའ་ལ་སྟེ་དེར་ཞེས་བྱ་བའི་དོན་ཏོ། །ཏ་ཏ་པ་ཧ་ནྟེ་ཞེས་བྱ་བ་ལ་ཏ་ཧ ་ཞེས་བྱ་བ་ལཾ་ཏའི་སྡེ་ཚན་གྱི་དྷའོ། །པ་ཧ་ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་བྷའོ?། །ཏ་དང་པ་དག་གི་སྡེ་ཚན་དག་མཚོན་བར། དྷ་དང་བྷ་དང་གི་མཐར་གྱུར་པ་དག་གི་ན་དང་མདག་གོ་།འདིར་ཡང་སྔགས་ནི་འདི་གཉིས་སོ། །དེ་ལ་ཅི་ཞེ་ན། ས་བ་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་ས་ཝར་ཞེས་བྱ་བ་ནི། སའི་ཕ་རོལ་ཏེ་ཏའོ། །ཏི་ཨ་ས་ད་སི་ར་སི་བྷུ་སི་ཨོ་ཞེས་བྱ་བ་ནི་དབྱངས་ཀྱི་གསུམ་བས་སྤྱི་བོ་བརྒྱན་བ་ཞེས་བྱ་བའི་དོན་ཏོ། །ས་ཨཱ་ར་མནྟེ་ཞེས་བྱ་བ་ནི། སའི་རྣམ་པ་མཐར་ར། །དེ་ཡང་ལས་མཛ?་མ་ཎོ་ཞེས་བྱ་བ་ནི། ལ་དང་ས་དག་གི་དབུས་སུ་ཝའི ་ས་བོན་ནོ། །དེ་ཉིད་འདིའི་གདན་ཏེ་དེ་ནི་དེ་ལྟ་བུའོ། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། བེཎའཌཱི?་བཱ་ཎ་པ་རི་ཨོཾ་སེ་ཨོཾ་ཞེས་བྱ་བ་གསུངས་སོ། །བེཎྞི་ཞེས་བྱ་བ་ནི་གཉིས་པའོ། །བཱ་ཎ་ཞེས་བྱ་བ་ནི་སྒྲུའི་སྐད་དོ། །དབྱངས་ཀྱི་སྒྲས་ནི་གང་ཞིག་ཤ་དེའི་གོར་ས་བྲིས་པའོ། །སྭ་རའི་སྒྲ་ཡང ་གང་ཞིག་སའི་སྒྲ་དེའི་ཝ་ཕྱིས་ལས་འགོ?་།མིང་མཐུན་བའི་ཕྱིར། ས་རོ་དང་བཱཎ་ཞེས་བྱ་བ་ན་སྒྱུ་ཐབས་ཀྱིས་མིང་གི་རྣམ་གྲངས་ཏེ། དེ་བས་ན་དབྱངས་ཀྱི་གཉིས་པ་རིང་པའི་ཨ་ས་ཡོངས་སུ་མཉོས་པ་ནི། དེས་ནི་སྭའོ། །ཱ་ཨཱ་ར་བ་ར་བ་རི་ཨཾཊཊཱི?་ཨོཾ་ས་ཝ་རོ་ཞེ་བྱ་བ་ནི། དེས ་ན་ཧ་ཞེས་བྱ་བ་ནི། པུ་ནོ་པི་ས་པ་རོ་པཎྩ་བཱ་ཎཱ་ས་ཎོ་ཞེས་བྱ་བ་ནི། ཨུའི་སྟན་ཏོ། །བཎྜ་བདྡུ?་བིནདུ་སོ་བྷི་ཏ:ཞེས་བྱ་བ་ནི། དེས་ན་ཧཱུཾ་ཞེའོ། །ལ་ས་མཛཛ་ཊཋི་ཨི་བི་ཨོ་ཞེས་བྱ་བ་ནི། ལ་དང་ས་དག་གི་དབུས་སུ་གནས་པ་ནི་ཝའི་ས་བོན་ནོ། །དེ་ཧ་བྷ་ཎ་པ་རི། ་ཨོ་སི་ཨོ་ཞེས་བྱ་བ་ནི། མངའ་བཅུ་པ་སྟེ། ཨཽ་ངེས་ཡོངས་སུ་མཉེས་པ་ནི་དེས་ན་བཽ་ཞེས་བྱ་བའོ། །ས་ས་མཛཛཌཋ། ཨོཾ་ཞེས་བྱ་བ་ནི་ཤའི་གོངས་བྲིས་པ་སྟེ། རྐན་གྱི་ཤ་ཉིད་ས་ཞེས་བྱ་བ་ཡིན་ནོ། །དེ་བས་ན་འདིའི་དོན་ཏེ། ཤ་དང་སའི་དབུས་སུ་གནས་པ་ནི་ཥ། ་ཏི་ཨ་བ་ཨ་ཎོ་ཞེས་བྱ་བ་ནི། ཊ་སྟེ་རྒྱབ་ཏུ་ཞལ་གཉིས་དང། གཡས་པའི་ཞལ་གཅིག་ཅེས་བྱ་བ་ནི་ཞལ་གསུམ་པའོ། །བ་བ་ན་དི་ཨ་ཞེས་བྱ་བ་ནི། ཏ་སྟེ་སྔགས་བཏུ་བའི་འཁོར་ལོ་ལ་རླུང་གི་ཕྱོགས་སུ་དེའི་གནས་པའོ། །རུ་དྷ་ཨ་ཞེས་བྱ་བ་ནི། དབྱངས་ཀྱི་བཅུ་གཅིག ་པ་སྟེ། དེས་ཧེ་ཞེས་བྱ་བའོ། །ཧཱུཾ་ཧཱུཾ་ཞེས་བྱ་བ་ནི། རང་གི་གཟུགས་སུ་གནས་པའོ། །ཧལླེ་ཨི་ཞེས་བྱ་བ་ནི། ཧ་རྙེད་པ་སྟེ་དབྱངས་ཀྱི་དགུ་པས་སོ། །བ་རི་པུ་རི་ཨ་ཨི་ཞེས་བྱ་བ་ནི། ཡོངས་སུ་དགང་བ་སྟེ། དེས་ན་ཧོ་ཞེས་བྱ་བ་ཡིན་ནོ། །ཕ་ཎ་ཨ་ལ་ཨེ་པི་ཎྱ་ཞེས་བྱ ་བ་ནི་ཕཊ་རྙེད་པའོ། །སེ་ས་ཧ་བ་ཨ་པ་རི་པཱུ་རེ་ཨ་ཞེས་བྱ་བ་ནི། ལྷག་མ་ཏའི་ཚིག་རྐང་སྟེ། དེ་ཡང་ཡོངས་སུ་དག་པའོ། །ཅིའི་ཕྱིར་ཞེ་ན་གསུངས་བ། ཧའི་སྟེང་དུ་ཐིག་ལེ་སྟེ་དེས་ན་སྦྱར་བར་བྱ་ཞིང། འདིས་ནི་ཧཾ་ཞེས་བྱ་བ་གནས་པའོ། །དེ་ཡང་ལྷ་རྣམས་བསྐྱེད་ནས ་ཨོཾ་ཧ་ཞེས་བྱ་བ་འདིས་ནི་རྡོ་རྗེ་སེམས་དཔའ་སྟེ་སྙིང་ག་ལའོ། །ན་མ(རྒྱུད་འགྲེལ་ནི་རྡོ་རྗེ་ཉི་མ་སྟེ་མིག་གཉིས་ལའོ། །ཕཊ་ཧཾ་ཞེས་བྱ་བ་འདིས་ནི། རྟ་མཆོག་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །ོཾ་ཧ་ན་མ:ཧི་སྭཱཧཱ་ཧུ། བཽ་ཥ་ཊ་ཧེ་།ཧུཾ་ཧུཾ་ཧོ:ཕཊ་ཧཾ་སྭཱཧཱ་ཞེས་བྱ་བ་ནི་ཀུན་བསྡུས་པའི་བཟླས་པའོ། །འདིར་མན་ངག་གི་ལས་སྭཱཧཱ་སྟེ་། ་འདི་ནི་དཔའ་བ་དྲུག་གི་ཆོ་གའི་སྔགས་སོ། །པཉྩ?་མཛཛཊཋི་ཨོ་ཏཏྟོ་ཞེས་བྱ་བ་ནི། བ་སྟེ་ལྔ་པའི་སྡེ་ཚན་གྱི་དབུས་སུ་གནས་པའི་ཕྱིར་རོ། །ཏ་ཛོ་ཨེ་ཨི་ཞེས་བྱ་བ་ནི་མཚན་ཉིད་མཚོན་པ་སྟེ། །ཏ་ཞེས་བྱ་བ་ཡང་སྦྱར་བར་བྱ་སྟེ། འདི་ཉིད་ཀྱིས་དོགས་པར་བྱའོ། །ཕའི་གནས་སུ་འབྲི་བར་བྱ་དེ? ་སྐད་ཀྱི་ཕྱིར་རོ། །གཞུང་གོ་བས་ནི་ཡ་ཁོ་ན་གཟུང་ངོ། །སྦྱར་བ་ནི་ཚིག་རྐང་གི་དོན་ཏེ་རབ་ཏུ་གྲགས་པའི་ཕྱིར་རོ། །དེ་ཡང་ཧ་ནི་རངས་པ་སྟེ། ཨའེ་ཨའི་ཞེས་བྱ་བ་ནི་འདི་དག་གོ་།ཧཱ་ཡོ་ཞེས་བྱ་བའི་སྒྲས་འདི་དག་ལ་རླུང་སྦྱོར་རོ་ཞེས་བྱ་བར་དགོངས་སོ། །དྲིས་པ་ཏཱ?་ཡོ་ཞེས་བྱ་བའི་སྒྲ་འདི?་དག ་ཏུ་འགྱུར་བ་ནི་ཅིའི་ཕྱིར་མ་ཡིན་ཞིང་། ཅིའི་མཚན་ཉིད་མཚོན་པ་ཡིན་ཞེ་ན། བདེན་བར་སྦྱར་བ་ནི་མཚན་ཉིད་ཀྱི་ཡའི་རྣམ་པའི་ཕྱིར། མཚོན་པའི་ཡང་?་རྣམ་པར་གྲུབ་པའི་ཕྱིར་རོ། །གལ་ཏེ་ཡང་མན་ངག་ལས་དེ་བཞིན་དུ་བཟང་པོ་རྟོགས་པར་འགྱུར་རོ། །ས་བོ་རོ་ར་བཎྞ་དུ་ཌཧོ་ཡི ་ས་ར་སི་ར་ཨཾནྟི?་ཨོ་ཞེས་བྱ་བ་ནི་ཧཱིའོ། །པུ་ཎོ་པི་པ་པནདོ?་ཞེས་བྱ་བ་ནི་མའོ། །ནབ་སར་ཞེས་བྱ་བ་ནི། དག་པའི་དབྱངས་ནི་དགུའི་དབྱངས་ཏེ། མའི་རྣམ་པ་ཕྱིས་པའོ། །དེ་ནི་ཨོའི་རྣམ་པ་སྟེ། དེ་ཡང་མོ་ཞེས་བྱ་བའོ། །སོ་ཞེས་བྱ་བ་ནི། འདིའོ།། སར?་བ་ར་བཎྞ་དུ་དྷོ་ཨེ་ཨཱ་རཀ་ཎཊ་བྷ་ར་ཎོ ་ཞེས་བྱ་བ་ནི་ཧྲེའོ། །ི་ཨ་ར་ཞེས་བྱ་བ་ལ་སོགས་བ་ནི་གོ་སླའོ། །དེ་ཡང་ཧཱི་འོ། པུ་ཎོ་པི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་ལ་ཧཱུཾ་ཞེས་པའོ། །བུ་ཎོ་བི་ས་ཏ?་ལ་ཏཏྟ་ཝ་རི་ཞེས་བྱ་བ་ནི་ཧཱུཾ་ངོ། །ཕར་ཎ་ཨརའི་བྷུས་ཎོ་སེ་སོ་ཞེས་བྱ་བ་ནི། སྔགས་ཀྱི་ལྟག་མ་སྟེ་མགོ་ཁོ་ན་རིན་པོ་ཆེན་མགོ ་རིན་པོ་ཆེ་སྟེ་གསལ་བར་བྱེད་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །པི་བི་དྷ་བ་ཨ་ཝར་ཞེས་བྱ་བ་ནི་རྗེས་ཀྱི་དབྱངས་ཀྱི་གཟུགས་ཅན་ནོ། །གང་ཞིག་མེད་བ་རྣམ་པ་སྣ་ཚོགས་པར་དེ་རྣམས་ནི་དེ་ལྟ་བུའོ། །དཔེ་མེད་པ་ཞེས་བྱ་བའི་དོན་ཏེ། །ངེས་དེ་ཡང་ཡོངས་སུ་གང་བའོ། །ཇི་ལྟར་ཞེ་ན ་བི?་ཧ་ཎ་ཞེས་བྱ་བ་ནི་ཚོགས་ཕཊ་གཉིས་དང། ཟླ་བ་ཕྱང་བ་དང། རྣམ་པར་སྣང་མཛད་ཀྱིས་སོར་སྦྱར་རོ། །སྔགས་ཀྱི་སོ་སོའི་ཚ་ནི་དེ་ཡང་ཨོཾ་བ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ། །ོཾ་ཧཾ་ཨོཾ་ནི་འགྲོ་བྱེད་མ་སྟེ་སྙིང་ལའོ། །ོཾ་ཧྲཾ་མོ་ནི་རྨོངས་བྱེད་མ་སྟེ་ཁ་ལའོ། །ོཾ་ཧྲིཾ་ཧྲི་ནི་བསྐྱོང་བྱེད ་མ་སྟེ་སྤྱི་བོ་དོ། །ོཾ་ཧཱུཾ་ཧཱུཾ་ནི་སྐྲག་བྱེད་མ་སྟེ་སྤྱི་གཙུག་ཏུའོ། །ོཾ་ཕཊ་ཕཊ་གཏུམ་མོ་སྒྱུ་མ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །ོཾ་བཥཌཱི?་ཨོཾ་ཧཱི་མིཏ?་ཧྲི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་བྱ་བ་སྟེ་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་སོ། །དྲུག་ཅེས་བྱ་བ་ལ་སོགས་པ་ནི ་དཔའ་བོ་དྲུག་གོ་།དྲུག་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི་འདུས་པའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་རྨོངས་བྱེད་མ་ལ་སོགས་པ་སྟེ། དེ་རྣམས་དེང་དེ་རྣམས་ཀྱིའོ། །དྲི་བ་ནི་སྤྲུལ་པའོ། །སྡོམ་པ་ཞེས་བྱ་བ་ནི་སྡོམ་པར་བྱེད་པའི་ཕྱིར་དེ་ལྟ་བུ་སྟེ་སྟོན་པ་པོའོ། །སྔགས་གཉིས་ལ་སེམས ་རྩེ་གཅིག་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་རེ་ཞིག་དཔའ་བོ་དྲུག་གི་ག་ཆའི་སྔོགས་དེ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་བཟླས་པར་བྱའོ། །རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ནི། རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱིས་སོ། །དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང ་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་བོ། །དེའི་སྟེང་དུ་སྣ་ཚོགས་?་སྣ་ཚོགས་རྡོ་རྗེ་དང། །རྡོ་རྗེའི་ར་བ་དང། གུར་དང་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་པདྨར་བཅས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་ཁང་པ་བརྩེགས? ་མའི་ནང་དུ་སྣ་ཚོགས་པདྨའི་ཇི་འབྲུལ་ཉི་མའི་སྟེང་དུ་སྒྲུབ་ཐབས་ཀྱི་རིམ་བས། །ཱ་ལི་ཀཱ་ལི་རྣལ་འབྱོར་གྱི་མཐར་ཟླ་བ་གཉིས་བསྒོམ་པར་བྱའོ་ཧཱུཾ་ལས་བྱུང་བ་ཞེས་བྱ་བ་གསུངས་ཏེ། ཧཱུཾ་ལས་བྱུང་བ་ནི། སྣ་ཚོགས་རྡོ་རྗེ་ཞེས་བྱ་བར་བལྟ་བར་བྱའོ། །གང་རུ་ཞེན་གསུངས་པ། ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་རྡོ་རྗེ་སྟེ། དེར་ཧཱུཾ་ལས་སྐྱེས་བ་སྣ་ཚོགས་རྡོ་རྗེ་ལ། ཧཱུཾ་གི་དེ་ཁོ་ན་བསྒོམ་པར་བྱ་ཞིང་རྡོ་རྗེའི?་བ་ལ་སོགས་པའང་སྒོམ་པར་བྱའོ། །ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཞེས་བྱ་བར་བརྙེགས་སོ། །ངེས ་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་ཏོ། །དེའི་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་?་བསྒོམ་པར་བྱའོ། །ཧཱུཾ་ལས་མཁའ་འགྲོ་མའི་ཚོགས་སྤྲོ་བར་བྱའོ། །འོད་ཟེར་འབར་བ་དུམ་ཅན་ཞེས་བྱ་བ་ནི། འོད་ཟེར་འབར་བའི་གཟུགས་དུ་མ?་གཟུགས་སྤྲོ་བར་བྱའོ། །ཞེས་བྱ་བར་དགོངས་སོ། ་དེ་བས་ན་སྒྲུབས་ཐབས་ཀྱི་རིམ་པས་ཁད་བ་རྩེག་མའི་དབུས་སུ་ཧྲཱི:ལ་སོགས་པ་ལས་སྐྱེས་པའོ་རྗེ་ཕག་མོ་བསྒོམ་པར་བྱའོ། །དེ་ཉིད་ནི་ཕྱག་གཉིས་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །དེ་བསན་ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་མུཏཔཱད་ཡཱ་མི། ཨོཾ་ཏིཥྛ?་བརྫ། ཨོཾ་བཛྲ་ད?་ཀོ་ཧཾ། ཨོཾ་ཡ་ཐཱ ་སརྦ་ཏ་ཐཱ་གཏ་སྟ་ཐཱ་ཧཾ་ཞེས་མངོན་པར་བྱང་ཆུབ་པ་རྣཾ་པ་ལྔ་ལ་བརྙེགས་སོ། །གང་ལ་ཕྱག་གཉིས་པ་དེ་ནི་ཕྱག་གཉིས་པ་དང་ཞལ་གཅིག་བ་སྟེ། དེ་ནི་སྐྱེས་བུ་ལྟ་བུར་ཕྱག་གཉིས་པ་དང་ཞལ་གཅིག་བའོ། །མདུད་རྩེ་རྣམ་པ་ཞེས་བྱ་བ་ནི། སྐྱིལ་ཀྲུང་ཕྱེད་པས་གནས་བའི་ཕྱིར་རོ། །འཇིགS ་པའང་ཞེས་བྱ་བ་ནི་གང་གི་ཕྱིར་འཇིགས་པ་སྟེ། བདེ་བྱེད་ལ་སོགས་པའོ། །དེ་དག་ཀ་འཇིགས་པར་མཛད་མའོ། །ཕྱག་གྲི་གུག་དང་ཐོད་བར་ཡང་འགྲེལ་བར་ཡང་བསྒོམ་པར་བྱ་སྟེ། མཁའ་འགྲོ་མ་ལ་སོགས་པ། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་འཆད་པར་འགྱུར་བ་མན་ངག་ལས་དཀྱིལ ་འཁོར་བདེ་དག་བལྟ་བར་བྱའོ། །འདི་ལྟར་ཡང་རབ་གཏུམ་མ་ལ་སོགས་པ་དང་?་བྲལ་བའོ། །ཡན་ལག་ལ་དགོད་པ་ལ་སོགས་པ་གསུངས་པ་ནི་འཆད་པར་འགྱུར་བའི་རིམ་པས་བལྟ་བར་བྱའོ། །མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲུབ། །ཅེས་བྱ་བ ་ནི། རྡོ་རྗེ་ཕག་མོའི་སྒོམ་པ་པོ་ཡང་རྡོ་རྗེ་མཁའ་འགྲོ་ཡང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་མཁའ་འགྲོའི་སྔགས་གསུངས་པ། པུདྡཙཟི?་ཨཀམམཱནྟཾ། ཞེས་བྱ་བ་ནི། དང་པོ་ཁོ་ནའི་ཀའི་ཡིག་འབྲུའི་སྔགས་སོ། །མིའི་རྣམ་པ་གཉིས་དང་ཨའི་རྣམ་པའི་སྦྱོར་བ་ཡང་འདོད་རིས ་ནི་ཕྱིར་རོ། །ཅིར་འགྱུར་ཞེ་ན། བཧྣི?་ས་མ་ཞེས་གསུངས་སོ། །བཧྣི་ནི་ར་སྟེ་དང་མཉམ་པ་ཀའི་རྣམ་བ་ནི་སྔགས་ཏེ། དེ་བས་ན་ཀར་ཞེས་བྱ་བ་ཡིན་ཞིང། ཀར་ཞེས་བྱ་བ་ནི་སྔགས་སོ། །ཇི་ལྟ་བུ་ཞེ་ན། གསུངས་པ་བེཎྞི་བྷ་ཎི་ཨ་ཞེས་བྱ་བ་ནི་གཉིས་བཏོན་པ་སྟེ། གང་གི་ཀ་ར ་ཞེས་བྱ་བའི་སྔགས་དེའི་གཉིས་བཏོན་པ་ནི་ལན་གཉིས་བརྗོད་བར་བྱ་བའི་དོན་ཏོ། །འདིའི་དོན་གཞན་དུ་ཡང་གོ་བར་བྱ་སྟེ། སྔོན་གྱི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་མཐར་བྱེད་པ་དེའི་རང་གི་ངོ་བོ་མེད་དང་མཉམ་པ་ལན་གཉིས་གསུངས་པ། ཤིན་ཏུ་ཡང་ཞེས་བྱ་བའི་དོན ་ཏོ། འདི་ཉིད་ཀྱིས་བུ་?་ཞེས་བྱ་བ་ལ་སོགས་པ་ནི། ཀ་ར་ཀ་རའི་སྒྲ་འདིའི་བྱ་བའི་ཚིག་བུད་མེད་དེ་ཕྱག་རྒྱལ་སོགས་པ་ཐུན་མོང་པ་རྣམས་བསྐྱེད་ནས་དེ་ཉིད་ཀྱིས་ལས་རྣམས་མཐར་བྱེད་ཅིང། ལས་རྣམས་ཡང་དག་པར་སྦྱོར་བར་བྱེད་དོ། །དེ་ཡང་པུབ?་ཏསྩི་ཨ་ཀམ?་བཧྣི? ་ས་མཾ་བེཎྞི་བྷ་ཎི་ཨཾ། ཀ་ར་ཀ་ར་ཞེས་བྱ་བ་དེ་ལ་སྨད་བར་མི་བྱའོ། །དེ་ནི་ལས་ཞེས་བྱ་བའི་དོན་ཏེ། བཧྣི་ས་མ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་རྣམ་པར་སྨིན་པའི་ཕྱིར་རོ། །ཡང་ན་འདིར་ཀ་ར་ཀ་ར་ཞེས་བྱ་བའི་དོན་མི་སྦྱར་ཏེ། འདི་ལྟ་བུའི་ལས་འགལ་བ་ཞེས་བྱ་བ་རྟོགས་པར་བྱ་བ ་ཙམ་ཉིད་དོ། །ཀུ་རུ་ཀུ་རུ་སིདཏ?་བི་ཨོཾ་ཨཾ་ཞེས་བྱ་བ་ལ། སེམས་ཅན་ནི་བོད་པའོ། །བི་ཨོ་ཨེ?་ཞེས་བྱ་བ་ནི་སྦྱར་བ་དང་བྲལ་བའི། །ཀུ་རུ་ཀུ་རུ་ཞེས་བྱ་བ་ནི་གུས་པས་ལན་གཉིས་སུ་གསུངས་པའོ། །སྡུག་པ་དང་ལྷན་ཅིག་སྤངས་པར་ཤེས་པར་བྱའོ། །འདི་ནི་འདི་དག་གསུངས་བ ་སེམས་ཅན་ཁྱོད་ད་ནི་སྡུག་པ་འདི་དག་སྦྱོར་བ་དང་བྲལ་བར་མཛོད་ཅིག་མཛོད་ཅིག་ཅེས་བྱ་བ་སྟེ། དམ་པ་མ་ཡིན་པའི་ལས་བྱེད་པའི་དེའི་རྩ་པར་གྱུར་པའི་ཕྱིར་རོ། །སྔགས་བཏུ་བར་ཀུ་རུ་ཀུ་རུ་ཞེས་བྱ་བ་དེས་ཅི་བྱེད་ཅེན། ཡང་དོགས་པ་བསུ་ནས་སྨས་པ། ཀུ་རུ་ཀུ་རུ་ཞེས་བྱ ་བའི་ཚིག་རྐང་ཉིད་ཀྱི་མཚན་ཉིད་ཀྱི་མཚོན་པའི་ཕྱིར་རོ། །འདིའི་དོན་ཅི་ཞེ་ན་གསུངས་པ། སཏྟ་བི་ཨོཾ་ཨཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་བཞིན་པའི་སྦྱོར་བ་དང་བྲལ་བར་མཛོད་ཅིག་མཛོད་ཅིག་ཅེས་བྱ་བ་སྟེ། ཀུ་རུ་ཀུ་རུ་ཞེས་བྱ་བའི་སྔགས་ཀྱི་ཚིག་རྐང་གི་དོན་ཏོ། །བནདྷེ ་ཧི་ཛ་ཊ?་ཀུཌཱི་ལ་ཨུ་བ?་ཧི་ཞེས་བྱ་བ་ལ། །བན་དྷེ་ཧི་ནེ་བཅིང་བའོ། །དེ་ཅི་ཞེ་ན་གསུངས་པ། བ་ན་དྷེ་ཧི་ཞེས་བྱ་བ་ནི། ཀུན་ཏུ་བླངས་ནས་དམིགས་པས་བཅིང་པའི་ཆ་མན་ངག་ལས་སྦྱར་བར་བྱའོ། །བན་དྷེའི་སྔགས་ཀྱི་ཚིག་རྐང་གི་དོན་ཅི་ཞེན་གསུངས་པ། ཛ་ཏ་ཞེས་བྱ་བ་ལ ་སོགས་པ་ནི་?་པར་དམ?་མེད་སྟེ་བསྔགས་པས་མཛེས་བ་ཡང་སྒྲའོ། །དེ་ལྟ་བུའི་ཕྱིར་དེ་བཞིན་གཤེགས་བའི་རིགས་ཁྱིའང?་རལ་བ་མཛོས་བ་ཉིད་ནི་དེ་རྣམས་ཀྱི་ཀུན་རྫོབ་ཀྱིས་དོན་དམ་པར་གྱུར་པའི་ཕྱིར་སྟོན་པ་པོས་དོན་དམ་པའི་བདག་མེད་པའི་འཁོར་ལོར་མཛད་ནས་བཤད ་པའོ། །འདིར་གང་གི་མཛེས་པའི་རྩེ་མོ་ཁོ་ན་སྟེ་དེ་ཡང་འདི་ནི་སྨད་པའི་བསྟོང་པའོ། །རལ་པ་མཛེས་པ་ལྟ་བུའི་བསྡམས་པ་ཞེས་བྱ་བའི་བསྡུ་བ་ཇི་སྙེད་པའོ། །ུབབ་ཌཱཾ་ཞེས་བྱ་བ་ནི་གསལ་བ་སྟེ། ཇི་ལྟར་བྱ་བའི་ཁྱད་པར་ཀྱི་རལ་པ་ཡང་སྤྱི་བོར་གནས་པ་སྟེ། སངས་རྒྱས་ལ་གུས ་པས་སྤྱི་བོར་འཛིན་པའོ། །དེ་ཡང་འགལ་བར་མི་བྱའོ་སྙམ་པ་སྟེ། དེའི་ཚེ་དེ་བཞིན་བཤེགས་པ་རྣམས་བསྟེན་པར་བྱའོ། །ེ་ཨོ་པུ་ཎོ་པི་བྷ་ཎི་ཨབབཾ་ཞེས་བྱ་བ་ནི། བན་དྷེ་ཞེས་བྱ་བ་འདིའི་སྔགས་ཀྱི་ཚིག་རྐང་ཡང་གདོན་པར་བྱ་སྟེ། དེ་བས་ན་བནདྷ་བནདྷ་ཞེས་བྱ་བ་ཡིན་ནོ།། ་གང?་གི་ཚེ་དེ་བཞིན་གཤེགས་བ་ཕྱག་དང་ཞལ་གྱི་རྣམ་པའི་གཟུགས་ཅན་ཡིན་པ་དེའི་ཚེ་དེའི་རྗེས་སུ་འབྲང་བའི་ཕྱིར། འཁོར་བ་ཉིད་དོ་ཞེ་ན། ཨ་ལི་ཨཾ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྫུན་པ་ནི་བཟུང་བ་ལ་སོགས་པའི་ངོ་བོའོ?། །སྦྱིར་བརྗོད་པའོ། །དེ་ཅི་ཡིན ་ཞེ་ན་གསུངས་པ་ཏཱ་སི་ཨ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་ཡང་སྐྲག་པ་བསྐྱེད་པས་མི་དགའ་བའོ། །གང་དུ་ཞེ་ན་གསུངས་པ་རུ་ཨ་བིག་ཨེ་ཞེས་བྱ་བ་ལ། གཟུགས་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལའོ། །བྲལ་ཞེས་བྱ་བ་ནི་ཚད་མས་སུན་ཕྱུང་བས་འཇིག་རྟེན་པ ་སྐྲག་པ་གསལ་བའི་ཕྱིར་ཀུན་རྫོབ་བསྟན་པར་བྱའོ་ཞེས་བྱ་བར་དགོངས་སོ། །ེ་ཨཾ་ས་ཧ་བྷ་ཎི་ཨཾ་ཞེས་བྱ་བ་ནི། དངོས་པོ་དང་ལྷན་ཅིག་དངོས་པོ་དང་བཅས་པས་ཟུང་ལྟ་བུར་དེ་ཡིས་སོ། །ེ་ཨཾ་ཞེས་བྱ་བ་ནི་དེའི་ཚིག་རྐང་བཏོན་པའོ། །དེ་བས་ན་འདིའི་མན་ངག ་ལས་ཏཱ?་ས་ཡ་ཏྲཱ་ས་ཡ་ཞེས་བྱ་བ་སྟེ། དོན་དམ་པ་འབའ་ཞིག་གིས་འཇིག་རྟེན་པ་སྐྲག་པར་བྱེད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་ཨ་ལི་ཨཾ་ཞེས་བྱ་བ་ནི། ཨ་ལི་ཀ་ལི་ནི་ཕྱུགས་སུ་བརྗོད་པས་སྟེ་དེ་ཡང་བྱོལ་སོང་དང་ཆོས་མཐུན་པའི་ཕྱིར་དང། མི་ཤེས་པའི་ཕྱིར ་འཇིག་རྟེན་པ་ཁོ་ན་གྱོལ?་སོངས་སོ། །གཞན་ནི་གོང་མ་བཞིན་ནོ། །ཀ་སཱ་ཀྵ་ཞེས་བྱ་བ་ནི། ས་ལ་ཥའི་རྣམ་པ་བྲིས་པའོ། །གང་དུ་ཡི་གེ་ལ་ཀ་དང་ཥ་སྟེ་དེ་དག་བཤད་པར་བྱའོ། །དེ་ནི་ཀ་ཥ་ཞེས་བྱ་བར་རྟོགས་པར་བྱ་སྟེ། དེ་དག་འདུས་པ་ལ་ཀྵ་ཞེས་བྱ་བའི་དོན་ཏོ། ། ་དེ་ཡང་དབྱངས་ཀྱི་ཨོ་དང་ལྡན་པ་སྟེ། དེ་ནི་ཀྵོ་ཞེས་བྱ་བ་ཡིན་ནོ། །གདོན་པའི་དོན་དུ་ཐམས་ཅད་ལ་ཨ་སྦྱིན་པར་བྱ་སྟེ། དོན་དམ་པར་ཕྱེད་པ་ཁོ་ན་གཟུང་ངོ། །དེ་ལྟ་བུ་ཞེ་ན། བྷ་ཡ་ཞེས་གསུངས་སོ། །དེ་ནས་བྷ་ཡའི་སྒྲ་སྦྱར་བར་བྱའོ། །དེ་བས་ན་ཀྵོ་བྷ ་ཡ་ཞེས་བྱ་བ་ཡིན་ནོ། །པཱ་སཊཋི་ཨཾ་ཨཾ་ས་བྷ་ཎི་ཨབབཾ་ཞེས་བྱ་བ་ནི། འདི་ལྟ་བུ་ཉིད་ཀྱི་ཚིག་རྐང། ཀྵོ་བྷ་ཡའི་སྒྲའི་ངོས་སུ་གནས་པའོ། །གདོན་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །དེ་བས་ན་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཞེས་བྱ་བའི་སྔགས་སོ། །མཚན་ཉིད་དང་མཚོན་པ་དག་གིས་གཞན ་དུ་རྟོགས་པར་བྱ་བའི་ཕྱིར། ཀ་ཥ་ཀྵ་ཞེས་བྱ་བ་ནི་བརྡར་ཏེ་བདར་རྡོའོ། །དེ་ལྟར་གང་གི་མཛེས་པ་ཞེས་བྱ་བ་དེའི་ཀུན་རྫོབ་ཀྱི་ངོ་བོ་དེ་ལ་ནི་དོན་དམ་པར་བཏགས་པའོ། །དེས་ཅིང་འགྱུར་ཞེ་ན། ཨོཾ་ཨ་ས་ར་སཾཊཋི་ཞེས་བྱ་བ་ནི་ཨོའི་རྣམ་པ་སྟེ། ཅི་ལྟར་ཆ་གཉིས་ཀྱིས་ཐབས་དང་ཤེས ་རབ་ཀྱི་བདག་ཉིད་ཅན་གྱི་ཕྱིར་རོ། ། ར་སཾ་ནི་ཉམས་སུ་མྱོང་བ་དང་བཅས་པའོ། །འདིར་ཡང་ཤེས་རབ་ཀྱི་ཆ་དང་ལྡན་པའོ། །འདི་ཉིད་ནི་བྷ་ཨ་པཱ་སཊཋི་ཨོཾ་ཞེས་བྱ་བ་གསུངས་སོ། །བྷ་ག་ཡིས་ཤེས་བྱ་བ་ནི། ཤེས་རབ་ཀྱི་བྷ་གའི་འོ། །དངོས་སུ་འདྲ་བས་གནས་པ་ནི་ཀུན ་རྫོབ་སྟེ་དཔྱད་པ་མི་བཟོད་པ་སྟོང་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་དང་དོན་དམ་པ་དག་མཚུངས་པའོ། །དོན་དམ་པར་གསེར་བརྟག་པ་ཙམ་ཁོ་ནས་ཀུན་རྫོབ་ཏུ་འདར་བའོ། །ཡང་ན་མཚན་མ་ནི་ཀཥ་ཞེས་བྱ་བའོ། །དེ་ལ་ཚད་མ་ཤེས་པས་འདར་བར་བྱེད་པ་དང་བྱུག་པར་བྱེད་པ་དང། ་དཔྱོད་པར་བྱེད་པ་ཞེས་བྱ་བ་ཇི་སྙེད་པའོ། །གསེར་གྱི་ཐུར་མས་ཟད་པ་ཁོ་ནས?་བདག་མེད་པའི་རི་མོ་ལ་ཚད་མས་བདར་རྡོར་བརྗོད་པ་སྟེ། རང་དང་དབྱེར་མེད་པའི་ངོ་བོར་རང་བཞིན་དག་པས་འཕེལ་ཞིང་ཀུན་རྫོབ་གསལ་བར་འགྱུར་རོ། །ཚད་མ་འབའ་ཤིག་མ་ཡིན ་པར་གསུངས་པ་ཨོཾ་ཨཱ་ར་ས་ར་ས་སཾ་ཞེས་བྱ་བ་ནི་འཇུག་པ་དང་དཔྱོད་པས་དད་པ་སྟེ་འདིར་ལུང་ལ་འཇུག་པའོ། །དེ་བས་ན་རོ་དང་བཅས་པ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །འདི་ཉིད་ཀྱི་ཕྱིར་ལྡན་པའོ། །བྷ་ཨ་པཱ་སཊཋི་ཨཾ་ཞེས་བྱ་བ་ནི། ཥྛི་བུ་དང་ཀྵི་བུས་རོ ་མེད་པར་འདིས་སྲིད་པའི་ཞགས་པ་འཇིག་པར་བྱེད་པ་ནི། སྲིད་པའི་ཞགས་པ་ཉིད་ཀ་ཥ་ཞེས་བྱ་སྟེ། ཨོའི་གོར་ཨེ་བྲིས་ཤིང་བརྗོད་པའོ། །ལྷག་མ་ནི་གོ་སླའོ། །དེ་བས་ན་གཟུང་བ་ལ་སོགས་པ་དངོས་སུ་ཕུང་པོ་ལ་སོགས་པའོ། །ཀྵོ་བྷ་ཡ་ནི་དགག་པའི་ཞེས་བྱ་བའི་སྔགས ་ཀྱི་དོན་ཏོ། །ར་བི་ཨཱ་ས་ན་ཞེས་བྱ་བ་ལ་སོགས་པ་ནི་ཧྲོཾ་ཧྲཾ་ཞེས་བྱ་བ་ཡིན་ནོ། །ཉིན་བྱེད་ཅེས་བྱ་བ་ནི་རེ་ཕ་སྟེ། ལྷག་མ་ནི་གོ་སླའོ། །དེ་བས་ན་ཧྲ:ཧྲ:ཞེས་བྱ་བ་ཡིན་ནོ། །གོང་དུ་གསུངས་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར། །ར་བི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་བཤད་པར་བྱའོ། །ར་བི་ཞེས་བྱ་བ་ནི་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་སྣང་བར་བྱེད་པའི་ཕྱིར་རོ། །དེ་ཡང་བསྟན་ཏེ་གང་གི་ཆ་ཆོས་ཀྱི་འབྱུང་གནས་སུ་གནས་པ་མི་མཐོང་བར་གྱུར་པ་དེའི་ཚེ། ས་བར་ཞེས་བྱ་བ་ནི། སའི་ཕ་རོལ་ཏེ་ལུས་ཐམས་ཅད ་འགེས་པའི་ཕྱིར་དེ་དང་མཉམ་པ་ཉིད་དེ། དེའང་བྱང་ཆུབ་ཀྱི་སེམས་སུ་བརྗོད་དོ། །ཅི་བྱེད་པ་ཡིན་ཞེ་ན། གསུངས་པ། ད་ཧ་ཞེས་བྱ་བ་ལ་སོགས་པ་ནི་བཅུ་སྟེ་དབང་པོ་ལྔ་པོ་རྣམས་དང་དོན་ལྔའོ། །པཱ་ཎ་ཞེས་བྱ་བ་ནི་ཕུང་པོ་ལྔ་དང་འབྱུང་བ་རྣམས་སོ། །ཁཎྜ་ནི་དབྱེ་བ་སྟེ་གཉིས ་ཉིད་དང་མང་པོ་ཉིད་དོ། །ིནདུ་ནི་གནས་ཀྱི་དོན་གཅིག་པུའོ། །དེ་ནི་དབང་པོ་དང་ཕུང་པོ་ལ་སོགས་པ་གཅིག་དང་གཉིས་དང་མང་པོ་ལ་སོགས་པའོ། །བིནདུ་ཏ་ཞེས་བྱ་བ་ནི་སྟོང་པ་ཉིད་དེ་དེས་ཡོངས་སུ་གང་བའོ། །ཐིག་ལེ་ནི་ཏ་ཞེས་བྱ་བའི་སྒྲ་ཕྱིས་པའོ། །གང་གི་ཚེ་རྡོ་རྗེའི་ནོར ་བུར་བྱང་ཆུབ་སེམས་སོན་པར་གྱུར་པ་དེའི་ཚེ། རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ངོ་བོ་ལྷན་ཅིག་སྐྱེས་པ་རྟོགས་སོ། །ཞེས་བྱ་བར་དགོངས་སོ། །དེ་ལྟར་གྱུར་ན་ཡང་ཐམས་ཅད་སྟོང་པ་ཉིད་ལ་ཡང་ཅི་ཞིག་གནས་ཤེ་ན། ཀ་ཧི་ཨཾ་ཞེས་བྱ་བ་ནི་གསུངས ་ཏེ། ཀཾ་ནི་བདེ་བའོ། །དེ་ཡང་སི་ནི་ཕན་པ་སྟེ་དེ་ནི་གང་ཞིག་འོང་བའོ། །གང་ཡང་ཕན་པ་ནི་འདར་བ་སྟེ་དེ་ནི་སའི་ཕ་རོལ་ཏེ་ཕྱིན་ནས་པདྨར་ལྟུང་བའོ། །ཇི་ལྟར་བྱ་ཞེ་ན་དི་ཎ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉིན་ཕྱེད་ནི་རྡུལ་ལོ། །ལྷན་ཅིག་ཅེས་བྱ་བ་ནི ་ཐབས་གཅིག་པའོ། །དེས་ཡོངས་སུ་མཉེས་པ་ནི་གནས་པར་ལྡན་པའོ། །བི་སརྒ་ས་ཧ་ཏི་ཞེས་བྱ་བ་ནི། པདྨར་འབྱིན་ཅེས་བྱ་བའི་དོན་ཏོ། །བེཎྞི་ཞེས་བྱ་བ་ནི་ཉེ་བའི་མཚན་ཉིད་དོ། །དེས་ན་ཤིན་ཏུ་ཞེས་བྱ་བས་གུ་ཎི་ཏ་བྱ་ནི་བསླབ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །འདི ་ཉིད་ནི་སྔགས་ཀྱི་དོན་ཏོ། །སྔགས་བཏུབ་ལས་གསལ་བས་མ་བཀྲལ་ཏོ། །ཕེ་ཀ་ལ་སོགས་པ་ནི་ལངས་པའི་བྱིས་པའི་ཟླ་བ་ཐིག་ལེས་གསལ་བའོ། །ཕེ་ཀཱ་ར་པུ་ཎོ་བི་བྷ་ཎི་ཨ་ཞེས་བྱ་བ་གོ་སླའོ། །ཕེ་ཕེཾ་ཞེས་བྱ་བ་ཡིན་ནོ། །དེ་ནས་དོན་གཞན་དུ་ཕེཾ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་སྟེ། ་འདི་ལ་རྣམ་པར་དབྱེ་བ་ཕྱིས་པའོ། །དེ་ཡང་དམ་པ་དང་བྲལ་བ་སྟེ། ལྷག་པར་བསྒྲུབས་པ་དང་རྟོགས་པའོ། །རྟོགས་པ་ནི་ཡིན་མོད་ཀྱི། ཇི་ལྟར་གྲོང་གི་དངོས་པོ་འཕྲོག་པར་ནུས་ཤེས་བརྗོད། བྱིས་པའི་ཟླ་བ་ནི་ཚེས་གཉིས་ཀྱི་ཟླ་བའོ། །ཐིག་ལེ་ནི་སྐར་མའོ། །དེ་རྣམས་ཀྱི་གསལ ་བས་གསལ་བར་བྱེད་པ་འདིའང་ཅིའི་དོན་ཞེ་ན། དེ་ལྟར་ན་ཇི་ལྟར་རང་སྣང་བར་བྱེད་ཀྱི་གཞན་ནི་དེ་ལྟར་མ་ཡིན་ནོ། །དེ་ཤེས་པས་ཡང་འགྲོ་བ་མུན་པས་ཁྱབ་པར་ཤེས་པར་འགྱུར་ཏེ། མུན་པ་ཡང་དཱི་མིག་གི་སྤྱོད་ཡུལ་འགྱུར་རོ། །མུན་པ་གསལ་བའི་མཚན་ཉིན་ཀྱི་དོན་གྱི་བྱ་བ ་བྱེད་པར་ཡང་མི་དགོས་སོ། །ཟླ་བ་ཉ་གང་བ་གཅིག་གིས་ནི་མུན་པ་ཐམས་ཅད་སེལ་བར་བྱེད་དེ། འདིས་ནི་འདི་དག་བརྗོད་དེ། དེ་ལྟར་ནི་མ་ཡིན་ནོ། །བདག་མེད་པ་དང་ལྷན་ཅིག་དེ་ལ་མངོན་པར་ཞེན་པའི་ཕྱིར་ལྷ་རྣམས་དང། ཇི་ལྟ་བ་བཞིན་དུ་དོན་བྱེད་དེ། ཇི་ལྟར་བདག་མེད་པ་གཅིག ་གིས་ཀྱང་ཡོངས་སུ་གང་བས་མངོན་པར་ཞེན་པ་མེད་པ་དང། ལྷ་རྣམས་ཀྱང་དེའི་རྗེས་སུ་ཕོག?་པ་རྣམས་ཀྱི་སངས་རྒྱས་ཉིད་ལ་སོགས་པའི་དོན་སྒྲུབ་པར་འགྱུར་རོ། །ཇི་ལྟར་བྱས་པའི་ཟླ་བ་དང་སྐར་མས་བདག་ཉིད་འབའ་ཞིག་གསལ་བར་བྱེད་གྱི་གཞན་ནི་མ་ཡིན་ནོ། །ཟླ་བ་ཉ་གང ་པ་གཅིག་པུ་ཉིད་དང་དེའི་རྗེས་སུ་འབྲང་བའི་སྐར་མ་རྣམས་ཀྱིས་མ་ལུས་པའི་མུན་པ་བསལ་བ་སྒྲུབ་པར་བྱེད་དོ། །ཡང་བཏོན་ཏོ་ཞེས་བྱ་བའི་དོན་ཏེ། འདི་ནི་སྔགས་ཀྱི་དོན་ཏོ། །ང་རྒྱལ་གྱི་སྒྲས་མཛེས་པ་སྟེ། བརྗོད་པའི་དོན་དུ་ཨ་ཞེས་བྱ་བ་ནི་ཕཊ་ཞེས་བྱ་བ་ལ་སོགས་པ་འདིའི ་དོན་ཏོ། །དེ་ཡང་ཕཊ་ཕཊ་ཞེས་བྱ་བའི་སྔགས་སོ། །སྔགས་ཀྱི་དོན་ནི་ཨཱ་ཊོ་བ་ཞེས་བྱ་བ་ནི། ཁས་བླངས་པ་སྟེ། གྲུབ་པའི་མཛའ་ལས་མི་གཡོ་བའོ། །དེ་བས་ཕཊ་ཞེས་བྱ་བ་འདི་ཉིད་བདག་མེད་པའི་དེ་ཁོ་ན་ཞེས་བྱ་བའི་སྐད་ཀྱི་གསང་མཐོང་བའོ། །དེ་བས་ན་འགྲོ་བ་སྦྱངས་པས་ཞེས་བྱ་བར་ཤེས་པར ་བྱའོ། །ོཾ་སྭབྷཱ་བ་ཤུདྡྷ:སརྦ་དྷརྨཱ(རྒྱུད་འགྲེལ་པ་ནི། སྡེ་ཚན་ལྔ་པ་ནི་སྡེ་ཚན་ལའོ། །པཎྞི་ཞེས་བྱ་བ་ནི། སྡེ་ཚན་ཞེས་བྱ་བའི་རྗེས་སུ་སྤྱོད་པའོ། །བེཎྞི་ཞེས་བྱ་བ་ནི་གཉིས་པ་བརྗོད་པའོ། །དེ་བས་ན་སྡེ་ཚན་གཉིས་པ་ནི་སྡེ་ཚན་གཉིས་ཏེ། སྡེ་ཚན་ཞེས་བྱ་བའི་དོན་ཏོ། །སི་ཡུཏྟོ་ཞེས་བྱ་བ་ནི་སྔགས་སོ། །གང་ཞེ་ན་གསུངས་པ། ཨེ་ཨ ་བགྒ?་པ་ཧཱ་ཎཾ་ཞེས་བྱ་བ་ནི། སྡེ་ཚན་འདི་དག་གི་གཙོ་བོ་སྟེ་པ་ཙ་ཞེས་བྱ་བའི་ཡི་གེ་གཉིས་སོ། །དེ་ཡང་ཡང་བཏོན་པ་དེ་ནི་པ་ཙ་པ་ཙ་ཞེས་བྱ་བའི་སྔགས་སོ། །འདིའི་དོན་ནི་པཉྩ་བགྒཱ(རྒྱུད་འགྲེལ་སེམས་ཏེ། རྡོ་རྗེ་སེམས་དཔའ་ཨོ། །འདི་རྣམས་ཀྱི་པ་ཙ་པ་ཙ་ཞེས་བྱ་བ་ནི། སྒྲུབས་ཤིག་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །བྷཀྵ་ཞེས་བྱ་བ་ཡ་སོགས་པ་ནི། བ་ཀཱ་བ་ཀཱ་བ་ས་རུ་དྷི་རཱཎྚརཱ་མཱ་ལཱ་པ་ལམྦིན་གྲིཧྞ་གྲིཧྞ་སཔཏ་པཱ་ཏཱ་ལག་ཏ་བྷུ་ཛངྒ་སརྦམཱ་ཏ་རྫ་ཡ་ཏ་རྫ་ཡ་ཞེས་བྱ་བ་འདི་ནི ་སྔགས་སོ། །བས་ཞེས་བྱ་བ་ལ་སོགས་པ་ནི། བཞི་པའམ་བོད་པའོ། །བདུད་སེམས་ཀྱི་རྣམ་པར་རྟོག་པ་ལ་ཞོན་པ་ནི་གསོལ་ཞིག་གསོལ་ཞིག་ཞེས་བྱ་བར་དགོངས་སོ། །སཔཏ་ཞེས་བྱ་བ་ནི་རྒྱས་ཤིང་འཕེལ་བ་སྟེ། རྐང་འོག་བདུན་དུ་སོན་པའི་རྣམ་པར་རྟོག་པ་ལ་ཞོན་པའི་ས་ལ ་འགྲོ་བ་རྣམས་ཀྱི་རྒྱས་པ་དང་བྲལ་བའོ། །བ་ནི་བསྡུ་བའོ། ། ཨཱ་ར་ཞེས་བྱ་བ་ན་ཨའོ། །ཀ་བཎྞ་ཞེས་བྱ་བ་ནི་ཀའོ། །ཏི་ཨ་ཏི་ཨ་ཙ་ཨུཐ་ཞེས་བྱ་བ་ནི། སྡེ་ཚན་གསུམ་པའི་གསུམ་པ་དང། བཞི་པའི་ཌ་དང་ཌཱ་སྟེ་དེ་དག་ལྡན་པའོ། །ེ་ཨནྟེ་སཾ་ཛོ་ཨཱ་བྷ་ཎི་ཨི་ཞེས་བྱ་བའི་? ་ཚིག་གོ་།པ་བཎ་སིཊཊི་ཨཾ་ཞེས་བྱ་བ་ནི་རླུང་སྟེ་ས་ཡའོ། །གནས་པ་ནི་ཉེ་བར་གནས་པའོ། །ཏེ་ཞེས་བྱ་བ་ནི་ཌ་དང་དྷ་དེ་དག་གི་སྦྱོར་བས་བརྗོད་པར་བྱ་སྟེ། ཇི་ལྟར་གྱུར་པ་དེ་ལྟར་གཟུང་བར་བྱའོ། །ཞེས་བྱ་བར་དགོངས་སོ། །ཱ་ཀརྞྱ?་ཨཱ་ཀ་རྡྷ་ཞེས་བྱ་བའི་སྔགས་སོ ་འདིའི་དོན་གྱི་རྣམ་པ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་བདག་གིར་བྱས་པ་ནི། སྔགས་པ་སྟེ་དེ་ནི་དེ་སྟ་བུའོ། །དེ་ཅི་ཞེ་ན་གསུངས་པ། གསུམ་པ་ནི་ལུས་དང་ངག་དང་སེམས་སོ། །དེའི་གསུམ་པ་ནི་སེམས་ཏེ་རྣམ་པར་ཤེས་པའོ། །སེམས་ས་དང་ཡིད་དང ་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ཞེས་བྱ་བའི་ཐ་ཚིག་གོ་།གང་གིས་རྣམ་པར་ཤེས་པ་རྣམ་པ་དང་བཅས་པར་འདོད་པ། དེའི་གཞུང་ལ་བརྟེན་ཏེ་དེས་སྨྲས་པ། དེ་ལ་རྣམ་པ་དང་རྣམ་པར་ཤེས་པ་དག་དེའི་བདག་ཉིད་དེ། རྣམ་པ་ཡང་བེམས་པོའི་ཕྱིར་རྣམ་པར་ཤེས་པའང་བྱེ་བྲག ་ཕྱེད་པ་མེད་པའི་བདག་ཉིད་ཅན་ཡིན་ནོ། །རྣམ་པ་མེད་པའི་ཕྱོགས་ལ་ཡང་ཡུལ་དང་རྣམ་པར་རིག་པ་འབྲེལ་བའི་དངོས་པོ་མེད་པའི་ཕྱིར། ཡུལ་ཀྱང་རྟོགས་པར་མི་འགྱུར་བ་ཁོ་ནའོ། །མར་མེ་ལྟ་བུར་རྣམས་པར་ཤེས་པས་དོན་བྱེ་བྲག་ཕྱེད་པ་མ་ཡིན་ནོ། །དེ་ལྟ་མིན་མོད་ཀྱི་དེའི་བདག་ཉིད ་ཀྱིས་གང་གི་ཕྱིར་འདི་ནི་ཆོས་ཉིད་དེ། དེ་ཡང་གཉི་གའི་སེམས་ཁུག་ཅིག་ཁུག་ཅིག་ཅེས་བྱ་བར་གནས་པའོ། །དེའི་ཚེ་ཅི་འདྲ་བའི་སེམས་ཤིན་གསུངས་པ། བཞི་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མང་པ་རྣམས་ཀྱི་རང་བཞིན་རྣམ་པ་བཞི་པ་སྟེ། རང་བཞིན་གྱིས ་འོད་གསལ་བའི་རང་གི་ངོ་བོ་ལོ་།དེ་བས་ན་རང་བཞིན་གྱིས་འོད་གསལ་བའི་རང་གི་ངོ་བོའི་སེམས་སྐྱེ་བར་འགྱུར་རོ་ཞེས་དགོངས་སོ། །དེ་ལྟ་བུ་དེ་གང་ལ་ཞེ་ན་གསུངས་པ་།ཐོས་པ་རྣམ་དང་རིཌ་པའི་ལུང་རྣམས་དག་རྣལ་འབྱོར་པ་རྣམས་ལ་ཡང་དག་པ་ཕྱིན་ཅི་ལོག་པའི་དེ་ཁོ་ནས་ངེས་པར་གནས་པའོ། །འདི་ཉིད་ཀྱི་ངེས་ན་འདི་སྐད ་དུ་རྒྱུ་དང་དབྱིབས་ཀྱིས་དོན་དམ་པར་མ་ཡིན་པའི་ཚུལ་གྱིས་ཕྱག་དང། ཞལ་ལ་སོགས་པའི་མཚན་ཉིད་ཀྱིས་སྦྱོར་བར་བྱེད་པ་ནི་སྦྱོར་པའོ། །དེ་ཉིད་ཀྱི་སེམས་ནི་བབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་པར་དགོངས་སོ། །སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བས་ན ་ཧྲིཾ་ཧྲིཾ་ཞེས་བྱ་བ་ཡིན་ནོ། །དོན་གཞན་དུ་བཤད་པར་བྱ་སྟེ་ཉི་མའི་སྟན་ལ་རྒྱུ་བ་དང་མི་རྒྱུ་བའི་འགྲོ་བ་སྡོམ་པར་བྱེད་པ་ནི་ས་པ་རའོ། །འདི་ཅི་ཞེས་ན་གསུངས་པ། མདའ་བཞི་ནི་དཔལ་ཧེ་རུ་ཀའི་ཡིག་འབྲུའོ། །དེ་རྣམས་ཀྱིས་གང་པ་ནི་བསྒྲགས་པ་སྟེ། བཎ་སྒྲའི་དོན་གྱི་སྒང་ཀྱི་དབྱིངས་སོ། །ཡང ་བཏོན་པ་ནི་ཤེས་རབ་ཀྱི་ཆས་རང་ཉིད་ཐབས་སུ་གྱུར་པའི་ཕྱིར། དཔལ་ཧེ་རུ་ཀ་རུ་དེ་ལྟར་གྱུར་པ་ཞེས་བྱ་བ་ནི་སྔགས་ཀྱི་དོན་ཏོ། །ཀས་ཞེས་བྱ་བ་ལ་སོགས་པ་ནི། ཀྵཾ་ཀྵཾ་ཞེས་བྱ་བའི་སྔགས་སོ། །གང་གི་ཕྱིར་སྡེ་ཚན་ལྔའི་མཛའ་མ་ནི་མའོ། ། དང་ཐིག་ལེ་སྟེ་འདི་ཉིད་ཀྱི་ཚིག་རྐང ་ཡང་གདོན་པར་བྱའོ། །པུ་ཎོ་ཨི་ཞེས་བྱ་བ་ནི་རྗེས་སུ་སྤྱོད་པའོ། །སྔགས་ཀྱི་དོན་ནི་ཀཾ་ནི་བདེ་བ་སྟེ་བདེ་བའི་རང་བཞིན་བདག་གི་གཟུགས་སོ། །རང་རིག་པའི་ངོ་བོ་དེའི་གནས་ཀྱི་དོན་ཞེས་བྱ་བ་ནི། རང་རིག་པའི་བདེ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་སྙ་ཅན་སྨྲས་པ། ལྔ་ནི་སྤྲོས་པ་དང ་བཅས་པའི་ལྷའི་གཟུགས་ཏེ། དེས་གཟུང་བ་ལ་སོགས་པའི་སྡེ་ཚན་གྱིའོ། །མཐར་ཞེས་བྱ་བ་ནི་འཇིག་རྟེན་པའོ། །འདིར་ནི་དེ་ནི་དེ་ལྟ་བུའོ། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱ་ཞེས་བྱ་བའི་ཐ་ཚིག་གོ་།གང་ལ་གནས་ཤིན་གསུངས་པ། བསྟན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་འདིར ་བདེ་བ་ཡོད་པའོ། །དེ་ལ་ངེས་པར་གནས་པའོ། །ཡང་འདི་ཇི་ལྟ་བུ་ཞེ་ན། གསུངས་པ། ཨ་དང་ཐིག་ལེ་ནི་སྟོང་པ་ཉིད་དོ། །ལྡན་པ་ཞེས་བྱ་བ་ནི་འདུས་པ་སྟེ། དཀའ་བ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་འདི་བཏོན་པ་ཞེས་བྱ་བ་ནི་འགྲོ་བ་བདེ་བ་ཆེན་པོའི་དངོས་པོའི་སྒྲར་རྣམ་པར་བརྟཌ་པའོ། ་དྲི་མ་གོས་པས་དེ་རྣམས་ཀྱི་དེ་བཞིན་གཤེགས་པར་མི་འགྱུར་རོ། །ས་བ་རོ་ཞེས་བྱ་བ་ལ་སོགས་པ་ལ་སའི་ཕ་རོལ་ནི་ཧའོ། །བེཎྞི་པཱཎ་ཞེས་བྱ་བ་ནི་ཨའོ། །མདའ་གསུམ་པ་ནི་ཨིའོ། །མདའ་ལྔ་པ་ནི་མདའ་ལྔ་སྟེ། མདའ་ལྔ་པ་བསྟན་དུ་བྱས་པའོ། །འདི་དག་ཐམས་ཅད་ཅེས་བྱ་བ་ནི་ཧ་ལ ་སོགས་པ་ཟླ་བ་ཕྱེད་པ་ལ་སོགས་པ་དང་ལྡན་པའོ། །འདི་དག་ཡང་དང་ཡང་དུ་གུ་ཎི་ཨཾ་ཞེས་བྱ་བ་ནི་འགྱུར་དུ་བྱའོ། །འདི་ལྟ་སྟེ་ཧཱཾ་ཧཱཾ་ཧི་ཧི་ཧུཾ་ཧུཾ་ཞེས་བྱ་བའི་སྔགས་སོ། །དོན་གཞན་དུ་བསྒྲགས་པར་བྱ་སྟེ་།སའི་ཕ་རོལ་ནི་ཧའོ། །མདའ་གཉིས་ནི་རྩ་གཉིས་སོ། །ཏི་ཨ་ཞེས་བྱ་བ་ནི། གསུམ་པ ་ཉིད་གསུམ་པ་པོར་བརྗོད་དེ། ཧ་དང་ཟླ་བ་ཕྱེད་པ་ཐིག་ལེ་རྣམས་ནི་གསུམ་པའོ། །གང་བ་ཞེས་བྱ་བ་ནི་བྱས་པ་སྟེ་དེའང་ཐིག་ལེའོ། །ཇི་ལྟར་ཀུན་ལས་བསྡུས་ནས་སའི་ཕ་རོལ་ཞེས་བྱ་བ་ནི་ཧཾ་ངོ། །འདིར་ཡང་དཔྱད་པ་ནི་སེམས་སོ་སོར་རྟོགས་པའི་དོན་ཏོ། །མདའ་ལྔའི་བདག ་ཉིད་ཅན་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་ཕྱིར་ཧའི་འོ། །ཡང་ན་ཐབས་དང་ཤེས་རབ་ལ་སོགས་པའི་གསུམ་མམ། ཡེ་ཤེས་ལྔའི་བདག་ཉིད་ཅན་ཕྱིར་རོ། །ེ་ཨཾ་སབབཾ་ཞེས་བྱ་བ་ནི་ཨོ་དང་ཧཱུཾ་དང་དེའི་འཁོར་ཏེ་ཁཎྜ་ཞེས་བྱ་བ་ནི་ཨའོ། །ཐིག་ལེ་ནི་རྗེས་ཀྱི་དབྱངས་སོ། །ཕོ?་ལི ་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའོ། །དེ་བས་ནི་འདིའི་དོན་ནི་ཨཾ་ཞེས་བྱ་བའི་སྔགས་ཀྱི་དོན་ཏོ། །ཀ་ས་ཙ་དྷཱི་ས་ར་ཝ་རབྷ་ར་ཞེས་བྱ་བའོ། །དྷི་ཞེས་བྱ་བ་ནི་སོ་སོ་སྟེ། ཨིའི་དབྱངས་མཆོག་ཅེས་བྱ་བ་ཡང། སོ་སོ་པའོ། །དེ་ཡང་ཀ་ཨིའི་དབྱངས་ཀྱི་མཆོག་འཛིན་པ་དང། ས་ཨིའི་དབྱངས་ཀྱི་མཆོག་འཛིན་པ ་དང། ཅི་ཡིའི་དབྱངས་ཀྱི་མཆོག་འཛིན་པ་ནི། ཀི་སི་ཙི་དྷི་ཞེས་བྱ་བ་གནས་པའོ། །ེ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་དོ། །རེ་རེའི་མཐར་ལིའོ། །འདི་དག་ཐམས་ཅད་ཀྱི་གཟུགས་ནི་ཡང་ཡང་བཏོན་ཏོ་ཞེས་བྱ་བ་ནི་ལན་གཉིས་སུ་བཏོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཀི་ལི་ཀིའི། །སི་ལི་སི་ལི། ་ཅི་ལི་ཅི་ལི། དྷི་ལི་དྷི་ལི་ཞེས་བྱ་བ་ནི་ཀུན་ས་བསྡུས་པའོ། །ཀཾ་ཞེས་བྱ་བ་ནི་བདེ་བའོ། །ས་ཙ་ནི་བསགས་པ་སྟེ་མཉམ་པའོ། འདིས་ཀ་ས་ཙ་ཡོངས་སུ་དག་པའི་དྷིའོ། །དབྱངས་ནི་སྐད་དོ། །དེ་ཡང་མཆོག་གི་ཕྱིར་སྔགས་ཀྱིས་བྲིས་པའི་གཟུགས་ཀྱིའོ། །ཅི་འདི་ཀ་ས་ཙ་དྷི་དབྱངས་ཀྱི་མཆོག་འཛིན་ཅེས ་བསྡུས་པ་ལ། ཀི་ལི་ཀི་ལི་ལ་སོགས་པའི་སྔགས་སོ། །གཟུགས་ནི་རང་གི་གཟུགས་སོ་ལྷག་མ་ནི་གོ་སླ་སྟོ། །འདི་ནི་སྔགས་ཀྱི་དོན་ཏོ། །ས་བ་རོ་ཞེས་བྱ་བ་ལ་སོགས་པ་ནི་ག་སླའོ། །དེ་ལ་ཧུཾ་ཧཱུཾ་ཞེས་བྱ་བ་ཡིན་ནོ། །ུའི་དབྱངས་ཞེས་བྱ་བའི་ཐབས་ཀྱི་ཆ་དང། ཁཎྜ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི ་ཆའི་?། །པཎ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཐར་སྭཱ་ཧཱ་སྦྱིན་པར་བྱ་སྟེ་སྔགས་མང་པོའི་མཐར་སྭཱ་ཧཱའི་ཕྱིར་རོ། །ཆ་དང་ཞེས་བྱ་བ་ནི་ཨ་ལ་སོགས་པའོ། །ཆ་མེད་ཅེས་བྱ་བ་ནི་ཀ་ལ་སོགས་པའི་ཡིག་འབྲུའོ། །ཆ་དང་ཆ་མེད་པ་ཉིད་ཀྱི་མེ་ཏོག་རྣམས་ཏེ་དེ་རྣམས་ཀྱིས་བླངས་པ་འདི་ནི་ཕྲེད་བའི ་སྔགས་སོ། །ཕྲེང་བ་ལྟ་བུའི་ཕྲེང་བའོ། །ཇི་ལྟར་མེ་ཏོག་སྣ་ཚོགས་པའི་ཆོ་གས་ཕྲེང་བ་བྱེད་པ། དེ་བཞིན་དུ་འདིའི་ཡང་སྣ་ཚོགས་པའི་ཆོགས་སྔགས་ཀྱི་མེ་ཏོག་གིས་སྔགས་ཀྱི་ཕྲེང་བའོ། །སྔགས་ཀུན་ནས་བླངས་པས། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནདཱ?་བནདྷཱ་ཏྲཱ་ས་ཡཏྲཱ་ཡཀྵོ་དྷ་ཡཀྵོ་བྷ་ཡ། ཏྲིཾ? ་ཧྲེ་ཧྲ(རྒྱུད་འགྲེལ་སྭཱ་ཧཱ་ནི་མཐར་ཞེས་བྱ་བའི་ཐ་ཚིག་གོ་འདི་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་མཚན་མོ་ཞེས་བྱ་བ་ནི། ཀྱེ་སྒྱུ་མཚན་མ་ཞེས་བྱ་བའི་དོན་འདིར་ནི་ཞེས་པའོ། །ཐམས་ཅད་ཅེས་བྱ་བ་ནི་གནས་པ་དང། གཡོ་བ་གནོན་པ་ལ་སོགས་པའི་མཚན་ཉིད་འཇིག་རྟེན་པའི་དང། སངས་རྒྱས་ལ་སོགས ་པའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པོ། །སྒྲུབ་པ་པོ་རྣམས་ལ་རབ་ཏུ་སྒྲུབ་པ་དང་སྐྱེད་པར་བྱད་པ་ནི། ཀྱེ་སྒྱུ་མཚན་མོ་ཞེས་བྱ་བའི་དོན་འདིར་ནི་ཞེས་པའོ། །ཐམས་ཅད་ཅེས་བྱ་བ་ནི་གནས་པ་དང། གཡོ་བ་གནོན་པ་ལ་སོགས་པའི་མཚན་ཉིད་འཇིག་རྟེན་པའི་དང། སངས་རྒྱས་ལ་སོགས ་ཐམས་ཅད་སྐྲག་ཅེས་བྱ་བ་ནི་མི་དགྱེས་པ་དང། ཆོས་ཉིད་ཀྱིས་མངོན་སུམ་དུ་མཛད་པར་ཡང་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང། བྱང་ཆུབ་མངོན་པར་རྫོགས་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཉིད་རྟོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། འདི་ནི་ལྷག་པར་ཡང་བརྗོད་དོ།། ་དུལ་དང་ཞེས་བྱ་བ་ལ་སོགས་པས་ནི་ལུས་ལ་སོགས་པའི་དབྱེ་བ་སོ། །ད་ནི་རྡོ་རྗེ་མཁའ་འགྲོའི་སྒྲུབ་པའི་སྔགས?་བརྗོད་པར་བྱའོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་པ་ལྟ་སྟེ་དེའི་འོད་འོད་ཟེར་རྣམས་ཀྱིས་བླ་མ་དང། རྗེ་བཙུན་མཁའ་འགྲོ་མས་བསྐོར་བའི་རྡོ་རྗེ་མཁའ་འགྲོ་སྣང་བར་བྱས་པ་ལས། དེའི་ས ་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པ་དང། བདུད་རྩི་ལྔ་ལ་སོགས་པའི་གཟུགས་ཀྱི་མཆོད་པས་ཡང་དག་པར་མཆོད་ནས། དེ་དག་གི་མདུན་དུ། དགོངས་སུ་གསོལ་ཞེས་བྱ་བ་བ་སོགས་པའི་ཚིགས་བཅས་ཡིད་ལ་ལན་གསུམ་བཏོན་ཏོ། །ོཾ་སྭ་བྷཱ་བ་ཤུདྡྷ:སརྦ་དྷརྨཾ ་སྭ་བྷ་བ་ཤུདྡྷོཉཧཾ་ཞེས་བྱ་བ་བརྗོད་ནས། ཆོས་ཐམས་ཅད་བདག་རེད་པར་རིག་པར་བྱའོ། །ོཾ་བཛྲ་ཤུདྡྷ:སརྦ་དྷརྨ་བཛྲ་ཤུདྡྷཉཧཾ་ཞེས་བྱ་བར་བརྗོད་པར་བྱའོ། །དེ་ནས་སྣ་ཚོགས་པདྨའི་སྟེར་དུ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དེས་བྱིན་གྱིས ་བརླབས་པའི་འོད་ཟེར་རྣམས་ཀྱིས་རྡོ་རྗེར་བ་ལ་སོགས་པ་བསམ་ཏེ། ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པའི་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ལཾ་ཡོངས་སུ་གྱུར་པའི ་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རི་རབ་བལྟས་ལ། དེའི་སྟེང་དུ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་སྣ་ཚོགས་པདྨར་རྡོ་རྗེས་མནན་པའི་དབུས་སུ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན་པ་པདྨ་དམར་པོ་མནན་པའི་ནང་དུ་གྲུ་བཞི་པ་ལ་སོགས་པ་དང་ལྡན་པར། །ཉི་མའི ་གདན་སུམ་ཅུ་རྩ་བདུན་ལ་པདྨའི་ཕྱི་རོལ་དུ་རྡོ་རྗེ་དང། པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་བའི་གཞལ་མེད་ཁང་རྩེག་མ་བསྒོམ་པར་བྱའོ། །དེའི་དབུས་སུ་གདན་ལ་ཟླ་བ་གཉིས་ཨི་གཟུགས་དན ་ཏ་བར་ཨ་ལ་སོགས་པ་དང། ཀ་ལ་སོགས་པའི་ཡིག་འབྲུ་རྣམས་ཞུགས་པ་ལ་ཧཱུཾ་ལ་ལས་སྐྱེས་པའི་རྡོ་རྗེ་ཁུ་ཚུར་ལ་དེ་བྱིན་གྱིས་བརླབས་པས་དེ་དག་ཡོངས་སུ་གྱུར་པ་ལ་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ། །ོཾ་ཙིཏྟ་པྲ་ཏེ་བྱ་དྷཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པའི་བདག་ཉིད་ཅན་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའང་ཤེས་པར ་བྱའོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེས་སྙམ་པ་ལ། སྐུ་མདོག་ནག་པོ་ཞལ་གྱི་མཆེ་བ་གཙིགས་པ་ཁྲོ་བ་དང་བཅས་པའི་བཞད་པ། ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོའི་རྩ་བ་དང་གཡས་པ་དང་རྒྱབ་དང། གཡོན་པའི་ཞལ་བཞི་པོ་བདུད་བཞི་མནན་པ། ་གཡས་པ་ལ་སོགས་པ་ཕྱག་དྲུག་ན་འབར་བའི་རྡོ་རྗེ་དང། གཤོར་དང་མདའ་དང་ཁ་ཊཱཾ་ག་དང་ཐོད་པ་དང་གཞུ་འཛིན་པ། ཤེས་རབ་མི་ཕྱག་གིས་གྲི་གུག་དང་ཐོད་པ། དམར་མོ་དགའ་བ་དང་བཅས་པས་འཁྱུད་པའོ། །ཐོད་པའི་ཕྲེང་བས་བརྒྱན་པར་མཛད་པ། ་སྐྲ་གྱིན་དུ་གསལ་བ་སྤྱན་གསུམ་པ་གཡས་བརྐྱང་བས་ཉི་མ་ལ་བཞུགས་པ་ཉི་མའི་འོད་དང་ཞལ་བཞི་པས་སྔགས་ཀྱི་རྐང་པ་བཞི་བཏོན་པས་ཧཱུཾ་གིས་སྨིན་མའི་དབུས་སུ་སྣང་བའོ། །ཤར་གྱི་འདབ་མ་ལ་ལྟུང་བྱེད་མ་དཀར་ཞིང་སྔོ་བ་གཡས་པ་ལ་སོགས་པའི་ཕྱག་བཞིན། །ཐོད ་པ་དང་རྡོ་རྗེ་དང་དྲིལ་བུ་དང་ཁ་ཊཝཱཾ་ག་འཛིན་པར་མཛད་མའོ། །བྱང་དུ་གསོད་བྱེད་མ་མར་ཀ་ཏ་དང། དཀར་བ་ལྟ་བུ་གཡས་དང་གཡོན་པའི་ཕྱག་བཞི་ན་ཅན་ཏེའུ་དང། ཐོད་པ་དང་ཁ་ཊའཝཾ་གདང་ཞགས་པ་གནས་པའོ། །ནུབ་ཏུ་འགུག་མ་བྱེད་མ་དམར་ཞིང་དཀར་བ་ལྟ་བུ་གཡས་པ ་དང་གཡོན་པའི་ཕྱག་བཞིན་མདའ་དང་སྣ་ཚོགས་པདྨ་དང་གཞུ་དང་ཐོད་པ་གནས་མའོ། །གཡས་སུ་གར་གྱི་དབང་ཕྱུག་མ་དཀར་ཞིང་སེར་ཀ་ལྟ་བུ་གཡས་པ་དང་གཡོན་པའི་ཕྱག་ན་འཕན་དང་ཐོད་པ་ཏྲི་ཤཱུ་ལ་རྩེ་གསུམ་པ་དང་རིན་པོ་ཆ་གནས་པའོ། །འདི་རྣམས་ཀྱི་ཐོད་པ་རྣམས ་སུ་རིམ་པ་ཇི་ལྟ་བར་གླང་པོ་དང་ལྕེ་སྤྱང་དང་མི་དང་བ་ལང་བལྟ་བར་བྱའོ། །འདིར་དག་ཞལ་གཅིག་མ་སྤྱན་གསུམ་མང་བུ་སྐྲ་སེར་པོ་གྱེན་དུ་འབར་མ་རྒྱན་ཐམས་ཅད་མ་གཡས་བརྐྱང་བས་ཉི་མ་ལ་བཞུགས་མའི་འོད་ཟེར་མའོ། །དབང་ལྡན་ལ་སོགས་པའི་ཕྱོགས་དང་བྲལ་བ ་རྣམས་སུ་བདུད་རྩི་ལྔའི་ཐོད་པ་སངས་རྒྱས་ལྔའི་གཟུགས་དང་ལྡན་པའོ། །པདྨའི་ཕྱི་རོལ་གྱི་རི་མོའི་མཐར་ཐུགས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པ་ནག་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ་སྟེ། ཤར་གྱི་རྩིབས་ལ་པུལླི་ར་མ་ལ་ཡར་ཐོད་པའི་དུམ་བུ་ཅན་གྱིས་འཁྱུང་པའི་རབ་གཏུམ་མའོ།། ་བྱང་དུ་འབར་བ་འཛིན་པར་སྒལ་ཚིགས་ཆེན་པོ་དང། བཏུམ་མིག་མའོ། །ནུབ་ཏུ་ཨུ་རྒྱན་དུ་སྩལ་ཚིག་དང་འོད་ལྡན་མའོ། །གཡས་སུ་ཨརྦུ་དར་མཆེ་བ་གཙིགས་མ་དང་སྣ་ཆེན་མོའོ། །མེར་ནི་བའི་མཆོག་སྦྱིན་དུ་ལྷའི་དགྲ་དང་དཔའ་བོའི་བློ་མའོ། །བདེན་བྲལ ་དུ་དགའ་བའི་དབང་ཕྱུག་ལ་འོད་དཔག་ཏུ་མེད་པ་དང་མི་ཐུང་མའོ། །རླུང་དུ་ལྷ་མོའི་མཐར་ལ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མའོ། །དབང་ལྡན་དུ་མཱ་ལ་བར་རྡོ་རྗེའི་ལུས་དང་ཤིང་གྲིབ་མོ། །གསུང་གི་འཁོར་ལོ་ནི་དམར་པོའི་པདྨ་དམར་པོའི་ཕྲེང་བས་བསྐོར་བ། ཤར ་གྱི་རྩིབས་ལ་འདོད་པའི་གཟུགས་སུ་མྱུ་གུ་ཅན་དང་ས་སྲུངས་མའོ། །བྱང་དུ་ཨོ་ཊེར་རྡོ་རྗེ་རལ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ཏུ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་མའོ། །ལྷོ་རུ་ཀོས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། ། ་མེར་ནི་ཀ་ལིང་གར་ཤིན་ཏུ་བཟང་པོ་དང་ལྷ་མོ་སྔོ་བསངས་མའོ། །བདེན་བྲལ་དུ་ལམ་པཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །རླུང་དུ་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣམ་མའོ། །དབང་ལྡན་དུ་ཁ་བའི་གནས་སུ་མི་བཟང་དང་ཁྭ་འདོད་མའོ། །སྐུའི་འཁོར་ལོ་ནི ་དཀར་པོ་འཁོར་ལོ་དཀར་པོའི་ཕྲེང་བས་བསྐོར་བའི་ཤར་ཕྱོགས་ཀྱི་རྩིབས་ལ་ཡི་དགས་ལྷག་པར་གནས་པར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་མའོ། །བྱང་དུ་ཁྱིམ་གྱི་ལྷར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །ནུབ་ཏུ་སཽ་རཱཥྚར་ཏ་མགྲིན་དང་ཆང་འཚོང་མའོ། །ལྷོ་རུ ་གསེར་གླིང་དུ་ནམ་མཁའ་ཨི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །མེར་ནི་ན་ག་རར?་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མའོ། །བདེན་བྲལ་དུ་སིནདྷུ་ར་པདྨ་གང་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ། །རླུང་དུ་མྱ་ངམས་སུ་རྣམ་པར་སྣང་མཛད་དང་འཁོར་ལོའི་གོ་ཆའོ། །དབང ་ལྡན་དུ་ཀུ་ལ་ཏཱ་ར་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མའོ། །འདི་དག་ཐུགས་དང་གསུང་དང་སྐུའི་འཁོར་ལོ་སྒྱུར་བ་རིམ་པ་ཇི་ལྟ་བར་ལྷ་རྣམས་ནི་ནག་པོ་དང་དམར་པོ་དང་དཀར་པོའོ། དཀར་པོའོ། །ཞལ་གཅིག་མ་གཡས་པ་དང་གཡོན་བའི་ཕྱག་གཉིས་དང་སྡིགས་འཛུབ ་དང་བཅས་པའི་གྲི་གུག་གི་མཚན་མ་གནས་པའོ། །སྤྱན་གསུམ་མ་དྲག་མོའི་གཟུགས་མ་སྐྱ་སེར་པོ། །སྟེང་དུ་འབར་བ་མ་ཕྱོགས་ཀྱི་གོ་ཅན་མའོ། །ཐོད་པའི་དུམ་བུ་ཅན་ལ་སོགས་པའི་དཔའ་པོ་རྣམས་ནི་ཞལ་གཅིག་པ་རལ་པའི་ཅོད་པན་ཅན་དཔའ་བོའི་ཐོད་པ ་དང་བཅས་པ་ལྷ་མོ་ལ་འཁྱུད་པས་གནས་པ། དེའི་གཡས་པ་དང་གཡོན་པའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཞན་པའི་གཡས་པ་དང་གཡོན་པའི་ཕྱག་ན་ཅང་ཏེའུ་དང་ཁ་ཊཝཱཾ་ག་འཛིན་པ་ཕྱོགས་ཀྱི་གོས་ཅན་ནོ། །འདི་ལྟར་ཡང་ལྷ་རྣམས་ཐམས ་ནི་ནོར་ལྷ་དང་ལག་གདུབ་དང་དབུང་རྒྱན་དང། རྣ་ཆ་དང་ཚངས་པའི་སྐུད་པ་དང་ཐོད་པའི་མགོ་བོའི་ཕྲེང་བ་དང་རྐང་གདུབ་ཀྱིས་བརྒྱན་པར་བྱས་པ། གཡས་བརྐྱང་བས་སྟན་ལ་གནས་པ་ཉི་མའི་གདན་གྱི་འོད་ཅན་ནོ། །ཤར་གྱི་སྒོ་ལ་གཤིན་རྗེ་མཆེ་བ་མ། བྱང་གི་སྒོ་ལ་གཤིན་རྗེ་ཕོ ་ཉ་མའོ། །ནུབ་ཀྱི་སྒོ་ལ་གཤིན་རྗེ་མཆེ་བ་གཙིགས་མའོ། །ལྷོའི་སྒོ་ལ་གཤིན་རྗེ་སྲུབ་མའོ། །མེར་ནི་ཁྭ་གདོང་མའོ། །བདེན་བྲལ་དུ་འུག་པའི་གདོང་མའོ། །རླུང་དུ་ཁྱིའི་གདོང་མའོ། །དབང་ལྡན་དུ་ཕག་གདོང་མའོ། །འདི་དག་ནི་སྤྱན་གསུམ་མ་སྐྲ་སེར་པོ་སྟེང་དུ་འབར ་མ་ལྗང་གུ། གྲི་གུག་དང་ཐོད་པ་དང་ཁ་ཊཝཱཾ་ག་འཛིན་མ་རྒྱན་ཐམས་ཅད་མ་གཅེར་བུམ་ཞལ་གྱི་མཆེ་བ་གཙིགས་མ། དབུ་ལ་ཐོད་པའི་ཕྲེང་བས་བརྒྱན་པར་མཛད་མ་ཇི་སྲིད་དུ་རྣལ་འབྱོར་མ་རྣམས་ཡིན་པ་དེ་སྲིད་དུ་ཕྱག་གཉིས་མ་ཉིད་དོ། །ལུས་དང་ཚེར་བ་དང་ཆོས་དང་སེམས ་རྗེས་སུ་དྲན་པའི་ངོ་བོ་ནི་རིམ་པ་ཇི་ལྟ་བུར་ལྟུང་བར་བྱེད་མ་དང་གསོད་པར་བྱེད་མ་དང་འགུགས་པར་བྱེད་མ་དང། གར་གྱི་དབང་ཕྱུག་མ་རྣམས་སོ། །འདུན་པ་དང་བརྩོན་འགྲུས་དང་དཔྱོད་པ་དང་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་རང་གི་ངོ་བོ་ནི་རིམ་པ་ཇི་ལྟ་བར་རབ་རབ ་གཏུམ་མ་དང་གཏུམ་མིག་མ་དང། འོད་ལྡན་མ་དང་སྣ་ཆེན་མ་རྣམས་སོ། །དད་པ་དང་བརྩོན་འགྲུས་དང་དྲན་པ་དང། ཏིང་ངེ་འཛིན་གྱི་དབང་པོའི་རང་གི་ངོ་བོ་ནི་དཔའ་བོའི་བློ་གྲོས་མ་དང། མི་ཐུང་མ་དང་ལང་ཀའི་དབང་ཕྱུག་མ་དང་ཤིང་གྲིབ་མ་རྣམས་སོ། །དད་པ་དང ་བརྩོན་འགྲུས་དང་དྲན་པ་དང། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་ནི་རིམ་པ་ཇི་ལྟ་བར་འཇིགས་བྱེད་ཆེན་མོ་དང། རླུང་གི་ཤུགས་མ་དང། ཆང་འཐུང་མ་དང་ལྷ་མོ་སྔོ་བསངས་མ་དང། ཤིན་ཏུ་བཟང་མོ་རྣམས་སོ། །ཏིང་ངེ་འཛིན་དང་བརྩོན་འགྲུས ་དང། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ཆོས་རྣམ་པར་འབྱེད་པ་དང། དྲན་པ་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་རྟ་རྣམ་དང་མཁའ་འགྲོ་གདོང་མ་དང། འཁོར་ལོའི་ཤུགས་མ་དང་དུམ་སྐྱེས་མ་དང་ཆང་འཚོང་མ་དང་འཁོར་ལོའི ་གོ་ཆ་མ་དང་ཤིན་ཏུ་དཔའ་མོ་རྣམས་སོ། །ཡང་དག་པའི་ལྟ་བ་དང་ངག་དང་རྟོག་པ་དང་ལས་ཀྱི་མཛའ་དང། འཚོ་བ་དང། རྩོལ་བ་དང་དྲན་པའི་རང་གི་ངོ་བོ་ནི་རིམ་པ་ཇི་ལྟ་བར་སྟོབས་ཆེན་མ་དང་འཁོར་ལོའི་གོ་ཆ་མ་དང་བརྩོན་ཆེན་མ་དང་ཁྭ?་གདོང ་མ་དང་འུག་གདོང་མ་དང། ཁྱི་གདོང་མ་དང་ཕག་གདོང་མ་རྣམས་སོ། །ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང། དགེ་བའི་ཆོས་སྐྱེས་པ་རྣམས་སྲུང་བ་དང། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང། ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་རང་བཞིན་ནི་རིམ་པ་ཇི་ལྟ་བར་གཤིན་རྗེའི་མཆེ་བ་མ་དང། གཤིན་རྗེའི་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་གཙིགས་མ་དང་གཤིན་རྗེ་སྲུབ་མའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱིས་ལྷ་རྣམས་ཀྱི་རྣམ ་པར་དག་པ་བསྟན་པའོ། །པུལླིར་མ་ལ་ཡར་སྤྱི་བོར་རབ་གཏུམ་མའོ། །འབར་བ་འཛིན་པ་སྤྱི་གཙུག་ཏུ་གཏུམ་མིག་མའོ། །ོ་ཌི་ཡ་ན་རྣ་བ་གཡས་པར་འོད་ལྡན་མའོ། ། རྦུད་མགོ་བོའི་རྒྱབ་ཏུ་སྣ་ཆེན་མ་སྟེ་གནས་སོ། །བའི་མཆོག་སྦྱིན་རྣ་བ་གཡོན ་པར་དཔའ་བོའི་བློ་གྲོས་མའོ། །དགའ་བའི་དབང་ཕྱུག་སྨིན་མའི་དབུས་སུ་མི་ཐུང་མའོ། །ལྷ་མོའི་མཐར་ཏེ་མིག་ལ་ལང་ཀའི་དབང་ཕྱུག་མའོ། །མཱ་ལ་བར་ཕྲག་པ་གཉིས་སུ་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །ཐུགས་ཀྱི་འཁོར་ལོ་སྟེ་འདི་དག་ནི་ནམ་མཁའ་ལ ་སྤྱོད་པའི་གནས་སོ། །འདོད་པའི་གཟུགས་མཚན་ཁུང་དག་ཏུ་ས་སྲུངས་མའོ། །ོཾ་དྲེ་ནུ་མ་ཟུང་ལ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ། །ཏྲི་ཤ་ཀུ་ནེ་ལྟེ་བ་ལ་རླུང་གི་ཤུགས་མའོ། །རྐ་ཤ་ལར་སྣའི་རྩེ་མོ་ལ་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ། །ཀ་ལིངྒ་ཁ་ལ ་ལྷ་མོ་སྔོ་བསངས་མའོ། །ལམ་པཱ་ཀར་མགྲིན་པ་ལ་ཤིན་ཏུ་བཟང་མོ་སྟེ་ཚནདོ་ཧའོ། །ཀཱཉྩིར་སྙིང་ལ་རྟ་རྣ་མའོ། །ཁ་བའི་གནས་སུ་དབང་པོའི་རྩ་བར་མཁའ་འགྲོའི་གདོང་མ་སྟེ་ཉེ་བའི་ཚནདོ་ཧའོ། །འདི་དག་ནི་གསུང་གི་འཁོར་ལོ་སྟེས་སྤྱོད་མ་ལྟ་བུའོ། །ཡི ་དགས་ཀྱི་གྲོང་ཁྱེར་དུ་རྟགས་ལ་འཁོར་ལོ་གོ་ཆ་མའོ། །ཁྱིམ་གྱི་ལྷར་བཤད་བའི་ལམ་དུ་དུམ་སྐྱེས་མ་སྟེ་འདུ་བའོ། །སཽ་རཱཥྚ་བརླ་ཟུང་ལ་ཆང་འཚོད་མའོ། །གསེར་གྲིང་དུ་བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །ནག་རར་སོར་མོ་རྣམས་ལ་ཤིན་ཏུ ་དཔའ་མོའོ། །སིཾ་དྷུར་རྐང་པའི་རྒྱབ་ལ་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མྱ་ངམས་སུ་རྐང་པའི་མཐེ་བོང་དག་ལ་འཁོར་ལོའི་གོ་ཆ་མའོ། །ཀུ་ལ་ཏཱར་པུས་མོ་ལ་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །འདི་ནི་སྐུའི་འཁོར་ལོ་སྟེ་རྐང་འོག་གནས་པ་ལྟ་བུའོ། ། ་འཁོར་ལོ་གསུམ་གྱི་རྣལ་འབྱོར་མའི་ཚོགས་ཐབས་དང་བཅས་པ་རྩ་ཉི་ཤུ་བཞིའི་གནས་རྣམས་སུ་ཡུད་ཙམ་གྱིས་དགོད་པས་ལུས་སྦྱང་བར་བྱའོ། །ོཾ་ཨཱ:ཧཱུཾ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གི་ནི་ཀཱ་ཡ་བཱཀྩིཏྟ་སྭབྷཱ་བཱཏྨ་ཀོ་ཧཾ། ཨོཾ་བཛྲ་ཤུདྡྷ(རྒྱུད་འགྲེལ་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་གོ་ཆ་གཉིས་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུག་པ་བཅིང་བ་དང་དབང་དུ་བྱའོ། །དེ་ནས་ཇི་ལྟར་བལྟམས་པ་ཅམ་གྱིས་ན། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་ཀྱང ་ཁྲུས་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པའོ། །འདིས་ནི་དབང་བླངས་ནས། སངས་རྒྱས་ལྔའི་ཅོད་པན་དུ་བྱའོ། །དེ་ནས་མཚེད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་མཐར་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་ཅི་འདོད་པ་བཟླ་བར་བྱའོ། །བསོད་ནམས ་ཡོངས་སུ་བསྔོས་ནས་ལངས་ཏེ་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་གནས་པར་བྱའོ། །གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟི་བརྗིད་ཆེ་ཞེས་བྱ་བ་ནི་པདྨ་སྟེ་འོད་ཟེར་གྱི་ཚོགས་སྤྲོ་བར་བྱའོ། །དེ་ཡང་ནམ་དག་ལས་འདབ་མ་བརྒྱད་པའོ། །ཕྱི་རོལ་དུ་རི་མོ་རྣམས་ཀྱིས ་བསྐོར་ཞེས་བྱ་བ་ནི། པདྨ་ལས་ཕྱི་རོལ་དུ་དཀྱིལ་འཁོར་ཟླུམ་པོའི་རི་མོས་བསྒྲིབས་པ་གསུམ་པོ་ཇི་ལྟ་བུའི་རིམ་པས་རྡོ་རྗེ་དང་པདྨ་དང། འཁོར་ལོའི་རབ་གསུམ་པོ་དེ་ནི་རྩིབས་བརྒྱད་དང་བཅས་པའོ། །ཞལ་བཞིས་རྣམ་པར་བརྒྱན་པའོ། །མཆེ་བ་ནི་རྣོ་བ་དང་ཁབ་ཀྱི་རྩེ་མོ་དང་རིང ་པ་སྟེ་ཚེམས་ཀྱི་ཁྱུད་པར་རོ། །ཅུང་ཟད་ཅེས་བྱ་བ་ནི་མཆུ་བ་བྱུང་བའོ། །གཙིགས་ཤེས་བྱ་བ་ནི་བར་སྣང་ལ་བྱུང་བའོ། །གང་གི་ཁྲོ་བ་དང་བཅས་པ་དང་བཞད་པ་དེ་ནི་དེ་དང་འདྲའོ། །གང་གི་རྩ་བའི་ཞལ་ནག་པོ་དེ་ནི་དེ་ལྟ་བུའོ། །གཡས ་པ་དཀར་ཞིང་ཞིབ་དང། གཡོན་པ་དམར་པོ་འཇིགས་ཆེན་པོ། །ཞེས་བྱ་བ་འདི་ཡང་གཙིགས་པའི་ཕྱིར་རོ། །རྒྱབ?་ནི་སེར་པོ་ལྟ་བུའོ། །རིག་མ་བཞི་དང་ཞེས་བྱ་བ་ནི་ལྟུང་བར་བྱེད་མ་ལ་སོགས་པའི་རིག་མ་རྣམས་སོ། །ཕྱག་བཞིས་ཞེས་བྱ་བ་ནི་གཞུ་དང་མདའ ་དང་ལྡན་པའི་ཕྱག་ཉིས་སྤངས་པ་སྟེ། དོན་དམ་པར་ནི་བཅོམ་ལྡན་འདས་ནཾ་ཕྱག་དྲུག་པ་ཁོ་ནའོ། །མེ་ལ་སོགས་པའི་པདྨའི་མ་དབ?་མར་གནས་པ་བདུད་རྩི་ལྔ་གང་བའི་ཐོད་པར་གནས་པ། སངས་རྒྱས་གཟུགས་བརྙན་ཉེ་བར་བརྒྱན་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔའ་བོ ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ། །སྔོན་པོ་འབར་བའི་བདག་ཅེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་དངོས་པོ་སྤྲོས་པའི་ཕྱིར་རོ། །སེམས་དཔའ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་ངོ་བོའི་ཕྱིར་རོ། །དཀྱིལ་འཁོར་དམར་པོ་འབར་འདྲ་བ་ཞེས་བྱ་བ ་ནི་ཉི་མའི་འོད་ཟེར་རོ། །ཅི་དང་འདྲ་ཞེ་ན་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་པ་ཆེན་པོ་མཉམ་པའི་དུས་ཏཾ་འགྲོ་བ་འཇིག་པའོ། །དེའི་དུས་ནི་དེར་རོ། །ཆེན་པོ་ནི་མཐོན་པོའོ། །དུར་ཁྲོད་མེ་ཞེས་བྱ་བ་ནི་དེ་དང་འདྲ་བར་མཐོ་བ་སྟེ་ནམ་མཁའ་ལ་ཁྱབ་པར་གནས་པའོ།། ་འཇིག་པ་ལ་ཞེས་བྱ་བ་ནི་གནས་པ་བསྲེགས་པས་སོ། །ཆེན་པོ་ནི་སོལ་བའི་ཕུང་པོའོ། །ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པས་བསྲེགས་པས་དུར་ཁྲོད་ཉིད་འཐོབ་པ་སྟེ། གཟུགས་བརྙན་ལྟ་བུ་ནག་པོ་ཉིད་དང་ཆེན་པོ་ཉིད་ནམ་མཁར་འོད་ཀྱི་དཀྱིལ་འཁོར་ཉིད་ཀྱིས་ཁྱབ ་པས་འོག་ཏུ་ལྟུང་ཞིང་སོལ་བའི་ཕུང་པོའོ། །སྟེང་དུ་རྣམ་པར་རྒྱས་པའི་འོད་ཟེར་འབར་བས་འཇིག་པའི་དུས་ཀྱི་རབ་ཏུ་འབར་བ་ལྟ་བུ་ནི་བཅོམ་ལྡན་འདས་སོ། །དུར་ཁྲོད་ནི་འཇིགས་པ་འབྱུང་བ་ཁོ་ན་སྟེ་གྲུབ་པའོ། །འདི་ཉིད་ཡང་གསུངས་པ། གཟི་བརྗིད་ཅེས་བྱ་བ ་ལ་སོགས་པ་ནི་གོ་སླའོ། །ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་ནི་མགོ་བོའི་ཕྲེང་བའི་དོ་ཤལ་བསྟན་པའོ། །རོ་ལངས་ཚོགས་དང་ཞེས་བྱ་བ་ནི་མགོ་བོའི་ཕྲེང་བའོ། །ཕྱོགས་ལ་སོགས་པའི་ངེས་པ་མེད་པ་བསྟན་པ། ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཐམས་ཅད་དུ་ཞེས་བྱ་བ་ནི་གང་དུ་ཡིད་ལ་འདོད་པ་ཡོད་པའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པ་ལས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སྟེ་འདི་ཡང་བྱ་བའི་ཁྱད་པར་རོ། །རྣམ་པ་ཐམས་ཅད་དང་ཞེས་བྱ་བ་ནི་ལྷག་མ་དང་ལྷག ་མ་མ་ཡིན་པ་ཞེས་བྱ་བའི་རྣམ་བས་སོ། ཐམས་ཅད་དུས་སུ་ཞེས་བྱ་བ་ནི་ཐུན་ཚེད་ཀྱི་ངེས་པའི་དངོས་པོ་མེད་པས་སོ། །རང་གིས་ཞེས་བྱ་བ་ནི་བདག་ཉིད་རྣལ་འབྱོར་པས་འགྲུབ་བར་འགྱུར་བའོ། །ཅི་འདྲ་བར་གྱུར་པས་ཤེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ ་བོ་སླའོ། །ཇི་ལྟར་དེ་ལྟ་བུ་ཡིན་ཞེ་ན། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བཟླས་པ་དང་བསམ་གཏན་གྱི་ཐུན་ཆོད་བཞིས་རྣལ་འབྱོར་པ་སྔོན་དུ་བསླབས་པས་ཏེ། དེ་ཅུང་ཟད་ཁྱད་པར་དུ་གྱུར་པ་ཐོབ་པས་དུས་ཀྱི་ངེས་པ་མེད་པས་བསླབས་པས་འགྲུབ་པར་འགྱུར ་རོ་ཞེས་བྱ་བར་དགོངས་སོ། །ཅི་འདྲ་བ་བསྒོམ་པར་བྱ་ཞེ་ན། སྡོམ་པའི་མཆོག་ཅེས་བྱ་བ་སྨོས་ཏེ་ལུས་དང་དག་དང་ཡིད་སྡོམ་པར་བྱེད་པའི་ཕྱིར་སྡོམ་པའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་ཏེ། དེས་འཁོར་བ་ལས་སྒྲོལ་བའི་ཕྱིར་དེ་ནི་མཆོག་སྟེ་དེ་ལྟ་བུའོ། ། ་གང་བཞེས་བྱ་བ་ལ་སོགས་པ་ལག་དཀར་ལ་སོགས་པའི་སྔགས་ཀྱི་བཟླས་པ་འབུམ་པར་བའོ། །རྡོ་རྗེ་ཆེ། ཁྲོ་བ་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་སྟེ་དེ་དང་མཉམ་པ་ཡིན་ནོ། །མཉམ་པ་ནི་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་འཛིན་པ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ ་ཤེས་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེ་རྣམས་ཀྱི་ཚེའོ། །མདོག་ཅེས་བྱ་བ་ནི་གཟི་བརྗིད་བཟང་བའོ། །ལང་ཚོ?་ནི་ལའི་གནས་སྐབས་སོ། །གཟུགས་ནི་རྣམ་པར་མཛེས་པའོ། །སྟོབས་ནི་ལུས་ཅན་གྱི་ནུས་པའོ། །གནོད་པ་ནི་སེམས་ཀྱི་སྤྲོ་བའོ། །དངོས་གྲུབ་ཆེན་པོ ་ནི་བུག་པར་འཇུག་པ་ལ་སོགས་པའི་དངོས་གྲུབ་པ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་མཚན་ཉིད་དོ། །མི་ཟད་སེམས་ཅན་དོན་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་མངོན་པར་འདོད་པ་སྟེ། དེ་རྣམས་ཀྱི་མི་ཟད་པ་ནི་མི་ཉམས ་པའོ། །དེའི་བྱེད་པ་སྐྱེ་པ་སྟེ་མི་ཤིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་རྒྱུའི་དོན་ཏོ། །གང་གི་ཕྱིར་གོང་དུ་གསུངས་པའི་བསྟོད?་པར་གྱུར་པའི་རྣལ་འབྱོར་པ་དེའི་ཕྱིར་མ་བསྒྲུབས་ཀྱང་སྔགས་པ་ལས་བརྒྱ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཡང་ནའི་སྒྲས་ནིའང ་ཞེས་བྱ་བའི་སྒྲའི་དོན་ཏོ། །དེ་ཡང་མ་བསྒྲུབས་པར་ཡང་ཞེས་བྱ་བ་ལ་སོགས་པའི་རབ་སྦྱོར་བ་དང་བྲལ་བའང་ཞེས་པའོ། །ལན་ཅིག་བཟླས་པས་ཞེས་བྱ་བ་ནི་རེས་འགའ་བཟླས་པས་འབུམ་བཟླས་པའོ། །སྔགས་པས་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད ་ཅན་གྱི་ཡེ་ཤེས་ནི་སྔགས་ནི། དེའི་རྣལ་འབྱོར་དང་སྔགས་ཁོ་ན་འདི་ལ་ཡོད་པ་ནི་སྔགས་པའོ། །ལས་བརྒྱ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ། འདི་ཞེས་བྱ་བ་ན་ལས་བརྒྱའོ། །ལྟར་ཞེས་བྱ་བ་ནི་བསྟན་པའོ། །གནོད་པ་ནི་འཇིགས་པའོ། །ལྟུང ་བ་ཞེས་བྱ་བ་ནི་ས་ལ་གནས་པར་བྱེད་པའོ། །གཡོ་བ་ཞེས་བྱ་བ་ནི་འདར་བའོ། །དབུགས་འབྱིན་པ་ཞེས་བྱ་བ་ནི་ལྷག་པར་ཡང་དབུགས་འབྱིན་པའི་ཚིག་གོ་།རྒྱས་འདེབས་པ་ཞེས་བྱ་བ་ནི་ཡན་ལག་དང་ཉིད་ལག་མི་གཡོ་བར་བྱེད་པའོ། །ལྐུགས་པ་ཞེས ་བྱ་བ་ནི་ཡང་སྨྲ་བར་མི་ནུས་པའོ། །རེངས་པ་ནི་མི་གཡོ་བར་བྱེད་པའོ། །དབུགས་འབྱིན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱལ་བའི་རྣམ་པར་ཤེས་པ་བསླང་བར་བྱེད་པའོ། །རྨོངས་པ་ཞེས་བྱ་བ་ནི། འཁྲུལ་པར་བྱེད་པ་དང་བཅས་པའོ། །བཅིང ་བ་ཞེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པས་བཅིང་བའོ། །འགེས་པ་ཞེས་བྱ་བ་ནི་གང་གིས་ཕིག་པའི་ཁྲག་འཛག་པར་འགྱུར་བའོ། །བྱེད་པ་དང་བྲལ་བ་ཞེས་བྱ་བ་ནི་གནས་སྣ་ཚོགས་སུ་བྱེད་པའོ། །རྣམ་པར་འཇིག་བ་ཞེས་བྱ་བ་ནི། འོག་ཏུ་ཁྱེར་བའོ།། ་སྨོན་པར་བྱེད་པ་ཞེས་བྱ་བ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ངེས་པ་མེད་པར་བྱེད་པའོ། །རྣམ་པར་གཅད་པ་ཞེས་བྱ་བ་ནི། ཡན་ལག་དང་ཉིད་ལག་གཅོད་པའོ། །བསྐྲད་པ་ཞེས་བྱ་བ་ནི་གནས་ལས་བསྐྱོད་པའོ། །སྡང་བ་ཞེས་བྱ་བ་ནི་དགའ་བ་མི་དགའ་བར་བྱེད་པའོ། །འཇིག ་པ་ཞེས་བྱ་བ་ནི་རྫས་རྫས་སུ་མ་ཡིན་པ་བྱེད་པའོ། །དོན་འཕྲོག་པ་ཞེས་བྱ་བ་ནི་དོན་འགུགས་པའོ། །དུ་བར་བྱེད་པ་ཞེས་བྱ་བ་ནི་གང་གིས་དུ་ཞིང་གནས་པ་དེའི་ལས་ནི། །དུ་བར་བྱེད་པ་ཞེས་བརྗོད་དོ། །འོན་པར་བྱེད་པ་ནི་ངག་ལོག་པར་བྱེད་པའོ། །བཅིང་པ་ཞེས ་བྱ་བ་ནི་བློ་བུར་དུ་ལྕགས་ལ་སོགས་པས་བཅིངས་པའོ། །བདག་རྡུང་བ་ཞེས་བྱ་བ་ནི། བདག་གི་སྒྲ་ནི་ཡན་ལག་གི་ཆིག་སྟེ་ཡན་ལག་བློ་བུར་དུ་འཆད་པའོ། །གསོད་པར་བྱེད་པ་ཞེས་བྱ་བ་ནི་བདུད་སྦྱོར་བའོ། །འོང་བར་བྱེད་པ་ཞེས་བྱ་བ་ནི་མིག་དང་བྲལ་བར་བྱེད་པའོ།། ་ས་བོན་འཇིག་པ་ཞེས་བྱ་བ་ནི། སོ་བ་ལ་སོགས་པའི་ས་བོན་འཇིག་པའོ། །རིམ་ནད་དང་དུག་གིས་གཟུང་བར་བྱེད་པ་ཞེས་བྱ་བ་ནི། རིམས་ལ་སོགས་པ་སྦྱོར་བའོ། །སར་བྱིད་པར་བྱེད་པ་ཞེས་བྱ་བ་ནི་སར་ནུབ་པར་བྱེད་པའོ། །དམྱལ་བར་ལྷུང་བ་ཞེས་བྱ་བ ་ནི་དམྱལ་བར་བྱེད་བའོ། །བྱོལ་སོང་གི་སྐྱེ་གནས་སུ་སྒྱུར་བ་ཞེས་བྱ་བ་ནི། བྱོལ་སོང་མིར་བྱེད་པའོ། །སྐྱེས་བུ་བུད་མེད་དུ་ཞེས་བྱ་བ་ནི། སྐྱེས་བུ་བུད་མེད་ཀྱི་གཟུགས་ཀྱིས་བསྒྱུར་བའོ། །བུ་མ་བྱིན་པ་ལྟུང་བ་ཞེས་བྱ་བ་ནི་རབ་ཏུ་གྲགས་སོ། །བྷ་ག ་བཅིང་བ་ཞེས་བྱ་བ་ནི། བྷ་གཱ་བ་ཅི་བ་རྣམ་པར་བཅིང་བའོ། །ཉུག་རུམ་བྱེད་པ་ཞེས་བྱ་བ་ནི། མ་ནིང་དུ་བྱེད་པའོ། །འདོད་པའི་འདོད་ཆགས་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི། རབ་ཏུ་གྲུབ་པོ། གསོད་པ་ཞེས་བྱ་བ་ནི། གསོད་པར་བྱེད་པའོ། ། ་རང་ངམ་གཞན་གྱིས་གསོད་པ་ཞེས་བྱ་བར་རབ་ཏུ་གྲགས་སོ། །མཆོན་ཆ་འཛིན་པ་ཞེས་བྱ་པ་ནི། མཆོན་ཆ་བཟློག་པ་སྟེ་རང་ངམ་ཞེ་འམ། འདི་ལ་ཡང་བལྟ་བར་བྱའོ། །བྱ་བ་བྱེད་པ་དང། རབ་ཏུ་ལྟུང་ཞེས་བྱ་བ་ནི། བྱ་བའི་བྱེད་པ་དང ་རབ་ཏུ་ལྟུང་བའང་འཇིག་པའོ། །ཅེར་བུར་བྱེད་ཅེས་བྱ་བ་ནི། བུད་མེད་དང་སྐྱེས་བུའི་གོས་དང་བྲལ་བར་བྱེད་པའོ། །བྷ་ག་དང་བཤད་པའི་ལམ་དག་གི་ལུ་གུ་རྒྱུད་གཅིག་པ་ཞེས་བྱ་བ་ནི། བྷ་ག་ནི་ཆོས་ཀྱི་འབྱུང་ནས་དང་རྡོ་རྗེའོ། ། ་བཤད་པའི་ལམ་ནི་རབ་ཏུ་གྲགས་ཏེ། རྡོ་རྗེ་དང་པདྨ་ངག་འབྱར་བ་དང། བཤད་པའི་ལམ་ཡང་གྲོལ་བར་དཀའ་བའོ། །བྷ་ག་དང་བཤད་པའི་ལམ་བྱིང་བར་བྱེད་པ་དང་རྒོད་པར་བྱེད་པ་དང་ཁྲག་དང་ཁུ་བ་འབབ་པ་དང། ནད་དང་འཛོམས་པ་ཞེས ་བྱ་བ་ནི་བྷ་ག་དང་བཤད་པའི་ལམ་ངག་མི་བསལ་བའི་ཐ་ཚིག་གོ་།དེ་བཞིན་དུ་རྒོད་པ་ཉིད་དོ། །ཁྲག་དང་ཁུ་བ་དག་འབབ་པ་ནི་འཛག་པའོ། །དེ་ཉིད་མི་ནོད་དེ་རབ་ཏུ་འདྲ་ལ་བ་ཞེས་བྱ་བའི་དོན་ཏོ། །འཇོམས་པ་ཞེས་བྱ་བ་ནི། བྷ་ག་དང་བཤད་པའི་ལམ ་ཆད་པའོ། །ཁྲག་དང་མཛེ་ལ་སོགས་པའི་ནད་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རིམས་ལ་སོགས་པའོ། །མྱ་ངན་ཞེས་པ་ནི་ཡིད་ཀྱི་གདུང་བའོ། །སྡུག་བསྔལ་ཞེས་བྱ་བ་ནི་ལུས་ཅན་གྱི་གདུང་བའོ། །བརྡུང་བ་ཞེས་བྱ་བ་ནི་དབྱིགས་པ་ལ ་སོགས་པས་བརྡུང་བའོ། །བཅིངས་བ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པས་བྱས་པའོ། །དུམ་བུར་ཞེས་བྱ་བ་ནི། རྐང་ལག་ལ་སོགས་པ་གཅོད་པར་བྱེད་པའོ། །ལུས་ཐམས་ཅད་ཕྱེ་མར་བྱེད་པ་ཞེས་བྱ་བ་ནི། ཕུར་བུས་འདེབས་པས་སོ། །གསོད ་པར་བྱེད་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པས་མགོ་བཅད་པ་ལ་སོགས་པ་བྱས་པའོ། །ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་བ་ནི། སྐྱེ་པོ་ཐམས་ཅད་ཆགས་པའོ། །འགུགས་པ་ཞེས་བྱ་བ་ནི་ཐམས་ཅད་དགུག་པའོ། །གཞུག་པ་ཞེས་བྱ་བ་ནི་བདག? ་ཉིད་ཀྱི་དབང་དུ་བྱེད་པའོ། །གཡོ་བ་ཞེས་བྱ་བ་ནི་གཞན་དུ་ཁྱེར་བའོ། །གར་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་སོ། །ལེན་པར་བྱེད་ཅེས་བྱ་བ་ནི། གང་གི་ལས་ཀྱིས་ལེན་པ་དེ་ནི་ལེན་པར་བྱེད་པའོ། །རྒོད་པར་བྱེད་པ་ཞེས་བྱ་བ་དེ་ནི་གང་གིས་རྒོད་པ་དེའི་ལས་ནི ་བསྐོར་པར་བྱེད་པའོ། །སེམས་ཅན་ཐམས་ཅད་སྨྲ་བར་བྱེད་པ་ཞེས་བྱ་བ་ནི། མི་ལ་སོགས་པ་ལྷག་པར་སྨྲ་བར་བྱེད་པ་སྟེ། བྱོང?་སོང་ལ་སོགས་པ་ཡང་སྨྲ་བར་བྱེད་པ་ཁོ་ནའོ། །སྔོན་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་མཚན་མ་ཞེས་བྱ་བ་ནི་སུན་འབྱིན་པའོ། །སྟོན ་པ་ཞེས་བྱ་བ་ནི་དམིགས་པའོ། །རབ་ཏུ་རྙེད་པ་ཞེས་བྱ་བ་ནི་གང་གིས་སྦྱར་པ་རྙེད་པའོ། །ལྷག་མ་ནི་གོ་སླའོ། །སྔོན་མེད་པའི་མཚན་མ་ནས་ཁོལ?་མོར་བྱེད་བ་ཞེས་བྱ་བའི་མཐར་ལས་རྣམས་བལྟ་བར་བྱའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འབྱུང་བོ་ཞེས ་བྱ་བ་ནི་ཡི་དགས་སོ། །མ་མོ་ཞེས་བྱ་བ་ནི་མ་མོ་བདུན་པོ་རྣམས་སོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་རབ་ཏུ་གྲུབ་བོ། །འདུལ་བ་ཞེས་བྱ་བ་ནི། འབྱུང་པོའི་གཙོ་བོའོ?། །མཆོག་སྦྱིན་ཞེས་བྱ་བ་ནི་གདུལ་བར་དཀའ་བ་ལ་སོགས་པའོ། །ལྷ་ལ་སོགས་པ་ཐམས་ཅད་དཀའ་ ་ཡིས་ལས་ཐམས་ཅད་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་འགེས་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་འཁོར་བ་ལ་འདོད་ཆགས་དང་བྲལ་བ་འཇིག་པའོ། །བྱང་ནུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར ་བ་ལ་སྐྱེ་བ་འཇིག་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་བ་ལ་སྐྱོ་བ་སྟེ། དེའི་ལམ་ཤེས་བས་འཇིག་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། །འཁོར་བ་ལ་སྐྱོ་བ་འཇིག་པ་ཞེས་བྱ་བའི་བར་གྱིས་ནི་གཞུང་རྣམ་པར་དབྱེ་བ་མེད་པའོ། ། ་དེ་སྐད་བསྒྲགས?་པ་ཞེས་བྱ་བ་ནི་འདི་ནི་ཞེས་བྱ་བས་ལས་བརྒྱ་རྫོགས་པའོ། །དེ་སྐད་ཅེས་བྱ་བ་ནི་རིམ་པའི་དོན་ཏོ། །འདི་ཞེས་བྱ་བ་ནི། ཀར་ཀར་ཞེས་བྱ་བ་ལ་སོགས་པའི་སྔགས་སོ། །འདི་ལས་ཕ་རོལ་ཏུ་མ་བྱུང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས ་བསྡུད་པར་བྱེད་པས་རང་གི་རྒྱུད་སྤོང་བར་བྱེད་པའོ། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་བ་ནི་སྒྱུ་མ་ཐམས་ཅད་དང་མཉམ་པར་སྦྱོར་བ་འདི་ནི་མཁའ་འགྲོ་མ་སྟེ་དེ་ནི་དེ་ལྟར་རྡོ་རྗེ་?་དཔའ་འགྲོའོ། །ལས་ཐམས་ཅད་རབ་ཏུ། ་རྒྱས་པའི་ཆོ་ག་ནི་ཚ་གའི་ཐབས་སོ། །དེ་ཉིད་སྒྱུ་མ་ཆེན་པོ་ནི་རྡོ་རྗེ་མཁའ་འགྲོའི་འོ། །རྣམ་པར་མཛད་པ་ནི་སྤྲོ་བའོ། །དེའི་དོན་གྱི་སྔགས་ཀྱི་ཆོག་ནི། དེའི་རྗོད་པར་བྱེད་པ་སྟེ་ལེའུ་གཉིས་པའོ།། །།རྡོ་རྗེ་མཁའ་འགྲོའི ་རྣམ་འགྲེལ་ལས་ལེའུ་གཉིས་པའོ།། །།ད་ནི་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པའི་ཕྱིར་སྔག་སྣ་ཚོགས་པའི་ལས་རྒྱས་པ་གསུངས་པ། དེ་ནས་ཞེས་བྱ་བ་ནི། ཀ་ར་ཀ་ར་ཞེས་བྱ་བ་ནི་སྔགས་བཤད་པའི་མཐར་རོ། །དེ་བས་ཞེས་བྱ་བ་ནི་གང་གི ་སེམས་ཅན་བསམ་པ་སྣ་ཚོགས་པ་ལ་གསང་བ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་སྔགས་ལས་སྐྱེས་པ་བཅོམ་ལྡན་འདས་མས་ཞུས་པའི་མཐར། བཅོམ་ལྡན་འདས་ཀྱིས་ཆོག་འདི་མདོར་བསྡུས་པ་ཞེས་བྱ་བ་ནི་གཞུང་བསྡུས་པའི་ཕྱིར་རམ། ་གཅིག་ཏུ་བསྡུས་པའི་ཕྱིར། གཞུང་བསྡུས་པ་ལ་དོན་བསྡུས་པ་མ་ཡིན་པར་བལྟ་བར་བྱའོ། །དཔེར་ན་ཤིང་ཞེས་བརྗོད་པ་ལ་ལོ་མ་ལ་སོགས་པ་དང་ལྡན་པའི་ཁྱད་པར་ཏུ་འཕགས་པའི་དོན་རྟོགས་པར་འགྱུར་ཏེ། གཞུང་རྒྱས་པ་ལ་ཡང་དོན་རྒྱས་པར་འགྱུར ་བ་ནི། ཇི་ལྟར་འབྲས་བུ་དང་མེ་ཏོག་གིས་གུག་པའི་འདབ་མེ་དང་རྩེ་མོ་ནི་ཤིང་ཞེས་བརྗོད་དོ། །མིན་ཞེས་བྱ་བ་སྟེ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ལའོ། །དེ་བས་ན་དོན་བསྡུས་པ་ནི་མ་ཡིན་པ་ཁོ་ནའོ། །དེ་ལྟར་ཅིའི་ཕྱིར་སྙམ་པ་ལ། རྒྱས་པར་ཞེས་བྱ ་བ་ལ་སོགས་པ་གསུངས་སོ། །གལ་ཏེའང་གཞུང་བསྡུས་པས་ཀྱང་དེ་བཞིན་དོན་ཀྱང་བསྡུ་བར་ནི་མི་ནུས་སོ། །མ་བརྗོད་ཀྱང་དོན་འདུ་བའི་ཕྱིར་ཏེ། འདོད་རིས་ལ་མན་ངག་མང་བའི་ཕྱིར་རོ། །འདི་ལྟར་ཡང་གཞུང་ཉུང་བའང་དོན་མང་པོ་དཔེར་ན་ཁྱི ་རྒྱུག་གོ་ཞེས་བྱ་བ་ནི། ཁྱི་འདིར་རྒྱུག་པ་ལ་ཁྱི་འདི་རྒྱུག་གོ་ཞེས་བྱ་བའོ། །ཁྱི་འདིར་འགྲོ་བ་འམ་སྐྱེས་བུའོ་རྒྱུག་པའོ། །བཅོམ་ལྡན་འདས་ནི་ཚིགས་བཅད་མཁན་པོ་པས་གཞུང་བསྡུས་པ་ལའང་དོན་ཆེན་པོ་བྲིལ་འགལ་བ་མེད་དོ། །ཚིག་བཅད་འདི་རྐང ་པ་གཉིས་སོ། །ཅི་ནུས་ཤེ་ན། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས་ཤེས་བྱ་བ་ནི། སྒྱུ་མ་ཐམས་ཅད་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་མཉམ་པར་སྦྱོར་བའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི། གཞན་དང ་གཞན་ལ་སོགས་པར་གང་གི་བྱེད་པར་འགྱུར་ཞེས་བྱ་བའི་སྦྲུལ་པ་སྟེ། དེ་ནི་ལས་ཐམས་བྱེད་པའོ། །ཕྱིས་རྐང་པ་གཅིག་པའོ། །སྒྱུ་མ་ཐམས་ཅད་ཅེས་བྱ་བ་ནི། ལྟ་ལ་སོགས་པའི་སྦྲུལ་པའོ། །དེ་དང་ལྷན་ཅིག་ཆེན་པོ་ནི་གང་ལ་ཆེ་བ་དེ་ནི་སྒྱུ་མ་ཆེན་མོ་ཐམས ་ཅད་དོ། །འཕྲུལ་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པ་ལ་འགྲོ་བ་སྟེ། དེ་ཀུན་གྱི་དབང་ཕྱུག་ཅེས་བྱ་བ་ནི། གང་གི་ཁྱབ་པར་བྱེད་པ་དེ་ནི་རྫུ་འཕྲུལ་ཐམས་ཅད་ཀྱི་དབང་ཕྱུག་གོ་།གང་གིས་དེ་ལྟར་གྱུར་པའི་རྣལ་འབྱོར་པས་འགྲུབ་པར་འགྱུར་ཏེ། དེ་ནི་གསང་བ་བཤད ་པར་བྱ་ཞེས་བྱ་བར་དགོངས་པའོ། །ད་ནི་སྡུད་པར་བྱེད་པའི་ཚིག་ནི་འབྱུང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་པོ་ནི་སྲོག་ཆགས་རྣམས་སོ། །གདོན་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་རིག་པ་ཆེན་མོའི་སྔགས་ཀྱི་རྐང་པ་རྣམས་སོ། །དེ་ཡང་དང་པོའི ་སངས་རྒྱས་ཀྱིས་ཀྵུཎྞ་བཀུག་ནས་བཅོམ་ལྡན་འདས་ཀྱིས་སྤྲོས་པར་ཤེས་པར་བྱའོ། །དེ་ནས་ཤེས་བྱ་བ་ནི་ཞལ་གྱིས་བཞེས་མ་ཐག་ཏུ་སྔགས་སྣ་ཚོགས་བཤད་པ་ལ་སོགས་པའི་རྣམ་པར་སེམས་རྩེ་གཅིག་ཏུ་མཛད་ནས། །བཅོམ་ལྡན་འདས་ཀྱི་རིག ་མ་བཤད་དོ་ཞེས་བྱ་བར་དགོངས་སོ། །འདི་ཉིད་ཀྱི་རིམ་པ་ནི་ཧི་མནྟསས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་པོར་རེ་ཞིག་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་སྔགས་ཐམས་ཅད་འབུམ་བཟླས་པར་བྱའོ། །འདིས་ནི་ཞེས་བྱ་བ་ནི་ཧི་མ་བནྟསས་ཞེས་པ་ལ་སོགས ་པའི་སྔགས་ཀྱིས་སོ། །ཁྱིམ་གྱི་སྟེང་དུ་བཞག་པར་བྱ་ཞེས་བྱ་བ་ནི་ཤ་ཟའི་ཤིང་ངོ། །དེ་ལ་འདི་སྐད་དུ་ཡིན་ཏེ་མར་གྱི་རོའི་བརྒྱད་པའམ་ནག་པོའི་བཅུ་བཞི་པའི་མཚན་མོ་ལ་རོ་བསྲེགས་པ་ལ་དྲུལ་པའི་དབྱུག་པའི་ཤིང་སུ་སོར་བརྒྱད་པ་བླངས་ལ་སེར་མོའི་རྭའི་ནང་དུ་བཅུག་ནས ་དེ་ལ་དུར་ཁྲོད་ཀྱི་མར་རྭ་གཞུག་པར་བྱའོ། །རྭ་བསྲེགས་པས་ཡང་ཇི་ལྟར་ཤིང་དེ་ལ་ཐལ་བར་མར་གྱུར་པ་དེ་ལྟར་བླང་བར་བྱ་སྟེ། མིང་དང་བཅས་པར་གཟུང་ནས་གོང་མ་ལན་བདུན་དུ་མངོན་པར་བསྔགས་པ་དེ་ཁྱིམ་ཀྱི་སྟེང་དུ་གཞུག་སྟེ་ཇི་ལྟར་གསུངས་པ? ་བཞིན་དུ་བྱེད་དོ་ཞེས་བྱ་བ་མན་ངག་གོ་།འདི་ལྟར་ཡང་དེའི་དེ?་ལྟར་བསྲེགས་པ་ཁོ་ནའི་རྭའི་ཤ་དང་ཆེར་མས་སྦུ་གུ་ཅན་དགང་སྟེ། དེའི་ཉིན་པར་ཁོ་ན་དེ་ལྟར་ཁྱིམ་གྱི་ཁང་ཐོག་གི་སྟེང་དུ་བཅུག་ན་ཤ་ཟས་གཅེས་པ་དང་རྗེད་བྱེད་ཡང་འབྱུང་བར་འགྱུར་རོ། །བས་?་ཏོ་ལ་ཨི ་མཊཥེ?་ཨི་ཞེས་བྱ་བ་འདི་གླང་ལ་སོགས་པའི་གཞུང་དང་སྦྱར་རོ། །བ་ལང་གི་གདོང་ཞེས་བྱ་བ་ནི་བ་ལང་གི་རྭས་གཏོར་བའི་ས་མ་དག་སྟེ། སྔགས་འདིས་རབ་ཏུ་སྦྱོར་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ནམ(རྒྱུད་འགྲེལ་ཏེ། འདིས་ཀྱང་ཞིང་བསྲུང་བར་བྱེས་པ་འགྱུར་རོ། །བཀས་སྤྲིན་བཟློག་པ་གྲུབ་པ་ཞེས་བྱ་བ་ནི། བཀས?་གང་གི་སྤྲིན་བཟློག་པ་གྲུབ་པ་དེ་ནི་དེ་ལྟ་བུའོ། །འདིས་ནི་ཞེས་བྱ་བ་ནི། འཆད་བར་འགྱུར་བས། ཨིནདསས?་ཏིཎྞི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སྤྲིན་བཟློགས་འགྲུབ ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །རཏན་དགའ་མ་ཞེས་བྱ་བ་ལ་དགའ་མའི་སྒྲ་འདི་ནི་དོན་མེད་པའོ། །རཏནའི་སྒྲ་ལས་ཕ་རོལ་ཏུ་བཛྲའི་སྒྲ་གཉིས་སོ། །ཕྱི་ནས་ཧྲཱི:ཕཊ་ཏོ། །རཏན་ལས་སྔོན་དུ་ཕྱབ་འཚལ་བའོ། །དེ་བས་ན་ཨོཾ་རཏན་བཛྲ་བཛྲ་ཧྲཱི:ཕཊ་ཅེས ་བྱ་བའི་སྔགས་སོ། །དེ་བཞིན་དུ་ཡང་བཤད་པར་བྱ་སྟེ། རཏན་བཛྲ་དགའ་མ་སྟེ། ཕྱི་ནང་ཨོཾ་བཛྲ་ཞེས་བཀླག་པར་བྱའོ། །དེ་ནས་ཧ(རྒྱུད་འགྲེལ་སྒྲོ་ལས་སྔོན་དུ་སྦྱིན་པར་བྱའོ་ཞེ་དགོས་པའོ། །འདི་རབ་ཏུ་སྦྱོར་བ་ཡང་འདི་ཉིད་དུ་རྟོགས་པར་བྱའོ། །ོཾ་ཨལླཾ?་པེལླི་བར་?ལླི་ཞེས་བྱ་བ་ནི་སོ་སོའི་སྔགས་སོ། །ཙ་ར་བགྷ་ཀཎ་སཔྤ་ཞེས་བྱ་བ་ལ་སོགས་པ་སྭཱ་ཧཱའི་སྔགས་ནི་གཞན་པའི་སྔགས་སོ། །སྡིགས ་གཉིས་པོ་འདི་དག་ནི་གཅིག་ཏུ་སྔགས་པ་འདི་ནི་བ་སང?་གདོང་གི་ཆོ་གའོ། །བ་ས་ཧ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱིས་བ་ལང་གི་གདོང་ཞེས་བྱ་བའོ། །ཀ་རའི་ལྦུག?་མ་ཞེས་བྱ་བ་ལ་སོགས་པ་ནི། ཀ་ར་བཱ་རའི་ལྕུག་མ་སྟེ་ཀ་རའི་ལྕུག་མའོ། །དེས་རྣལ་འབྱོར་པས་ཆར་པ་ལ་སོགS ་འཛིན་པར་བྱེད་དོ། །ཆོག་འདིས་ཞེས་བྱ་བ་ནི། ཨིནདསས་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཆོ་གའོ། །འདི་ལ་དེའི་སྔགས་འདི་བྲི་བར་བྱ་སྟེ། སྤྲིན་ལ་ཁ་བལྟས་ནས་བསྐོར་ན་ཇི་སྐད་གསུངས་པར་འགྱུར་རོ། །ོཾ་ཛམྦེ་ལི་ཨོཾ?་ཞེས་བྱ་བ་ནི། ཀུན་བསྡུས་པ་ཏེ་འདིའི་སྔགས ་ནི་གཅིག་པའོ། །བེདྫེ?་སུཊཋི་དཱ་སི་སུཊཋི་དཱ་སི་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་གཞན་ནོ། །སྔགས་འདི་གཉིས་ནི་འབྲས་བུ་ཐུན་མོང་པའོ། །ན་ཨ་མ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུམ་གྱིས་ནི། ན་མོ་བྷ་ག་བ་ཏི་བཱི་རེ་ཤཱ་ཡ་ཞེས་བྱ་བ་ལ་སོགས་པས་ནི་རྐང་པ་བརྒྱད་པའི ་སྔགས་དང། ཨོཾ་ཨ་ཊཋོ་བ་ཊཋོ་ཞེས་བྱ་བ་ལ་སོགས་པའི་སྔགས་དང། ཨོཾ་པིངྒ་ལ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུ་བ་ཐུན་མོང་དུ་བསྔགས་པའོ། །འདི་རྣམས་གསལ་བར་འགྱུར་བ་ནི་ལེའུ་སུམ་ཅུ་རྩ་གསུམ་པ་ལས་ཤེས་པར་བྱའོ། །སོ་ཧ་ཞེས་བྱ་བ་ལ་སོགས་པ ་ལ། ཨཊཋ་ཙ་ལཎ་ཞེས་བྱ་བ་ནི་རྐང་པ་བརྒྱད་པའི་སྔགས་སོ། །ོཾ་ཨ་ར་ཨ་རྡྷེནདུ་བིནདུ་མཎྜི་ཨོཾ་ཞེས་བྱ་བ་ནི་ཨོ་ལ་ཡང་ཟླ་བ་ཕྱེད་པ་དང་ཐིག་ལེ་སྟེ་དེ་རྣམས་ཀྱི་བརྒྱད་པའོ། །འདིས་ནི་ཟླ་བ་བྱེད་པ་དང་ཐིག་ལེ་སྟེ། དེས་བརྒྱན་པའི་ཨོཾ་ནི་དེས་ཡང་དང་པོར་གནས་པས་རྐང་པ་བརྒྱད ་པ་བརྒྱན་པའོ། །?་ཨནྟནྟ་བི་ཧི་ཀ་ཨ་ཝར་ཞེས་བྱ་བ་ནི་ཕཊ་ཀྱིས་མཛའ་དང་མཐར་ཆོ་ག་དང་ཆོགས་གང་གི་ལན་གཉིས་བྱས་པ་ནི་བཏུས་པ་སྟེ་གཙོ་བོ་དེ་ལྟ་བུའོ། །ཡང་ན་ལན་གྱི་སྒྲོས་ནི་དུས་ཏེ་གང་གི་ཆོ་ག་དང་ཆོགས་ལན་གཉིས་སུ་བཏོན་པར་བྱས་པ་དེ་ནི་དེ་ལྟ་བུའོ། ། ་ཕཊ་ཀྱིས་གཉིས་སུ་བརྗོད་པ་སྟེ་དེས་ལྡན་པ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོང་མ་བཞིན་ནོ། །སྭཱ་ཧཱ་བ་བྷི་ཨོཾ་ཞེས་བྱ་བ་ནི། སྭཱ་ཧཱས་ནི་ལྷག་མ་བསྒོམས་ཏེ་སྐྱེ་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ོཾ་ཨ་ར་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ནི་སྔགས ་གསུམ་ཁོ་ན་རྟོགས་པར་བྱ་སྟེ། རྐང་པ་བརྒྱད་པ་ནི་ཉེ་བར་མཚོན་པའི་ཕྱིར་རོ། །དེ་ལ་འདི་ནི་རིག་པའི་རྒྱལ་པོའི་འཁོར་ལོ་སྒྱུར་བའི་སྔགས་ཀྱི་རབ་ཏུ་སྦྱོར་བའོ། །དེ་ལ་ཞེས་བྱ་བ་ནི་སྔགས་གསུམ་བསྒྲགས་པར་གྱུར་པའོ། །འདི ་ནི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །དེ་ཉིད་ཅི་ཞེ་ན་གསུངས་པ། རིག་པའི་རྒྱལ་པོའི་སྔགས་ཀྱི་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ། རིག་པའི་རྒྱལ་པོའི་སྔགས་ནི་རྐང་པ་བརྒྱད་པའོ། །དེའི་རབ་ཏུ་སྦྱོར་བ་ནི་ལྷའི་བསྒོམ་པ་དང། འཁོར་ལོའི་བྲི་?་སོགS ་པའི་མཚན་ཉིད་དོ། །དེ་ལ་ལྷ་ཉིད་གསུངས་པ། རང་གི་ཞེས་བྱ་བ་ལ་སོགས་པ་ནི་བདག་།རླུང་དང་མོ་དག་གི་དཀྱིལ་འཁོར་ལ་གནས་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རིར་བོ། །དེའི་སྟེང་དུ་ཁང ་པ་རྩེག་མ་སྟེ། དེའི་དབུས་སུ་སྒྲུབས་ཐབས་ཀྱི་རིམ་པས་བསྔགས་པ་རྡོ་རྗེ་ཧཱུཾ་མཛད་དུ་བསམ་པར་བྱའོ་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་རིམ་པས་བདག་ཉིད་ཀྱིས་བདག་ཉིད་རྡོ་རྗེ་ཧཱུཾ་བསམ?་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། བཞི་ཞེས ་བྱ་བ་ལ་སོགས་པ་ནི་ལེའུ་བཅུ་གཉིས་པར་གསུངས་པའི་ཆེ་གས་འདིར་གསུངས་པའི་སྐུ་མདོག་ལ་སོགས་པ་དང་ལྡན་པར་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ། །ཡན་ལག་ཉིད་ལག་ཐམས་ཅད་ལ། རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །ཞེས་བྱ་བ་ནི། ཉིད་ཀྱི ་?་ལས་རྡོ་རྗེ་མཁའ་འགྲོ་མ་སྤྲོས་ནས། གནས་ཇི་ལྟར་རྣམ་པར་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པར་འདིར་བསྟན་པའོ། །འདིས་ནི་ས་བོན་གཅིག་གིས་བསྐྱེད་པ་ཞེས་བྱ་བར་ཤེས་པར་བྱ་སྟེ། ལྟུང་བར ་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་དང་ཐོད་པ་བཞི་ཕྱོགས་དང་ཕྱོགས་དང་བྲལ་བར་གནས་པའོ། །ཧཱུཾ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྐྱེད་པར་བསྟན་པ་ཞེས་བྱ་བར་དགོངས་པའོ། །ཧཱུཾ་ནི་རྣམ་པ་བཞི་ཡི་སྔགས། །ཞལ་བཞི་ལ་ནི ་རྣམ་པར་དགོད་ཅེས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །འདི་སྐད་དུ་རྣལ་འབྱོར་པས་བཟླས་ནས་རིག་པ་ཉིད་འཁོར་ལོ་ལ་སོགས་པའི་བྲི་བར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་འབུམ་བཟླས་མཉམ? ་ཏུ་གལ་ཏེ་ཆར་དབབ་པར་འདོད་ན། དེའི་ཚེ་རྩ་བ་ནག་པོ་མེད་པའི་ཁམ་ཕོར་གཉིས་བླངས་ཏེ། འོག་གི་ཁམ་ཕོར་ལ་རླུང་གི་དཀྱིལ་འཁོར་དང་ཁམ་པོར་སྟེང་མ་ལ་ཡང་མེའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གསུངས་པ་རླུང་དང་མ་ཡིས ་གསལ་བར་བྱ་ཞེས་པ་ནི། ཁམ་ཕོར་གཉིས་རླུང་དང་མེའི་དཀྱིལ་འཁོར་གྱིས་གསལ་བར་བྱ་བར་ཤེས་པར་བྱ་ཞིང་དེ་ལ་ཁམ་ཕོར་ཞེས་བྱ་བ་ནི། རིགས་གཅིག་པའི་ཚིག་སྟེ། དེ་དག་ནི་ཁམ་ཕོར་དག་ཅེས་བྱ་བར་བལྟ་བར་བྱའོ། །ལྡོང་རོས ་གྱིས་ནི་ཞེས་བྱ་བ་ནི། དོན་ཤེས་པར་བྱ་བ་འམ། དེ་བས་ན་ཡུང་བའང་ཞེས་བྱ་བར་གྲུབ་པོ། །རླུང་དང་མེའི་འཁོར་ལོ་ནི་ཞེས་བྱ་བ་ནི། ཁམ་པོར་འོག་མ་ལ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་འཕན་གྱིས་མཚན་པའོ། །ཁམ་བོར་སྟེང་མ་ལ་མེའི ་དཀྱིལ་འཁོར་གྲུ་གསུམ་རྩེ་མོ་བདུན་པ་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་རྟོགས་པར་བྱའོ། །རང་གི་མཚན་མས་མཚན་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་དག་གི་དཀྱིལ་འཁོར་དག་གི་དབུས་སུ་ཀླུ་རྣམས་བྲི་བར་བྱ་བ་ཇི་ལྟར་བྲི་ཞེས་བྱ་བ་ལ་སོགས ་པ་ལ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་བརྒྱད་པོ་རྣམས་ཏེ་རེའུ་མིག་རྣམས་ཐིག་བཞི་བཏབ་པས་གང་གི་དབུས་སུ་རེའུ་མིག་དེའི་དཀྱིལ་འཁོར་བརྒྱད་དོ། །དེའི་སྦྱོར་བ་ནི་བྲི་བའི་མཚན་ཉིད་དོ། །ཀླུའི་དགོད་པ་གསུངས་པ། དབུས་སུ་ཞེས ་བྱ་བ་ལ་སོགས་པ་ནི་རེའུ་མིག་དབུ་མ་ལའོ། །མགོ་བོ་བདུན་ལ་སོགས་པའི་ཁྱད་པར་གྱིས་ཀླུ་རྣམས་བྲིས་ཏེ། དེའི་བརླ་གཡོན་པའི་སྟེང་དུ་ཀླུའི་བུ་མོ་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་མོག་གསུམ་མ་སྟེ། ལྷག་མ་ནི་གོ་སླའོ། །ཕྱི་རོལ་དཀྱིལ་འཁོར ་དུ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་རེའུ་མིག་རྣམས་ལ་སྟེ། གོ་རིམ་བཞིན་དུ་མཛའ་ཡས་ལ་སོགས་པ་འཆད་པར་འགྱུར་བའི་གཟུགས་མགོ་བོ་བདུན་པ་ལ་སོགས་པའི་ཁྱད་པར་གྱིས་ཀླུ་རྣམས་བྲིས་པའོ། །ཀུན་གྱི་གཡས་བར་རལ ་གྲི་འཛིན་ཅེས་བྱ་བ་ནི། གཡོན་གྱིས་ཀླུའི་བུ་མོ་མགོ་གསུམ་མ་འཁྱུད་པར་སྦྱོར་བའི་ཕྱིར་རོ། །དབུས་སུ་གནས་པ་ནི་འདབ་མ་ལ་གནས་པའི་ཡང་ཁྱད་པར་ཐམས་ཅད་ཀྱིས་སྐྱེས་པ་ཞེས་བྱ་བ་འདི་ཉིད་དོ། །དེ་ནས་སྔགས་འདིས་བསྐོར་བར་བྱ་ཞེས་བྱ་བ་ནི། ་ཨོཾ་ཧྲཱི(རྒྱུད་འགྲེལ་པ་ནི། སྡིགས་འཛུབ་དང་མཐེ་བོང་རྐན་པོ་དག་ཕྱི་རོལ་དུ་ཁ་སྦྱར་ཅིང་སོར་མོ་ལྷག་མ་མགོར་འཛིན་པའོ། །འདི་དག་ནི་སྔགས་དང་ཕྱག་རྒྱ་དག་དགུག་པ་ལ་སོགས་པར་བྱ་སྟེ། སྔགས་ཀྱི་མཐར་ཛ(རྒྱུད་འགྲེལ་མཉེས་པར་བྱེད་པའི་དོན་ཏེ། གོ་རིམ་བཞིན་དུ་ས་བོན་བཞི་བལྟ་བར་བྱའོ། །དེ་ཉིད་ནི་ཛ:ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡོང་བུ་ཞེས་བྱ་བ་ནི། པདྨ་དཀར་པོའི་སྐུད་པས་དཀྲིས་ཤིང་བདུད་རྩི་ལྔས་བསྒོས་པའམ། ཨརྐའི་བལ་གྱིས་སྤྲས ་པའི་སྡོང?་བུའོ། །དེ་དང་ཞེས་བྱ་བ་ནི། དེ་ལ་ཡང་ཞེས་བྱ་བའི་དོན་ཏེ། དེ་ལ་སྟེང་དུ་ཁམ་པོར་ལ་རི་རབ་བསམ་པར་བྱ་བའི་ཕྱིར། བྲི་བར་བ་ཞེས་གསུངས་པ་ནི་བསམ་པར་བྱ་ཞེས་བརྗོད་པ་སྟེ་བསྒོམ་པར་བྱ་བའང་རི་རབ་ཀྱི་དོན་བསྟན་པའོ། །དེའི ་སྟེང་དུ་ཉི་མར་གནས་པའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཚོགས་སྤྲོ་བར་མཛད་པར་བྱའོ། །དེ་ཉིད་ནི་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བསམ་པར་བྱ་ཞེས་བྱ་བ་ནི་རང་གི་གཟུགས་ཤེས་བྱ་བའོ། །འདི་ལྟར་ཁམ་ཕོར་གཉིས་མཉམ ་པར་སྦྱར་ནས། ཀ་ར་ཀ་ར་ལ་སོགས་པའི་སྔགས་སམ་རྐང་པ་བརྒྱད་པའི་སྔགས་སམ་སྔགས་དག་དང་རྐང་པ་བརྒྱད་པ་བསྲེས་པས་གནས་པ་དག་ཅིག་བཟླས་པར་བྱའོ། །དེ་ཉིད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དང་ཞེས་བྱ་བ་ནི་ངེས་པར་གཟུང ་བའོ། །བཞིའི་ནང་ནས་སྔགས་ཅིག་ལན་བརྒྱད་རྩ་བརྒྱད་བཟླས་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་བཞི་པའི་རྣལ་འབྱོར་གྱིས་སྔགས་གསུམ་མམ། ཕྱག་དྲུག་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཀར་ཀར་ཞེས་བྱ་བ་ལ་སོགས་པ་སྟེ། ་སྔགས་གསུམ་པོ་ལ་ནི་མ་ཡིན་ནོ། །དེ་དག་ཁམ་ཕོར་ཁ་སྦྱོར་གྱི་ཆོ་གས་བཞག་བར་བྱ་བ་ནི་ཕྱི་རོལ་ཏུ་མཐོན་པའི་གནས་སུ་མཆོད་པ་ལ་སོགས་པ་མདུན་དུ་བཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ནམ་མཁའ་ཐམས ་ཅད་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པར་བསམས་པ་ལ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསམ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གང་དག་གི་དང་པོའི་རྒྱུ་དེའི་ནི་ཧཱུཾ་མཛད་ལ་སོགས་པ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱི་འོད་ཟེར་རྣམས་སོ། །རང ་གི་ཡན་ལག་གི་བླུགས་གཟར་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མཚན་མས་མཚན་པ་དེས་སོ། །རྡོ་རྗེ་ཉི་མའི་ཞེས་བྱ་བ་ནི་ཁམ་པོར་གྱི་སྟེང་དུ་བསམ་པའི་རྡོ་རྗེ་མཁའ་འགྲོའི་ཚོས་ཀྱིའི། །བླུགས་ཤེས་བྱ་བ་ནི། ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བར་བསམས ་བའོ། །སྔགས་བརྒྱ་རྩ་བརྒྱད་བཟླས་པའི་མཐར་ཆོ་ག་འདིས་ངེས་པར་འཆར་འབབ་བོ། །མངོན་པར་འདོད་པའི་གནས་སུ་ཆར་དབབ་པའི་དོན་དུ་སྦྱོར་པ་ནི་རང་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཞལ་བཞིར་རྣལ་པར་སོད?་ཅིང་ཧཱུཾ་ལས་བྱུང ་བར་བསམ་མོ། །ཞེས་བྱ་བ་ནི། དེས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། ཞལ་བཞི་ལས་ཧཱུཾ་བཞི་པོ་རྣམས་བཏོན་པར་བསམ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཛད་པ་ཡང་ཅི་ཞེ་ན། ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྡིགས་མཛུབ་ཀྱི་? ་?་དགོང་པ་ཧཱུཾ་གི་འོད་ཟེར་ཞེས་བྱ་བ་གསུངས་སོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ། །སྤྲིན་འཇིག་པར་ཞེས་བྱ་བ་ནི། འདོད་པའི་གནས་སྤངས་པ་སྟེ་མེ་ལྟ་བུར་སྤྲིན་འཇིག་པའོ། །དེས་ཕྱག་རྒྱ་བཅིང་བར ་གནས་པས་སྡིགས་མཛུབ་གཉིས་ཀྱི་རྩེ་པོར་དགོད་པའི་ཧཱུཾ་གི་འོད་ཟེར་དག་བསམས་པས་སོ། །ཕྱག་རྒྱ་དེ་དང་སྡིག་མཛུབ་གཉིས་དང། མཐེ་ཆུང་གཉིས་ཕན་ཚུན་དུ་བཅིངས་པར་གནས་པ་ཞེས་པའོ། །བསམ་ཞེས་བྱ་བ་ནི་འདི་སྐད་དུ་བདག་ཉིད་རྡོ་རྗེ་མཁའ་ ་འགྲོའི་གཟུགས་སུ་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མོད་ཀྱི་བསམ་གཏན་འབའ་ཞིག་ནི་མ་ཡིན་ཏེ་སྔགས་ཀྱང་བཟླས་པར་བྱའོ། །དེ་ཉིད་ནི་སྔགས་བཟླས་པར་བྱའོ་ཞེས་བྱ་བ་གསུངས་སོ། །ལྷག་མ་ནི་གོ་སླའོ། །རྐང་པ་བརྒྱད་པའི་བདག་ཉིད ་ཅན་གྱི་སྔགས་འདིས་ནི་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱི་གང་ཞིག་རིག་པའོ་རྒྱལ་པོ་སྟེ། རྐང་པ་བརྒྱད་པའི་སྔགས་དེ་བཟླས་པར་བྱའོ། །ནམ་ཞེས་བྱ་བའི་སྒྲ་ལས་ནི། ཀ་ར་ཀ་ར་ལ་སོགས་པ་ཡང་བཟླས ་པ་ཁོ་ནར་?་ཞེས་བྱ་བའོ། །བཟླས་པ་ངེས་པར་བྱའོ་ཞེས་བསྟན་པའི་ཕྱིར། །སྦྱོར་བའི་དམ་ཐག་དུ་དཀྱིལ་འཁོར་ཆེན་པོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི། རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། ་དེ་རྣམས་ཀྱི་རྣལ་འབྱོར་ནི་སྟེང་དུ་བསྒོམས་པས་ཀུན་ཏུ་གནས་པའོ། །ཕྱི་རོལ་དཀྱིལ་འཁོར་?་འབབ་པ་དང་འཛིན་པ་དང། །བཞི་ཞེས་བྱ་བ་སྟེ། ཕྱི་རོལ་གྱི་གནས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་དང་དཀྱིལ་འཁོར་དང་ཞེས་པ་དེ་ནི ་དེ་ལྟ་བུའོ། །དེ་ཡིས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར་ཡེ་ཤེས་ས་བོན་ཞེས་བྱ་བ་ལ་ཡེ་ཤེས་ས་བོན་ནི་ཧཱུཾ་ངོ། །འདིས་ནི་རྡོ་རྗེར་བ་ལ་སོགས་པར་བརྙེགས་སོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི། རླུང ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རོ། །ཟླ་བ་རྡོ་རྗེ་ཆོ་ག་ཡིས་ཞེས་བྱ་བ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཞེས་བྱ་བར་བརྙེགས་སོ། །འདིས་ནི་འདི་བརྗོད་དེ་སྟེང་དང་སྟེང་དུ?་བསྒོམས་པས། ་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་བོ། །དེའི་སྟེང་དུ་སྣ་ཚོགས་པདྨ་རྡོ་རྗེས་མཚན་པ་དེའི་ནང་དུ་ཆོས་ཀྱི་ནང་དུ་གནས་པ་སྟེ། རྣམ་པར་སཱང?་མཛད་ཡོངས་སུ་གྱུར་པ་གྲུ་བཞི་པ་ལ་སོགས་པ་དང་ལྡན་པའོ། །གྲུ་བཞི་པ་ལ་སོགས ་པ་ནི་འཆད་པ་འགྱུར་བའི་ཕྱིར། ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་དང་སྦྱར་རོ། །དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པའི་གཞུང་དང་ད་ནི་སྦྱར་བར་བྱའོ། །དེ་དང་དེའི་ཁང་པ་རྩེག་མའི་དབུས་སུ་པདྨ་དཀར་པོའོ། །ད་ནི་པདྨའི་སྟེང་དུ་དང་བའི་དཀྱིལ ་འཁོར་རོ། །དེའི་སྟེང་དུ་?་བའི་ཆོ་གས་རྡོ་རྗེ་མཁའ་འགྲོ་མ་བསྒོམ་པར་བྱའོ། །ཞེས་བྱ་བར་སྦྱོར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་གསུངས་པ། ཕྱག་བཞི་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཧྲཱི:ལས་བྱུང་བ་ཞེས་བྱ་བ་ནི་དེ་དང་ཧྲི(རྒྱུད་འགྲེལ་གྱུར་པའི་རལ་གྲིའི་ཁུ་ཚུར་ལ་དས?་བྱིན་གྱིས་བརླབས་པ་ཡོངས་སུ་གྱུར་པའོ། །འཆད་པར་འགྱུར་བའི་ཕྱིར་འདི་ནི་རྡོ་རྗེ་མཁའ་འགྲོ་མའི་འཁོར་ལོའོ། །དེ་ཉིད་ནི་མཁའ་འགྲོ་མའི་འཁོར་ལོ་ཞེས་གསུངས་སོ། །འཇིགས་པ་ཡང་ནི་འཇིགས་མཛད་མ ་ཞེས་བྱ་བ་ནི། འཇིགས་པར་བྱེད་པ་ནི་གང་གི་ཕྱིར་འཇིགས་པ་སྟེ། བདེ་བྱེད་མ་ལ་སོགས་པའོ། །དེ་དག་ཀྱང་འཇིགས་པར་མཛད་པའི་མཁའ་འགྲོ་མའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ཉིད་གསུངས་པ་གྲུ་བཞི་བ་ལཱ་ཞེས་བྱ་བ་ལ་སོགས་པ་མི ་གོ་སླའོ?། །འདིས་ཡང་མན་དགྲ་ནི་རྟ་ཐབས་མེད་པའོ། །མེར?་གྱི་སྒྲུབ་ཐབས་ཀྱི་དོན་གསུངས་པ། ཕྱི་མ་དེ་ཐུག་ཏུ་ཡང་ཞེས་བྱ་བ་སྟེ། ཀླུ་ལ་སོགས་པའི་དགོང་བ་ལ་སོགས་པའོ། །དེའི་ཀླུང་གི་མཚམས་སུ་རྫིང?་བ?་བྱའོ་ཞེས་གསུངས་པ། ་གྲུབ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །?་རྣམས་འཚེད་པར་བརྩོན་ཞེས་བྱ་བ་ནི། ཉ་རྣམས་གཅོད་ཅིང་དུམ་བུར་ཟ་ཞེས་བྱ་བ་ཇི་སྙེད་པའོ། །རྒྱ་མཚོ་སྐད་ཅིག་འཁྱིལ་བ་དང། རླབས་དང་དབའ་རླབས་ཅ་ཅོ་དང། ཞེས་བྱ་བའི ་མཐར་རྫིང?་བུའི་ཁྱད་པར་རོ། །ཐམས་ཅད་དུ་འདི་ལ?་འདོད་རིས་ཀྱི་ཕྱིར་ཚོནདེའི?་ཚིག་མ་མཐོང་ངོ། །རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་བྲི་བ་དང་བསྒོམ་པ་སྟེ། རང་གིས་ནི་མཆོད་པ་ལ་སོགས་པར་བལྟ་བར་བྱའོ། །ཆོག་འདིར་ནི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་འཆད ་བར་འགྱུར་བའི་ཆོ་ག་ནི་རིག་མ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་མཆེན་མོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ། དེ་དང་འཁོ་ལོའི་དབུས་སུ་མཁའ་འགྲོ་མའི་འཁོར་ལོ་ཞེས་གོང་དུ་གསུངས་པའི་ཕྱིར་རོ། །ཀླུའི་རྒྱལ་པོ་དེ་ནས་དགོད་ཅེས་བྱ ་བ་ནི། རིགས་ཀྱི་གཅིག་གི་ཚིག་གོ་།དགོད་ཅེས་བྱ་བ་ནི། ཤར་ལ་སོགས་པའི་ཕྱོགས་རྣམས་དགོད་པ་སྟེ། མཛའ་ཡས་ལ་སོགས་པ་དགོད་དོ་ཞེས་བྱ་བའི་དོན་ཏོ། །མགོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི། སྒོ་བཞི་པོ་རྣམས་སུ་ཀླུ་གཉིས ་གཉིས་ཀྱི་མགོ་བོ་གཉིས་ཀྱི་མགོ་བོ་གཉིས་དང་མགོ་བོ་གཉིས་སུ་འདོད་དེ་ཞེས་བྱ་བར་བལྟ་བར་བྱ་སྟེ། མགོ་བོ་གཉིས་གཉིས་ཤེས་བྱ་བའི་དོན་ཏོ། །དེ་ཡང་རྒྱལ་བ་ལ་སོགས་པའི་ཀླུ་རྣམས་དེ་བཞིན་དུ་སྒོ་རྣམས་སུ་དང་མཛའ་མ་མཚམས་རྣམས་བསྐོར ་བར་བྱ་ཞིང། ཀླུ་གཉིས་གཉིས་ཀྱི་སྦྲུལ་མགོ་གཉིས་གཉིས་བཏེག་པ་སྒོ་དང་སྒོར་བཞག་པའོ། །ཐ་མ་ཞེས་བྱ་བ་ནི་ཐ་མའི་རྔ་མ་དག་གིས་མཚམས་དང་མཚམས་སུ་ཕན་ཚུན་དུ་དཀྲི་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལ་ཡང་ཤར་གྱི་སྒོར་རྒྱལ་བ ་དང་བཟང་པོའོ། །བྱང་དུ་དཔལ་དང་དགའ་བའོ། །ནུབ་ཏུ་བཟང་པོའི་ཆར་དང་སྡུག་པའོ། །ལྷོ་ལ་མྱུར་བ་དང་དབྱངས་སོ། །འདི་ཡང་མཛའ་ཡས་ལ་སོགས་པའི་མདོག་སྟེར་བར་གྱུར་པའོ། །རྒྱལ་བ་དང་དཔལ་དང་དགའ་བ་དང་ཆར་བཟང་པོ་དབང ་སྡུག་པ་དང་མྱུར་བ་དང་དབྱངས་དང་བཟང་པོ་དག་ཕན་ཚུན་རྔ་མ་དཀྲིས་པའོ། །ཤར་དུ་ཞེས་བྱ་བ་ནི། པདྨའི་དབུས་སུ་རྡོ་རྗེ་མཁའ་འགྲོ་མས་མནན་པའི་ཤར་གྱི་འདབ་མ་ལའོ། །མཛའ་ཡས་སྦྲུལ་མགོ་བདུན་པའི་གདོང་ཅན་ཞེས་བྱ་བ་ནི། ཀླུ་རྣམས་ཐམས་ཅད ་ལ་ཡང་མཚུངས་སོ། །ཀླུ་མོ་གཉིས་སུ་གནས་པ་ཞེས་བྱ་བ་ནི། ཀླུ་མོ་རྣམས་སོ་སོར་ཀླུ་རྣམས་ཀྱི་ངོས་གཉིས་སུ་གནས་པ་ཞེས་བྱ་བའི་དོན་ནོ། །འདི་རྣམས་ཀྱང་སྦྲུལ་མགོ་གསུམ་ཉིད་དེ་དེ་ཡང་གོང་དུ་གསུངས་པ་ཁོ་ནའོ། །ལག་པ་དག་མཚོ་སྐྱེས་ཀྱིས ་བྲེལ་བ་ཞེས་བྱ་བ་ནི། གང་དག་གི་ལག་པ་མཚོ་སྐྱེས་ཀྱིས་བྲེལ་བ། དེ་དག་གི་ལག་པ་དག་མཚོ་སྐྱེས་ཀྱིས་བྲེལ་བ་ཞེས་བྱ་བའི་དོན་ཏོ། །བྱང་དུ་ཞེས་བྱ་བ་ལ་སོགས་པ་ནི། ནོར་རྒྱས་ཀྱི་བུ་ལ་སོགས་པའི་དགོད་པ་གསུངས་ཏེ། དེ་ཡང་གོ་སླའོ། །སྔོན་དུ ་གསུངས་པའི་རིམ་པས་བྲི་བར་བྱའོ། །ཇི་ལྟར་མཛའ་ཡས་སྦྲུལ་མགོ་བདུན་པ་ལ་སོགས་པ་དང་ལྡན་པ་དེ་བཞིན་དུ་ནོར་རྒྱས་ཀྱི་བུ་ལ་སོགས་པ་ཡང་འདིའི་དོན་ཏོ། །ཀླུ་རྒྱད་པོ་རྣམས་ཀྱིས་ཞེས་བྱ་བ་ནི། ཀླུ་བརྒྱད་པོ་རྣམས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི ་གོ་སླའོ། །སྤྲིན་གྱི་དབང་ཕྱུག་གི་རྒྱལ་པོ་ཆེན་པོ་ཕྱོགས་བརྒྱད་ནས་བཀུག་ཅེས་བྱ་བ་ནི། ཤར་ལ་སོགས་པའི་ཕྱོགས་བརྒྱད་པོ་རྣམས་སུ་སྦྲིན་གྱི་རྒྱལ་པོ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །བཀུག་ཅེས་བྱ་བ་ནི། འདིའི་དོན་ནི་རྣམ་པར་དཔྱད་ཅེས་བྱ ་བའི་དོན་ཏོ། །ལྷ་གང་ཞེ་ན་སྒྲ་སྒྲོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་གྱི་སྒོ་ལ་སྒྲ་སྒྲོགས་སོ། །བྱང་གི་སྒོ་ལ་ནི་རྒྱལ་བ་དང། ནུབ་ཏུ་ནི་འཇིགས་པའོ། །ལྷོ་ལ་ནི་འགུགས་པའོ། །འདི་རྣམས་ཀྱང་མཛའ་ཡས་ལ་སོགས ་པ་རྣམས་དང། སྟོབས་ཀྱི་རྒྱུའི་མཐར། གོ་རིམ་བཞིན་དུ་དེའི་འདོག་དང་བཅས་པའོ། །དབང་ལྡན་དུ་ནི་གཏུམ་པོའོ། །མེར་ནི་ཆར་བའོ། །བདེན་བྲལ་དུ་སྔོན་གྱི་རབས་སོ། །རླུང་དུ་གཡོ་བའོ། །འདི་རྣམས་ཀྱང་གོ་རིམ་བཞིན་དུ་དུང ་སྐྱོང་ལ་སོགས་པའི་མདོག་གོ་།སྟེང་དུ་སྦྲུལ་མགོ་གཅིག་པ་སྤྲུལ་གྱི་རྣམ་པའོ། །འོག་ཏུ་ནི་སྤྲིན་གྱི་ལུས་སོ། །རྒྱལ་བ་ལ་སོགས་པ་ནས་དབྱངས་ཀྱི་མཐར། །ཀླུ་གཉིས་གཉིས་ཀྱི་སྒོར་བཞག་བར་བྱ་སྟེ། དེས་ནི་སྤྲིན་གྱི ་རྒྱལ་པོའི་ནང་དུ་འཇུག་པར་བརྗོད་དོ། །ཞེས་མན་ངག་གི་དོན་ཏེ། །ཀླུ་ནི་རྒྱལ་བ་ལ་སོགས་པའོ་ཞེས་གསུངས་སོ། །དེ་ཡང་རྣམ་པར་དབྱེ་བ་མེད་པའོ། །དབྱངས་ཤེས་བྱ་བ་ནི་སྒྲའོ། །གཞན་ལ་ཡང་དེ་ལྟར་ཨའི་རྣམ་བའི་མཛའ་འོ། །སྤྲིན ་གྱི་རྒྱལ་པོ་ཞེས་བྱ་བ་ནི་གོ་སླའོ། །རྒྱལ་བ་ལ་སོགས་པ་གཉིས་གཉིས་ཀྱི་གོ་རིམ་བཞིན་དུ་གཟུང་ནས་དཀྱིལ་འཁོར་གྱི་ཤར་ལ་སོགས་པ་སའི་མདོག་གེ་།གོང་དུ་གསུངས་པ་དག་གི་སྔགས་དང་ཕྱག་རྒྱ་དག་གིས་ཀླུ་རྣམས་དང་སྤྲིན་རྣམས་དགུག་པ་ལ ་སོགས་པ་བྱ་ཞིང། ཁམ་ཕོར་གྱི་འོ་མ་བརྒྱད་སྦྱིན་བར་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་ལ་ཡང་ཨོཾ་བྷུརྦྷུ་བ(རྒྱུད་འགྲེལ་འཐུང་བྱའོ། །མཛའ་ཡས་ལ་སོགས་པའི་ཀླུ་བརྒྱད་ལ་ཕྱག་རྒྱ་སྦྱིན་པར་བྱ་སྟེ། ཇི་ལྟར་ལག་པ་གཡོན་པའི་ཁུ་ཚུར་ལ་མཐེ་བོ་དང་མཐེ་ཆུང་བརྐྱང་བ་ལ་ལག་པ་གཡས་པའི་གྲུ་མོ་བཞག་སྟེ་གཡས་པའི་ལག་པ་སྤྲུལ?་མགོའི་རྣམ་པར་གཟུང ་བའོ། །སྦྱིན?་གྱི་ཕྱག་རྒྱ་ནི་ལག་པ་གཉིས་དག་གིས་འདོད་པ་བསྐོར་བར་བྱ་སྟེ། ཕྱོགས་བརྒྱད་དུ་བསྟན་པའོ། །འདིའི་སྔགས་ནི་ཨོཾ་གྷི་ལི་གྷི་ལི་བརཥ་བ་རཱ་བ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་འདིའི་ཕྱག་རྒྱ་གཉིས་ཀྱི་སྔགས། ། ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་དམ་ཚིག་གི་མཁའ་འགྲོ་མ་རྣམས་ལ་ཛ(རྒྱུད་འགྲེལ་ཨོཾ་གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པས་ནི་སྤྲིན་རྣམས་ཀྱིས་འདི་ལྟར་ཆར་འབེབས་པར་འགྱུར་རོ། །ཡང་ནི་ཕྱག་རྒྱ་མ་བྱས་པར་སྔགས་བཟླས་པར་བྱའོ། །མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་ཅེས ་བྱ་བ་ནི་གོ་སླའོ། །རྣལ་འབྱོར་གཞན་གསུངས་པ། བྱིན་ཟ་ཞེས་བྱ་བ་ལ་སོགས་པ་ནི་བུད་མེད་ཀྱི་ཐོད་པ་གཉིས་ལ་འགེའུ་ཝང་གིས་མེའི་དཀྱིལ་འཁོར་གྲུ་གསུམ་རྩེ་མོ་བདུན་པ་ཅན་གཉིས་བྲི་བར་བྱའོ། །འདི་ཉིད་གསུངས་པ། བུད ་མེད་ཅེས་བྱ་བ་ལ་བུད་མེད་ཡང་དག་པར་ཤེས་པར་བྱ་བ་ནི། བུད་མེད་ཅེས་བྱ་བ་སྟེ་དེ་ནི་རང་གི་དོན་ཅན་ནོ། །སྟེང་དང་འོག་གི་དབྱེ་བས་ཞེས་བྱ་བས་ནི། སྟེང་དང་འོག་དག་སྟེ། དེ་དག་གི་དབྱེ་བ་ནི་སོ་སོར་འགྱུར་ཞིང་སྟེང་དང་འོག ་གི་ཐོད་པ་དག་ལ་བྲི་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་ཁྲག་ནི་བ་ལང་གི་འགིའུ་ཝང་གིས་བྲིས་མེའི་དཀྱིལ་འཁོར་གཉིས་ཀྱི་གྲུ་གསུམ་རྣམས་ལ་ཀྵུཾ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་ནང་དུ་ཕྱོགས་དང་མཚམས་སུ་ཧྲི: ་བརྒྱད་བྲི་བར་བྱའོ། །དེ་ཉིད་གསུངས་བ། ཀྵུ་དང་ཧྲི(རྒྱུད་འགྲེལ་བའི་ཚིག་རྐང་?། །དེ་ཉིད་གསུངས་པ། དབུས་སུ་སྒྲུབ་བྱའི་བུད་མེད་ཀྱི་མིང་ཀུན་ཞེས་བྱ་བ་ནི། དབུས་སུ་བདུན་པ་མཆིས་པའོ། །ཕྱི་རོལ་དུ་རི་མོ་གསུམ་གྱིས་བསྐོར་བ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་གཉིས་ཀྱི་ཕྱི་རོལ་དུ་རི་མོ ་གསུམ་གྱིས་བསྐོར་བའོ། །ཕྱི་རོལ་ཞེས་བྱ་བ་ནི་ཕྱིས་ཏེ་རྣམ་པ་དབྱེ་བ་མེད་པ་ཅན་ནོ། །རི་མོ་གསུམ་གྱིས་བསྐོར་བ་ནི། མ་ཛ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷག་མ་ནི་གོ་སླའོ། །?་མར་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག། ་བར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་དང་སྦྱར་དོ?། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་དང་བྲལ་བའི་གནས་སོ། །འདིས་ནི་འདི་བརྗོད་དེ་རྡོ་རྗེ་སེམས་དཔའ་ཡུངས་མར་གྱིས་བྱུགས་ཏེ་བརྡུངས་ལ་དབྱེན་པའི་ཕྱོགས་སུ་བསྐམ་ཞིང ་རང་ཡང་དེ་ཉིད་དུ་གནས་ཏེ་ང་རྒྱལ་དང་བཅས་པར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་བའི་སྔགས་བཟླས་པས་ལྷའི་རྒྱལ་པོ་ཆར་འབེབས་བར་འགྱུར་རོ། །ཇི་ལྟར་བཟླས་ཤེ་ན། ཀུན་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྗེས་སུ་འབྲང་ཞེས་བྱ་བ ་ནི་ལས་ཀྱི་རྡོ་རྗེ་སྟེ། གང་གི་རྗེས་སུ་འབྲང་བ་ཀུན་ཞེས་པ་དེ་ནི་དེ་ལྟ་བུའོ། །རྗེས་སུ་འབྲང་བའི་ཕྱོགས་ལ་ཡང་དོན་འདི་ཉིད་དོ། །བོས་པས་ཞེས་བྱ་བ་ནི་ང་རྒྱལ་དང་བཅས་པའོ། །འདོད་བ་ཞེས་བྱ་བ་ནི་ཆར་སྟེར་བའི་སེམས་སོ། །ཆུ་སྦྱིན་ཕྱོགས ་སུ་ཞེས་བྱ་བ་ནི་གང་གི་ཁ་ཤར་ཕྱོགས་ལས་ཅུང་མེའི་མཚམས་སུ་དམིགས་པ་དེ་ནི་དེ་ལྟ་བུའོ། །འདིར་ཡང་དབང་པོས་ཆར་འབེབས་པར་འགྱུར་ཞེ་ན། དབང་པོ་ལ་སོགས་པ་གསུངས་ཏེ། སྒྲིན་དུ་གྱུར་བས་དབང་པོ་ཆར་འབེབས་སོ་ཞེས་བསྟན ་པའི་ཕྱིར་རོ། །གལ་ཏེ་ཆར་མི་འབབ་ན་དེའི་ཚེ་ཕྱག་ན་རྡོ་རྗེའི་སྔགས་བཟླ་བར་བྱའོ། །དེ་ཉིད་ནི་མིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ཕྱག་ན་རྡོ་རྗེའི་སྔགས་ཏེ། ཕྱག་ན་རྡོ་རྗེ་སྟེ་སྔགས་དང་ལྷ་དག་ཐ་མི་དད་བའི་ཕྱིར་རོ། །ཡང་ན ་དོན་ཇི་ལྟ་བ་བཞིན་དུ་ངེས་བསྒོམ་པ་དང་བཟླས་པས་ཀྱང་སྔགས་ཀྱི་གཟུགས་ཀྱིས་དེ་ཆར་འབེབས་སོ་ཞེས་བྱ་བར་དགོངས་སོ་འདི་ཉིད་གསུངས་བ། བཟླས་ཞེས་བྱ་བ་ལ་སོགས་པའོ། །དེའི་སྔགས་ཞེས་བྱ་བ་ནི། དཔལ་ཕྱག་ན་རྡོ་རྗེ་དེའི་སྔགས་ཏེ། ་དེའི་སྟགས་བཟླས་པར་བྱའོ། །དེ་ནས་ཇི་སྐད་གསུངས་པར་འགྱུར་རོ། །སྔགས་ནི་ཨོཾ་ན་མོ་ནཱི་ལ་ཞེས་བྱ་བ་ལ་སོགས་པའོ། །དཔལ?་ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ་ཧཱུཾ་ལས་བྱུང་བ་ཕྱག་གཉིས་ནི། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། འདོད་བའི་གཟུགས་འཛིན ་ཅིང། སྔགས་ལས་གསུངས་པའི་གཟུགས་སོ། །གླང་པོའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ནས་སྔགས་བཟླས་ཞེས་བྱ་བའི་མཐར་ཚིགས་བཅད་གཅིག་གིས་རབ་ཏུ་སྦྱོར་བ་གཉིས་སོ། །གླང་བོ་དབང་པོ་ཞེས་བྱ་བ་ནི། །སྦྲུལ་གདོང་གཉིས་པའོ། །དེའི་ལུས་ནི་ཤ་སྟེ ་དེའི་ཤ་དང་ཁྲག་དང་དེས་ཁམ་ཕོར་ལ་ཀླུ་མཛའ་ཡས་ལ་སོགས་པས་གོང་མ་བཞིན་དུ་མངོན་པར་བྲིས་པའོ། །དེ་ཉིད་གསུངས་པ། ཁམ་པོར་ཞེས་བྱ་བ་ནི་རྫའི་སྣོད་དོ། །གང་དུ་བཞག་ཅིང་གདུང་བར་བྱ་ཞེ་ན། ནམ་མཁར་ཞེས་གསུངས་ཏེ་བར་སྣང་ལ་ཞེས་བྱ་བའི་དོན ་ཏོ། །ཇི་ལྟར་སོལ་བ་ལ་སོགས་པའི་སྦྱོར་བ་མེད་པར་གྱུར་བ་དེ་བཞིན་དུ། ཁམ་པོར་ལ་ཀླུ་བྲི་བར་བྱས་ཏེ། ཀ་དམཐ་ཤིང་གི་མེས་སྒྲུབ་ཅིང་གདུང་པ་ཞེས་བྱ་བ་ལ་སོགས་པར་དགོངས་སོ། །ཅིའི་དོན་དུ་ཞེ་ན་གསུངས་པ། ཆར་པ་ལ་ཞེས་བྱ་བ་ནི་རྒྱུ་མཚན་ཀྱི ་བདུན་པའོ། །ཅིང་འགྱུར་ཞེ་ན། སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་སམ་གཞན་བཟླས་པར་བྱ་བའི་ཕྱིར། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །མེ་ཏོག་རྙིང་པས་ཞེས་བྱ་བ་ནི་རྡོ་རྗེ ་ཧཱུཾ་མཛད་དང་འབྲེལ་བའི་སྤྲིན་རྣམས་ལ་བདུག་པར་བྱ་བའི་ཕྱིར། སྤྲིན་ལ་ཁ་བལྟས་ཏེ་བདུག་པ་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཁྱིམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱིམ་གྱི་སྟེང་དུ་བདུགས་ནས་ཕྱོགས་ཀྱི་གོས་དང་སྤྲིན་ལ་བདུག་པར ་བྱས་ནས་སྔགས་བཟླ་བར་བྱ་སྟེ། དེ་ནས་ཆར་འཆད་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །དུག་ལ་སོགས་པས་ཞེས་བྱ་བ་ནཱི་ཁམ་ཕོར་སོ་མ་བཏང་བ་གཉིས་ལ་མིའི་དཀྱིལ་འཁོར་རོ། །དེ་ནས་རླུང་གི་དཀྱིལ་འཁོར་རོ། །དེ་ནས་དབང་ཆེན་གྱི་དཀྱིལ་འཁོར་ཏེ། ་རཾ་དང་ཡཾ་དང་ལམ་ལས་རྫོགས་པ་རྣམས་གོ་རིམ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་གསུམ་གྱི་དབུས་སུ་ཡང་ཆུའི་དཀྱིལ་འཁོར་གྱི་དབུས་སུ་སོན་བ་ཆུ་སྐྱེས་འདབ་མ་བརྒྱད་པ་བྲི་བར་བྱས་ནས། སྙིང་པོའི་འདབ་མ་བརྒྱད་ལ་ཧཱུཾ་གཉིས་ཀྱིས་གཟིར་བ་ནི། ་ངོས་གཉིས་བོ་རྣམས་སུ་ཀླུའི་ས་བོན་ནཱཾ་དགུ་རྣམས་ཏེ། ཧཱུཾ་ནི་བཅོ་བརྒྱད་དོ། །མཚོ་སྐྱེས་ཀྱི་ཕྱི་རོལ་ཏུ་རི་མོ་གཉིས་བྱས་ལ། དེའི་དབུས་སུ། ཨོཾ་བཛྲ་ཀྲོ་དྷ་ཞེས་བྱ་བ་ལ་སོགས་བའི་སྟོབས་པོ་ཆེའི་སྔགས་བྲི་བར་བྱའོ། །དེ་ནས ་ཁམ་ཕོར་གཉིས་ལ་སྟོབས་པོ་ཆེའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱས་ནས། མེ་ཏོག་ནག་པོ་ལ་སོགས་པས་མཆོད་ཅིང། སྐུད་པ་སྔོན་པོས་དཀྲིས་ཏེ་ཀླུའི་གནས་སུ་གཞུག་པར་བྱའོ། །དེ་ཉིད་ནི་བྲི་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུག་ལ་སོགS ་པ་ཞེས་བྱ་བ་ལ། སོགས་བའི་སྒྲུས་ནི་རིམས་དང་ཀླུ་འདུལ་བ་ལ་སོགས་པའི་ཁུ་བའོ། །ས་བོན་གྱིས་ཞེས་བྱ་བ་ནི་ནཱཾ་ལ་སོགས་པ་རྣམས་ཀྱིས་སོ། །ཧཱུཾ་དགུའི་ཆོག་དག་གིས་ནི་ཞེས་བྱ་བ་ནི། གལ་ཏེ་ངོས་གཉིས་སུ་གནས་པས་ཧཱུཾ་བཅོ་བརྒྱད་དེ། དེ ་བཞིན་དུ་ངོས་ཅིག་ཏུ་གནས་བའི་ཧཱུཾ་རྣམས་ཀྱི་གྲངས་མཛད་པའོ། །ཇི་ལྟར་གསུངས་པ་ཞེས་བྱ་བ་ནི་ལེའུ་བཞི་པར་གསུངས་པ་སྟེ། སྟོབས་པོ་ཆེའི་རྣལ་འབྱོར་གྱིས་འདི་དག་ཐམས་ཅད་བྱའོ། །མན་ངག་ཧཱུཾ་ལས་ལས་སྐྱེས་བའི་སྟོབས་པོ་ཆེ་ཕྱག་དྲུག ་བ་རྩེ་མོ་གསུམ་དང་རལ་གྲི་དང་པདྨ་དང་རིན་པོ་དང། རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། ཉི་མ་ལ་བཞུགས་པ་ཉི་མིའི་འོད་ཟེར་ཅན། གདན་ལ་གཡས་བརྐྱང་བས་བཞུགས་པ་ཞལ་གསུམ་པའི་རྩ་བ་དང། གཡས་པ་དང་གཡོན་པ ་ནི་གནག་པ་དང། དཀར་ནག་དང་དམར་པོ། སྤྱན་གསུམ་པ་དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྦྲུལ་གྱི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པར་བསྒོམ་པར་བྱའོ། །གཏུམ་པའི་ས་བོན་ཞེས་བྱ་བ་ནི་སྐེ་ཚེའི་ས་བོན་ནོ། །ལྷག་མ་ནི་གོ་སླའོ ་དེ་ནི་ཕྱག་ན་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ན་མ་རཱི་ལ་ལ་སོགས་པའོ། །འདིའི་སྔགས་ནི་གོ་སླའོ། །ཀླུ་ཐམས་ཅད་འགུགས་པ་སྟེ་དེ་ལྟར་ཡང་སྔགས་དང་ཕྱག་རྒྱལ་སོགས་པའི་མཚན་ཉིད་དོ། །དེའི་རྗོད་པར་བྱེད་པ་པོ་ནི་ལེའུ་སྟེ་གསུམ་བའོ།། །། ་རྡོ་རྗེ་མཁའ་འགྲོའི་རྣམ་འགྲེལ་ཏེ་ལེའུ་གསུམ་བའོ།། །།ད་ནི་མ་གསུངས་བ་རྟོགས་པར་བྱ་བའི་དོན་དང། གསུངས་བའི་ཡང་ལས་རྒྱས་པ་ཁ་བསྐང་པའི་དོན་དུ་ལེའུ་བཞི་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས ་ཞེས་བྱ་བ་ནི་དེའི་ལས་རྒྱས་པར་བཤད་མ་ཐག་པའི་མཐར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་ཞེས་གཉིས་པའི་དོན་ལ་དང་པོ། ཡང་ཞེས་བྱ་བ་ནི། ལས་རྒྱས་པ་གོང་དུ་གསུངས་པ་གསལ་བར་རོ། །འདི་སྐད་ཅེས་བྱ་བ་ནི། ་འཆད་པར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་མས་འཆད་པར་འགྱུར་བ་ཞུས་པའོ། །ཅི་མཛད་ཅེ་ན་ཞེས་བྱ་བ་ལ་སོགས་པ་ལ་མཆོད་པ་ནི་ཕྱི་རོལ་དང་གསང་བའི་ངོ་བོ་གསོལ་ཏོ། །ཞེས་བྱ་བ་ནི་འདིའི ་དོན་ཞུས་པའོ། །བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ནི་ཆར་དབབ་པ་དང་གོང་བུ་དགུག་པ་ལ་སོགས་པའི་ལས་ཀྱི་ཚོགས་སོ། །དེ་ནས་ཞེས་བྱ་བ་ནི་ཞུས་མ་ཐག་ཏུའོ། །རིག་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །རིག་པ་རྣམས་ནི་ཆར་དབབ་པ ་ལ་སོགས་པའི་སྔགས་ཏེ། བསྟན་པས་རྒྱལ་པོ་ཞེས་བྱ་བར་བྱས་པའོ། །གྷི་ལི་གྷི་ལི་ལ་སོགས་པའི་མཚན་ཉིད་དུ་བརྗོད་དེ། ཟུར་བཅག་པས་ལེགས་པར་སྦྱར་བ་མཚན་པའོ། །དེ་ཡང་འཆད་པར་འགྱུར་བའོ། །དེ་ཡང་གྷི་ལི་གྷི་ལི ་ཞེས་བྱ་བ་ལ་སོགས་བ་དང། བཛཛྲ?་ཌཱ་ཀི་ནི་བི་རི་སཱ་བ་རི་སཱ་བ་ཨ་ཧུཾ་བ་བྷུ་སྭཱ་ཧཱ་ཞེས་བྱ་བཟུང་བ་དང། གྷི་ལི་གྷི་ལི་བ་རི་སཱ་བ་རི་སཱ་བ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧེ་ཧོ་ཧོ་ཋ་ཋ་ཋ་སཱ་སཱ་སཱ་ཧཱ་ཧཱ་ཧཱ་ཞེས་བྱ་བ་འདི་ནི་ལྔག་མ་ཡན་ནོ། །ཋ་གསུམ་ནི་ཕཊ་གསུམ་གྱི ་བརྡར?་བརྗོད་དོ། །སཱ་ལས་མཚན་མ་གཉིས་ཀྱིས་ནི་སའི་གཉིས་རྟོགས་པར་བྱ་བའི་དོན་ཏོ། །དེ་ལྟར་ཧའི་ཡང་མཚན་མ་གཉིས་སོ། །ཁཎྜ་?་ཞེས་བྱ་བ་ནི་ཕྱག་འཚལ་བ་བཏུས་བའོ། །དེ་ནས་གསུངས་པ། ཏི་ལ་ཨ་པ་རི་ཨོ་སི་ཨོ ་ཞེས་བྱ་བ་ནི་ཐིག་ལེས་ཟླ་བ་ཕྱེད་པའི་སྟེང་དུ་གནས་པ་དེས། ཐིག་ལེ་ཡོངས་སུ་གསོས་བ་དང་བརྒྱན་པའོ། །འདི་ཅི་ཞེ་ན་གསུངས་པ། ཨོཾ་ཞེས་བྱ་བ་ནི། ཨོའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་འགྱུར་ཏེ། ཨོཾ་གྷི་ལི་གྷི་ལེ་རཀྵ? ་པརཥ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བའོ། །གྷི་ལི་ཞེས་བྱ་བ་ནི་སྤྲིན་གྱི་མིང་སྟེ། འདི་ནི་སྤྲིན་བརྒྱད་པོ་རྣམས་ཀྱི་སྔགས་སོ། །དེ་ནས་གསུངས་པ། ཛལ་ཧ་རུ་ཨཊཋི་ཨོ་ཞེས་བྱ་བ་ནི་ཆུ་འཛིན་བ་བརྒྱད་པ་སྟེ། དེ་ལ་གནས་པ་ནི་རྟག་ཏུ་སྤྱོད་ཅིང ་དེའི་འབྲེལ་པའི་ཕྱིར་རོ། །ོཾ་བཛྲ་ཊཱ་ཀི་ནི་བརཥ་བརཥ་བ་ཡ་ཧུཾ་བྷུ་སྭཱ་ཧཱ་ཞེས་བྱ་བའོ། །འདི་ནི་རྡོ་རྗེ་མཁའ་འགྲོ་མའི་ཆར་འབབ་པའི་རྒྱུ་མཚན་གྱི་སྔགས་སོ། །དེ་ནས་ཌཱ་ཀི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་རྣམས་ཀྱི་སྔགས་ནི་མཁའ་ ་འགྲོ་མའི་སྔགས་སོ། །མ་ཧཱ་མཱ་ཡཱ་ས་ཧོ་ཞེས་བྱ་བ་ནི་འདི་སྒྱུ་མ་ཆེན་མོ་སྟེ་མཁའ་འགྲོ་མ་ཐམས་ཅད་ཁོ་ན་དེའི་རང་བཞིན་གྱི་སྔགས་སོ། །ཟུར་བཅག་པ་གཅིག་གི་མཚན་ཉིད་ཀྱིས་ལེགས་པར་སྦྱར་བ་གཉིས་མཚོན་ཏོ། །ོཾ་གཅིག་གིས་ཀྱང་སྔགས་གཉིས ་སུ་བལྟ་བར་བྱའོ། །ད་ནི་གོང་བུ་དགུག་པ་གསུངས་པ། ནམ་ཞེས་བྱ་བ་ལ་སོགས་པའོ། །ནག་པོ་ཆེན་པོ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི། ནག་པོ་ཆེན་པོ་དང་ལྷན་ཅིག་སྤྱྡ་བའི་ཕྱིར་ལྷ་ཆེན་པོའི་རྗེས་སུ་འབྲང་བའོ། །ན་མ་དང་པོ་ནས་ཏ་དྱ་ཐཱ་ཞེས་བྱ ་བའི་མཐར་གཞུད་འདི་ནི་སྔགས་མ་ཡིན་ནོ། །ོཾ་ཙལ་བྲ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་དགུག་བའི་སྔགས་སོ། །རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་བས་སྔོན་གྱི་བསྙེན་པ་འདིའི་སྔགས་ཁྲི་བཟླས་པ་བྱས་ནས། ལྷ་ཆེན་པོའི་དབྱིབས་དང་ཉེ་བར་སོང་སྟེ། ་བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་ལ་ཞོན་ཞིང་རང་གི་སྙིང་གནས་བྱུང་བའི་སྔགས་ཀྱི་འོད་ཟེར་དམར་པོ་རྣམས་ཀྱིས་དཀྲིས་ནས་བཀུག་བར་བསམ་པར་བྱ་སྟེ། དེའི་སྔགས་མཚན་ཕྱེད་ན་བཟླས་པས་ངེས་པར་ཁུགས་པར་འགྱུར་རོ། །འདིར་བསྒྲུབ་པ་པོ་རྡོ་རྗེ་མཁའ་ ་འགྲོ་དམར་པོའི་རྣལ་འབྱོར་པས་ཐུན་ཆོད་གསུམ་དུ་བདུན་རྣམ་བཅུ་གསུམ་མམ་བདུན་གསུམ་གྱི་ཉི་མར་བཟླས་པ་ཡིན་ནོ། །ཡང་ན་ཇི་སྲིད་དུ་བསྒྲུབ་བྱ་མ་འོངས་པ་དེ་སྲིད་དུ་ཟླས་པར་བྱའོ། །ོཾ་ཙ་ལ་པྲ་རྩ་ལ་ལ་ལ་ལ་ལཱ་ཡ་དེ་བག་གི་དེ་བ་དཏྟ་མཱ་ན་ཡ་སྭཱཧཱ་ཞེས་ནང་དུ ་གཞུག་གོ་།གཟུང་ཞེས་བྱ་བ་ནི་ཉེ་བར་གཟུང་སྟེ་འོང་བའི་དོན་ཏོ། །གོང་བུ་དགུག་པ་ཞེས་བྱ་བ་ནི། གོང་བུའི་ལུས་དགུག་པའོ། །གང་ལ་བསྒྲུབ་བྱ་བར་སྣང་ནས་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འོང་བདེ་ནི་གོང་བུ་དགུག་བའོ། །ོཾ་ཙཱ་མཎྜ་ཞེས་བྱ་བ་ལ་སོགས་བ་ནི ་གཏུམ་མགོ་མའི་སྔགས་སོ། །འདི་ལ་འང་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་རྐང་པ་གཡོན་པའི་མཐིལ་དུ་ཨ་ལ་ཀ་ཏའི་ས་རི་རབ་བྲིས་ཏེ། དེའི་ནང་གི་མཚམས་རྣམས་སུ་ཧྲི(རྒྱུད་འགྲེལ་དུ་ལྷ་ཆེན་པོའི་དབྱིབས་མནན་ཅིང་དེ་བཞིན་དུ་དེ་ཉིད་ཀྱིས་སྔགས་བཟླས་ཤིང་སྒྲུབ་བར་བྱ་བ་དགུག་བར་བྱའོ། །དབང་དུ་བྱེད་པ་ནི་ལྷ་བྱིན་བདག་གི་དབང་དུ་མཛོད་ཅིག་ཅེས་ནང་དུ་བཅུག་པའོ། །དབུག་པ་ཅེས་བྱ་བ་ནི་རྐང་བས་དགུག་པའོ། །དབང་དུ་བྱེད་པ་ཞེས་བྱ་བ་ནི་ནོར ་དང་ལུས་ཀྱིས་སོ། །ད་ནི་མངོན་སྤྱོད་གསུངས་པ། སྐྱེས་བུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། གང་ཁོ་ནའི་རྗེ་དར་གྱི་སྟེང་གི་ཆ་དེ་ཉིད་ཀྱི་རུས་བ་སྟེ། དེ་ལ་སྟེང་གི་ཆ་ལ་ནི་ཚོགས་ཀྱི་བདག་པོ་གསུངས་པའི་མཚན་ཉིད་བསྐོས་ཏེ། ཇི་སྐད་དུ་གསུངས་བའི་རྫས ་རྣམས་ཀྱིས་གཙེས་ནས། སྔོན་དུ་ཁྲི་བཟླས་པ་བྱས་བས་སྟོབས་བོ་ཆེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པ་བྱས་པས་དེའི་རུས་པ་ཕུར་བར་བྱས་ཤིང་འོག་ཏུ་མདུད་རྩེའི་རྣམ་པ་གང་གི་ཁྱིམ་གྱི་སྦོར་སྦས་པ་དེའི་བྱས་པ་ནི། དེ་བྱས་པ་སྟེ། བྱས་བའི་སྒྲས་ནི་ནང ་ཀྱི་ཉེ་བར་འཚེ་བ་རྣམས་སོ། །དེའི་ལྡང་བ་ཞེས་བྱ་བ་ནི་ལངས་བ་དང་ཡང་དག་བར་སྐྱེས་བར་འགྱུར་བ་སྟེ་ཡུན་རིང་པོར་གནས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །སྟོབས་པོ་ཆེའི་སྔགས་གསུངས་པ། ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའོ། །ཆར་དབབ་པ ་གསུངས་པ། སྒྲོས་མོ་ཞེས་བྱ་བ་ལ་སོགས་པ་ལ་གྲོན་མེ་ནི་རབ་ཏུ་གྲགས་སོ། །དེ་ལས་བྱུང་བའི་ས་ཡང་ཡིན་ལ་གྲོག་མོ་ཡང་ཡིན་པ་འདི་ནི་གྲོག་མོའི་སའོ། །བའི་ལྔ་ཞེས་བྱ་བ་ནི། བའི་ཞོ་དང་འོ་མ་དང། མང?་དང་གཅིན་དང་ལྕེ?་རྣམས་སོ་།ཀ ་ར་བཱི་རའི་ལྕག་མ་ནི། ཀར་བཱི་རའི་ཡལ་གའོ། །དཀར་གསུམ་གྱི་གཏོར་མ་ཞེས་བྱ་བ་ནི། ཞེ་དང་འོ་མ་དང་སཱ་ལུའི་ཟན་ནི་དཀར་གསུམ་སྟེ། དེ་རྣམས་ཀྱི་གཏོར་མའོ། །དེས་ནི་འདི་དག་བརྗོད་པར་འགྱུར་ཏེ། རྡོ་རྗེ་ཧཱུཾ?་མཛད་ཀྱི་རྣལ་འབྱོར་པས་ཟག?་མོའི་ས་ལ་སོགས་པ་གསུངས་པའི ་མཚན་ཉིད་ཀྱི་ནོར་རྒྱས་ཀྱི་བུ་སེར་པོའི་ཚད་བྱས་ཏེ། ཀ་ར་བཱི་རའི་ཡལ་གས་བཀབ་ཅིང་རྒྱུན་མི་འཆད་པར་གུ་གུལ་གྱི་བདུག་པས་བདུག་ཅིང། གོང་མ་ལྟ་བུར་དཀར་གསུམ་གྱི་གཏོར་མ་སྦྱིན་པ་དང། ཡང་ནས་ཡང་དུ་ཀ་ར་བཱི་རའི་ཡལ་གས་གླངས་པའི་ཆུས་རྐང་བ་བརྒྱད ་པའི་སྔགས་བཏོན་པས། ཉི་མ་བདུན་དུ་གཏོར་བར་བྱའོ། །འདིར་ཡང་ཇི་སྐད་དུ་གསུངས་པ་བཞིན་དུ་འགྱུར་རོ། །ཁ་ཅིག་ན་རོ་ཐུན་ཚོད་གསུམ་དུ་གཏོར་མ་སྦྱིན་ནས། ནོར་རྒྱས་ཀྱི་བུ་དེ་ཁམ་ཕོར་ལ་སོགས་པར་བཞག་ཅིང། མྱ་ངན་མེད་པའི་ཡ་ལགས་བཀབ་སྟེ། སྟེང ་དུ་བུམ་པའི་བུག་པ་བྲ་བ་ནས་ཆུའི་རྒྱུན་འབབ་བས་རྒྱུན་མི་འཆང་བར་བླུགས་པ་དང། གུ་བུལ་གྱི་བདུག་པས་བར་ཏུ་བདུག་པ་དང། ཀ་ར་བླི་རའི་ཡལ་གས་གཏོར་རོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །ཧཱུཾ་བཞིའི་སྔགས་ཀྱིས་དེའི་བཟླས་པས་ཤེས་བྱ་བ་ལ། དེའི ་ཞེས་བྱ་བ་ནི་ཆར་དབབ་པའོ། །ད་ནི་ཁ་རེངས་པར་གསུངས་པ། ཨཾ་ག་ག་ཨ་རི་ག་ག་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་པོར་?་ལན་བདུན་བཟླས་པ་བྱས་པའོ། །གདོང་བཀྲུས་ནས་ཤེས་བྱ་བ་ནི། སྔགས་འདིས་ཆུ་ལ་མངོན་པར་བསྔགས་པ་དེས། གདོང་བཀྲུས་ནས ་པོར་བ་དེས་བྱི་བ་ལ་སོགས་པའི་ཁུང་བུའི་སྒོ་དགག་པར་བྱའོ། །ཇི་ལྟར་ཞེ་ན་གསུངས་པ། ཆག་མོ་ཞེས་བྱ་བ་ལ་སོགས་པ་ནི། ལྷ་སྦྱིན་གྱི་ཁ་ཆིངས་ཤིག་ཅེས་བྱ་བའི་བསམ་པས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞེ་ན། ཁ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་གདོང ་དཀྲུས་ནས་ཤེས་བྱ་བ་ནི། སྔ་མ་ཁོ་ནར་གདོང་བཀྲུས་ཏེ་དེ་བྱའོ་ཞེས་བྱ་བའི་དོན་ཏོ། །གླང་གི་ལྕི་བ་མ་ལྷུང་བ་བླངས་པས། མུ་ཁ་ཏཥྛནྟི་ཞེས་བྱ་བ་ལ་སོགས་པའི་སྔགས་ལན་བདུན་བཟླས་པས། བྱིབས་ཁུང་བུ་གྱེན་དུ་བྱས་པའི་སྒོ་དགབ་པར་བྱའོ། །དེའི་ཁུང་བུ་ཞེས་བྱ་བ་ནི། ་དེའི་ཁུར་བུ་དེ་གང་གི་སྒེ་དེའི་ཁུང་བུའི་སྒོ་ཁོ་ནའོ། །དགབ་པར་བྱ་ཞེས་བྱ་བ་ནི། བཀག་པར་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་འདི་དག་ལ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་རོ། །གང་ལས་གདོང་མ་བཀྲུས་པ་ཞེས་བྱ་བའི་ཚིག་རྐང་ནི་གོ་སླའོ། །ཡུངས་མར་ལ་སོགས་པ་བྱུག་པ་གསུང ་པ་ལེའུ་གསུམ་པར་སོན་པའི་རབ་ཏུ་སྦྱོར་བའི་སྔགས་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་ཡང་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ཡིན་ནོ། །ཡང་ཞེས་བྱ་བ་ནི་ཚིག་རྐང་ཡོངས་སུ་དགང་བའོ། །གལ་ཏེ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ནི་དང་པོ་ཡིན་ན་ཕྱི་ནས་སརྦ་དྷརྨཱ ་ཎཱཾ་ཚིག་རྐང་དུ་གལ་ཏེ་འགྱུར་རོ། །མཛའ་ཡང་རབ་ཏུ་སྦྱོར་བ་ཨཱརྱ་ནུ་ཏཔནྣ་ཏཌཱ?་ཏ་ཞེས་བྱ་བའི་ཚིག་རྐང་ངོ། །དེ་ནས་ཨོཾ་ཞེས་བྱ་བ་མན་ངག་ལས་སོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་མཱདྱ་ནུ་ཏཔནྣ་ཏྭཱ་ཏ་ཞེས་བྱ་བའི་སྔགས་བ་ཏུ་བའོ། །བློ་གྲོས་ཆེན་མོ་ཞེས་བྱ་བ་ནི་ལྷ་མོ་ལ་བོད ་པའོ། །གང་གི་བློ་གྲོས་ཆེན་མོ་དེ་ནི། དེའི་བློ་གྲོས་ཆེན་མོ་སྟེ་བཅོམ་ལྡན་འདས་མའོ། །གང་མདུན་གནས་ཞེས་བྱ་བ་ནི། སྤྲིན་གྱི་ཕྱོགས་སུ་ཁ་བལྟས་པས་གནས་པའོ། །སྔགས་རབ་ཏུ་བརྗོད་པ་ཞེས་བྱ་བ་ནི། བཟླས་པའོ། །གལ་ཏེ་བདུན་གྱི་བར་དུ་ཞེས་བྱ་བ་ནི། དེའི ་ཚེ་དེ་ཤིན་ཏུ་མར་བའི་ཆུའི?་ཆར་བྱེད་དོ་ཞེས་བྱ་བར་བལྟ་བར་བྱའོ། །ནམ་མཁར་གནས་ཤེས་བྱ་བ་ནི། སྤྲིན་མེད་པར་ཡང་ནམ་མཁའ་འབའ་ཞིག་ལས་ཆར་འབབ་པོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་ཞེ་ན་གསུངས་པ། གོང་གི་ཞེས་བྱ་བ་ལ་སོགས་པ་ནི་གོ ་སླའོ། །གྱུར་བ་ཞེས་བྱ་བ་ནི། ཡང་རབ་ཏུ་སྦྱོར་བ་གཞན་འདིར་བྱ་བའོ་ཞེས་བྱ་བར་དགོངས་པའོ། །ལྷའི་རྣལ་འབྱོར་པ་དབེན་པའི་གནས་དང་བླ་གབ་མེད་པ་ལ་སོགས་པར་གནས་ནས། ཆང་འདོད་པས་སྔགས་འདི་བཟླས་པས། དབང་པོ་ཆར་འདེབས་པར་འགྱུར་རོ་ཞེས་བྱ ་པར་ཤེས་པར་བྱའོ། །སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ནི། སྡེ་ཆེན་གྱི་བརྒྱད་པའོ། །མཐར་ཞེས་བྱ་བ་ནི་ཧའོ། །དེ་གཟུང་སྟེ་བདག་པོས་གང་གི་ཆུང་མའི་མིང་སྟོ་བར་བཞག་པར་བྱེད་པ་ཞེས་བྱ་བ་ནི། བྱ་བ་ནང་དུ་དགོད་པ་སྟེ། དེ་དང་དེ་དགའ་ ་བར་བྱ་བའོ་ཞེས་བྱ་བར་སྦྱར་རོ། །ཧ་ཅིར་གྱུར་པས་ཤེན། གསུངས་པ་རེ་པའི་ལུས་ཤེས་བྱ་བ་ནི་རའི་སྟེང་དུ་ལུས་ཤེས་བྱ་བ་ནི་དེར་ལུས་སོ། །ཐིག་ལེ་ཅན་སྤྲོས་པ་ཞེས་བྱ་བ་ནི། འདིའི་རི་མོ་ཅན་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ། །གང་གིས་ཤེན་གསུངས་པ། ཐིག་ལས ་ཤེས་བྱ་བ་དང། སྒྱུ་མས་ཤེས་བྱ་བ་ནི། ཟླ་བ་ཕྱེད་པས་མཚོན་པའི་ཧའི་རྣམ་པའོ། །ཆས་ཞོན་པ་ཞེས་བྱ་བ་ནི། ཆ་ནི་དབྱངས་ཀྱི་བཞི་པའོ། །དེ་གང་ཞིག་ཞོན་པ་དེ་ནི་དེ་ལྟ་བུའོ། །དེ་ཡང་ཀུན་ནས་བསྡུས་པས་ཧའི་རྣམ་པ་ནི་ཧྲཱིཾ་ཞེས་བྱ་བ་ཡིན་ནོ། །རང་གི་ཁྲག་གིས་ཤེས་བྱ ་བ་ནི། དབང་དུ་བྱེད་པའི་སྲིན་ལག་གི་ཁྲག་གིས་སོ། །དེ་ལས་ལངས་པའི་ཧྲཱིཾ་གི་རྣམ་པར་གྱུར་པའི་སྡེ་ཚན་གྱི་མཛའ་ཨི་སྙིང་པོར་བྲི་བར་བྱའོ། །དེ་ཅི་ཞེ་ན་མིང་ཞེས་བྱ་བར་གསུངས་སོ། །གང་གི་ཞེ་ན་གང་གི་ཆུང་མ་ཞེས་བྱ་བ་གསུངས་པ། ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། བདག ་པོ་ཞེས་བྱ་བ་ནི་ཁྱོ་སྟེ་གཉེན་པར་བྱེད་པའོ། །མེ་ཏོག་དམར་པོས་ཤེས་བྱ་བ་ནི། །མྱ་ངན་མེད་པ་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་སོ། །དེ་མཆོད་པར་བྱ་ཞེས་བྱ་བ་ནི། ཉེ་བར་འབྲེལ་བའོ། །གང་དུ་དེའི་ལྟེ་བར་མིང་བྲིས་པར་བྱ་བ་ཞེ་ན་གསུངས་པ། མལ་གྱི་སྤྱི་བོ་ཅན་དུ ་ཞེས་བྱ་བ་ནི། མལ་གྱི་སྤྱི་བོ་ལ་སྐྱེས་པའི་མིང་སྟེ། དམག་པ་གང་དུ་ཉལ་བ་དེའི་ལམ་གྱི་སྤྱི་བོའི་གནས་སུ་བདག་པོས་སྟོབས་མེད་པའི་མིང་བྲི་བར་བྱ་ཞེས་བྱ་བར་དགོངས་པའོ། །དེ་བཞིན་དཱུང་གང་དུ་ཞེ་ན་གསུངས་པ། ས་གཞི་དྲི་དམར་པོར་བྱུགས་ལོ་ཞེས་བྱ་བ ་ནི། གུར་ཀུམ་ལ་སོགས་པས་བྱུགས་པ་ལའོ། །མལ་གྱི་སྤྱི་བོའི་ས་ལ་དེ་བཞིན་དུ་ལྟོ་བར་མིང་བྲི་བར་བྱས་ནས་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །མལ་གྱི་དུས་ཤེས་བྱ་བ་ནི། ཉལ་བའི་དུས་ལའོ། །རབ་ཏུ་མྱོས་མ་ཞེས་བྱ་བ་ནི། རབ་ཏུ་ཁྱད་པར་དུ ་འཕགས་མར་མྱོས་མ་སྟེ། གང་གི་འདོད་པ་དེ་ནི་དེ་ལྟ་བུའོ། །ཆོ་གའི་ནུས་པ་ལས་ཤེས་བྱ་བར་དགོངས་སོ། །བདུག་པ་ཙམ་གྱིས་ཀུན་ཏུ་ཁྱབ་པ་ཞེས་བྱ་བ་ནི། དབང་གི་བདུག་པ་འཆད་པར་འགྱུར་བས་བདག་ཉིད་བདུག་པར་བྱའོ། །དེ་དང་ལྷན་ཅིག་མཉམ་པར་སྦྱོར་བ་ལས། ་བདུག་པ་ཙམ་གྱིས་ཀུན་ཏུ་བཅིངས་པར་འགྱུར་རོ། །མལ་གྱི་མགོ་བོའི་གནས་སུ་དྲི་དམར་པོས་བྱུགས་པ་ལ། །མྱ་ངན་མེད་པ་ལ་སོགས་བའི་སྨྱུག་བུས་རང་གི་ཁྲག་བླངས་ནས། ཧྲཱིཾ་མངོན་པར་བྲི་ཞིང་དེའི་ལྟོབ་ལ་བཙུན་མོ་གང་གི་མིང་ཆེ་གེ་མོ་བདག་གི་དབང་དུ་མཛོད་ཅིག་ཅེས་ནང ་དུ་བཅུག་སྟེ། མེ་ཏོག་དམར་པོས་མཆོད་ནས་བདག་ཉིད་བདུག་པར་བྱ་ཞིང། གཏུམ་མགོམ་ལ་སོགས་པའི་སྔགས་བཟླས་ཤིང་མཉམ་པར་སྦྱོར་བ་ན། རབ་ཏུ་མྱོས་མ་དེ་བདག་པོའི་དབང་དུ་བྱེད་དོ། །འདི་ནི་ཚིགས་བཅད་ཀུན་བསྡུས་པའི་དོན་ཏོ། །འཁྲུལ་འཁོར་གཞན་གསུངས ་པ། ཛཱ་ཏི་ཞེས་བྱ་བ་ལ་སོགས་པ་ནི། ཛཱ་ཏི་ལྕུག་མའི་སྨྱུག་བུ་བླངས་པས་སོ། །རྡོ་རྗེ་སོའི་རྨ་སྐྱེས་ཀྱིས་བསྒྲུབ་བྱའི་མིང་རས་ལ་སོགས་པ་ལ་བྲིས་ཤེས་བྱ་བ་ནི། བྱ་བ་བཀོས་ནས་སྲད་བུ་དམར་པོས་དཀྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྙིང་ཁར་ཉིན་བྱེད་ལ་ཧཱུཾ་བྱས་ནས་ཁྲོས ་པས་རང་གི་ལྷག་པའི་ལྷ་འཇིག་རྟེན་གསུམ་ལས་རྒྱལ་བ་ལ་སོགས་པ་ཞེས་བྱ་བའི་གཞུང་གིས། ཁྲོ་བོའི་དཀྱིལ་འཁོར་ནམ་མཁར་གནས་པ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསམས་ཏེ། རང་གི་ཡན་ལག་གིས་བླུགས་གཟར་གྱིས་ཆུ་བླངས་ནས་རྡོ་རྗེ་ཉི་མའི་སྟེང་དུ་བླུགས ་པར་བསམ་མོ་ཞེས་བྱ་བའི་གཞུང་ལེའུ་གསུམ་པ་ལས་གསུངས་པ་དང་སྦྱར་རོ། །འདིའི་དོན་ནི་འདི་སྟེ། སྙིང་ཁར་ཉིན་བྱེད་ཀྱི་ཞེས་བྱ་བ་ནི། ཉི་མའི་སྟེང་དུ་ཧཱུཾ་གཟུང་བའོ། །རང་གི་ལྷག་པའི་ལྷ་ནི་གཟུགས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས ་བ་ནི། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །རང་གི་ཡན་ལག་གི་བླུགས་གཟར་གྱིས་ཤེས་བྱ་བ་ནི། རྡོ་རྗེས་མཆེན་པའི་བླུགས་གཟང?་གྱི་ཆུ་བླངས་ནས། བླུགས་སོ་ཞེས་བྱ་བའི་འདི་དོན་འདིར་མི་སྦྱར་ཏེ། མན་ངག་གིས་ཡང་དེ་ཉིད་དུ་བརྗོད་པར་བྱའོ། །རྡོ་རྗེ་སེའི་རྨ་སྐྱེས་ཀྱིས ་ནི་ཞེས་བྱ་བ་ནི། རྡོ་རྗེ་སའི?་སྒྲས་ནི་སྡིག་མཛུབ་སྟེ། གང་གིས་རྡོ་རྗེའི་མཆེ་བ་ཞེས་བྱ་བ་ནི་དེའི་མིང་ངོ། །རྡོ་རྗེ་སོ་ཞེས་བྱ་བ་ནི་ཡང་རང་གི་རྟགས་གྱིས་ཀུན་ཏུ་གནས་པ་སྟེ། དེའི་ཁྲག་གོ་།བསྐུལ་ཞེས་བྱ་བ་ནི་སྐུལ་བར་བྱེད་པའི་ཕྱིར་བསྐུལ་བ་སྟེ། བསྒྲུབ་པར ་བྱ་བའི་མིང་ངོ། །གང་ལ་གང་གིས་ཤེ་ན། གསུངས་པ། རླུང་གི་མའི་ཞེས་བྱ་བ་ནི་ཡའོ། །དེའི་དབུས་སུ་ཧཱུཾ་ཊཀྐི་ཛ(རྒྱུད་འགྲེལ་ནི་སྐབས་སུ་སྟེ། དེ་ལ་ཧཱུཾ་ཊཀྐི་ཇ(རྒྱུད་འགྲེལ་སོ་ཕག་ཁ་སྦྱོར་གྱི་དབུས་སུའོ། །དེ་ལ་གྲོ་ག་ལ་སོགས་པའི་འཁྲུལ་འཁོར་སོ་ཕག་ཁ་སྦྱར་བའི་དབུས་སུ་གནས་པར་བྱས་ནས་སྲད་བུ་དམར་པོས་བསྐོར་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་མནན་པ་ཞེས་བྱ་བ་ནི། སོ་ཕག་ཁ་སྦྱར་དུ་བྱས་པ་དེའོ། །བཟླས་པར་བྱའོ ་ཞེས་བྱ་བ་ནི། འདོད་པའི་རྒྱལ་པོའི་སྔགས་སོ། །འདིས་ནི་འདི་གསུངས་པ་ཧཱུཾ་ལས་སྐྱེས་པའི་འདོད་པའི་རྒྱལ་པོ་ཞལ་གཡས་དང་རྩ་བ་དང། གཡོན་ནི་དཀར་བ་དང་གནག་པ་དང། དམར་བ། མཛེས་པའི་སྐུ་ལྕགས་ཀྱུ་དང་ཞགས་པ་དང། རལ་གྲི་དང་རིན་པོ ་ཆེ་འཛིན་པ། ཕྱག་གཉིས་ཀྱིས་རང་དང་མཚུངས་པ་ལ་འཁྱུད་པ། སྤྱན་གསུམ་པ་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བས་བཞུགས་པར་བཟང་པོའི་རྒྱན་དུ་གྱུར་པའོ། །གྲོག་ལ་སོགས་པ་ལ་སྡིགས?་མཛུབ་ཀྱི་ཁྲག་གིས་སྣག་ཚ ་བླངས་ནས། ཛཱ་ཏིའི་ལྕག་མའི་སྨྱུག་གུས་ཡའི་དབུས་སུ། ཨོཾ་ཊཀྐི་ཛ(རྒྱུད་འགྲེལ་གནས་བས་གཡས་པའི་ཞབས་ཀྱིས་མནན་ཅིང་བསྒྲུབ་པར་བྱ་བརླུང་གི་དཀྱིལ་འཁོར་ལ་ཞོན་པ་དང། འདོད་པའི་རྒྱལ་པོས་ཞགས་པས་མགྲིན་པ་ནས་བཅིངས་པ་དང། ལྕགས་ཀྱུས་སྙིང་ནས་བཀུག་པར་སྤྲོ་ཞིང་བསམ་པར་བྱའོ། །དེ་ཉིད་དེ་བཞིན་དུ་གྱུར་པར ་སྔགས་བཟླ་ཞིང་བཀུག་པར་བྱའོ། །འཁྲུལ་འཁོར་འདིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་རྡོ་རྗེ་ལྕགས་ཀྱུས་རང་གི་སྙིང་ཁ་ནས་སྤྲོས་པས། དེ་ལྟ་དེ་ལྟར་གྱུར་པའི་བསྒྲུབ་པར་བྱ་བ་བཀུག་པར་བསམ་ཞིང། གཏུམ་མགོ་མའི་སྔགས་བཟླས་པར་བྱའོ།། ་གལ་ཏེ་འཁྲུལ་འཁོར་མ་བཏོན་ན་དེའི་ཚེ། འདོད་པའི་གནས་སུ་བསྒྲུབ་པར་བྱ་བ་མི་གནས་སོ་ཞེས་བྱ་བར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྒྱ་མཚོའི་མཐར་སའི་མཐིལ་ཏུ་ཞེས་བྱ་བ་ནི་རྒྱ་མཚོའི་མཛའ་ལ་སའི་མཐིལ་དུ་ཞེས་བྱ་བའི ་དོན་ཏོ། །སྔགས་ཀྱི་སྒྲུབ་པའི་འཁྲུལ་འཁོར་ནི་དེ་ནི་ཕྱི་མའི་དུས་སཱུང་ལན་ཅིག་བསྐོར་བའི་བུམ་པའི་འཁོར་ལོ་ལྟར་དོན་བྱེད་དོ་ཞེས་བྱ་བར་དགོངས་སོ། །འདི་ལྟར་ཡང་དུས་ཇི་སྲིད་དུ་བསྔགས་བཟླས་པཱི་དུས་དེ་སྲིད་ཁོ་ནར་བསྒྲུབ་པར་བྱ་བ་བདག་ཉིད་གནས ་པར་ཡིན་ན་ནི། ཐམས་ཅད་དུ་སྔགས་ཀྱི་བཟླས་པ་ཡང་མི་ནུས་པའི་ཕྱིར། །སྔགས་མ་བཟླས་པར་ཡང་འཁྲུལ་འཁོར་མ་བཏོན་ན་ཡང་བསྐྲད་པ་ཁོ་ན་ཡིན་ནོ། །རབ་ཏུ་སྦྱོར་བ་གཞན་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ཧཱུཾ་མཛད་ལ ་སོགས་པའི་རྣལ་འབྱོར་དང་ལྡན་པས། སྔོན་དུ་རྐང་པ་བརྒྱད་པའི་སྔགས་བཟླས་ནས། ད་ནི་མཾ་གིས་བདག་ཉིད་བུད་མེད་ཀྱི་གཟུགས་སུ་བསྐྱེད་ནས། སྙིང་གར་མཾ་ཁ་དོག་དམར་པོ་དང། སྤྱི་བོར་ཨོཾ་ཁ་དོག་དམར་པོ་བསམ་པར་བྱའོ། །བཀུག་པཱི་བུད་མེད ་དང་ཁ་དོག་དམར་པོར་དེ་བཞིན་ཁོ་ནར་བསྐྱེས་ནས། མཾ་ཨཾ?་གྱི་ས་བོན་དག་སྙིང་ག་དང་སྤྱི་བོ་ལས་གཡས་པའི་སྣའི་བུ་གནས་ཕྱུང་སྟེ། དེའི་གཡོན་པར་ཞུགས་ནས་ལུས་དང་ངག་དང་སེམས་བླངས་ནས་འོངས་པ་དང། རང་གི་སྣ་བུག་གཡས་པས་བདག ་ཉིད་ཀྱི་སྤྱི་བོ་དང་སྙིང་གར་ཞུགས་པར་བསམ་ཞིང། དེ་སྐད་དུ་འགྲོ་བ་དང་འོད་བ་བསམ་ཞིང་སྡུགS?་བཟླ་བར་བྱའོ། །ོཾ་མཾ་ལྷ་བྱིན་མ་བདག་གི་དབང་དུ་མཛོད་ཅིག། ཨོཾ་མཾ་ཞེས་བཟླས་པར་བྱའོ། །འདི་ཉིད་ནི་བདག་ཉིད་ཅེས་བྱ་བ་ལ་སོགས ་པ་གསུངས་སོ། །བདག་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་བའོ། །སྙིང་གར་མཾ་གྱིས་བུད་མེད་ཀྱི་གཟུགས་ཀྱིས་བསྐྱེད་པར་བྱའོ། །མེ?་གྱི་ཁ་དོག་ནི་མཾ་གྱི་ཁ་དོག་དམར་པོ་ཞེས་བྱ་བ་གསུངས་ཏེ་བོ་སླའོ། །ོཾ་ཡང་སྤྱི་པོར་ཁ་དོག་དམར་པོ་བུད་མེད་ཀྱི་གཟུགས་ཞེས་བྱ་བ་ནི། ་བུད་མེད་ཀྱི་གཟུགས་སུ་བདག་ཉིད་བྱས་ཏེ་བསྒོམ་པའི་སྤྱི་བོར་ཕྱག་འཚལ་བ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ནིའི་སྒྲས་ནི་མིང་སྙིང་གར་བསམ་པར་བྱའོ་ཞེས་ཤེས་བར་བྱའོ། །བསྒྲུབ་བའི་བུད་མེད་ཀྱི་སྙིང་ལ་མཾ་དང་སྤྱི་བོར་ཨོཾ་མོ། །བུད་མེད་ཀྱི་གཟུགས་ལས ་ཞེས་བྱ་བ་ནི། བསྒྲུབ་བྱའི་ལུས་ལས་སོ། །ཁར་ཞེས་བྱ་བ་ནི། སྣའི་བུག་པར་རོ། །དེ་ལྟར་ཡང་བཤད་དོ། །ཕྲེང་བའི་རྣམ་པས་ཤེས་བྱ་བ་ནི། སྔགས་ཀྱི་འགྲོ་བ་དང་འོང་བ་ངག་གིས་ཆིག?་བཞིན་ནོ། །གོང་མ་བཞིན་དུ་ཉེ་བར་བསྟན་པའོ། །འཁྲུལ་འཁོར་གཞན ་ཡང་གསུངས་པ། བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ནི། བསྒྲུབ་བྱའི་བུད་མེད་ཀྱི་གཅི་ནས་དང་གཅིད་ཏུ་བྱས་བ་ཞེས་བྱ་བ་ནི། དེ་གང་དང་གང་དུ་བཅིས་པ་དེ་དང་དེའི་ས་ཡང་དག་པར་བླངས་ཏེ་འདུ་བར་བྱ་ཞེས་བྱ་བའི་དོན་ཏོ་།བདག་ཉིད་ཀྱི་ལིང་ག་ལ་ལན་བདུན ་བཟླས་ཞེས་བྱ་བ་ནི། གཏུམ་མགོ་མ་ལ་སོགས་པ་སྔགས་བཟླ་བར་བྱའོ། །བདག་ཉིད་ཀྱི་ལིང་ག་ལ་ལན་བདུན་དུ་བཟླས་བ་བྱས་ནས་དེའི་ཆོས་ཀྱི་འབྱུང་གནས་ལ། བཅིས་ནས་དེའི་བདག་ཉིད་ཀྱི་ལིང?་ག་ལ་གཏུམ་མགོ་མའི་སྔགས་ཀྱིས་ཡང་བརྒྱ་རྩ་བརྒྱད ་བཟླས་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཐུན་ཚང་གསུམ་དུ་བྱའོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་པར་བྱའོ། །ལྷག་མ་ནི་གོ་སླའོ། །འཁྲུལ་འཁོར་གཞན་ཡང་གསུངས་པ། སྐྱེས་པའི་ཐོད་པ་ཞེས་བྱ་བ་ལ་སོགས་པའོ། །དེའི ་མིང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མིང་ངོ། །སྔགས་ཀྱི་ནང་དུ་གཞུག་པར་ཞེས་བྱ་བ་ནི། འགུགས་བ་དང་དབང་དུ་བྱེད་པའི་སྔགས་བསྒུལ་བ་དང་ལྡན་པ་སྟེ། ལྟས་བྱིན་ཁུ་གཅིག་ཅེས་བྱ་བ་དང། ལྷས་བྱིན་མ་བདག་གི་དབང་དུ་མཛོད་ཅེས་བྱའོ། །རིག་པ་དེ་ཉིད་ཅེས་བྱ་བ ་ནི། འགུགས་པ་དང་དབང་དུ་བྱེད་པའི་རིག་པ་སྟེ། དེ་ཡང་གཏུམ་མགོ་མ་ལ་སོགས་པའི་སྔགས་སོ། །ལྷག་མ་ནི་གོ་སླའོ། །ལྟའི་འཇིག་རྟེན་ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་བལྟས་པ་སྟེ། ལྷའི་བུད་མེད་ཅེས་བྱ་པའི་དོན་ཏོ། །དེ་ལྟར་ལས་ཀྱི་ཆོག་ཡང་བྱའོ་ཞེས་བྱ་བ་ནི། དགུག ་བའི་ཆོ་ག་དེ་ལྟ་བུ་འབའ་ཞིག་བྱ་བ་ནི་མ་ཡིན་ཏེ། དེ་ལྟར་ཡིན་མོད་ཀྱི་དབང་དུ་བྱེད་པའི་ཆོ་གའི་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ། ཧི་མ་བནྟ་སྱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་རྐང་བས་ལྟས་བྱིན་སྐྲོད་ཅིག་ཅེས་བྱ་བ་ལ་སོགས་པའི་ནང་དུ་ཆུད་པར་བྱའོ། །དུག་དང་སྐེ་ཚེ་ལ ་སོགས་པའི་སྣག་ཚས་བྲི་ཞིང་ཐོད་པ་དྲི་མི་ཞིམ་པའི་ཆུས་བྱུག་པ་དང། དྲི་མི་ཞིམ་པའི་འདག་པས་བྱུགས་ཏེ། ཧི་མ་བརྟ་སྱ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པས་འདི་ལྟར་སྐྲོད་པ་ལ་སོགས་པ་སྒྲུབ་པར་ཞེས་བྱ་བ་དེ་ལྟར་ཞེས་བྱ་བ་ལ་སོགས་པའང་འདི་ཞེས་བྱ་བའི་དོན ་ཏོ་ཞེས་ཟེར་རོ། །དེ་ཡང་དེ་ལྟར་ཞེས་བྱ་བ་འདིས་དགུག་པ་ལ་སོགས་པར་བློ་ལ་གནས་པར་བྱས་ནས། ལས་བགྲོད་པ་དེ་ཉིད་ནི་ཡང་ཞེས་བྱ་བསམ་གསུངས་པ་བསྡུད་པའོ། །འདི་ཉིད་དུ་ཐོད་པ་ལ་སོགས་པའི་ཆོག་དང། ལས་བྱའོ་ཞེས་བྱ་བར་སྦྱར་རོ། །བགྲོད ་པར་བྱེད་པ་གསུངས་པ། དུག་སྦྱིན་ཞེས་བྱ་བ་ནི་སྤྲུལ་ནག་པོའོ། །གནོད་སྦྱིན་སྨྱོན་པ་ཞེས་བྱ་བ་ནི། ཁྱི་སྨོན་པའོ། །སྦས་ཞེས་བྱ་བ་ནི། བསླང?་པའི་སྔགས་ཀྱིས་མངོན་པར་སྔགས་པའོ། །ལས་ཀྱི་དུས་སུ་ཞེས་བྱ་བ་ནི། བསྐྲད་པའི་ལས་ཀྱི་དུས་ལའོ། །ཀྵ་ཀཱ ་ཀྵི་ཞེས་བྱ་བ་ལ་སོགས་བའི་སྔགས་ཀྱིས། ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཁམ་གྱི་དང་པོ་ལྷའི་རྣལ་འབྱོར་པ་ཁྲོས་པས་བསྒྱུར?་བར་བྱའོ། །ཟས་ཟ་བ་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི། །ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས། ནག་པོ་ཆེན་པོའི། ་སྔགས་ཀྱིས་མངོན་པར་བསྔགས་པའི་འདབ་མར་ལྷུང་བའི་བཟའ་བ་བསྒྲུབ་པར་བྱ་བར་རྣམ་པར་བསམས་ནས། དེའི་སྤྱི་བོའི་ཆ་ལག་པས་བླངས་ཏེ། ཁྲོས་པས་ལྷ་བྱིན་གྱི་མགོ་བོ་བཟའ་བར་བྱའོ་ཞེས་ཕྱེད་ཁ་རུ་བཅུག་སྟེ་མནན་ནས། ཕྱེད ་བསྒྲུབ་བྱ་ལ་ཁ་བལྟས་ཏེ། ཉི་མ་བདུན་དུ་བསྐྱུར་ནས། དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །ཁ་ཅིག་ན་རེ་གསོད་པར་འགྱུར་རོ་ཞེས་ཟེར་རོ། །དེ་ཡང་སྐྲད་པར་བྱེད་པའོ། །མ་ལྷུང་བ་ཞེས་བྱ་བ་ལ་སོགས་པས་ནི། རེངས་པར་བྱེད་པ་གསུངས་པ་སྟེ། ་གཟུགས་བརྟན་ཞེས་བྱ་བ་ནི་བསྒྲུབ་བྱའི་ཁ་དོག་འཛིན་པ་ཅན་ནོ། །དུར་ཁྲོད་ཀྱི་རས་ལ་ཞེས་བྱ་བ་ནི་ཏཱ་ལའི་འདབ་མ་ལ་སོགས་པའོ། །དེའི་མིང་ཞེས་བྱ་བ་ནི་ཨ?་ཨལླི་བལླི་བར་ཙུལླི་ལྷས་བྱིན་རེངས་པར་མཛོད་ཅིག་སྭཱ་ཧཱ་ཞེས་རང་དུ་བཅུག་པ་ཞེས་བྱ་བའི ་དོན་ཏོ། །བདུན་དུ་བཟླས་བས་ཞེས་བྱ་བ་ནི། འདི་ཉིད་ཀྱི་སྔགས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་གཏུན་ཤིང་ལ་ལན་བདུན་དུ་བཟླས་བ་བྱས་ནས། གཏུན་ཤིང་དེས་ལན་བདུན་དུ་བརྡུང་བར་བྱའོ། ཞེས་བྱ་བའི་དོན་ཏོ། །ཡང་ན་ལེའུ ་དྲུག་བ་ལས་གསུངས་པས། ཨོཾ་ཛམྦྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་དེ་བྱས་ན། དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །གཞན་ཡང་རབ་ཏུ་སྦྱོར་བ་གསུངས་བ། བུ་མོ་དེ་འོང་བར་འགྱུར་བ་ཞེས་བྱ་བ་དང་སྦྱར་རོ། །ཅི་ཡིས་གྱུར་ཞེ་ན། ་གསུངས་པ། རྣམ་བར་སྦྲས་པ་ཞེས་བྱ་བ་ནི། གང་གི་ཡན་ལག་དང་ཉིད་ལག་རྣམས་ཏེ། དེ་ནི་དེ་ལྟ་བུའོ། གང་གིས་ཤེ་ན། གསུངས་བ། རི་མོར་བྲིས་པ་ཞེས་བྱ་བ་ནི། རི་མོར་བྱ་བ་དང། བྲི་བར་བྱ་བའི་གཟུགས་དང་ཁ་དོག་རྣམས་རི་མོར ་བྱེད་བ་དང་འབྲི་བར་བྱེད་པའོ། །གང་ལས་ཤེ་ན་གསུངས་པ། ཁ་བལྟས་པས་ཞེས་བྱ་བ་ནི་དགྲ་བོ་ལ་མངོན་བར་ཕྱོགས་པར་འགྱུར་བས་ཤི་བ་ནི་དཔའ་བོའོ། །དེས་རས་ནི་གོས་སོ། །གང་ཞིག་དེ་ལ་ཡན་ལག་ཅན་རྣམ་པར་སྤྲས་པ་ནི་མདུན་དུ་འོང་བར ་འགྱུར་ཞིང་དབང་དུ་བྱེད་བར་འགྱུར་རོ། །གང་ལས་ཤེ་ན་གསུངས་པ། བའང་གི་རྡུལ་དང། སའི་པཱ་ཊ་ལཱའི་རྩ་བ་ལས་ཞེས་བྱ་བ་ནི། བ་ལང་རྡུལ་ཞེས་བྱ་བ་ལ་མཐར་ཨ་མི་སྟེ། དེའང་བ་ལང་གི་བ་སྤུའོ། །སའི་པཱ་ཊ་ལཱ་ཞེས་བྱ་བ་ནི། བྷཱུ་བཱ་ར་ལི་ཞེས ་བྱ་བ་སྟེ། གང་ལ་རབ་ཏུ་གྲགས་བའོ། །དེ་ཡང་ས་ལ་འབྱར་བའི་ལྕུག་མ་སྟེ་ལུས་སོ། །པཱ་ཊ་ལཱའི་མེ་ཏོག་ཁ་གུག་པ་ཉིད་དེ། །ཐང་ལ་སྐྱེས་པ་སྟེ། དེའི་རྩ་བའོ། །འདིས་ནི་འདི་བརྗོད་དེ་མངོན་པར་འདོད་པའི་སྐྱེས་མ་དེ་བཞིན་ཁོ་ནར་གཟུགས་ཇི་ལྟ་བ་བཞིན་དུ་གསལ་བར ་བྲིས་ནས། གོང་དུ་གསུངས་པའི་གཏུམ་མགོ་མའི་སྔགས་ལན་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་པས། ཀོ་ར་ཙ་དང་བྷུ་པཱ་ཊ་ལཱ་མུ་ལའི་བདུག་པས་བདུག་ཅིང། རྡོ་རྗེ་ཧཱུཾ་མཛད་ལ་སོགས་བའི་རྣལ་འབྱོར་བའི། དབང་དུ་བྱ་བ་དང་མདུན་དུ་འོང་བར་འགྱུར་རོ། །རེངས་བར་བྱེད ་བ་ནི། རས་ཞེས་བྱ་བ་ལ་སོགས་གསུངས་སོ། །ཁྲོ་བའི་སྐུ་གཟུགས་ཞེས་བྱ་བ་ནི། གཤིན་རྗེའི་དགྲ་བོའི་སྐུ་གཟུགས་སོ། །ཁ་དོག་ཐམས་ཅད་གཅིག་པ་ཞེས་བྱ་བའོ། གང་གི་ཁ་དོག་ཐམས་ཅད་གཅིག་ཏུ་གྱུར་བ་དེ་ནི་དེ་ལྟ་བུའོ། །ཁ་དོག་ཐམས་ཅད་གཅིག་ཏུ་བྱས་པ ་བླངས་ནས། བིར་ཕྱིས་རི་མོ་བྱ་སྟེ། དེ་བས་ན་དབྱིབས་ཇི་ལྟ་བ་དང་ཁ་དོག་ཇི་ལྟ་བའི་རི་མོ་བྱའོ། །ཞེས་བྱ་བ་ནི་མན་དག་གོ་།གཡས་བརྐྱང་བས་གནས་བ་ཞེས་བྱ་བ་ནི། ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། རིམ་པ་ཇི་ལྟ་བར་མཐོང་ལྡར་བརྐྱང་བ་སྟེ། གཡས ་པ་མ་བསྐུམ་པའི་ཕྱིར་ཞབས་བརྐྱང་པས་གནས་པའོ། །གཡས་ཀྱིས་ཞེས་བྱ་བ་ནི། ཕྱག་གཡས་ཀྱིས་ཞེས་བྱ་བར་བལྟ་བར་བྱའོ། །ཐོབ་ཞེས་བྱ་བ་ནི་གཉིས་བའི་གཅིག་གི་ཕྱིས་པར་གྱུར་པའོ། །གཟུང་ཞེས་བྱ་བ་དགོད་པའི། །གཡོན་གྱིས་ཞེས་བྱ་བ་ལ་སོགས ་བ་གོ་སླའོ། །མན་དག་ལས་ཕྱག་ན་རལ་གྲི་དང་གཏུན་ཤིང་དང། དགྲ་སྟེ་དང་ཞགས་པའོ། །དེ་བས་ན་ཕྱག་དྲུག་པའི་གཡས་པ་ལ་སོགས་པར་ཐོབ་དང་རལ་གྲི་དང་ཞགས་པ་དང། ཀླུའི་ཞགས་པ་དང། གཏུན་ཤིང་དང་དགྲ?་སྟ་འཛིན་བའོ། །ལྟོ་བ་འཕྱང་བ་དེ་ལྟ་བུའི་སྐུ་ ་གཟུགས་བྲིས་ནས་དེའི་ཀླུའི་ཞབས་པའི་ལྟོ་བ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་པས། ཨོཾ་རཏན་བཛྲ་བཛྲ་ཏྲི(རྒྱུད་འགྲེལ་པོ་ལ་སོགས་པས་མཆོད་དེ་བཞག་པར་བྱའོ། །སྔགས་དེ་ཉིད་ཀྱི་ནང་དུ་བཅུག་པ་དང་བཅས་པར་སྟོང་ངེས་པར་བཟླས་པར་བྱེད་ན། དགྲ་བོ་རེངས་པར་བྱེད་དོ། །ཡིད་ཀྱིས་ཀྱང་ཞེས་བྱ་བ་ནི། རེ་ཞིག་ཡིད་ཀྱི་བྱ་བ་ལྟ་ཞོག་གོ་།ལུས་དང་ངག་གི་བྱ་བ་ཡང་ཡོད་པ་མ་ཡིན་ནོ་ཞེས ་བྱ་བ་ནི་འང་གི་སྒྲའི་དོན་ཏོ། །གལ་ཏེ་བག་མེད་པས་སྒྲུབ་པ་པོ་ལ་འགལ་བར་སྤྱོད་པར་བྱེད་ན། དེའི་ཚེ་འབྱུང་པོ་ལ་སོགས་པ་རྣམས་ཀྱིས་དགྲ་བོ་ཉེ་བར་འཆེ་བར་བྱེད་དོ། །ལྷ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འདི་རྣམས་ཀྱིས་རྩེ་བར་བྱེད་པའི་ཕྱིར་ལྷ ་ཐམས་ཅད་དེ་སྲོག་རྣམས་སོ། །དེ་རྣམས་ཀྱིས་སྤོང་བར་འགྱུར་ཞེས་བྱ་བ་ནི། འཚོ་བར་འགྱུར་བྱ་བའི་དོན་ཏོ། །ནང་དུ་བཅུག་པ་ཞེས་བྱ་བ་ལ་སོགས་པ་ནི། ཕ་རོལ་གྱི་སྡེ་རྣམས་རེངས་པར་བྱེད་པ་ལ་རེ་ཞིག་འདི་དག་བྱ་བ་སྟེ། གཞན་དཱུང་བྱ་བའོ། །གཡུལ་གྱི་སར་རྒྱལ ་མཚན་གྱི་རྩེ་མོ་ལ་གྲོ་ག་ལ་སོགས་པ་ལ་བྲིབ་བྱས་ནས་བྲིས་སྐུ་བཏགས་ཏེ་སློབ་དཔོན་དེ་རྟ་ལ་སོགས་པ་ལ་ཞོན་ཏེ། རི་རབ་སྣ་ཚོགས་རྡོ་རྗེས་མཚན་པས་ཕ་རོལ་གྱི་སྡེ་རྣམས་མནན་པར་བསམ་ཞིང་སྔགས་འདི་བཟླས་ཤིང་ཇི་ལྟར་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། ། ་ཕྱི་མ་ཞེས་བྱ་བ་ནི་འདི་ཁོ་ནའི་སྔགས་ཀྱི་ཕྱི་མའི་རབ་ཏུ་སྦྱོར་བ་བསྒྲགས་སོ་ཞེས་བྱ་བར་དགོངས་སོ། །ཚར་གཉིས་འདབ་མ་ལ་སོགས་པ་ཞེས་བྱ་བ་ནི་ཏཱ་ལའི་འདབ་མ་འམ། །གྲོ་ག་ལ་སོགས་པར་སྔགས་ཀྱི་ཚར་གཉིས་བྲིས་པའོ། །འོག་གི་ཚར་དུ་ཡི་གེའི་བར་རྣམས་སུ ་ཞེས་བྱ་བ་ནི། འོག་གི་ཚར་ལ་སྔགས་ཀྱི་ཡི་གེའི་བར་རྣམས་སུ། ཇི་ལྟར་ཨོཾ་ལྷས་བྱིན་རེངས་པར་མཛོད་ཅིག། ར་ལྷས་བྱིན་རེངས་པར་མཛོད་ཅིག་།ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྔགས་ཕྱི་མའི་ཡི་གེའི་བར་དུ་བསྒྲུབ་བྱའི་མིང་བལྟ་བར་བྱའོ། །ཡང་ན་ཨོཾ་ལྷས་བྱིན་ར? ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་བར་དུ་ནི་བསྒྲུབ་བྱའི་མིང་གི་ཡི་གེ་རྣམས་སོ་སོར་སྔགས་ཀྱི་ཡི་གེའི་སོ་སོའི་བར་རྣམས་སུ་ནི་བྱ་བར་ནི་མི་རིགས་ཏེ་མི་ནུས་པའི་ཕྱིར་རོ། །སྔགས་ཀྱི་ཡི་གེ་དང་མཉམ་པའི་མིག་གི་ཡི་གེ་ཐམས་ཅད་ཁོ་ན་ནི་ཡོད་པ་མ་ཡིན་ནོ། །གང་གི་ཚེ་མང་པོ་རྣམས ་ནི་རེངས་པར་བྱེད་བ་དེའི་ཚེ་ཇི་ལྟར་བྱེད་པར་འགྱུར། འདི་ཉིད་ནི་བཟང་བ་སྟེ་ཡི་གེའི་བར་ཉིད་ནི་ནང་དུ་བཅུག་པའོ། །སྔགས་ཀྱི་ཡི་གེ་བར་རྣམས་སུ་ཞེས་བྱ་བ་ནི་གང་ཞེ་ན། བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅིངས་ཤིང་ཞེས་བྱ་བ་ནི། སྲས་བུ་སེར་པོས་སོ། ། ་ཁམ་ཕོར་ལ་ཞེས་བྱ་བ་ནི། ཁམ་ཕོར་གྱི་རྩ་བ་ལ་ནག་པོ་མེད་པ་ལའོ། །བཤད་བ་བྱས་ཤིང་ཞེས་བྱ་བ་ནི་གྲོང་གི་བདག་པོ་དོར་བ་སྟེ་བཞག་པའོ། །བ་ལང་གི་ལྕི་བའི་ཐལ་བ་ཞེས་བྱ་བ་ནི་གྲོང་གི་བདག་པོའི་སྟེང་དུ། བ་ལང་གི་ལྕི་བ་སྐམ་པོའི་ཐལ་བས་བཀང་བས་གཞན་པའི ་ཁམ་ཕོར་གྱིས་བཀབ་པའོ། །ས་བརྐོས་པ་ཞེས་བྱ་བ་ནི། བརྐོས་པའི་ཁུང་བུའོ། །ཁམ་ཕོར་ཁ་སྦྱར་དེ་ཡང། རླུང་བཀགས་པས་བཅུག་ནས་དེའི་སྟེང་དུ་ས་གཡོགས་ནས་བརྡུང་བར་བྱ་བའོ། །འདིས་ནི་འདི་དག་བརྗོད་དེ། འདབ་མ་ལ་སོགས་པ་དེ་ཁམ་ཕོར་ལ་བཞག ་ནས། ལྷས་བྱིན་ལ་སོགས་པ་རེངས་པ་ཞེས་བྱ་བར་བློ་ལ་གནས་པར་བྱེད་ཅིང། དེའི་སྟེང་དུ་གྲོང་གི་བདག་པོ་དོར་བར་བྱས་ཏེ། ལྕི་བའི་ཐལ་བས་བཀང་ཞིང། ཁམ་ཕོར་ཕྱི་མ་བཀབ་ལ། གོང་མ་ལྟ་བུར་བྱས་པ་དང། ས་བརྐོས་པར་བཞག་སྟེ། སས་བཀབ་སྟེ་བརྡུང ་བར་བྱ་ཞིང་སྔགས་འདི་དེ་བཞིན་ཁོ་ནར་བཟླས་ན། ཇི་སྐད་དུ་གསུངས་པ་བཞིན་དུ་བྱེད་དོ། །དགྲ་རྣམས་རེངས་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགྲ་བོ་རེངས་པའི་བྱ་བ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །སྔགས་བཏུབ་གསུངས་པ། རཏན་བཛྲར་ཏེ་ཞེས ་བྱ་བའོ། །ཕྱི་ནས་ཞེས་བྱ་བ་ན། སྔོན་དུའོ། །ར་ཏི་ཞེས་བྱ་བའི་སྒྲ་ནི་དོན་མེད་པའོ། །བཛྲ་ཞེས་བྱ་བ་ནི་མི་ཕྱེད་པའོ། །དེ་ནས་ཕྱིས་རཏན་བཛྲའི་སྐྲ་ལས་དང་པོར་ཨོཾ་མི་ཕྱེད་པའི་རང་བཞིན་བཀླག་པར་བྱའོ། །ར་ཏིའི་སྒྲ་ནི་སྦྱོར་བ་ཁོ་ནའོ། །དེ་ནས་ཧྲི:ཱི་རྣམ་པའོ། །ོཾ་རཏན་བཛྲའི ་སྒྲ་ལས་ཕྱི་མ་བཛྲའི་སྒྲའོ། །དེ་ནས་ཧྲི:ཱོ་ཕཊ་དང་བཅས་པ་སྦྱིན་པར་བྱའོ། །ོཾ་རཏན་བཛྲ་བཛྲ་ཧྲི:ཕཊ་ཞེས་བྱ་བའི་སྔགས་སོ། །ཧྲི:ལས་ཕ་རོལ་ཏུ་ནང་དུ་བཅུད་པར་བྱའོ། །ལྷག་མ་ནི་གོ་སླའོ། །འཇིམ་པ་ནག་པོས་ཞེས་བྱ་བ་ལ་སོགས་པ་ན་རྟོགས ་པར་སླའོ། །མིང་བ་དང་གི་གིའུ་ཝང་གིས་ཞེས་བྱ་བ་ནི། གྲོག་ལ་སོགས་པ་ལ་བ་ལང་གི་གེའུ་ཝང་གིས། ཨོཾ་ན་མོ་བྷ་ག་བ་ཏི་ཙཱ་མུཎྜེ་ཤུཥྐ་མུ་ཁི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་རྐང་གི་ནང་དུ་བཅུག་པ་ལྷ་བྱིན་བདག་གི་དབང་དུ་མཛོད་ཅིག་གམ། །རེངས ་པར་མཛོད་ཅིག་ཅེས་པ་བྲིས་པའོ། །ཁ་ཞེས་བྱ་བ་ལ་སོགས་པ་ནི་བཅིངས་བར་བྱ་བ་དེ་ཉིད་ཀྱི་སྔགས་བཟླས་ཤིང། །རང་འདོད་པའི་ལྷ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་ཁ་བཅིང་བ་ལ་སོགས་པ་དང་དབང་དུ་བྱ་བ་ཡང་བྱེད་དོ། །དེ་ནས་གསུངས་པ་ཁ་བཅིང ་བ་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཞེས་བྱ་བ་ནི། ཉེ་བར་མཚོན་པའི་ཕྱིར་ཏེ། ལུས་ལ་སོགས་པ་འང་རེངས་པ་ཡིན་ནོ། །འདི་ལྟར་ཡང་རེངས་པ་འང་གོས་སེར་པོ་བགོ་བ་དང་མཆོད་པ་ལ་སོགས་པའོ། །དབང་དུ་བྱེད་པ་ལ་ནི་དམར་པོའོ། །ཡང་དགུག་པ་ནི་ཁམ་ཕོར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །འདི་ལྟར་བྱས་ནས་ཨོཾ་ན་མོ་བྷ་གབ་ཏི་ཙཱ་མུཎྜེ་ཤུཥྐ་མུ་ཁི་ཞེས་བྱ་བ་ལ་སོགས་པའི་སྔགས་ཟླ་བ་གཟས་ཟིན་པ་ན་བཟླས་ཏེ། ཟླ་བ་མ་གྲོལ་གྱི་བར་དུ་སྡིགས་མཛུབ་དང་བསྒྲུབ་པར་བྱའོ། །གཞན་པའི་བུད་མེད་ཀྱི་བྷ ་ག་ཞེས་བྱ་བ་ནི། མངོན་དུ་སྐྱེས་མའི་བྷ་ག་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡང་དེ་ནི་ཀར་མར་མ་ཞེས་བྱ་བ་མན་ངག་གོ་།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྡིགས་མཛུབ་ཀྱི་དུས་ལའང་དེ་ཉིད་ཀྱི་སྔགས་སོ། །གང་ལ་སྔགས་ཀྱི་ཁྱད་པར་ལྷའི་རྣལ་འབྱོར་ཡོད ་པ་མ་ཡིན་པ་དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་རོ། །འདི་གྲུབ་བོ་ཞེས་བྱ་བ་ནི། ཐེ་ཚོམ་བསལ་བ་ཞེས་བྱ་བའི་དོན་ཏོ། །ནིམ་པ་ཞེས་བྱ་བ་ལ་སོགས་པ་ནི། ཨོཾ་མུ་ཎི་ཀས་ཨི་མུ་ཎི་བ་ས་ཨི་མུ་ཎི་ཏ་ཏྠ་ལངྒ་ལེ་ཧིཾ་ཕཱ་ཌེ་ཨི་ཨ་མུ་ཀ་མུ་?་ཊ་ལ་སྭཱ་ཧཱ་ཞེས་བྱ་བ་ནང་དུ ་བཅུག་པ་དང་ལྷན་ཅིག་སྔགས། ནིམ་པའི་འདབ་མ་ལ་དུག་ལ་སོགས་པས་བྲིས་ནས། སཱ་ལུ་བཏགས་པའི་རི་ལུར་བཅུག་སྟེ། གང་གི་ཆོ་ཁྭ་ཁྱིམ་དུ་འགྲོ་བར་འདོད་པར་འགྱུར་ཞིང། མི་འོང་བ་དིའི་ཁྭ་རྣམས་ཀྱི་ཁོ་ནར་དེ་སྔགས་གོང་མ་ལྟ་བུར་བཏོན་པས། རིའུ?་བརྒྱ ་རྩ་བརྒྱད་ཇི་སྲིད་དེ་ལྟར་ཉི་མ་བདུན་གྱི་བར་དུ་བྱིན་ན། སྐྲོད་པར་འགྱུར་རོ། །རང་གི་ཁྲག་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྲིན་ལག་གི་ཁྲག་གོ། ཁྭ་ཉལ་བ་ན་ཞེས་བྱ་བ་ནི། ཁང་པར་ཁྭ་རྣམས་སོང་བར་གྱུར་པ་ནའོ། །རྩིག་པ་ལ་ལྡོང་རོས་ལ་སོགས་པ་དང། གུར་ཀུམ་གྱིས་སོ།། ་ཀ་ལ་སོགས་པ་བྲིས་ནས་དེའི་སྙིང་པོ་ལ་རེངས་པར་བྱེད་པ་དང་དབང་དུ་བྱེད་པ་དང། ལྷན་ཅིག་བསྒྲུབ་བྱའི་ནང་དུ་ཆུད་པར་བྲི་བར་བྱའོ། །དེ་ནས་ཀ་དེ་བཞིན་དུ་གྱུར་པ་ནི་ཏའི་ནང་དུ་ཕྱིན་པ་དང་དེ་བཞིན་དུ་ཧ་ནི་ཕའི་ནང་དུ་ཕྱིན་པ་དང། དེ་བཞིན་དུ་ཕ་ནི་མ་མོ་ཐམས་ཅད་རྣམས་ཀྱིས ་བསྐོར་བ་དང། དེ་དག་ཐམས་ཅད་ཝའི་ནང་དུ་ཕྱིན་པར་བྱའོ། །དེ་ཡང་གང་གིས་ན་བཀབ་ཅིང། རེངས་བའི་སྔགས་སམ་དབང་དུ་བྱེད་པའི་སྔགས་བཟླས་པར་ཞེ་ན། དེ་ཉིད་གསུངས་པ་ཀའི་མཛའ་ཞེས་བྱ་བ་ལ་སོགས་པ་ལ། ཀའི་རྣམ་པས་མཛའ་ཞེས ་བྱ་བ་ནི། ཀའི་མཛའ་སྟེ་དབུས་སུ་གནས་པ་ཅན་དུ་བྱས་པའོ། །དེ་ཡང་བསྒྲུབ་པར་བྱ་བའི་མིང་ངོ། །ཧའི་མཐར་འགྲོ་བ་ཞེས་བྱ་བ་ལ། མཛའ་ཨི་སྒྲས་ནི་རང་གི་ངོ་བོའི་ཚིག་ཅན་ནོ། །ཕའི་མཛའ་ཡང་སྐོར་པ་ཞེས་བྱ་བ་ལ། སྐོར་བ་ནི་དབུས་སུ་གནས་པ ་ཅན་དུ་བྱེད་པའོ། །ཐའི་མཐར་ཞེས་བྱ་བ་ནི་ཋའོ། །དབང་དང་རེངས་པར་བྱེད་དོ་ཞེས་བྱ་བ་ནི་དབང་དུ་རིགས་པའི་ལས་ནི་དབང་དང། རེངས་པ་ཞེས་བྱ་བ་ནི་དབང་དང་རེངས་བ་སྟེ། ཡང་དག་པར་བསྡུ་བའོ། །རྒྱུ་ལ་གསུམ་པའོ། །འདི་དག་ཐམས་ཅད་དབང ་དང་རེངས་བས་རྒྱུད་བྱའོ་ཞེས་བྱ་བར་སྦྱར་རོ། །བཀབ་ཅེས་བྱ་བ་ནི་གཡོགས་ཞེས་བྱ་བའོ། །གཞག་པར་བྱ་ཞེས་བྱ་བ་ལ། འོའི་སྒྲ་ནི་གནས་སྐབས་ཀྱི་རྫོགས་པའོ། །ད་ནི་འཆི་བ་འཆོ་བ་གསུངས་པ། མིང་གི་ཡི་གེ་ཞེས་བྱ་བ་ལ་སོགས་པ་ནི། །རྣམ་པར ་སྣང་མཛད་ཀྱི་རྣལ་འབྱོར་པ་འམ། སྦྱན་གྱི་རྣལ་འབྱོར་པས་རྒྱལ་བའི་སྙིང་ཁར་དེའི་མིང་གི་ཡི་གེ་འམ། ཨ་ཁ་དོག་དམར་པོ་པདྨ་འདབ་མ་བརྒྱད་དང་བཅས་པའི་ནང་དུ་སོན་པ། སྤྱན་གྱི་སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱས་ནས། ་དེའི་པདྨ་ཞགས་པས་བཅིང་ཞིང། དེའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་བདུད་རྩིའི་རྒྱུན་འབབ་པས། དབང་བསྐུར་ཏེ་སྤྱན་ལ་སོགས་པས་སྔགས་བཟླས་ན་འཚོ་བར་འགྱུར་རོ། །རང་དང་གཞན་དག་གི་དེ་ལྟ་བུའི་ཆོ་གའོ། །གོང་དུ་གསུངས་པ། རྒྱས་པར་བྱ་བའི ་ཕྱིར། ཨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཚོ་བ་རང་ཕྱག་རྒྱ་ཞེས་བྱ་བ་ནི། ཨའི་རྣམ་པ་ཁོ་ན་འཚོ་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ཀྱི་འམ་སྤྱན་གྱི་ཕྱག་རྒྱའི་དབྱིབས་ནི་དེ་ལྟ་བུའོ། །ཡང་དག་པར་གཟུང་སྟེ་ཞགས་པས་ཞེས་བྱ་བའི་དོན་ཏོ། །འཚོ ་བ་བསྲུང་སོགས་རྒྱུའི་ཕྱིར་ཞེས་བྱ་བ་ནི། སོགས་པའི་སྒྲས་ནི་ནད་མེད་པ་ཡང་ངོ། །ཡང་ན་འཚོ་བ་སྲུངས་ལ་སོགས་ཞེས་བྱ་བ་ནི། ཕུལ་དུ་བྱུང་བའི་རྒྱུའོ། །དེའི་ཕྱིར་རྒྱུར་དེ་སྐད་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདིའི་རབ་ཏུ་སྦྱོར་བ་གཞན་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ ་སོགས་པ་ལ་རྡོ་རྗེ་ཁ་སྦྱོར་ལྟེར་གནས་པ་ཞེས་བྱ་བ་ནི། རྡོ་རྗེ་དཀར་པོ་དག་མཉམ་པར་སྦྱོར་པ་སྟེ། དེའི་ལྟེ་བ་ནི་སྙིང་པོ་ལའོ་།གནས་པ་ཞེས་བྱ་བ་ནི་དེ་དེ་ལྟ་བུའོ། །གང་ཞེ་ན་ཨ་ཞེས་གསུངས་སོ། །ཁ་བའི་འོད་ཅེས་བྱ་བ་ནི། དཀར་པོའི་འོད་ཟེར་རོ། ཞགས་ཐག་གིས་ཞེས ་བྱ་བ་ནི། སྙིང་གི་པདྨའི་སྟེང་དུ་རྡོ་རྗེ་ཁ་སྦྱོར་དགོས་ཡང་དག་པར་སྦྱོར་བ། ཨའི་རྣམ་པ་བསམས་ནས། རྡོ་རྗེ་ཁ་སྦྱོར་གྱི་མཛའ་གཉིས་ཞགས་པ་དག་གིས་བཅིངས་ཤིང་ཨ་དང་རྡོ་རྗེའི་འོད་ཟེར་རྣམས་ཀྱིས། ལུས་ཐམས་ཅད་ཚིམ་ཤིང་གོང་མ་བཞིན་དུ་སྔགས་བཟླས ་པར་བྱའོ། །འཚོ་བ་བསྲུང་པ་མཆོག་ཅེས་བྱ་བ་ནི་ཚིགས་བཅས་ལས་ཐ་དད་པའི་དག་གོ། འཚོ་བ་བསྲུང་བ་མཆོག་ཅེས་བྱ་བ་ནི་གང་གི་ཕུལ་དུ་བྱུང་བའི་ལས་དེ་ནི་དེ་ལྟ་བུའོ། །རབ་ཏུ་སྦྱོར་བ་གཞན་གསུངས་པ་བཾ་ཞེས་བྱ་བ་ལ་སོགས་པ་ནི། སྙིང་ལ་བཾ་ཁ་འོག་ཏུ་བལྟས་ཤིང། ་པདྨར་གནས་པའི་ཟླ་བར་གནས་པ་ནི། ཕྱི་མའི་པདྨས་བཀབ་པ་སྟེ། བདུད་རྩི་དཀར་པོ་འཛག་པ་དང་དེ་བཞིན་དུ་ཨ་ཡང་པདྨའི་ལྟེ་བའི་ཟླ་བར་གནས་པ་སྟེ། པདྨ་ཕྱི་མས་བཀབ་ཅིང་ནས་ཀྱི་ཚད་ཙམ་དུ་བསམ་པར་བྱ་བ་དང། འདིས་ནི་ཐམས་ཅད་དུ་བདུད་རྩི་འཛག་པས་བསྒྲུབ ་བྱའི་ལུས་གང་བར་བསམས་ཏེ་སྔགས་བཟླ་བར་བྱའོ། །དེ་ནས་སྤྱན་ལ་སོགས་པ་རྣམས་ཀྱིས་བལྟས་པར་དེ་བསམ་པར་བྱའོ། །འདི་ལས་ཞེས་བྱ་བ་ནི་ལུས་ལའོ། །དབང་བསྐུར་ཞེས་བྱ་བ་ནི་དབང་བསྐུར་པར་བྱེད་པ་སྟེ་བཾ་དང་ཨཾ་བསམ་པར་བྱའོ། །གལ་ཏེ་ཡང་པདྨ་སོ་སོར་གོང་དུ ་གསུངས་པ་དེ་བཞིན་དཱུང། པདྨ་མཉམ་སྦྱོར་ཡང་དག་གནས་ཞེས་བྱ་བའི་ཁྱད་པར་འདིས་ནི་དེ་ལ་པདྨ་ཁ་སྦྱོར་ཁོ་ནར་ཤེས་པར་བྱའོ། །འཚོ་བ་བསྲུང་དང་ཞེས་བྱ་བ་ནི། འདིས་ནི་འཚོ་བ་བསྲུང་བར་འགྱུར་རོ། །དབང་དང་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་རྣམས་ཀྱིས་སྦྱིན་པར ་བྱའོ། ཇི་ལྟར་དབང་བསྐུར་ཞེ་ན། སྙིང་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྙིང་ཞེས་བྱ་བ་ནི་སྙིང་ལ་གནས་པའི་སྤྱན་ལ་སོགས་པའི་སྔགས་སོ། །དེ་བས་ན་སྙིང་ལ་ཡོད་པའི་སྤྱན་ལ་སོགས་པའི་སྔགས་ལས་བྱུང་བ་རྣམས་ཀྱི་དབང་བསྐུར་བར་འགྱུར་ཏེ། སྤྱན་དང་རྣམ་པར ་སྣང་མཛད་ལ་སོགས་པའི་ཚོགས་ཀྱིས་ཤེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །འཆི་བ་བླུ་བ་གསུངས་ནས། ཡང་རབ་ཏུ་སྦྱོར་བ་གཞན་གསུངས་པ། ག:ཞེས་བྱ་བ་ལ་སོགས་པ་ནི། ཏཱ་ལའི་མདབ་མ་ལ་ཚེར་མས་ག:ོཾ་ལྷས་བྱིན་རེངས་པར་གྱིས་ཤིག། ཨོཾ་ག: ་ཞེས་བསྒྲུབ་བྱའི་མིང་ནང་དུ་བཅུག་ནས། དུར་ཁྲོད་ཀྱི་སོལ་བའི་ཕྱེ་མས་བཀང་ཞིང་སྐོར་བུ་ཁ་སྦྱར་ལ་སོགས་པར་སྤྲ་ཚིལ་ལམ་ལ་ཆ་ལ་སོགས་པ་རྣམས་ཀྱིས། དེའི་ཁ་དགབ་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་བུམ་པ་ཅན་གྱིས ་བསྒྲུབ་པར་བྱ་བའི་བློང?་བྱས་ནས། མི་གཙང་བར་དེ་ཉིད་གཞུག་པར་བྱ་ཞིང། དེ་བཞིན་དུ་དེ་ཉིད་དམ་གཞན་པ་རེངས་པ་ལྷག་པར་བྱས་ནས་བསླས་པར་བྱའོ། །རེངས་པ་བྱེད་པ་གསུངས་པ། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་ནི་ཨརྐའི་ཤིང་ངོ། །བཀུག་ནས་ཞེས་བྱ ་བ་ནི་ཡེ་ཤེས་སེམས་དཔའ་གཞུག་པའོ། །དམ་ཚིག་ལ་སོགས་པ་ཞེས་བྱ་བ་ནི། མཆོད་ཡོན་ལ་སོགས་པའོ། །ནག་པོ་ཞེས་བྱ་བ་ནི་པི་པི་ལིང་ངོ། །ཕུག་མ་ཞེས་བྱ་བ་ནི་བ་རུ་རའོ། །ཆུ་ཞེས་བྱ་བ་ནི་བྷ་ལ་ཀའོ་ལུས་བྱུགས་པའམ་ཞེས་བྱ་བ་ནི། གོང་དུ ་གསུངས་པའི་རྫས་འབའ་ཞིག་གིས་གྲུབ་མ་ལ་སོགས་དང་ལྷན་ཅིག་པས་སམ་ཞེས་བྱ་བའི་དོན་ཏོ། །ལག་པ་བཞི་པ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་ལུང་ལས་རབ་ཏུ་གྲགས་པའི་མཚན་མ་དང་ལྡན་པའོ། །གཤིན་རྗེའི་གདོང་ནི་ལྷོ་རུ་ཁ་བལྟས་པའོ། །ཁྱིམ་གྱི་ཆུ་ཞེས་བྱ་བ ་ནི་སིངས་པོའོ། །སྔགས་བས་ཞེས་བྱ་བ་ནི་རེངས་པའི་སྔགས་ཟློས་པའོ། །འདིའི་ཡང་བསྐྱེད་པའི་ས་བོན་ནི་གཾ་ངོ། །གཞན་མ་ནི་གོ་སླའོ། །སྟོབས་པོ་ཆེའི་སྔགས་ཀྱིས་བསྐྲད་པ་ལ་སོགས་པ་ནི། སོ་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཀུན་འདར་གྱི་རས ་ལ་ཞེས་བྱ་བ་ནི། ཟླ་མཚན་འཛག་པའི་རས་ལའོ། །ཤ་ཟའི་ཤིང་ཞེས་བྱ་བ་ནི་ཨུ་དུཾ་བཱ་རའི་ཤིང་ངཾ། །ཤཱ་ཀོ་ཊ་ཀའི་ཤིང་ངོ། །ཁ་ཅིག་ན་རེ་བ་ཧུ་བཱ་?་ཤིང་ངོ་ཞེས་ཟེར་རོ། །བསྐྲད་པ་ཞེས་བྱ་བ་ལ་སོགས་པ་ནི། བསྐྲད་པ་ལ་སོགས་པར་ཕྱོགས་ངེས་པར་བྱས ་པའོ། །རེངས་པ་ལ་ནི་ཡང་དབང?་ལྡན་དུ་སྦ་བའོ། །དེ་ནས་འདི་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འོ་མ་ཞེས་བྱ་བ་ནི་ཆུ་ལའོ། །རིམ་པ་བཞིན་དུ་ཞེས་བྱ་བ་ནི་གོང་དུ་རིམ་པ་ལས་བཟློག་པར་བཟླས་ལ་བརྙེགས་སོ། །གྲོ་ག་ལ་སོགས་པ་ལ་གཡོན་པའི་ལག ་པས་བཟླའི་ནག་ཚལ་བས་ནས། མྱ་ངན་མེད་པའི་ཤིང་གི་སྨྱུག་གུས་བསྒྲུབ་པར་བྱ་བའི་གཟུགས་བརྙན་དུ་ལྷག་པར་མོས་པས་བྲིས་པའོ། །དེ་ཉིད་ཀྱི་སྔགས་ཀྱིས་ལྷག་པར་དབང་དུ་བྱེད་པས་སམ་སྔགས་གཞན་གྱིས་བསྒྲུབ་པར་བྱ་བའི་མིང་ནང་དུ་བཅུག་ཅིང་དེའི ་སྙིང་གར་?་ནས་སྤྲ་ཚིལ་གྱི་སྟེང་དུ་མར་མེའི་སྣོད་ལ་གནས་པའི་ཏིལ་མར་གྱི་མར་མའི་རྩེ་མོ་ལ་འམ། །དེ་བཞིན་དུ་མར་གྱི་མར་མེའི་རྩེ་མོ་ལ་དེ་བདུག་པར་བྱ་ཞིང་ཐུན་ཚོད་གསུམ་དུ་སྔགས་བཟླས་ཏེ་གསུངས་པ། བསྒྲུབ་པར་བྱའོ། །སྐྲོད་པར་བྱེད་པ་ཁྭམ? ་ཉལ་བཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁམ་གཅིག་བྱིན་ནས་ཞེས་བྱ་བ་ནི་ཀཱ་ཀི་མུ་ཀི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །དགུག་པའི་སྟེང་དུ་བཅིངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དགུག་པའི་སྔགས་ཀྱིས་རབ་ཏུ་སྦྱོར་བའོ།། ་གཞན་ནི་གོ་སླའོ། །གྲོང་གནས་པར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྣོན་པོ་ཞེས་བྱ་བ་ནི། ལ་བརྡར་གྱི་རྡོའོ། །ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་རྡོ་བ་ངེས་སྔོན་དུ་གསུངས་པ་བྱ་བར་བྱའོ། །སྣོད་ནག་པོར་ཞེས་བྱ་བ་ནི། འཇིམ་པ་ནག་པོའི་སྣོད ་ནག་པོའོ། །རྒྱས་གདབ་པར་བྱ་ཞེས་བྱ་བ་ནི། རེངས་པར་ལྷག་པར་བྱེད་པའི་སྔགས་ཀྱིས། །སོར་རྡི་བ་ལ་སོགས་པར་བརྐོས་པས་འཇིམ་པ་ནག་པོ་བཏག་པ་ནི་དེ་རྒྱས་བཏབ་པ་ཞེས་བྱ་བའི་དོན་ཏོ། །སྟོང་ལས་ལྷག་པའི་རྒྱ་ཞེས་བྱ་བ་ནི། རེངས་པ ་ལྷག་པར་བྱས་ནས་སྔགས་ཀྱི་རྐང་པ་བརྒྱད་པའམ་།དེ་བཞིན་དུ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །བྲོས་པའི་དགུག་པ་ནི། བྲོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་སྔགས་ཞེས་བྱ་བ་ནི། དགུག་པའི་སྔགས་ཏེ། ་སྤྱོད?་པ་ཕོ?་ཚེའི་སྔགས་སམ། རྐང་པ་བརྒྱད་པའི་སྔགས་སམ། ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ། །བུ་རམ་ལ་ཡོངས་སུ་བཟླས་ཏེ་ཞེས་བྱ་བ་ནི། ཨོཾ་ཨི་རྭདྲེ?་ཎ་ཧ་ད་ཞེས་བྱ་བ་ལ་སོགས་པའི་སྔགS་ཀྱིས་སཾ། སྟོབས་པོ་ཆེ་ལ་སོགས་པའི་སྔགས ་ཀྱིས་སོ། །?་?་གི་ལག་པ་དྲིལ་བའི་རྫའི་སྣོད་དུ་ཞེས་བྱ་བ་ནི། །བུམ་པ་བྱེད་པའི་ལག་པ་དྲིལ་བའི་འཛམ་པ་དོར་བ་སྟེ། ལག་པ་བྱིས་ཏེ་དོར་བ་ནི་མ་ཡིན་ནོ། །དེ་ལས་སྣོད་དུ་བྱའོ། །སྔགས་ཀྱང་འདི་ལ་ལྷག་པར་རེངས་པར་བྱེད་?་།དེ་བཞིན་དུ་སྣོད་དུ ་བདག?་པར་བྱས་ན་གྲོང་?་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། འདི་ལ་རྐང་པ་བརྒྱད་པ་ལ་སོགས་པའི་བྱ་བ་སྟེ། ཐམས་ཅད་ནི་གོ་སླའོ། །ཉི་ཤུའི་ཕྱེད་ཅེས་བྱ་བ་ལ། རྫས་བཅུ་ནི་རྣམ་པར་སྣང་མཛད་དང། རིན་ཆེན ་འབྱུང་གནས་དང། འོད་དཔག་ཏུ་མེད་པ་དང། མི་སྐྱོད་པ་ཞེས་བྱ་བ་བཞི་པོ་རྣམས་དང། རིགས་ཀྱི་བདག་པོའི་དྲི་མ་དང་བཅས་ཞེས་བྱ་བ་ནི་ལྔ་པའོ། །གོ་དང་ཀུ་དང་བ་དང་ཧ་དང་ན་ཞེས་བྱ་བ་ལྔའོ། །འདི་ལྟར་ཁ་ཅིག་ན་རེ། བཅུ་ནི ་སྐྱུགས་པ་དང་ལྷན་ཅིག་བཅུའོ་ཞེས་ཟེར་རོ། །ཁ་ཆེའི་སྒྲས་ནི་གུར་ཀུམ་མོ། །དེ་རྣམས་ཐམས་ཅད་ཆ་མཉམ་པར། རྐང་པ་བརྒྱད་པའི་སྔགས་ཀྱིས་སམ། དབང་དུ་བྱེད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བརྗོད་པ་ཡིན་ནོ། །མ་ལ་ཡ་སྐྱེས་ནི་ཙནདན་ནོ། །ཁྲག ་སྐྱེས་ཤེས་བྱ་བ་ནི་གུར་ཀུམ་མོ། །མཀྵིཾ་ནི་སྤྲང་རྩིའོ། །ནད་ཀྱི་དབང་པོ་ཞེས་བྱ་བ་ནི་རུ་རྟའོ། །མཚན་མོ་ནི་ཡུང་བའོ། །ལྷག་མ་ནི་གོ་སླའོ། །རྩ་བའི་སྔགས་ནི་ཞེས་བྱ་བ་ནི། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་སོ། །དེར་འབུམ་བཟླས་པ་བྱས་པས། སྔགས ་ཀྱིས་ཀྱང་ལས་བྱེད་པ་ནི་འགྲུབ་པར་འགྱུར་ཏེ། འདིར་བརྗོད་པ་འདིར་ནི་རོ་ཞིག་འགྲུབ་པར་འགྱུར་རོ། །སྔགས་གཞན་གྱིས་ཀྱང་མ་བཟླས་ཀྱང་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་ནི་ལྷག་མའོ། །དེ་ནས་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་མ ་བཟླས་ཀྱང་གང་ཞིག་གཙོར་ལས་རྩོམ་པར་བྱེད་པ་དེ་མ་འགྲུབ་པས། དམ་པའི་ཆོས་ལ་སྨད་པས་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །འདི་སྐད་གསུངས་ཞེས་བྱ་བ་ལ་སོགས་པ་ནི། གསུང་གི་ཚད་མ་ཞེས་བྱ་བར་བརྙེགས་སོ། །གཞན་ནི ་བཤད་ཟིན་ཏོ། །འདི་ནི་འདི་སྐད་ཅེས་བྱ་བའི་དོན་ལའོ། །ལས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཆར་དབབ་པའི་སྒྲུབ་ཐབས་ལ་སོགས་པའི་མཚན་ཉིད་རྣམས་ཀྱིའོ། །རབ་ཏུ་རྒྱས་པ་ནི་ཚོགས་ཏེ་ཆོ་ག་སྣ་ཚོགས་ཀྱིས་ཀུན་ཏུ་གནས་པའོ། །དེའི་འབྱུང་བ་ནི་གང་དུ་དེ་ལྟ་བུའོ་ཞེས ་བྱ་བ་ནི་ཕྱེ་བའོ། །ཅི་དེ་ལྟ་བུ་ཞེ་ན། ཆོ་ག་ཞེས་བྱ་བ་གསུངས་ཏེ། འདིས་ཆོ་གར་བྱེད་པ་དང། ལས་སྐྱེད་པར་བྱེད་པ་སྟེ་སྔགས་ཀྱི་ཚོགས་སོ། །དེའི་རྣམ་པར་རྒྱས་པ་ནི་སྐད་སྣ་ཚོགས་ཀྱི་དགོད་པའི་ངོ་བོ་ཉིད། དེའི་རྗོད་པར་བྱེད་པ་པོ་སྟེ་ལེའུ་བཞི་པའོ།། །། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཞི་པའོ།། །།ད་ནི་རྡོ་རྗེ་མཁའ་འགྲོ་ཕྱག་བརྒྱད་པའི་རྣལ་འབྱོར་གྱིས། ལས་རྒྱས་པ་བསྟན་པའི་ཕྱིར་ལེའུ་ལྔ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི། ངེས ་པ་མེད་པའི་རྣལ་འབྱོར་གྱིས་ལས་རྒྱས་པ་བཤད་མ་ཐག་པར་རོ། །མཁའ་དབྱིངས་ནང་སོན་པ་ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་སྒྲུབ་ཐབས་ཀྱི་རིམ་པས་གཞལ་མེད་ཁང་རྩེག་མའི་དབུས་སུ་ནམ་མཁའ་ཨི་དབྱིངས་ཀྱི་ནང་དུ་སོན་པར་རོ། །ཉི་མའི་དཀྱིལ་འཁོར ་ཞེས་བྱ་བ་ནི་ར་གྲུ་གསུམ་ལས་སྐྱེས་པའོ། །དེ་ཅིས་གྱུར་པས་ཤེ་ན། སྨྲས་པ་དཔག་ཏུ་མེད་པ་རྣམས་ཞེས་བྱ་བ་ནི། ཀླུའི་རིགས་རྣམས་ཏེ་འོད་ཟེར་གྱི་གཟུགས་ཅན་ནོ། །དེ་རྣམས་ཀྱིས་ཀུན་ནི་ཕྱོགས་དང་མཚམས་སུ་ནམ་མཁར་ཁྱབ་པ་འདིའི་ངང་ཚུལ་དེ་ནི ་དེ་ལྟ་བུའོ། །རོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གདན་གྱི་སྟེང་ན་ཨ་ལ་སོགས་པ་དང། ཀ་ལ་སོགས་སུ་གྱུར་པའི་ཟླ་བ་གཉིས་ཀྱི་སྟེང་དུ། ར་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་གང་ཞིག་གོང་དུ་གསུངས་པའི་ཁྱད་པར་དེ་ནི་འདིར་དམིགས་པར་བྱའོ། །རང་གི་ས་བོན ་མཚན་གནས་པ་ཞེས་བྱ་བ་ནི། ཧཱུཾ་ཡོངས་སུ་གྱུར་པའི་མཚན་མའི་ལྟེ་བར་དེས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་དོན་ཏོ། །དེ་ཅིར་གྱུར་པས་ཤེ་ན་སྨྲས་པ། ཉི་མ་སྟོང་བས་ལྷག་པའི་འོད་ཟེར་ཞེས་བྱ་བ་གསུངས་ཏེ། གང་གི་ལྷག་པ་ཉིད་དེའི་འོད་ཟེར་ནི་དེ་ལྟ་བུའོ། །དེ་ལྟ་བུ ་གང་གི་འོད་ཟེར་ཀླུ་རིགས་ལྡན་ཞེས་བྱ་བས། རྡོ་རྗེའི་མཚན་མ་མཚན་པ་དེའི་དེ་ནི་དེ་ལྟ་བུའོ། །དེས་ནི་ཞེས་བྱ་བ་ནི། ཀླུའི་རིགས་རིགས་ལྡན་ཞེས་བྱ་བའི་གཟུགས་མཚན་མ་ལས་བྱུང་བ་རྣམས་ཀྱིས་སོ། །བདུད་ལ་སོགས་པའི་ཚོགས་སྲེགས་པ་ཞེས་བྱ་བ་ནི། བདུད་ནི་ཉོན ་རྨོངས་པའི་བདུད་དེ། དེ་ལ་སོགས་པ་གང་གི་ཕུང་པོ་ལ་སོགས་པའི་བདུད་ཀྱི་ཚོགས་ཀྱི་དེ་ནི་དེ་ལྟ་བུའོ། །བསྲེགས་པས་ཁུ་བའི་ལུས་ལས་བཞེངས་པ་ཞེས་བྱ་བ་དང་སྦྱར་རོ། །དེ་རྣམས་ཀྱི་ཞེས་བྱ་བ་ནི། ཟླ་བ་ལ་སོགས་པ་རྣམས་ཀྱིས་བསྡུས་པའོ། །གོང་བུའི་རྣལ་འབྱོར་གྱིས་ ་ཞེས་བྱ་བ་ནི། བསྡུས་པ་དང་སྤྲོས་པའོ། །འདི་ལ་ཞེས་བྱ་བ་ནི་འདིར་ཞུགས་པའོ། །ཁུ་བའི་ལུས་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་འདུས་པ་སྟེ། ཁུ་བའི་དངོས་པོ་ཐོབ་པ་ཞེས་བྱ་བ་ནི་མན་ངག་གོ་།དེ་ཉིད་ཀྱི་ཕྱིར། གོང་བུའི་རྣལ་འབྱོར་ཏེ་ཁུ་བ་འདུས ་པ་ནི་རོ་གཅིག་པའི་དངོས་པོའོ། །ཅིར་གྱུར་པས་ཤེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡང་ཇི་ལྟ་བུར་ཞེ་ན། ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོའི་དབུས་སུ་རབ་ཞུགས་པ། ཞེས་བྱ་བ་དང་སྦྱར་རོ། །ཅིར་གྱུར་པས་ཤེ་ན། ལྷ་མོའི ་ཞེས་བྱ་བ་ནི། ལྟུང་བར་བྱེད་མ་ལ་སོགས་རྣམས་ཀྱིའོ། །དཀྱིལ་འཁོར་ནི་ཚོགས་སོ། །དེའི་མང་པོ་ནི་ཕྱིན་མ་ཕྱིན་མའི་གཟུགས་ཀྱིས་ཡུན་རིང་དུ་གནས་པ་ཉིད་དོ། །བཞད་པ་ཆེན་པོས་ཞེས་བྱ་བ་ནི་དེས་སྒྲ་ཆེར་བཞད་པ་ན། སྒྲ་ཆེར་བཞད་པས་སོ། །སྦྲོ་བར་མཛད་པ་ནི་སྤྲོས་པའོ། ། ་ཚེམས་ཀྱི་འོད་ཟེར་ནི། ངེས་སྣང་བར་བྱེད་བའོ། །བླ་རེ་ཞེས་བྱ་བ་ནི་གང་ལ་བཏེག་པ་དེ་ནི་དེ་ལྟ་བུའོ། །དེ་ནི་འདིར་ཨ་ཎི་ཙ་དང་ཨ་ཙ་སྟེ། མ་གྲུབ་པོ། དེ་བས་ན་བསྒོམ་པ་དང་བྲི་བ་ལ་ཡང་བླ་རེ་དང་བཅས་པ་ཉིད་དུ་དཀྱིལ་འཁོར་བལྟ་བར་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཞལ་དང ་སྐུ་མདོག་ལ་སོགས་བའི་ངེས་པ་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཕྱག་བཞི་པ་ནི་གང་དག་ལ་སྟེ་ཕྱག་རྣམས་ལ་ཡང་དེ་ཕྱག་བཞིའོ། །འདིས་ནི་ཕྱག་བརྒྱད་དུ་འགྱུར་རོ། །དེ་རྣམས་ཀྱིས་ཡང་དག་སྣང་བས་ཞེས་བྱ་བ་ནི་གསལ་བའོ། །སྒྱུ་མ་ཆེན་མོ་ནི་སྔོན་དུ ་གསུངས་པའི་རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱིས་ཉིད་ཐུགས་ཀར་ལྡན་པའོ། །ཡང་ན་ཡང་གི་སྒྲས་ནི་བཅོམ་ལྡན་འདས་ཀྱི་ཡང་ཁྱད་པར་གྱི་ཆིག་གོ། དེའི་ཕྱག་བཞི་པོ་རྣམས་ཀྱིས་ཡང་དག་པར་སྣང་བའོ། །སྒྱ་མ་ཆེན་མོ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ནུ་མའི་གནས་ཀྱིས་ཞེས་བྱ་བ་ནི། ་དེས་རྣམ་པར་སྤྲས་པ་ནི་བཅོམ་ལྡན་འདས་སོ། །ཡང་ཇི་ལྟ་བུས་ཤེ་ན། པགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟླ་མཆོག་ཆོགས་ཀྱིས་ཞེས་བྱ་བ་ནི་གང་གི་ཕྱག་ན་ཟླ་བ་དེ་ནི་དེ་ལྟ་བུའོ། །དེ་ཉིད་ཀྱིས་ཕྱག་གི་ཟླ་བ་དང་སྤྱི་བོར་གནས་པའི་རི་མོ་ཙམ་གྱིས་བྱུང་པས་དབང ་བསྐུར་ཞིང་བཞད་པའི་འོད་ཟེར་དང་འདྲེས་པའི་ཕྱིར་ཉིས་འགྱུར་དུ་སྣང་བ་ཉིད་དོ། །ཅིར་གྱུར་པས་ཤེ་ན་གསུངས་པ། པགས?་པ་ཞེས་བྱ་བ་ནི། རྒྱལ་ང?་མ་ཡིན་པའི་ཀོ་བའོ། །སྟག་གི་ལྤགས་པའི་ཤམ་ཐབས་འཛིན་པ་ཞེས་བྱ་བ་ནི་སྔར་བསྟན་པའི་ཕྱིར་རོ། །དེ་ཡང་འདིར་དྲི་མ་ཁོ་ན ་སྒྲིབ་གཡོགས་དང་ཆོས་མཐུན་པའི་ཕྱིར་རོ། །དེའི་གྲོལ་བ་ནི་གང་དུ་དེ་ཡང་མུ་ཏིག་གི་དོ་ཤལ་ཞེས་བྱ་བ་འདི་ནི། ཕྱིས་ཚིག་རྐང་ཚིག་གོ་།རབ་འདབ?་ཅེས་བྱ་བ་ནི་གི་གཱའི་ཆུ་བོ་སྟེ། རབ་ཏུ་འབབ་པའོ། །དེ་དག་ལྟ་བུ་དེས་དྲི་མ་མེད་པ་ཉིད་དོ། །ཡང་ན་སྟེང་གི་ནམ་མཁར་རེག་པར་དེ་ལྟར ་གྱུར་པའི་ཟླ་བ་ཡང་དག་པར་དཔྱད་པས་དབང་བསྐུར་ན་ཉིད་འགྱུར་དུ་སྣང་བ་ཉིད་དོ། །ཡང་ན་ཅི་འདྲ་བར་འགྱུར་ཞེ་ན། འགུལ་བར་བྱུང་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་བོ་ཆེན་པོའི་དབུས་སུ་ཞབས་གཉིས་གཉིས་ལས་འགུལ་བར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས ་ཞེས་ཤེས་པར་བྱའོ། །དེས་རབ་ཏུ་བརྒྱན་བ་ནི་ཉམས་པའོ། །གྲོང་ཁྱེར་གསུམ་རྩེག་གི་གདུལ་བར་དཀའ་བའི་གྲོང་ནི་དེའི་ཀུན་གྱི་བར་དུ་ཞེས་བྱ་བ་ཇི་སྙེད་པའོ། །གཡོས་པ་ནི་བསྐྱོད་པ་སྟེ། བར་དུ་གཡོ་བའོ། །དེས་གང་རྣམ་རྒྱལ་རབ་འབབ་པ་ནི། རིང་དུ་འགྲོ་བས་དེས་གང ་བ་ནི་གནས་གསུམ་པོ་དེ་དང་དེ་ལའོ། །དབུགས་འབྱིན་དབུགས་རྡུང་སྒྲ་ཡིས་ཏེ། ངེས་གང་དུ་ཉེ་བར་བཅོམ་པ་དེ་ནི་དེ་ལྟ་བུའོ། །འདི་སྐད་དུ་ཁྱད་པར་དུ་འཕགས་པའི་གནས་གསུམ་གཡོ་ཞིང་བསྐྱོད་པར་གྱུར་བ་ནི། ཕ་རོལ་གྱི་དཔུང་གིས་སེམས་དཀྲུགས་པ་ཞེས་བྱ་བར ་བལྟ་བར་བྱའོ། །མཚོན་ཆ་དུ་མ་ཞེས་བྱ་བ་ཡང་ཕྱིས་གཞན་གྱིས་ཐའི་ལྷག་མ་སྟེ་ཚིག་གི་ཕྲད་དོ། །མཚོན་ཆ་དུ་མ་འཕངས་རྒྱས་ཞེས་བྱ་བ་རྣམས་ཀྱིས་ནི་གང་གི་བཟོད་པར་མི་ནུས་པ་དེ་ནི་དེ་ལྟ་བུའོ། །དེ་ལྟར་བཅོམ་ལྡན་འདས་མ་རོལ་པ་མཛད་དོ། །རྐང་འོག་ལ་སོགས ་པར་ཕྱིན་པ་ནི་དེའི་འོད་ཟེར་བསྟན་པའོ། །དེ་ནི་ཞལ་དང་སྐུ་མདོག་པ་བསྟན་པ་གསུངས་པ་རབ་རིབ་ཚོགས་གཙིགས་ལྟ་བུ་ཞེས་བྱ་བ་ལ། རབ་རིབ་ཀྱི་ཚོགས་ཀྱིS་གཙིགས་བ་ནི་མི་སྡུག་པ་སྟེ་མཐོ་བའོ། །དེ་དང་འདྲ་བའི་ཞལ་ཏེ་དེ་ཡང་ཤར་རོ། །རོལ་བ་ནི་འཆད་པར་འགྱུར་བའི་ཕྱིར་ཞལ ་ཞེས་བྱ་བའི་དགོད་པའོ། །མཐོ་རིས་སུ་སོན་པའི་བཅོམ་ལྡན་འདས་ཀྱིས་འོད་ཟེར་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་པོའི་བདག་པོ་ནི་བདེ་བྱེད་དོ། །ཤིང་རྟའི་ལྷ་རིགས་ཀྱི་རྒྱུ་བ་ནི། ཤིང་རྟའི་ལྷ་རིས་སོ། །ཞབས་ཀྱི་དྲི་མའི་མཛའ་ ་མའི་སྤྱོད་ཡུལ་ལའང་བཟོད་པར་མི་ནུས་ཞེས་བྱ་བ་ནི། ཞབས་ཀྱི་དྲི་མའི?་མཛའ་སྟེ་ཉེ་བའོ། །དེ་ཉིད་སྤྱོད་ཡུལ་དེ་གནས་སོ། །དེའང་བཟོད་པར་མི་ནུས་པའི་ངང་ཚུལ་དེ་ནི། བཟོད་པར་ནུས་པ་དག་གོ་།བཟོད་པར་ནུས་པ་ཁོ་ན་དང་ལྷན་ཅིག་རང་གི་དོན་ཅན་ཏེ་ལའི་རྐྱེན་དང ་ཕྱི་ནས་ནི་ན་ཉའོ། །བཟོད་པར་མི་ནུས་པ་ཞེས་བྱ་བ་ནི། རང་གི་རྟགས་གྱི་གྲངས་སུ་རྣམ་པར་གནས་པའོ། །ཁ་ཅིག་ན་རེ་རབ་རིབ་ཚོགས་ཀྱི་གཙིགས་པ་ལྟ་བུ་ཞེས་འདི་ཉིད་ཀྱི་ཚིག་རྐང་ལ་སོགས་པའི་ཁྱད་པར་རོ་ཞེས་ཟེར་རོ། །གླིང་བཞི་ལ་སོགས་པར་ཕྱིན་པའི་འོད ་ཟེར་ནི་གཞན་ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བགེགས་ཀྱི་ཚོགས?་རྣམས་ནི་ཁྱད་པར་རྣམས་ཀྱི་ཚོགས་སོ། །སྒྱུ་མ་ཞེས་བྱ་བ་ནི། སྒྱུ་མ་དང་ལྡན་པའོ། །ལྷ་ཞེས་བྱ་བ་ནི་ལྷའི་སྐྱེས་གནས་རྣམས་སོ། །འདོད་པ་ལས་དཔག་ཚད་འབུམ་ལས། ། ་གཞན་དཔག་ཚད་འབུམ་དང་མཐར་འབུམ་མོ། །དེ་ཡང་དཔག་ཚད་ཀྱང་ཡིན་ལ་མཐར་འབུམ་ཡང་ཡིན་པ་དེ་ནི། དཔག་ཚད་ཀྱིས་ཐར་འབུམ་སྟེ། དཔག་ཚད་འབུམ་བྲག་དུ་མའི་གྲངས་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་རྩེ་མོ་ནི་མཐར་ཐུག་པའོ། །དེ་བས་ན ་འོད?་དཀྱིལ་འཁོར་ཕྱི་རོལ་ཞེས་བྱ་བ་ནི་ནང་མ་ཡིན་པའོ། དེའི་ཡང་བཟོད་མི་ནུས་ཞེས་བྱ་བ་ནི་བཟོད་པར་མི་ནུས་པ་རྣམས་སོ། །དེ་དང་ཕྱི་རོལ་དུ་ཅིར་གྱུར་པ་ལྟ་བུར་བལྟ་ཞེ་ན། རྡུལ་དང་དུ་བ་ལྟར་བལྟ་ཞེས་བྱ་བ་གསུངས་སོ། །དཔག་ཚད་འབུམ་ཕྲག་དུ་མའི་མཐར་གནས་པ་སྟེ། ་དའི?་འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏཱུང་བལྟ་བར་མི་ནུས་པ་ཞེས་བྱ་བར་དགོངས་པའོ། །རང་གི་ཅུང་ཟད་ཅེས་བྱ་བ་ནི་བག་ཙམ་མོ། །སྣང་བ་ཙམ་གྱིས་ཞེས་བྱ་བ་ནི་རྣམ་པ་ཙམ་གྱིས་སོ། །འགྱུར་བ་འམ་འགྱུར་མིན་ཞེས་བྱ་བ་ནི་རི་མོར་བྲིས་པའི་སྐྱེས་བུ་ལ་སོགས་པ་བཞིན ་དུ་སྣང་བ་ཙམ་གྱིས་ནི་ཡོད་དེ། དོན་གྱི་བྱ་བ་ནི་མི་བྱེད་དོ། །དེ་ཡང་འགྱུར་ཞེས་བྱ་བ་ནི་སྣང་བ་ཙམ་གྱིས་ནི་ཡོད་ངོ། །འགྱུར་མིན་ཞེས་བྱ་བ་ནི་དོན་གྱི་བྱ་བ་དང་བྲལ་བས་ཡོད་པ་མ་ཡིན་ནོ། །འདི་ལས་རིང་པོར་གནས་པའང་བཅོམ་ལྡན་འདས་ཀྱི་འོད་ཟེར་གྱིས་སྐྲག་པ ་ཞེས་བྱ་བ་ནི་བྱ་བར་འོས་པ་བེམས་པོའི་ཕྱིར་དོན་གྱི་བྱ་བ་ཡང་མི་ནུས་པ་ཞེས་བྱ་བར་དགོངས་སོ། །རོལ་པ་ཞེས་བྱ་བ་ནི་དབང་པོའི་སྟེ་ཤར་གྱི་ཕྱོགས་ཏེ་དེ་གཉིས་ཀྱི་གནས་སོ། །དེ་ཡང་ནི་དེ་གང་ལ་ཡོད་པ་དེ་ཉིད་གཉིས་རྗེས་སུ་སྤྱོད་པའི་ཕྱིར་རོ། །དེ་བས་ན་རོལ ་པའི་སྒྲས་ནི་ཤར་གྱི་ཕྱོགས་ཁོ་ནའོ། །རོལ་པ་ཞེས་བྱ་བ་ནི་ཤར་གྱི་ཕྱོགས་སུ་གང་ཞིག་ཞལ་གཟིགས་པ་ཞེས་བྱ་བར་དགོད་པ་སྟེ། དེ་ནི་རབ་རིབ་ཚོགས་གཙིགས་ལྟ་བུ་ཞེས་བྱ་བ་དང་སྦྱར་རོ། །གང་ཞིག་གཞན་དུ་འཆང་པ་དེ་དག་གི་གཞུང་གིས་ཀྱང་ཤར་གྱི ་ཕྱོགས་སུ་གོང་དུ་གསུངས་པ་ཡིན་ནོ། །གཡོན་ཞེས་བྱ་བ་ནི་ཞལ་གྱི་དགོང་པའོ། །འོད་ཟེར་གྱི་ཚོག་ཞེས་བྱ་བ་ནི། འོད་ཟེར་ཕུང་པོའོ། །པདྨ་དམར་པའི་དངོས་ཞེས་བྱ་བ་ནི། དམར་པོའི་ཕྱིར་རོ། །གང་དུ་མ་ལུས་ཐམས་ཅད་བསྲེགས་མཚུངས་པར་བལྟ་ཞེས ་བྱ་བ། དེ་ནི་ཐམས་ཅད་མ་ལུས་པར་བསྲེགས་པར་བལྟ་བར་བྱའོ། །གཞན་གྱི་མཛའ་ཨི་ལྷག་མ་སྟེ་ཚིག་གི་ཕྲད་དོ། །འོད་ཟེར་ཚོགས་ནི་བལྟ་བར་དཀའ་བའི་ཕྱིར་རོ། །ཕུང་ཆེན་ཞེས་བྱ་བ་ལ་ཕུང་པོ་ནི་རྣམ་པར་རྒྱལ་བའི་གཟུགས་ཅན་ནོ། །ཆེན་ཞེས་བྱ་བ་ནི་དེ ་ཉིད་ཀྱི་བསྡུ་བའི་གཟུགས་སོ། །ཇི་ལྟར་ལུས་པ་ནི་དེ་ལྟ་བུ་ཡིན་ནོ། །གདུངས་པ་ནི་མ་ལུས་པའི་རིགས་གསུམ་པོ་རྣམས་ཏེ། དེ་ལས་བྱུང་བ་རྣམས་ཀྱང་ངོ། །དེ་རྣམས་ཀྱི་རྨད་ཚན་ནི་ཆོགས?་ཏེ་དེས་གཟུགས་སུ་བྱེད་པ་དང་མཚོན་པར་བྱེད་པ་ཞེས་བྱ་བ་དེ་ནི ་དེ་ལྟ་བུའོ། །འོད་ཟེར་དེ་ཞེས་བྱ་བ་དེ་ནི། དེའི་ཕྱིར་གང་ཞིག་གཡོན་པའི་ཞལ་ལས་བྱུང་བ་དེའོ། །ཉི་མ་སྟོང་བས་ལྷག་པས་ཞེས་བྱ་བ་ནི། གང་ཞིག་སད་པས་དེ་ནི་དེ་ལྟ་བུའོ། །ཕཊ?་གྱི་སྒྲ་ཆེན་ཞེས་བྱ་བ་ནི། །ཆེན་པོར་བརྩམས་པའོ། །བརྙེས་པ་ཉིད་ནི་ཕཊ ་ཀྱི་སྒྲ་ཆེན་པོས་གང་བས་རབ་ཏུ་སད་པ་སྟེ། གང་གི་བསྲེགས་པས་འབར་པའོ། །དེའི་ཕྱིར་འབྱུང་བ་ནི་གང་བས་སྒྲ་ཆེན་པོ་སྟེ་ཕཊ་གྱི་སྒྲ་ཆེན་པོའོ། །དེས་སྐྲག་པ་ནི་ལྷ་རྣམས་སོ། །འོད་ཟེར་ཞལ་ལས་བྱུང་བའི་ཁྲོ་བོའི་གཟུགས་རྣམས་ཀྱི་ཕཊ ་ཀྱི་སྒྲ་ཆེན་པོ་ལས་སྐྱེས་པའི་མེའི་ཕཊ་ཀྱི་སྒྲ་ཆེན་པོ་ལས་སྐྲག་པ་ཞེས་བྱ་བའི་དོན་ཏོ། །གཡས་པས་ཞེས་བྱ་བ་ནི། གང་ཞིག་གཡས་པས་ཞལ་ཞེས་བྱ་བའི་དགོངས་པའོ། །ཁ་བའི་སྙིང་པོ་ཞེས་བྱ་བ་ནི། ཁ་བའི་རྡོ་སྟེ་དེའི་འོད་ཟེར་གྱི་ཕུང་པོའོ། །ཤེལ་དང། དེ?་ཌཱུརྱའི ་རྡོ་ཞེས་བྱ་བ་ནི། ཤེལ་གྱི་རྡོའོ། །ཁ་བའི་སྙིང་པོ་ལ་སོགས་པ་ལྟ་བུའི་སྣང་བ་ཞེས་བྱ་བ་ནི། དེ་ནི་དེ་ལྟ་བུའོ། །དྲི་མ་མེད་པ་དང་རྣམ་པ་ཞེས་བྱ་བའོ། །དེ་བས་ན་ཤིན་ཏུ་ཞེས་བྱ་བ་ནི། རབ་ཏུ་ཕྱེ་བའོ། །ཀླུའི་མགོ་བོའི་བར་ཞེས་བྱ་བ་ནི་གང་གི་ཞལ་རྒྱས་པ་དེ་ནི་དེ་བཞིན ་དུ་བརྗོད་དོ། །དཔེར་བྱེད་པ་གསུངས་པ། དྲི་མེད་རང་རྒྱུད་ཀྱི་བཞོལ་ཚོགས་ཞེས་བྱ་བའོ། །མཚུངས་པ་ནི་དེའོ། །རྒྱལ་བ་ནི་བདུད་ཐམས་ཅད་ལས་རྒྱལ་བའི་ཕྱིར་ཏེ་ཁྲོ་བོ་རྣམས་སོ། །དེ་རྣམས་ཀྱི་རིགས་རྣམས་དང། དེ་རྣམས་ཀྱི་དཔུང་ནི་ཆོགས་སོ། །དེའི་གཟུགས་ཀྱིས ་གསལ་བ་ནི་དེ་རབ་ཏུ་ཕྱེ་བའོ། །རྒྱབ་ཅེས་བྱ་བ་ནི་ཞལ་དུ་ཤེས་པར་བྱའོ། །བྱེ་བའི་སྤྱན་ཞེས་བྱ་བ་ནི་ཁྱད་པར་གྱི་ཕྱིར། འདི་ཡང་རབ་རིབ་ཚོགས་གཅིགས་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི། ཞལ་གྱི་ཁྱད་པར་ཞེས་བྱ་བར་ཤེས་པར་བྱའོ། །གསེར་ཞེས་བྱ་བ་ལ་སོགས ་པས་ནི་སེར་པོ་བསྟན་པའོ། །ཉི་མ་ཤར་བའི་འོད་ཀྱི་དངོས་མེད་ལྟ་བུ་ཞེས་བྱ་བ་ནི། ཉི་མ་སར་བར་ཤར་བའི་འོད་ཟེར་ནི་ཤིན་ཏུ་རྣོ་བ་དང། ཤིན་ཏུ་སེར་བའོ། །དེ་རྣམས་ཀྱི་དངོས་པོ་མེད་པ་ལྟ་བུ་ནི་ནད་འདྲ་བ་སྟེ། དེ་ལས་རྒྱལ་བའི་ཕྱིར་རོ། །བསྲགས་ཆེན་པོ་ཞེS ་བྱ་བ་ནི། བསྲེགས་པའི་ལྕགས་གོང་ངོ། །འབར་བའི་སོལ་བ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་ཕུང་པོ་ལྟ་བུ་ནི་ཚོགས་ལྟ་བུའོ། །འཇིགས་པ་ཆེན་པོའི་གཟུགས་ཅན་ཞེས་བྱ་བ་ནི། གཟུགས་ནི་གཟུགས་སུ་ཡོད་བ་ཞེས་བསྟན་པ་སྟེ། འཇིགས་པ་ཆེན་པོ་བསྟན ་པ་ནི། ཞལ་ཞེས་བྱ་བར་དགོངས་སོ། །མ་གུས་པའི་གནས་ཀྱི་མཐར་སྒྱུ?་སྐར་མའི་ཞེས་བྱ་བ་ནི། ལོག་མིན་གྱི་བར་དུའོ། །སྣང་བ་ནི་འོད་ཟེར་ཏེ་དེས་ན་བལྟ་བར་དཀའ་ཞི་བདེའི་ཕྱིར་ཡང་གཟུང་བར་དཀའ་བའོ། །འཇིག་པའི་བྱིན་ཟ་ཞེས་བྱ་བ་ནི་མཐུན་པར་འགྲོ་བས་སོ། །གནས་པ་ནི ་ལྡན་པའོ། །ཞལ་ཞེས་བྱ་བ་ནི་རང་བཞིན་གྱི་སྐར་མའི་སྣང་བས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །འདི་སྐད་དུ་ཆོགས་ཞལ་བཞི་མངའ་བའི་བཅོམ་ལྡན་འདས་གང་ཞེ་ན། དུ་མ་ཞེས་བྱ་བ་གསུངས་སོ། །རྡོ་རྗེའི་མདའ་ཞེས་བྱ་བ་ནི་རྡོ་རྗེའི་ཚོགས་ཏེ། དེས་གུར་གྱི་མཐར་ཁོར ་ཡུག་ཆེན་པོའོ། །དེ་ལ་དཔག་ཚད་སྟོང་ཕྲག་དུ་མ་རྒྱས་པ་ན་རྡོ་རྗེའི་གུར་དང་ཁོར་ཡུག་ཆེན་པོའོ། །འདི་རྣམས་ཀྱི་ཞེས་བྱ་བ་ནི། ལྷ་རྣམས་ཀྱི་ཁྱད་པར་རྣམས་ཀྱིའོ། །དེའི་ཕྱིར་ཁྭ་གདོང་མ་ལ་སོགས་པ་ཞེས་གསུངས་སོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་སོ་སོའི་བ་སྤུའི ་ཁུང་བུ་ནས་མཁའ་འགྲོ་མའི་དཀྱིལ་འཁོར་སྐྱེ་བར་འགྱུར་རོ། །དེ་ཡང་རི་རབ་དུ་མའི་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་གང་གི་ཡོངས་སུ་བཅད་པ་དེ་དེ་ལྟ་བུའོ། །ཅིར་གྱུར་བ་དང་འདྲ་ཞེ་ན་གསུངས་པ། རེ་རེའི་བ་སྤུའི་ཁུང་བུའི་ནང་ནས་ཞེས་བྱ་བ་ནི། སྙིང་པོ་ལའོ། །གང་གི ་ནང་ཞེས་བྱ་བ་ནི་མི་མཐོང་བ་སྟེ་དེ་ནི་དེ་ལྟ་བུའོ། །འདི་ཡང་བློའི་ཁྱད་པར་གྱི་ཆོས་ཉིད་རྟོགས་པར་མཛད་ནས། དེ་ནས་གསུངས་པ། རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་གྱིས་ཞེས་བྱ་བ་ནི། སྐུ་ལ་སོགས་པ་གསུམ་པོ་རྣམས་ཀྱི་རང་བཞིན་ཏེ། རང་བཞིན་མེད་པའོ། །དེ་བཞིན་དུ ་ཡང་གསུངས་པ། སྐུ་ཡི་ཡི་གེ་མ་སྐྱེས་པ། གསུང་དང་ཐུགས་ནི་མཚན་ཉིད་མེད། །ནམ་བར་རྡོ་རྗེ་བཏགས་གྱུར་པ། །བརྫུན་པའི་བསྡུ་བ་བསྡུས་བ་ཉིད། །ཅེས་བྱའོ། །དེ་ལྟར་དུ་ཆོས་ཉིད་བསམས་ནས། སྔགས་པར་འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་རིམ་པས ་བསྒྲུབ་པར་བྱའོ། །ལྷག་མ་ནི་གོ་སླའོ། །འདི་ལྟར་ཡང་སྒྲུབ་ཐབས་ཀྱི་རིམ་པས་པདྨ་འདབ་མ་བརྒྱད་པའི་དབུས་སུ། རོའི་སྟེང་དུ་བཅོམ་ལྡན་འདས་སོ། །འདབ་མ་རྣམས་ལ་ནི་ལྟུང་ཕྱེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །དེ་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི ་འཆད་པར་འགྱུར་བ་དང་གསུངས་བའོ། །དཀྱིལ་འཁོར་གྱི་ཤར་གྱི་སྒོ་ལ་སོགས་པ་རྣམས་སུ་ཁྭ་གདོང་མ་ལ་སོགས་པའོ། །དབང་ལྡན་གྱི་མཚམས་རྣམས་ལ་སོགས་པ་རྣམས་སུ་ནི། གཤིན་རྗེ་མཆེ་བ་མ་ལ་སོགས་པའོ། །འདི་ནི་རྣལ་འབྱོར་མ་བཅུ ་གཉིས་ཁོ་ནའོ། །ཉི་ཤུ་བའི?་ཕྱེད་མཁའ་འགྲོས་ཡོངས་སུ་བསྐོར་ཞེས་བྱ་བའི་ཐ་ཚིག་གོ་།ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ཡང་མཛའ་ཡས་ལ་སོགས་པའང་སྔོན་དུ་གསུངས་པའི་གཟུགས་དང། འདིར་གསུངས་པའི ་གཟུགས་ཏེ་ཁྭ་གདོང་མ་ལ་སོགས་བའི་ཞབས་ཀྱི་འོག་རྣམས་སུ་བལྟ་བར་བྱའོ། །དེ་སྐད་དུ་གཅིག་ཏུ་བསྒོམས་པས་ཀ་ར་ཀ་ར་ལ་སོགས་པའི་སྔགས་བཟླས་པར་བྱས་ན། དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །ཡང་ན་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བ་གཞན་བསྟན་བར་བྱའོ ་སྲོགས་ཆགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི། སྐྱེ་བོའི་ཁྱད་པར་དམར་པོ་སྟེ་གང་ཞིག་རྐང་པ་མང་ཞིང་རིང་པོའི་དབྱིབས་དེ་ནི་སྲོགས་ཆགས་ཀྱི་རྒྱལ་པོ་ཞེས་བྱ་རྗོད་དོ། །དེ་ཡང་གལ་ཏེ་སྲོག་མ་བཅད་པར་རྙེད་པ་དེའི་ཚེ་དེ་ཇི་ལྟར་རྙེད་བའི་གོས་ཀྱིས་བཀབ་ཅིང་ཉི་མ་ལ་སྐམ་ཞིང་ཕྱ ་བར་བྱའོ། །གོས་ཀྱི་དགབ་པར་བྱ་ཞིང་ཞེས་བྱ་བ་ནི་སྐམ་པར་བྱ་བའི་དོན་ཏུའོ། །སི་དུར་དང་བསྲེས་ནས་ཞེས་བྱ་བ་ནི། ཇི་ལྟར་རྙེད་པའི་དོན་གྱིས་སྲོག་ཆགས་ཀྱི་རྒྱལ་པོ་དང་ལྷན་ཅིག་།སི་དུ་རི་ཡིས་སེར་བཅུ་གཉིས་པ་མགོ་བོ་མདུན་པ་དུས་དང་མཐུན་པའི་ཀླུའི་གཟུགས་ཀྱི ་དབྱིབས་བྱའོ། །དེ་བཞིན་དུ་ཡང་གསུངས་པ། དབྱར་ཟླ་ཐ་ཆུངས་སྟོབས་ཀྱིས་རྒྱུ། །སྟོན་ཟླར་བ་དུང་སྐྱོང་ཉིད། །སྟོན་ཟླ་འབྲིང་པོ་འཇེག?་པོར་ཤེས། །ཐ་ཆུང་ནོར་བརྒྱས་དེ་བཞིན་ནོ། །འདི་ཉིད་ཀྱིས་ནི་དབྱིང་ཟླ་ར་བ་ལ་སོགས་པ་རྣམས་ལ། ཇི་ལྟར་གོ་རིམ་བཞིན ་དུ་ཆར་འབབ་པར་འགྱུར་རོ། །ཀླུའི་གནས་ཞེས་བྱ་བ་ནི། རྡུལ་ཚན་ལྔའི་ཕྱེ་མས་བྱས་ཏེ། དེ་ཡང་གྲུ་བཞི་པ་ལ་སོགས་པ་དང་ལྡན་པ་རྟ་བབས་དང་བྲལ་བའོ། །དེའི་ནང་དུ་སོན་པ་ཀླུའི་མདོག་དེ་དང་མཐུན་པའི་གཟུགས་ཤར་ལ་སོགས་བར་རྡུལ་ཚོན་བྲི་བར་བྱའོ། །ཉའི ་གདོང་ཞེས་བྱ་བ་ནི། རོ་ཧི་ཏའི་ཉའི་གདོང་ངོ། །དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི། དུས་དང་མཐུན་པའི་ཀླུའི་གཟུགས་ལས་དེ་དང་མཐུན་པའི་གཟུགས་ཏེ། དེའི་ཁ་དོག་ཅེས་བྱ་བར་བརྙེ་གསོ། །ཁ་དོག་སྣ་ཚོགས་ཞེས་བྱ་བ་ནི། །ཁ་དོག་ཐ་དད་པ་དང་ཐ་དད་པས། ཀླུ་ཐ་དད་པ་དང ་ཐ་དད?་པ་ཞེས་བྱ་བའི་དོན་ཏོ། །དགུག་པ་ལ་སོགས་པ་ནི་གོང་མ་བཞིན་ནོ། །སྔགས་ཀྱིས་ཞེས་བྱ་བ་ནི། །ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱིས་སོ། །ཡོངས་སུ་བཟླས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སྔགས་ཀྱིས་སོ། །ཐམས་ཅད་འདོད་པ་པོས་ཞེས་བྱ་བ་ནི། གཟུགས་དང་སྒྲ་ལ ་སོགས་པ་རྣམས་ཏེ། འདོད་པ་ཐམས་ཅད་དོ། །དེ་རྣམས་ཀྱི་རྩེ་བ་ནི་ཐམས་ཅད་འདོད་པ་པོའི་གཏོར་མའོ། །འདིས་ནི་འདི་རྗོད་དེ། གཟུགས་ནི་གར་དང་མར་མེའོ། །སྒྲ་ནི་གླུ་ལ་སོགས་པའོ། །དྲི་ནི་བདུག་པ་ལ་སོགས་པའོ། །རོ་ནི་འོ་མ་དང་འོ་ཐུག་ལ་སོགས་པའོ།། ་རེག་བྱ་ནི་གོས་དང་འཕན་ལ་སོགས་པའོ། །འདི་ཉིད་ཀྱི་སྔགས་ཀྱི་གཏོར་མ་སྦྱིན་བར་བྱའོ། །ོཾ་ནཱཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་སོ། །རིག་པ་འཛིན་མ་ཞེས་བྱ་བ་ལ། །རིག་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སམ་རྐང་པ་སྟེ་མང་དུ་བཟླས་པ་ནི་རིག་པ་ཞེས་བྱ་བའི་དོན ་ཏོ། །གནས་ཐམས་ཅད་ཀྱིས་ཞེས་བྱ་བ་ནི། ཀླུའི་གནས་ཐམས་ཅད་བྱས་པའི་ངོས་རྣམས་སུ་འམ་ཡང་ན་རང་གི་ཁྱིམ་ཐམས་ཅད་ཀྱིས་སོ། །འདིས་ནི་གྲང་བ་དང་རླུང་ལ་སོགས་པ་འཇིག་པར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ ་སྦྱོར་བ་གཞན་གསུངས་པ། དགྲ་བོ་ནི་ལྷན་ཅིག་སྐྱེས་པའི་གཉེན་པོ་ལ་སོགས་པའོ། །སོ་སོའི་དོན་ཅན་ཞེས་བྱ་བ་ནི་སྤྱིའི་རྫས་ལ་འདོད་པ་ཅན་ནོ། །མི་མཐུན་པའི་གྲོགས་ཞེས་བྱ་བ་ནི། གྲོགས་དགྲར་གྱུར་པ་འམ་གང་ཞིག་རང་གིས་དགྲ་བོའི་དངོས་པོས་སྤྱོད་པའི ་དགྲ་བོ་དེ་ནི་མི་མཐུན་པའི་གྲོགས་པོའོ། །བསང་པ་ནི་བཅོམ་པའོ། །ལྷག་མ་ནི་གོ་སླའོ། །དེ་ཉིད་ཀྱི་སྲོགས་ཆགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི། གྲིབ་མ་ལ་བསྐམས་པའི་ཕྱེ་མར་བྱས་ནས་སི་དུ་ར་དང་སྲས་པའི་སྲོགས་ཆགས་ཀྱི་རྒྱལ་པོ་དེ་ནི། མ་སུ་རཱཊཐ?་སྟེ། དེ་ནི་འདི ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སིཾ?་དུ་ར་མེད་པར་སྲོགས་ཆགས་ཀྱི་རྒྱལ་པོ་གཟུང་བ་ཞེས་བྱ་བ་ནི་མ་བརྗོད་དོ། །ཡང་ན་དེ་ཉིད་གང་སིཾ་དཱུ་རའི་སྦྱར་བ་དེ་ནི་སྲོག་ཆགས་ཀྱི་རྒྱལ་པོའོ། །ཁ་ཅིག་ན་རེ་གང་ཞིག་ཀླུའི་དེ་ཉིད་སྲོག་ཆགས་ཀྱི་རྒྱལ་པོ ་ཞེས་ཟེར་རོ། །བཏགས་བར་བྱ་ཞེས་བྱ་བ་ནི། དུག་དང་ནི་མ་པའི་ལོ་མ་ལ་སོགས་པའི་ཁུ་བ་རྣམས་ཀྱིས་སོ། །སྐྱེས་བུ་འམ་བུད་མེད་ཅེས་བྱ་བ་ནི། དྲུག་པའི་དོན་ལ་གཉིས་པའོ། །ཁྲོ་བོ་ཆེན་པོའི་སྔགས་ཀྱིས་ཞེས་བྱ་བ་ནི། ཀ་ར་ཀ་ར་ལ་སོགས་པས་མ་མ། ་རྐང་པ་བརྒྱད་པའི་སྔགས་ཀྱིས་སོ། །གསང་པ་ལ་སོགས་པ་ནི་ནང་དུ་བཅུག་པས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །རིག་པ་འཛིན་པ་ནི་རྣལ་འབྱོར་པའོ། །གཞན་ཞེས་བྱ་བ་ནི་གསུམ་པའི་སྒྲ་གྲུབ་པ་སྟེ། གྱིས་ཕྱིས་པས་ཕྱེད་དུ་འགྱུར་རོ། །གཞན ་གྱིས་ཞེས་བྱ་བའི་ཚིག་ཀྱང་ཁ་ཅིག་ལས་སོ་།བརྒྱ་རྩ་བརྒྱད་བཟླས་ཞེས་བྱ་བ་ནི། དེ་ཉིད་ཀྱི་སྔགས་ཀྱིས་སོ། །ཁྲག་དང་ཡུངས་ཀར་གྱིས་ཞེས་བྱ་བ་ནི། སྲིན་ལག་གི་ཁྲག་དང་བསྲེས་པའི་ཡུངས་གར་ཏེ་ངེས་སོ། །ལྷག་མ་ནི་གོ་སླའོ། །འདི་ནི་ཞེས་བྱ ་བ་ནི་རིམ་པ་ནི་རིམས་འདིས་གང་ཞིག་ཀླུ་དགུག་པ་ལ་སོགས་པ། དེའི་ཉེ་བར་མཚོན་པའི་ཕྱིར་ཏེ་བསད་པ་ལ་སོགས་པའང་ངོ། །ཆོ་ག་རྒྱས་པ་ཞེས་བྱ་བ་ནི་ཆོ་ག་སྤྲོས་པའོ། །དེ་རྗོད་པར་བྱེད་པ་སྟེ་ལེའུ་ལྔ་བའོ།། །།རྡོ་རྗེ་མཁའ་ ་འགྲོའི་རྣམ་པར་འགྲེལ་པ་སྟེ་ལེའུ་ལྔ་པའོ།། །།ད་ནི་ཀླུའི་སྔགས་བཏུ་བ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར། ལེའུ་དྲུག་པར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན ་འདས་ལའོ། །གསོལ་ཞེས་བྱ་བ་ནི་ཞུས་པའོ། །ཀླུའི་སྔགས་ཞེས་བྱ་བ་ནི། ཀླུའེ?་ཚིག་གིས་གང་ཞིག་སྔགས་གསུངས་པ། གང་ཀླུའི་ངོ་བོའི་སྔགས་དེ་ནི་ཀླུའི་སྔགས་སོ། །སྒྲ་ཆེན་གྱིས་ནི་རྣམ་བྱེད་པ་ཞེས་བྱ་བ་ནི། གསལ ་བར་བསྒྲགས་བ་ཞེས་བྱ་བར་དགོངས་ཏེ་ཚིག་གསུམ་པོ་འདི་དག་གོ་།ཀཔབཱ?་རི་དཾཊཱི་དྷ?་ཎི་ཞེས་བྱ་བ་ནི། །རྟོགས་པའི་དགྲ་སྟེ་གཤིན་རྗེའི་དགྲའོ། །དེ་སྔོན་དུ་འགྲོ་བ་ཅན་ནི་མཆེ་བ་གཙིགས་མ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སའི་རྣམ་བའོ། །རུ་སྦལ་ནི་ཨུ་སྟེ ་དེའི་སྟན་ལ་ཤིན་ཏུ་གནས་པ་ཞེས་བྱ་བ་ནི། ཀཱུརྨཱས་ཎ་སུ་སཾཊཐི?་ཨོ་ཞེས་བྱ་བ་འདིའི་དོན་ཏེ། སའི་རྟགས་གཟུང་ནས་ཀུན་བླངས་བས་སུའོ། །མཛཛཱནྟསས?་ཞེས་བྱ་བ་ནི་དབུས་སུ་སྟེ། པའི་སྡེ་ཚན་ནོ། །དེའི་ནང་དུ་མའོ། །མཛའ་ཡིས་ཞེས་བྱ་བ་ནི་ངང་པོའི ་དོན་ལ་དྲུག་བའོ། །གང་དུ་ཡང་མཛཛཱཊད་ཞེས་བྱ་བའི་ཚིག་ནི་གོ་སླའོ། །མཱཛཛཱ་ཨ་པུ་ཎེ་བི་ཙ་ཨུ་ཏྠཱ་ཏཋི?་ཨོ་ཞེས་བྱ་བ་ནི། དབུས་ཀྱི་བའི་སྡེ་ཚན་གྱི་བཞི་པ་སྟེ་བྷའོ། །དེའི་སྟེང་དུ་གནས་པ་ནི་མ་སྟེ་ཀུན་ཏུ་བསྡུས་ནས་མྦྷའོ།། ཛམ་རི་ཨཱནྟྲོ?་ཞེས་བྱ་བ་ནི། གཤིན་རྗེའི ་ཕྱོགས་ཏེ་ཏའི་སྡེ་ཚན་ནོ། །དེའི་སྡེ་ཚན་ལས་མཛའ་ནི་གཤིན་རྗེའི་ཕྱོགས་ཀྱི་མཛའ་སྟེ་ནའ?། །བྷ་དྲ་ཨུ་ཨིར་པ་རི་ཨོ་སི་ཨོ་ཞེས་བྱ་བ་ནི། དེའི་སྟེང་དུ་བཟང་པོ་སྟེ་ཨི་ཡིས་ཡོངས་སུ་གསོས་པའོ། །ཡང་ན་བྷ་དྲ་ཞེས་བྱ་བ་ནི་གསུམ་པའི་མཛའ་ ་ཚིག?་སྟེ་དེ་བས་ན་བཟང་པོས་ནི་ན?་ལོ། སྟེང་དུ་ཡོངས་སུ་མཉེས་པ་ཞེས་བྱ་བ་ཡིན་ཏེ། བསྡུས་པས་ནིའི་རྣམ་པའོ། །ཀུརྨ་ཞེས་བྱ་བ་ནི་ཐུར་བཅག་པས་ཐུང་དུ་ཉིད་དོ། །ཛ་མ་དཱ་ནས་ཞེས་བྱ་བ་ནི། གཤིན་རྗེ་མཆེ་བ་གཙིགས་མ་སྟེ་འདི་ལ་ཡང་བསྡུས ་པས་སུའོ། །མྦྷོ?ཙྪི?་ཨ་བ་ཨ་ཎ་སཾ་ཛུཏྟོ?་ཞེས་བྱ་བ་ནི། ཨ་ནི་དོན་མེད་པ་ཅན་ནོ། །དེ་ནས་མམཱ?་ཞེས་ལངས་པའི་ཚིག་གི་སྒྲེ་སྟེ་ངེས་ཡང་དག་པར་ལྡན་པའི་སྔགས་སོ། །ཡང་ན་ཛ་མ་དཾ་ས་པ་སཱ་ཧི་ཨོ་ཨ་ཞེས་བྱ་བ་ནི། ངག་བསྡུས་པ་སྟེ། དེ་བས་ན ་གཤིན་རྗེ་མཆེ་བ་མ?་རབ་ཏུ་བསྒྲུབས་པ་ཞེས་བྱ་བའི་དོན་ཡིན་ནོ། །ཀ་ག་ཙ་ཛ་བྷ་ཞེས་བྱ་པའི་རབ་ཏུ་སྦྱར་བ་ཕྱིས་པ་ནི་ཟུར?་བཅག?་པའི་མདོ་ཡིས་རྩ་ཕྱིས་ན།། ཨ་ཞེས་བརྗོད་པར་འགྱུར་རོ། །ངེ་བས་ན་ཨམྦྷ?་ཙམ་ཡིན་ནོ། །ུཙྪི་ཨ་ཞེས་བྱ་བའི་ཚིག་ལ་ཡང ་ཨུཏ་སྔོན་དུ་བསགས་པའོ། །མ་གཁི?་ཞེས་བྱ་བ་ལ་ཨ་གྲི་མ་ནི་ཨུ་སྟེ་མ་ནི་ཕྱིས་བ་ནའོ། །ཎཱ་ཧོ་ཞེས་བྱ་བ་ནི་ཧའོ། །དེ་ཡང་བཎྞི་ནི་གྲངས་གཉིས་ཞེས་བྱ་བའི་དོན་ཏེ་ལན་གཉིས་སུ་བཏོན་ཏོ་ཞེས་བྱ་བར་དགོངས་སོ། །རེ་ཧོ་ཛཛ་ལོ་ཞེས་བྱ་བ་ནི། རི་མོ་ཟླ ་བ་ཕྱེད་པའི་རེ་ཁའོ། །ས་སཾ་ཧོ་ཞེས་བྱ་བ་ནི། སྤྱི་གཙུག་ཏུ་ཐིག་ལེའོ། །ཕ་ཎ་ཕ་ཎ་བ་ཨ་ཎོཛཛ་ལོ་ཞེས་བྱ་བ་ནི། ཕ་ཎའི་སྒྲའི་ས་ནི་ཕཊ་དོ་ཕ་ཎ་ཕ་ཎ་ནས་ནི་ཕཊ་ཕཊ་ཀྱི་ཚིག་གིས་སོ། །ུཛཛེ་པ་ཞེས་བྱ་བ་ནི་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་གཟུགས ་དེ་ཅི་ཞེ་ན། ཎ་ཧོ་ཞེས་བྱ་བ་གསུངས་ཏེ། མགོན་པོའི་སྔགས་ཏེ། སྐྱེས་བུ་དམ་པའི་དོན་སྒྲུབ་པ་པོའི་ཕྱིར་རོ། །ཐམས་ཅད་བསྡུས་པས་ནི། ཨོཾ་སུཾ་དྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ་ཕཊ་ཞེས་བྱ་བའི་སྔགས་སོ། །རྒྱུད་གཞན་དང་གཞན་དུ་སྔགས་པ་གསུངས་པ། འདིར་ཡང་ལྷག ་པར་བཟླས་པས་བསད་པ་ལ་སོགས་པར་ཡང་བལྟ་བར་བྱའོ། །ཁྭ་གདོང་མའི་སྔགས་ནི་ཀཱ་ཀཾ?་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧྲཾ་ཨ་ཨ་པ་རཾ་ཨོཾ?་སི་ཨོ་ཞེས་བྱ་བ་ནི་པ་རི་ཨོ་སི་ཨོ་ཞེས་བྱ་བའི་སྒྲའི་ཕྱིས་པ་དང། ཀ་ཧ་ཀ་ཧ་ཧི་ཛཛ་ཞེས་བྱ་བ་ལ། ཨཾཛཛའི་སྒྲའི ་དང། ཀཱ་ཀི་ཧྲི་ཨ་ཨ་སཊཱོཾ་ཨ་ཞེས་བྱ་བའི་སྒྲའི་ཕྱིས་པའི་ལྷག་མ་ནི་སྔགས་སོ། །འདིས་ཐུན་ཚད་གསུམ་དུ་མང་དུ་བཟླས་པས་བསྒྲུབ་བྱ་ལ་བློ་གནས་པ་ཅན་དུ་བྱས་ནས། གཏོར་མ་བྱིན་པས་བསད་པ་དང་བསྐྲད་པ་ལ་སོགས་པར་འགྱུར་རོ། །རྡོ་རྗེ་ཕག་མོའི་ཉ་བའི ་སྙིང་པོ་ནི། བྷི་དྷི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྷི་དྷི་བྷུ་པ་ཅེས?་ཁ་ར་ཁ་ཎྜེ་ནདུ་སོ་ཧོ་ཨོ་ཞེས་བྱ་བ་ལ། བྷི་དྷི་ཞེས་བྱ་བ་ནི་ཨོའི། །སའི་དབང་ཕྱུག་ནི་ཐིག་ལེའོ། །ཁཎྜ་ནདུ་ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་སྟེ་དེ་དག་གིས་བརྒྱན་པའོ། །ོ་ཞེས་བྱ་བ་ནི་ཀུན་ཏུ་བླང་བར་བྱའོ། ་པུ་ཎཛཛ་སཾ་ག་ཧཾ་ཨ་ཞེས་བྱ་བ་ནི། ཡང་དབུ་མའི་སྡེ་པའི་སྡེ་ཚན་གྱི་ནང་ནས་པའི་ཡི་གེ་གཟུང་ངོ། །ུཏྟ་ར་མཛཛ་ཞེས་བྱ་བ་ནི་བྱང་གི་ཙའི་སྡེ་ཚན་གྱི་ནང་ནས་ཛའོ?། །ར་བི་ཙ་ར་ཎ་ཀ་མ་ལ་སཾ་ཛུཏྟ་ཨོ་ཞེས་བྱ་བ་ནི། རྐང་པའི་པདྨས་འོག་གི་ཆ་དང་ཡང་དག་པར་ལྡན་པ་སྟེ། ་ཕྱི་ནས་ནི་ཀི་ནའོ། །ཉི་མ་ནི་རའོ། །ཞབས་ཀྱི་པདྨ་དང་ལྡན་པ་ཅན་ནི། གང་གི་བྱང་གི་དབུ་མ་སྟེ་དེ་ནི་དེ་ལྟ་བུའོ། །བསྡུས་ནས་ཛྲ་ཞེས་བྱ་བའོ། །ན་ཨ་རིཏྟ་ཞེས་བྱ་བ་ནི། བདེན་བྲལ་གྱི་ཕྱོགས་སུ་བྱུང་བའི་ཕྱིར་རོ། །བཱི་མི་ཏི་ཀཾ་བའི་ཡི་གེ་སྟེ་ཏའི་གཉིས་ཉིད་དོ། །མི་ཀིར་ཨངྒ་སོ་ཧི་ཨང ་ཞེས་བྱ་བ་ལ། མི་ཀིར་ཞེས་བྱ་བ་ནི་ཨི་སྟེ་དེ་ཉིད་ཀྱི་མཚན་མ་སྟེ་དེས་བརྒྱན་པ་ནི་ནི་བའི་ཡི་གེའོ། །བསྡུས་པས་ནི་བཻ་ཞེས་བྱ་བ་ཡིན་ནོ། །ཛ་ལན་ཞེས་བྱ་བ་ནི་རའོ། །བྷ?་དྲི?་ནཾ་ཨོའི་རྣམ་པ་སྟེ་རོ་ཞེས་བྱ་བ་ཡིན་ནོ། །ུཏྟ་རསས་པ་ཧི་ཨཾ་ཞེས་བྱ་བ་ནི། ཙའི་སྡེ་ཚན་གྱི་དང་པོ ་ཞེས་བྱ་བར་རབ་ཏུ་གྲགས་པ་སྟེ། དང་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཡི་གེ་ཙའོ། །ཛ་མསས་ཨནྟ་ཞེས་བྱ་བ་ནི་ཡི་གེ་ནའོ། །བ་ས་ཧ་ཨུ་ཧ་རིཾ་སཊཋི་ཨཾ་ཞེས་བྱ་བ་ནི། གང་གི་ཡེ་གེ་ནའི་སྟེང་དུ་བསླང་སྟེ་ཨཾ་གནས་བ་དེ་ནི་དེ་ལྟ་བུའོ། །བསྡུས་པས་ནི་ཞེས་བྱ་བ་ཡིན་ནོ། །པ་བ ་ཎོ་རཎྜ་བ་སཱ་ཧི་ཨོ་ཞེས་བྱ་བ་ལ་རླུང་ནི་ཡའོ། །དེ་ནི་རཎྜ་སྟེ་ཨེའི་རྣམ་པས་བརྒྱན་པའོ། །བསྡུས་པས་ནི་ཡེ་ཤེས་བྱ་བ་ཡིན་ནོ། །གཤིན་རྗེ་མཆེ་བ་གཙིགས?་མ་ནཾ?་སའོ། །ན་ཨི་རིཏྟི་བེ་ཨིཊཋི་ཞེས་བྱ་བ་ནི། ན་ཨི་རིཏྟི་སྒྲའི་ཏྟི་ཨའི་ཆ་ཕྱིས་པར་གྱུར་ན་ནི་ཨཾ་རི་ཞེས་བྱ་བར་འགྱུར་རོ།། ་དེ་ཡང་ཝ་སྟེ་དེ་ལ་འདུག་པ་ནི་གནས་པའོ། །དེ་སྐད་དུ་དེ་ནི་ཇི་ལྟར་ཞེ་ན། མོ་ཧཱ་བྷར་ཎ་བྷ་རི་ཨཾ་ཞེས་བྱ་བ་གསུངས་ཏེ། གཏི་མུག་ནི་རྨོངས་པར་བྱེད་པ་སྟེ་དབྱངས་ཀྱི་གཉིས་པའོ། །གཏི་མུག་གི་རྒྱུན་གྱིས་གང་བར་ཇི་ལྟར་འགྱུར་བ་དེ་བཞིན་དུ། །བདེན་བྲལ་དུ་གནས་པའི ་སྟེ་བསྡུས་ནས་སྭཱ་ཞེས་བྱ་བ་ཡིན་ནོ། །ཛ་མ་མ་ཧ་ནི་ཞེས་བྱ་བ་ནི་ཡི་གེ་ཧའོ། །དེ་ཡང་གཏི་མུག་གིས་ཡོངས་སུ་བསོས་བས། །ཐམས་ཅད་བསྡུས་པས་ན། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ་ཞེས་བྱ་བའི་སྔགས་སོ། །འདིས་རྣལ་འབྱོར་བ་ཐམས་ཅད་བྱེད་དོ། །ཀླུའི་ཕྱག་རྒྱ་འདིས ་ཞེས་བྱ་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་ཕག་མོའོ། །དེའི་སྔགས་ཀྱང་ཕྱག་རྒྱ་སྟེ་མི་ཕྱེད་བའི་ཕྱིར་རོ། །དེ་བཤད་པ་ཙམ་གྱིས་མཁའ་འགྲོ་མ་ཐམས་ཅད་མཉེས་པར་གྱུར་ཏོ། །སྒྱུ་མ་ཆེན་མོ་བཅུ་དྲུག་འདི། །ཡི་གེ་རེ་རེ་ཡང་དག་གནས་ཞེས་བྱ་བ་ནི། སྒྱུ་མ་ཆེན་མོའི་རྣལ་འབྱོར་འདི ་ནི་ཡི་གེ་རེ་རེའི་གཟུགས་ཀྱིས་བཅུ་དྲུག་ཏུ་ཡང་དག་པར་གནས་སོ་ཞེས་བྱ་བར་དགོངས་སོ། །ཡི་གེ་བཅུ་དྲུག་པོ་དེ་ནི་གང་ཡིན་སྙམ་པ་ལ། ཨོཾ་སརྦ་བུདྡྷ་པ་ཎཱ་ནཱི་ཡེ་བཛྲ་ཌཱ་ཀི་ནི་སྭཱ་ཧཱ་ཞེས་པའོ། །རྡོ་རྗེ་ཕག་མོའི་ཡི་གེ་བཅུ་དྲུག་ཅེས་བྱ་བ་སྙིང་པོའི་སྔགས་ཞེས ་བྱ་བ་མན་ངག་གིས་བལྟ་བར་བྱའོ། །དེ་བས་ན་འདི་ནི་སྔགས་ཀྱི་ལེའུ་ལས་བཤད་པར་བྱའོ། །ཁ་ཅིག་ན་རེ་དབྱངས་བཅུ་དྲུག་པོ་ཞེས་ཟེར་རོ། །ལས་ཐམས་ཅད་བྱེད་པ་འདི་ཡང་པ་ཨི་ཨཾ་ཞེས་བྱ་བ་ལ་སོགས་པས་ལྷག་མའི་གཏོར་མའི་སྔགས་གསུངས་པ། པ་ཧི་ཨ་ཀུམམ ་ཞེས་བྱ་བ་ནི་ཨུའོ། །ུཏྟ་རསས་པ་ཌཧུ་མཾ་ཞེས་བྱ་བ་ནི་ཡི་གེ་ཙའོ། །ཏ་ཏ་བེཎྞི་སཾ་ཡུཏྟ་ཞེས་བྱ་བ་ནི། དེ་བཞིན་དུ་བྱང་གི་བེཎྞི་ཞེས་བྱ་བ་ནི་གཉིས་པ་སྟེ་ཚའོ། །དེས་ན་འོག་གི་ཆ་དང་ལྡན་བའོ། །དེ་ཡང་བྷདྡ་ཨུ་ཨ་རི་སཾཊཥི་ཨ་ཞེས་བྱ་བ་ནི། སྟེང་དུ་ཨའི་ས་བརྒྱན་པ་སྟེ། ཙྪ་ཞེས་བྱ་བ ་ཡིན་ནོ། །ཛ་མ་དུ་ཨ་ཞེས་བྱ་བ་ནི། །གཤིན་རྗེ་པོ་ཉ་མའི་སྒྲ་ཡིས་ཡི་གེ་ཥའོ། ཁ་རུ་ཎཱ་སཎ་ཞེས་བྱ་བ་ནི། ཆུ་བདག་ཏུ་ནི་ཋ་སྟེ་དེའི་སྟན་ནི་ཥྛ་ཞེས་བྱ་བ་ཡིན་ནོ། །ར་ཨི་ཞེས་བྱ་བ་ལ་ཉི་མ་ནི་རའོ། །མོ་ཧ་བྷ་རི་ཨཾ་ཞེས་བྱ་བ་ནི། རའི་ས་བོན་དེ་གཏི་མུག་གིས་གང་བ་ནི་རཱ་ཡིན་ནོ། ་པུ་ཎུ་ཀ་སཱཀྑ་ཀ་ཧི་ཨཾ་ཞེས་བྱ་བ་ནི། ཀ་དང་ཥ་དག་འདུས་ནཀྵ་ཞེས་བྱ་བ་ཡིན་ནོ། །ཛ་མཾ་དཥྚཱི་ཎེ་ཞེས་བྱ་བ་ནི། ཡི་གེ་སའོ། །བྷ་དྷ་སི་ར་སོ་ཧི་ཨཾ་ཞེས་བྱ་བ་ནི་བཟང་པོས་གང་གི་སྤྱི་བོར་བརྒྱན་པ་དེ་ནི་དེ་ལྟ་བུ་སྟེ། གཞན་གྱི་མཐར་ལྷག་མ་ནི་ཚིག་གི་ཕྲད་དོ། །པུ་ཎོ ་དཾཥྚི་ཞེས་བྱ་བ་ནི་གཤིན་རྗེ་མཆེ་བ་གཙིགས་མ་ཞེས་བྱ་བའི་དོན་ཏོ། །ན་ཨི་རིཏྟི་ཨ་ཨཱ་ས་ཎ་ཞེས་བྱ་བ་ནི། ཝའི་སྟན་ནོ། །མོ་ཧ་ས་ཧ་སཾ་ཛུཏྟི་ཞེས་བྱ་བ་དེ་ཉིད་ནི། །སའི་ས་བོན་ཏེ་སྭ་ཞེས་བྱ་བ་ཡིན་ནོ། །ཏ་ཧ་ས་བ་རོ་མོ་ཧ་ས་ཧཱ་ཨ་པ་རི་ཨོ་སི་ཨོ་ཞེས་བྱ་བ་ནི། ་དེ་ལྟར་ཧཱ་ཞེས་བྱ་བ་ཡིན་ནོ། །བསྡུས་པས་ནི་ཨུ་ཙྪི་ཥྛ་རཀྵ་སྭཱཧཱ། ཞེས་བྱ་བའི་སྔགས་སོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་གྱིས་སྲིན་མོའི་གྲུབ་པ་ནི། འཇིག་རྟེན་འདིའི་འབྲས་བུ་འདོད་པས་སྒྲུབ་པར་བྱེད་དོ། །བུ་མོ་དགུག་པ་ཞེས་བྱ་བ་ནི། དེས་གྲུབ ་པས་བུ་མོ་བཀུག་པར་བྱེད་དོ་ཞེས་བྱ་བར་དགོངས་སོ། །ལྐུགས་བའི་སྔགས་ནི་པུབབསས?་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནུབབསས་ཨ་ཊ་ཞེས་བྱ་བ་ལ། ཀའི་བརྒྱད་པ་ནི་མ་ཕྱིས་པར་གྱུར་པ་ན་ཡི་གེ་ཛའོ། །ག་ཨི་ཨཾ་ཞེས་བྱ་བ་ནི་གཟུང་བ་སྟེ། ཛ་ཞེས་བྱ་བ་ཡིན་ནོ། ་མཛཛ་ཨམཏ་ཞེས་བྱ་ནི། དེ་དབུ་མའི་མཛའ་སྟེ། དེ་ཡང་ཡི་གེ་མའོ། །མཛཛཧ་ཙ་ཨུཏྠ་སཾ་ཛུཏྟ་ཞེས་བྱ་བ་ནི། དེ་ཉིད་ཀྱི་དབུ་མའི་བཞི་པ་སྟེ། བྷ་དང་ཡང་དག་ལྡན་བའོ། །ཏ་ཧེ་རཎྜ་སིསས་ལགྒ་ཞེས་བྱ་བ་ནི། དེ་ལྟར་ཡང་རཎྜཱ་སྟེ་གང་གི་སྤྱི་བོར་བཞག་པ་དེ་ནི་དེ་ལྟ་བུའོ།། ་དེ་?་མྦྷེ་ཞེས་བྱ་བ་ཡིན་ནོ། །པུ་ཎོ་པི་མཛཛཧནྟ་ག་ཧི་ཨཾ་ཞེས་བྱ་བ་ནི་ཡི་གེ་མའོ། །བྷི་དྷི་མ་ཨ་ཨནྟ་ཞེས་བྱ་བ་ནི། བྷི་དྲའི་དངོས་པོ་སྟེ་གང་གི་མཛའ་དེ་ནི་དེ་ལྟ་བུའོ། །ཛ་མ་མ་ཧཱ་ཎི་སཾ་ག་ཧཾ་ཨཾ་ཞེས་བྱ་བ་ནི། གཤིན་རྗེ་སྲུབ་མ་ཞེས་བཤད་དོ། །རཎྜཱ་རྣ་བར་བརྒྱན ་པ་ཞེས་བྱ་བ་ནི་གོ་སླའོ། །དེ་བས་ནི་ཧེ་ཞེས་བྱ་བ་ཡིན་ནོ། །ནྟ་ས་ཧཱ་ཨོ་ཞེས་བྱ་བ་ནི། གང་གི་སྔགས་ཀྱི་མཐར་སྭཱ་ཧཱ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །བི་ཧི་བ་རི་ཨོ་སི་ཨོ་ཞེས་བྱ་བ་ལ་ཆོ་ག་ནི་ཚངས་པ་སྟེ། ཨོ་དང་བཅས་པ་ཉིད་དོ། །དེས་དང་བྱོར་བྱིན་པ་དང་ལྡན ་པ་ཞེས་བྱ་བའི་དོན་ཏོ། །བསྡུས་པས་ནི་ཨོ་ཛམྦྷེ་མོ་ཧེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སོ། །ཐོད་པའི་ནང་དུ་གནས་པས་རྒྱལ་པར་འགྱུར་རོ། །ཞེས་བྱ་བ་ནི་འདིའི་སྔགས་སོ། །ཐོད་པ་ཞེས་བྱ་བ་ནི་མགོ་པོའོ། །ནང་དུ་ཞེས་བྱ་བ་ནི་དཔྲལ་བ་ཞེས་བྱ་བའི་དོན་ཏེ་གནས་པའོ།། ་རྒྱལ་བ་ཞེས་བྱ་བ་ནི། ཐམས་ཅད་ཁོ་ན་རྒྱལ་བ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་བརྗོད་དེ་དཔྲལ་བར་ཨེ་བསྒྲོམས་ནས། །དེའི་སྟེང་དུ་སྔགས་འདི་ཟླུམ་པོར་ཚར་དུ་ཡིད་ཀྱིས་བཀོད་ནས་གང་ལ་བལྟས་བ་དེ་རྨོངས་པར་བྱེད་དོ། །འདི་སྐད་དུ་ཡང་ལྕེའི ་དྲི་མ་ལ་སོགས་པས། སྔགས་འདི་བཟླས་པས་ཐིག་ལེ་བྱས་པས་གོང་དུ་གསུངས་པ་ཡིན་ནོ། །གཡུལ་ལ་སོགས་པར་རྣམ་པ་གཞན་གྱིས་ཀྱང་ཇི་ལྟར་མན་དག་ལས་རྒྱལ་པར་འགྱུར་རོ། །མུ་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གཉིས་ལེའུ་སུམ ་བཅུ་རྩ་གསུམ་པ་ལས་རྣམ་པར་ཕྱེ་བའོ། །དེ་བཞིན་དུ་ཡང་རྣམ་པར་དབྱེ་བར་བྱ་བ་སྟེ། ཨོཾ་མུ་ཎི་ཀ་ས་ཨི་མུ་ནི་བ་ས་ཨི་མུ་ཎ་ཧཊཋཱ་ལངྒ་ལཾ་ཧི་བཱ་ཌེ་ཨི་ཨ་མུ་ཀ་སྱ་མུ་ཧ་ཏཏཋཾ་བནདྷ་མི་སྭཱ་ཧཱ་ཞེས་བྱ་བ་ནི་རེངས་པར་བྱེད་བའོ། །ོཾ་ཀཱ་ཀཱ་ཀཱི་ཀཱ་ཀ ་རུ་ཏེ་ཀཱ་ཀ་བིནཊོ?་པ་ཧཱ་རི་ཎི་ཨ་མུ་ཀ་སྱ་ཛི་པི་ཏྲཾ་གྲི་དྱ་ཨཱ་གཙྪ་ཀཱ་ཀི་ལ་ཐཱ་སུ་ཁཾ་ཕཊ་ཅེས་བྱ་བ་ནི་སྐྲོད་པར་བྱེད་པའོ། །ཆོ་ག་ཡང་གོང་དུ་གསུངས་ཏེ། ཇི་ལྟར་མན་དག་ལས་གཞན་དུ་ཡང། འདི་ལྟར་ཡང་རྟག་ཏུ་བཟླས་པས་དེར་འགྱུར་རོ། །དེ་ཉིད་ནི་འདི་དག་ཅེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཀླུའི་ཕྱག་རྒྱ་ཞེས་བྱ་བ་ལ་ཀླུའི་གཟུགས་ཀྱི་ཕྱག་རྒྱ་ནི་ཀླུའི་རྒྱ་སྟེ། ཀླུའི་སྔགས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ནི་ལྷ་ཉིད་ཀྱི་དབྱིབས་ཏེ་དེ་མི་ཕྱེད་པའི་དོན་བྱེད་པའི་ཕྱིར། །སྔགས་ཀྱང་ལྷ་ཉིད་དོ། །དེ་ལྟར་ན་ཡང་ཁྭ་གདོང་མ་ལ་སོགས ་པ་འམ། གཞན་པའི་རྣལ་འབྱོར་གྱིས་ཀླུའི་སྔགས་བཟླས་པར་རབ་ཏུ་སྦྱོར་བའོ། །ཁྭ་གདོང་མས་ནི་རེངས་པར་བྱེད་བའོ། །འུག་པའི་གདོང་མས་ནི་ཞི་བའོ། །ཁྱི་གདོང་མས་ནི་རྒྱས་པའོ། །ཕག་གི་གདོང་མས་ནི་སྐོད་པར་བྱེད་པའོ། །གཤིན་རྗེ་མཆེ་བ་མས་ནི་རེངས ་པར་བྱེད་པའོ། །གཤིན་རྗེ་ཕོ་ཉ་མས་ནི་སྡང་བར་བྱེད་པའོ། །གཤིན་རྗེ་མཚོ?་གཙིགས་མས་ནི་གསོད་པར་བྱེད་པའོ། །གཤིན་རྗེ་སྲུང་མས་ནི་སྐྲོད་པར་བྱེད་པའོ། །གཞན་ཡང་དེ་རྣམས་ཀྱི་མན་ངག་ལས་འདོད་པའི་ཡང་སྒྲུབ་པ་པོས་ལས་ཀྱི་དབྱེ་བས་ཁ་དོག་ལ ་སོགས་པའི་དབྱེ་བ་བྱའོ། །ཞི་བ་ལ་ནི་དཀར་པོའོ། །རྒྱས་པ་དང་རེངས་པ་དག་ལ་ནི་སེར་པོའོ། །སྡང་བ་དང་བསྐྲད་པ་དང་གསད་པ་རྣམས་ལ་ནི་ནག་པོའོ། །དབང་དང་དགུག་པ་དག་ལ་ནི་དམར་པོའོ། །དེ་བཞིན་དུ་ཡང་གསུངས་པ། ཞི་ལ་སྤྱན་གྱི་རྣམ་པ་ཉིད། ་རྒྱས་པར་པདྨའི་རྡོ་རྗེ་ཅན། །དབང་ལ་རྣམ་པར་སྣང་མཛད་གནས། །ཁྲོ་བོ་རྡོ་རྗེ་མངོན་སྦྱོང་ལའོ། །ཞེའོ། སེམས་ནི་ལས་དང་གསན་པའི་གཟུགས་འཛིན་ཏེ། དེ་བཞིན་དུ་འང་གསུངས་པ། ཞི་བ་ལ་ནི་ཞི་བའི་སེམས། །རྒྱས་ལ་རྒྱས་པ་ཡིན་ནི་ཡིད། །དབང་ལ་ཆགས ་བའི་ཡིད་ཀྱིས་བྱ། ད?་ངོན?་སྤྱོད་ཁྲོ་བོས་རབ་ཏུ་སྒྲུབ་ཅེའོ། །ོཾ་ཨིནདེ་ཎ་ཞེས་བྱ་བ་ལ་སོགས་བའི་ཀླུའི་སྔགས་ཀྱིས་ནི་ཁ་རེངས་པར་བྱེད་པའོ། །ོཾ་ཛམྦཱ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ནི་སྤྱིར་རེངས་པར་བྱེད་པའོ། །དེ་ལྟར་རྣལ་འབྱོར་བའི ་ཆོ་གའི་ལས་གསུངས་པ་ཞེས་བྱ་བ་ལ། དེ་ལས་ཤེས་བྱ་བ་ནི་གཞན་དུ་ཡང་ལས་གསུངས་པའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་འདིའམ་གཞན་དུ་ཡང་གསུངས་པའི་རྣལ་འབྱོར་ནི་ལྷ་ཉིད་ཀྱི་རྣལ་འབྱོར་ཏེ་དེ་དང་ལྡན་བའོ། །ཆོ་ག་ཞེས་བྱ་བ་ནི། ཇི་ལྟར་མན་ངག་ལས ་ཆོ་ག་སྟེ་དེ་ཡང་བྲི་བ་ལ་སོགས་པའི་མཚན་ཉིད་དོ། །བག་ཙམ་གྱི་ཆས་གོང་དུ་གསུངས་པ་ཡང་རིགས་པ་ཅན་རྣམས་ཀྱི་བཙལ་པར་བྱའོ། །ོཾ་ཛམྦྷ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཡང་རྟོགས་པའི་དོན་ཏུ་གྱུར་པའི་ལས་བལྟ་བར་བྱའོ། །ོཾ་ན་མ་ཞེས་བྱ ་བ་ལ་སོགས་པས་ནི་གོང་དུ་གསུངས་པའི་ལས་སོ། །ཁ་བལྟས་བ་ཞེས་བྱ་བ་ལ་སོགས་པས་རྐང་པ་བརྒྱད་པའི་རི་ལུའི་སྒྲུབ་ཐབས་གསུངས་པ། གཡུལ་དུ་གང་ཁ་བལྟས་པས་འགྱེལ་པའི་དེའི་རྐང་པའི་མཐིལ་གྱི་ལྤགས་པ་དང་ལྷན་ཅིག་དངོས་པོ་འདི་རྣམས ་གཟུང་ངོ། །མན་ཞེས་བྱ་བ་ནི་བ་བླའོ། །སོ་ཏྲ་ཞེས་བྱ་བ་ནི་སོ་ཏྲ་ཡཉྫ་ནའོ། །ཉྫ་ཞེས་བྱ་བ་ནི་དྲི་མ་མེད་པའི་མིག་སྨན་ནི། །རྡོ་བ་ཞེས་བྱ་བ་ནི་དྲིའི་རྡོ་བའོ། །ཙན་དན་ཞེས་བྱ་བ་ནི། ཙན་དན་དུ་རབ་ཏུ་གྲགས་སོ། །ཁྲག་ལས་སྐྱེས་པ་ཞེས་བྱ་བ་ནི་གུར་གུམ་མོ།། ་པགས་པ་ལ་སོགས་པ་འདི་རྣམས་ཆ་མཉམ་པར་སྐྱེས་པའི་ཁྲག་གིས་བཏགས་པར་བྱ་ཞིང་འདི་ལྟར་ཡང་སྲོ་ཏྲ་ཨཉྫ་ན་སྟེ་དེ་ཉིད་ནི་སོ་སོར་བཏག་པར་བྱའོ། །ཡང་ཙནདན་དམར་པོ་ཞེས་བྱ་བ་ནི། ཙན་དན?་དམར་པོ་ཆུས་བདར་པར་བྱའོ། །ཞིབ་ཏུ་ཞེས་བྱ་བ་ནི། རྫས ་བདུན་པོ་དེ་རྣམས་སྲོ་ཏྲེ་ཨཉྫ་ན་དང། སོ་སོར་སན་བདུན་དུ་བཏག་པར་བྱའོ། །ཙན་དན་དམར་པོའི་ཆུ་དེ་དེ་རྣམས་སུ་བསྐམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རློན་པའི་གོང་བུའི་ནང་དུ་ཞེས་བྱ་བ་ནི། བདུན་པོ་ད་རྣམས་ཙནདན་དམར་པོའི་ཆུས་གཤེར་བ་བྱས་ནས། དེ་རྣམས་ཀྱིས་གོང་དུ? ་བུར་བྱ་བའོ། །དེའི་ནང་དུ་རློན་པ་ཞེས་བྱ་བ་ནི། གཤེར་བ་སྟེ་རྣ་བའི་ཨཉྫ་ན་བསྐམ་པར་བྱ་བ་ནས་།རབ་ཏུ་གཞུག་པར་བྱའོ། །སྦྱར་ཞེས་བྱ་བ་ནི་འདུས་པའོ། །གྲིབ་མ་ལ་བསྐམ་པར་བྱས་ཤེས་བྱ་བ་ནི་གོས་ཀྱིས་བཀབ་ཅིང་ཉིན་ལ?་བསྒམS? ་ནས་རི་ལུ་ལྷག་པར་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅིར་གྱུར་པས་ཤེ་ན་གསུངས་པ་ཉི་མ་ཞེས་བྱ་བ་ནི་ཟངས་ཏེ། ར་ཏི་ལྔ་ལས་ལྷག་པ་དང་མཱ་ཥ་བཞིའོ། །ཟླ་བ་ནི་རྡུལ་ཏེ་ར་ཏི་གསུམ་ལས་ལྷག་པ་དང། མཱ་ཥ་གསུམ་མོ། །མེ་ནི་གསེར་ཏེ་ར་ཏི་བདུན་ལས ་ལྷག་པ་དང། མཱ་ཥ་བཞིའོ། །འདིའི་ནང་དུ་གང་བཅུག་པའི་རི་ལུ་དེ་ནི་ཞེས་བྱ་བའི་དོན་ཏོ། །གསེར་གྱིS་དང་པོར་དཀྲི་བར་བྱའོ། །དངུལ་གྱིས་ནི་གཉིས་པར་རོ། །ཟངས་ཀྱི་ནི་གསུམ་པར་རོ། །དེ་བཞིན་དུ་ཡང་གསུངས་པ། གསེར་དང་ཟླ་བ་ཉིན་བྱེད་ཀྱི། རིག་བྱེད་གསུམ ་བཞི་མ་ཥའི་ཚད། །ཐུག་གསུམ་མདའ་ཡིད་ཏི་ལྷག་།རིམ་པས་རིལ་བུ་བཅིང་བར་བྱ་ཞེའོ། །རྒྱལ་གྱིས་ཞེས་བྱ་བ་ནི། སྐར་མ་རྒྱལ་གྱིས་སོ། །ལྷག་པར་གནས་པ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར ་དང་བཅས་པར་དེ་བལྟ་བར་བྱའོ། །མེ་ཏོག་ལ་སོགས་པས་མཆོད་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་རམ་བྲིས་སྐུར་གྱུར་པ་འམ། བསམ་གཏན་ལས་སྐྱེས་པར་རྐང་པ་བརྒྱད་པའི་སྔགས་ཇི་ལྟར་ནུས་པར་བཟླ་བར་བྱའོ། །འདིར་ཉི་མ་གཞན་ལ་དེ་རྡོ་རྗེ་མཁའ་ ་འགྲོའི་གཟུགས་ཀྱི་བདག་ཉིད་ཀྱི་ཁར་བཅུག་ནས། །དེ་ལ་གཡོན་པའི་ལག་པས་བཀབ་ནས། དེ་ཉིད་ཀྱི་སྔགས་བཟླ་བར་བྱ་ཞིང་ཉིན་མཚན་གྱིས་གྲུབ་པར་འགྱུར་རོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་བདག་ཉིད་ཀྱི་རིག་པ་སྟེ། རྐང ་པ་བརྒྱད་པའི་སྔགས་ཀྱིས་མཛེས་པ་ཞེས་བྱའོ། །གང་གིས་རིག་པའི་རྒྱལ་པོ་ཡང་རྣལ་འབྱོར་པ་སྟེ། བཟླས་པ་ནི་རིག་པའི་དོན་ཏེ། །ངེས་པ་མེད་པས་ཟླ་བ་དྲུག་ཏུ་བཟླས་བས་ཕྱི་ནས་སྔགས་འབུམ་ཟློས་པ་ན། མཚན་མ་བཟང་པོ་རྨི་ལམ་དུ་མཐོང་བ་དང ་བསྒྲུབས་ན་ཉིན་མཚན་གྱིས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ལྷག་མ་ནི་གོ་སླའོ། །ཡང་ན་རིག་པ་ནི་རྡོ་རྗེ་ཕག་མོའི་སྔགས་ཀྱིས་མཛེས་པའོ། །དེ་དེ་བཞིན་དུ་དེའི་རྣལ་འབྱོར་པས་རི་ལུ་བསྒྲུབས་པར་བྱ་བ་ལ་སྐྱོན་ཡོད་པ་མ་ཡིན་ནོ། །ཁ་གཉིས་པའི་རྒྱལ་པོ་བླངས་ཞེས་བྱ ་བ་ནི། སྦྲུལ་གྱི་རྒྱལ་པོ་བླངས་པའོ། །ཐམས་ཅད་སོ་སོར་ཞེས་བྱ་བ་ནི། ཐམས་ཅད་དང་ཐམས་ཅད་བྱས་པ་སྟེ། དུམ་བུ་དུམ་བུར་བྱས་པ་ཞེས་བྱ་བའི་དོན་ཏོ་།ཡང་ཇི་ལྟར་བྱས་ཤེ་ན། སོ་སོ་སོ་སོར་ཤེས་གསུངས་ཏེ། དཀར་པོའི་དུམ་བུ་དུམ་བུ་དང། ནག་པོའི་དུམ་བུ་དུམ ་བུར་སོ་སོར་བྱས་ཏེ། དཀར་པོ་དང་ནག་པོ་ཤེས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དཀར་པོ་དང་ནག་པོ་ཞེས་བྱ་བ་ནི། དཀར་ནག་གོ་།དཀར་པོ་ཡང་དུམ་བུ་དུམ་བུར་དང། ནག་པོ་ཡང་སོ་སོར་བཞག་པར་བྱའོ། །གང་དང་ལྷན་ཅིག་པས་ཤེ་ན། དུང་གི་མེ་ཏོག་དང་ཨ ་ཀ་རུ་ནག་པོ་ཞེས་གསུངས་ཏེ། དུང་གི་མེ་ཏོག་ཅེས་བྱ་བ་ནི། སྨན་གྱི་ཁྱད་པར་ཏེ་འཇིག་རྟེན་པ་ལས་ཤེས་པར་བྱའོ། །ཇི་ལྟར་ལེའུ་གསུམ་པ་ལས་གསུངས་པའི་དབང་པོའི་ལག་པ་དེ་ནི་ལག་པའི་དབྱིབས་ཀྱི་རྩ་བའི་ཕྱིར་།དབང་པོ་དང་ཉེ་བར་གནས་པས ་དབང་པོའི་ལག་པ་ད་ན་ཞེས་བརྗོད་དོ། །དེ་ཡང་ཁ་ཅིག་ན་རེ་རྟའི་དུར་བ་ཞེས་ཟེར་རོ། །ཁ་ཅིག་ཀྱང་དབང་པོའི་མིག་ཅེས་ཟེར་རོ། །ཁ་ཅིག་ན་རེ་ཀ་ཀྵཱ?་མལླེ་ཀ་ཞེས་བྱ་བ་ལ་སོགས་པར་རབ་ཏུ་གྲགས་ཏེ། འཇིག་རྟེན་པ་ལས་ཤེས་པར་བྱའོ། །དུང་གི་མེ་ཏོག་ཅེས ་བྱ་བ་ནི། དུང་གི་དབྱིབས་དང་མདོག་གི་མེ་ཏོག་འདིའི་འོ། ། ཀ་རུ་ནག་པོ་ནི་རབ་ཏུ་གྲགས་སོ། །དུང་གི་མེ་ཏོག་དང། དཀར་པོའི་ཆ་མཉམས་པར་བླངས་ཞིང་ཨ་ཀ་རུ་ནག་པོ་དང་ནག་པོའི་ཆ་ཡིས་སོ། །སྟོང་ཕྲག་སུམ་ཅུ་རྩ་དགུ་བཟླས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི ་སྙིང་པོའི་སྔགས་སམ། ཉེ་བའི་སྙིང་པོས་དེའི་ཆ་གཉིས་དེའི་རྣལ་འབྱོར་དང་ལྡན་པས། དེའི་གྲངས་ཀྱི་བཟླས་པས་དེས་ཕྱིས་ནས་བདུག་པར་བྱའོ་ཞེས་བྱ་བའི་རས་ཡུག་ཅེས་བྱ་བ་ནི་ལྷག་མའོ། །ཡང་ཅིའི་བྱས་པས་ཤེ་ན། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པར ་བྱས་ལ་ཞེས་བྱ་བ་ནི། སྔོན་དུ་བཟླས་པས་བསྒྲུབས་ནས་དེའི་ཆ་གཉིས་ལ་ཕྱི་ནས་བདུག་པའི་དུས་སུ་ཡང་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་རས་ཡུག་བདུག་པར་བྱའོ་ཞེས་བྱ་བར་དགོངས་སོ། །རས་ཡུག་གི་སྒྲུབས་ཐབས་ཉིད་ནི། རྒྱལ་གསུམ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རལ་བས་རྒྱལ་བ་དང་སྐུད་པ་མཁས་པ་དང་རས་ཡུག་འཐག་པ་རྣམས་གསུམ་གྱིས་བསྒྲུབ་པར་བྱའོ་དེས་གོན་པས་ཁྲི་བཟླས་ན་ཞེས་བྱ་བ་ནི། དེས་རྒྱལ་གསུམ་ལ་བསྒྲུབས་པ་དང་དེ་བཞིན་དུ་བཟླས་བཙན་གྱིས་དང་དེ་བཞིན་དུ ་བདུག་པ་ཙམ་གྱིས་རས་ཡུག་ལུས་ལ་བཀབ་སྟེ། དེ་ཉིད་ཀྱི་སྔགས་ཁྲི་བཟླས་པར་བྱས་ན། དེ་ཡང་མི་སྣང་བར་འགྱུར་རོ། དེས་ན་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རས་ཡུག་དཀར་པོ་དང་ནག་པོར་ཡང་བྱའོ་ཞེས་བྱ་བ་ནི། དཀར་པོ་ཞེས་བྱ་བ་ལ་སོགས་པ་ ་གསུངས་སོ། །དཀར་པོའི་རས་ཡུག་ནི་དཀར་པོའི་ཆ་དང་དུང་གི་མེ་ཏོག་དང་ལྡན་པས། ཡར་ངོ་ལ་བདུག་པ་བྱས་ནས་དེས་དེ་བཞིན་དུ་དཀྲིས་ན་མི་སྣང་བར་འགྱུར་རོ། །ནག་པོའི་རས་ཡུག་ནི་ནག་མོའི་ཆ་དང་ཨ་ཀ་རུ་དང་ལྡན་པས་མར?་དེ་ལ་བདུགས་ནས་དེ ་བགོས་ནས་དེ་བཞིན་དུ་ཡིན་ནོ། །ཁ་ཅིག་ན་རེ་དཀར་པོའི་རས་ཡུག་ནི་ཡར་ངོ་ལའོ། །ནག་པོའི་རས་ཡུག་ནི་ནག་པོ་ལ་སྟེ། རས་བལ་འདུ་བྱ་བ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་ཟེར་རོ། །གང་འདོད་པ་དེ་ལ་འདོད་པ་སྤྱོད་དོ་ཞེས་བྱ་བ་ནི། གང་ཞིག་རང ་འདོད་པ་དེ་རྒྱལ་པོའི་བུ་མོ་ལ་སོགས་པའང་འདོད་པ་སྤྱོད་དོ་ཞེས་བྱ་བར་བལྟ་བར་བྱའོ། །གལ་ཏེ་དེ་དམ་ཚིག་དང་སྡོམ་པའི་རྗེས་སུ་འགྲོ་བར་གྱུར་ན་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི། སྦྲུལ་གྱི་རྒྱལ་པོའི་ཁ་སྟེ། སྦྲུལ་གྱི་རྒྱལ་པོའི་ཁར་སྲོ་ཏྲ་ཨཉྫ་ན་བཅུག་པ་དུ ་བ་མེད་པ་གནང?་དུ་བསྲེགས་པ་ཞེས་བྱ་བ་དེ་ཉིད་ཀྱི་སྤྲུལ་གྱི་རྒྱལ་པོའི་ཁ་ནས་དེ་བཞིན་དུ་བསྲེགས་པའི་སྲོ་ཏྲ་ཨཉྫ་ན་དལ་གྱིས་བླང་བར་བྱའོ། །རྡོ་རྗེ་ཕག་མོའི་སྙིང་པོ་ལ་སོགས་པའི་སྔགས་ཀྱིས་འབུམ་བཟླས་པར་བྱས་ནས། དེས་མིག་དག་མིག་སྨན་གྱིས་བྱུགས ་ནས། མུན་པར་ཕྱིན་ན་ཐམས་ཅད་མཐོད་བར་འགྱུར་རོ། །དེ་ནས་ཁྱིམ་གྱི་མེ་ཏོག་དམ་པ་ཞེས་བྱ་བ་གསུངས་པའོ། །ཁྱིམ་གྱི་མེ་ཏོག་ནི་མར་མེ་སྟེ། མར་མེ་ལྟ་བུར་འདིས་ཐམས་ཅད་མཐོད་དོ། །ཞེས་བྱ་བའི་དོན་ཏོ། །དམ་པ་ཞེས་བྱ་བ་ནི། མྱ་ངན་ལས་མི་འདའ་བའ་ཨི་གཟུགས་ཀྱི་ཕྱིར ་དང་འདོད་པའི་ལྷའི་སྔགས་ཞེ་བྱ་བ་ནི། རྡོ་རྗེ་ཕག་མོའི་སྡགས་ཏེ། རང་འདོད་པས་དེའི་རྣལ་འབྱོར་པ་བསྟན་པའོ། །ཤི་བའི་བུམ་པར་བཅུག་པ་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་བུམ་པའི་སྙིང་པོར་གནས་པར་བྱས་པའོ། །ས་འགྲོའི་རྒྱལ་པོ་ཞེས་བྱ་བ་ནི་སྦྲུལ་གྱི་རྒྱལ་པོའོ།། ་སྦས་ཞེས་བྱ་བ་ནི་སྤས་པ་སྟེ་ས་ལ་མི་མཐོང་བར་བྱས་ཞེས་བྱ་བའི་དོན་ཏོ། །སྣོད་ཅེས་བྱ་བ་ནི། ཐོད་པར་བཞག་པའོ། །དེ་ནས་ཟད་པ་ཞེས་བྱ་བ་ནི། དེར་སྤྲུལ་ཟད་པར་གྱུར་པའོ། །ཅི་ཡིན་ཞེ་ན་དེ་བཏུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བུམ་པའམ་ཐོད ་པ་ལས་བཏུས་པའོ། །དེ་དང་ཐོད་པ་དང་བཅས་པ་ཞེས་བྱ་བ་ནི། དེའི་བུམ་པ་ཐོད་པ་དང་བཅས་པ་སྟེ། ཕྱོ་མོའི་དུམ་བུ་འམ། ཐོད་པའི་དུམ་བུ་ལ་བདར་ཏེ། ཐིག་ལེ་བྱའོ། །གང་གིས་ཕན་ཚུན་དུ་བདར་བས་ཐིག་ལེ་བྱ་བ་དེ་དེ་བཞིན་ཏེ་དེ་དང་ཐོད་པ་དང་བཅས་པའོ། །གང་ལ ་བདར་བས་ཐིག་ལེ་བྱ་ཞེ་ན། དཔྲལ་བའི་འགྲམ་དུ་ཞེས་བྱ་ལ་སོགས་པ་གསུངས་སོ། །འདི་ཉིད་ཀྱིས་ཅི་བྱེད་ཅེ་ན། གྲིབ་མ་འཇིག་པར་སྐྱེས་བུས་བྱེད་དོ་ཞེས་གསུངས་སོ། །བརྗོད་པ་ནི་འདི་ཡིན་ཏེ། ཕག་མོའི་སྙིང་པོའི་སྔགས་ཀྱིས་འབུམ་བཟླས་པ་བྱས་ནས། དེས་འདི ་བྱེད་པར་འགྱུར་རོ། །ད་ནི་སྐྱེ་བ་བདུན་པའི་དངོས་གྲུབ་ནི། ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་ལྡན་པ་ནི་ལྷ་རྣམས་ཀྱིས་མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པར་བརྩོན་པས། བྱས་པའི་རོལ་མོ་དང་དབྱངས་ལ་སོགས་པས་རྒྱལ ་བ་རྒྱལ་?་?་ཅིག་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ལྡན་པའོ། །གཉིས་སུ་འགྲོ་ཞེས་བྱ་བ་ནི། མཐོ་རིས་དགའ་ལྡན་ལ་སོགས་པའི་ལྷའི་གནས་སུ་འགྲོ་བ་ནི་གཉིས་སུ་འགྲོ་བ་སྟེ། འདི་ལྟར་གྱུར་པའི་འཆི་བ་ཞེས་བྱ་བའི་དོན་ཏོ། །འགྱུར?་བ ་ལས་གྱུར་བའི་ལུས་མཆོག་མཐོང་ངོ་ཞེས་བྱ་བའི་དོན་ཏེ། མེ་ཏོག་ལ་སོགས་པའི་མཆོད་པ་མཐོང་བ་དང། སིལ་སྙན་ལ་སོགས་པའི་སྐྲས་དབེན་པའི་གནས་སུ་ཤི་བས་ན་སྐྱེ་བ་བདུན་པའོ། །ལུས་ཀྱང་འདི་ལྟ་བུར་ཞེས་བྱ་བར་ཤེས ་པར་བྱའོ། །དེ་བཞིན་དུ་ཡང་གང་དུ་ཉི་མ་ལ་དེ་འཆི་བར་འགྱུར་བ་ན། གནམ་རྡོ་ལ་སོགས་པ་ལྟུང་བར་འགྱུར་རོ། །དེའི་མཚན་གཞན་གསུངས་པ། མགོ་སྐྱེས་ཁ་སྦྱོར་བྱས་ཞེས་བྱ་བ་ནི། སྐྲ་དང་ལུས་སྡོམ་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་རླབས ་ལྟ་བུའི་སྒྲའོ། །ཞེས་ཟེར་རོ། །གང་གིས་ལུས་འདི་ལྟ་བུ་དེ་ནི་སྐྱེ་བ་བདུན་པའོ། །གང་གི་ལུས་ཀྱི་རྡུལ་དྲི་ཞིམ་པ་འབབ་པ་དེའི་ལུས་ཀྱང་སྐྱེ་བ་བདུན་པ་དང་མཐུན་པའི་གཟུགས་ཏེ་གང་གི་གྲིབ་མའི་གྲངས་དེ་ནི་དེ་བཞིན་ནོ། །དྲི་དང་ལྡན་པའི་ལུས་ནི་དྲིའི་ལུས་སོ།། ་གང་གིས་ལུས་ཀྱི་ཡང་ཡིན་ལ་ལུས་ཆེན་པོ་མཛེས་པའང་ཡིན་པ་དེ་ནི་ལུས་ཀྱི་གཟི་བརྗིད་དེ། དྲེའི་ལུས་དང་ལུས་ཆེན་པོའོ། །རྨ་དང་རྨ་མེད་ཅེས་བྱ་བ་ནི། རྨའི་སྦྱོར་བ་ལས་རྨ་ནི་རྨ་ཅན་ཏེ། དེ་བས་ན་རྨ་མེད་པ་ནི་རྨ་ཅན་ཞེས་བྱ་བའི་དོན་ཏོ། །རྨའི ་སྒྲས་ནི་ནང་དུ་མངོན་པར་འདོད་དོ། །བདེན་པས་རྨར་ཞེས་བྱ་བ་ལ་བདེན་པ་ནི་སེམས་ཅན་གྱི་དོན་དང་མཐུན་པ་སྟེ། གང་གི་ངག་དེ་ནི་དེ་ལྟ་བུའོ། །གང་གི་ཤ་ཡིས་དངོས་གྲུབ་བྱེད་པའི་དང་ཚུལ་དེའི་དེ་ནི་གྲུབ་པར་བྱེད་པ་སྟེ། དེ་ཡང་མཁའ་སྤྱོད་ལ ་སོགས་པའི་མཚན་ཉིད་དོ། །ལྷ་མོ་གལ་ཏེ་འཆད་པར་འགྱུར་བའི་མཚན་ཉིད་ལས་གཞན་དུ་མ་ཡིན་པ་དེའི་ཚེ་སྐྱེ་བ་བདུན་པ་ཞེས་བྱ་བའི་དོན་ཏོ། །བདེ་དང་ལྡན་ཞེས་བྱ་བ་ནི་ལུས་ལ་སོགས་པའི་བདེ་བ་ཅན་དང་བཅས་པའོ། །བྱང་ཆུབ་སེམས ་དཔའ་ལྟ་བུར་གཞན་ཞེས་བྱ་བ་ནི། གཞན་གྱི་དོན་གྱི་རོས་སྤྲིན་ལ་བཞོན་པ་དང་བཅུག་གི་ནོར་བུ་དང། ཁྱིམས་པའི་སྟོབས་ལ་སོགས་པ་གཞན་མཆོག་ལྟ་བུ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ཆེན་པོར་སྦྱིན་པོ་ཞེས་བྱ་བ་ནི། ལུས་འདི་སེམས་ཅན ་ཀུན་ལ་བྱིན། །གང་ཞིག་འདོད་པ་དེ་དག་ལ་།དེ་ནི་འདི་ཡིས་དེ་གྱིས་ཤིག་།ལུས་ཀྱི་སྦྱིན་པ་སྦྱིན་ཆེན་པོ་ཞེའོ། །ཤྲཱ་བ་གཟུགས་ཀྱིས་ཡང་དག་གནས་ཤེས་བྱ་བ་ནི། རོའི་གཟུགས་ཀྱིས་སོ། །?་ལྡན་པ་ཞེས་བྱ་བ་ནི། སྐྱོབ་པ་དང་ལྡན་པའོ། །བདེན་པའི་བྱིན་གྱིས ་བརླབས་ཤེས་བྱ་བ་ནི། སེམས་ཅན་རྣམས་ལ་སྔོན་དུ་བྱིན་གྱིས་བརླབས་པ་གནས་པར་བྱས་པའོ། །མྱ་ངན་འདས་ཤེས་བྱ་བ་ནི་ཤི་བའོ། །ཤཱཀྱ་ལྟ་བུར་ཞེས་བྱ་བ་ནི། ཤཱཀྱ་ཐུབ་པ་ལྟ་བུར་མྱུར་བར་མྱ་ངན་ལས་འདས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ལུས་སྤྱིན ་པ་བྱིན་པ་འདི་གང་ཡང་སྔོན་དུ་སྐྱེས་པའི་བདག་གི་གང་ཞིག་བསོད་ནམས་དེས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་གྱུར་ཅིག་ཅེས་བསོད་ནམས་ཡོངས་སུ་བསྔོས་པས། བདེན་པའི་བྱིན་གྱིས་བརླབས་ཡིན་ནོ་ཞེས་ཟེར་རོ། །གཞན་ཡང་སྐྱེ་བ་བདུན་པ ་ཉིད་ཀྱི་རྐྱེན་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གྲུབ་པའི་ཡོན་ཏན་རྣམ་པ་ཀུན། །ཞེས་བྱ་བ་ལ་དངོས་གྲུབ་ཐམས་ཅད་ཁོ་ན་འགྲང་བར་བྱེད་པ་དང། གོམས་པར་བྱེད་པ་ཞེས་བྱ་བ་ནི་ཡོན་ཏན་ནོ། །གང་དུ་བྱེད་པ་དེ་ནི་དེ་ལྟ་བུ་སྟེ་སྐྱེ་བ་བདུན་པའི ་ཤའོ། །?་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སྟེའོ། །མདུན་དུ་བསྐོར་ཞེས་བྱ་བ་ནི་མདུན་དུ་བསྔར་བའོ། །འདི་སྐད་ཆོ་ག་ཤེས་པ་ཞེས་བྱ་བ་ནི། དེ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དེ་ལྟར་བྱེད་པ་མཐོང་ནས་སོ། །སྒྲུབ་པ་པོ་ཞེས་བྱ་བ་ནི། དེའི་སྒྲུབ་པ་པོ་སྟེ ་རྣལ་འབྱོར་པ་ཡིན་ནོ། །ཤིན་ཏུ་མཉམ་པར་བཞག་པ་ཞེས་བྱ་བ་ནི། ཤིན་ཏུ་ཡང་ལུས་དང་ངག་དང་སེམས་བསྡམས་པའོ། །རང་གི་སྙིང་པོའི་སྔགས་བཟླས་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་སྙིང་པོའི་སྔགས། །ཡི་གེ་ཉི་ཤུ་རྩ་གཉིས་པོའོ། །ནམ་མཁའ་ ་ལྡོད?་ཞེས་བྱ་བ་ནི་བྱ་རྒོད་དོ། །ལྷག་མ་ནི་གོ་སླའོ། །གོང་གི་རྣལ་འབྱོར་ཡང་རྡོ་རྗེ་ཕག་མོའི་སྔགས་སྤངས་ལ། །རྡོ་རྗེ་མཁའ་འགྲོའི་ཉེ་བའི་སྙིང་པོས་ཀྱང་སྒྲུབ་པར་བྱས་ཏེ། སྐྱོན་ཡོད་པ་མ་ཡིན་ནོ། །ཐམས་ཅད་དུ་ནི་བསྒོམ་པ་དང་བཟླས་པ་ལ་སོགས་པ་དང་མངོན་པར་ལྡན ་པའི་དད་པ་དང་ལྡན་པ་དང་སྲོ?་གྲོས་དང་ལྡན་པས། གོང་དང་ཅིའི་རྣམ་པས་འགྲུབ་པར་འགྱུར་རོ། །ཀླུའི་སྔགས་ཐམས་ཅད་དང་རབ་ཏུ་སྦྱོར་བ་དང་ལས་ཏེ་དེའི་རྗོད་པར་བྱེད་པ་པོའི་ལེའུ་སྟེ་དྲུག་པའོ།། །།འདི་ནི་རྡོ་རྗེ་མཁའ་འགྲོའི ་རྣམ་པར་འགྲེལ་པ་སྟེ་ལེའུ་དྲུག་པའོ། །གང་གིས་རྣལ་འབྱོར་པ་གནས་ལ་སོགས་པས་འཁོར་བའི་དོན་དུ་རྣལ་འབྱོར་མའི་ཕྱག་རྒྱ་ལ་སོགས་པ་ཤེས་པར་བྱས་ཏེ། དེ་རྣམས་ཀྱིས་བསྟན་པ་བརྡ་དང་བརྡའི་ལན་རྣལ་འབྱོར་པས་བསྟན་པས། དེ་དེ ་རྣམས་ལ་མཉེས་པར་འགྱུར་ཞིང། འདིས་ཀྱང་ལག་པའི་ཕྱག་རྒྱ་ལ་སོགས་པ་བསྟན་པའི་དོན་དུ་ལེའུ་བདུན་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ན་སྔགས་ཀྱི་ནུས་པ་ལ་སོགས་པ་གསུངས་མ་ཐག་པར་རོ། །དེས་ན་ཞེས་བྱ་བ་ནི་གང ་གིས་བརྡ་དགོས་པ་དེས་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤ་ན། ལག་པའི་ཕྱག་རྒྱའི་ཞེས་གསུངས་པ་ནི། ཁ?་པའི་ཕྱག་རྒྱའི་ཞེས་བྱ་བའི་དོན་ཏོ། །སྤྱི་གཙུག་འཕྲེད་ཞེས་བྱ་བ་ནི་སྤྱི་གཙུག་གོ། མཇུག་མ་ཞེས་བྱ་བ་ནི་སྣམ་མོ། །སྐྱེ་གནས ་ཤེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ། །གལ་ཏེ་སྐྱེས་བུས་སྐྱེས་བུ་ལ་བསྟན་པ་དེའི་ཚེ་མཐེ་བོང་དང་སྡིག་མཛུབ་མཉམ་པར་བྱས་ནས་ཕན་ཚུན་དུ་རྩེ་མོ་སྦྱར་བ་ལས་སོར་མོ་ལྷག་མ་ནི་བསྡུས་བའི་ཕྱིར་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །མཐིལ་ཞེས ་བྱ་བ་ན་རྐང?་མཐིལ་ལོ། །ཉི་མ་ཞེས་བྱ་བ་ནི་ཁ་ཅིག་ན་ར?་གཡས་པའི་ཡན་ལག་གོ་ཞེས་ཟེར་རོ། །ཆུ་བོ་ཞེས་བྱ་བ་ནི་ལག་པས་ནམ་མཁའ་ལ་རི་མོ་མཇོས་པའི་རྣམ་པ་དག་གིས་སོ། །དེས་ན་རྒྱ་མཚོ་ཞེས་བྱ་བ་གསུངས་པ་ནི་སོར་མོ་དག་བརྐྱང་བས་གཡོ་བ་དག་ནི་རྒྱ་མཚོ ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི། སྤྱིར་བརྡ་གསུངས་མ་ཐག་ཏུའོ། །གཡོ་ལྡན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱི་སྟེ། དེ་རྣམས་ཀྱི་བརྒྱ་བསྟན་པས་རྟོགས་པར་བྱའོ། །གྲོལ་བ་ནི་དེའི་བརྡའི་དེ་མ་ཐག་ཏུ་དེ་དང་མཐུན་པའི་གཟུགས་ཏེ། བརྡའི་ལན་བྱིན་པས ་དེ་གཤེགས་སུ་གསོལ་བའོ། །གཟུང་བའི་མཐར་གྲོལ་བ་ནི། གཟུང་བ་གྲོལ་བ་སྟེ། དེ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་འདི་རྣམས་ཀྱི་བྱིན་པའི་བརྡའང་བཤད་དོ། །ཞེས་བྱ་བར་གྲུབ་པོ། །ཡང་ན་གཟུང་བ་དང་གྲོལ་བ་ཞེས་བྱ་བ་ནི། ཕྱི་ནས་ཚིག་གཅིག ་གིས་ཏེ་དེའི་འདི་དང་བརྡའི་ཕྱག་རྒྱ་བསྒྲག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཅིར་གྱུར་པས་ཤེ་ན་གསུངས་པ། ཤི་བའི་འཚོ་བ་དང་འཚོ་བ་ནད་མེད་པར་འཕེལ་བ་ཞེས་བྱ་བ་ནི། འདི་དག་ཀྱང་བརྡ་བསྟན་པའི་འབྲས་བུ་ཞེས་བྱ་བར་བསྟན་པའོ། །ཤི་བ་ཞེས་བྱ་བ་ནི ་རྒྱལ་པ་རྣམས་ལའོ། །དེ་ཡང་བརྡ་བསྟན་པ་ནི་འཚོ་བར་འགྱུར་རོ། །ཞེས་བྱ་བར་དགོངས་སོ། །འཚོ?་བ་ཞེས་བྱ་བ་ནི། འཚོ་བ་ཁོ་ན་སྟེ་འཚོ་བ་འཕེལ་བ་ཞེས་བྱ་བར་དགོངས་སོ། །འདིར་འཆད་པར་འགྱུར་བའི་ཕྱག་རྒྱ་དང། ཕྱག་རྒྱལ་ལན་ཏེ། ཕྱག་རྒྱའི་ལན་བྱིན ་པ་དང། གཡོན་ལྡན་མ་ལ་སོགས་པའི་ལན་བྱིན་པ་དང་མཐུན་པའོ། །ལྷག་མ་ནི་གོ་སླའོ། །ཁྲག་ཅེས་བྱ་བ་ནི་སྙིམ་པས་ཁྲག་འཐུང་བའི་ཚུལ་གྱིས་སོ། །གཅི་བ་དང་བཤད་པ་དག་སྟེ། དེ་བྱེད་པའི་ཚུལ་གྱིས་བྱིན་པའོ། །ཡན་ལག་རྣམས་ལ་རང་བཞིན་གྱིས་གྲུབ ་བའི་མཚན་མ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀ་ཊ་འདི་ཞེས་བྱ་བ་ནི་འགྲམ་པ་ལ་ཕག་གི་སོའི་དབྱིབས་ཀྱི་རི་མོའོ། །ལྟེ་བར་ཤཀ་ཏི་ཞེས་བྱ་བ་ནི། ཤཀ་ཏིའི་མཚོན་ཆའི་དབྱིབས་སོ། །ཕྱིན་ཅི་ལོག་ཅེས་བྱ་བ་ནི་མི་གཡོ་བའོ། །ཁ་ཅིག་ན་རེ་ངན ་པའོ་ཞེས་ཟེར་རོ། །ནུ་མ་བཅིངས་པ་ཞེས་བྱ་བ་ནི། ནུ་མ་དག་མི་མཉམ་པའོ། །ཁ་ཅིག་ན་རེ་མི་ནར་བའོ་ཞེས་ཟེར་རོ། །ལྟེ་བདག་པ་ཞེས་བྱ་བ་ནི་ལྟེ་བ་ཕྱེ་བའོ། །ཁ་ཅིག་ན་རེ་ལྟེ་བ་བྱིད་བ་ཞེས་ཟེར་རོ། །རྣམ་པ་ཞེས་བྱ་བ་ནི་དབེན་པ་ལ་འམ། སྐྱེ་བོ་འགྲོ་བར་རྒོད་པ་ལ་སོཌ ་པའི་བྱ་བའི་རྣམ་པ་བཟང་པོ་དང། ངན་པའི་བྱ་བའི་རྣམ་པའོ། །འོག་ཏུ་ངན་པའི་རྣམ་པའོ། །འོག་ཏུ་ངན་པའི་རྣམ་བ་དང། རེ་?་གསུམ་པ་ཀུན་ཏུ་ཟླུམ་པོ་ཞེས་བྱ་བ་ནི། ལྟེ་བའི་ནང་དུ་རི་མོ་གསུམ་པ་སྟེ་ཀུན་ཏུ་ཟླུམ་པའོ། །ངན་པ་ནི་མ་གྲགས་པའི་ཕྱིར་རོ། །འོག་ཏུ་? ་པོའི་རྣམ་པ་ཞེས་བྱ་བའི་ཚིག་ལ་ནི་ལྟེ་བ་ལ་བཟླུམ་པོ་ལྟ་བུར་ནར་བའོ། །ཟླུམ་པོའི་རྣམ་པ་ཞེས་བྱ་བའི་ཚིག་ལ་ཡང་ཟླུམ་པོ་ནི་རིང་པོ་ནས་སྐྱེས་བའི་ཕྱིར། གང་གི་རྣམ་པ་རི་མོ་གསུམ་པ་དེ་དེ་བཞིན་ནོ། །ཡང་ན་ལྟེ་བ་དང་མཐུན་པར་སྤྱོད་པ་ཁ ་ནའོ། དེ་ཅིར་གྱུར་བས་ཤེན། འོག་ཏུ་ཟླུམ་པོའི་རྣམ་པའོ། །འོག་མ་ཟླུམ་པོའི་རྣམ་པའི་ཚིག་རྐང་ལ་ཡང། དེ་སྐད་དུ་རི་མོ་གསུམ་གྱིས་བསྐོར་བས་ཀྱང་བརྒྱན་པར་གྱུར་པ། རི་མོ་གསུམ་པ་ཟླུམ་པོ་ཞེས་བྱ་བའི་དོན་ཏོ། །སྔོན་དུ་བཤད་པ་ལ་དང་པོའི་མང་པོའི ་ཚིག་ཕྱིས་པའོ། །འགྲོ་བ་ནམ་མཁའ་འགྲོ་མའི་མཚན་མ་འདི་ལྟ་བུ་མཚན་པར་བྱ་ཞེས་བྱ་བ་ནི་འགྲོ་བ་ནམ་མཁའ་འགྲོ་མ་འདི་ལྟ་བུ་སྟེ། འཆོད་པར་འགྱུར་བའི་མཚན་མོ་མཚོན་པར་བྱ་ཞེས་བྱ་བའི་དོན་ཏེ། །མཚན་མ་ནི་སོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ས་ནི ་འདོད་པའི་གནས་སུ་སོང་བར་བྱུན་ན་མི་ལྡོག་པའོ། །ཅིས་ཤེ་ན། འཆད་པར་འགྱུར་བས་ལྡོག་པ་ཉིད་དོ། །ཇི་ལྟར་ཞེ་ན། གློ་དུར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་རྒྱུ་མེད་པར་ཞེས་བྱ་བའི་དོན་ཏོ། །ཅིས་ཡང་ཞེ་ན། མི་དགའ་བར་ཡང་ཞེས་བྱ་བ་ནི། ་ཁྲོས་པར་སྨ་བར་གྱུར་པས། །དེའི་ས་ནས་ལྡོག་པ་ཞེས་བྱ་བར་དགོངས་སོ། །ལྷག་མ་ནི་གོ་སླའོ། །སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མའོ། །དེ་ནས་མཉམ་པར་སྦྱོར་བ་ནི། སྒྱུ་མ་ཆེན་མོ་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་ཞེའོ། དེ་ལས་བྱུང་བའི་མཁའ་འགྲོ་མ ་ཞེས་བྱ་བ་ནི་།མཁའ་འགྲོ་མ་རྣམས་ཞེས་བྱ་བའི་དོན་ཏེ་།དེ་རྣམས་དང་འབྲེལ་བར་བྱའོ། །འདི་རྣམས་ཀྱི་རིགས་ཀྱི་མཁའ་འགྲོ་རྣམས་ནི། མིའི་རྣམ་པར་གནས་པ་རྣམས་མཐོང་མན?་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་ལྷག་མའོ། །ཡང ་ན་གང་ཞིག་དེ་ལྟར་གྱུར་པ་སྟེ?་དེ་རྣམས་དངོས་གྲུབ་ཐམས་ཅད་སྟེར་བའོ་ཞེས་བྱ་བར་དགོངས་སོ། །ལག་པའི་ཕྱག་རྒྱའི་སྦྱོར་བ་གཡོ་ལྡན་མའི་མཚན་མ་ནི། ཤ་ཏི་ལ་སོགས་པའི་གཟུགས་སོ། །མཚན་ཉིད་ནི་རེ་ཁཱ་གསུམ་པ་ལ་སོགས་པ། གང་གི ་གཡོ་ལྡན་མ་ལ་སོགས་པ་མཐོང་བ་ལ་སོགས་དེ་ཉིད་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཚན་ཉིད་ལ་སོགས་པའོ། །དེ་རྣམས་ཀྱི་རྗོད་པ་པོ་སྟེ་ལག་པའི་ཕྱག་རྒྱའི་སྦྱོང་བ་གཡོ་ལྡན་མའི་མཚན་མའི་མཚན་ཉིད་ལ་སོཌ་པཱི་ལེའུ་སྟེ་བདུན་པའོ།། །།འདི་ནི་རྡོ་རྗེ་མཁའ་ ་འགྲོའི་རྣམ་པར་འགྲེལ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་ལྷན་ཅིག་སྐྱེས་མ་དང་ཞིང་སྐྱེས་མའི་རྣལ་འབྱོར་མ་རྣམས་ཀྱི་བརྡ་ལ་སོགས་པ་གསུངས་མ་ཐག་ཏུ། སྔགས་སྐྱེས་མ་ནི་རིག་མ་སྟེ ་རྣལ་འབྱོར་མའོ། །དེ་ཉིད་སྣ་ཚོགས་ཀྱི་གཟུགས་ཀྱིས་རྩེ་བའི་ཕྱིར་ལྷ་མོའོ། །དེ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་བརྡ་སྟེ་འཆད་པར་འགྱུར་རོ་ཞེས་བྱ་བར་སྦྱོར་རོ། །མངོན་པར་ཕྱག་ནི་འཚལ་བ་ཞེས་བྱ་བ་ནི། ཕྱག་འཚལ་བའོ། །གང་ཞིག་ཅེས་བྱ་བ་ནི་ཐམས་ཅད ་ཉིད་དུ་སྟེ། གལ་ཏེ་འདིར་ཞེས་བྱ་བའི་དོན་གྱི་ཕྱིར་རོ། །བཀྲས་སོ་ཞེས་བྱ་བ་ན་ལྟོགས་སོ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །སོར་མོ་ཞེས་བྱ་བ་ནི་སོར་མོ་གང་ཡང་དུང་བའོ། །ཟས་ཟ་ཞེས་བྱ་བ་ནི་བརྗོད་པ་ཞེས་བྱ་བ་ནི་གོ་སླའོ། །ཤ་ནི་ཟ ་ཞེས་བརྗོད་པ་ཡིན་ཞེས་བྱ་བ་ནི་སླའོ། །ཁྲོ་གཉེར་ཞེས་བྱ་བ་ནི། སྨིན་མ་ཡོན་པ་ལ་ལག་བས་བརྡེག་པ་ཞེས་བྱ་བའི་དོན་ཏོ། །མཁའ་ལྡིང་ཞེས་བྱ་བ་ནི་སྣའོ། །ཁ་ཅིག་ན་རེ་པུས་མོ་གཉིས་གཙུགས་ཏེ། ལག་པ་གཉིས་ཀྱིས་བྱ་ལྟ་བུར་འཕུར་བས ་ནམ་མཁའ་ལ་འགྲོ་བའི་ཚུལ་གྱིས། ནམ་མཁའ་ལྡིང་དུ་བསྟན་པ་ཞེས་ཟེར་རོ། །གཏོར་མ་ཟ་བར་བྱ་ཞེས་བྱ་བ་ནི། གཏོར་མ་བཟའ་བར་བྱ་ཞེས་པའི་དོན་ཏོ། །དག་གི་ཙྪོམམ?་ཞེས་བྱ་བ་ནི། ཙྪོམམ?་ཅན་ཏེ། ཙྪོམམའི་བརྡ་ཞེས་བྱ་བའི་དོན་ཏོ། །ཚིག་ཏསྩོམམ ་ཅན་ནི་ངག་གི་ཙྪོམམའོ?། །པྲ་ཏི་པོ་ཏངྒི་ཞེས་བྱ་བ་ནི། པྲ་ཏི་པོ་ཏིངྒ?་སྒྲ་བརྗོད་པས། མངོན་པར་ཕྱག་འཚལ་བའི་ལན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ལུ་མུའི་སྒྲ་འདི་ཡང་མ་ཡིན་ཏོ། །ལུམྦའི་སྒྲའོ། །ཁ་ཅིག་ན་རེ་མན་ངག་ལས་ལུམ་བུ་ཞེས་ཟེར་རོ། །? ་ཞེས་འདི་སྐད་ཞེས་བྱ་བ་ནི། འོད་བ་ཞེས་འདི་སྐད་ཅེས་བྱ་བའི་དོན་ཞེས་བྱ་བའི་དོན་ཏོ། །སློང་བ་ཞེས་བྱ་བ་ནི། བྱིན་ཅིག་ཅེས་བྱ་བའི་དོན་ཏོ། །ཙ?་ཊུ་ཀི་ནི་ཁྱེར་ཅིག་པའོ་ཞེས་བྱ་བ་ནི། སྣེམ་ཞིག་ཅེས་བྱ་བའི་དོན་ལ་ཙ?་ཊུ་ཞེས ་བྱ་བའི་སྒྲའོ། །ཧྲི་ད་ཡཾ་ནི་དཔའ་བོ་ཞེས་བྱ་བ་ལ། ཧྲི་ད་ཡཾ་ནི་དཔའ་བོ་ཞེས་རྗོད་དོ། །ཀོ་ར་བཾ?་ནི་གསད་པའོ་ཞེས་བྱ་བ་ནི། ཀོ་ར་བཾ་གསང་བ་ཞེས་བརྗོད་དོ་ཞེས་གསུངས་སོ། །ཀརྞྞི་ཀ་ནི་དྲིལ་བུ་འོ་ཞེས་བྱ་བ་ནི། ཀཎྞ་ཀ་ཞེས་བརྗོད་པར་བྱེད་པའོ། ། ལི་ཀ ་ཀ་ར་ཎ་ནི་སྤྱི་བོ་ཞེས་བྱ་བ་ནི་མགོ་བོ་ཞེས་བྱའོ། །བ་ར་ཧ(རྒྱུད་འགྲེལ་འགྲོ་མའི?་མིང་ངོ། །པའོ། གནོད་པ་ཞེས་བྱ་བ་ནི་འཇིག་པ་སྟེ། གང་ལ་བདུག་པ་ཐམས་ཅད་གནོད་པ་དེ་ནི་འཁྲུལ་འཁོར་གྱི་ལེའུ་འོ་ཞེས་བྱ་བ་སྒྲས་འདིའི་དུས་ཀྱིས་ཞུ་བ་རྫོགས་པ་སྟེ། འཁྲུལ?་ཁར་གྱི་ལེའུ་བསྐྱེད་དུ་གསོལ་ཞེས་བྱ་བར་སྦྱར་རོ།། ་དངོས་གྲུབ་གྱིའང་བསྐྱེད་པ་ཡིན་ཏེ། གང་གི་ཕྱིར་བདག་ཉིད་མངོན་དུ་བྱེད་པའི་འང་བསྐྱེད་པ་ནི། དཔེར་ན་བུ་བསྐྱེད་བ་ནི་མ་གྱུར་པར་ཡང་བསྐྱེད་དོ། །དཔེར་ན་བུ་སྐྱེད་པ་ལྟ་བུར་འདིར་བདག་ཅག་རྣམས་ཀྱི་འཁྲུལ་འཁོར་གྱི་ལེའུ་བདག་གི་མངོན་དུ་མཛོད ་ཅིག་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཁྲུལ་འཁོར་གྱི་ལེའུ་བཅོམ་ལྡན་འདས་ཀྱིས་གྲུབ་པ་ཁོ་ནའོ། །དེ་ནས་ཞེས་བྱ་བ་ནི་ཞུས་མ་ཐག་ཏུའོ། །རིན་པོ་ཆེའི་ཁ་སྦྱོར་ཞེས་བྱ་བ་ནི་ཞེས་བྱ་བ་ལ། རིན་པོ་ཆེ་ནི་གྲུབ་པའི་རིན་པོ་ཆེ་རྣམས་སོ། །དེ་རྣམས་ཀྱི་ཁ་སྦྱོར ་ཅན་ནོ། །དེའི་ཞེས་བྱ་བ་དང་བསྒྲག་པར་བྱ་ཞེས་བྱ་བ་ནི། སྡུད་པར་བྱེད་པའི་ཚིག་གོ་།དེ་ཉིད་བསྟན་པར་བྱའོ་ཞེས་བྱ་བ་ནི་བརྗོད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །རིག་བདག་རྟའི་འགྲོ་བ་དང་ཞེས་བྱ་བ་ལ་རིགས་བདག་ནི་ཀླུའི་ཁད་པར་རོ། །རྟ་དང་དེ་དག་གི ་འགྲོ་བ་ནི་གང་ལ་འཁྲུལ་འཁོར་ལ་སྔགས་ཀྱི་དགོད་པ་དེ་ནི་།རིགས་ཀྱི་བདག་པོ་དད་རྟའི་འགྲོ་བའོ། །གཤིན་རྗེ་ཡི་དགས་དེ་བཞིན་གཞན་ཞེས་བྱ་བ་ལ། གཤིན་རྗེ་ནི་དབྱིག་པའི་རྣམ་བས་སྔགས་བཀོད་པ་ནི་གཤིན་རྗེའི་འཁྲུལ་འཁོར་ལོ། །ཡི་དགས་ཤེས་བྱ་བ་ནི། ཡི ་དགས་ཀྱི་རྣམ་པའི་ཕྱིར་རོ། །རོ་ལངས་དག་གི་ཟུང་ཞེས་བྱ་བ་ནི་རོ་ལངས་ཀྱི་ཟུང་གི་རྣམ་པའི་ཕྱིར་རོ། །སྲིན་པོ་ཞེས་བྱ་བ་ནི་སྲིན་པོ་ལྟ་བུར་གཟུགས་དོན་པའི་ཕྱིར་རོ། །རིམ་པས་ཕྱི་རོལ?་རིམ་པ་དེ་ཞེས་བྱ་བ་ནི། རིམ་པས་ཕྱི་རོལ་གྱི་རིམ་པའི་རི་མོ་སྟེ། གང་གི་སྙིང་པོ་ལ་སོགས ་པའི་གཟུགས་དེ་ནི་དེ་ལྟ་ཊའོ། །སྟེང་པ་སྒོ་རུ་གནོད་མཛེས་དང་ཞེས་?་ནི། སྟོང་པའི་རི་མོ་ལས་ཕྱི་རོལ་ཏུ་པདྨའི་སྒོ་ལ་སྟེ་གནོད་མཛེས་དང་བཅས་པའི་སྒོའོ། །རྡོ་རྗེ་ཕྱེད་པ་མཚམས་སུ་ལྡན་ཞེས་བྱ་བ་ནི། གང་གི་རྒྱས་བའི་འཁོར་ལོའི་རིམ་པ་ལས་མཚམས་རྣམས་སུ ་རྡོ་རྗེས་མཚན་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གསུངས་སོ། །སྔགས་ཀྱི་འཕྲེང་བས་ཁྱད་པར་དུ་ཞེས་བྱ་བ་ནི། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་འཁོར་ལོའི་ད་གཉིས་སུ་ལེའུ་གཞན་ལས་ཅོ། །བཅུ་གཉིས་འདི་ཞེས་བྱ་བ་ནི་བཅིང་བ་དང། །རྨོངས་པ་དང ་ལྐུགས་པ་དང་རེངས་པ་དང་འཇིག་པ་དང། རྣམ་པར་སྡང་བ་དང་སྐྲོད་པ་དང་གསོད་པར་བྱེད་པ་དང། ཞི་བ་དང་རྒྱས་པ་དང། དབང་དང་དགུགས་པའི་མཚན་ཉིད་ལས་རྒྱས་པ་འདིར་རང་བཞིན་གྱིས་བཅུ་གཉིས་སྒྲུབ་པར་བྱེད་པའི་འཁྲུལ་འཁོར་འདི་རྣམས་ཀྱིས ་ཞེས་བྱ་བའི་དོན་ཏེ་འདི་ལྟར་ཡང་གཞན་དུ་འང་ཤེས་པར་བྱའོ། །འདིས་ན་འཁྲུལ་འཁོར་ཆེན་པོ་བཅུ་གཉིས་འདི། །རིམ་པ་འདི་རྣམས་བརྗོད་པར་བྱ་ཞེས་གསུངས་སོ། །རྒྱས་པ་ནི་གྲུ་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚད་མ་མཛེས་པ་ཞེས་བྱ་བ་ནི། ཤིན ་ཏུ་རྒྱས་པའི་ཚད་མ་ནི་གང་གི་ཚད་མ་སྟེ། ད་ནི་ཚད་མ་ནི་རྫས་པའི་འཁོར་ལོའོ། །དེའི་ཕྱིར་གསུངས་པ། རེའུ་མིག་གི་སྒྲས་ནི་རེའུ་མིག་གོ། གང་གི་རེའུ་མིག་གཅིག་གིས་དམའ་བའ་ཨི་ལྔ་བཅུའི་འཁོར་ལོ་དེ་ནི། རེའུ་མིག་བཞི་བཅུ་རྩ་དགུའོ། །རེའུ་མིག་བཞི་བཅུ ་རྩ་དགུ་ཅན་གྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །སྔགས་པས་ཞེས་བྱ་བ་ནི། རིག་པ་ཟློས་པའོ། །མཉམ་པར་གཞག་པས་ཤེས་བྱ་བ་ནི། ལྷའི་རྣལ་འབྱོར་པའོ། །དང་པོར་ཚར་ནི་ཟུང་མཆོག་ལ་ཞེས་བྱ་བ་ནི་རེའུ་མིག་བདུན་བདུན་ལ་ཚད་གཉིས ་ལ་གྱ་ནོམ་པ་དང། ཚར་གསུམ་པའི་རེའུ་མིག་གཉིས་ལའོ། ། ལ་སོགས་པ་ཞེས་བྱ་བ་ནི་དབྱངས་བཅུ་དྲུག་གོ་།ལྷག་མ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །རེའུ་མིག་སྟོང་བར་ཞེས་བྱ་བ་ནི། རིའུ་མིག་ཀུན་ཏུ་གསུམ་གསུམ་བོར་ནས། གང་ཞིག ་རེའུ་མིག་དབུ་མ་སྟེ། དེའི་གང་ཞིག་རེའུ་མིག་སྟོང་པ་དེ་ལ་ཡི་གེ་དགོད་པ་རིམ་པ་བཞིན་དུ་མི་བྱའོ། །དེའི་ཕྱིར་ཀ་ཥ་ཞེས་ཞེས་བྱ་བ་གསུངས་པ་ནི་ཀྵ་སྟེ་རེའུ་མིག་དབུ་མའི་སྟོང་པར་བྲི་བར་བྱ་ཞེས་བྱ་བར་སྦྱར་རོ། །པ་ནི་དེའི་རྗེས་སུ་ཞེས་བྱ་བ་ནི་ཀྵ་ལས་ཕྱི་རོལ ་རེའུ་མིག་དམར་བ་བྲི་བར་བྱའོ། །རེ་ཁཱ་ཞེས་བྱ་ནི་ཕྱི་ནས་གང་གི་རི་མོ་གཉིས་དེ་དེ་བཞིན་ནོ། །འཁོར་ལོ་ཞེས་བྱ་བ་ནི་རང་གི་གཟུགས་ཞེས་བྱ་བ་སྟེ། རི་མོ་གཉིས་ཀྱིས་ཟླུམ་པོའི་རྣམ་པས་དེ་དང་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བར་དགོངས་སོ། །ད་བས ་ན་རི་མོ་གཉིས་ལས་ཕྱི་རོལ་ཏུ་པདྨ་འདབ་མ་བརྒྱད་པའོ། །དེ་ཉིད་ནི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཕྱི་རོལ་ཏུ་གྲུ་བཞི་པ་དང་སྒོ་བཞི་པའི་འཕར་མའོ། །ཡང་ཕྱི་རོལ་དུ་གྲུ་བཞི་ཞེས་བྱ་བ་ནི་སྒོ་རུ་ལྡན་ཞེས་བྱ་བའི་ཐ་ཚིག་གོ། རེའུ་མིག་བཞི ་བཅུ་རྩ་དགུ་བསྡུས་ནས་ཕྱི་རོལ་དུ་ཡི་གེ་དགོད?་པ་ནི་རེ་ཁཱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། རི་མོ་ཟླུམ་པོ་གཉིས་ཀྱི་སྙིང་པོ་ལ་མ་ནིད?་བཞི་སྤངས་ནས་རིམ་པས་དབྱངས་ཀྱི་ཡི་གེ་བཅུ་གཉིས་བྲི་བར་བྱའོ། །དབང་པོར་ཀ་དང་ཞེས་བྱ་བ་ལ། ཀ་ཞེས ་བྱ་བའི་རྣམ་པར་དབྱེ་བ་མེད་པའོ། །དབང་པོའི་ཕྱོགས་ལ་དབང་པོར་བརྗོད་དེ། དབང་པོའི་ཕྱོགས་སུ་གནས་པའི་པདྨའི་འདབ་མ་ལའང་དབང་པོར་རྗོད་པར་བྱེད་དེ། ཤར་གྱི་པདྨའི་འདབ་མ་ལ་ཀ་ཞེས་བྱ་བར་དགོངས་སོ། །ལུས་ངན་ཙ་ཞེས་བྱ་བ་ནི། དེ་བཞིན ་དཱུང་བྱང་ཕྱོགས་ཀྱི་འདབ་མ་ལ་ཙའོ། །ཆུ་བདག་ཊ་དང་གཤིན་རྗེའི་ཏ་ཞེས་བྱ་བ་ནི་ནུབ་དང་ལྷོའི་ཕྱོགས་ཀྱི་འདབ་མ་དག་ལ་གོ་རིམས་བཞིན་དུ་ཊ་དང་ཏ་དག་ཡིན་ནོ། །དེ་དག་དང་པོ་?་དབུས་སུ་ཞེས་བརྗོད་དེ། ཤར་དུ་ཀ་དང་བྱང་དུ་ཙ་དང་ནུབ་ཏུ་ཊ་དང་ལྷོ་རུ་ཏའོ། །ཀ་ལ ་སོགས་པ་གཟུང་བས་དེ་སོ་སོར་དེ་བཞིན་དཱུང་མན་ངག་ལས་བརྡའི་ཕྱིར་སྡེ་ཚན་བླངས་པའོ། །འདི་སྐད་ཡ་ར་ལ་ཝ་ཉིད་ཅེས་བྱ་བ་ནི། དེ་སྐད་དུ་མན་ངག་ལས་ཡ་ནི་རླུང་གི་འདབ་མ་ལའོ། །ར་ནི་མེ་ལའོ། །ད?་ནི་མེ་ལའོ། །ལ་ནི་དབང་ལྡན་དུའོ། །ཝ་ནི་བདེན་བྲལ་དུའོ། །འདི་ཅིར ་གྱུར་པས་ཤེ་ན། རླུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུ་ཞེས་བྱ་བ་ནི་ཆུ་བདག་གོ་།རླུང་དང་མེ་དང་དབང་ཆེན་དང་ཆུའི་དཀྱིལ་འཁོར་རྣམས་ཀྱི་དང་པོར་བྱུང་བའོ། །སོགས་ཤེས་བྱ་བ་ནི་རྒྱུར་གྱུར་པོའོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་ཆེན་པོའི་ཁམས་སོ་ཞེས ་བྱ་བ་ནི་ས་ནི་ལའོ། །ཆུ་ནི་ཝའོ། །མེ་ནི་རའོ། །རླུང་ནི་ཡའོ། །ཡང་ནི་ཞེས་བྱ་བ་ནི་ནང་གི་འཕར་མ་ལ་བལྟོས་པའི་ཕྱིར་གྲུ་བཞི་པའོ། །གནས་མེད་མེ་དང་བདུད་རྩི་རོ་ཞེས་བྱ་བ་ནི། ཕྱི་རོལ་དུ་གྲུ་བཞི་པའི་འཕར་མ་ལ་གནས་མེད་ནི་ཧ་ཡིན་ཏེ། རླུང་གི་མཚམས་སུ ་གནས་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེ་ཞེས་བྱ་བ་ནི་ཥ་སྟེ་དེ་ཡང་མེ་རུའོ། །བདུད་རྩི་ནི་ཤ་སྟེ་དེ་ནི་དབང་ལྡན་གྱི་མཚམས་སུའོ། །རོ་ནི་ས་སྟེ་དེ་ཡང་བདེན་བྲལ་གྱི་མཚམས་སུའོ། །འདི་ཉིད་གསུངས་པ། གཤིན་རྗེ་སྲུང་མ་ལ་སོགས་པ་སྟེ། ཤ་དང་ཥ་ས ་ཧ་ཞེས་བྱ་བ་ནི། འདིར་གོ་རིམས་མ་ཡིན་པའོ། །དེ་ཡང་ཤ་ནི་གཤིན་རྗེ་མཆེ་བ་མའོ། །ཥ་ནི་གཤིན་རྗེ་ཕོ་ཉ་མའོ། །ས་ནི་གཤིན་རྗེ་མཆེ་བ་གཙིགས་མའོ། །ཧ་ནི་གཤིན་རྗེ་སྲུབ་མའོ་ཞེའོ། །གང་དག་གི་གཤིན་རྗེ་སྲུབ་མ་ལ་སོགས་པ་དེ་ནི་གཤིན་རྗེ ་མཆེ་བ་གཙིགས་མ་ལ་སོགས་པ་སྟེ། གཤིན་རྗེ་སྲུབ་མ་ལ་སོགས་པ་འདི་ནི་ཤ་དང་ཥ་ས་ཧའོ། །དང་ནི་བསྡུ་བའོ། །ཤ་ཥ་ས་ཧ་ནི་གནས་མེད་ལ་སོགས་པའི་མིང་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་གཤིན་རྗེ་སྲུབ་མ་ལ་སོགས་པའི་གང་གི་མིང་? ་ངག་ལས་དེའི་མིང་ཤེས་བར་བྱའོ། །རི་རཱི་ལི་ལཱི་ཞེས་བྱ་བ་ནི་དབྱངས་སོ། །མ་ནིང་ཞེས་བྱ་བ་ནི་རི་རཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །མ་ནིང་བཞི་ཞེས་བྱ་བ་ནི། རྣམ་པར་དབྱེ་བ་མེད་པའོ། །སྒོ་རུ་ཞེས་བྱ་བ་ནི་ཤར ་ལ་སོགས་བའི་སྒོ་རྣམས་སུ་གཡོན་སྐོར་གྱིས་སོ། །དེ་ལྟར་ཚོག་སྣ་ཚོགས་ཀྱིས་ཞེས་བྱ་བ་ནི་དེ་སྐད་དུ་རེའུ་མིག་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་གྱི་འཁོར་ལོའི་གྲུ་བཞི་ཞེས་པ་ནི་ཚེ་གའོ། །དེས་ན་ཆོག་ནི་དགོད་པ་སྟེ་གང་གི་རྒྱལ་པོ་དེ་དགོད་པར་བྱའོ། ་རྣམ་པར་སྣང་མཛད་འཛིན་པའི་དགོད་པ་ནི། དབྱེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་འཁོར་ལོའི་དགོད་པའི་རིམ་པས་སྔགས་བཏུ་བའང་བཤད་པར་བྱའོ། །འདི་ལས་ཨ་ལས་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་རེའུ་མིག་བཞི་བཅུ་རྩ་དགུའི་བདག་ཉིད ་ཅན་གྱི་ཕྱིར། རྒྱས་བའི་འཁོར་ལོ་ལས་ཡིག་འབྲུ་གཟུང་བ་ཉིད་དན། གཞན་རྣམས་སུ་རེའུ་མིག་བཞི་བཅུ་རྩ་དགུ་བདགཉིད་ཅན་གྱི་འཁོར་ལོ་རྣམས་ལ་དགོད་པར་བྱའོ་ཞེས་འཆད་པར་འགྱུར་བ་ཐམས་བཅད་རྟོགས་པར་བྱའོ། །དེ་ཉིད་ནི་དབྱེ་མ་ཞེས་བྱ་བ་ལ ་སོགས་བ་གསུངས་ཏེ། དབྱེ་མ་ན་ཨོའོ། །རྨི་ལམ་ནི་རྗེས་ཀྱི་དབྱངས་སོ། །ཟླ་བ་ནི་རབ་ཏུ་གྲགས་སོ། །དང་པོ་ཞེས་བྱ་བ་ནི་སྔགས་དགོད་པའི་འཁོར་ལོའི་རེའུ་མིག་དང་པོ་སྟེ་ཨོཾ་མོ། །རེའུ་མིག་དང་པོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཞེས་བྱ་བ་ནི། ་སྔགས་དགོད་པའི་འཁོར་ལོའི་རེའུ་མིག་གཉིས་པའོ། །བདེན་བྲལ་གྱི་ཕྱི་རོལ་ཞེས་བྱ་བ་ནི། རྒྱས་བའི་འཁོར་ལོའི་གྲུ་བཞི་པའི་འཕར་མའི་བདེན་བྲལ་གྱི་མཚམས་སུ་གནས་པ་སྟེ། དེ་ཡང་སའོ། །དེ་ཉིད་ནི་ཕྱི་རོལ་གྱི་མཚམས་སུ་སྟེ། ཕྱི་རོལ་གྱི་འཕར ་མར་གནས་པའི་ཕྱིར། འདི་སྐད་དུ་གཞན་ཡང་བལྟ་བར་བྱའོ། །གཟུང་བས་ཞེས་བྱ་བ་ནི་བླངས་པ་ཉིད་དོ། །རུ་སྦལ་ཞེས་བྱ་བ་ནི། བསྡུས་ནས་སུ་ཞེས་བྱ་བ་ཡིན་ནོ། །གང་དུ་དགོད་ཅེ་ན། གཉིས་པ་ཞེས་གསུངས་ཏེ། སྔགས་དགོད་པའི་འཁོར་ལོའི་གཉིས་པ་ཞེས ་བྱ་བའི་དོན་ཏོ། །རེའུ་མིག་གསུམ་ཞེས་བྱ་བ་ནི། སྔགས་དགོད་པའི་འཁོར་ལོའི་འོ། །ད་ཅི་ཞེ་ན་དབུས་མཛའ་ནི། གཟུང་ནས་ནི་ཞེས་བྱ་བ་ནི། དབུ་མའི་སྟེ་བའི་སྡེ་ཚན་ཞེས་བྱ་བའི་དོན་ཏོ། །བསྡུས་ནས་?་ཞེས་བྱ་བ་ཡིན་ནོ། །བཞི་ཞེས་བྱ་བ་ལ ་སོགས་པ་ནི་གོང་མ་བཞིན་དུ་རེའུ་མིག་བཞི་པར་གནས་བའོ། །ལྷོའི་ཞེས་བྱ་བ་ལ་སོགས་པ་ནི། ཏའི་སྡེ་ཚན་ལས་སོ། །བཟང་པོ་ཞེས་བྱ་བ་ནི་ཨི་སྟེ། བསྡུས་ནས་ནི་ཞེས་བྱ་བའོ། །ལྔ་ཞེས་བྱ་བ་ལ་སོགས་པས་ནི་ཡང་སུའོ། །དྲུག་ཅེས་བྱ་བ་ལ་སོགས་པ་ནི་མཧའོ?། །བདུན་ཞེས ་བྱ་བ་ལ་སོགས་པ་ནི་ཧཱུཾ་ངོ། །བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་ཡའོ། །རོའུ་མིག་ཁོ་ན་ནི་རེའུ་མིག་ཏུ་གནས་པར་བརྗོད་དེ་བརྡའི་ཕྱིར་རོ། །དགུ་ཞེས་བྱ་བ་ལ་སོགས་པ་ནི་གྲིའོ། །དང་པོའི་གསུམ་པ་ཞེས་བྱ་བ་ནི་ཡི་གེ་གའོ། མ་ནིད་དང་པོས་ཞེས་བྱ་བ་ནི་རི་ཡིས་བསྟན་ཏོ། །དེ་ལ ་རི་འོག་ཏུ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཅུ་པ་ཞེས་བྱ་བ་ལ་སོགས་པས་ནི་ཧ?། །བཅུ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་པའོ། །ཉི་ཤུ་གཅིག་སྦྱར་མཆོག་ཏུ་འདོད་ཅེས་བྱ་བ་དེ་ནི་དེ་དེ་བཞིན་དུ་རེའུ་མིག་བཅུ་གཅིག་ཏུ་གནས་པའོ། །བཅུ་གཉིས་ཞེས་བྱ་བ་ལ ་སོགས་པས་ནི་ཡང་ཡའོ། །བཅུ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ། །བཅུ་བཞི་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ། །བཅུ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་ཡང་བའོ། །བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ནི་བཱའོ། །བཅུ་བདུན་ཞེས་བྱ་བ་ལ་སོགས ་པས་ནི་རཱིའོ?། །བཅོ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི་བྱཱའོ། །བཅུ་དགུས་ཞེས་བྱ་བས་ནི་རཱའོ། །མེ་ཞེས་བྱ་བ་ནི་ར་སྟེ། ཨ་དེས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ར་མེད་ན་ཡོད་པ་མ་ཡིན་ནོ། །ཉི་ཤུ་ཞེས་བྱ་བ་ལ་སོགས་པས་ན་ཡང་ཧཱུཾ་ངོ། །ཉི་ཤུ་གཅིག ་ཅེས་བྱ་བ་ལ་སོགས་པ་ནེ་པའོ། །ཉི་ཤུ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཧྣཱའོ། །ཉི་ཤུ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་གའོ། །ཉི་ཤུ་བཞི་ཞེས་བྱ་བ་ལ་སོགས་པས་ནི་ཊ་སྟེ། ཨ་ཙ་དང་བྲལ་པའོ། །ཉི་ཤུ་དྲུག་ཅེས་བྱ་བ་ལ་སོགས་པས་ནི་ཛའོ། །ཉི ་ཤུ་བདུན་ཞེས་བྱ་བ་ལ་སོགས་པས་ནི་པའོ། །ཉི་ཤུ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི་ཡང་གོང་མ་བཞིན་དུ་ཊའོ། །ཉི་ཤུ་དགུ་ཞེས་བྱ་བ་ལ་སོགས་པས་ནི་ཡང་གྲིའོ། །སུམ་ཅུ་ཞེས་བྱ་བ་ལ་སོགས་པས་ནི་བྷའོ། །སུམ་ཅུ་གཅིག་ཅེས་བྱ་བ ་ལ་སོགས་པ་ནི་ཡང་པའོ། །སུམ་ཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་ཡང་ཧཱུཾ་ངོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ། །སུམ་ཅུ་བཞི་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཊ་སྟེ། ཕའི་མཐར་ཊ། ཨ་ཙ་དང་བྲལ་བ་འདི་ནི་ཐམས་ཅད་ལའོ། །སུམ་ཅུ་ལྡར་ཞེས་བྱ ་བ་ལ་སོགས་པ་དང། སུམ་ཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སུམ་ཅུ་བདུན་ཞེས་བྱ་བ་ལ་སོགས་པས་ནི་ཧོའོ། །སུམ་ཅུ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི་ཡང་ཡའོ། །སུམ་ཅུ་དགུ་ཞེས་བྱ་བ་ལ་སོགས་པས་ནི་ནའོ། །བཞི་ཅུ་ཞེས་བྱ་བ་ལ་སོགས་པས་ནི ་ཨའོ། བཞི་བཅུ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་ཨོཾཱོ། །བཞི་བཅུ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཊའོ། །བཞི་བཅུ་བཞིར་ཞེས་བྱ་བ་ལ་སོགས་པས་ནི་ཡང་པའོ། །བཞི་བཅུ་ལྔར་ཞེས་བྱ་བ་ལ་སོགས ་པས་ནི་ཡང་ཧཱུཾ་ངོ། །བཞི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ། །བཞི་བཅུ་བདུན་ཞེས་བྱ་བ་ལ་སོགས་པས་ནི་?། །བཞི་བཅུ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི་གྲིའོ། །བཞི་བཅུ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་གྲིའོ། །བཞི་བཅུ་དགུར་ཞེས་བྱ་བ་ལ་སོགས་བས་ནི་ཧྞཱའོ། །རིགས་ཀྱི་བདག་པོའི་ཀླུ་ལྟ་བུར་མཇེས ་པའི་འགྲོ་བའི་སྔགས་ཀྱི་དགོད་པ་ནི། རིགས་ཀྱི་བདག་པོའི་འཁོར་ལོའོ། །འཇོམས་པ་ཞེས་བྱ་བ་ནི་ལྕགས་ཀྱི་དབྱུག་ཏེ་ལྟ་བུར་འཇིགས་པར་བྱེད་པའི་ཕྱིར་རོ། །སྦྱོར་བའི་ཆོག་ཞེས་བྱ་བ་ནི། ལས་ཀྱི་རབ་ཏུ་སྦྱོར་བའོ། །བཅིད་པར་བྱེད་པ་ཞེས་བྱ་བ་ནི་ཡི་གེ་བཞི་བཅུ ་རྩ་བརྒྱད་རྣམས་བགོད་པའི་རེའུ་མིག་དབུ་མ་སྟོང་པ་ལ་ལྷས་བྱིན་ཆིངས་ཤིག་རྨོངས་པར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་དགོད་པར་བྱའོ། །འཁོར་ལོ་ཡང་གྲོ་ག་ལ་སོགས་པ་ལ་གནས་གཉིས་སུ་བྱས་ནས། ལས་དང་རྗེས་སུ་མཐུན་པར་འདི་བྲིས་ནས་ཁ ་སྦྱོར་བྱས་ཏེ་རྗེས་སུ་མཐུན་པའི་སྲས་བུས་བསྡམས་པས་དེ་ས་ལ་སོགས་པར་གཞུག་པར་བྱས་ཤིང་ཕྱོགས་ཅིག་ཏུ་འམ་དུར་ཁྲོད་ལ་སོགས་པར་བཞག་ནས། ལས་དང་རྗེས་སུ་མཐུན་པར་ཡང་མཆོད་པར་བྱ་སྟེ། དེ་ཉིད་ཀྱི་སྔགས་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར ་དང་ལྡན་པས། ང་རྒྱལ་དང་བཅས་པས་བཟླས་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཁྱད་པར་དུ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའང་རང་གི་བསམ་པའི་ཁྱད་པར་གྱིས་བསྒྲུབ་པར་བསྟན་པའོ། །དེ་ཡང་ཁ་ཅིག་ན་རེ་ལས་རྣམས་ཀྱི་གཏམས་པའི་ཕྱིར་འཇོམས་པ ་ཞེས་ཟེར་རོ། །ང་ནི་སྲིན་པོའི་ཁའི་རྣམ་པའི་འཁོར་ལོ་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་ནི་དེའུ?་མིག་བཞི་བཅུ་རྩ་དགུ་འདིའི་ཡང་ངོ། །རིའུ་མིག་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་དོ། །བཅུ་གཅིག་པ་ལ་དེ་ཞེས་བྱ་བ་ནི་ལྷ་ས་བིན?་ལྐུགས ་པར་མཛོད་ཅིག་ལྟུང་བར་མཛོད་ཅིག་།ཅེས་བྱ་བ་ལ་སོགས་པས་ནང་དུ་བཅུག་པ་དང། དེ་ལྟར་ཕྱི་མ་ལ་ཡང་རྟོགས་པར་བྱའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའོ། །ལྐུགས་པ་ཞེས་བྱ་བ་ནི། ལྐུགས་པ་ཡང་སྟེ་འདིས་ནི་བསྒྲགས་སོ ་ཞེས་བྱ་བར་དགོངས་པའོ། །རེངས་པ་ཞེས་བྱ་བ་ནི་འཇིག་པའོ། །ཆ་བྲལ་ཞེས་བྱ་བ་ནི་ཧའོ། །ཆུ་སྲིན་ཞོན་པ་ཞེས་བྱ་བ་ནི་བསྡུས་པས་ཧཱུཾཱོ། །རྡོ་རྗེའི་སྟེང་དུ་ཞེས་བྱ་བ་ནི་རེའུ་མིག་དབུ་མར་ལྷས་བྱིན་གྱི་དབྱིབས་བྲིས་ནས་དེའི་སྙིང་གར་ཡང་རྡོ་རྗེའི་སྟེང་དུ ་ཧཱུཾ་འོ། དེའི་སྙིང་པོ་ལ་བསྒྲུབ་བྱ་གཞུག་གོ། དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ནི་ཧཱུཾ་གི་ས་བོན་སྤངས་པ་དང། རྡོ་རྗེ་སྤངས་པར་ཕཊ་ཀྱི་གནས་སུ་ཕཊ་སྦྱངས་ནས་ཧཱུཾ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རེ་མིག་འདི་རྣམས་ཞེས་བྱ་བ་ལ ་སོགས་པ་ནི་གོ་སླའོ། །བསྣུན་ནས་ནི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་དཔའ་བོའི་ཐོད་པ་ལ་སོགས་པ་གཉིས་ལ་རིམ་པ་ཇི་ལྟ་བས་བྲིས་ནས་དུར་ཁོད་ལ་སོགས་པར་ཁ་སྦྱོར་དུ་བྱས་ནས་བཞག་གོ། དེ་ཉིད་ལ་བསྒྲུབ་བྱའི་དབྱིབས་བསམ་ཞིང་ནས་? ་བཅུག་པ་སྔོན་དུ་འགྲོ་བས་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་སྔགས་བཟླ་ཞིང། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་འབར་ཞིང་འཁྱིལ་བ། ལག་པ་གཡས་པར་བསྒོམ་ཞིང་རྡོ་རྗེ་དེས་ཡང་དང་ཡང་དུ་བསྣན་ན། དེ་ནས་བསྒྲུབ་བྱ་འཆི་བར་འགྱུར ་དོ?་གྲིབ་མ་འཇིག་པ་ཞེས་བྱ་བ་ནི་འཆི་བ་ཞེས་བྱ་བར་དགོངས་པའོ། །དཔའ་བའ་ཨི་བུམ་པ་རློན་པའམ་ཞེས་བྱ་བ་ནི། དཔའ་བོའི་པདྨའི་སྣོད་རློན་པ་ལའོ། །ཡང་ཚངས་པའི་བུམ་སྐམ་དུ་ཞེས་བྱ་བ་ལ། ཚངས་པ་ནི་བྲམ་ཟེའོ། །ཆོག་ཞེས་བྱ་བ་ནི་དུག ་དང་ཚི་ཏྲ་ཀའི་ཁུ་བ་ལ་སོགས་པས་སོ། །གཏོར་མ་ཞེས་བྱ་བ་ནི་ཐམས་ཅད་དུ་ལས་རྣམས་ལའོ། །ཡང་ཞེས་བྱ་བ་ལ་སོགས་པས་ནི། རྟའི་འགྲོ་བའི་སྔགས་ཀྱི་དགོང་པ་དང་གཤིན་རྗེ་ནི་དབྱུག་པའི་རྣམ་པ་དང། ཡི་དགས་ཀྱི་ཁའི་རྣམ་པའི་འཁོར ་ལོའི་ཆོག་གསུངས་པའོ། །འདིས་ནི་སྡང་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །མ་ཧེ་འམ་རྟའི་བུམ་པ་ཞེས་བྱ་བ་ནི་དེའི་ཐོད་པ་གཉིས་ལ། དེ་བཞིན་དུ་ནང་དུ་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྔགས་?་བར་བྱའོ། །ད་ནི་ཡི་དགས་ཀྱི་ཁའི་རྣམ་པའི ་འཁོར་ལོའི་དགོད་པར་བྱ་བ་གསུངས་པ། ཡང་ནི་ཞེས་བྱ་བ་ལ་སོགས་པ་ནི། རྒྱས་པའི་འཁོར་ལའང་ལས་ཐམས་ཅད་བྱེད་པའོ། །ཁྱད་པར་དུ་ཞེས་བྱ་བ་ནི་འཁོར་ལོ་གཞན་རྣམས་དང་སྐྲག་པར་བྱེད་པའི་ལས་ཀྱི་དུས་སུ་འང་ལྟ་བར་བྱའོ། །ཞི་བ་ལ ་སོགས་པ་ནི། གྲོ་གི་འདབ་མ་ལ་སོགས་པ་ལ་བ་ལང་གི་འགིའུ?་?་དང་གུར་གུམ་ལ་སོགས་པ་འདི་རྣམས་དང་ལྡན་པས་འདིར་རམ་གཞན་དུ་འང་བཙལ་བར་བྱའོ། །གཤིན་རྗེར་ཁ་བལྟས་ཞེས་བྱ་བ་ནི། ལྷོ་ཕྱོགས་སུ་ཁ་བལྟས་པའོ། །འབྱུང ་པོའི་ཉི་མ་ཞེས་བྱ་བ་ནི། ནག་པོའི་བཅུ་བཞི་པའོ། །གོས་དམར་འཛིན་པ་ཞེས་བྱ་བ་ནི། དབང་དང་དགུག་པ་ལའོ། །སྔོན་པོ་ཞེས་བྱ་བ་ནི་གོས་སྔོན་པོ་ལ་སོགས་པ་མི་འཟད་པའི་ལས་རྣམས་ལའོ། །རྒྱས་པ་དང་རེངས་པ་དག་ལ་ནི་སེར་པོ་ལ་སོགས་པའོ ་མི་བཟད་པའི་ལས་རྣམས་ལ་ནི། གཤིན་རྗེ་ལ་སོགས་པའི་རྣམ་པ་སྒོམ་པས། གསང་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་པར་སྟོང་པའི་པདྨ་ཞེས་བྱ་བ་ལ་སྟོང་པ་ནི་རྒྱས་པའི་འཁོར་ལོ་ལའོ། །སྟོང་པ་ཞེས་བྱ་བ་ནི་རི་མོ་གཉིས་ལས་ཕྱི་རོལ ་གྱི་པདྨ་ལའོ། །གནོད་མཛེས་ཞེས་བྱ་བ་ནི་གནོད་མཛེས་གཙོ་བོར་བྱས་པའི་ཕྱིར་ཏེ་འདི་འང་ཉེ་བར་མཚན་པའི་ཕྱིར་གཞན་པའི་ལས་སྒྲུབ་པར་བྱེད་དོ། །སྔགས་ཕྲེད་ཞེས་བྱ་བ་ནི། ཀ་ར་ཀ་ར་ལ་སོགས་པའོ། །ཕྲེང་བ་དེ་བཞིན་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ ་ལ་སོགས་པའི་སྙིང་པོ་དང། ཉེ་བའི་སྙིང་པོ་ལ་སོགས་པའོ། །སྔགས་ཀྱི་རྐང་པ་བཞི་ཡིས་ཞེས་བྱ་བ་ནི། སུནདྷ་ནི་སུམྦྷ་ཞེས་བྱ་བའི་སྔགས་ཀྱི་རྐང་པ་བཞི་པོ་རྣམས་ཀྱིས་བརྒྱན་པའོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་འདི་ཞེས་བྱ་བ་ནི། ལས་ཀྱི ་འཁྲུད་འཁོར་བཅུ་གཉིས་རྣམས་དང་འབྲེལ་ཏོ་ཞེས་པ་བར་བསམས་པའོ། །འདི་ནི་ཞེས་བྱ་བ་ནི་འདིའི་སྔགས་སོ། །མེ་བཟད་པའི་ལས་ནི་བླ་མ་དང་སངས་རྒྱས་ལ་སོགས་པ་གང་དག་ལ་གནོད་པ་བྱེད་པའི་མཚན་ཉིད་དེ་ནི་མི་བཟད་བའི་ལས་ཏེ། དེ་རྣམས་ཀྱི་གཙོ ་བོའོ། །དེ་ལ་འདི་ཉིད་ནི་སྐྲག་པར་བྱེད་པའི་ལམ་གྱི་ཚེ་ག་བྱེད་པ་ཞེས་བྱ་བར་དགོངས་པ་སྟེ། དེ་ལའང་ཐམས་ཅད་ཏུ་གསང་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱི་གསར་པའི་གནས་སྐབས་སུ་ཁྱེར་བས་མི་བཟད་པའི་ལས་ཏེ་དེ་ནི་ཕྱིར་ལྡོག་པར་འགྱུར་རོ། ། ་གང་གིས་གཏོར་མའི་བྱ་བ་ལ་སོགས་པའི་བྱེད་པ་དེའི་ཤ་དུ་བརྗོད་པ་ནི། དེ་ནས་སྒྲུབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་མེད་པར་ཤ་བསྒྲུབ་པར་བྱ་བ་ནི། ཕྱུགས་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ནི། ཕྱུགས་ཀྱི་རིགས་ལ་བསྣུན་པར་བྱས་ཏེ། རྒྱུ་བྲལ་གྱིས་ནི་ཞེས་བྱ་བ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན་གང་གིས་ཕྱུགས་རྣམས་ཀྱི་རྒྱུ་དང་བྲལ་བའི་ཕྱིར། གང་དག་ལ་རྒྱུ་ཡོད་པ་མ་ཡིན་པ་ཕྱུགས་དེའི་རྒྱུ་མེད་པ་ཡིན་ནོ། །དོན་དམ་པར་བྱ་བ་བྱེད་པའི་དངོས་པོ་བཀག་པའི་ཕྱིར ་ཀུན་རྫོབ་ཏུ་རྒྱུ་དང་བཅས་པ་ཁོ་ན་སྟེ། ལུས་དང་རིགས་པས་འདོད་པའི་ཕྱིར་རོ། །གོང་མ་ལྟ་བུར་སུན་བྱུང་བའི་ཕྱིར་ཡང་རྒྱུ་ནི་ཚད་མ་དང་ལུང་གིས་སུན་བཏོན་པར་གྱུར་བ་སྟེ། དེ་ལ་རང་རིག་པ་གང་གིས་སུན་འབྱིན་པར་འགྱུར་ཏེ། དེ་ཡང ་ཁམས་གསུམ་རང་གི་སོ་སོར་སྣང་བཙམ་འབའ་ཞིག་ཏུ་ངེས་པར་རྟོགས་སོ་རྒྱུ་བྲལ་བ་ནི་རྒྱུ་མེད་པ་སྟེ། དེ་རྣམས་ཀྱི་དངོས་པོ་ནི་རང་བཞིན་གྱི་རྒྱུ་དང་ཁྲལ་བའོ། །དངོས་པོ་འདི་ཡང་གལ་ཏེ་ངེས་པར་རྒྱུ་དང་བྲལ་བ་སྟེ། མངོན་པར་ཞེན་པ་མེད་པས་རྟོགས་པ་ཡིན་པ ་དེའི་ཚེ། ཕྱུགས་ཀྱི་རིགས་བསྣུན་པར་བྱ། དེའི་ཕྱིར་གསད་པར་མི་བྱ་བ་ཁོ་ནང་འདོད་དོ་ཞེས་བྱ་བ་ཡིན་ནོ། །མངོན་པར་ཞེན་པ་མེད་ན་ནི་བསྣུན་པ་པོ་དང་བསྣུན་པར་བྱ་བ་དང། བསྣུན་པ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་བསད་པ་ཉིད་མ་གྲུབ་པ་ཡིན་ནོ། །རྒྱུ་དང་བྲལ ་བས་སྒྲུབ་པ་པོ་རྣམས་ཀྱིས་དེ་ལྟར་གྱུར་པ་རྣམས་ཀྱིས་སོ། །ཕྱུགས་རྣམས་དགུག་པར་བྱ་བ་ཉིད་ཅེས་བྱ་བ་ནི། རང་གི་གྲུབ་པའི་མཛའ་ལ་སྦྱར་བར་བྱའོ། །སྔར་གསུངས་རིམ་པས་སྒྲུབ་པ་པོས་ཞེས་བྱ་བ་ནི། ཞི་བ་དང་དྲག་ཤུལ་གྱི་ལས་རྣམས་གོང་དུ་གསུངས ་པ་ངེས། རྣལའབྱོར་པས་རང་གི་བསྟན་པ་ལ་གདུག་པ་རྣམས་སྦྱོར་པར་བྱེད་དོ། །ཕྱུགས་ཞེས་བྱ་བ་ལ་ཕྱུགས་ནི་དེ་བཞིན་ཉིད་དོ། །ལྔ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང། བླ་མ་ལ་གནོད་པ་བྱེད་པ་དང་དམ་པའི་ཆོས་འཇིག་པར་བྱེད་པ་ནི་ཕྱུགS ་ལྔའོ། །ལྷག་མ་ནི་གོ་སླའོ། །སོ་ཞེས་བྱ་བའི་སྒྲས་ནི་འཁྲུལ་འཁོར་གྱི་བཤད་པ་རྫོགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་རྒྱས་པ་ལ་སོགས་པའོ། །སྦྱོར་བ་ཞེས་བྱ་བ་ནི་གང་ལ་བསྡུས་པས་ཕུང་པོ་སྟེ་དེ་ནི་དེ་བཞིན་ནོ། །ལེའུ་དགུ་པའོ། ། །།རྡོ་རྗེ་མཁའ་ ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་དགུ་པའོ།། །།ད་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་ལེའུ་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པ་ནི། གང་གིས་ཡོན་ཏན་གྱི་སྐལ་པ་ཆེན་པོ་དང་མཐུན་པ་དེ་ནི་སྐལ་པ་ཆེན་མོའོ། །དབུགས་ཀྱི་ལས་ཀྱི་མཚན་ཉིད་ནི ་ཞེས་བྱ་བ་ལ། དབུགས་ནི་འབྱིན་པ་དང་རྡུབ་པའི་རླུང་སྟེ། །དེའི་ལས་ནི་འབྱིན་པ་དང་རྡུབ་བ་ལ་སོགས་པའི་མཚན་ཉིད་དོ། །དེའི་མཚན་ཉིད་ནི་རང་གི་ངོ་བོའོ། །འཕྲོག་དང་འཕྲོག་མ་ནི་ཞེས་བྱ་བ་ལ་འཕྲོག་པ་ནི་འབྱིན་པའོ། །འཕྲོག་མིན་ནི་རྡུབ་པའོ། །དེ་གཉིས་གང་གི ་མཆོག་ནི་རབ་སྟེ་དེ་ནི་འཕྲོག་མིན་མཆོག་གི་མཚན་ཉིད་དོ། །རྣལ་འབྱོར་ནི་རླུང་ལ་སོགས་པ་སྟེ། འདི་ལ་ཡོད་པའི་རྣལ་འབྱོར་པ་དེ་ཉིད་དོ། །ཚེ་ལ་སོགས་པ་འཕེལ་པའི་མཚན་ཉིད་གསུངས་པ། ཉི་ཁྲི་དང་ནི་སྟོང་དག་དང་ཞེས་བྱ་བ་ནི་ཁྲི་ཕྲག་གཉིས ་དང་སྟོང་ཕྲག་གཅིག་གོ་།དྲུག་བརྒྱ་ཞེས་བྱ་བ་ནི་བརྒྱ་ཕྲག་དྲུག་པ་སྟེ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྟག་པ་རྣམས་སོ། །གང་གིས་ཤེ་ན། དབུགས་ཀྱི་ཞེས་བྱ་བ་ལ་སོགS་པ་གསུངས་པ་ནི་འབྱིན་བའི་རླུང་གེའོ། །གང་དུ་ཞེ་ན། དུམ་བུ་དྲུག་ཅུ་ཉིད་ཅེས ་གསུངས་པ་ནི་བུམ་བུ་དྲུག་ཏུ་རྣམས་ལའོ། །ཉིན་དང་མཚན་དུ་ཞེས་བྱ་བ་ནི། །དབུགས་ཀྱི་གྲངས་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པས། བུམ་བུ་དྲུག་ཅུ་རྣམས་ལས་བྱུང་བ་ཇི་སྙེད་པ་སྟེ། བུམ་བུ་ནི་དབྱུ་གུར་ཉིན་དང་མཚན་དུ་བརྗོད་དོ། །ཅི་ཉིན་མཚན ་གཅིག་བུ་ཉིད་ལ་དེ་ཉིད་བའི་དབུགས་སམ། །གཞན་དུ་ཡང་ཞེ་ན། ལོ་ལ་ནི་ཞེས་གསུངས་པ་ནི། བདུན་པའི་དོན་ལ་དང་པོའོ། །ལོ་གྲངས་མེད་པ་རྣམས་ལ་གང་དག་ཉིན་མཚན་རྣམས་ཏེ་དེ་རྣམས་ལ་ཡང་དེ་ལྟ་བུའི་དབུགས་ཀྱི་གྲངས་ཞེས་བྱ་བར་དགོངས་སོ། །རྡུབ?་པ་ཞེས ་བྱ་བ་ནི་འཕྲོག་པ་མིན་པའོ། །འབྱིན་པ་ཞེས་བྱ་བ་ནི་བྱིར་རྒྱུ་བ་སྟེ། དབུགས་ཀྱི་རླུང་བགྲད་བའོ། །འབྱིན་པ་མཚན་པ་ཞེས་བྱ་བ་ནི། འབྱིན་པ་བགྲངས་པས་ཏེ་བགྲང་བར་བྱེད་པའོ། །མཚན་ཞེས་བྱ་བ་ནི་མཚོན་པའོ། །དེ་ཅིའི་ཕྱིར་ཞེ་ན། འབྱིན་པར་རྡུབ་པ་ནུབ་པར་འགྱུར་ཞེས་བྱ་བ ་གསུངས་པ་ནི། ནུབ་ཅིང་ཐིམ་པར་འགྲོ་བ་སྟེ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དབུགས་གཉིས་ཀྱིས་ཞེས་བྱ་བ་ནི་འབྱིན་པ་དང་རྡུབ་པའི་དབུས་སུའོ། །བློ་དང་ལྡན་བས་ཞེས་བྱ་བ་ནི། བློ་དང་ལྡན་པ་རྣམས་ཀྱིས་ཤེས་པ་བྱའོ། ཞེས་བྱ་བའི་དོན་ཏོ། །ཕྱི་རོལ ་དུ་ཞེས་བྱ་བ་ལ་སོགས་པས་ནི་དབུགས་ཀྱི་ལས་ལས་ཕྱི་རོལ་ཏུའོ། །ཕན་ཚུན་དང་ཡན་མན་གྱི་དངོས་པོས་གོ་རིམས་བཞིན་དུ་སྲད་བུ་གཉིས་གཉིས་ཐིག་བཏབ་ནས་ལྟེ་བ་སྤངས་ཏེ། མཚམས་བཞི་ལ་ཐིག་སྐུད་བཞིའི་སྦྱོར་བ་ལས་ཡང་སྟེ་བ་སྤངས ་བ་ལས་རེའུ་མིག་བཅུ་གཉིས་སུ་འགྱུར་རོ། །དེ་ཉིད་ནི་གནས་བཅུ་གཉིས་རྣམས་ཏེ། དེ་རྣམས་ཉིད་དུ་མཚན་མ་དང་མཚན་མ་བཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རོ་ཉི་ཏཱ་དང་ཆུ་སྲིན་གསུམ། གཏི་མུག་དུ་སྦལ་དག་ལ་བཞི། བཟང་པོ་དང་ན་གླང་ལ་ལྔ། རཎྜཱ? ་དང་ནི་འདོད་པ་ལྔ། བྷི་བྲི་བྱཱ་ཀུ་ལི་དག་དྲུག། མི་རིང་དང་རྨི་ལན། བདུན། །ཞེའོ། །ཤར་དུ་རེའུ་ནི་ག་ལ་གསུམ་མོ། །མེ་ལ་ནི་བཞིའོ། །ཡང་མེ་ལ་ནི་ལྔའོ། །ལྷོ་རུ་ནི་ལྔའོ། །བདེན་བྲལ་དུ་ནི་བཞིའོ། །ཡང་བདེན་བྲལ་དུ་ནི་གསུམ་མོ། །ནུབ་ཏུ་ནི་ལྔའོ། །རླུང་དུ་ནི་འདུན་ནོ ་ཡང་རྒྱུད་དུ་ནི་དྲུག་གོ་བྱང་དུ་ནི་དྲུག་གོ་།དབང་ལྡན་དུ་བདུན་ནོ། །ཡང་དབང་ལྡན་དུ་ནི་ལྡའོ། །དབྱུ་གུའི་མཚན་ནའི་གྲངས་འདི་དག་འོ་ན་རོ་ཧི་ཏཱ་ལ་སོགས་པཱི་སྒྲའི་ཐ་ཚིག་གོ་།ཉིན་པར་དབྱེ་བ་ཞེས་བྱ་བ་ནི་ཟླ་བའི་དབྱེ་བས་རོ་ཏི་ཏཱ་ལ་སོས་པའི་ཉི་མའི་གྲངས ་ཀྱི་དབྱེ་བ་སསོ། །དབྱངས་རྣམས་ཀྱི་ཞེས་བྱ་བ་ནི། མ་ནིད་སྤངས་ནས་ཨ་ལ་སོགས་པའི་དབྱངས་བཅུ་གཉིས་སོ། །གོ་རིམས་བཞིན་དུ་རོ་ཏི་ཏཱ་ལ་སོགས་པའི་སྒྲའི་ཐ་ཚིག་གོ་ཞེས་བྱ་བའི་དོན་ཏོ། །སྐར་མ་རྣམས་ཀྱི་ཤར་བ་དང་ཞེས་བྱ་བ་ནི། སྐར་མ ་རྣམས་ཤེས་པར་བྱའོ། །ཤར་ཞེས་བྱ་བ་ནི་འབྱར་བའོ། །དུས་དང་བཙན་དུ་ཞེས་བྱ་བ་ནི་དུས་སུ་ཟིན་པ་ལ་སོགས་པའི་དུག་གོ་།འདི་དག་ཐམས་ཅད་ཀྱི་རིམ་པ་དང་གང་ཞིག་ཅུང་ཟད་གཞན་དུ་ཡང་རྟོགས་པར་བྱའོ། །དགུན་ཟླ་འབྲིང་པོའི་ཉིན་ཞེས་བྱ་བ་ལ ་སོགས་པ་ནི་དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ་ཟླ་བ་རྣམས་རོ་ཏི་ཏཱ་ལ་སོགས་པར་བརྗོད་ཅིང་རིམ་པར་ཤེས་པར་བྱའོ། །བྱང་དུ་འགྲོ་བའི་དུས་དག་ཏུ་ཞེས་བྱ་བ་ནི། ཇི་སྲིད་དགུན་ཟླ་ཐ་ཆུད་ནས་བརྩམས་ཏེ། དབྱར་ཟླ་འབྲིང་པོ་དེ་སྲིད་དུ་བྱང་དུ་འགྲོ་བཱི ་དུས་ཞེས་བྱ་བར་དགོངས་སོ། །ལྷ་མ་ནི་གོ་སླའོ། །འདི་རྣམས་ཀྱི་གྲངས་ཀྱང་ཉི་མ་ཤར་བ་ན་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་བཅུ་གཉིས་རྣམས་ཤེས་པར་བྱའོ་ཞེས་བྱ་བ་ནི་གོ་སླའོ། །དོ་ཧི་ཏཱའི་ཉི་མ་ལ་ཞེས་བྱ་བ་ནི། རོ་ཧི་ཏཱའི་ཚེས་དང། ་རོ་ཧི་ཏཱའི་སྐད་ཅིག་དང། རོ་ཧི་ཏཱའི་ཟླ་བ་སྤངས་ནས། ཟླ་བ་ཕྱི་མ་དག་ལ་ཡང་རོ་ཧི་ཏཱའི་ཆོས་བོར་ཏེ། རོ་ཏི་ཏཱའི་སྐད་ཅིག་ཙམ་ལ་སྐྱེས་པའི་སྔགས་པ་ཐམས་ཅད་ཉིད་ནི། རོ་ཧི་ཏཱའི་གསུམ་ལས་སྐྱེས་པ་རྙེད་པ་སྟེ། སྔགས་པ་ཐམས་ཅད་ཀྱང་རོ་ཧི་ཏཱ་ལ་སོགས་པའི་སྒྲའི ་ཐ?་ཚིག་གོ་།སྐད་ཅིག་མ་ནི་གོང་དུ་གསུངས་པའི་མཚན་མའི་རིམ་པས་ཤེས་པར་བྱས་ཏེ། དེ་དང་གཅིག་པ་ཉིད་དུ་ཉིན་མཚན་ལ་བཅུ་གཉིས་ཁོ་ན་ཡིན་ནོ། །ཇི་ལྟར་སྔ་བར་རོ་ཧི་ཏཱ་ལ་དབྱུ་གུ་གསུམ་མོ། །དེའི་རྗེས་སུ་གཏི་མུག་མ་ལ་བཞིའོ། །དེ་ནས་ཡང་བཟད་པོ་ལ་ལྔའོ། ། ་དེ་ནས་དེ་དང་འདྲ་བ་འདི་ནི་གླང་ངོ། །དེ་ནས་རུས་སྦལ་ལ་བཞིའོ། །དེ་ནས་ཆུ་སྲིན་ལ་གསུམ་མོ། །དེ་ནས་རཎྜཱ་ལ་ལྔའོ། །དེ་ནས་ཡང་མིཀིར་ལ་བདུན་ནོ། །དེ་ཡང་འབྱེད་མ་ལ་དྲུག་གོ། དེ་ནས་དེ་ལྟ་ཨུ་ནི་བྱཱ་ཀུ་ལེའོ། །དེ་ནས་རྨི་ལམ་ལ་བདུན་ནོ། །དེ་ནས་འདོད་པ་ལ་ལྔའོ། ་རོ་ཧི་ཏཱ་ནི་?་གོ་ཏི་མུག་མ་ནི་གླང་ངོ། །བཟང་པོ་ནི་འཁྲིག་བའོ། །གླང་གི་ཀརྐ་ཊའོ། །དུ་སྦལ་སེངྒེའོ། །ཆུ་སྲིན་ནི་བུ་མོའོ། །ར་ཎཱ་ནི་སྲ་འོད། །མི་ཀི་ར་ནི་སྡིག་པའོ། །འབྱེད་པ་ནི་གཞུའོ། །?་ཀུ་ལི་ནི་ཆུ་སྲིན་ནོ། །རྨི་ལམ་ནི་བུམ་པའོ་འདོད་པ་ནི་ཉའོ། །སྔ་རབ་ལུག་གི་ལོངས་སྤྱོད་དུ ་དབྱུ་གུ་གསུམ་ལ་ཟ་སྐད་དང་བྲ་ཉེ་གང་བ་དང། སྨིན་དྲུག་རྐང་པའི་ཆའོ། །དེ་ནས་གླང་གི་ལོངས་སྤྱོད་དུ་དབྱུ་གུ་བཞི་ལ། སྨིན་དྲུག་གི་རྐང་པ་གསུམ་དང། སྣར་མ་དང་རི་དགས་ཀྱི་མགོ་བོའི་བྱེད་དོ། །དེ་ནས་འཁྲིག་ལོངས་སྐྱོད་དུ་དབྱི་གུ་ལྔ་ལ་རི་དགས་ཀྱི་མགོ་བོའི ་བྱེད་དང། ལག་དང་ཡང་ནབ་སོ་ནོར་གྱི་རྐང་པ་གསུམ་མོ། །དེ་ནས་ཡང་དེ་ལྟ་བུའི་དབྱུ་གུ་རྣམས་ལ་ཀརྐ་ཊའི་ལོངས་སྤྱོད་རྣམས་སུ་ནི། ནབ་སོའི་རྐང་པ་དང་རྒྱལ་དང་སྐོག་།དེ་ནས་སེང་གེའི་ལོངས་སྤྱོད་ལ་ཡང། དབྱུ་གུ་བཞི་ལ་མཆུ་དང་གྲེ་དང་ང་བོའི་རྐང་པའོ། །དེ ་ནས་བུ་མོའི་ལོངས་སྦྱོང་དུ་དབྱུ་གུ་གསུམ་ལ། དཔོའི་རྐང་པ་གསུམ་པ་དང། མེ་བཞི་དང་ནག་པའི་བྱེད་དོ། །དེ་ནས་སྲང་གི་ལོངས་སྤྱོད་དུ་དབྱུ་དགུ་ལྔ་ལ་ནག་པའི་ཕྱེད་དང། ས་རི་དང་ས་གའི་རྐང་པ་གསུམ་མོ། །དེ་ནས་སྡིག་བའི་ལོངས་སྤྱོད་རྣམས་སུ ་ནི་དབྱི་གུ་བདུན་ལ། ས་བའི་རྐང་པ་དང་ལྷ་མཚམས་དང། ཐུ་བོ་དེ་ནས་གཞུའི་ལོངས་སྤྱོད་དུ་དབྱུ་གུ་དྲུག་ལ་རྩ་བ་དང། ཆུ་སྟོད་དང་ཆུ་སྨད་ཀྱི་རྐང་བའོ། །དེ་ནས་ཡང་དེ་ལྟ་བུའི་དབྱུ་གུ་ལ་ཆུ་སྲིན་གྱིས་ལོངས་སྤྱོད་ལ་ཆུ་སྨད་ཀྱི་རྐང་པ་གསུམ་དང། གྲོ་བཞིན་དང ་བྱི་བཞིན་གྱི་བྱེད་དོ། །དེ་ནས་ཡང་བུམ་པའི་ལོངས་སྤྱོད་ཏུ་དབྱུ་གུ་བདུན་ལ་བྱི་བཞིན་གྱི?་བྱེད་དང། མགོ་བརྒྱབ་དང། ཤར་གྱི་བཟང་པོའི་གོ་འཕང་གི་རྐང་པ་གསུམ་མོ། །དེ་ནས་ཉའི་ལོངས་སྤྱོད་ལ་ཆུ་སྨད་ཀྱི་རྐང་པ་དང་ནམ་གྲུའོ། །འདི་ལྟར་སྐར ་མ་གསུམ་གསུམ་ལུག་ལ་སོགས་པའི་ཕུང་པོ་རྣམས་ལ་བལྟ་བར་བྱའོ། །གལ་ཏེ་ཤི་བར་མ་གྱུར་ན་ཞེས་བྱ་བ་ནི། དུས་མ་ཡིན་པར་མཐར་གྱུར་པ་སྟེ་ཤི་བའོ། །དེ་ཡང་རོ་ཧི་ཏའི་གསུམ་གྱི་མ་གང་བས་ན་ངེས་པ་མེད་པའི་ཕྱིར་རོ། །གང་དུ་རོ་ཧེ་ཊཱའི་གསུམ་མ་མ་གཉིས་སུ ་གྱུར་བདེའི་ཚེ་འཆི་བའི་དངོས་པོ་མེད་པའི་ཕྱིར། འབྲས་བུ་ཐམས་ཅད་དུ་འགྱུར་དོ། །འདོད་པ་ལ་དགའ་ཞིང་ཞེས་བྱ་བ་ནི་ལོ་དགུ་འདས་པ་རྣམས་ལ་རྟོགས་པར་བྱའོ། །དེ་ནས་རོ་ཧི་ཏཱའི་གསུམ་མམ་གཉིས་ལམ་ཤི་ན། རྟག་ཏུ་བདེ་བ་དང་ལྡན་པ་དང། ནད་མེད ་བ་དང་འདོད་པ་ལ་དགའ་བ་དང། དྲོད་ཆུང་བ་གོང་དུ་གསུངས་པའི་ཡོན་ཏན་དང་ལྡན་པ་དང། ལོ་བརྒྱད་ཅུ་རྩ་གཅིག་ཏུ་འཚོ་བར་འགྱུར་རོ། །སའི་དབང་ཕྱུག་ལ་འཆི་བར་འགྱུར་རོ་ཞེས་བྱ་བ་ནི། ལོ་བརྒྱད་ཅུ་རྩ་གཅིག་གི་མཛའ་ཨི་ཟླ་བའི་གང་གིས་སའི་དབང ་ཕྱུག་གི་ཉི་མ་དེ་ལ་འཆི་བར་འགྱུར་ཏེ། །དེ་ལ་ཡང་དེ་ཉིད་དུ་ཉི་མ་ལ་འཆི་བའི་སྐད་ཅིག་ངེས་པར་བྱ་བར་ནུས་སོ། །འདི་སྐད་འབྲས་བུ་ལ་སོགས་པ་ཕྱི་མ་ལ་ཡང་ཤེས་པར་བྱའོ། །སའི་དབང་ཕྱུག་ཅེས་བྱ་བ་ནི་འདོད་པ་ལའོ། །དེ་ཉིད་ཀྱི་ཕྱིར་གཡོན་གྱི་བསྐོར ་བར་རོ་ཉི་ཏཱ་ལ་སོགས་པ་རྣམས་ཀྱི་དགོད་པར་བྱའོ། །ཡང་ན་གཡོན་གྱིས་བསྐོར་བས་བརྫི་བར་བྱའོ། །ཆོས་ཤེས་པ་དང་ཞེས་བྱ་བ་ནི། མཐོ་རིས་ཀྱི་རྒྱུའི་ཚོགས་ཐམས་ཅད་ཀུན་ཏེ་ཆོས་ནི་བསོད་ནམས་སོ། །དེ་ཤེས་པ་དང་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏེ། ཆོས་ཤེས་པའོ། །ཚངས ་བར་སྦྱོད་པ་ཞེས་བྱ་བ་ནི་བུད་མེད་དང། ཆང་ལ་སོགས་པ་ཡོངས་སུ་སྤངས་པའི་མཁས་ཤིང་ཞེས་བྱ་བ་ནི་རྟོག་གེ་དང་ལུང་ཤེས་པའོ། །བཟོ་ཞེས་བྱ་བ་ནི་བཟོ་བོ་སྟེ། གང་དང་གླུ་དང་རོལ་མོ་ལ་སོགས་པ་འདིའི་སྦྱོར་བ་ནི་བཟའ་ཨོ། །བསྟན་བཅོས་ཐམས་ཅད་ནི་ལུང་བསྟན་པ་དང། ་གཞུང་སྦྱོར་བ་དང། ཕྱུགས་ཀྱི་དབྱད་རྣམས་སོ། །དེ་ལ་མཁས་པ་ནི་ལེགས་པ་སྟེ། བསྟན་བཅོས་ཐམས་ཅད་ལ་མཁས་པའོ། །ངས་གསུངས་པ་ལ་ཞེས་བྱ་བ་ནི་བདག་གིས་བཤད་པ་བདེན་ནོ་ཞེས་བྱ་བའི་དོན་ཏོ། །བཞི་འམ་ལྔའི་ཉི་མ་ལ་ཞེས་བྱ་བ་ནི། གལ་ཏེ་ཉི་མ་བཞི་པ ་འམ་ལྔ་པའི་ཉི་མ་ལ་ཤི་བར་མ་གྱུར་མ་ཞེས་བྱ་བ་དང་སྦྱོར། །དེ་ཐལ་བས་ཞེས་བྱ་བ་ནི། དེ་དག་གི་ཉི་མ་དག་འདས་ཤིང་ཤིན་ཏུ་སྤངས་པ་སྟེ། ཟླ་བ་བརྒྱད་ལ་སོགས་པར་གང་གི་ཚེ་ཤི་བར་མ་གྱུར་ན་ཞེས་བྱ་བ་འདི་ལའང་སྦྱར་ཏེ། དེའི་ཚེ་འདི་ཐམས་ཅད་ཀྱི་མཐར་འཆད་བར ་འགྱུར་རོ། །ཚིག་རྩུབ་ཅིང་ཞེས་བྱ་བ་ནི། གང་གི་ཚིག་རྩུབ་པར་བརྗོད་པ་དེ་ལྟ་བུའོ། །སྡིག་པའི་བློ་ཞེས་བྱ་བ་ནི་ངག་འཁྱལ་པ་དང། ལོག་པར་ལྟ་བ་དུན་གསུམ་ཚོགས་བའོ། །གཡེ་བ་ཞེས་བྱ་བ་ནི། སྡོམ་པར་བྱེད་པ་མེད་པའོ། །སེང་གེའི་དངོས་པོས་ཞེས་བྱ་བ་ནི། བརྙེན་བཀུར་གྱི ་འཆབ་དང། དེས་དང་གིས་སྐྱེད་པ་ལོངས་སྤྱོད་པའོ། །བཞི་པའམ་དྲུག་པ་ཞེས་བྱ་བ་ནི། བཞི་པ་ལ་འམ་དྲུག་པ་ལའོ། །སོ་སོར་སྡུག་བསྔལ་བ་དང་ཞེས་བྱ་བ་ནི། དང་པོར་སྡུག་བསྔལ་དང་ལྡན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཡང་ཕྱི་ནས་འཕེལ་བར་ཞེས་བྱ་བ་ལ་འཕེལ ་བ་གསུངས་པ། བའི་དེན་ཞེས་བྱ་བ་ན་གང་ག་དེའིདོན་དེ་ནི་བའི་ནོར་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཆུང་མ་གསུམ་གྱི་ཁྱིམ་ཞེས་བྱ་བ་ནི་ཆུང་མའི་སྒྲས?་ནི་བཙུན་མོའོ། །དེའི་བྱི་མ་ན་ཆུང་མ་?་བྱ་བའི་དོན་ཏེ། །སྐད་ཅིག་གིས་ཁྲོ་བ་ཞེས་བྱ་བ་ནི། སྐད་ཅིག་གིས་ཁྲོ་བ་དང ་ལྡན་པའོ། །སྤྲུལ་གྱི་ང་རྒྱལ་དང་ཞེས་བྱ་བ་ནི། གང་ལ་སྦྲུལ་ལྟ་བུའི་ང་རྒྱལ་དེ་ནི་དེ་ལྟ་བུའོ། །དགྲ་ཡིས་གཙོ་བས་འཇིགས་པ་ཞེས་བྱ་བ་ནི། དགྲ་ལས་འཚེ་བའི་འཇིགས་པ་ལས་བྱུང་བ་ནི་དེའི་ཡིན་ནོ། ཉོ་ཙོང་གིས་ལོངས་སྤྱོད་པ་ཞེས་བྱ་བ་ནི་?་ཚོང ་གིས་དེའི་ལོངས་སྤྱོད་དོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་ཤི་བར་མ་གྱུར་ན། ལོ་བཅུ་འདས་མ་ཐག་ཏུ་མ་དང་ཕལ་བསྣུན་པར་བྱེད་དོ། །རྨོངས་ཤིང་སྡིག་པའི་སེམས་དང་ཞེས་བྱ་བ་ནི། ཚིག་གི་འདུ་བྱ་བ་མ་རྙེད་པ་སྟེ། སྡིག་པ་རྣམས་ཁོ་ན་ལ་སྤྱོད་པའི་སེམས་སོ། །འདུས ་པའི་བདག་ཉིད་ཅེས་བྱ་བ་ནི་དན་པའི་གནས་སྐབས་སོ། །རང་གི་རིགས་མཐོ་བར་ཞེས་བྱ་བ་ནི། རང་གི་རིགས་མཐོ་བར་སྐྱེས་པའི་ང་རྒྱལ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །ཁྲིམས་ཀྱི་བསྟན་བཅོས་ཕུན་སུམ་ཚོགས་ཞེས་བྱ་བ་ནི། རྒྱལ་པོའི་བསྟན་བཅོས་ཀྱི་ཕུན་སུམ་ཚོགས་པའོ། ། ་བཟོ་སྣ་ཚོགས་ཀྱི་རིག་པས་ཞེས་བྱ་བ་ནི། བཟོ་སྣ་ཚོགས་ཀྱི་རིག་པ་རྣམས་ཀྱིས་ཡང་ཕུན་སུམ་ཚོགས་པ་ཞེས་བྱ་བ་དང་སྦྱར་རོ། །བློ་དང་ལྡན་པ་ཞེས་བྱ་བ་ནི། བློ་དང་ལྡན་པ་ཉིད་དོ། །ཞེས་བྱ་བའི་དོན་ཏོ། །བྱ་བ་ཐམས་ཅད་ལ་ཡང་ཞིང་ཞེས་བྱ་བ་ནི། བྱ་བ་ཐམས་ཅད་རྣམས་ལ་སྟེ ་ཡང་བ་ནི་མྱུར?་པར་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །བདེ་བ་དང་ལྡན་པ་ཞེས་པ་ནི་ཅུང་ཟད་བདེ་བ་རྙེད་པ་ཞེས་བྱ་བའི་དོན་ཏེ། །རྒྱལ་པོའི་འཆད་པས་བཅད་པའི་བདག་ཉིད་ཅེས་བྱ་བ་ནི། རྒྱལ་པོའི་འཆད་པས་བསྣུན་ཞེས་བྱ་བའི་དོན་ཏོ། །རོལ་མའི་བཟོ་ཞེས་བྱ་བ་ནི་རོལ་མོ་ལ? ་སོགས་པའི། སུམ་ཅུ་རྩ་དྲུག་ཅེས་བྱ་བ་ནི། ལོ་སུམ་ཅུ་དྲུག?་གི་ཚེ་ཞེས་བྱ་བའི་དོནྟོ། །རྟག་ཏུ་སེམས་པའི་བདག་ཉིད་ཅན་ཞེས་བྱ་བ་ནི། རྟག་ཏུ་སེམས་པར་བརྩོན་པའོ། །རང་ལ་ཁྲོ་ཞིང་ཞེས་བྱ་བ་ནི། བདག་ཉིད་ལ་ཁྲོ་བའོ། །ཆུག་མ་དང་བུ་རྣམས་ལ་བརྡུང་བ་ཞེཧས་བྱ་བ ་ནི། ཆུང་མ་དང་བུ་ལ་ཡང་བསྣུན་པ་སྟེ་དེའི་ཆུང་མ་ལ་བུ་སྐྱེས་པ་ཡང་འཆིའོ་ཞེས་བྱ་བའི་དོན་ཏོ། །སེམས་མྱུར་བ་ཞེས་བྱ་བ་ནི་སྦོམ་པོ་མ་ཡིན་པ་?ཆེན་པའོ། །བསམ་པ་གཏིང་རིང་བ་ཞེས་བྱ་བ་ནི་གང་གི་སྡུག་བསྔལ་གྱིས་བསམ་པ་ཤེས་པ་དེ་ནི་དེ་བཞིན་ནོ། །ད་ནི་རཧི ་ཏཱ་ལ་སོགས་པའི་ཉི་མ་རྣམས་ལན་བ་རྣམས་ཀྱི་དགེ་བ་དང་མི་དགེ་བ་བསྟན་པར་བྱའོ། །རོ་ཧི་ཏཱའི་ཉི་མ་ལ་ནད་ཀྱིས་བཏབ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུག་འཇོམས་པ་བསྟན་པར་ཡ་བའི་ཕྱིར་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་ནི་གང་གི ་ཟིན་པའི་འོ། །མངོན་ཞེས་བྱ་བ་ནི། ཀུན་ཏེ་འཆི་བའི་དབང་དུ་གྱུར་པའོ། །དེ་ལུང་ལས་འོངས་པ་སྟེ་འབྱུང་བར་ཤེས་པར་བྱའོ། །གཞན་དུ་ཆོག་གང་གི་སྦྱོར་བ་ཡིས་ཤེས་བྱ་བ་ནི། ཆོ་གར་བྱས་པའོ། །དུག་བསྡུས་པས་ཞེས་བྱ་བ་ནི། དུག་བསྡུ་བ་ཅེན་ཞེས ་བྱ་བའོ། །རྣལ་འབྱོར་གྱིས་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྟེ། ཇི་ལྟར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །དེ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིའོ། །དེའི་ཕྱིར་ཡང་འགྲུབ་པར་ཞེས་བྱ་བ་ནི། བཀྲ་ཤིས་པའི་དངོས་གྲུབ་བོ། །ཚེ་ཞེས་བྱ་བ་ནི ་འཚོ་བའོ། །ནད་མེད་ཅེས་བྱ་བ་ནི། ཁམས་མ་སྙོམས་པ་མེད་པའོ། །དེ་དག་གི་འཕེལ་བ་ནི་རྒྱས་བའོ། །ཇི་ལྟར་འགྱུར་ཞེས་བྱ་བ་འདི་ལའང་སྦྱོར་བར་བྱའོ། །དུག་བསྡུ་བའི་བཀྲ་ཤིས་ཀྱིས་དངོས་གྲུབ་ཀྱི་ཚེ་དང་ནད་མེད་པ་ཇི་ལྟར་འགྱུར་ཞེས་བྱ་བར་བསམས ་བའོ། །ཆུའི་སྦྱིན་སྲེག་ཆོག་ལས་ཞེས་བྱ་བ་ནི། བཀྲ་ཤིས་ལ་སོགས་པའི་དོན་དུ་ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བར་དགོངས་པའོ། །དེ་ཉིད་གསུངས་པ། དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི། ཙནདན་གྱིས་བྱུགས་པའོ་ཀུན་ནས་གྲུ་བཞི་པར། གྲུ་བཞི ་པའི་ཚད་ཀྱི་དཀྱིལ་འཁོར་གྱི་སྟེ་གྲུ་བཞི་པ་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་ཐ་ཚིག་གོ་།དབུས་སུ་ཞི་བའི་ཐབ་ཁུང་གི་རྣམ་པའི་འཇིམ་པའི་དངོས་པོའི་སྣོད་དུ་ཆུ་དང་འདྲེས་པའི་འོ་མས་བཀང་སྟེ་བཞག་པར་བྱའོ། །ཕྱོགས་བརྒྱད་དུ་བུས་པ་བརྒྱད་དྲིའི་ཆུས་བ་གང ་ནས་བཞག་ནས། སྒྲུབ་ཐབས་ཀྱི་རིམ་པས་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པས་དབུ་མའི་སྣོད་ལ་ལག་པ་གཉིས་ཐལ་མོ་སྦྱར་བར་བྱས་ནས། དེ་ནས་ཨོཾ་ཀ་མ་ལཱ་ཡ་སྭཱཧཱ་ཞེས་བརྗོད་པར་བྱའོ། །དེའི་ཕྱག་རྒྱ་བསྟན་པར་བྱ་སྟེ། དེ་ནས་དེ་ལ་པདྨ ་བསྐྱེད་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་གི་ས་བོན་ལས་བསྐྱེད་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ། །ཕྱག་གཡས་པ་དང་གཡོན་པས་རྡོ་རྗེས་མཚན་བའི་དབྱིག་པ་གཉིས་འཛིན་པ། སྒྲུལ་གྱིས་བརྒྱན ་མ། རྡོ་རྗེའི་སྐྱིལ་ཀྲུང་མ། སྟེང་དུ་གདུགས་དཀར་མོ་མར་བསྒོམ་པར་བྱས་ལ། ཡེ་ཤེས་སེམས་མ་གཞུག་ཅིང་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ་།ལག་པ་གཉིས་ཀྱི་ཁུ་ཚུར་གཉིས་བྱས་ནས་རྒྱབ་གཉིས་སྦྱར་ཅིང། སྡིགས་མཛུབ་བཀུག་པ་དག་གིས ་མདུད་པར་བྱའོ་ཞེས་དམ་ཚིག་ལ་གནས་པའི་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་སོ། །ཤར་གྱི་བུམ་པ་ལ་རྡོ་རྗེ་མཁའ་འགྲོ་མ་སུཾ་གི་ས་བོན་ལས་བསྐྱེད་པའོ། །བྱང་དུ་འཇིགས་མ་ཀྵུཾ་གི་ས་བོན་ལས་བསྐྱེད་མའོ། །ནུབ་ཏུ་ངོ་ལངས་མ་ཡུམ་གུ་ས་བོན་ལས་བསྐྱེད་པའོ།། ་ལྷོ་རུ་གདོལ་བ་མོ་ཧཱུཾ་ག་ས་བོན་ལས་བསྐྱེད་མའོ། །དབང་ལྡན་དུ་སེངྒ་མ་སྣའུ?་ཞེས་བྱ་བའི་ས་བོན་ལས་བསྐྱེད་མའོ། །མེ་ལ་སྟག་མོ་ཧམཾ་ཞེས་བྱ་བཱི་ས་བོན་ལས་བསྐྱེད་མའོ། །བདེན་བྲལ་དུ་ཝ་མོ་ཧམཱུཾ་གི་ས་བོན་ལས་བྱུང་མའོ། །རླུང་དུ་བུག་ལ་?་ཀྵྨ?་ཀི་ས་བོན ་ལམ་བསྐྱེད་བའོ། །འདི་དག་ཐམས་ཅད་གོང་མ་ལྟ་བུར་དཀར་མོ་སྦྲུལ་གྱི་བརྒྱན་ལ་སོགས་པ་དང་ལྡན་པའོ་།སོ་སོར་ཕྱག་རྒྱ་ཡུ་དབུལ་བར་བྱའོ། །གཡོན་པའིཁུ་སེུ་སྙིང་གར་བཞག་དུ་ནས་གཡས་པའི་ཁུ་ཚུར་དེའི་སྟེང་དུ་བཞག ་?་ཞེས་བྱ་བ་ནི་ཕྱག་རྒྱའོ། །ོཾ་ཛཱུཾ་ཧཱུཾ་སྭཱཧཱ་ཞེས་བྱ་བའི་སྔགས་སོ། །འདི་ལྟར་ཡང་འདི་འདི་ཀྱི་སྔགས་ལན་འབུམ་ཕྲག་གསུམ་དུ་བཟླས་ནས། སྔོན་གྱི་བསྙེན་པ་བྱའོ། །དེ་ནས་ལས་བརྩམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ་།འདིས་ནི་སྔགས་ཀྱི་མེ ་ཏོག་དཀར་པོ་རྣམས་དུ་?་སང་བས་རྩ་བ་སྭ་སོང་བཅུ་གནས། དེ་ལ་སྔོན་དུ་གསུངས་བའི་ཆུའིསྣོད་དུ་བསྒོམས་པཱི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེའི་ཅོད་པན་ལ་བརྡུང་ཞིང་བསྲེགས་ཟླུགས་བྱའོ། །ཞེས་བྱ་བ་ནི་རྒྱས་པ་ལ་སོགས་པར་འགྱུར་རོ། ་དེ་ཉིད་ཀྱི་ཕྱི་རོལ་གོང་དུ་གསུངས་བའི་གྲུབ་པར་ཞེས་བྱ་བ་ལ་སོགས་བའོ། །དེའི་ཕྱིར་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྩ་བ་ཞེས་བྱ་བ་ནི་འོག་ཏུ་བཅུད་པའོ། །ནག་པོ་ཞེས་བྱ་བ་ནི་མཐིང་ནག་གོ་།སོགས་པའི་སྒྲ་ལས་ནི་མཆུ་འཕྱང་བ་ལ་སོགས་བའོ། །བུམ་པ ་ཞེས་བྱ་བ་ནི་རིགས་ལ་གཅིག་གི་ཚིག་གོ། ཤར་ལ་སོགས་པའི་ཕྱོགས་རྣམས་དང་མཚམས་སུ་ཡང། བུམ་པ་བརྒྱན་དགོད་དོ་ཞེས་བྱ་བའི་དོན་ཏོ། །དིར་གྱུར་པས་ཤེ་ན། ཆུ་ཡིས་ཡོངས་བཀང་བ་ཞེས་གསུངས་པ་ནི། དྲི་ཡི་ཆུ་ཡིས་བཀང་ཞིང་ཡལ་ག་དང་བཅས་བའོ།། ་དབུས་ཀྱི་སྣོད་དུ་འོ་མ་དང་ཆུ་བསྲེས་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཆུ་དང་འོ་མ་ཁོ་ནའོ། །དེ་བཞིན་དུ་ཡང་གསུངས་པ། བུམ་པ་བརྒྱད་པོ་རྣམས་ཀྱི་ནི། །ཕྱོགས་བརྒྱད་དུ་ནི་བཞད་པར་བྱ། །དྲི་ཡི་ཆུས་ནི་བཀའ་བ་ཡིས། །ཡལ་ག་རྣམས་ཀྱིས་རྣམ་པར་བརྒྱན་ཅེའོ། །དེ ་ལ་དབུས་སུ་ཞེས་བྱ་བ་ནི། དེ་རྣམས་ལ། ཤར་ལ་སོགས་པའི་ཕྱོགས་སུ་སྟེ། དབུས་ཀྱི་སྣོད་ལའོ། །ལྷ་མོ་ཞེས་བྱ་བ་ནི་དབུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །ལྷག་མ་ནི་གོ་སླའོ། །པདྨའི་ཕྲེང་བས་རྣམ་བར་སྦྲས་ཞེས་བྱ་བ་ནི། ལྐོག་མ་ནས་འཕྱང་བའི་པདྨའི་ཕྲེང་བ་སྟེ། ལྷ ་མོ་བསམ་ཞེས་བྱ་བ་དང་སྦྱར་རོ། །མཁའ་འགྲོ་མའི་འཁོར་ལོ་སྡོ་ཞེས་བྱ་བ་ནི། ཤར་ཕྱོགས་ལ་སོགས་པའི་བུམ་པ་རྣམས་པ་རིམ་པས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ཚོགས་སོ། །གངས་དང་ཀུན་ད་ཟླ་བ་ཞེས་བྱ་བ་ལ་སོགས་པ་གོང་མ་ལ་ཡང་ངོ། །ཁྲིའི་སྦྱིན་སྲེག་? ་ཚེ་འཕེལ་བར་འགྱུར་རོ། །ནཱ་ག་གེ་སར་གྱི་སྦྱིན་སྲེག་གིས་ནི་ཁྲའི་?་ཀྱིས་ཡུལ་དུ་ཞི་བར་འགྱུར་རོ། །དེ་ལ་ཐབ་ཁུང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྒོམས་ནས། ཆུའི་སྐྱོར་མོ་བརྒྱ་རྩ་བརྒྱད་དབུལ་བར་བྱ་སྟེ། དེ་ནས་རྒྱས་པར་འགྱུར་རོ། །གཏོར་མ་དང་མཆོད་པ་ལ ་སོགས་པོ་ཡང་རང་གིས་ཤེས་པར་བྱའོ། །དུག་གཞོན་པ་ནི་འོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གེང་དུ་ཟིན་པའི་ཡན་ལག་རྣམས་ལ་ས་བོན་བརྒྱད་བསྒོམ་པར་བྱ་བ་རྣམས་སོ། །རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པས་ཟིན་པའི་སྤྱི་བོར་ཀྵུཾ་ངོ། །སྣ་དང་རྣ་བ་དག ་ལ་ཡུཾ་ངོ། །མིག་དག་བ་ཏཱུཾ་ངོ། །ལྐོག་མ་ལ་སུཾ་ངོ། །མགྲིན་པ་ལ་སྨྲཡུཾ?་ངོ། །ཕྲག་པ་གཉིས་ལ་ཧམྲཡུཾ?་ནོ། སྙིང་ལ་ནྣི་ཡམྲཡུཾ་ངོ། །གལ་ཏེ་འདི་རྣམས་ཀྱི་ས་བོན་ཁ་དོག་སྣ་ཚོགས་པ་སྟེ་དུག་འཇོམས་པལ་ནི་དཀར་པོའི་ཁ་དོག་རྣམས་སོ། ། ་ཟིན་པའི་ཡན་ལག་ལ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཞིང་དུག་མེད་པར་བྱའོ། །དུག་སེམས་ཙམ་ཞེས་བྱ་བར་བསམ་ཞིང་རྣལ་འབྱོར་པས་བསམ་གཏན་བྱ་བ་རྣམས་སོ། །དེའི་ཡང་སྙིང་ལ་པདྨ་དཀར་པོར་བདུད་རྩིའི་ཆར་འབབ་པ་གནས་པར ་བསམ་པར་བྱའོ། །དེ་ནས་འོ་མ་དན་བསྲེས་པའི་ཆས་བཀང་བའི་བུམ་པའི་ནང་དུ་པདྨ་དཀར་པོ་འདབ་མ་བགྱད་པའོ། །དེའི་བྲེ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ་སུམ་ཡང་སུ་གྱུར་པ་གདུགས་དཀར་པོ་དང། སྦྲུལ་གྱི་བརྒྱན་དང། སེམས ་དཔའ་ཨི་སྐྱིལ་ཀྲུང་གིས་གནས་མ། ཕྱག་གཉིས་ཀྱིས་ཁ་ཊཝཱཾ་ག་དང་ཐོད་པ་འཛིན་པ། པདྨའི་འདབ་མ་ལ་གནས་པའི་ཀླུ་རྣམས་ཀྱི་ལུས་རྣམས་ཟླ་བའི་འོག་ཏུ་ཞུགས་པའི་མགོ་བོ་ར་ཨམས་མཉམ་པར་མནན་ཅིང་བཞུགས་པར་བསམ་པར་བྱའོ། །དེ་ལ་ཤར་དུ་ནོར་རྒྱས ་དཀར་པོའོ། །བྱང་དུ་འཇོག་པོ་སེར་པའོ། །ནུབ་ཏུ་སྟོབས་ཀྱི་རྒྱུ་དམར་པོའོ། །ལྷོ་དུ་པདྨ་ནག་པོའོ། །དབང་ལྡན་དུ་པདྨ་ཆེན་པོ་ནག་སེར་རོ། །མེ་ལ་དུང་སྐྱོང་དཀར་ནག་གོ་།བདེན་བྲལ་དུ་རིགས་ལྡན་སྐྱོད་བ་དམར་ནག་གོ་དྲུང་དུ་ཧུ་ལུནད?་ཀ་དམར་སེར་པོ ་དེ་ལ་མཆོད་པ་ལ་སོགས་པ་བྱ་ཞིང། ཨོཾ་ཧྲཱི(རྒྱུད་འགྲེལ་པའི་འཐིལ་དུ་བྱ་བ་ཅིང་བྱ་བ་ཅིང་དུས?་བདེ་ལ་འདོར་བར་བྱའོ། །གང་གི་ཆོ་འོ་མ་ནག་པོར་གྱུར་པ་དེའི་ཚེ། མེ་ཏོག་དཀར་པོ་དང་ཡུངས་ཀར་དཀར་པོ་དང། ཙན་དན་དཀར་པོ་ལ་སྔགས་ཐམས་ཅད་རྣམས་ཀྱིས་མངོན་པར་བསྔགས་དེ་རྣམས་ཀྱིས་ཟིན་པའི་སྙིང་ཁར ་བརྡེག་པར་བྱའོ། །བྱུག་པའི་དུས་སུ་འདི་ལྟར་ནང་དུ་བཞུག་པར་བྱས་ཏེ། ཨོཾ་བཱ་སུ་ཀི་ཧྲི(རྒྱུད་འགྲེལ་ལམ་ནག་པོ་ལ་ཞེS་བྱ་བ་?་སོ། །ཡང་ནི་བདུག་པས་?་པར་བྱ་ཞེས་བྱ་བ་ནི། ཡུངས་ཀར་དཀར་པོ་ལ་སྒས་པས་འབེབས་པན་དེ་ནས་གཡོ་བ་དང། མིག་ཕྱེད་པ་དང། ལག་པ་ལ་སོགས་པར་དར་བ་སྟེ། དེ་ནས་ཧཱུམ་གིས་རྣམ་པར་ཤེས་པ་རེངས ་པར་བྱའོ། །འདིས་ནི་དུག་མེད་པར་འགྱུར་རོ། །རིམ་པ་དང་ནི་རིམ་པས་བྱ་ཞེས་བྱ་བ་ལ་སོགས་པས་ནི། ཟླ་བ་དང་ཟླ་བ་དང་ཉིན་མཚན་ལ་དབྱུ་གུ་ངེས་པར་བརྩམས་ཏེ། རོ་ཧི་ཏྲ?་ལ་སོགས་པའི་སྒྲའི་ཚིག་རྣམས་དགུན་ཐཱ་འབྲིད་པོ་ལ་སོགས་པའི་ཟླ་བ་རྣམས་ཀྱི་རིམ་པ ་དང། རིམ་པས་མཚན་པའི་དབྱུ་གུ་བགྲང་བར་བྱའོ། །ཇི་ལྟར་དུས་ལ་ཞེས་བྱ་བ་ནི། དུས་དང་དུས་ལ་འདི་ནི་དུས་ཚོད་ཅེས་བྱ་བའི་དོན་ཏོ། །དགུན་ཟླ་འབྲིང་སོགས་རིམ་པ་ཡིས་ཞེས་བྱ་བའི་ཚིག་ནི། དགུན་ཟླ་འབྲིང་པོ་ལ་སོགས་པའི་གོ་རིམས་མོ། །བྱང་དུ་འགྲོ་བའི་དུས ་ཞེས་བྱ་བ་ནི་བཅེས་བྱ་བའི་དོན་ཏེ། །དེ་ཉིད་ནི་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སྦའོ། །བརྒྱད་ཅེས་བྱ་བ་ནི་དབྱུ་གུ་བརྒྱད་དོ། །ཉི་མ་དག་གིས་ཞེས་བྱ་བ་ནི། ཉི་མའི་འོ། །གཉིས་གཅིག་གིས་ཞེས་བྱ་བ་ནི་དབྱུ་གུ་གཉིས་སོ། །མི་མཉམ་ནང་དུ་ཞེས་བྱ་བ་ནི། ་དཔྱིད?་ཟླ་འབྲིང་པོའི་ཉིན་མཚན་མཉམ་མོ་ཞེས་བྱ་བའི་དོན་ཏོ། །མི་མཉམ་ནང་དུ་དེ་བཞིན་གཉིས་ཞེས་བྱ་བ་ནི། སྟོན་ཟླ་འབྲིང་པོ་ལ་འང་ཉིན་མཚན་མཉམ་མོ་ཞེས་བྱ་བའི་དོན་ཏོ། །དབྱུ་གུ་གཅིག་ལ་དབུགས་ཀྱི་ངེས་པ་གསུངས་པ། བརྒྱ་ཞེས་བྱ་བ་ལ་སོགས ་པ་ལ་དབྱུ་གུ་གཅིག་ལ་དབུགས་སུམ་བརྒྱ་དང་དྲུག་ཅུ་ལྷག་བའོ། །བུམ་བུས་དབུགས་ནི་ཆུ་ཚོད་ལྟར་ཞེས་བྱ་བ་ནི། ཕུམ་བུ་གཅིག་ལ་དབུགས་ཇི་ལྟ་བ་དེ་བཞིན་དུ་ཕྱིན་མའི་ཕུམ་བུ་ལ་ཡང་དབུགས་འདི་རྣམས་ཞེས་བྱ་བའི་?་ཏེ། ཉིན་མཚན་ལ་ཕུམ་བུ་དྲུག་ཅུ་དྲུག? ་གི་གྲངས་སོ། །དེ་ཉིད་ནི་ཕུམ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་རྣམས་ནི་བཤད་ཟིན་པ་དང་འདྲའོ། །ཕུམ་བུ་ལ་དབུགས་རྣམས་ཀྱི་གང་གི་གང་སྟེ་དེ་དང་པོར་རབ་ཅེས་བྱ་བའི་དོན་ཏོ། །རིམ་པས་འཕེལ་བ་དང་ཞེས་བྱ་བ་ནི། ་དབུགས་རྣམས་ཀྱི་གང་བ་ཞེས་བྱ་བའི་དོན་ཏོ། །འགྲིབ་པ་ཅན་ནི། དབུགས་ཀྱི་ཞེས་བྱ་བ་ན་དབུགས་རྣམས་ཀྱི་ཇི་ལྟར་རིགས་པ་རྣམས་ཀྱི་འགྲིབ་པའོ། །རིམ་པས་གཟུང་བ་ཞེས་བྱ་བ་ནི། རིམ་པས་ཞེས་པའོ། །ལས་དང་ཞེས་བྱ་བ་ནི་ཚེའི་འོ། །ལས་མིན་ཞེས ་བྱ་བ་ནི། མི་གནས་པའི་ལས་ཡིན་ན་ཨོ། །ཇི་ལྟར་དབུགས་ཀྱི་འགྲིབ་པ་ཤེས་པར་འགྱུར། །ཇི་ལྟར་ཡང་ཚེ་མི་གནས་པར་འགྱུར་ཞེ་ན། ཁྱད་པར་ལས་ཤེས་གསུངས་པ་ནི། འདི་ན་ཉི་མ་དང་ཟླ་བ་དང་ལོའི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་བརྟག་པ་ནི་དེ་བཞིན་དུ་ཡང ་ཕན་ཚུན་གྱི་ནི་དངོས་པོ་ཡིས་།ཐིག་སྐུད་གཉིས་གཉིས་སྦྱོར་བ་ལས། །རེའུ་མིག་དགུ་པོ་རྣམས་སུ་འགྱུར། །ཕྱི་ནས་རེའུ་མིག་དབུ་མའི་མཐར། །བརྩམས་ནས་ཕྱོགས་བྲལ་ཐམས་ཅད་དུ། །རི་མོ་རྣམས་ནི་བྲི་བར་བྱ། །མཛའ་རུ་རི་མོ་ཟླུམ་པོ་དག་།དེ་ཡི་དབུས་སུ་གཞན ་?་ཡང། །ཇི་ལྟར་འཁོར་ལོ་འཕར་མ་གསུམ། །དེ་ལ་ཕྱི་རོལ་གྱི་འཕར་མའི་རེའུ་མིག་དང་པོ་ལ་ལྔའོ། །གཉིས་པ་ལ་ནི་བཅུའོ། །གསུམ་པ་ལ་ནི་བཅོ་ལྔའོ། །བཞི་པ་ལ་ནི་ཉི་ཤུའོ་།ལྔ་པ་ལ་ནི་ཉི་ཤུ་རྩ་ལྔའོ། །དྲུག་པ་ལ་ནི་ཉི་ཤུ་རྩ་དྲུག་གོ་།བདུན་པ་ལ་ནི་ཉི་ཤུ ་རྩ་བདུན་ནོ། །བརྒྱད་པ་ལ་ནི་ཉི་ཤུ་རྩ་བརྒྱད་དོ། །དགུ་པ་ལ་ནི་ཉི་ཤུ་རྩ་དགུའོ། །བཅུ་པ་ལ་ནི་སུམ་ཅུའོ། །བཅུ་གཅིག་པ་ལ་ནི་སུམ་ཅུ་རྩ་གཅིག་གོ་།བཅུ་གཉིས་པ་ལ་ནི་སུམ་ཅུ་རྩ་གཉིས་སོ། །དབུས་སུ་ནི་སུམ་ཅུ་རྩ་གསུམ་མོ། །འཕར་མ་གཉིས་ཕའི་རེའུ་མིག་དང ་པོ་ལ་ནི་གསུམ་མོ། །གཉིས་པས་ནི་གཉིས་སོ། །གསུམ་པ་ལ་ནི་གཅིག་གོ་བཞི་པ་ལ་ནི་དྲུག་གོ་།ལྔ་པ་ལ་ནི་གསུམ་མོ། །དྲུག་པ་ལ་ནི་གཉིས་སོ། །བདུན་པ་ལ་ནི་གཅིག་གོ། །བརྒྱད་པ་ལ་ནི་བཅོ་ལྔའོ། །དགུ་པ་ལ་ནི་བཅུའོ། །བཅུ་པ་ལ་ནི་ལྔའོ། །བཅུ་གཅིག་པ ་ལ་ནི་གསུམ་མོ། །བཅུ་གཉིས་པ་ནི་གཉིས་སོ། །དབུས་སུ་ནི་གཅིག་གོ་།ཇི་སྲིད་དུ་ཉི་མ་ལྔ་རྣམས་ལ་ནི་དབུགས་ཕྱིར་ལོག་ན། ལོ་གསུམ་གྱི་བར་དུ་འཚོའོ། །དེ་བཞིན་དུ་ཉི་མ་བཅུ་ལ་ནི་ལོ་བཅུ་གཉིས་ཀྱི་བར་དུའོ། །དེ་བཞིན་དུ་ཉི་མ་བཅོ་ལྔ་ལ་ནི ་ལོ་གཅིག་གི་བར་དུའོ། །ཉི་མ་ཉི་ཤུ་ལ་ནི་ཟླ་བ་དྲུག་གི་བར་དུའོ། །ཉི་མ་ཉི་ཤུ་རྩ་ལྔ་རྣམས་ལ་ནི་ཟླ་བ་གསུམ་གྱི་བར་དུའོ། །ཉི་མ་ཉི་ཤུ་རྩ་དྲུག་རྣམས་ལ་ནི་ཟླ་བ་གཉིས་ཀྱི་བར་དུའོ། །ཉི་མ་ཉི་ཤུ་རྩ་བདུན་ལ་ནི་ཟླ་བ་གཅིག་གི་བར་དུའོ། །ཉི་མ་ཉི་ཤུ་བརྒྱད ་ལ་ནི་ཉི་མ་བཅོ་ལྔའི་བར་དུའོ། །ཉི་མ་ཉི་ཤུ་རྩ་དགུ་རྣམས་ལ་ནི། ཉི་མ་བཅུའི་བར་དུའོ། །ཉི་མ་སུམ་ཅུ་རྣམས་ལ་ནི་ཉི་མ་ལྔའི་བར་དུའོ། །ཉི་མ་སུམ་ཅུ་རྩ་གཅིག་རྣམས་ལ་ནི། ཉི་མ་གསུམ་གྱི་བར་དུའོ། །ཉི་མ་སུམ་ཅུ་རྩ་གཉིས་རྣམས་ལ་རྟི?་ཉི་མ་གཉིས ་གྱི་བར་དུའོ་།ཉི་མ་སུམ་ཅུ་རྩ་གསུམ་རྣམས་ལ་ནི། ཉི་མ་གཅིག་གི་མཛའ་རུའོ། །ལྔ་ལས་ཞེས་བྱ་བ་ལ་སོགས་པས་ནི་ཕྱི་ནས་འདིའི་དོན་ཁྱད་པར་དུ་རྟོགས་པར་བྱའོ། །བར་གྱི་ཉི་མ་རྣམས་ལ་ཡང་དེ་ཉིད་དུ་ཤེས་པར་བྱའོ། །དེ་ནི་ཡང་དབུགས ་ཀྱི་གྲངས་ཀྱིས་ངེས་པར་གསུངས་པ། མཁའ་འགྲོ་ཞེས་བྱ་བ་ལ་སོགས་བ་ལ། མཁའ་ཨི་སྒྲས་ནི་ཉི་ཤུ་རྩ་བཞིའོ། །འགྲོ་བའི་སྒས་ནི་དྲུག་གོ་།གཉིས་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་དང་དྲུག་གི་མཚན་མ་གཉིས་སོ། །དུས་བྱས་ལ་ཞེས་བྱ་བ་ནི་དྲག ་མཚན་མ་གཟུང་ནས་བརྩི་བར་བྱའོ་ཞེས་བྱ་བར་དགོངས་སོ། །འགྲོ་གཉིས་གསུམ་གྱིས་མཚན་པར་བྱ་ཞེས་བྱ་བ་ནི། ཉི་ཤུ་རྩ་བཞིའི་མཚན་མ་དང། དྲུག་གཉིས་ཀྱི་མཚན་མ་ཡང་གཅིག་ཏུ་བྱས་ནས་སུམ་ཅུ་རྩ་དྲུག་གི་མཚན་མ་བྱའོ། །དེ་ཆ་གཉིས ་ཀྱི་མཚན་མ་བྱས་ནས། དེའི་ཕྱིར་བཅོ་བརྒྱད་གཉིས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏེ། །གཉིས་ཀྱི་བཅུ་འགྱུར་བྱས་ནས་ནི་ཞེས་བྱ་བ་ནི། དེ་གཉིས་བཅུ་འགྱུར་དུ་བྱས་བརྩི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་བརྒྱད་ཅུ་ལྷག་པ་དང་བརྒྱད་ཅུ་ལྷག་པར ་གྱུར་པ་ནི་ཉེས་བརྒྱར་འགྱུར་ཏེ། དེ་ནས་བརྒྱའི་མཚན་མ་གཉིས་གཅིག་ཏུ་བྱ་བ?་ནས་བཅུའི་ཆ་ལོགས་སུ་བྱས་ཤིང་བརྒྱད་ཀྱི་མཚན་མ་གཉིས་བཅུ་དྲུག་གི་མཚན་པར་བྱའོ། །དེ་ནས་འོག་གི་ཐིག་ལེ་དང་སྟེང་གི་ཐིག་ལེ་ངོས་སུ ་སྦྱིན་པར་བྱའོ། །དེ་བས་ན་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང་དྲུག་བརྒྱ་རྣམས་ལོ་གཅིག་ལ་བུམ་བུར་འགྱུར་རོ། །དེའི་མཚན་མས་སྦྱར་བར་བྱ་ཞེས་བྱ་བ་ནི་དེའི་མཚན་མས་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པའི་མཚན་མས་སྦྱར ་པར་བྱའོ། །གང་ལས་ཤེ་ན། ཉིན་དང་མཚན་མོས་དབུགས་འབྱུང་བ་ཞེས་གསུངས་པ་ནི། ཉིན་མཚན་གྱི་དབུགས་འབྱིན་པ་རྣམས་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་ཀྱིས་ལོའི་ཕུམ་བུ་དེ་སྲིད་དུ་ཉིན་དང་མཚན་གྱི་དབུགས་ཞེས་བྱ་པའི་དོན་ཏོ། །ངག་གི ་དབང་ཕྱུག་གཟུང་ནས་ནི་ཞེས་བྱ་བ་ནི། འབྲི་བའི་ངག་གི་དབྱངས་བླངས་པའོ། །དེ་རྣམས་ཀྱི་དབྱངས་ཀྱི་མཚན་པ་རྣམས་ཀྱིས་གཞག་ཅེས་བྱ་བ་ནི་དེ་རྣཾས་དྲུག་འགྱུར་ཏུ་བྱས་ཏེ། དྲུག་འགྱུར་དུ་བྱས་པའི་མཚན་མའི་གང་ཞིག་གོང?་གི་ཚན?་ནི་སུམ་འགྱུར་དུ ་བྱ་བའོ། །འདི་ལ་ཡང་སུམ་བརྒྱ་དང་དྲུག་ཅུ་ལྟག་པ་གཞུག་པར་བྱས་ཏེ། བཅུ་གཉིས་ཀྱི་མཚན་མས་ཆ་ལ་ཕྲི་བ་ན། གང་ཞིག་ལྷག་མར་གྱུར་པ་དེའི་མཚན་མའི་དབྱངས་ཀྱི་རྫེས་སུ་བསྔགས་པར་འགྱུར་རོ། ཡང་ན་གང་ཞིག་གི་དག་གི ་དབྱངས་གཟུང་བ་དེ་རྣམས་ཀྱི་སུམ་འགྱུར་དུ་བྱ་སྟེ་།ཡང་དྲུག་འགྱུར་གྱི་གོང་མའི་ཆ་ནི་མ་ཡིན་ནོ། །ལྷག་མ་ནི་གོང་མ་བཞིན་ནོ། །དྲུག་འགྱུར་མཚན་མས་ཞེས་བྱ་བ་ལ་སོགས་པས་ནི། ངེས་འདི་དགང་བར་བྱའོ། །སའི་དབང་ཕྱུག་མངོན་པར་གཞག ་ཅེས་བྱ་བ་ལ། ས་རྣམས་ནི་རེའུ་མིག་བཅུ་གཉིས་པོ་རྣམས་སོ། དེ་ལ་དབང་ཕྱུག་ནི་ཨ་ལ་སོགས་པ་སྟེ་དབྱངས་བཅུ་གཉིས་སོ། །དེའི་ཕྱིར་གསུངས་པ། མ་ནིང་གཉིས་ཀྱི་རྣམས་སྤངས་ནས་ཞེས་བྱ་བ་ནི། མ་ནིང་རྣམས་ཀྱི་རི་རཱི་ལི་ལཱི་ཞེས ་བྱ་བའི་དབྱངས་རྣམས་གྱིའོ། །གཉིས་ཀྱི་རྣམས་ཞེས་བྱ་བ་ནི་གཉིས་དག་གོ་།སྤངས་བ་ནི་སྤངས་པ་རྣམས་སོ། །དབྱངས་རྣམས་གཞག་ཅེས་བྱ་བ་གོང་མ་དང་སྦྱར་རོ། ། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲུག་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཤད ་དྲིན་ཏོ། །སའི་སྒྲས་ནི་བཅུ་གཉིས་ཀྱི་མཚན་མའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་རང་འདོད་པའི་ལྟའི་སྔགས་ཀྱིས་ཁ་རི་ལ་མངོན་པར་སྔགས་ནས་བ་ལང་གི་གཅིན་རྣམ་པས་ཇི་སྲིད་དུ་སེམས་མི་ངལ་བ་དེ་སྲིད་དུ་རི་མོ?་དྲན་པར་བྱའོ། །དེའི་སྟེང་གི་རྩེ ་མོའི་ཚོགས་བགྲང་བའི་མཐར་གང་ཞིག་དབྱངས་སུ་གྱུར་པ་དེའི་སྔགས་པ་ཡིན་ནོ། །དབྱངས་སོགས་ཞེས་བྱ་བ་ནི་དབྱངས་ལས་འདི་ལ་སོགས་པའི་སྔགས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་འབྲི་བ་པོའི་ལག་པས་མེ་ཏོག་བྱིན ་པ་གང་གི་དབྱངས་ཀྱི་གནས་སུ་ལྟུང་བའི་མེ་ཏོག་དེའི་བསྔགས་པར་འགྱུར་རོ་ཞེས་བྱ་བར་བསྟན་པར་བྱའོ། །ད་བཞིན་ལ་སོགས་ཞེས་བྱ་བ་ནི། དགེ་བ་ལ་སོགས་པའོ། །ཡང་ན་བསྟན་པར་བྱ་ཞེས་བྱ་བ་ནི། རོ་ཉི་ཁཱ་ལ་སོགས་པའི་སྐད་ཅིག་རྣམས་ལ། འདི་བའི ་དགེ་བ་དང་མི་དགེ་བ་ལ་གོང་དུ་གསུངས་པའི་རིམ་པས་བསྟན་པར་བྱ་བཞེས་གོ་བར་བྱའོ། །གང་ལ་ཞེ་ན། སྦྱོར་བའི་བསྟན་བཅོས་ཞེས་བྱ་བ་ནི། སྔགས་ཀྱི་ཚུལ་ཏེ་དེ་ལྷ་མཁས་པའོ། །འདི་དག་ཐམས་ཅད་སྔོན་དུ་གསུངས་པས་བརྩིས་པས་སྔ་པ་ནས ་དབྱུ་གུ་གསུམ་དུ་བལྟ་བར་བྱ་བ་ནི། ཉི་མ་ཤར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩི་བ་པོ་ཡིས་ཞེས་བྱ་བ་ནི། བརྩི་བ་པོའི་གྲངས་ཞེས་བྱ་བར་དགོངས་པའོ། །སེམས་སྐྱེད་པ་ཞེས་བྱ་བ་ལ་སོཌ་པས་ནི། སེམས་ཀྱི་རང་བཞིན་གསུངས་སོ། །ས་ནི་ཞེས་བྱ་བ་ནི། རེའུ་མིག ་བཅུ་གཉིས་པ་རྣམས་ལ། ལག་བས་བྱིན་པ་ལས་སེམས་བསྐྱེད་པ་ཤེས་པར་བྱའོ། །དེ་ཉིད་གསུངས་པ། བདག་བསམ་ཞེས་བྱ་བ་ནི། རོ་ཧི་ཏཱ་ལ་སོགས་པའི་སྐང་ཅིག་མ་རྣམས་ལ་ཡང་འདྲི་བ་ན་འདི་ཐམས་ཅད་ཤེས་པར་བལྟ་བར་བྱའོ། །རོ་ཧི་ཏཱ་ལ་ནོར ་རྒྱས་བུ་ཞེས་བྱ་བ་ལ་སོགས་པས་ནི། ནོར་རྒྱས་ཀྱི་བུ་ལ་སོགས་པའང། རོ་ཧི་ཏཱ་ལ་སོགས་བར་བརྗོད་དོ་ཞེས་རྟོགས་པར་བྱའོ། །ས་ལ་ཆར་འབེབས་ཏི་ཞེས་བྱ་བ་ལ། །ས་བཅུ་གཉིས་རྣམས་ནི་རེའུ་མིག་བཅུ་གཉིས་རྣམས་སོ། །ས་ནི ་རབ་ཏུ་དགའ་བ་ལ་སོགས་པ་དང། མོས་པ་ཡང་སྤྱོད་པའི་ས་དང། སངས་རྒྱས་ཀྱིས་ངང་ལྷན་ཅིག་ས་བཅུ་གཉིས་ལ་ཡང་རོ་ཧི་ཏཱ་ལ་སོགས་པར་བརྗོད་དོ། །ཆར་འབེབས་ཞེས་བྱ་བ་ན་ཟླ་བ་བཅུ་གཉིས་ཏེ་དེ་འང་དེ་བཞིན་ནོ། །འདི་དག་བཅུ་གཉིས་ཞེས་བྱ་བ ་ནི། འདི་རྣམས་ནི་རེའུ་མིག་བཅུ་གཉིས་རྣམས་སོ། །རྟེན་ཅིང་འབྲེལ་འབྱུང་རང་བཞིན་ལས་ཤེས་བྱ་བ་ནི། མ་རིག་པ་ལ་སོགས་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལས་ཞེས་བྱ་བའི་དོན་ཏོ། །དེ་སྐད་ས་ནི་མཉམ་ཞེས་བྱ་བ་ནི། མོས་པར་སྦྱོད་བའི་ས ་ནི་རོ་ཧི་ཏཱའོ། །རབ་ཏུ་དགའ་བ་ནི་གཏི་མུག་གོ། དྲི་མ་མེད་པ་ནི་བཟང་བོའོ། །འོད་བྱེད་པ་ནི་གླང་ངོ། །འོད་འཕྲོ་བ་ཅན་ནི་རུས་སྤལ་ལོ། །སྤྱད་དཀའ་བ་ནི་ཆུ་སྲིན་ནོ། །མངོན་དུ་གྱུར་བ་ནི་རཎྜཱའོ། །རིང་དུ་སོར་བ་ནི་མི་ཀི་རའོ། །མི་གཡོ་བ་ནི་འབྱེད་མའོ། །ལེགས ་པའི་བློ་གྲོས་ནི་བྱཱ་ཀུ་ལིའོ། །ཆོས་ཀྱི་སྤྲིན་ནི་རྨི་ལམ་མོ། །སངས་རྒྱས་ཀྱི་ནི་འདོད་པའོ། །འདི་སྐད་དུ་ནོར་རྒྱས་ལ་སོགས་པའི་གནས་སུ། ཕོ་ཉས་རེག་ན་དགེ་བ་དང། མི་དགེ་བཤེས་པ་དང། དུག་འཇོམས་པན་འཇུག་པ་འམ་ལྡོག་པར་བྱེད་པའོ། །དེ་ནས ་དུས་ཀྱི་འགྲོ་བཤད་པ་ཞེས་བྱ་བ་ནི། དགའ་བ་ལ་སོགས་པའི་དུས་ཤེས་པའོ། །དེའི་ཕྱིར་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པ་ནི། དགའ་བ་བདེ་བ་ཅུང་ཟད་དེ། མཆོག་ཏུ་དགའ་བ་དེ་ལས་ལྷག་དགའ་བྲལ་དགའ་བ་ཆགས་བྲལ་ཡིན། ། ་ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། ཅེའོ། ཚིགས་བཅད་ཀྱི་དོན་གྱིས། །བླ་མས་ཉེ་བར་བསྟན་པས་གོ་སླའོ། །སྐད་ཅིག་མ་ཉིད་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་དང། རྣམ་པར་སྨིན་པ་དང། རྣམ་པར་ཉེད་པ་དང། མཚན་ཉིད་དང་བྲལ་བའི་ངོ་བོའི་མཚན ་ཉིད་དོ། །འབྲས་བུ་ཞེས་བྱ་བ་ནི་རྒྱུ་མཐུན་པ་དང། རྣམ་པར་སྨིན་པ་དང། སྐྱེས་བུ་བྱེད་བ་དང། དྲི་མ་མེད་པའི་འབྲས་བུ་རྣམས་སོ། །ཡན་ལག་ཅེས་བྱ་བ་ནི་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དམ། རྣལ་འབྱོར་ཆེན་པོའི་མཚན་ཉིད་རྣམས་སོ།། ་འགྲོ་བ་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བའི་བསྙེན་པ་དང། སྒྲུབ་པ་འམ་སྒྲུབ་པ་ཆེན་པོའི་མཚན་ཉིད་རྣམས་སོ། །སུམ་འགྱུར་བསྒྱུར་བ་ནི། ཐམས་ཅད་ཅེས་བྱ་བ་ནི་སྙིང་སྟོབས་དང། རྡུལ་དང་མུན་པ་རྣམས་སུམ་འགྱུར་རོ། །དེ་རྣམས་ཀྱི་བསྒྱུར་བ་ནི་དེ་རྣམས་ཀྱིས་རྣམ ་པར་གཞག་པའོ། །དགའ་བ་ལ་སོགས་པ་གསུམ་གྱི་རྐང་པ་དགང་བ་ཡང་རྐང་པ་བཞི་པའི་ཆས་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོས་དགང་ཞིང་བསྐྱེད་པའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དགའ་བ་ལ་སོགས་པ་རྣམས་ཀྱི་རིམ་པ་ལས་བྱུང་བས། ལྷན་ཅིག ་སྐྱེས་པའི་དགའ་བ་སྐྱེ་བར་འགྱུར་རོ། །ཞེས་བྱ་བར་དགོངས་པའོ། །མདུང་པ་ཞེས་བྱ་བ་ནི། རླུང་འཕོ་བ་ན་སྨིན་མའི་ནང་དུ་སོན་བའི་རྩ་ཕྱེ་བའོ། །འབྱུང་བ་ཉིད་ཅེས་བྱ་བ་ནི་རླུང་འཕོ་བ་ཉིད་དོ། །དུས་ནི་འདི་དག་ཅེས་བྱ་བ་ནི་དགའ་བ་སོགས་པ་འབྱུང་བའི་དུས་དང། རྣམ ་པ་སྣ་ཚོགས་པའི་མཚན་ཉིད་དང། རྩ་ཕྱེ་བའི་དུས་དང། རླུང་འཕོ་བའི་མཚན་ཉིད་ཀྱི་དུས་སུ་བཤད་པ་ན། གང་ཞིག་དགའ་བ་ལ་སོགས་པ་བསྒྲགས་པ་དེའི་གནས་སྐབས་སུ་འོད་བར་བལྟ་བར་བྱའོ། །རོ་ཧི་ཏཱ་ལ་སོགས་པ་རྣམས་ལ་བྱ་བ་བསྟན་པ་གསུངས་པ། ་ཆད་པ་ཞེས་བྱ་བ་ལ་སོགས་པ་ནི། རྒྱལ་པོ་ལ་སོགས་པའི་སྤྱན་སྔ་ནས་གདུང་བ་དང། ཆད་པ་ནི་འདུལ་བའོ། །བར་ཆད་ཅེས་བྱ་བ་ནི་ཚོགས་ཀྱི་ཁྱད་པར་རོ། །གཟའ་ནི་ཉི་མ་ལ་སོགས་པ་འགལ་བར་འཇུག་པའོ། །འདི་རྣམས་ཀྱི་བཟློག་པའི་ཆོ་ག་ལ་འདུག? ་པ་ན་རོ་ཧི་ཏཱ་ལ་སོགས་པ་རྣམས་ལ་དགེ་བ་དང། མི་དགེ་བ་ཤེས་པར་བྱ་བའི་ཕྱིར་དང། ཕྱི་མ་ལ་ཡང་བྱ་བ་ཁོ་ནའོ། །གཟེར་ནང་དགྲ་ལ་ལྟུང་བ་དང་ཞེས་བྱ་བ་ནི། དེ་དེ་ཞེས་བྱ་བར་དགོངས་སོ། །ལྟོ་འཕྱེའི་ལྟོ་བ་བརྐོ་བ་ཞེས་བྱ་བ་ནི། ལྟོ་འཕྱེའི་ལྟོ་བ་ནི་རྐང་འོག ་གོ། དེ་བརྐོས་པ་ནི་རྫིང་བུ་ལ་སོགས་པའོ། །ཁྱིམ་གྱི་ཚང་དང་ཞེས་བྱ་བ་ནི། ཁྱིམ་རྩོམ་པའོ། །འགྲོ་བའི་སྦྱོར་བའི་ཆ་དང་ནི་ཞེས་བྱ་བ་ལ་འགྲོ་བ་ནི་རྒྱུ་བའོ། །སྦྱོར་བ་ཞེས་བྱ་བ་ནི་སྨན་ནོ། །ཆ་ཞེས་བྱ་བ་ནི་དོན་གྱི་སྐལ་པའོ། །ཚེ ་དང་ནང་མེད་འཕེལ་བ་ཞེས་བྱ་བ་ནི། ཆུའི་སྦྱིན་སྲེག་ལ་སོགས་པའོ། །འབྲུ་གདབ་པ་ཞེས་བྱ་བ་ནི། ས་བོན་གཞུག་པའོ། །ཕྱུགས་ཀྱི་འདུལ་བ་ཞེས་བྱ་བ་ནི། བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པར་བྱེད་པ་ཚར་བཅད་པའོ། །བྲལ་བ་རྗེས ་སུ་འབྲེང་བ་ཞེས་བྱ་བ་ནི། བྲལ་བ་རྗེས་སུ་འབྲང་བ་སྟེ། ཤི་བ་ཡང་འཚེ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་པོ་ཉིད་དོ། །རྙེད་པ་སྤངས་ཞེས་བྱ་བ་ནི། འཇིག་རྟེན་འདིའི་རྙེད་པ་སྤངས་པའོ། །དེ་ཅི་ཞེ་ན། ཡིད་འབྱུང་བ་ཞེས་བྱ་བ ་གསུངས་ཏེ། ཡིད་ཀྱི་འབྱུང་བ་ནི་ཡིད་ཤད་བའོ། །འདོང་རིས་ཀྱི་ཕྱིར་འདུས་པ་དང་མ་ནིང་ཁོ་ན་སྟེ། དེ་ཡང་ཏིང་ངེ་འཛིན་ནོ། །མ་རུངས་པ་ཡིས་འཐབ་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པ་ཉིད་དོ། །ཕུང་པོ་སྡོང་བུ་ཞེས་བྱ་བ་ནི། བརྐོས་པའི་ལམ་གྱི་དོན་གྱི ་སྡོངས་བུ་འདི་ཕུང་བོའི་སྡོང་བུའོ། །དུས་ཀྱི་སྐད་ཅིག་ཉི་མ་ཉིད་ཅེས་བྱ་བ་ནི། དུས་ཀྱི་ཉི་མའི་དུས་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་བྱ་བ་རྣམས་ནི་རོ་ཧི་ཏཱ་ལ་སོགས་པའི་ཉི་མར?་སོགས་པ་རྣམས་ལ་བྱའོ་ཞེས་བསྟན་པའི་ཕྱིར། ཉི་མའི་དབྱེ་བས་ཉི་མ ་རྣམས་ཞེས?་གསུངས་ཏེ། རོ་ཧི་ཏཱ་ལ་སོགས་པའི་ཉི་མ་སོགས་པའི་དབྱེ་བ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །བཅུད་ཀྱིས་ལེན་ཞེས་བྱ་བ་ནི་ལུས་ཀྱི་ཚེ་རྒྱས་པའི་སྨན་ཀྱིས་སོ། །གཉིས་ཀྱི་བཅུད་ཅེས་བྱ་བ་ནི། གཉིས་ཀྱི་བཅུད་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ་ཅིའི་དོན་དུ་ཞེ་ན། ལས་ཀྱི་རྣམ་སྨིན་ལས་ཞེས་བྱ་བ་གསུངས་པ་ནི། འབྲས་བུའི་དོན་ནོ་ཞེས་བྱ་བའི་དོན་ཏོ། །གང་ངག་གི་གཉིས་ཀྱི་བཅུང་ཅེ་ན། སེམས་ཀྱི་འཕེལ་བ་མཉམ་པ་ཉིད། །སྲིད་དང་ཞི་བའི་རང་བཞིན་ལས་ཞེས་གསུངས་པ་ལས། སེམས ་ཀྱི་དང་ལུས་ཀྱི་འཕེལ་བ་ནི་རྒྱས་པ་སྟེ། གང་གིས་མཚུངས་པ་དེར་འགྱུར་རོ། །སེམས་ཀྱི་འཕེལ་བ་ནི་མྱ་ངན་ལས་འདས་པའོ། །ལུས་ཀྱི་འཕེལ་བ་ནི་སྲིད་པ་སྟེ། གཉིས་ཀྱི་ཡང་བཅུད་ཀྱིས་ལེན?་ཞེས་བྱ་བར་དགོངས་སོ། །བློ་དང་བརྩོན་པས་ཞེས་བྱ་བ་ནི། ་བློ་དང་བརྩོན་པ་གཉིས་སུ་མེད་པར་ཤེས་པར་བྱའོ་ཞེས་བྱ་བར་དགོངས་སོ།། །།དབུགས་འབྱུང་བ་ཞེས་གང་ལ་བརྗོད་པ་དེ་ནི་དབུགས་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ ་པ་ལས་ལེའུ་བཅུ་པའོ།། །།ཕྲ་མོའི་རྣལ་འབྱོར་མེད་པར་རྒྱ་ཆེ་བ་ཅན་གྱི་རྣལ་འབྱོར་ཡང་དག་པར་མི་སྐྱེ་སྟེ། འདིར་ཕྲ་མོའི་རྣལ་འབྱོར་གྱི་དོན་དུ་ལེའུ་བཅུ་གཅིག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས ་བྱ་བ་ནི་རྒྱ་ཆེ་བ་ཅན་གྱི་རྣལ་འབྱོར་གྱི་དེ་མ་ཐག་ཏུའོ། །དེས་ན་ཞེས་བྱ་བ་ནི། གང་གིས་ཕྲ་མོའི་རྣལ་འབྱོར་མེད་པར་རྒྱ་ཆེ་བ་ཅན་གྱིས་འགྲུབ་པར་མི་འགྱུར་རོ། །ཡང་རབ་བཤད་ཅེས་བྱ་བ་ནི་ཡང་དག་པར་རབ་ཏུ་སོ་སོར་འཁོར་ལོ་ལ་ས་བོན ་གྱི་གཟུགས་ཀྱིS་བཤད་པར་བྱའོ། །མཆོག་ཏུ་གྲུབ་པའི་རིག་མ་ཞེས་བྱ་བ་ལ། མཆོག་ནི་སངས་རྒྱས་ལ་སོགས་པའི་མཚན་ཉིད་དེ་འདི་ནི་གྲུབ་པའོ། །དེ་ཉིད་ནི་རིག་མ་སྟེ། ཚོར་བའི་ཕྱིར་ལས་ལ་ཀྱུ་ནའོ། །སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི། རྣམ་པར་རྟོག་པ ་འཇོམས་པར་བྱད་པ་དང་ཟད་པར་བྱེད་པ་སྟེ། འདིས་ཞེས་བྱ་བ་ནི་སྒྱུ་མ་སྟེ། བྱེད་པ་ལ་གྷ་ཉའོ། །ཆེན་མོ་འདི་ཡང་མ་ལུས་པའི་རྣམ་པར་རྟོག་པ་འཕྲོག་པའི་ཕྱིར་དེ་ཡང་ཞེས་བྱ་བ་དེ་ནི་དེ་བཞིན་དུའོ་ཞེས་བྱ་བ་ནི་བྱེ་བའོ། །གསང་བ་ཆེན་མོའི་དབང་ཕྱུག་མ ་ཞེས་བྱ་བ་ལ་གསང་བ་ཆེན་མོ་ནི་སངས་རྒྱས། །དེ་རྣམས་ལ་དབང་ཕྱུག་མ་ནི་དེའི་དངོས་གྲུབ་སྟེར་བའི་ཕྱིར། གསང་བ་ཆེན་མོའི་དབང་ཕྱུག་མའོ། །དབང་ཕྱུག་ཐམས་ཅད་བྱེད་པ་མ་ཞེས་བྱ་བ་ནི། ལྷ་དང་མི་ལ་སོགས་པ་ཐམས་ཅད་ལ་དབང་ཕྱུག་སྟེ། སྒྲུབ? ་པ་བོ་ལ་གཙོ་བོར་མཛད་པའི་ཕྱིར། དབང་ཕྱུག་ཐམས་ཅད་བྱེད་པ་མའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི། སེང་གེ་དང་འཕྲོག་མ་ལ་སོགས་པའི་སེམས་ཅན་ཐམས་ཅད་འདིས་འདུལ་བར་མཛད་པའི་ཕྱིར། ་དེ་ནི་དེ་བཞིན་ནོ། །དགའ་ཞེས་བྱ་བ་ནི། ངེས་པར་མངོན་པར་འདོད་པའི་དངོས་གྲུབ་རྩལ་བའི་ཕྱིར། ལུས་དང་ངག་དང་ཡི་དགའ་བའོ། །དེ་སྐད་དུ་གྱུར་པའི་མཆོག་ཏུ་གྲུབ་པའི་རིག་མ་ནི། ཡང་རབ་བཤད་ཅེས་བྱ་བ་དང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་རིག་མཚན? ་མོ་ཞེས་གསུངས་པ། འདི་ནི་ཞེས་བྱ་བ་ནི་སྒྱུ་མ་ཆེན་པོ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །རིག་མཚན་མོ་ཞེས་བྱ་བ་ལ། ཆེན་མོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཚོར་པའི་ཕྱིར་རིག་མཆེན་མོ་སྟེ། ་མདོར་བསྡུ་པའི་ནང་དུ་ཆེན་པོ་བསྟན་པའི་ཕྱིར་རོ། །ཇི་ལྟར་འདི་རིག་མཆེན་མོ་ཞེ་ན། མཆོག་ཅེས་གསུངས་ཏེ། གང་གིས་ན་འདིའི་མཆོག་ངས་བཤད་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། ཡོན་ཏན་ལྡན་པའི་ཡོན་ཏན་འདི། །འཇིག་རྟེན་ན་ཡང་ཤེས་པར ་འགྱུར། །གང་ཞིག་གསོལ་བཏབ་དགྲ་བཅོམ་དེས། །ཕྱིན་ཅི་མ་ལོག་རབ་ཏུ་བཤད་ཅེའོ། །འདིའི་དུས་སུ་ཇི་ལྟར་བདག་ཅག་རྣམས་ཀྱིས་མི་ཤེས་པར་གྱུར་ཅེ་ན། མིང་ནི་མཆོག་ཏུ་རྙེད་དཀའ་ཞེས་གསུངས་པ་ནི། ངའི་མིང་ཙམ་ཡང་ངོ། །མཆོག་གིས་ཀྱང་ཞེས་བྱ་བ་ནི། ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་སོ། །སྡུག་བསྔལ་གྱིས་རྙེད་པར་དཀའ་བའི་ཕྱིར། མཆོག་ཏུ་རྙེད་པར་དཀའ་བའོ། །དེ་དེའི་མིང་ཙམ་ཡང་སྡུག་བསྔལ་མེད་པར་ཐོས་པས་རྙེད་པར་དཀའ་ཞེས་བྱ་བར་དགོངས་སོ། །གང་ལ་ཡང་མཆོག་ཏུ་གྲུབ་པའི་རིག་མ་ནི་ཞེས་བྱ ་བ་ལ་སོགས་པ་རྣམས་ལ་གཉིས་པ་ཡོད་པ་མ་ཡིན་ནོ། །དེ་ལ་འདི་སྐད་དུ་སྦྱར་བ་བྱ་སྟེ། དེའི་མིང་ཕྱེ་བ་ནི་གསལ་བ་ཞེས་བྱ་པའི་དངོས་པོ་སྟེ་ཡང་དག་རབ་བཤད་ཅེས་བྱ་བ་དང་སྦྱར་རོ། །གང་གི་ཞེ་ན། མཆོག་ཏུ་གྲུབ་པའི་རིག་མ་ནི་ཞེས་བྱ་བ་ལ་སོགས་པ་གསུངS ་ཏེ། གང་ཞིག་མཆོག་ཏུ་གྲུབ་པའི་རིག་མ་ནི། སྒྱུ་མ་ཆེན་མོ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ལྡན་པ་སྟེ། དེའི་ཞེས་བྱ་བའི་དོན་ཏོ། །ཞེའོ། ལྷག་མ་ནི་གོང་མ་བཞིན་ནོ། །འདིར་ནི་སྒྱུ་མ་ཆེན་མོ་ཞེས་བྱ་བའི་མཚན་ཡིན་ལ། གཞན་དག་ཏུ་གཏུམ་མོ་ཞེས་བྱ་བའི་མཚན་ཏེ ་འདི་ནི་རིག་མའོ། །དེ་ཉིད་ནི། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་མདུད་པ་ཆེན་འབྱུང་བར་ཞེས་བྱ་བ་ནི་གོང་དུ་གསུངས་པ་བསྒོམ་པར་བྱའོ། །ཞེས་བྱ་བ་དང་སྦྱར་རོ། །ལྟེ་བར་སྣ་ཚོགས་ཀྱི་གཟུགས་ཀྱི་མདུད་པ་ནི། སྣ་ཚོགས་པའི་མདུད་པའོ།། ་རྩ་གཅིག་བུ་འདི་ལ་རེ་ཞིག་གཡས་པའི་ཆ་གཡོན་གྱིས་འོངས་ནས་སྟེང་དུ་འགྲོའོ། །གཡོན་གྱི་ཆ་ཡང་གཡས་ཀྱིས་འོངས་ནས་སྟེང་དུ་འགྲོའོ། །དེ་ནི་འཁྱིལ་པར་གྱུར་པའི་རྩ་བ་སྟེ། །དེ་ནི་རྩ་ཡིན་ནོ། །གཞན་ཡང་དེ་བཞིན་དུ་འོག་ཏུ་སོན་པ། ཆ་གཉིས་པོ་འདི་ལྟ་བུ་ཉིད ་ནི་སྣ་ཚོགས་མདུད་པ་སྟེ། །དེ་ཡང་འདི་ནི་ཆེར་འབྱུང་བའོ། །གང་ལ་དེ་ནི་སེམས་ཅན་ཐམས་ཅད་ཀྱི། སྣ་ཚོགས་མདུད་པ་ཆེར་འབྱུང་བ་ནི། ཆེར་འབྱུང་བ་སྣ་ཚོགས་མདུད་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་དམ་པ་ལྟ་བུའི་ཁྱད་པར་གཞན་གྱི་ཚིག་གི་ཕྲད་དོ། །འདི ་ལྟར་ཡང་ཕྱོགས་ཅིག་གིས་ཀྱང་མིང་ཤེས་པར་འགྱུར་ཏེ། དེ་བས་ན་སྣ་ཚོགས་མདུད་པ་ཆེར་འབྱུང་བ་ཞེས་བྱ་བ་ཡང་ཡིན་ནོ། །ཇི་ལྟར་ཟླ་པའི་ནོར་བུ་ལ་ཡང་ཟླ་བའི་ནོར་བུ་ཞེས་བྱ་བ་ལྟ་བུའོ། །ལྟེ་བའི་ནང་དུ་ཕྱིན་པའི་སྣ་ཚོགས་མདུད་པ་ལ་ཆོས་ཀྱི་འབྱུང ་གནས་བསམས་ནས། ཕྱི་ནས་དགོང་བྱ་རྣམ་པར་འཛིན་ཞེས་བྱ་བ་ལ། དགོང་པར་བྱ་བ་འགོང་པ་ནི། འཇོག་པ་དེ་གང་ལ་ཡོང་པ་སྟེ། དགོང་པར་བྱ་བའི་ས་བོན་བསྐྱེད་པའོ། །རྣམ་པར་འཛིན་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པའི་རྣམ་པས་འཛིན་པར་བྱེད་པའོ།། ་དགོད་པ་ནི། དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐིག་ལེས་ཞེས་བྱ་བ་ནི་མན་ངག་ལས་ཟླ་བ་ཕྱེད་པ་དང་པོའི་དབྱངས་བསྒོམ་པར་བྱའོ་ཞེས་བྱ་བ་སྦྱར་རོ། །གང་ལ་ཞེ་ན། པདྨའི་ཞེས་བྱ་བ་གསུངས་པ་ནི། ཁ་དོག་སྣ་ཚོགས་འདབ་མ་དྲུག་ཅུ་རྩ་བཞིའི ་འོ། །སྟེང་དུ་ཞེས་བྱ་བ་ནི་དབྱིབས་ཀྱིས་ཁ་སྟེང་དུ་བལྟས་པས་གནས་པའོ། །དབུགས་ནི་རྒྱུ་ཞེས་བྱ་བ་ནི། རླུང་སྟེང་དུ་འགྲོ་བའོ། །འདི་ཉིད་ཀྱིས་རྒྱས་པར་བསྟན་པ་སྨྲས་པ། དབུགས་ནི་བྱེད་པར་ཞེས་བྱ་བ་གསུངས་ཏེ་དེ་ཉིད་ནི་སྒྱུ་མ? ་ཆེན་མོ་དང་དང་པོའི་དབྱངས་ཀྱི་གཟུགས་དང་མེའི་གཟུགས་ཀྱིS་སྟེང་དུ་འགྲོ་ཞིང་དབུགས་རྒྱ་བར་བྱེད་དོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུའོ། །འབར་བའི་ཕྲེང་བའི་ཚོགས་མཛེས་པ་ཞེས་བྱ་བ་ལ། འབར་བའི་ཕྲེང་བ་ནི་ཐིག་ལེ་མེ་འདྲ་བས་འབར ་བའི་ཕུང་པོ་སྟེ་གཤེར་བའི་ཕྱིར་རོ། དེས་ཁ་དོག་གི་དཀར་པོས་མཛེས་པ་དང་རྣོ་པ་གང་གི་དང་པོའི་དབྱངས་ཀྱི་དེ་ནི་དེ་བཞིན་དུའོ། །ཀུན་ནས་རྣམ་པར་སྤྲོ་བར་བྱ་ཞེས་བྱ་བ་ནི། འོད་ཟེར་གྱི་སྦྱོར་བའི་ཕྱིར་རོ། །ཟླ་བའི་དབུས་གནས་ཞེས་བྱ་བ་ནི། ལྟེ་བར་གནས་པའི ་སྣ་ཚོགས་མདུད་པ་ལ། པདྨའི་སྟེང་དུ་ཟླ་བ་ལ་དང་པོའི་དབྱངS་རྗེས་ཀྱི་དབྱངས་ཟླ་བ་ཕྱེད་པ་དང་བཅས་པ་དང། ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཟླ་བ་ཕྱེད་པ་ཐིག་ལེ་དང་བཅས་པ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཟླ་བའི་རྗེས ་སུ་སྤྱོད་པ་ཕྱི་མ་ལ་ཡང་གསུངས་པ་དང་འཆང་པར་འགྱུར་བས། ཡང་དག་པར་ཤར་བའི་རྣལ་འབྱོར་གྱི་ཅི་འགྱུར་ཞེ་ན། རྙེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་ཏུ་འགྲོ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཉིད་ནི། སངས་རྒྱས ་ལྟ་བུ་རྙེད་དཀའ་བ་ཞེས་གསུངས་པ་ནི། འདིའི་བསམ་གཏན་ནི་བསྐལ་པ་མང་པོས་སངས་རྒྱས་ལྟ་བུར་རྙེད་པར་དཀའ་བའོ། །དེ་ཉིད་རྣམ་བྲལ་བ་ཞེས་བྱ་བ་ནི། དེ་ཉིད་སྐྱོན་དང་བྲལ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟག་ཏུ ་ཡི་གེ་མེད་ཅིང་ཞེས་བྱ་བ་ནི་དང་གིས་འཇིག་པ་མེད་པའི་ཕྱིར་རོ། །རྙོག་མེད་པ་ཡིས་ཞེས་བྱ་བ་ནི། ཉོན་མོངས་པ་དང་བག་ཆགས་དང་བྲལ་བའི་ཕྱིར་རོ། །བྱང་ཆུབ་ཅེས་བྱ་བ་ནི་ལྷ་སྟེ། བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིS་ཆུབ་པ་ཞེས་བྱ་བ་?་ངོས ་པོའི་ཆ་ཞེས་བྱ་བའི་དོན་ཏོ། །སེམས་ན་དེ་ཉིད་ཀྱི་གཟུང་བ་ལ་སོགས་པས་སྟོང་པ་སྟོང་པ་ཉིད་དེ། བྱང་ཆུབ་དང་སེམས་ནི་བྱང་ཆུབ་སེམས་ཏེ། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སེམས་སོ། །དེ་བཞིན་དུ་ཡང་གསུངས་པ། དངོས་ལས་སྟོང་པ་ཉིད་གཞན ་མིན། སྟོང་པ་ཉིད་ནི་ཀུན་རྫོབ་ཉིད་ཅེའོ། །འདིའི་རྒྱུར་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བཤད་པར་བྱ་ཞེས་བྱ་བ་ནི་རང་གི་ངོ་བོས་སྒྲའི་རང་གི་ངོ་བོས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཡི་གེའི་ངོ་བོ་ཉིད་ཀྱི་ཕྱིར། དངོས ་པོའི་ཆའི་གཟུགས་ཏེ་སྙིང་རྗེ་ཞེས་བྱ་བར་དགོངས་བའོ། །གཅིག་དང་དུ་མ་ལ་སོགས་པའི་སྟོང་མ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ། །དུང་དང་ཟླ་བ་ཀུན་ང?་དྲི་མེད་བ་ཞེས་བྱ་བ་ནི། འདིས་འདིའི་ཁ་དོག་གསུངས་པའི་མཐར་དྲི་མ་མེད་པ་ཉིད་བསྒྲགས་པ་ནི། ཆོས་ཀྱི་དབྱིངས ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་དོ། །སྤྲུལ་བའི་མཐར་ཆོས་གསུངས་པ། རང་སྙིང་ཞེས་བྱ་བ་ལ་སོགས་པའོ། །དེའི་ཞེས་བྱ་བ་ནི། དེའི་པདྨའི་སྟེང་དུ་ཟླ་བ་ལ། དེའི་ནང་དུ་སོན་པའོ། །ས་བོན་ཞེས་བྱ་བ་ནི་ཧཱུཾ་ངོ། །ཁ་བ་འདྲ་བ་འཛག་པར་ཞེས་བྱ་བ་ནི། ཟླ ་བ་ཆུ་ཤེལ་ཏེ་དེ་འདྲ་བར་དེ་ཡང་ཁ་འོག་ཏུ་བལྟས་པའོ། །ས་བོན་བཏུ་བ་གསུངས་པ། ཡི་གེ་དགོད་པར་བྱ་བ་དགོད་ཅེས་བྱ་བ་ནི། དགོད་པར་བྱ་བ་དགོང་དོ་ཞེས་བྱ་བའི་དོན་ཏེ་བྱའོ་ཞེས་བྱ་བར་དགོངས་པའོ། །ཅི་ཞེ་ན་གསུངས་པ། ཡི་གེའི་ཞེས་བྱ་བ ་ནི་ཧཱུཾ་གི་དགོད་པར་བྱ་ཏུ་བའོ། །དེ་ནི་ཧ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཆོག་ཏུ་ཞེས་བྱ་བ་ནི། ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཞི་བ་ནི་དགེ་བའི་སྦྱོར་བའི་ཕྱིར་རོ། །དྲུག་ཅེས་བྱ་བ་ལ་སོགས་པས་ནི། ཧ་ཁྱད་པར་དུ་བྱས་པའོ། །སྟེང་དུ ་བརྒྱན་པར་ནི་ཞེས་བྱ་བ་ནི་སྟེང་དུ་གནས་པའི་ཕྱིར། སྟེང་དུ་ཡང་ཟླ་བ་ཕྱེད་པའོ། །དེའི་ཕྱིར་ཧཱུཾ་ཞེས་བྱ་བར་གྲུབ་པོ། །དབུགས་ནི་ཞེས་བྱ་བ་ནི། རླུང་གི་འཇུག་པའི་ལམ་གྱིས་གཏུམ་མོའི་འོད་ཟེར་འོག་ཏུ་འགྲོ་བའོ། །དངོས་དང་དངོས་མེད་སྤངས་པ་ཞེས་ ་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ་དག་གི་མངོན་བར་ཞེན་པ་མེད་པའོ། །དེ་ནི་རང་གི་སྙིང་ལ་པདྨའི་སྟེང་དུ་ཟླ་བ་ལ་ཧཱུཾ་ཁ་འོག་ཏུ་བལྟས་པ་དང། ཤར་ལ་སོགས་པའི་འདབ་མ་བཞི་པོ་རྣམས་ལ་དབྱངས་ཀྱི་དང ་པོ་དང་གསུམ་པ་དང་ལྔ་པ་དང་བཅུ་གཅིག་པ་རྣམས་ཟླ་བ་ཕྱེད་པ་ཐིག་ལེ་དང་བཅས་པ་ཁ་བ་ལྟ་བུ་འཛག་པ་ཁ་འོག་ཏུ་བལྟས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་བཞི་པོ་རྣམས་ལ་ཡང་དེ་བཞིན་དུ་ཡ་ར་ལ་ཝ་རྣམས་རིམ་པས ་སྦྱར་བར་བྱ་བ་རྣམས་སོ། །འདི་ཡང་བཤད་པར་བྱ་སྟེ། ལོངས་སྤྱོད་རྫོགས་པ་གསུངས་པ། ལྐོག་མ་ཞེས་བྱ་བ་ལ་སོགས་པ་ནི་པདྨ་དམར་པོ་མཉམ་པར་མཛེས་པ་གང་གི་དོན་དེ་ནི་དེ་བཞིན་ནོ། །ལྐོག་མར་པདྨ་དམར་པོའི་སྟེང་དུ་ཟླ་བ་ལ་དབྱངS ་ཀྱི་བཅུ་གསུམ་པ་ཐིག་ལེ་ཟླ་བ་དང་ལྡན་པ་ལ་འོག་ཏུ་བལྟས་ཤིང?་ཁ་འཛག་པ་དང། དབྱངས་ཀྱི་གཉིས་པ་དང། བཞི་པ་དང་དྲུག་པ་དང་བཅུ་གཉིས་པ་ཟླ་བ་ཕྱེད་པ་དང། ཐིག་ལེར་བཅས་པ་ཁ་འོག་ཏུ་བལྟས་ཤིང་ཁ་འཛག་པའོ།། ་དབང་ལྡན་ལ་སོགས་པའི་འདབ་མ་ལ་གནས་པ་ཡང། དེ་བཞིན་དུ་ཡེར?་ལ་ཝ་ཉིད་དོ། །དེ་ཉིད་གསུངས་པ། དེ་ཡི་དབྱངས་ནི་བཅུ་གསུམ་པས། ཟླ་བ་ཐིག་ལེ་ལྡན་པ་ཆེ། །ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་པདྨ་སྟེང་དུ་བལྟས་པ་ཡིན་ཏེ། སྟེང ་དུ་ལངས་བས་ཞེས་བྱ་བའི་དོན་ཏོ། །པདྨ་འདབ་མ་བཅུ་དྲུག་སྟེང་དུ་ཁ་ལྟས་པར་ལྟའོ་ཞེས་བྱ་བའི་དོན་ཏོ། །དབྱངས་རྣམས་ཀྱི་ཁ་སྟེང་དུ་བལྟས་པ་ནི་མ་ཡིན་ནོ། །པུ་ལུ་ཏན་དེ་རབ་གྲགས་ཞེས་བྱ་བ་ནི། ཨོཾ་གྱི་ས་བོན་གསུམ་བརྗོད་པའོ།། ་སྤྱི་བོའི་ནང་དུ་ཀླང་པ་ཞེས་བྱ་བ་ལ་ཀླད་པ་ནི་ཧའོ། །སྤྱི་བོའི་ནང་དུ་ཞེས་བྱ་བ་ནི་སྨིན་མའི་ནང་དུའོ། །ཐིག་ལེའི་གཟུགས་ཞེས་བྱ་བ་ནི། ཧའི་སྦྱི་བོ་སྟོང་པར་ཐིག་ལེ་དང་ལྡན་པ་སྟེ། ཐིག་ལེ་དང་ཟླ་བའི་གཟུགས་ནི་ཐིག་ལེའི་གཟུགས་སོ། །མི་ཤིགས ་པ་ཞེས་བྱ་བ་ནི། མི་ཤིགས་པ་མེད་པ་ན། ཤིགས་པ་སྟེ་དེ་ལྟ་བུ་མ་ཡིན་པ་ནི་མི་ཤིགས་པའོ། །མགོ་བོ་སྟོང་པ་ནི་ཧ་སྟེ། ཇི་ལྟར་ཧཾ་ཞེས་པའོ། ། ཏ་སིའི་མེ་ཏོག་ལྟར་ཞེས་བྱ་བ་ལ། ཨ་ཏ་སི་ནི་ལྕུག་མའི་བྱེ་བྲག་གོ། དེའི་མེ་ཏོག་ནི་དེ་ལྟ་བུ་ཧཾ་གི་ས་བོན་ནོ། །དེའི་དབྱིབS ་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཁ་དོག་ནི་མ་ཡིན་པའི་ཕྱིར་རོ། །འཛག་པ་ནི་གང་ཞིག་ཁ་བའི་སྙིང་པོའི་གཟུགས་ཉིད་དོ། །འཁོར་ལོ་ཞེས་བྱ་བ་ནི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཁ་དོག་སྣ་ཚོགས་སོ། །ཁྱད་འཕགས་དབྱངས་དང་ཡིག་འབྲུ་ཞེས་བྱ་བ་ནི། དབྱངས་ཁོ་ན་བཅུ་དྲུག ་གོ། རང་གིས་ཕྱག་རྒྱ་རྣམས་ཀྱིས་ལྡན་ཞེས་བྱ་བ་ནི་ཐིག་ལེ་ལ་སོགས་པའི་ཕྱག་རྒྱ་དེ་རྣམས་ཀྱིས་ལྡན་པའོ། །སྤྱི་བོ་ནི་སྨིན་མའི་ནང་དུ་པདྨ་འདབ་མ་བཅུ་དྲུག་ཁ་དོག་སྣ་ཚོགས་ཁ་འོག་ཏུ་བལྟས་བའི་སྟེང་དུ་ཟླ་བ་ལ་ཧཾ?་གཅིག་པུའོ། །གཅིག་པུའི་མཛའ་རྣམས་སུ་འདབ་མ ་བཅུ་དྲུག་རྣམས་ལ་དབྱངས་བཅུ་དྲུག་འདི་རྣམས་ཐམས་ཅད་དུ་ཁ་འོག་ཏུ་བལྟས་པར་ཁ་བ་ལྟ་བུ་འཛག་པའོ། །སངས་རྒྱས་བྱང་ཆུབ་རབ་སྦྱིན་མ་ཞེས་བྱ་བ་ནི། ཐམས་ཅད་དུ་ཧ་ལ་སོགས་པས་བྱང་ཆུབ་སྦྱིན་པའོ། །ལྟེ་བར་གཏུམ་མོ་འབར་བ་ཡིས། དེ་བཞིན་གཤེཌ ་པ་ལྔ་བསྲེགས་ཤིང། །སྤྱན་ལ་སོགས་པ་འང་བསྲེགས་ཤིང། སྤྱན་ལ་སོགས་པའང་བསྲེགས་པ་ཡིས། བསྲེགས་པས་རི་བོང་ཅན་ཧཾ་འཛག་ཅེས་གསུངས་སོ། །ོཾ་གི་ཐིག་ལེའི་འོད་ཟེར་དང་ཧཱུཾ་གི་ཐིག་ལེའི་འོང་ཟེར་གྱིས་ཧཱུཾ་དང་ཕྱག་འཚལ་བའི་ཐིག་ལེ་འོད ་དུ་ཞུ་ཞིང། ཁུ་བས་ཡང་འོད་ཟེར་སྤྲོས་པས་ཨོཾ་གྱི་ཐིག་ལེ་ལ་བཞག་ནས་འདི་ལྟར་ཡང་དང་ཡང་དུ་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་པའམ་གཞན་པའི་རྣལ་འབྱོར་དང་རྗེས་སུ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་རྫོགས་ནས། ་དཀྱིལ་འཁོར་པ་དང་བཅས་པ་ཆོ་གས་བསྒོམ་པར་བྱ་ཞིང་སྔགས་བཟླས་པར་བྱ་སྟེ། གོང་གི་རྣལ་འབྱོར་འདི་བསྒོམ་པར་བྱའོ། །ཇི་ལྟར་འདོད་པའི་བྱ་བ་ནི། དེ་ཡི་མེད་ཅེས་བྱ་བ་གསུངས་ཏེ། འདིའི་ཕྲ་མོ་དང་རྒྱ་ཆེ་བའི་ངོ་བོའི་རྣལ་འབྱོར་བསྒོམས་པ་ལས་བརྟུལ་ཞུཌ ་ཀྱི་ངེས་པ་ཡོད་པ་མ་ཡིན་ནོ། །ཕྲེང་བ་མེད་ཅིང་སྔགས་འཛིན་ཅེས་བྱ་བ་ཏེ། ཕྲེང་བས་སྔགས་ཀྱི་འཛིན་པ་དེ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་རྣལ་འབྱོར་མི་ནུས་པའི་རྣལ་འབྱོར་པ་ཇི་ལྟར་རེས་འགའ་བསྒོ་པ་པོའི་དེ་ཡོད་པ་ཁོ་ནའོ། །?་འདི་སྐད་དུ ་སྦྱར་བར་བྱ་སྟེ། ཕྲེང་བས་སྔགས་ཀྱི་འཛིན་པའི་བཟླས་པ་ཡོད་པ་མ་ཡིན་ཏེ། གཏུམ་མོའི་རྣལ་འབྱོར་གྱི་སྒོ་ནས་ཨཾ་ལ་སོགས་པའི་སྔགས་འཛིན་པ་ཡང་ཡོད་པ་ཁོ་ན་ཉིད་དེ། གལ་ཏེ་འདི་སྐད་དུ་རྣལ་འབྱོར་གྱི་བཟླས་པ་བྱེད་ན། དེའི་ཚེ་ཕྱི་རོལ་གྱི་སྔགས་བཟླས་པས ་ཅི་ཞིག་བྱ་ཞེས་བྱ་བ་ནི་དགོངས་པའོ། །སྦྱིན་སྲེག་ལས་ནི་ཞེས་བྱ་བ་ནི། ཕྱི་རོལ་དུ་གྱུར་པའི་མར་ལ་སོགས་པར་བརྗོད་པ་ལས་ཟློག་པའོ། །གང་གི་ཕྱིར་གཏུམ་མོ་འདིའི་རྡོ་རྗེའི་མེས་ཧཾ་གི་ཐིག་ལེ་ཞུ་བའི་མར་གྱི་སྦྱིན་སྲེག་ནི་ལྟན་ཅིག་སྐྱེས་པའི་རང་བཞིན་ཅན་ནོ།། ་གཞན་དང་གཞན་དག་ཅེས་བྱ་བ་ནི། གཞན་དང་གཞན་དག་གི་མར་ཁུ་དང་ཡམ་ཤིང་ལ་སོགས་པའི་ངོ་པོའི་སྤྱིན་སྲེག་གི་ལས། །འདི་ནི་སྒྱུ་མ་ཆེན་མོའི་རྣལ་འབྱོར་པ་རྣམ་པ་གསུམ་མོ་ཞེས་གསུངས་པ། སྔགས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ནི་ཨཾ?་ལ ་སོགས་པའོ། །དཀྱིལ་འཁོར་ནི་འཁོར་ལོ་བཞི་པོ་རྣམས་སོ། །དེ་རྣམས་ཀྱི་དབྱིབས་ནི་པདྨ་ལ་སོགས་པའི་གཟུགས་སོ། །ཆོས་ནི་འཛིན་པ་སྟེ་འོད་ཟེར་འགྲོ་བ་དང་འོང་བ་མཐོང་བའོ། །སྔགས་དང་དཀྱིལ་འཁོར་དང་དབྱིབས་དང་ཆོས་ནི་དབུགས་ཀྱི་ངོ་བོ ་སྟེ། གང་གི་རྣལ་འབྱོར་དེ་ནི་དེ་ལྟ་བུའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །རྟག་ཏུ་ཐབས་ཤེས་ལ་སོགས་པས། །བདེ་ཞིང་རངས་པས་འགྲུབ་པར་འགྱུར། །ཞེའོ། །དེ་བསྟན་པའི་ཕྱིར་བསྟན་པར་བྱ་བ་ལ་སོགས་པ ་གསུངས་པ་ནི། སྲིད་པའི་ལོངས་སྤྱོད་མཆོག་བསྟེན་པར་བྱ་ཞེས་བྱ་བར་སྦྱར་རོ། །རྣལ་འབྱོར་པས་ཞེས་ཤེས་པར་བྱའོ། །ལས་དང་ཉོན་མོངས་པ་ལས་བྱུང་བའི་ཕྱིར་སྲིད་པ་སྟེ་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྲིད་པའི་ལོངས་སྤྱོད་ནི་སྲིད་པའི་ལོངས་སྤྱོད་དོ། །མཆོག? ་ཅེས་བྱ་བ་ནི་རབ་སྟེ། གང་གི་དེ་ནི་ཡུལ་རྣམས་ཞེས་སྨྲས་སོ། །འདི་དག་ཅེས་བྱ་བ་ནི་རབ་ཏུ་གྲགས་ཏེ། འཁོར་བའི་རྒྱུའོ། །ཇི་ལྟར་བསྟེན་པར་བྱ་ཞེ་ན། བསྟེན་བྱ་ཞེས་གསུངས་ཏེ། བསྟན་པར་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏེ། གྲོལ་བའི་རྒྱུའི་ཕྱིར་རོ་ཞེས་བྱ་བར ་དགོངས་སོ། །བསྟེན་པ་ཇི་ལྟར་ཞེ་ན། འབར་པས་དུག་མེད?་བྱས་ནས་ནི། ཞེས་གསུངས་ཏེ། མེད་པའི་སྒྲས་ནི་རབ་ཏུ་དགག་པའོ། །དུག་གི་སྒྲས་ནི་ཡུལ་རྣམས་ཏེ། ཕལ་པ་སོ་སོར་དུག་མེད་ཅིང། དུག་མེད་པ་ནི་དུག་ཡོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དུག་མེད ་པར་བྱས་པ་ནི་མེད་པའི་ཡུལ་ཅན་དུ་བྱས་པའི་དོན་ཏེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་ལས་ཡུལ་རྣམས་དུག་ཏུ་འགྱུར་ཏེ་ཞུ་བས་སྡུག་བསྔལ་བར་བྱེད་པའི་ཕྱིར། ཡུལ་རྣམས་དུག་མེད་ཅེས་བྱ་བའི་ཐ་ཚིག་གོ་།སྦྱངས་པ་ལོངས་སྤྱད་པ་ནི། བདེ་བ་སྦྱིན་པའི ་ཕྱིར་རོ། །དེ་བཞིན་དུ་ཡང། གང་ཞིག་དེ་ཉིད་མ་མཐོང་བའི། །ཕྱིན་ཅི་ལོག་གི་བློ་ཡིས་དུག། དེ་ཡིས་དེ་ཉིད་མཐོང་བ་ཡི། །མ་ལོག་བློ་ཡི་དུག་མེད་པ་ཞེའོ། །གལ་ཏེ་ཡང་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་ནི་དུག་སྟེ། གང་ལས་དུག་ཕྱུར?་བདེའི་ཡུལ་ནི ་དུག་མེད་པའོ། །དེ་རྣམས་ཀྱི་དུག་མེད་པ་ནི་དུག་མེད་པར་བྱས་པའོ། །ཇི་ལྟར་ཞེ་ན། འབད་པས་ཞེས་གསུངས་ཏེ། འབད་པ་ནི་ལྷའི་རྣལ་འབྱོར་དང་རང་བཞིན་མེད་པའོ། །བརྩེ་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། སྲིད་པའི་སྐྱོན་གྱིས་མི ་གོས་སོ་ཞེས་བྱ་བ་དང་སྦྱར་རོ། །སྲིད་པའི་ལོངས་སྤྱོད་ཀྱི་ཕྱིར་དུག་མེད་པར་བྱས་པའོ། །འདི་ནི་ཅི་ཞེ་ན། སྲིད་པའི་དངོས་པོ་མཆོག་བདག་ཅེས་བྱ་བ་གསུངས་ཏེ། སྲིད་པའི་དངོས་པོ་ནི་ཡོད་པའོ། །དེའི་མཆོག་ནི་ཕྱིར་ལོག་པ་སྟེ་གང་གི་བདག་དེ་ནི་དེ་བཞིན་དུ་སྟེ། ་རྣལ་འབྱོར་ལ་ཞེས་བྱ་བ་བར་གྱི་ཚིག་ཕྱིས་པའི་བསྡུ་བའོ། །ཡང་ན་སྲིད་པ་ལ་དངོས་པོ་ནི་མཁས་བ་སྟེ་སྟོང་པ་ཉིད་ལ་སོགས་པའི་ངོ་བོས་དེ་ཤེས་པའི་ཕྱིར་རོ། །དེ་ལྟ་བུའི་མཆོག་ནི་རབ་སྟེ་གང་གི་བདག་དེ་ནི་དེ་བཞིན་ནོ། །ཁ་ཅིག་ན་རེ་མཆོག་གི་སྒྲས་ནི ་སྲིད་པ་བརྗོད་ཞེས་ཟེར་རོ། །སྲིད་པ་ནི་སྐྱེ་བ་རྣམས་སོ། །དེ་བཞིན་དུ་ཡང་ཇི་ལྟར་སྲིད་པའི་སྐྱོན་གྱིས་མི་གོས་ཤེ་ན། གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། སྔགས་ལ་སོགས་པ་ཡོངས་སུ་ཤེས་པས་སམ། །གོམས་པས་སོགས?་བཅད? ་ན་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་ཤེས་པས་སོ། །ཅི་ཇི་ལྟར་ངེས་འགའ་གོམས་པས་སམ་ཞེས་སྙམ་པ་ལ། འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྟག་པ་ཞེས་བྱ་བ་ནི་ཉི་མ་སོ་སོ་ལའོ། རྒྱུན་ཏུ་ཞེས་བྱ་བ་ནི། དེ་ལ་ཡང་བར་མེད་པར། ་འདིར་ཡང་དུས་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་རོ། །ཞེས་བྱ་བར། ཟླ་བ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་དགུག་པ་སྨྲ་བར་བྱ་སྟེ། སྒྲུབ་ཐབས་ཀྱི་རིམ་པས་རང་གི་ས་བོན་སྙིང་གར་བསམས་ནས། དེའི་འོད་ཟེར་བཏོན་པ་ལས་མཆོད ་པས?་བླ་མ་ལ་མོགས?་པ་ཡང་དག་པར་མཆོད་པ་དང། སྡིག་པ་བཤགས་པ་ལ་སོགས་པ་བྱེད་པ་དང། སྟོང་པ་ཉིད་བསྒོམས་པས། རི་རབ་ལ་སོགས་པར་གནས་པའི་བྷྲུཾ་ལས་སྐྱེས་པའི་ཁང་པ་རྩེགས་མའི་ནང་དུ་གནས་པ་པདྨ་འདབ་མ་བརྒྱད་པའོ། །དེའི་ནང་དུ ་ཆོས་འབྱུང?་གི་སྟེང་དུ་དྲང་པོའི་དབྱངས་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཨ་ལ་སོགས་པ་དང། ཀ་ལ་སོགས་པ་དང། མཾ་ཡོངས་སུ་གྱུར་པའི་ཞགས་པ་དེས་བྱིན་གྱིས་བརླབ་པར་བསམས་ཤིང། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྒྱུ་མ་ཆེན་མོར? ་བདག་ཉིད་བསྒོམ་པར་བྱའོ། །དེ་བསྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱ་ཞེས་བྱ་པ་ལ་སོགས་པ་གསུངས་སོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཨ་ལས་བསྐྱེས་པའོ། །ས་བོན་ནི་ཞེས་བྱ་བ་ནི་མི་མོ། །སྔོ་ཞིང་དམར་བ་འདྲ་བའི་འོད་ཅེས་བྱ་བ་ནི་སྔོན་པོ་དང་དམང? ་པོ་ནི?་རང?་གི་སྔོན?་པོ་དེའི?་དམར་པོ་འདྲ་བའི་འོད་དེ་ནི་དེ་བཞིན་ནོ། །སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ། །སྔོན་པོ་ཞེས་བྱ་བ་ལ་སོགས་པོའི?། །སྟེང་དུ་དབུ་སྐྱེས་སེར་ཞེས་བྱ་བ་ནི། དབུ་སྐྲ་སྟེང་དུ་སེར་པོ་ཞེས་བྱ་བའི་དོན་ཏེ། །འདིར?་གསུངས་པ་དང ་འཆད་པར་འགྱུར་བའི་ལྷ་རྣམས་མན་ངག་ལས་གཡོན་བརྐྱང་བའོ། །འདབ་མ་བརྒྱད་པོ་རྣམས་ལ་ལྷ་མོ་བརྒྱད་པོ་རྣམས་འདི་ལྟ་བུ་ཉིད་དུ་རྣལ་འབྱོར་འདི་ལས་གཙོ་མོ་དང། མན་ངག་ལས་དུས་མཉམ་པར་བསྐྱེད་པར་བལྟ་བར་བྱའོ། །གོ་ཆ་ལ་སོགས་པ་ཐམས་ཅད་བྱ་བ་ཁོ ་ན་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་ལ་སོགས་པ་གསུངས་ཏེ། དབང་པོའི་སྔོན་པོའི་ཁ་དོག་དང་ལྡན་པར་ཇི་ལྟར་གྱུར་པ་དེ་བཞིན་དུ། དང་པོའི་ཡི་གེ་ནི་ཕྱག་འཚལ་བ་བསྒོམ་པའོ། །དེ་ལ་འདི་སྐུད་དུ་ཕྱག་འཚལ་བ་རང་གི་སྙིང་གར་ཆོས་ཀྱི་འབྱུང་གནས་སུ་ཟླ་བའི་ནང་དུ་གནས་པ་འོད་ཟེར་ནག ་པོའི་ཕྲེང་བ་འཁྱིལ་བ་བསམས་ཤིང་དེ་ནས་ཁ་དོག་དམར་པོ་སྣ་ཁུང་གཡས་པ་ནས་ཕྱུང་ནས། བསྒྲུབ་པར་བྱ་བའི་སྣ་ཁུང་གཡོན་པས་སྙིང་ལ་བཅུག་སྟེ། དེར་ཕྱིན་པའི་རྣམ་པར་ཤེས་པ་དམར་པོའི་རྣམ་པ་ནས་ཀྱི་འབྲས་བུའི་ཚད?་ཙམ་དང། རང ་གི་འོད་ཟེར་འདྲེ་བར་བྱས་ནས། གཡས་པའི་སྣའི་ཁུང་བུས་དེ་བླངས་ཏེ་ཕྱུང་ནས། རང་གི་སྣ་ཁུང་གཡོན་པ་ནས། བདག་གི་སྙིང་ལ་བཅུག་ཅིང། རང་གི་རྣམ་པར་ཤེས་པ་ལ་ལྷག་པར་གནས་ཏེ་སྔགས་ཟླ་བར་བྱའོ། །དུས་མཉམ་པར ་བསྒྲུབ་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འོད་བར་བསྒོམ་པར་བྱ་ཞིང་ངེས་པར་སྐྱེས་བུ་འམ་བུད་མེད་དགུག་པར་བྱའོ། །དེའི་ཕྱིར་གང་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིག་མ་ཞེས་བྱ་བ་ནི། སྒྱུ་མ་ཆེན་མོའི་གཟུགས་ཀྱི་རྣལ་འབྱོར་པ ་ཞེས་བྱ་བའི་དོན་ཏོ། །རབ་སྦྱར?་བ་ཞེས་བྱ་བ་ནི། གང་ལ་འམ་གང་ལ་སྦྱར་བ་དེ་ལྟར་བྱེད་པ་དེ་ནི་མྱུར་དུ་འགུགས་པར་བྱེད་པའོ། །སྐད་ཅིག་ལས་ཞེས་བྱ་བ་ནི་ལབ?་ཕྱིས་པས་ལྔ་པའོ། །དགུག་པའི་སྐད་ཅིག་རྙེད་ནས་མཉམ་པར་ཞག་པར་གྱུར་པས ་དགུག་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཁ?་དོག?་དམར་པོ་དེ་ནས་བསམ་ཞེས་བྱ་བ་ནི། འདི་ཉིད་ཀྱི་རྣལ་འབྱོར་ཁ་བསྐང་བར་བྱའོ། །འདི་ཡང་བཤད་ཟིན་ཏོ། །འདི་ལྟར་ཡང་ཕྱག་འཚལ་བ་ཁ་དོག་དམར་པོ་བསམས ་ཏེ། དེ་དགུག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཕྱི་ནས་བསམ་གཏན་བསམ་པར་བྱ་ཞེས་བྱ་བ་ནི། སྔོན་གྱི་བསྙེན་པའི་དུས་སུ་བཅོམ་ལྡན་འདས་མ་དམར་ཞིང་དཀར་པ་བསམས་ཏེ། བསྒྲུབ་པའི་དུས་སུ་སྔགས་ལ་སོགས་པ་དམར་པོར་བསྒོམ་པར་བྱའོ། །ཆ? ་གཉིས་ཡང་དག་ལྡན་པར་ནི་ཞེས་བྱ་བ་ནི། ཆའི་སྒྲས་ནི་ཨའོ། །དེའི་གཉིས་པ་ནི་ཨཱ་སྟེ། དེ་དང་ལྷན་ཅིག་པའོ། །དེ་ཅི་ཞེ་ན། ལྡན་པར་ནི་ཞེས་བྱ་བ་གསུངས་པ་ནི། ཐིག་ལེ་གཉིས་སོ། །དེ་བས་ན་ཨཱ:ཞེས་བྱ་བ་ཡིན་ནོ། དེས་ན་ཅི་འགྱུར་ཞེ་ན་གནས ་གསུམ་པོའང་བསྒོམ་པར་བྱ་ཞེས་གསུངས་པ་ནི། གོང་མ་བཞིན་དུ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཨཱ:ཁ་དོག་དམར་པོ་བསམས་ན། དེའི་འོད་ཟེར་གྱིས་གནས་གསུམ་དུ་ལུས་ལ་སོགས་པའི་བདག་ཉིད་ཅན་དང། བསྒྲུབ་པར་བྱ་བ་སྣང་བར་དེ ་བཞིན་དུ་བྱུང?་ནས་བསྒྲུབ་བྱ་ལ་?་བྱེད་ཅིང་སྔགས་བཟླས་པས་ངེས་པར་དབང་དུ་བྱེད་དོ། །དེའི་འདི་ཉིད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་རྣམས་ཀྱིའམ་གང་རྣམས་ཀྱི་ལུས་ལས་ས་བོན་གྱི་སྦྱོར་བ་བྱེད་པ་དེ་ནི ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བར་གསུངས་སོ། །འདིའི་རྒྱས་པར་བསྟན་པ་ནི་གནས་གསུམ་པོ་ནི་ཐམས་ཅད་དུང་ཞེས་བྱ་བ་གསུངས་ཏེ། མཐོ་རིས་དང་ས་སྟེང་དང་རྐང་འོག་རྣམས་ནི་གནས་གསུམ་མོ། །ཤིན་ཏུ་རྒྱས་པ་ནི་ཚངས་པ་ལ་སོགས་པའོ།། ་འདོད་ལྷ་ལ་སོགས་ཞེས་བྱ་བ་ནི། སོགས་པའི་སྒྲ་ལས་འཐབ?་བྲལ་ལ་སོགས་པའོ། །ལྷ་ཞེས་བྱ་བ་ནི་གཙོ་བོར་བརྗོད་དོ། །གང་གི་ཕྱིར་མི་ལ་སོགས་པའི་ཡང་ཆུང་མར་བཅས་ཞེས་བྱ་བ་ནི། དེ་ལ་ཡང་འདེས་སྐྱེས་བུ་འབའ་ཞིག་ཁོ་ན་ནི་མ ་ཡིན་ཏེ། འོན་ཀྱང་བུད་མེད་ཀྱང་དབང་དུ་བྱེད་དོ་ཞེས་བྱ་བར་དགོངས་སོ། །ཡི་གེ་ཕན་ཚུན་བསྐུལ་བ་ཡིས་ཞེས་བྱ་བ་ལ། ཡི་གེ་ནི་ཧཱུཾ་ངོ། །དེའི་ཕན?་ཞེས་བྱ་བ་ནི། གཞན་དང་སྟེ་ཨ་དང་ཕྱག་འཚལ་བའོ། །དེའི་དོན་ནི་འདི་ལྟ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་བ་ཡིས་ཞེས་བྱ་བ་ནི། མི་གི་ས་བོན་ནང་དུ་བཅུག་པ་སྟེ་བསྒྲུབ་བྱའི་མིང་དང་ལྷན་ཅིག། སྔགས་བཟླ་བར་བྱའོ་ཞེས་བྱ་བར་དགོངས་པའོ། །ཅིའི་ཕྱིར་འདི་བཟླས་ཤེ་ན། དེ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱི་ནི། སྔགས་ཀྱི་ཡི་གེ་གསུམ ་གྱི་བཅོམ་ལྡན་འདས་མའི་སྦྱོར་པ་སྟེ། བྱ་བ་ཤེས་པའོ། །གར་མཁན་ཞེས་བྱ་བ་ནི་ལས་བརྒྱ་བའི་མཚན་ཉིད་དོ། །དེ་སྦྱིན་མ་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ལ་དེའི་བསྐྱེད་པར་བྱེད་པའོ། །རྐང་པS་དགུག་པ་སྔར་གསུངས་ནས། ད་ནི་གོང་བུ་དགུག་པ་ནི། དེ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེའི་རྐང་བས་བཀུག་མ་ཐག་ཏུ་གོང་བུ་དགུག་པ་བརྗོད་དོ་ཞེས་ཤེས་པར་བྱའོ། །དེ་ཉིད་ནི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དབུ་མའི་མཛའ་ནི་མའོ། །དེས་ལྡན་པ་ཞེས་བྱ་བ་ནི། ཇི་ལྟར་གྱུར་པ་དེ་རུ་གོང་བུ་དགུག་པ ་བསྒོམ་པར་བྱ་བ་དང་སྦྱར?་རོ། །འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ་ཐིག་ལེ་སྒྲ་ཡིས་ཡང་དག་མནན་ཞེས་བྱ་བ་ནི། ཇི་ལྟར་གྱུར་པ་དེ་བཞིན་དུ། དབུ་མའི?་མཛའ་དང་ལྡན་པ་ཡིན་ཏེ། འདིས་ནི་མཱཾ་གིས་གོང་བུ་དགུག་པ་ཞེས་བྱ་བར་དགོངས་སོ། །བྱ ་བ་གསུངས་པ། སྐུ་གསུངས་ཐུགས་ལ་ཡང་དག་གནས་ཞེས་བྱ་བ་ནི། བསྒྲུབ་བྱ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པ་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བ་ལས་ངེས་པར་འདི་ལ། ཆུའི་དཀྱིལ་འཁོར་གྱིS་གཏོར་བ་དང། དབང་ཆེན་གྱི་དཀྱིལ ་འཁོར་གྱིས་དེའི?་དཀྱིལ་འཁོར་ལ་མི་གཡོ་བར་བྱས་ནས། ལུས་དང་ངག་དང་སྙིང་དང་ནུ་མ་གཉིས་ཀྱི་བར་དུ། རླུང་དང་ཆུ་དང་མེ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་ལ་མཱཾ་བསམས་ནས། དེ་བཞིན་དུ་ཡི་གེ་གསུམ་བཟླས་པ་དང། བསྒོམ་པར་རྒྱས?་དི? ་དགུག?་པར་ཞེས་བྱ་བ་ནི་ཚིག་གི་ལྟག་མའོ། །མཱཾ?་དེ་བསྒྲུབ་བར་བྱ་བའི་ལུས་ལ་སོགས་པ་ལ་ཡང་དག་པར་གནས་པར་བསམས་ནས། གོང་བུ་དགུག་པར་བསྒོམ་པར་བྱའོ་ཞེས་བྱ་བའི་སྒྲའི་དོན་ཏོ། །ཁུ་བ་དགུག་པ་གསུངས་སརྦ? ་ག་ཞེས་བྱ་བ་ལ་སོགས་པ་ནི། སྒྲུབས་ཐབས་ཀྱི་རིམ་པས་བྷ་གའི་དབུས་སུའོ། །ཡེ་ཤེས་རྒྱ་མཚོ་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ་ཞེས་བྱ་བར་སྦྱར་རོ། །ཡི་གེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ཡེ་གེའོ། །ཡི་གེ་ནི་ཡི་གེ་ཧཱུཾ་སྟེ་དེ་ལས་སྐྱེད་པའི་རྡོ་རྗེ་མཁའ་འགྲོ ་བསྒོམ་པར་བྱའོ། །ལྷག་མ་ནི་གོ་སླའོ། །གཤོར་ཞེས་བྱ་བ་ནི་ཐོད་པ་ཉིད་དེ་ཉ་ཕྱིས་ཀྱི་རྣམ་པའོ། །རྣལ་འབྱོར་མ་ལྟུང་བྱེད་མ་ལ་སོགས་པ་བཞི་འོ། །མཚམས་ཀྱི་འདབ་མ་རྣམས་ལ་ཡང། ཐོད་བའི་དབུས་སུ་བཅོམ་ལྡན་འདས་རྣམ་པ་ལྔའི་རྣལ ་འབྱོར་ལས་བྱུང་བ་དང་དུས་མཉམ་པར་བསྒོམ་པར་བྱའོ་ཞེས་བསྡུས་པའི་དོན་ཏོ?། །དེ་ནས་སྤྲོ་ཞེས་བྱ་བ་གསུངས་པ་ལ། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ལྷག་མའོ། །དབུགས་ནི་གཡོ་པ་མེད་པར་ཞེས་བྱ་བ་ནི། ཇི་སྲིད་དབུགས་གཡོ་བ་མེད་བར ་སྲིད་དུ་བསྒོམ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རླུང་ཞེས་བྱ་བ་ལ་སོགས་པ་ནི་གོང་མ་ལ་ཡང་བལྟ་བར་བྱའོ། །དེ་ལ་དེ་ཉིད་དུ་བཤད་བ་ཟིན་ཏོ། །འདི་ལྟར་ཡང་འདི་ལ་མཱཾ་དཀར་པོ་སྐུ་ལ་སོགས་པ་རྣམས་ལ་བསྒོམ་པར་བྱ་ཞིང། བཅོམ་ལྡན་འདས་མཚན ་ནི་གཙོ་བོ་རྡོ་རྗེས་སོ། །བསྒྲུབ་བྱ་དམིགས་པ་ཞེས་བྱ་བ་ལ་ནི། བསྒྲུབ་བྱ་ཇི་ལྟར་གྱུར་པས་བསམ་ཞིང་རྡོ་རྗེས་སྨིན་མའི་དབུས་སུ་ཕྱེ་སྟེ། དེ་ནས་འོངས་པའི་ཁུ་བ་རང་གི་ལག་པར་ཕྱིར་བསཾ?་ཐོད་པ་དགང་བར་བསམ་ཞིང་།ཡི་གེ་གསུམ་འདི་དང་ཧཱུཾ?་ལྷན་ཅིག? ་ཏུ་བཟླས་པར་བྱའོ། །ཆང་དགུག་པ་གསུངས་པ། ཅི་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཉིད་ཀྱི་ཡེ་ཤེས་ནི་རྣམ་པར་དག་པའི་ངོ་བོ་སྟེ་དེ་ཡོངས་སུ་གྱུར་པའི་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབས་པར་བཅོམ་ལྡན་འདས་བསྐྱེད་པར་བསྒོམ་པར་བྱའོ?་ཞེས ་བྱ་བ་ནི་ལྷག་མའོ། །སྡིགས་མཛུབ་རྡོ་རྗེ་ཞགས་བ་དང་ཞེས་བྱ་བ་ནི། སྡིགས་?་ལ་རྡོ་རྗེས་མཚན་པའི་ཞགས་བ་སྟེ། བཅོམ་ལྡན་འདས་དེའི་གཡོན་པར་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ། །གཞན་ལ་ཡང་མཚན་མ་འདི་སྐད་དུ་སྦྱར་བར་བྱའོ། ་རྟའི་རྣམ་པའི་གདོང་ཞེས་བྱ་བ་ནི། རྟའི་རྣམ་པ་ལྟ་བུས་བཅོམ་ལྡན་འདས་གང་གི་ཞལ་ནི་ལྷན་ཅིག་སྐྱེས་པའི་རྣམ་པའི་གདོང་ངོ། །དེ་དེ་ལྟར་གྱུར་བའི་བཅོམ་ལྡན་འདས་སུ་བདག་ཉིད་བསམ་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་གདོང་གི་གཟུགས་སུ ་བྱུང?་བ་དེའི་ཚེ་ཆང་འགུགས་པར་བྱེད་དོ། །ཁྲག་དགུག་པ་ནི། ར་ཞེས་བྱ་བ་ལ་སོགས་ལ་གསུངས་ཏེ། གོ་སླའོ། །ཝའི་གདོང་གིས་རྣམ་པར་གནས་ཤེས་བྱ་བ་ནི། ཝ?་ནི་ཝ་ཉིད་དང། ཅེ་སྤྱང་སྟེ་དེའི་གདོང་ངོ། །དམར་བ་དང་ནི་དཀར་བའི་ལུས་ཞེས་བྱ་བ ་ནི། ཁ་དོག་དམར་བོའི་སྐུ་སྟེ། རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ། །མཁའ་འགྲོ་མའི་འཁོར་ལོ་སྤྲོ་ཞེས་བྱ་བ་ནི། སྒྲུབས་ཐབས་ཀྱི་རིམ་པས་ཨཱ་ལི་དང་ཀཱ་ལི་དང་ར?་ཡོངས་སུ་གྱུར་པའི་རྡོ་རྗེ་དེས་བྱིན་གྱིས་བརླབས་པ་ཡོངས་སུ་གྱུར་བ་ལས་བཅོམ་ལྡན་འདས ་དང་མཁའ་འགྲོ་མའི་འཁོར་ལོ་ལྟུང་བྱེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་ཚོགས་ཐོང་པ་དང། སྦྱོ་བ་ནི་དུས་མཉམ་པར་ཁོ་ནར་སྤྲུལ་ཞེས་བྱ་བའི་དོན་ཏོ། །བཞི་པ་རུ་ནི་ཞེས་བྱ་བ་ནི་།སྒྲུབ་པའི་དུས་སུ་མཁའ་འགྲོ་མ་དེ་ཡང་ཝའི་གདོང་ཅན། ་རྡོ་རྗེ་ཕྲ་མོའི་ཕག་པའི་རྩ་ལས་སྐྱེས་པ་བཞིབ་པར་བསྒོམ་པར་བྱའོ། །ཞེས་བྱ་བའི་དོན་དོ། །དེའི་ཕྱིར་ཕྲ་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་ཏུ་སོན་པའི་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །བཅོམ ་ལྡན་འདས་ཀྱི་ཕྱག་ཏུ་སོན་པའི་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་བསྒྲུབ་པར་བྱ་བའི་རྩའི་འཁོར་ལོ་ཕག་ནས་ཉིད་ཀྱི་ཞལ་ཝའི་གདོང་གི་གཟུགས་བྱིས་དང། མཁའ་འགྲོ་མའི་འཁོར་ལོའི་ཞལ་དེའི་གཟུགས་ཀྱིས་།དེའི་རྩའི་འཁོར་ལོའི་ཁྲག་བཞིབS?་ ་པས་དགུག་པར་བསྒོམ་པར་བྱའོ། །ཞེས་བྱ་བར་དགོངས་པའོ། །འདི་ཐམས་ཅད་དུ་གུས་པ་དང་བཅས་པ་དང། རྒྱུན་ཏུ་དུས་རིང་པོར་བསྒོམ་པ་དང་བཟླས་པ་དེ་དག་གིས་འགྲུབ་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །སོ་ཞེས་བྱ་བ ་ལས་ཡོངས་སུ་རྫོགས་པའོ། །སྒྱུ་མ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། །རྣམ་པར་བྱེད་པ་ན་རོལ་པ་སྟེ། གང་གིས་མན་ངག་གི་ངོ་བོ་བརྗོད་པ་དེ་ནི་སྒྱུ་མ་ཐམས་ཅད་རྣམ་པར་བྱེད་པ་སྟེ་ལེའུ་བཅུ་གཅིག་པའོ།། །། ་འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་གཅིག་པའོ།། །།ད་ནི་རྡོ་རྗེ་མཁའ་འགྲོའི་གཞུང་གཞན་གྱིས་བསྒྲུབ་པ་བསྒྲགས་པའི་ཕྱིར་ལེའུ་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་ལ་ཞུས་མ ་ཐག་ཏུ། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དང་པོའོ་ནི་བསྒོམ་བྱ་བ་ཞེས་བྱ་བ་ནི་མཆོད་པ་དང་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་མཐར། །རི་རབ་ཀྱི་སྟེང་དུ་ཁང་བརྩེགས་མལ་པདྨའི་སྟེང་དུ་རོ ་བསྒོམ་པར་བྱའོ། །དང་པོ་ཞེས་བྱ་བ་ནི། ཨ་ལ་སོགས་པ་སྟེ་ཧཱུཾ་ལ་ལྟོས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅེས་བྱ་བའོ།། ཆོས་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིའོ། །དབྱིངས་ནི་རང་བཞིན་ཏེ་ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་དོན་དམ་པར ་?་ཐམས་ཅད་ཀྱི་གཟུང་པ་ལ་སོགས་པ་དང་བྲལ་བའོ། །དེ་ཡང་སེམས་ཙམ་ཉིད་དེ་དེའི་སོ་སོར་སྣང་བ་ནི་བརྫུན་པའི་ཕྱིར་རོ། །སེམས་འདི་འབའ་ཞིག་ནི། སྔོན་པོ་ལ་སོགས་པར་སྣང་བཱི་ཕྱིར་ཕྱི་རོལ་ལྟ་བུར་འདོད་དེ། ཐོག་མ་མེད་པའི་དུས ་ནས་སྤོས?་པའི་བག་ཆགས་ཀྱིས་དཀྲུགས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གསུངས་པ། གལ་ཏེ་ཤེས་པར་བྱ་བའི་གཟུགས། ཕྱི་རོལ་ལྟ་བུར་སྣང་བ་ཉིད། །དེ་དོན་རྣམ་ཤེས་ངོ་བོའི་ཕྱིར། དེ་ཡི་རྐྱེན་ནི་དེ་ཡིས་ཀྱང་ཞེའོ། །རྣམ་པར་ཤེས་པ་ཐམས་ཅད ་རང་གི་ཡན་ལག་དམིགས་པའི་ཕྱིར་རོ། །ཡང་གསུངས་པ། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་བའི་སེམས། དོན་དུ་སྣང་བ་རབ་ཏུ་སྐྱེ་ཞེའོ། །སེམས་ཀྱི་གཟུང་བ་ལ་སོགས་པ་སྟོང་པ ་ཉིད་ནི། དབྱིངས་ཞེས་བརྗོད་དོ། །དེ་ཉིད་ནི་ཆོས་རྣམས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ལྟ་བུར་བདག་གི་རང་གི་ངོ་བོ་གང་གི་རོའི་དེ་ན་དེ་བཞིན་ཏེ། རང་གི་དོན་ལ་ཀ་ནའོ། །ཇི་ལྟར་རོ་རང་བཞིན་མེད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཞེས་བྱ་བར་དགོངS ་པའོ། །མཁས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཁོ་ན་སྟེ། ཆོས་ཉིད་རྟོགས་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་སྔར་གསུངས་པའི་མཆོད་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པའོ། །དེ་སྟེང་གནས ་ཞེས་བྱ་བ་ནི་རོ་མནན་པའི་གཟུགས་ཀྱིས། དེ་བཞིན་ཉིད་མན་ནོ་ཞེས་བྱ་བའི་དོན་ཏེ། དེ་བཞིན་ཉིད་འདི་ལས་ཀྱང་སྤོས?་པ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ། །གང་དག་སེམས་ཙམ་ཡང་དོན་དམ་པར་མི་འདོད་པ་དེ་རྣམས་ཀྱི་ཉམས་སུ་མྱོང་བ་ཡང་ཡོད ་པ་མ?་ཡིན་ཏེ། དེ་བཞིན་དུ་ཡང་དངོས་པོ་ཐམས་ཅད་རྣམས་ཀྱི་སྟོང་པ་ཉིད་དོ། །མཆོག་གི་གནས་ནི་ཞེས་བྱ་བ་ནི། མཆོག་གཉིས་སུ་མེད་པའི་ཕྱིར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་པའི་ཕྱིར ་གནས་?་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ། །དེ་ཉིད་ནི་ཕྱིས་འཆད་པར་འགྱུར་རོ། །བསྒོམ་པ་རྩོམ་པ་གསུངས་པ། ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་གྱི་ནི་རྡོ་རྗེ་འཛིན་པའི་དེ་ཁོ་ན་སྟེ། ཀུན་དེ་ཁོ་ན་ནི་ཧཱུཾ་འོ། །དེའི་དགོད་པ་གང་ལ་ཞེ་ན། རང ་གི་?་གའི་བླ་བའི་དབུས་སུ་ཞེས་གསུངས་པ་ནི། རྣལ་འབྱོར་པའི་རང་གི་སྙིང་གའི་ཟླ་བ་སྟེ། དེའི་དབུས་སུ་ཧཱུཾ་དགོད་པའོ། །དགོངས་པ་མཛད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་གསུངས་པ་དང་སྦྱར་རོ། །ཅི་མཛད་པས ་ཤེ་ན། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ནི་ཧཱུཾ་གིའོ། །འོད་ཟེར་ལས་བྱུང་བའི། མཁའ་འགྲོ་མ་སོགས་ཀྱིས་ཤེས་བྱ་བ་ནི། མཁའ་འགྲོ་མ་དང་དེ་བཞིན་དུ་ལཱ་མ་དང། དུམ་སྐྱེས་མ་དང་གཟུགS ་ཅན་མ་འདི་རྣམས་ཀྱིS་བླ་མ་དང་རྡོ་རྗེ་མཁའ་འགྲོ་ཡིད་ཀྱིས་མཆོད་པ་དང་ཕྱག་འཚལ་བའོ། །ཀུན་གྱི་ཞེས་བྱ་བ་ལ་སོགས་པ་བསྡུས་ཏེ་བསྟན་པ་ནི་རྒྱས་པར་བསྟན་པའི་ཕྱིར་གསུངས་པ། སྔན་ཏེར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། ་བྱམས་སེམས་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྡུག་པ་ནི་བྱམས་པ་སྟེ། དེ་ལས་བྱུང་བ་ནི་བྱམས་པའང་ཡིན་ལ་སེམས་ཀྱང་ཡིན་པ་ནི་བྱམས་པའི་སེམས་སོ། །འདི་ཡང་ཉེ་བར་མཚོན་པ་ཙམ་གྱི་ཕྱིར་ཏེ། སྙིང ་རྗེ་ལ་སོགས་པའི་སེམས་ཀྱང་ཡོངས་སུ་གཟུང་ངོ། །བྱས་དེ་ནས་ཞེས་བྱ་བ་ནི། བྱམས་པ་ལ་སོགས་བསྒོམ་པ་བྱས་ནས་འཆད་པར་འགྱུར་བ་གསུངས་པ། ཞེས་བྱ་བའི་བྱ་བ་དང་སྦྱར་རོ། །ཕྱི་ནས་ཤེས་བྱ་བ་ནི་སྒྲུབ་པའི་ཐབས་ཀྱི་རིམ་པས་རི ་རབ་ཀྱི་སྟེང་དུ་པདྨ?་བསྒོམས་མ་ཐག་ཏུའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཁང་པ་རྩེག་མའོ། །བྲི་བར་བྱ་ཞེས་བྱ་བ་ནི། རི་མོ་འདྲ་བར་བལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་ཕྱི་ནས ་ཞེས་བྱ་ནི། མཆོད་པ་ལ་སོགས་པ་བྱས་ཏེ། ཕྱི་ནས་ཁང་པ་རྩེག་མ་བསྒོམ་པར་བྱའོ་ཞེས་ཟེར་རོ། །དེའི་ནང་ཞེས་བྱ་བ་ནི། དེའི་ཁང་པ་རྩེག་མའི་སྙིང་པོ་ལའོ། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི་རྡོ་རྗེ་ཕྲེང་བའི་བརྒྱན་ནོ། །རྡོ་རྗེ་དཀར་པོའི་ཕྲེང ་བ་འཁྱིལ་བའི་རྣམ་?་བར་བྱའོ་ཞེས་བྱ་བར་དགོངས་སོ། །དེའི་ཞེས་བྱ་བ་ནི། རྡོ་རྗེ་དཀར་པོའི་འཕྲེང་བ་འཁྱིལ་བའི་འོ། །ནང་དུ་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པ་དཀར་པོའོ། །དཀར་པོ་ནི་སྐུ་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ། །དེ་སྟེངས་ཞེས་བྱ་བ་ནི ་རྡོ་རྗེ་དཀར་པོའི་ཕྲེང་བ་འཁྱིལ་བའི་སྟེང་གི་མཛའ་ནི་ཕྱི་རོལ་ཞེས་བྱ་བའི་དོན་ཏོ། །པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ་ནི་གསུང་གི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་ནི་མདོག་དམར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཞེས་བྱ་བ་ནི་པདྨའི་རྡོ་རྗེའི་ཕྲེང?་བ ་དམར་པོ་འཁྱིལ་བ་སྟེ། རྡོ་རྗེའི་ཕྲེང་བའི་གྲངས་ཀྱི་བསྲུང་བས་བསྐོར་བར་བྱའོ་ཞེས་བྱ་བ་ཇི་སྙེད་པའོ། །ནང་དུ་ཞེས་བྱ་བ་ནི། དེ་མ་ཐག་པ་ཡིན་ནོ། །པདྨའི་དེ་ཉིད་ནི་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་སྔོན་པོ་འདྲ་བའི་འོད་ཅེས་བྱ་བ་ལ། ་ནག་པོ་ནི་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྲུ་བཞི་པའི་ནང་དུ་པདྨ་ནག་པོ་བྲི་བར་བྱའོ། །ཅི་བྱུང་བས་ཤེ་ན། སྨྲས་པ་རྡོ་རྗེའི་ཕྲེང་བ་ནག་པོ་འཁྱིལ་བའོ། །རྡོ་རྗེ་ཐམས་ཅད་འདི་རྣམས་ཀྱི་རྩེ་མོའི་མཛའ་རྣམས་ལ་ཐིག ་ལེ་ལྔ?་པོ་རྣམས་བལྟ་བར་བྱའོ། །དེ་ཉིད་ནི་འདི་སྐད་དུ་རྡོ་རྗེའི་ཀ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀ་བའི་སྒྲས་ནི་རྩེ་མོ་རྣམས་སོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཐིག་ལེ་རྣམས་སོ། །རྣམ་པར་བརྒྱན་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །རི་རབ་རི་ཡི་སྤྱི་བོར་སོན། ་པདྨ་ཞེས་བྱ་བ་ནི། དངོས་གྲུབ་རིན་པོ་ཆེ་མང་པོའི་གནས་ཀྱི་ཚོགས་ཕྱིར་དང། ཕ་རོལ་གྱི་རབ་ཏུ་རྒོལ་བའི་རླུང་རྣམས་ཀྱིས་མི་གཡོ་བའི་ཕྱིར་ཡང་རི་རབ་བོ། །རིའི་སྒྲས་ནི་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེའི་ཡང་སྤྱི་བོ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་མཆོག་གོ། ་དེ་དང་དཀྱིལ་འཁོར་གྱི་ནང་དུ་སྟེ། དེ་ལ་སོན་པ་ནི་མི་གཡོ་བའི་ཚུལ་གྱིས་གནས་པའོ། །དེ་ཅི་ཞེ་ན། པདྨ་ཞེས་བྱ་བ་གསུངས་པ་ནི། སེམས་འདི་ནི་རྣམ་པར་དག་པ་སྟེ། འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་མ་གོས་ཤིང། པདྨ་སྣ་ཚོགས་འདབ ་མའི་གཟུགས་ཀྱིས་གནས་ཞེས་བྱ་བར་དགོངས་ཏེ། དེའི་ཕྱིར་སྣ་ཚོགས་གཟུགས་ཞེས་གསུངས་སོ། །ཡིད་འོང་ཞེས་བྱ་བ་ནི། འདིར་ཡིད་དགའ་བའི་ཕྱིར་དེ་ནི་དེ་བཞིན་ཏེ། ཀུན་རྫོབ་ནི་དོན་དམ་པའི་ངོ་བོའི་ཕྱིར་རོ། །སྒྲ་བ་ནི་དགོངས་སུ་གསལ་ཞེས་བྱ་བ་ལ ་སོགས་བ་གསུངས་ཏེ། འདི་ནི་དཀྱིལ་འཁོར་འབྲི་བའི་དུས་སུ་ཡང་བལྟ་བར་བྱའོ། །བྲི་བར་བྱ་ཞེས་བྱ་བ་ནི་དོན་གཞན་དུ་འཇུག་པའི་ཕྱིར་རོ། །དགོངས་པ་མཛད་དུ་གསོལ་ཞེས་བྱ་བ་ནི། རྗེས་སུ་ཡི་རང་བར་མཛད་པ་དང། ལེགས་པས ་བདག་ལ་སྣང་བར་མཛོད་ཅིག་པའོ། །སུ་ལས་ཤེ་ན། གསུངས་པ། སངས་རྒྱས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བྱང་ཆུབ་སེམས་དཔའ་ཀུན་ཞེས་བྱ་བ་ལ། བྱང་ཆུབ་ནི་ལྷ་རྣམས་ཀྱི་ཚོགས་སོ། །སེམས་དཔའ་ནི་སེམས་ཙམ་སྟེ། དེའི ་བདག་ཉིད་ཅན་གྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དང་ཀུན་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །མིང་ནི་ཆེ་གེ་མོ་ཞེས་བྱ་བ་ནི། རང་གི་མིང་གཟུང་བས་ཤིན་ཏུ་ཡང་སྣང་བར་མཛད་པ་ལའོ། །དུས་འདི་ཉིད་ནས་གཟུང་ནས་ནི་ཞེས་བྱ་བ་ནི། ད་ལྟར་གྱི་དུས་ནས་སངས ་རྒྱས་ཀྱི་བྱིན་གྱིས་བརླབས་ལས་སྐྱེས་པ་གཟུང་བར་བྱས་ནས། རྒྱུར་བྱས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་ཇི་སྲིད་ཅེས་བྱ་བའི་སྒྲར་བསྙེགས་ཏེ། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི་ཞེས་བྱ་བ་དང་སྦྱར་རོ། །དུས་ཇི་ཙམ་དུ་ཞེ་ན་།བྱང་ཆུབ་བར་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། བྱང་ཆུབ་སྙིང་པོ་ནི་བཅུད་དེ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་མཆིས་ཞེས་བྱ་བ་ནི། གནས་པའོ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་པར་ཞེས་བྱ་བ་ནི། བྱང་ཆུབ་སྙིང་པོ་ལ་མཆིས་པའི་མཐར་ཐུག་པར ་བྱས་པ་ཞེས་བྱ་བའི་དོན་ཏོ། །བྱ་བ་གསུངས་པ། བསྐྱེད་བར་བགྱི་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི། སྨོན་བ་དང་འཇུག་པའི་ངོ་བོའོ། །བླ་ན་མེད་པ་ཞེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཀྱི་འབྲས་བུ་འབྱུང ་བའི་ཕྱིར་རོ། །དེ་ལ་བདག་རྡོ་རྗེ་མཁའ་འགྲོར་གྱུར་ནས། སེམས་ཅན་ཐམས་ཅད་རྡོ་རྗེ་མཁའ་འགྲོར་བྱའོ་ཞེས་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །སྦྱིན་པ་ལ་སོགས་པའི་བྱ་བའི་ངོ་བོ་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་ཐའོ།?་།དུས ་གསུམ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ནི་དུས་གསུམ་མོ། །ལམ་གསུམ་ནི་གཤེགས་པ་དང་མ་བྱོན་པ་དང་དེ་ལྟར་རང་བཞིན་གྱི་ཕྱིར་། དེ་རྣམས་ཀྱི་སྤྱོད་པ་ནི་དུས་གསུམ་མོ། །མགོན་པོ་རྣམས་ཞེས་བྱ་བ་ནི་།མགོན་པོ་སངས་རྒྱས ་རྣམས་སོ། །ངེས་མཛད་པ་ཞེས་བྱ་བ་ལ་གང་དག་གི་མཛད་པའི་ནི་ཡིད་ལ་བྱེད་པ་སྟེ་སྦྱིན་པ་ལ་སོགས་པའི་བྱ་བའི་མཚན་ཉིད་ཀྱིའོ། །དེས་ཞེས་བྱ་བ་ནི་དེ་མ་ལུས་པས་གང་གི་བསགས་པ་ནི་ཕུང་པོའོ། །ཅིའི་དོན་དུ་ཞེ་ན། བྱང་ཆུབ་ཏུ་ནི་ཞེས་བྱ་བ་གསུངས་ཏེ། ཡང ་དག་པར་རང་དང་གཞན་གྱི་དོན་ནུས་པ་འདིའི་བྱང་ཆུབ་ལ་ཞེས་རྒྱུ་མཚན་གྱི་བདུན་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ལ་སངས་རྒྱས་ཏེ་འདས་པ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་དང་ལྡན་པ་དང། བསྐྱེད་པར་འགྱུར ་བ་དང། བསྐྱེད་པ་ནི་བྱང་ཆུབ་ཀྱི་དོན་ཡིན་པ་དེ་བཞིན་དུ་བདག་ཀྱང་ཞེས་བྱ་བར་དགོངས་པའོ། །ཡང་ན་སངས་རྒྱས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། སངས་རྒྱས་ཉིད་ལ་སྦྱོར་བ་ལ་སྐྱེས་པའི་ཕྱིར་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་ད ་ལྟ་ཉིད་ན་སངས་རྒྱས་སུ་རྟོགས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ་སྔོན་དུ་འགྲོ་བའི་སྨོན་པ་དང་འཇུག་པའོ། །དེ་ཉིད་ནི་རེ་ཞིག་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་ལ་འཇུག་པ་དང་མི་དགེ་བ་ལས་ལྡོག་པ་དང། དོན་དམ་པར་བྱ་བའི་མཚན་ཉིད ་ངོ། ཚུལ་ཁྲིམས་རྣམ་པ་གསུམ་ཞེས་བྱ་བའོ། །འདི་ཉིད་ཀྱི་ཕྱིར་འདི་བཤད་པ། དགེ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སོ་སོར་གཟུང་བ་ཞེས་བྱ་བ་ནི་རྟག་ཏུ་འཇུག་པས་ཡང་དང་ཡང་དུ་འཛིན་པའོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཁོ་ནས ་ཁས་བླངས་པ་ཏེ། འཁོར་བ་གདོན་ཅིང་སྒྲོལ་བའི་ཕྱིར་ང་རྒྱལ་བྱེད་པའོ། །བརྟན་པོར་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པས་བཀའ་ལས་མི་འདའ་བར་འགྲོ་བ་ཇི་ལྟར་གྱུར་པའི་བྱ་བའི་ཁྱོད་པར་གྱིས་བྱས་པའི་སྨོན་ལམ་སངས་རྒྱས་ལ་སོགས་བ་ལ་གནས་པར་བྱེད? ་བསྟན་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་རྟོགས་པའི་ཕྱིར་སངས་རྒྱས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི ་ལུང་ཤེས་བའི་ངོ་བོའོ། །དགེ་འདུན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་རྡོ་རྗེ་ལ་སོགས་པ་འདུས་པའོ། །དང་བོར་དཀོན་མཆོག་གསུམ་ཞེས་བྱ་བ་ནི། དགའ་བ་རྒྱས་པའི་ཕྱིར་དཀོན་མཆོག་རྣམས་སོ། །གསུམ་ནི་ཐུགས་དང་གསུམ་དང ་སྐུའི་རང་བཞིན་རྣམས་ཏེ། དཀོན་མཆོག་རྣམས་སོ། །དཀོན་མཆོག་གསུམ་པོ་ཉིད་ནི། དཀོན་མཆོག་གསུམ་མོ། །དེ་ཉིད་ཀྱི་དང་པོ་ནི་རབ་སྟེ་གྲངས་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །དང་པོར་དཀོན་མཆོག་གསུམ་གཟུང་ཞེས་བྱ་བ་དང་སྦྱར་ཏེ། བསྐྱེད་པར་བྱའོ་ཞེས་བྱ་བའི ་དོན་ཏོ། །དང་པོར་གནས་ནས་ཕྱི་ནས་མངོན་དུ་བྱའོ་ཞེས་བྱ་བར་དགོངས་པའོ། །དང་པོར་དཀོན་མཆོག་གསུམ་ཞེས་བྱ་བ་དེ་ཅི་ཞེ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ་ཞེས་བྱ་བ་དང་སྦྱར་རོ། །བླ་ན་མེད་ཅེས་བྱ་བ་ནི་མཆོག་རབ་སྟེ་འདི་ལས་གཞན ་དུ་ཡོད་པ་མ་ཡིན་པ་ནི་བླ་ན་མེད་པའོ། །བླ་ན་མེད་པའི་འབྲས་བུ་འབྱུང་བའི་ཕྱིར་རོ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པ་ཞེས་བྱ་བ་ནི། ལུས་ལ་སོགས་པའི་བདག་ཉིད་སྡོམ་པའི་ཕྱིར་སྡོམ་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་སྟེ་སངས་རྒྱས ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་དང་སྦྱར་རོ། །དེ་ཞེས་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སྡོམ་པའོ་ཞེས་བྱ་བར་དགོངས་པའོ། །རྡོ་དྲིལ་བུའི་ཕྱག་རྒྱ་ཡང་ཞེS་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ།། ་སོར?་གཟུང་ཞེས་བྱ་བ་ནི་ཡང་དང་?་དུ་འཛིན་པའོ། །དེ་ཉིད་ལས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ལས་སོ། །སློབ་དཔོན་ཡང་ནི་ཞེས་བྱ་བ་ནི། བླ་མ་སྟེ་བླ་མ་སློབ་དཔོན་གྱི་སྒྲས་ནི། མཁས་བ་རྣམས་ཀྱིས་གསུངས་ཞེས་བྱ་བའི་ཐ་ཚིག་གོ་།རྡོ་རྗེ་རིགས ་མཆོག་ཆེན་པོ་ལ་ཞེས་བྱ་བ་ནི། མི་བསྐྱོད་པའི་རིགས་ཆེན་པོའི་སྡོམ་པ་ཞེས་བྱ་བའི་དོན་ཏོ། །ཡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ལ་སོགས་པའི་དམ་ཚིག་གོ་།སློབ་དཔོན་ཡང་ནི་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་ངོ། །སྦྱིན་པ་རྣམ་བཞི་ཞེས་བྱ ་བ་ནི་ཆོས་དང་ཟང་ཟིང་དང། མི་འཇིགས་པ་དང་དགའ་བ་ལ་སོགས་པའི་མཚན་ཉིད་རྣམས་ནི་སྨིན་པ་བཞི་པོ་རྣམས་སོ། །ཡང་ན་དོན་དང་ལྷག་བའི་དོན་དང། ཡན་ལག་དང་ལྷག་པའི་ཡན་ལག་གི་མཚན་ཉིད་རྣམས་སོ། །དོན་ནི་གསེར་དང་དངུལ ་ལ་སོགས་པའོ། །ལྷག་པའི་དོན་ནི་བུ་དང་ཆུང་མ་ལ་སོགས་པའོ། །ལྷག་པའི་ཡན་ལག་ནི་མགོ་བོ་དང་ཚིལ་བུ་དང་གླད་པ་ལ་སོགས་པའོ། །དྲུག་བྱས་ནས་ཞེས་བྱ་བ་ནི་ལན་དྲུག་གོ་།ཉི་མ་ཞེས་བྱ་བ་ལ་སོགས་པས་ནི་ངེས་པར་བསྒོམ་པར ་བྱའོ་ཞེས་བསྟན་པའོ། །གང་དུ་དེ་སྐད་དུ་བྱེད་ཅེ་ན། ཚོན?་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རིན་ཆེན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བའི་ཕྱིར་རིན་ཆེན་འབྱུང་གནས་སོ། །གོང་མའི་བྱེད་ཀྱིས་མིང་བསྟན་པའོ།། ་?་རིགས་ནི་རིན་པོ་ཆེའི་རིགས་སོ། །དེའི་ཕྱིར་སྤྲུལ་པ་དུ་མ་འབྱུང་བའི་ཕྱིར་རོ། །ཅིར་གྱུར་པས་ཤེ་ན། སྦྱོར་བ་ཞེས་བྱ་བ་གསུངས་ཏེ། ཡང་སེམས་རྩེ་གཅིག་ཏུ་བྱེད་པ་འདིས་སྦྱོར་བ་སྟེ་བྱེད་པ་ལ་རྒྱུ་ཊའོ། །དམ་ཚིག ་ནི་འདའ་བར་དཀའ་བའི་ཕྱིར་རོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་སྦྱིན?་པ་ལ་སོགས་པའི་སྦྱོར་བའི་ཕྱིར་རོ། །དམ་ཆོས་ཞེས་བྱ་བ་ནི། དམ་པའི་སངས་རྒྱས་ཀྱི་ཆོས་ནི་དམ་པའི་ཆོས་སོ། །ཕྱི་དང་ཞེས་བྱ་བ་ནི་རྒྱུད་དུ་སོན་པའོ། །གསང་བ ་ཐེག་པ་གསུམ་ཞེས་བྱ་བ་ནི་ཉན་ཐོས་དང། རང་སངས་རྒྱས་དང་ཐེག་པ་ཆེན་པོ་རྣམས་ནི་ཐེག་པ་གསུམ་བོ་རྣམས་སོ། །ཐེག་པ་གསུམ་དུ་སོན་པ་ཉིད་ནི་ཐེག་པ་གསུམ་མོ། །གང་དུ་དམ་པའི་ཆོས་གཟུང་བར་བྱ་ཞེ་ན། ཆེན་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །པདྨ་ནི་སོ་སོར་རྟོགས?་པའི་ཡེ་ཤེས་ཏེ། དེ་ལས་བྱུང་བ་ནི་འདིའི་པདྨའི་འོད་དཔག་ཏུ་མེད་པའོ། །ལྷག་མ་ནི་གོང་མ་བཞིན་ནོ། །དག་པ་ལ་ཞེས་བྱ་བ་ནི་གཟུང་བ་ལ་ཕོགས? ་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །བྱང་ཆུབ་ཆེན་པོ་ལས་བྱུང་བ་ཞེས་བྱ་བ་ནི། འདི་ལས་བྱང་ཆུབ་ཆེན་པོ་འབྱུང་བའི་ཕྱིར་ཆོས་ཐམས་ཅད་ལ་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པ་ནི་བྱང་ཆུབ་ཆེན་པོའོ། །མཆོད ་པའི་ལས་ཀྱང་གཟུང་བར་བགྱི་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཁྱད་པར་དུ་བྱ་བ་ནི་སྡོམ་པ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ལྡན་པར་ནི་ཞེས་བྱ་བ་ལ། ཐམས་ཅད་ནི་ཕྱི་དང་གསང་བ་རང་གི་ངོ་བོ་ཀུན་དང་ལྡན་པའི་ཕྱིར་རོ། །ཅི་ནུས་ཞེས་བྱ་བ་ནི། ་ནུས་པ་ལས་ཤིན་ཏུ་མ་འདས་པས། །གང་དུ་འདི་སྐད་དུ་ཞེ་ན། ལས་ཀྱི་རིགས་མཆོག་ཆེན་པོ་ལ་ཞེས་གསུངས་ཏེ་ལས་ཀྱི་རིགས་ནི་དོན་ཡོད་གྲུབ་པའོ། །འདི་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། སྡོམ་པ་གཟུང་བ་ནི། མ་རྒལ་བ་དག་བསྒྲལ ་བར་བགྱི། ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་བྱ་སྟེ། ཚིགས་བཅད་ཀྱི་དོན་ནི་འདིའི་འོ། །མརྒལ་བདག་ཅེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་ཉན་ཐོས་ལ་སོགས་པ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་རྣམས ་ལས་མ་རྒལ་བའོ། །མ་གྲོལ་བ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་རྣམས་སོ། །དབུགས་མ་ཕྱིན་པ་ཞེས་བྱ་བ་ནི། དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་ཏེ། འདི་དག་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལའོ། །དེ་སྐད་དུ་བྱས་ཏེ་།དེ་ནས ་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ།། སྭཱ་བྷཱ་བ་ཞེས་བྱ་བས་ནི་རང་བཞིན་གྱིས་དག་པའོ?། །སརྦ་དྷརྨཱ་ནི་ཕུང་པོ་ལ་སོགས་པའོ། ། ཧཾ་ཞེས་བྱ་བ་ནི་རང་གི་ང་རྒྱལ་བྱེད་པ་ཡང་རྣམ་པར་དག་པ་ཞེས་བྱ་བར་དགོངས་སོ། །དེ་ནས་ཞེས་བྱ་བ་ནི་རང ་བཞིན་གྱིས་རྣམ་པར་དག་བའི་མཐར་རོ། །གནས་ལས་རྣམ་གྲོལ་ཞིང་ཞེས་བྱ་བ་ལ། གནས་ཀྱི་སྒྲ་ངེས་ནི་དེས་ཕར་གྲོལ་བ་སྟེ་དག་གི་སྤྱོད་ཡུལ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་རྗེས་སུ་ཞེས་བྱ་བས? ་ཤིན་ཏུ་རིང་བ་མིན་བས་སོ། །དེ་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་པའི་སྨོན་ལམ་བྱས་པའོ། །བཅོམ་ལྡན་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལས་བྷ་གའི་སྦྱོར་བའི་ཕྱིར་རོ། །རྡོ་རྗེ་ཅན་ཅན་ཞེས་བྱ་བ་ནི། རྡོ་རྗེ་དང་ལྷན་ཅིག་མི་ཕྱེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དང ་རྡོ་རྗེ་དང་སློབ་དཔོན་འདི་དག་ནི་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པར་བློས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། རྡོ་རྗེ་སེམས་དཔས་ཞེས་བྱ་བ་ནི། མི་ཕྱེད་པའི་བརྩོན་འགྲུས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། རང་བཞིན་གྱིས་དག་པ་ཐོབ་པ་སྟེ། ཆོས་ཐམས་ཅད་བདག ་མེད་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་བྱ་བ་དང་སྦྱར་རོ། །ཡང་ན་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པར་རྗེས་སུ་བལྟ་བ་ནི་ཆོས་ཐམས་ཅད་བདག་མེད་པས་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་འཆང་པར་འགྱུར་བའི་དབུས་ཀྱི ་པདྨའི་ཟེ་འབྲུལ་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ་ཞེས་བྱ་བའོ། །རོལ་པར་ལྡན་ཞེས་བྱ་བ་ནི། གཡོན་བརྐྱང་བས་གནས་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པས་ནི། དབུས་ཀྱི་པདྨའི་ཤར་ལ་སོགས ་པའི་འདབ་མ་བཞི་ལ། ལྟ་མོ་ལྟུང་བྱེད་མ་ལ་སོགས་པ་བཞིའོ། །དེའི་མཚམས་ཀྱི་བཞི་ལ་ཡང་ཐོད་པ་བདུད་རྩི་ལྔས་གང་བ་རྣམས་སོ། །གོང་མ་བཞིན་དུ་ཕྱི་རོལ་དུ་བརྩམས་ནས་རབ་གཏུམ་མ་ལ་སོགས་པ་རྣམས་པདྨ་གསུམ་ལ་གོ་རིམས་བཞིན་དུ་བལྟ ་བར་བྱའོ། །འཁོར་ལོའི་སྒོ་རྣམས་མ་ཁྭ?་གདོང་མ་ལ་སོགས་པའོ། །དབང་ལྷན་ལ་སོགས་པའི་མཚམས་རྣམས་སུ་གཤིན་རྗེ་མཆེ་བ་མ་ལ་སོགས་པ་སྟེ། ལྷག་མ་ཐམས་ཅད་ནི་སྒྲུབ་ཐབས་ཀྱི་རིམ་པས་བལྟ་བར་བྱའོ། །ལྔ་ལས་མི་ཉུང་མཐོང་བ་ཉིད་ ་ཅེས་བྱ་བ་ནི་རིགས་ཀྱིས་གཅིག་གི་ཚིག་སྟེ། ཐོད་པ་བདུད་རྩི་ལྔ་པོ་དེས་གང་བ་རྣམས་སོ། །བྱ་བའི་དོན་ཏོ། །དེ་རྣམས་ནི་དབུས་ཀྱི་པདྨའི་ཕྱོགས་དང་བྲལ་བ་བཞི་པོ་ཐམས་ཅད་དུ་སྟེ། མཚམས་ནི་རྣམ་པ་བཞི་རྣམས་སུ་ཞེས་བྱ་? ་ཏུ་གསུངས་བའི་ཕྱིར་རོ། །སངས་རྒྱས་ཀྱི་གསོལ་བ་བཏབ་པ་དེ་རྣམས་ཀྱང་གང་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །བདུད་རྩི་ལྔ་འདུ་བྱ་བ་ནི། བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལས་བྱུང་བ་ན་? ་སྟེ་སྟེང་དུ་གནས་པའི་ཕྱིར་ཐོད་པའོ། །མཆོག་ཅེས་བྱ་བ་ནི། རྡུལ་དང་ལྡན་བའོ། །འདི་ནི་ཉེ་བར་མཚན་པའི་ཕྱིར། རྣམ་པར་སྣང་མཛད་དང། འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དང། དོན་ཡོད?་གྲུ་པ་རྣམས་ཀྱི་གཟུང་ངོ། །དང་པོའི་ཡི་གེ་ཞེས་བྱ་བ་ནི ་ཨོཾ་མོ། །དེས་ཡང་དག་ལྡན་ཞེས་བྱ་བ་དེ་ནི་ཐོད་པའོ། །བསམས་ནས་ཞེས་བྱ་བ་ནི། ཐོད་པ་ལ་སོགས་པའོ། །དེ་ལྟར་སྒོམ་བྱེད་ན་ཞེས་བྱ་བ་ནི། བུམ་པ་ལ་སོགས་པ་བསྒོམ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེས་ཅི་ཡིན་ཞེ་ན། དེའི་སྐད་ཅིག་འབར ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ཅིར་འགྱུར་ཞེ་ན། རྫས་ཀྱི་དངོས་གྲུབ་འབྲས་རབ་སྦྱིན་ཞེས་གསུངས་ཏེ། རྫས་ནི་རྣམ་པར་དབྱེ་བ་མེད་པ་སྟེ། རྫས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཡཾ?་ལས་སྐྱེས ་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་དང། རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པའོ། །དེའི་སྟེང་དུ་ཨ་ལས་སྐྱེས་པའི་ཐོད་པའོ། །དེའི་ནང་དུ་བྲུམ་ཨཾ་ཛྲི་ཁཾ་ཧཱུཾ་གི་ས་བོན་ལས་སྐྱེས་བའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས ་དང་བདུད་རྩི་ལྔ་པོ་རྣམས་སོ། །དེའི་སྟེང་དུ་ཕྱག་འཚལ་བའོ། །དེའི་སྟེང་དུ་བར་སྣང་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའོ། །རླུང་གིས་བསྐུལ་བའི་མེས་གདུངས་པས་དེ་རྣམས་སྨིན་ཅིང་དེ་གདུངས་པས། རྡོ་རྗེ་ཁུ་བར་གྱུར་པས་དེ་ཉིད་དུ་ལྟུང་བར་བསམས་ནས ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་རྫས་རྣམས་སུ་བྱའོ། །དེ་ནས་བདུད་རྩི་ལྔ་འབར་བས་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་རོ། །སྦྱོར་གྲུབ་རིག་མཚན?་མོ་ནི། ཡིད་ཆེས་བྱེད་ཅིང་འཇུག་པར་འགྱུར་ཞེས་བྱ་བ་ནི། རྣལ་འབྱོར་གྱིས་གྲུབ ་བའོ། །རིག་མ་ཆེན་མོ་ནི་སྔགས་ལ་སོགས་པའི་རིག་མའོ། ། ཡིད་ཆེས་བྱེད་ཅིང་ཞེས་བྱ་བ་ནི་འདི་རྣམས་ཡོད་པ་སྟེ། ཡང་དག་པར་ཆ་ཤས་མེད་བར་སྐྱེ་ཞེས་བྱ་བར་དགོངས་པའོ། །བྲུཾ་ལ་སོགས་པ་རྣམས་དང། ཡི་གེ་གསུམ་པོ་རྣམས་ཀྱང་སྔོན་དུ་? ་བཟླས་ཤིང། རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ། །དེ་ནས་གང་ཞིག་གསུངས་པ་དེ་བཞིན་དུ་འགྱུར་རོ། །མི་སྣང་བས་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་མཁའ་འགྲོ་བསྒོམ་པ་ལ་སོགས་པའི་འབྲས་བུ་གསུངས་སོ། །འདི་ལྟར་ཡང་དམ་ཚིག་ནི་ཐུན་མོངས ་དང་གཞན་བའི་དངོས་གྲུབ་རྣམས་ཀྱི་ལྷན་ཅིག་བྱེད་པའོ། དེའི་ཕྱིར་མི་སྣང་བས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་རྣམས་ཞེས་བྱ་བ་ནི། རི་ལུ་དང་མིག་སྨན་ལ་སོགས་པ་མི་སྣང་བ་རྣམས་ལ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བྱིན་གྱིས ་བརླབས་པས། རྡོ་རྗེ་མཁའ་འགྲོ་བསྒོམ་པ་ལས་སྐད་ཅིག་ལས་རྒྱལ་པོ་ཐམས་ཅད་ཀྱི་བཙུན་མོའི་འཁོར་ལ་སོགས་པའོ། །རྣལ་འབྱོར་པས་ནི་མཐོང་ཞེས་བྱ་བ་ནི། རྣལ་འབྱོར་པའི་སྟེ་མི་མཐོང་བས་བཅིང་བའི་དངོས་པོ་མེད་པའི་ཕྱིར་རོ། །སྔོན་གྱིས་རྙེན ་པ་དང་སྒྲུབ་པའི་དུས་སུ་དམ་ཚིག་བྱིན་གྱིས་བརླབ་པར་བྱའོ། །མི་སྣང་བས་དངོས་པོ་བསྟན་པའི་འབྲས་བུ་ནི། འཕྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་འཕྲོགས་པར་འགྱུར་རོ། །གང་ཞེ་ན། སངས ་རྒྱས་ཀུན་གྱི་ཞེས་བྱ་བ་ནི། ལས་ཀྱི་དྲུག་པའོ། །སངས་རྒྱས་རྣམས་ཀྱི་ཡང་འཕྲོག་པ་ནི། ཁྱེར་བ་ན་ཡང་དེ་རྣམས་ཀྱིས་ཀྱང་མི་མཐོང་ངོ་ཞེས་བྱ་བར་དགོངས་པའོ། །ལྷ་མཆོག་ལས་སྐྱེས་ཞེས་བྱ་བ་ནི། ལྷའོ་མཆོག་ནི་དབང་པོ་སྟེ། དེ་ལས ་སྐྱེས་པ་ཡང་བཀུག་ནས་དབང་ལ་སོགས་པར་ཉེ་བར་ལོངས་སྤྱོད་བར་ནུས་སོ་ཞེས་བྱ་བར་དགོངས་པའོ། །ཡང་ན་སངས་རྒྱས་རྣམས་ཀྱི་ཡང་ཡོན་ཏན་འཕྲོག་པས། སངས་རྒྱས་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས ་རྒྱས་ཞེས་བྱ་བ་ལ་སོགས་པའི་མི་སྣང་བའི་འབྲས་བུ་ནི་ལྷའི་མིག་གིས་མཐོང་བ་ནི་གི་གཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཾ་གཱ་ཞེས་བྱ་བ་ལ་སོགས་པ་ནི་མང་པོའོ། །རྡོ་རྗེ་གསུམ་ནི་མི་ཕྱེད་བ་སྟེ་དམ་ཚིག་མཆོག་གོ་།གནས་ཞེས་བྱ་བ་ནི་ཕུང་པོའོ། ། ་དེ་རྣམས་ཀྱི་དབྱིབས་ཀྱི་གནས་པའོ། །གཾ་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕུང་པོ་གཅིག་དང་གཉིས་དང་གསུམ་ཡང་འདི་ལྟར་ཕུང་པོ་གསུམ་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱང་རྣལ་འབྱོར་པའི་ལྷའི་མིག་གིས་མཐོང་བར་འགྱུར་རོ།། ་སངས་རྒྱས་མཐོང་བ་ནི་ཐུན་མོང་མ་ཡིན་པའི་ཕྱིར། དེ་མཐོང་བ་ལས་རྣལ་འབྱོར་གྱི་བདག་ཉིད་ཆེན་པོའོ། །ཡང་ན་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་སྟེ་དེ་རྣམས་ཀྱི་གནས་ན་གཞི་ཉིད་དེ་ལྷག་མ་ནི་སྔར་བཞིན་ནོ། །འདིས་ནི་གསལ་བར་བསྟན་པ་ཡིན་ནོ། །རྡོ་རྗེ་མིག ་གིས་ཞེས་བྱ་བ་ལ། རྡོ་རྗེ་མིག་གིས་ཅི་དང་འདྲ་ཞེ་ན་རང་གི་ལག་པས་ཞེས་གསུངས་པ་ནི། བདུན་པ་ཕྱིས་པའི་ཕྱིར་རང་གི་ལག་པ་ལའོ། །སྐྱུ་རུ་ར་ཅིག་ཇི་ལྟ་བར་གི་གཱའི་ཞེས་བྱ་བ་ལ་སོགས་པ་ནི། རྫུ་འཕྲུལ་སྣ་ཚོགས་ཀྱི་ཡེ་ཤེས་བསྟན ་ཏོ། །བཟློག་བའི་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེ་རྣམས་བཟློག་པའོ། །དེ་རྣམས་ཀྱི་སྦྱོར་བ་ནི། གང་ལ་སྔགས་ཀྱི་ཡི་གེ་དེ་གོ་བཟློག་པའི་?་བ་ནི་སྙིང་པོའི་སྔགས་ཀྱི་ཡི་གེ་ཉི་ཤུ་རྩ་གཉིས་ཞེས་བྱ་བའི་དོན་ཏོ། །རྒྱུད་ཀྱི་ཞེས་བྱ་བ་ནི་རྡོ་རྗེ ་མཁའ་འགྲོའི་རྣལ་འབྱོར་ལའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པའི་དངོས་གྲུབ་ཀྱི་དོན་དུ་བསྒོམ་པར་བྱ་ཞིང་སྦྱར་བར་བྱའོ། །སྔགས་ཀྱི་ཡི་གེ་གོ་བཟློག་པ་ནི་དངོས་གྲུབ་ཀྱི་སྒོ་ནས། རྡོ་རྗེ་མཁའ་འགྲོའི་སྒོམ་པ་བསྟན་ཏོ་ཞེས་བྱ་བར ་དགོངས་པའོ། །ཡང་ན་རྒྱུད་འདིར་ཇི་སྙེད་པའི་སྔགས་དེ་སྙེད་པའི་ཡི་གེ་ཟློག་པའི་སྦྱོར་བ་ནི། མ་ལོག་པར་བྱས་ནས་རྟོགས་པར་བྱའོ། །འདི་ལ་གུས་པར་བྱའོ་ཞེས་རྟོགས་པར་བྱ་བའི་ཕྱིར། དེ་ལྟར་ཞེས་གསུངས་པ་ནི། རྡོ་རྗེ་མཁའ་འགྲོ་སྟེ་སངས ་རྒྱས་བདུད་རྩི་ལྔ་མཛེས་པས་བཤད་པ་ནི། དེ་ལེགས་པར་བསྟན་པའོ། །དེའི་ཕྱིར་རོ་ཡང་གུས་པ་དང་བཅས་པ་ཞེས་བྱ་བར་དགོངས་པ་ཏེ་ལྷག་མ་ནི་གོ་སླའོ། །གང་ལ་རྡོ་རྗེ་མཁའ་འགྲོ་འབྱུང་བ་དེ་དེ་བཞིན་ཏེ། ལེའུ་བཅུ་གཉིས་པའོ།། །། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་གཉིས་པའོ།། །།རྡོ་རྗེ་མཁའ་འགྲོ་བསྒོམས་པས་སྔགས་མང་དུ་བཟླས་ཤིང་དཔའ་པོ་དང། གཉིས་སུ་མེད་པའི་རྣལ་འབྱོར་གྱིས་སམ། རྣལ་འབྱོར་མ་རེ་རེའི་རྣལ་འབྱོར་གྱི ་ལས་རྒྱས་པ་སྒྲུབ་པར་བྱེད་པ་འདིའི་བརྗོད་པར་བྱེད་པའི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་འབྱུང་བ་གསུངས་པའི་དེ་མ་ཐག་ཏུའོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར། རྡོ་རྗེ་མཁའ་ ་འགྲོའི་རྣལ་འབྱོར་གྱི་ང་རྒྱལ་མ་གཏོགས་པར་ཅུང་ཟད་ཀྱང་མི་འགྲུབ་པ་དེས་ན། དངོས་གྲུབ་ཀུན་སྒྲུབ་པ་ཞེས་བྱ་བའི་རྣལ་འབྱོར་བཤད་པར་བྱ་ཞེས་བྱ་བར་བལྟའོ། །ཀུན་ཞེས་བྱ་བ་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་བསྐྱེད་པ་དང་ཁྱད་པར ་དུ་སྒྲུབ་པར་བྱེད་དོ། །སྒྲུབ་པ་པོ་རྣམས་ལ་ཞེས་བྱ་བ་ནི་དེ་དེ་བཞིན་ནོ། །དེ་གང་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་ཆོ་ག་སོ། །རྣམ་པར་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི། རྟོགས་པོས་སམ་ཕྱི་ནས ་གོམས་པར་བྱས་པས་སོ། །རེ་ཞིག་ཕྱི་རོལ་གྱི་ཤེས་རབ་དང་སྙོམས་པར་འཇུག་པའི་རྣལ་འབྱོར་གསུངས་པ། ཨ་ནི་ཞེས་བྱ་བ་ནི། མཁའ་འགྲོའི་གདོང་གི་ཁ་རུ་ཟླ་བའི་དབུས་སུ་གནས་པ་དང། དེ་བཞིན་དུ་རྡོ་རྗེའི་ནོར་བུར་ཟླ་བ་ལ ་གནས་པར་བསྒོམ་པར་བྱའོ། །ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་ཟེ་འབྲུལ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །ཆོས་ཐམས་ཅད་ཀྱི་རང ་བཞིན་གྱིས་མང་པོའི་ཚིག་སྟེ། དེ་སོ་སོར་གསལ་བར་བློ་ལ་གནས་པར་བྱེད་པའི་ཕྱིར་རོ། །བཅུ་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ་། སྨིན་མའི་དབུས་སུ་ཞེས་བྱ་བ་ནི། སྨིན་མའི་དབུས་ཀྱི་སྟེང་དང་ཉེ་བ་ནའོ། །དེ་ལ་ཅི་ཞེ ་ན། སྨས་པ། སྐྱོན་འདར་བྱེད་པའི་ཕྱིར། ཀུན་འདར་མ་ཞེས་སྨོས་ཏེ། གཉིས་སུ་མེད་པའི་སེམས་སོ། །དེའི་གནས་ནི་མིག་གསུམ་པའི་མཚན་མའོ། །ལུས་ཀྱི་ནི་གཡས་པའི་མིག་གོ་།ངག་གི་ནི་གཡོན་པའོ། །སེམས ་ནི་སྟེང་དུ་ནི་ཐམས་ཅད་ལས་ཁྱད་པར་ཏུ་འཕགས་པའི་ཕྱིར་རོ། །འདིས་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མ་ཐམས་ཅད་རྣམས་ཀྱི་སྤྱན་གསུམ་པར་གྲུབ་བོ། །དེ་བས་ན་ཧཱུཾ་གི་ཟླ་བ་ཕྱེད་པ་ལས་གཞན་པའི་ལུས་མིག ་གསུམ་པ་ཞེས་བྱ་བར་དགོངས་སོ། །དང་པོ་ཞེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི་རྣལ་འབྱོར་དྲན་པ་སྟེ། རླུང་གིས་བསྐུལ་པའི་མེའི་དཀྱིལ་འཁོར་རོ། །དང་པོ་དབྱངས་དང་ལྡན་པར་ནི། བསམས་ན་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་སྦྱར ་བར་བྱའོ། །སྔར་གྱི་བྱ་བ་ཉིད་དང་སྦྱར་ཞིང་གནས་པར་བྱའོ་ཞེས་བྱ་བར་དགོངས་པའོ། །དེས་ཅིར་འགྱུར་ཞེ་ན། དེ་ཡིས་སྐད་ཅིག་འབར་ཞེས་གསུངས་ཏེ། དེ་དང་སྐད་ཅིག་འདི་ནི་དེའི་སྐད་ཅིག་གོ་།དེའི་སྦྱོར་བའི་སྐད་ཅིག་རྙེད ་ནས། དང་པོའི་དབྱངས་ཐིག་ལེ་འབར་བའི་ཕྱིར་ལྱབ་ཕྱིས་ན་ལྔ་པའོ། །འདིས་ནི་རྒྱ་ཆེ་བའི་རྣལ་འབྱོར་གྱི་མཐར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བསྟན་པའོ། །གནས་ཀྱི་དཀྱིལ་འཁོར་གསུངས་པ། འབར་ཞེས་བྱ་བ་ལ་སོགS ་པའོ། །འཁོར་ལོ་ཞེས་བྱ་བ་ནི། ཆོས་འབྱུང་གི་སྟེང་དུ་ཁངས?་རྩེག་མ་སྟེ། དེ་ཡང་འབར་ཕྲེང་རྒྱ་མཚོ་ཞེས་བྱ་བའོ། །འབར་བ་ཉིད་ནི་ཕྲེང་བ་སྟེ། གང་ཞིག་ས་བོན་དང་རྒྱུད་ཆོས་མཐུན་པའི་ཕྱིར་རོ། །དེ་རྣམས་དང་ཡིག་འབྲུ་འདྲ་བའི ་འཁོར་ལོ་ནི་འབར་བའི་ཕྲེང་བའི་རྒྱ་མཚོའོ། །འཁོར་ལོ་ཞེས་བྱ་བའི་ཚིག་ནི་ཁང་པ་རྩེག་མ་ཞེས་བརྗོད་དོ། །ནང་གི་འཕར་མ་རྣམས་ཀྱི་ཟླུམ་པོ་ཉིད་རྟོགས་པར་བྱ་བའི་དོན་ཏུ་ཡང་ཇི་ལྟ་བུ་ཞེ་ན། ཀུན་ལས་ཞལ་གྱི་ནི་ཞེས་བྱ་བ་གསུངས་པ ་ནི་སྒོ་བཞིའི་ཕྱིར་རོ། །འདིས་ནི་ཀུན་ལས་ཞེས་བྱ་བ་ནི། མཚམས་རྣམས་སུ་ཡང་བལྟ་བར་བྱ་སྟེ། དེ་བས་ན་གྲུ་བཞི་པའོ། །ལྟེ་བ་ཞེས་བྱ་བ་ལ་སོགས་པས་ནི། གོ་ཆ་གཉིས་བསྟན་ཏེ། །དཔྲལ་བའི་སྟེང་ཞེས་བྱ་བ་ནི། སྤྱི་བོའོ། །སྤྱི ་བཙུག་འཁོར་ལོ་ལ་ཞེས་བྱ་བ་ནི་སྤྱི་གཙུག་དང་འཁོར་ལོ་ནི་བསྡུས་ནས་ཚིག་རྐང་གཅིག་པ་ཉིད་དོ། །སྤྱི་གཙུག་དང་འཁོར་ལོ་ནི་ལུས་ཐམས་ཅད་ལའོ། །སྔོན་གྱི་སྔགས་ཚོགས་བྱིན་གྱིས་བརླབས་ཅེས་བྱ་བ་ནི། རྣལ་འབྱོར་མ་དྲུག་གི ་སྔགས་སྔར་བཏུས་པ་སྟེ། དེ་རྣམས་ཀྱི་ཚོགས་སོ། །དེ་ལྟེ་བ་ལ་སོགས་པ་རྣམས་སུ་དགོང་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔའ་བོ་དྲུག་གི་གོ་ཆ་ཡང་བལྟ་བར་བྱའོ། །ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་དུས་སུ་ཡང་བྱིན་གྱིས་བརླབས་པ ་ནི། ལྟེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་ཞེས་བྱ་བ་ནི། མཐིལ་ལོ། །ལྕེ་ཞེས་བྱ་བ་ནི། བ?་སྟེ། འདི་གཉིས་ནི་མཐེའི?་བདུན་པ་ཕྱིས་པའོ། །གཉིས་ལས་ཞེས་བྱ་བ་ནི། མིག་གཉིས་དང་ཕྲག་པ་གཉིས་སོ། །རིགས་ཀྱི ་གཅིག་གི་ཚིག་སྟེ་ལྷན་ཅིག་པའི་དོན་གསུམ་པའོ། །རང་གི་ལྟེ་བ་དང་སྙིང་དང། སྤྱི་བོ་དང་མཐིལ་དང་ཁ་དང་མིག་གཉིས་ཀྱིས་ལྷན་ཅིག་ཧཱུཾ་ཤེས་རབ་དང་མཉམ་པར་སྦྱོར་བའི་དུས་སུ། བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཁས་པ ་ཧཱུཾ་ནི་གོ་ཆའོ་ཞེས་གསུང་རབ་ལས་སོ། །དེའི་ཕྱིར་དཔའ་བོ་ཉིད། བྱིན་གྱིས་བརླབ་པར་བྱ་ཞེས་བྱ་བ་གསུངས་པ་ནི། འདིས་ནི་ཆོ་གས་སོ། །རྣལ་འབྱོར་མ་ཞེས་བྱ་བ་ནི། དཔའ་བོ་དང་གཉིས་སུ་མེད་པའི་དངོས་པོ་ཡིན ་ནོ?། །དེའི་ཕྱིར་དཔའ་བོ་གཉིས་མེད། ཆོགས་ཞེས་བྱ་བ་གསུངས་པ་ནི། འདིའི་ཕྱི་རོལ་དང་ནང་དག་གི་ཤེས་རབ་དག་ལ་སྦྱོར་བ་ལ་བལྟ་བར་བྱའོ། །དཔའ་བོ་དང་གཉིས་སུ་མེད་པའི་དངོས་པོར་གྱུར་པའི་བྱིན་གྱིས་བརླབ་པ་ཅི་ཞེན?། ?་ཆུ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཟོ་ཆུ་ནི་མྱུར་དུ་འཁོར་བས་འཁོར་ལོ་འདྲ་པའོ། །ཞོན་ནས་ཞེས་བྱ་བ་ནི་གནས་པ་སྟེ་།གང་གི་སྐྱེ་བ་དེ་ནི་དེ་བཞིན་ཏེ། ལྷག་པར་དགོད་པ་ཞེས་བྱ་བའི་དོན་ཏོ། །ཟོ་ཆུ་ནི་འཁོར་ལོ་དང་འདྲ་བ་སྟེ་བརྫུན་པའོ།། ་དེའི་ཕྱིར་འཁོར་བ་ཞེས་གསུངས་པ་ནི་འཁྲུལ་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཟོ་ཆུའི་འཁོར་ལོ་རབ་ཞོན་ནས་ཞེས་བྱ་བ་ནི། མྱུར་བ་ཞེས་བྱ་བའི་ཚིག་རྐང་ལ་ཡང་འཁོར་ལོ་ཞེན་ནས་མྱུར་བར་འཁོར་བས་འཁོར་ལོའི་རྣམ་པའོ། །དེ་ལས? ་ན་འཁྲུལ་ཞེས་བྱ་བ་སྨོས་ཏེ་དཔེར་ན་ཟོ་ཆུའི་འཁོར་ལོ་ཞོན་པ་དེ་བཞིན་དུ་དངོས་པོ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཇི་ལྟ་བའི་སྒྲ་དེ་བཞིན་དུ་ལྷག་པར་དགོང་པའི་ཕྱིར་རོ། །མཁའ་འགྲོ་མ་ནི་དེ་བཞིན་ཞེS ་བྱ་བ་ནི་མཁའ་འགྲོ་མ་ཡང་དཀྱིལ་འཁོར་པ་སྟེ། དེ་བཞིན་དུ་ལྷག་པར་དགོད་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡིད་ཅེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དུ་བསྐྱེད་པ་འདི་རྣམས་ཉིད་དོ། །ཡིད་མགྱོགས་ཞེས་བྱ་བ་ལ། ཡིད་ཙམ་ནི ་སེམས་ཙམ་མོ། །མགྱོགས་ཞེས་བྱ་བ་ནི། གང་དག་གི་འཇུག་པའོ། །རིག་པ་ཆེན་མོ་ཉིད་ཅེས་བྱ་བ་ནི། རང་རིག་པར་བྱེད་པའི་ཕྱིར་རོ། །གློག་གི་ཟེར་མ་མཉམ་པའི་འོད་ཅེས་བྱ་བ་ནི། སྐད་ཅིག་མའི་ཕྱིར་རོ། །དེ་ལྟར་གྱུར་པའི་མཁའ་འགྲོ ་མ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟར་འདི་སྐད་དུ་ཞེ་ན། ལྷའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། གང་དེའོ། ཕྱོགས་བཅུ་དུ་ནི་འབྱུང་བར་བྱ་ཞེས་བྱ་བ་ནི་ཁྱབ་པར་བདེ་པའོ། །ཇི་ལྟར་ལྟའི་རྣམ་པའི་རྣལ་འབྱོར་དགོད་པ་དེས། ལྷའི ་རྣལ་འབྱོར་དུས་སུ་ནི། ཞེས་བྱ་བ་གང་ལས་ཚིག་དེ་ལ་ར་ནི་ལ་ཉིད་དོ། །ཅིར་གྱུར་པས་དབྱུང་ཞེ་ན། ཕྲ་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་ཚོགས་ཀྱི་གང་ཞིག་དངོས་པོ་མེད་པ་དེ་ནི་དེ་བཞིན་དུའོ། །དྲུག་གིས་ཅིག་ཅར་སྦྱར་བའི ་ཕྱིར། །།ཕྲ་རབ་རྡུལ་མ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་ག་གཅིག་ཕྱིར། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་རིགས་པ་ལས་སོ། །རྡུལ་ཕྲ་རབ་གྱི་གཟུགས་ཞེས་བྱ་བ་ནི། རྡུལ་ཕྲ་རབ་ཀྱི་རང་གི་ངོ་བོའོ། །ཚོགས་ཞེས་བྱ་བ་ནི་གང་རྣམས་ལ་དེ་ནི་དེ ་བཞིན་ཏེ་?་?་ཡང་དག་དང་རིག་བའི་ཕྱིར་ཆུའི་ཟླ་བ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དེ་ཅིང་ཀྱི་ཕྱིར། སྣང་བ་མེད་ཅེས་བྱ་བ་ལ། འདིའི་རྒྱས་པར་བསྟན་པ་ནི་།རྣམ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་གྱུར་པ་བསྒོམས་ནས ་ཐམས་ཅད་མཁྱེན་པའི་འབྲས་སྦྱིན་མ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པ་ཉིད་གྱི་འབྲས་བུ་སྟེར་བའོ། །ཁ་ཅིག་ན་དེ་ལྟེ་བ་ཞེས་བྱ་བ་ནི་ལྟེ་བར་གནས་པའི་པདྨའོ། །དེ་ལ་ཡང་སྙིང་གར་ཞེས་བྱ་བ་ནི། པདྨའི་དབུས་སུ་ཞེས་བྱ་བའི་དོན་ཏོ། །ཅིར ་འགྱུར་ཞེ་ན། རྣལ་འབྱོར་མ་ཞེས་གསུངས་ཏེ། དབྱངས་ཀྱི་དང་པོ་ཟླ་བ་ཕྱེད་པ་དང་ཐིག་ལེར་བཅས་པའོ། །ལྕེ་གཉིས་ཤེས་བྱ་བ་ལ་ལྕེ་ནི་རྩ་གཉིས་སུ་མེད་པའི་དབྱེ་བ་གང་ལ་ཀུན་འདར་གྱི་རྩའི་གཟུགས་ལ། དེའི་ལྕེ་གཉིས་ཏེ། དེས་བྱིན་གྱི ་བརླབ་པར་བྱ་བའོ། །དཔའ་བོ་ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་སྟེ། ཀུན་འདར་ལ་སྔགས་དགོད་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞེ་ན། རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད། ཆོ་གས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།སྔགས་རྡོ་རྗེའི་ལམ་ནས་?? ་ཏེ། ལྷ་མོའི་པདྨའི་སྙིང་པོར་བཅུ་གཅིང་ཞལ་གྱིས་ཕྱུང་སྟེ། རང་གི་སྙིང་གའི་ནང་དུ་བཅུག་ནས། ཀུན་འདར་དུ་གནས་ཤིང། དེ་ནས་རྡོ་རྗེའི་ལམ་གྱིས་དེ་བཞིན་དུ་ལྷ་མོའི་སྐུ་ལ་ཞུགས་པ་དང། དེ་བྱུང་བ་ཞེས་བྱ་བར ་བལྟ་ཞིང་ཞི་བ་ལ་སོགས་པའི་ཆོ་གས་བཟླ་བར་བྱའོ། །རྒྱུན་མི་འཆད་པ་ཉིད་དུ། ཟོ་ཆུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་བསྒོམ་པ་བསྟན་ཏོ། །བཤད་པ་ནི་སྔ་མ་བཞིན་ནོ།། ་འདི་ལྟར་ཡང་ཞི་བའི་དང་པོ་དང་ཐ་མ་དག་དུ་ནང་དུ་གཞུག་པའི་དུས་སུ་ཕྱག་འཚལ་བ་དང། རྒྱས་པ་ལ་སྭཱཧཱ་དང། དྲག་ཤུལ་ལ་ཧཱུཾ་ཞེས་བྱ་བའོ། །ཡང་ན་ལྟེ་བ་སྙིང་ཁ་དེ་བཞིན་ཁ་ཞེས་བྱ་བ་ལ་སོགས་བས་ནི། ཆོ་ག་གཉིས་འཆད་པར་འགྱུར ་བའི་ཕྱིར། དེའི་དེ་མ་ཐག་ཏུ་ལྟེ་བ་དང་སྙིང་དང་ཁ་དང་དཔྲལ་བ་དང། སྤྱི་གཙུག་རྣམས་སུ་གོ་རིམས་བཞིན་དུ། ཨོཾ་སརྦ་བུདྡྷ་བརྞྞ་ནཱི་ཡེ་བཛྲ་ཌཱ་ཀི་ནི་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ། ཨོཾ་ཧྲི?(རྒྱུད་འགྲེལ་ཌཱ་ཀཱི་ནི་ཛཱ་ལ་སམད?་ར་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཀར་ཀར་ཞེས་བྱ་བ་ལ་སོགས་བའི་རང་གི་སྔགས་ཀྱི་ཆོ་གས་དགོད་པར་བྱ་བའོ། །ལྟེ་བ་ཞེས་བྱ་བ་ལ་སོགས་པས་ནི། ལྷ་མོའི་ལུས་ལ་ཡང་དགོད་བ་བསྟན་པའོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་དྲུག ་པའི་དོན་ལ་དང་བོའོ། །ལྕེ་ཞེས་བྱ་བ་ནི་ཞལ་ཏེ་བདུན་པའི་དོན་ལ་དང་པོའོ། །གཉིས་ཅེས་བྱ་བ་ནི་དཔྲལ་བ་དང་སྤྱི་གཙུག་གོ་།འདི་ལ་ཡང་བདུན་པའི་དོན་ལ་གསུམ་པ་འམ་ལྷན་ཅིག་པའི་དོན་ལའོ། །དཔའ་བོ་ཉིད་ཅེས་བྱ་བ་ནི། གཉིས་པ་ཕྱིས་པའི་མང ་བོའི་ཚིག་སྟེ་དཔའ་བོའི་སྔགས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་མེ་ཏོག་གི་ཤིང་རྟ་ལ་ཞོན་བའི་མཁའ་འགྲོ་མ་སེར་མོར ་བདག་ཉིད་བསམས་ནས། མཁའ་འགྲོ་མ་ཞོན་པའི་མེ་ཏོག་གང་ལ་བྱིན་པའོ། །དེ་ནི་ཕྱག་རྒྱས་བཏབ་པར་ཞེས་བྱ་བ་ནི་ལུས་ལ་སོགས་པ་རེངས་པར་བྱེད་པ་སྟེ། སྔ་མ་བཞིན་དུ་སྔགས་བཟླ་བར་བྱའོ། །ོཾ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ཕཊ་ཅེས་སོ། །དེ་ནས ་ཞེས་བྱ་བ་ལ་སོགས་པས་ནི་ལྟུང་བྱེད་མ་གསུངས་པ། ལྟུང་བྱེད་མའི་རྣལ་འབྱོར་གྱིས་བསྒྲུབ་བྱ་ཞལ་དུ་བཅུག་སྟེ། ཆོམས?་མནན་ནས་སྔགས་ཨོཾ་པཱ་ཏ་པཱ་ཏོ?་ཎཾ་ཧཱུཾ་ཧཱུཾ་ཕཊ་ཅེས་གོང་མ་བཞིན་དུ། རྣལ་འབྱོར་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད ་བ་སྟེ། དམ་ཚིག་དང་ཡེ་ཤེས་སེམས་དཔའ་དག་གཅིག་པ་ཁོ་ནའོ། །མཆོད་ཆེན་ཞེས་བྱ་བ་ནི་མཆོད་པ་ཉིད་རྣམས་བཞིའོ། །སྔགས་ཀྱི་དགོད་པ་ཞེས་བྱ་བ་ནི། གོ་ཆ་ལ་སོགས་པའི་སྔགས་ཀྱི་དགོད་པའོ། །དཔའ་བོའི་མཆོད་ཅེས་བྱ་བ་ནི་སྦྱིན་པའི ་མཚན་ཉིད་དམ་ཚོགས་ཀྱི་འཁོར་ལོའི་མཚན་ཉིད་དེ་ལྷག་མ་ནི་གོ་སླའོ། །རྒྱུད་འདིར་ཐམས་ཅད་ཕྱིན་ཅི་ལོག་ཏུ་གསུངས་པ་རྣམས་མན་ངག་ལས་ཤེས་པར་བྱ་བ་རྣམས་སོ། །ཚར་གཅད་ཕྱིར་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །ལས་ཀྱི་ཁ་དོག་ཅེས ་བྱ་བ་ནི་ཞིབ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པའི་ཁ་དོག་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཞི་བ་ལ་ནི་དཀར་པོའོ། །རྒྱས་པ་ལ་ནི་སེར་པོར་བལྟ་བར་བྱའོ། །དེ་ཡང་སྔགས་ཀྱི་རྣམ་པར་དབྱེ་བར་བྱ་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པའོ། །དེ་ཉིད ་དབྱེ་བས་ཞེས་བྱ་བ་ནི་རྒྱས་པའི་དེ་ཁོ་ན་ཉིད་ཀྱི་དབྱེ་བས་སོ། །རྩའི་ལམ་ནི་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་ལམ་རྣམས་སུ་གོང་དུ་བརྗོད་པའི་རིགས་པས་སྦྱར་བར་ཞེས་ཤེས་པར་བྱའོ། །ཐམས་ཅད་དུ་ཞེས་བྱ་བ་ནི། ལས་ཐམས་ཅད་རྒྱས་པ་བསྒྲུབ་པར་བྱ་སྟེ། ་?་ཏུ་དགའ་ཚོན་ལས་བྱུང་བ་ཞེས་བྱ་བ་དང་སྦྱར་རོ། །ཤིན་ཏུ་དགའ་བའི་མཉམ་པར་སྦྱོར་བ་བསྐྱེད་པར་བྱ་ཞིང། འདིའི་རྣལ་འབྱོར་གྱིས་བསྒྲུབ་པར་བྱའོ། ། ་གང་ཞེ་ན། ལྷ་དང་ལྷ་མིན་མིར་བཅས་རྣམས་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་དང་མི་དང་ལྷན་ཅིག་པས་འཇུག་པ་སྟེ་བྱོལ་སོང་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །དཔའ་བོའི་མཆོད་པ་ལས་ཐམས་ཅད ་ནི་ཞི་བ་ལ་སོགས་པ་སྟེ་འབྱུང་བ་ནི། གང་དུ་དེ་ལྟ་བུའི་ལེའུ་བཅུ་གསུམ་པའོ།། །།འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་གསུམ་པའོ།། །།འཁོར་ལོ་གསུམ་སྒྱུ་བའི་རྣལ ་འབྱོར་མ་རྣམས་ཀྱི་ཕྱི་རོལ་དང་ནང་གི་གནས་བཤད་པའི་དོན་དུ་ལེའུ་བཅུ་བཞི་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དང་ཐམས་ཅད་ཉིད་དུ་འང་གང་ལ་ཞུ་བ་མ་ཐོས་བདེ་ལ། ཞུ་བ་བལྟ་བར་བྱའོ། །ཞུ་བ་མ ་བྱས་བས། །བསྟན་པ་འབྱུང་བ་མེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི། དཔའ་བོ་དང་གཉིས་སུ་མེད་པའི་མཆོད་པ་ལ་སོགས་པ་བཤད་མ་ཐག་ཏུའོ། །སྐུ་ལ་སོགས་པ་ནི་འཁོར་ལོ་དང་སྦྱར་རོ། །གནས་ཀྱི་ནང་གི་ཞེས་བྱ་བ་ནི། སྦི? ་བོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་མཱ་ལ་ཡ་ལ་སོགས་པའི་རང་གི་ངོ་བོའོ། །དེས་རབ་ཏུ་དབྱེ་བ་ནི་གནས་ལ་སོགས་པའི་རང་བཞིན་ནོ། །བཤད་པར་བྱའོ་ཞེས་བྱ་བ་ནི། སྦྱར་བའོ། །དེ་ཉིད་ནི་སྤྱི་བོ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྤྱི་བོ་ནི་སྐྲའི་སའོ། །སྦྱ་གཙུག་ནི་གཙུག་ཕུད་དོ། །རྒྱབ་ཀྱི་ངོས་ནི་རྒྱབ་ཀྱི་དབུས་སུ་སྟེང་དུ་དཔྱི་གུའོ། །མིག་ལ་དེ་བཞིན་ལྷ་མོའི་མཁར?་ཞེས་བྱ་བ་ནི། མིག་གཉིས་ལའོ། །གཞན་དུ་ལག་པའི་རྩ་བར ་ནི། མ?་ལ་ཝར་ཞེས་བྱ་བ་ནི། གཞན་དུ་མཱ་ལ་ཝར་ནི་ཕྲག་པ་གཉིས་སོ། །ཐུགས་ཀྱི་འཁོར་ལོར་རྣམ་པར་གནས་ཞེས་བྱ་བ་ནི། སྤྱི་བོ་ལ་སོགས་པ་དང་མཱ་ལ་ཝ་ལ་སོགས་པ་ནང་དང་ཕྱི་རོལ་གྱི་ཡུལ་ནི་སེམས་ཀྱི་རང་གི་ངོ་བོས་སོ། ། ་རྣམ་པར་གནས་ཞེས་བྱ་བ་ཡང་ཐ་སྙད་ཅེས་བྱ་བའི་དོན་ཏེ། གཞན་དུ་སེམས་ནི་སྣ་ཚོགས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །མཁའ་སྤྱོད་ཅེས་བྱ་བ་ལ་མཁའ་ནི་དག་བའི་སེམས་ཏེ་ནམ་མཁའ་ནི་མི་དམིགས་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ་།མཁའ་ནི?་ཕྱི? ་རོལ་གྱི་ནམ་མཁའ་སྟེ། ནམ་མཁའ་ལ་རྒྱུ་བའི་ཕྱིར་མཁའ་སྤྱོད་དོ། །གནས་ལ་སོགས་པར་གྱུར་པ་རྣམས་གང་ཞེ་ན། གནས་ཀྱི་ཁྱད་པར་གཟུགས་ཅན་གྱིས་ཞེས་བྱ་བ་ལ། གནས་ཀྱི་ཁྱད་པར་ནི་མཱ་ལ་ཡ?་ལ་སོགས་པའོ། །དེའི་གཟུགས་ཅན་གྱི་ཞེས ་བྱ་བ་ནི། གནས་ལ་སོགས་པ་རྣམས་སོ། །འདོད་པ་ཞེས་བྱ་བ་ལ་སོགས་བ་ནི་མཆན་ཁུང་གཉིས་སོ། །ནུ་མ་ཨོ་ཊེ་ཞེས་བྱ་བ་ནི། ནུ་མ་ཨོཾ་ཊེ་ཞེས་རབ་ཏུ་གྲགས་སོ། །ཞེས་བྱ་བའི་དོན་ཏོ། །འདི་དག་ཅེས་བྱ་བ་ནི་གནས་གཉིས་ལའོ། །དཔང་རྩ་ཞེས ་བྱ་བ་ནི། ས་བོན་གྱི་མཛོད་གཉིས་ལའོ། །ཡུལ་རྣམས་ཐམས་ཅད་ཅེས་བྱ་བ་ནི། འདོད་པའི་གཟུགས་ལ་སོགས་པ་དང། མཆན་ཁུད་ལ་སོགས་པའོ། །སའི་སྒྲས་ནི་ས་ནི་གནས་སོ། །དེ་ཡང་ཐ་སྙད་འདིའི་ཕྱིར་ཡང་ས་ནི་གསུང་ཞེས་བྱ་བའི་དོན ་ཏེ། ས་དང་དོག་རྟས?་ཞེས་བྱ་བའོ། །གནས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་རོ། །ཡང་ན་ཕྱི་དང་ནང་གི་གནས་ཀྱི་དབྱེ་བའོ། །ཡི་དགས་ལྷག་བར་གནས་ཞེས་བྱ་བ་ནི། ཡི་དགས་ཀྱི་གྲོང་ངོ། །རྟགས་ལ་ཞེས་བྱ་བ་ནི། རྡོ་རྗེ་ལའོ ་གསང་བ་ཞེས་བྱ་བ་ནི་བཤད་བའི་ལམ་མོ། །བརླ་ན་ཞེས་བྱ་བ་ནི་བརླ་གཉིས་སོ། །སོར་མོ་ཞེས་བྱ་བ་ནི་རྐང་པའི་སོང་མོ་རྣམས་སོ། །མཐེ་བོང་ཞེས་བྱ་བ་ནི་རྐང་པའི་མཐེ་བོང་གཉིས་སོ། །པུས་མོར་ཞེས་བྱ་བ་ནི་པུས་མོ་གཉིས་སོ། །འདི་དང་ལུས་ཀྱི་ཕྱི་རོལ ་གྱི་འཛམ་བུ་གླིང་གི་ཡུལ་རྣམས་སྦྱར་བར་བྱ་བ་དང། གང་གི་ཕྱིར་འདིའི་གླིང་ནི་ལས་ཀྱི་ས་པ་ཉིད་དེ་ལས་ཀྱི་གྲུབ་པ་རྣམས་སོ། །གླིང་གཞན་རྣམས་སུ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཉེ་བར་ལོང་སྤྱོད་པ་ཙམ་དུ་ཟད་དེ། སྔོན་མེད་པའི་ལས་མི་བསྐྱེད ་དོ། །རྟོགས་པས་གང་ཞིག་རྣལ་འབྱོར་མ་རྣམས་གཞན་དུ་མི་འགྲོ་སྟེ་འཛམ་བུ་གླིང་དང་ཉེ་བའི་ཕྱིར་གསེར་གླིང་གཟུང་ངོ། །ཡུལ་དང་རང་ལུས་སྐྱེས་པ་ཞེས་བྱ་བ་ནི། སེམས་ཅན་སོ་སོའི་ལུས་ཐམས་ཅད་འདི་ནི་འཛམ་བུ་གླིང ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་ལས་སྐྱེས་པ་ནི་འཛམ་བུ་གླིང་ཞེས་བྱ་བར་དགོངས་སོ། །རང་གི་ཕྱི་དང་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་དུ་ནང་ངོ། །ཇི་ལྟར་ནང་ལ་དེ་བཞིན་དུ་ཕྱི་རོལ་ཏེ། དབྱེ་བ་བྱས་པའི་ཕྱིར་དེ་ནི་ཕྱི་དང་ནང ་ཉིད་དོ། །སེམས་ཀྱི་རྣམ་པར་བཞག་པ་ལས་མ་གཏོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྐུ་ལ་སོགས་པ་གསུངས་པས་ཕྱི་དང་ནང་དུ་ཁྱབ་པའོ། །རྩ་ཡིས་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། །འདི་རྣམས་གནས་སུ་ཞེས་བྱ་བ་ལ་སོགས ་པ་ནི་གང་ཞིག་བུ་མོའི་གཟུགས་ཀྱིས་སམ། རྩའི་གཟུགས་ཀྱི་གོ་རིམས་བཞིན་མཱ་ལ་ཡ་ལ་སོགས་པ་རྣམས་ལ། རྩ་རྣམས་གནས་པ་ནི་ལུས་ལ་ཞེས་བྱ་བ་དང་སྦྱར་རོ། །འདི་ཡང་སྡུད་པར་བྱེད་པའི་ཚིག་སྟེ། ལྷག་མ་ནི་གོ་སླའོ། །བསྒྲིཌ ་བྱ་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་ཀྱིས་གསུངས་ངོ། །པུལླི་ར་མ་ལ་ཡ་ཞེས་བྱ་བ་ནི། མཱ་ལ་ཡ་ལ་སོ་དང་སེན་མོ་འབབ་པ་ལ་སོགས་པ་སྟེ། རྣལ་འབྱོར་མ་རྣམས་ཀྱི་བྱ་བའི་སྒོ་ནས་ཁྱད་པར་རོ། །སྙིང་གི་སྒོང་སྐྱེས་མ་ཞེས ་བྱ་བ་ནི། །སྙིང་གི་པདྨ་སྟེ། ལྷག་མ་ནི་གོ་སླའོ། །དེ་ལྟར་བཤད་པ་འདི་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོའི་ཞེས་བྱ་བ་དང་སྦྱོར་རོ་ཞེས་བྱ་བར་བཤད་དོ། །མཁའ་སྤྱོད་དམ། སྙོམས་པར་ཞུགས་ནས་ཡང་དཔའ་བོ་ཐམས་ཅད་རྣམ་པར ་གནས་པའོ། །དེ་ལྟར་ཐབས་གཙོ་བོར་གྱུར་པས་བཤད་པ་ཙམ་ཉིད་དོ། །དེ་བཞིན་དུ་ཡང་ཐོད་པའི་དུམ་བུ་ཅན་ལ་སོགས་པ་སྔར་གསུངས་སོ། །དེ་ནས་རབ་གཏུམ?་ལ་སོགས་པའོ། །སྟན་ལ་ནི་ཤེས་རབ་གཙོ་བོས་གནས་སོ། །འདི་སྐད་དུ་ཕྱི་མ་ལ ་ཡང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྐུ་མདོག་དང་ཕྱག་ལ་སོགས་པ་རྣམས་ཕྱི་ནས་བརྗོད་པར་བྱའོ། །བོང་བུ་མར་ཞེས་བྱ་བ་ནི། ལས་ཀྱི་ཁྱད་པ་ལ་བོད་བོང་བུའི་རྣམ་པའི་ཕྱིར་རོ། །བདུད་ཀྱི་དགྲ་ཞེས་བྱ་བ་ནི། ཧེ་རུ་ཀའོ། །སྣབས་དང་སྣ་ཆུ་ཞེས་བྱ་བ་ནི། སོ ་སོར་འཇིག་པ་དང་སྣབས་འབབ་པ་སྟེ། འདིར་བསྐྱེད་པའི་དོན་ནི། རྐྱེན་རྙེད་པས་བསྐྱེད་པའོ། །འོན་ཀྱང་ཐབས་གཙོ་བོར་གྱུར་པས་སོ་དང། སེན་མོ་ལ་སོགས་པ་རྣམ་པ་སྦྱོད་པ་ལ། གཞི་སུམ་ཅུ་རྩ་བདུན་རྣམས་ཀྱིS་དཔའ་བོ་ཉི་ཤུ་རྩ་བཞི་དང ་ལྡན་པའི་རྣལ་འབྱོར་མ་རྣམ་པར་དག་པ་སྟེ་རབ་གཏུམ་མ་དང། གཏུམ་མིག་མ་དང། འོད་ལྡན་མ་ཞེས་བྱ་བ་ལ་སོགས་པ་སེན་མོ་ལ་སོགས་པའི་དངོས་པོ་གཉིས་གཉིས་རྣམ་པར་དག་པའོ། །ཞབས་འོག་ཅེས་བྱེ་བ་ལ་ལྟུང་བ་ནི་པཱ་ཏཱ་སྟེ། འོག ་ཏུ་འགྲོ་བའོ། །དེའི་ལ་ནི་ལེན་པར་བྱེད་པ་སྟེ། བདག་གི་དངོས་གཞི་ཁྱེར་བ་དང། ལྷུང་བ་ཐུ་བར་བྱེད་པ་ཇི་སྙེད་པའོ། །ཞབས་འོག་ནི་སྐུའི་རྡོ་རྗེ་ཉིད་ཀྱི་ཞབས་འོག་སྟེ། འདི་སྐད་དུ་འཛམ་བུའི་གླིང་དང་མཐོ་རིས་ལ་སོགས་པའོ། །ཡུལ་གྱི་དགོད ་པ་དཔའ་བོ་དང་གཉིས་སུ་མེད་པ་ཞེས་བྱ་བ་ནི། ཡུལ་གྱི་དགོད་པ་དཔའ་བོ་དང་གཉིས་སུ་མེད་པ་ཉིད་དང་དེ་བརྗོད་པར་བྱེད་པ་ལས་ལེའུ་བཅུ་བཞི་པའོ།། །།འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་བཞི་པའོ།། །། ་དེ་ནས་ཞེས་བྱ་བ་ནི་ཡུལ་གྱི་དགོད་པ་ལ་སོགས་པ་གསུངས་མ་ཐག་ཏུ། ལས་མཆོག་བཤད་པར་བྱ་བ་དང་སྦྱར་རོ། །ལས་མཆོག་ཅེས་བྱ་བ་ནི། སྤྲུལ་པ་ལ་སོགས་པའི་འཁོར་ལོར་སོན་པའི་ལས་སོ། །རྣལ་འབྱོར་ཀུན་ལས་དམ་པ་ཉིད་ཅེས་བྱ ་བ་ནི། ལྷའི་རྣལ་འབྱོར་ལ་སོགས་པ་རྣམས་ལས་ཕུལ་དུ་བྱུང་བའོ། །གང་ཞེས་བྱ་བ་ལ་སོགས་པ་ལ་གང་རྣམས་ལ་དངོས་གྲུབ་དམ་པ་ཁྱད་པར་དུ་འཕགས་པ་ཡོད་པའི་ངང་ཚུལ་དེ་ནི་དེ་ལྟ་བུའོ། །དེ་རྣམས་ཀྱི་སྔགས་ཀྱི་དབྱེ་བ་ནི་བཤད་པར་བྱ ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་འབྱུང་བ་དང་ཞེས་བྱ་བ་ནི། ཇི་ལྟར་སྤྲུལ་པ་ལ་སོགས་པའི་འཁོར་ལོར་རབ་ཏུ་སྐྱེས་པའོ། །ཡི་གེ་འབྲུ་ཕོ་ཉ་སོགས་ཞེས་བྱ་བ་ནི། གཤིན་རྗེ་ཕོ་ཉ་མ་ལ་སོགས་པའོ། །ཡིག་འབྲུ་ནི་ཡེ ་གེ་རྣམས་ཞེས་བྱ་བའི་དོན་ཏོ། །དེའི་སྔགས་ཞེས་བྱ་བ་ནི་དེའི་སྔགས་ཏེ་བརྐང་པ་བརྒྱད་པ་ལ་སོགས་བའོ། །འདིས་ནི་འདི་བརྗོད་དོ། །ོཾ་ཡ་མ་དུ་ཏི་ཧཱུཾ་ཧཱུཾ་ཕཊ། སོགས་པའི་སྒྲ་ལས་ཨོཾ་ཡ་མ་དཱ་ཌཧཱི་ཧུཾ་ཧཱུཾ་ཕཊ། དེ་བཞིན་དུ་ཡང་འདི་སྔོན ་དུ་བལྟ་བར་བྱའོ། །ོཾ་ཡ་དཾཥྚརི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ་ཅེའོ། །དེ་བཞིན་དུ་ཡང་ཨོཾ་པྲ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་ནས། ཨོཾ་མ་ཧཱ་བཱིརྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་མཐར། འཁོར་ལོ་གསུམ་གྱི་རྣལ་འབྱོར་མའི་སྔཌ? ་?་མའོ། །དེ་བཞིན་དུ་ཡང་ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་བ་ནས། ཨོཾ་ཤུ་ཀཱ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་མཐར་རོ། །ཡིག་འབྲུ་ཁ་དོག་ལ་སོགས་ཞེས་བྱ་བར་ཤེས་པར་བྱའོ། །ོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་འདི་ནི་རྐང ་པ་བརྒྱད་པའི་སྔགས་སོ། །ོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་དང། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཡེ་གེ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གང་ཞིག་དེ་ནི་དེ་དག་གི་སྔགས་སུ་བརྗོད་དོ། །རྐང་པ་བརྒྱད་པ་དང་ཀ་ར་ཀ་ར་ལ་སོཌ ་པ་མན་ངག་ལས་ཚ?་སོ་སོར་མཆོད་པ་ལ་སོགས་བའི་དུས་སུ་བལྟ་བར་བྱའོ། །མདའི་ཤུགས་ཀྱིས་ཡོངས་སུ་འཁོར་ཞེས་བྱ་བ་ནི་བཟླས་པའི་དུས་སུ་རང་ལས་ཤེས་རབ་ལའོ། །དེའི་ཡང་རང་ལས་འཕོ་བ་ནི་ཀུན་ཏུ་འཁོར་བ་སྟེ། མངའ་ཤུགS ་ཀྱིས་ཡོངས་འཁོར་བའོ། །ཡིག་འབྲུ་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི་དེའི་སྔགས་རྣམས་མདའ་ཤུགས་ཀྱི་ཡོངས་སུ་འཁོར་བ་སྟེ་དེ་བཤད་བར་བྱ་ཞེས་གོང་མ་དང་སྦྱར་རོ། །ད་ནི་གང་ཞིག་རབ་ཏུ་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་སུ ་བའི་སྔགས་དེ་རྟོགས་པར་བྱ་བའི་ཕྱིར་དང། སྤྲུལ་པའི་སྐུ་ལ་སོགས་པ་འཁོར་ལོའི་གཟུགས་ཀྱིས་བསྟན་པའི་ཕྱིར། སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་མཉམ་པར་འགྲོ་བ་ལ་ཕན་པ་སྣ་ཚོགས་པ་རྣམས་མཛད་ཅིང། སྲིད ་པའི་མཐར་དེ་རྒྱུན་མི་འཆད་པར་ཐུབ་པའི་སྤྲུལ་པའི་སྐུ་དང་ལྡན་པའོ། །གང་གིས་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ཀྱིས་འཁོར་བར་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དུ་སེམས་ཅན་རྣམས་ལ་མཉམ་པར་གཞག་པས། དུས་གཅིག ་ཏུ་མཉམ་པར་རྒྱུན་མི་འཆད་པའི་ཚུལ་གྱིས་དེ་སངས་རྒྱས་ཀྱི་སྤྲུལ་བའི་སྐུས་མཛད་པ་ཞེས་བྱ་བ་འདིའི་ཚིགས་བཅད་འདིའི་དོན་ཏོ། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་རྣམས། རྣམ་པར་ཐར་དང་ཐར་གནས་པའི། །སྙོམས་འཇུག་དགུ་ཡི་བདག ་ཉིད་དང། །ཟད་པར་བཅུ་ཡི་བདག་ཉིད་དང། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང། །རབ་ཏུ་དབྱ?་བ་རྣམ་བརྒྱད་དང། །ཉོན་མོངས་མེད་དང་སྨོན་མཁྱེན་དང། །མངོན་ཤེས་སོ་སོ་ཡང་དག་རིག། རྣམ་ཀུན་དག་པ་བཞི་དང་ནི། དབང་བཅུ་དང་ནི་སྟོབས་བཅུ ་དང། །མི་འཇིགས་པ་ནི་བཞི་དག་དང། །བསྲུང་བ་མེད་པ་རྣམ་གསུམ་དང། །དགོངས་པ་དྲན་པ་ཉེར་གཞག་གསུམ། །བསྙེལ་བ་མི་མངའ་ཆོས་ཉིད་དང། །བག་ཆགས་ཡང་དག་བཅོམ་པ་དང། །ཐུགས་རྗེ་ཆེན་པོ་སྐྱེ་བོ་ལ། །ཐུབ་པའི་ཆོས་ནི ་མ་འདྲེས་པ། །བཅོ་བརྒྱད་བཤད་པ་གང་ཡིན་དང། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། །ཆོས་ཀྱི་སྐུར་ནི་མངོན་པར་བརྗོད། །ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བཞི་པོ་རྣམས་ནས་ཡང་དག་པའི་ངག་ལ་སོགས་པ་འཕགས་པའི་ལམ ་ཡན་ལག་བརྒྱད་པར། བྱང་ཆུབ་ཀྱི་ཕྱོགས་རྣམས་དང། །ཚད་མེད་པ་རྣམས་ནི་ཚངས་པའི་གནས་བཞི་པོ་རྣམས་སོ། །རྣམ་པར་ཐར་དང་ཞེས་བྱ་བ་ནི། ནང་གི་གཟུགས་ཅན་དང། གཟུགས་ཅན་མ་ཡིན་པ། ཕྱི་རོལ་གཟུགས་རྣམས་ལ་བལྟ་བ་ཞེས་བྱ ་བ་གཉིས་པ་དང། སྡུག་བའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་གཅིག་དང། ནམ་མཁར་དང་རྣམ་པར་ཤེས་པ་དང་ཅི་ཡང་མེད་པ་དང། ?་? ་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་རྣམ་པར་ཐར་པ་དང། གཟུགས་ཀྱི་ཁམས་བསམ་གཏན་བཞི་པོ་དང། གཟུགས་མེད་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་ཞེས ་བྱ་བ་སྙོམས་པར་འཇུག་པ་དགུ་དང། ས་དང་ཆུ་དང་མེ་དང་རླུང་དང། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང། །རྣམ་པར་ཤེས་པ་དང། ནམ་མཁའ་ཨི་རང་གི་ངོ་བོ་ཞེས་ཟད་པར་བཅུ་དང། ཟིལ་གྱིS་གནོན་པའི་སྐྱེ་མཆེད་དང ་རྣམ་པ་བརྒྱད་དུ་ཞེས་བྱ་བ་ནི་ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གི་ཕྱི་རོལ་གྱི་གཟུགས་སོ་སོར་ཀུན་གྱི་རྣམ་པ་རྣམས་སུ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་ཞེས་བྱ་བ་བཞི་དང་ནང་གཟུགས་དང་གཟུཌ ་མེད་བར་འདུ་ཤེས་ཤིང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་བྲིལ?་གྱིས་མནན་ནས་མཐོང་ངོ། །རང་དང་གཞན་གྱི་རྒྱུད་དུ་སོན་པའི་ཉོན་མོངས་པའི་དགྲའི་ཚོགས་རྩ་ནས་བཏོན་པའི་ཏིང་ངེ་འཛིན་དེ་ནི་ཉོན་མོངས་པ་མེད ་པའོ། །མཚན་མ་ཐམས་ཅད་ཀྱི་ཚོགས་བཅོམ་པས་ཡང་དག་པར་བྲལ་བ་དང་ཐེ་ཚོམ་བསལ་བར་མཛད་པ་དང། སྨོན་ལམ་ཡང་དག་པར་འཕེལ་བ་དང་འཁོར་བ་ཇི་སྲིད་པར་མཉམ་པར་གཞག་པའི་གནས་སྐབས་སུ་འཇུག་པའི་སྨོན ་པས་མཁྱེན་པ་དང། མངོན་ཤེས་དྲུག་ནི་ལྷའི་མིག་ལ་སོགས་པའོ། །སོ་སོར་རིག་པ་ནི་ཆོས་སོ་སོར་རིག་པ་ལ་སོགས་པ་བཞིའོ། །རྟེན་དང་དམིགས་པ་དང། སེམས་དང་ཡེ་ཤེས་ཡོངས་སུ་དག་པ་བཞིའོ། །དབང་བཅུ་དང་ནི་ཞེས་བྱ་བ ་ནི། ཚེ་དང་སེམས་དང་ཡོ་བྱད་དང་ཉོན་མོངས་པ་དང། ལས་དང། སྐྱེ་བ་དང་མོས་པ་དང། སྨོན་ལམ་དང་རྣམ་པར་ཤེས་པ་དང་ཆོས་སོ། །སྟོབས་རྣམས་དང། མི་འཇིགས་པ་རྣམས་ནི་རབ་ཏུ་གྲགས་སོ། །ཡོངས་སུ་ངག་པ་ནི་སྐུ་དང་གསུང་དང་ཐུགས་བསྡུས་ནས ་སྤྱོད་པ་དང། དེ་བཞིན་གཤེགས་པ་ཡོད་བ་མ་ཡིན་པ་དང། ཡོད་པར་ཕྱིན་ཅི་མ་ལོག་པར་བསྡུས་ནས་སྤྱོད་པས་ཕ་རོལ་ཡོངས་སུ་ཤེས་པས་དེ་སྒྲིབས་པས་དེ་མི་མཐོང་བས་སྲུང་དུ་མེད་པའོ། །ཆོས་བསྟན་ཉན་པར་འདོད་པ་དང་མི་ཉན་པར་འདོད་བ་དང། གཉིས་དཀར་འདོད་བ་རྣམས་ལ། ་གོ་རིམས་བཞིན་དུ་དགྱེས་པ་དང་མི་དགྱེས་པ་དང། གཉི་ག་དང། དབེན་པ་ཁོ་ནར། བཏང་སྙོམས་ཀྱི་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ། དྲན་པ་ཉེ་བར་གཞག་པ་གསུམ་མོ། །སེམས་ཅན་གྱི་དོན་མཛད་པའི་དུས་ལ་མི་འདའ་བ་ཞེས་བྱ་བའི་མཚན་ཉིད་ཅེས ་བྱ་བ་བསྙེལ་པ་མི་མངའ་བ་རྣམ་པ་གསུམ་མོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཐེ་ཚོམ་གྱི་ས་བོན་སྤངས་པས་བག་ཆགས་རྩ་ནས་བཏོན་པའི་ཕྱིར་རོ། །སྙིང་རྗེ་ནི་རབ་ཏུ་གྲགས་སོ། །ཆོས་བཅོ་བརྒྱད་དུ་རབ་ཏུ་གྲགས་སོ། །མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད ་བཟང་བ་བརྒྱད་བཅུའི་བདག་ཉིད་འདི་ནི་ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྔ་རུ་བརྗོད་དོ། །ཐེག་པ་ཆེན་པོའི་ཉེ་བར་ལོངས་སྤྱོད་ལས་ས་བཅུ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་མཆོག་ཏུ་སྐྱོན་མེད་པས། ཐེག་བ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི ་དག?་པའི?་བདེ་བ་ཉེ་བར་ལོངས་སྤྱོད་པའི་ཕྱིར། འདི་ནི་ལོངས་སྤྱོད་རྫོགས་བའི་སྐུའོ། །ཅིར་གྱུར་པས་ཤེ་ན། སྨྲས་པ། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བརྒྱད་ཅུས་བརྒྱན་པར་བྱས་པའོ། །གང་ཞིག་ཆོས་རྣམས་གྱི་རྣམ་པ་ཐམས་ཅད་རྣམ་པར་ ་དག་པ་ཐོབ་ནས་ཟག་པ་མེད་པ་ནི། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུའོ། །དེ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་གང་ཞིག་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་དེ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོའི་ཕྱིར་དེ་ཟག་པ ་མེད་ཅིང་བློ་བུར་བའི་དྲི་མས་རྣམ་པ་ཐམས་ཅད་རྣམ་པར?་དག་པ་དང། རང་བཞིན་དང་བྲལ་བའི་མཚན་ཉིད་ཐོབ་པའོ། །དེ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པའི་ངོ་བོ་ཞེས་བྱ་བ་ནི་སྐུ་བཞི་པའོ། །སྤྲུལ་པ་ལ་སོགས་པའི་འཁོར ་ལོའི་གཟུགས་ཀྱིས་ལྟེ་བ་ལ་སོགས་པ་རྣམས་སུ་རིམ་པས་རྣམ་པར་བཞག་པ་ནི། འདི་ཡང་དང་པོར་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ལ་སོགས་པས་བཅུ་གཅིག་པར་གསུངས་པ་རྒྱས་པར་བསྟན་པ་ཡང་སྤྲུལ་པའི་འཁོར་ལོའི་དབུས་སུ་ནི་ཞེས་བྱ་བ ་ནི། ཨཾ་སྟེ་པདྨ་འདབ་མ་དྲུག་ཅུ་རྩ་བཞིའི་ཟེ?་འབྲའི?་དབུས་སུ་བསྒོམ་པར་བྱ་ཞེས་བྱ་བ་ནི་དགོད་པའོ། །སྡེ་ཚན་ཞེས་བྱ་བ་ནི་བཤད་ཟིན་པ་དང་འདྲའོ། །འདི་ལྟར་ཡང་དབྱངས་བཅུ་དྲུག་ནི་སྡེ་ཚན་གཅིག་དང། ཀ་ཁ་ག་གྷ་ང་ཞེས་བྱ་བ་ནི་གཉིས་པ་དང ་ཙྪ་ཛ་ཛཧ་ཉ་ཞེས་བྱ་བ་ནི་གསུམ་པ་དང། ཊ་ཋ་ཌ་ཌཧ་ཎ་ཞེས་བྱ་བ་ནི་བཞི་པ་དང། ཏ་ཐ་ད་དྷ་ན་ཞེས་བྱ་བ་ནི་ལྔ་པ་དང། པ་ཕ་བ་བྷ་མ་ཞེས་བྱ་བ་ནི་དྲུག་པ་དང། ཡ་ར་ལ་ཝ་ཞེས་བྱ་བ་ནི་བཞིའིབདག་ཉིད་ཅན་ཏེ་བདུན་པ་དང། ཤ་ཥ་ས་ཧ་ཞེས་བྱ་བ ་འདི་ཡང་བཞིའི་བདག་ཉིད་ཅན་ཏེ་བརྒྱད་པའོ། །ཀ?་དང་ཤ་དག་གི་སྦྱོར་བ་ལས་ཀྵའི་རྫོགས་པ་ཞེས་བྱ་བ་འདི་ཡང་བ་དད་པར་མ་བསྟན་ཏོ། །འདི་རྣམས་ཀྱི་ཡང་བརྒྱད་པོ་རྣམས་ཀྱི་དང་པོའི་ཡི་གེ་རྣམས་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་རྣམས ་སོ། །འདི་རྣམས་ཀྱི་བརྒྱད་པོ་ཞེས་བྱ་བ་ནི། སྡེ་ཚན་བརྒྱད་པོ་རྣམས་ཀྱིས་འདབ་མ་བརྒྱད་ལ་གནས་པ་རྣམས་ཀྱིས་སོ། །བསྐོར་ཞེས་བྱ་བ་ནི། དབུས་སུ་གནས་པར་བྱས་པའོ། སྐྱེད་པར་བྱེད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ཅེས ་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟེ་འདིའི་འཁོརློའི་བསྒོམ་པ་རང་གྱི་མཐར་ཐུག་པ་ཐོབ་པ་ན་འབྱུང་བར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་འདིར་དེ་རྣམས་ཀྱི་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །ཡང་ན་སྡེ་ཚན་བརྒྱད་ཀྱི་ཡི་གེ་འགྲོས ་པ་ལས་སྔགས་རྣམས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་སྒྲ་རྣམས་ནི་དེ་ལས་སྐྱེ་བའོ། །གཞན་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཉིད་ལ་སོགས་པ་རྣམས་ཏེ། བསྒྲུབ་པར་བྱ་བ་རྣམས་སོ། །གང་རྣམས་དེ་རྣམས་ཞེས་བྱ་བ་ནི། དམན་པའི་དངོས་གྲུབ་ཀྱི་? ་ཉིད་རྣམས་སོ། །ཡང་ན་བརྟན་པ་དང་གཡོ་བ་ཞེས་བྱ་བའི་ཐ་ཚིག་གོ་།འབྱུང་བ་ཞེས་བྱ་བ་ནི་འདིར་སངས་རྒྱས་ཐམས་ཅད་འབྱུང་བ་དང་འདུ་བའོ། །དེ་བས་ན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་འབྱུང་བ་ན་སངས་རྒྱས་ཐམས་ཅད་རྣམས ་ཀྱི་སྐྱེ་བ་དང་རབ་ཏུ་ཕྱེ་བ་ཞེས་བརྗོད་དོ། །འདི་ཇི་ལྟར་འབྱུང་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་རྣམ་དག་ཅེས་བྱ་བ་ལ་སོགས་པའོ། །འདི་སྐད་དུ་ངོ་བོ་གང་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་གསུངས་པ་ནི། འཇིག་རྟེན་ན་ཡང་རྟགས་ཞེ་བྱ་བའི་ཚིག་ངེས ་པ་མེད། མ་ནིང་ལ་ཡང་སྐྱོན་པ་མ་ཡིན་ནོ། །རང་འབྱུང་རང་བཞིན་འདི་ཉིད་ནི་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་རང་གིས་འབྱུང་བར་བཤད་པ་ནི། རང་འབྱུང་ངོ། །དེའི་ངོ་བོ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །འདི་ཉིད་ནི་ཞེས་བྱ་བནི། ཐོག ་མ་དང་ཐ་མ?་མེད་པའི་དུས་སུ་འཇུག་ཅིང་རང་གི་སེམས་གཟུགས་མེད་པའི་རྡོ་རྗེ་སེམས་དཔའ་ཨི་འོ། །དེའི་གཟུགས་ནི་འདིས་རྟོགས་པར་བྱ་བའི་ཕྱིར། འདི་ནི་རང་འབྱུང་ཞེ་བྱ་བའི་ཚིག་བཤད་ཟིན་པ་དང། སྒྲའི་ཚུལ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྔར ་བཤད་ཟིན་ཏོ། །འབྱིན་སྡུད་བྱེད་པ་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་བསྐྱེད་པ་དང་ཉེ་བར་བསྡུ་བར་བྱེད་པ་པོ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཡང་ན་འབྱིན་པ་ནི་བསྐྱེད་པའོ། །སྡུད་པ་ནི་གནས་པ་སྟེ། ཉེ་བར་བསྡུས་ཏེ་དེ་ནས་འཇིག་པ་ཞེས་བྱ་བ་ཇི་སྙེད་པའོ། །དེ་དག ་བྱེད་པ་ནི་འབྱིན་པ་དང་སྡུད་པར་མཛད་པ་སྟེ། ཅུང་ཟད་ཀྱི་དོན་ལ་ཀ་ནའོ། །ཀ་ར་ལ་ཀ་ན་དེ་ཕྱིས་མ་ཀ་ར་ཀའོ། །དོན་དམ་པར་འབྱིན་པ་དང་སྡུད་པ་ཡོད་པ་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་དེའི་སྒྲ་དཔྱད་པས་གནས་པའོ། །འདི་སྐད་ཅེས་བྱ་བ་ནི། དེ་མ་ཐག་ཏུ ་གསུངས་པའི་དོན་ཏོ། །ཡིག་འབྲུ་ཕོ་ཉ་ལ་སོགས་སྔགས་ཞེས་བྱ་བ་ནི་གཤིན་རྗེའི་ཕོ་ཉ་ལ་སོགས་པའི་ཡི་གེ་བདག་ཉིད་ཀྱི་སྔགས་སོ། །གལ་ཏེ་ཞེས་བྱ་བ་ནི་ཐེ་ཚོམ་གྱི་དོན་ཏེ། ཉིད་ཅེས་བྱ་བ་ནི་དེས་པར་གཟུང ་བའི་དོན་ཏོ། །ཆ་ཞེས་བྱ་བ་ནི་ཆག?་ཅན་གྱི་སྒྲའོ། །སྤངས་ཞེས་བྱ་བ་ནི་དེའི་བདེ་བ་གོང་དུ་གསུངས་པའོ། ། ལ་སོགས་པའི་རྟོགས་གེ་འདི་རྣམས་ཀྱི་སྤངས་པ་ཞེས་བྱ་བར་དགོངས་པའོ། །མི་རྟག་ཅིང་ཞེས་བྱ་བ་ནི་རྟག་ཏུ་མི་གནས་པའི ་ཕྱིར་རོ། །གཟུགས་མེད་པ་ཞེས་བྱ་བ་ནི་བདེ་བའི་ངོ་བོས་ཉམས་སུ་མྱོང་བའི་ཕྱིར་རོ། །བྷ་གའི་མཐར་ནི་ཞེས་བྱ་བ་ནི་བྷ་གའི་ནང་དེང་ལྟེ་བའི་དབུས་སུ་ཨའི་གཟུགས་ཀྱིས་གནས་པའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་བྱ་བའི་ཚུལ་གྱིས་རྒྱུན ་ཏུ་གནས་པའི་ཕྱིར་རོ། །གཟུགས་མེད་པ་ཞེས་བྱ་བ་ནི། གཟུགས་ཀྱི་ངེས་པ་མེད་པའི་ཕྱིར་རམ། གློ་བུར་བའི་ཡིག་འབྲུའི་གཟུགས་འཛིན་པའི་ཕྱིར་རོ། །སྨིན་དབུས་ཟླ་བའི་པདྨ་ལ་ཞེས་བྱ་བ་ནི། སྨིན་མའི་ནང་དུ་སོན་པའི་པདྨའི་དབུས ་གྱི་ཟླ་བ་ཞེས་བྱ་བའི་དོན་ཏེ། དབུས་ཞེས་བྱ་བ་ནི་དགོད་པའོ། །བཅུ་དྲུག་ཅེས་བྱ་བ་ནི་ཆ་བཅུ་དྲུག་པོ་རྣམས་ཀྱི་མཚོན་པའི་སྟེ། ཆ་བཅུ་དྲུག་པོ་རྣམས་ཀྱིས་གང་བ་ཞེས་བྱ་བར་དགོངས་པའོ། །ཐག་པས་ཡོངས་སུ་བསྐོར་ཞེས་བྱ་བ་ནི། ཐག ་ལ་རྣམས་ཀྱིས་ཏེ་དབྱངས་བཅུ་དྲུག་རྣམས་ཀྱིས་བསྐོར་བའོ། །དེ་དང་མགོ་མེད་ཅིང་ཟླ་བ་ཕྱེད་ཐིག་ལེ་དང་བཅས་པའི་ས་བོན་ནི་ཧཱཾ་སྟེ། བྱང་ཆུབ་སེམས་ཞེས་བྱ་བར་བལྟ་བར་བྱའོ། །ཡང་ན་ཐག་པས་ཞེས་བྱ་བ་ནི། དབྱངས་ཀྱི་ཐག ་པ་རྣམས་?་ཞེས་བྱ་བའི་དོན་ཏོ། །བཅུ་དྲུག་ཅེས་བྱ་བ་ནི་འདི་ཉིད་ཀྱི་ཁྱད་པར་རོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པས་ནི་འོག་དང་སྟེང་དུ་གང་གི་ས་བོན་བཀོད་པ་དེའོ། །མཉམ་སྦྱར་བས་ཞེས་བྱ་བ་ནི་བསྟན་པའོ། །འཁྱུད་པ་ཞེས ་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ། །ལག་པ་གཉིས་ཀྱི་ཞེས་བྱ་བ་ནི། ལག་བ་གཉིས་ཀྱིས་དག་གིས་ཏེ། ས་བོན་གཉིས་ཀྱི་འོད་ཟེར་དག་གིས་སྦྱོར་བ་ནི་འཁྱུད་པའོ། །དེ་དང་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་དག་གི་ཐབས་དང་ཤེས་རབ་དག་གིས ་ལུ་གུ་རྒྱུད་འདྲ་བ་སྟེ་ལུ་གུ་རྒྱུད་ལྟ་བུའི་ལུ་གུ་རྒྱུད་ཕན་ཚུན་དུ་ཆགས་པས་དོན་གྱི་བྱ་བ་བྱེད་པའི་ཕྱིར་རོ། །ཕྱི་རོལ་གྱི་ཐབས་དང་ཤེས་རབ་དག་ལ་ཡང་ཡང་དག་པར་སྦྱར་པ་ནི་མཉམ་པར་སྦྱོར་བ་སྟེ་ཀུན་ཏུ་སྦྱོར་བའོ། །འཁྱུད་པས་ཞེས་བྱ་བ་ནི ་ཉེ་བར་མཚོན་པའི་ཕྱིར་ཏེའོ་ལ་སོགས་པའོ། །འདིས་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་དེ་དང་དགའ་བ་ཞེས་བྱ་བར་གྲུབ་པོ། །འཁྱུད་པ་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་གཉིས་ཀྱིས་ཏེ་ཁུ་བ་དང་བདེ་བདག་གིས་དགའ་བ་ཞེས་བྱ་བར ་བསྙེགས་སོ། །ཡང་ནི་རྣམ་པར་གྲོལ་བ་ཡི། ལམ་དུ་ཞེས་བྱ་བ་ལ། གྲོལ་བ་ནི་ཤེས་པས་ཏེ་འདིས་ནི་གྲོལ་བའོ། །ལམ་ནི་བྱང་ཆུབ་སེམས་སོ། །ཚོགས་ཞེས་བྱ་བ་ནི་འདུས་པའོ། །བདེ་བར་རབ་འབབ་པས་ཞེས་བྱ་བ་ནི་འཇུག་པའོ། །གང་ལ་གྲོལ ་པའི་ལམ་གྱི་ཚོགས་དག་རབ་ཏུ་འབབ་པ་དེ་བཞིན་ནོ། །དགའ་བ་འདི་ཅིར་གྱུར་པས་ཤེ་ན། སྨྲས་པ། དེ་ལས་ལྷག་པའི་ཁུ་བ་དང་བདེ་བ་བསྐྱེད་པས་གང་གི་མཆོག་ཏུ་དགའ་བས་སྦྱོར་བ་དེ་བཞིན་ནོ། །དེས་ན་མཉམ་པར་སྦྱོར་བའི་མཆོག ་ཏུ་དགའ་བས་ཤེས་རབ་ཀྱི་རང་གི་ངོ་བོས་ལྷན་ཅིག་ཏུ་དགའ་བ་ནི་དཔའ་བོའི་ཐབས་ཀྱི་གནས་སུ་གང་གི་སྦྱོར་བའི་དོན་ཏོ། །དགའ་བ་དང་ནི་དཔའ་བོ་ཉིད། མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་གསུངས་པའི་ཕྱིར་རོ། །མཆོག་ཏུ་དགའ་ ་པ་རྣལ་འབྱོར་མ། ཞེས་བྱ་བའི་ཚིག་ལ། གང་གི་གྲོལ་བའི་ལམ་གྱི་ཚོགས་དག་གི་རབ་ཏུ་འབབ་པ་དེ་ནི་དེ་བཞིན་ཏེ། དགའ་བ་ཁོ་ནའོ། །དེ་བས་ན་དཔའ་བོའི་གནས་ཀྱིས་ལྷན་ཅིག་ཡང་དག་པར་སྦྱོར་བ་ནི་མཉམ་པར་སྦྱོར་བ་ཞེས་བྱ་བར ་སྤྱོད་དོ། །གང་གི་རྣལ་འབྱོར་མ་དེ་ཞེ་ན། མཆོག་ཏུ་ཞེས་བྱ་བ་ལ་སོགས་གསུངས་ཏེ། གང་ཞིག་དགའ་བའི་རྣལ་འབྱོར་མའི་ངོ་བོའི་རྣལ་འབྱོར་མ་སྟེ། དེའི་དེ་ཞེས་བྱ་བར་དཔོངས་སོ། །མཆོག་ཏུ་དགའ་ ་བ་ཡང་རྣམ་པར་སྨིན་པའི་སྐད་ཅིག་ལ། དང་པོའི་དགའ་བརྒྱུར་གྱུར་པས་ཁུ་བ་དང་བདེ་བའི་རྒྱུད་ལས་སྐྱེས་པ་དག་གི་ཁུ་བ་དང་བདེ་བ་དག་གིས་དེ་ལས་ལྷག་པར་བྱེད་པ་དག་གིས་སྐྱེས་པའོ། །དགའ་བས་བདེ་བ་ཅུང་ཟད་དེ། །མཆོག་ཏུ ་དགའ་བ་བདེ་པས་ལྷག་ཅེས་གསུངས་པའི་ཕྱིར་རོ། །མཉམ་སྦྱོར་ལུ་གུ་རྒྱུད་དུ་བརྗོད་ཅེས་བྱ་བ་ཅི་བཤད་ཟིན་ཏོ། །ལྟེ་བར་གཞན་དང་གཞན་ནས་བརྒྱུད་པས་དགའ་བྲལ་གྱི་དགའ་བ་སྐྱེའོ། །དེ་ཉིད་དུ་བསྟན་པའི་ཕྱིར་རྡོ་རྗེ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དབྱེ་བྱ་ཞིང་ཞེས་བྱ་བ་ནི། ཕྱེ་བར་བྱ་བའོ། །པདྨ་ཞེས་བྱ་བ་ནི་དུས་མཉམ་པར་དབྱེ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་སྦྲང་རྩི་འཛིན་པའི་ཕྱིར་པདྨ་དང་མཚུངས་པས་པདྨའོ། །དེ་ཉིད་ཀྱི་གཤོག ་ཅན་ནི་བྱང་ཆུབ་ཀྱི་སེམས་སོ། །སྦྲང་རྩི་བྱེད་ཅེས་བྱ་བ་ནི་སྦྲང་རྩི་བྱེད་པ་སྟེ་དེ་ཉིད་དོ། །དབྱེ་བ་ཞེས་བྱ་བ་ཅི་ཡིན་ཞེ་ན། སྐོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐོར་བར་བྱེད་པའི་སེམས་ཡུལ་རྣམས་ལས་འགུགས ་པར་བྱེད་པ་ནི་སྐོར་བ་སྟེ། དགའ་བྲལ་གྱི་དགའ་བའི་ཡེ་ཤེས་སོ། །དེ་བཞིན་དུ་བསྐྱོད་པ་འང་དེ་ཉིད་དོ། །དེའི་ཕྱིར་འདི་ཉིད་ནི་ཞེས་གསུངས་ཏེ། མཆོག་ཏུ་དགའ་བ་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་རྒྱུ་དག་གིས ་གང་ཞིག་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་དེ་དག་གིས་སྐྱེས་པ་ནི་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེའི་བདེ་བ་དག་གིས་དགའ་བྲལ་གྱི་དགའ་བ་རྒྱུར ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་རྒྱུད་ལས་སྐྱེ་བ་དག་གིས་ཐབས་སུ་གྱུར་པ་དག་གིས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིའོ། །རིགས?་ཅེས་བྱ་བ་ནི་ཚོར་བ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཞེས་བྱ་བའི་དོན ་ཏོ། །རྡོ་རྗེས་པདྨ་དབྱེ་བ་ཡང་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་བདེ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་བདེ་དགའ་ཨི་རང་བཞིན་ལས་ཞེས་བྱ་བ་ནི་རྒྱུའི་ལྔ་པའོ། །ཞགས་པ་ཞེས་བྱ་བ་རྡོ་རྗེའོ། །མྱོས་བྱེད་ལྕགས་ཀྱུས་ཞེས་བྱ་བ་ནི་ཀྲིཾ?་གེས་བྱིན་གྱིས་བརླབས ་པས་སྡིག་མཛུབ་ཀྱི་རྩ་མོས་མཁའ་འགྲོའི་གདོད་ལ་བསྐྱོད་པ་ནའོ། །བདེ་གཤེགས་ཀུན་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་གཟུགས་སུ་དགུག་གི་པར་བྱའོ། །མི་བསྐྱོད་རྡོ་རྗེ་ཡིས་འདྲུ་བཞེས་བྱ་བ་ནི་གང་གིས་རྩ་ཐམས་ཅད་ལས་མྱོས་བྱེད་ཀྱི་ལྕགས ་ཀྱུས་དེ་ནི་དེ་བཞིན་ནོ། །གཏུན་ཤིང་ཞེས་བྱ་བ་ནི། རྨུགས་པར་བྱེད་པས་ན་རྨུགས་པའོ། །ཕྱི་ནས་ཨོཾ་ནི་ཨུ?་?་བརྗོད་དོ། །དེ་གཅོད་པའི་ཕྱིར་གཏུན་ཤིང་ངོ། །བྱང་ཆུབ་སེམས་ནི་དེ་བཞིན་གཤེགས་པའི་ངོ་བོ་ཞེས་བྱ་བ་ནི་སྙེད་བའོ། །ཅིའི་ཕྱིར་ཞེ་ན། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ལའོ། །གང་གིས་ཕྱིར་གང་གིས་ཆགས་སོགས་ཉོན་མོངས་དང། བག་ཆགས་ཞེས་བྱ་བ་དུམ་བུར་བྱས་པ་ནི། དེ་བས་ན་གཏུན་ཤིང་ངོ། །ཤིན་ཏུ་བདེ་བ ་དགའ་བའི་རང་བཞིན་གྱི་རྡོ་རྗེ་ལས་ལྟུང་བྱེད་མ་ལ་སོགས་པ་འམ། གཞན་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་མ་བཏོད་ནས། །བསྒྲུབ་པར་བྱ་བའི་སྙིང་ལ་པདྨས་ཞུགས་ནས་དེ་ཞགས་པས་བཅིངས་ཤིང་ལྕགས་ཀྱུས་དགུག་སྟེ། དེའི་གཡོན་པའི་སྣ ་བུག་ནས་བྱུང་ཞིང་འོང་པར་བསྒོམ?་པར་བྱའོ། །དེ་དང་དེའི་སྔགས་ཀྱིས་འོང་བར་འགྱུར་རོ། །བདེར་གཤེགས་ཀུན་གྱི་སྒྲས་ནི་སྙིང་ངོ། །གཏུན་ཤིང་ཞེས་བྱ་བས་ནི་དེའི་ཡང་དག་པར་འགྲོ་བ་སྟེ་ལྷག་མ་ནི་གོང་མ་བཞིན་ནོ། །འདྲུ་བ་བཏུན་ཤིང་ཞེས?་བྱ ་བ་ནི། ཕྱག་ན་གཏུན་ཤིང་གིས་འདྲུ་བར་བསྒོམ་པར་བྱ་སྟེ། མགོའི་ཥ་ནི་འདོད་རིས་ཀྱི་ཕྱིར་རོ། །ངེས་པར་རྣམ་རྒྱས་ཀུན་རྫོབ་ཏུ་ཞེས་བྱ་བ་ལ་ངེས་པ་ནི་བརྫུན་པའོ། །དེ་གང་ཞེ་ན། རྣམ་རྒྱས་ཞེས་གསུངས་ཏེ། འཁོར་བའི ་མཐར་ཐུག་པར་གནས་པའོ། །ཀུན་ཏུ་ཞེས་བྱ་བ་ནི། འདི་ནི་འདིས་དེ་ཁོ་ན་ཉིད་འགྲེལ་པར་བྱེད་པ་ཡང་དེ་ནི་དེ་བཞིན་ཏེ། ཕུང་པོ་ལ་སོགས་པའི་ཚོགས་སོ། །དེའི་ཕྱིར་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་ཀུན་ཞེས ་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་ཏེ། འདྲུ་བ་ནི་དཔྱད་མི་བཟོད་པ་ཉིད་དོ། །ཟ་བ་རྡོ་རྗེ་ཞེས་བྱ་བ་ནི་ལྟུང་བྱེད་མ་ལ་སོགས་པ་འམ་གཞན་པ་རྡོ་རྗེའི་ཕྱག་མས་སུ་བར་བསྒོམ་པར་བྱའོ། །འདི་ཞེས་བྱ་བའི་སྒྲས་ནི་རྒྱུད་གཞན་དང་མཐུན་པར ་བརྗོད་དོ། །དེ་བཞིན་དུ་ཡང་ཟ་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། སྐུ་ལ་སོགས་པ་མི་བྱེད་པའི་ཕྱིར་རྡོ་རྗེའོ། །བདེ་གཤེགས་ཞེས་བྱ་བ་ནི་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་གཤེགས་པ་དང་ལྡན་པ་སྟེ། ག་མི་ཞེས་བྱ་བ་ནི ་ཡེ་ཤེས་ཀྱི་དོན་ཏོ། །འདི་རྣམས་ཀྱིས་བརྗོད་པ་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བར་དགོངས་པའོ། །དེས་ན་འདི་སྐད་གསུངས་པ་ཡིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་ནི་མཁས་པ་རྣམས་ཀྱིས་སྨྲས ་པའོ། །ཇི་སྐད་གསུང་སྤ་ཡིན་ཞེས་བྱ་བ་ནི། འདིའི་དེ་ནི་དེ་བཞིན་དུ་མཁས་པ་རྣམས་ཀྱིས་ངེས་པར་གཟུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །དེ་བཞིན་དུ་ཡང་སྨྲས་པ། གསུངས་ཞེས་བྱ་བ་ནི་རབ་ཏུ་འཕགས་པའི་སངས་རྒྱས ་ཀྱི་བཀའ་སྩལ་པ་ནི་གསུངས་ཞེས་བྱ་པའི་དོན་ཏོ། །འདི་ལྟར་ཡང་ཟ་བ་ནི་བྱང་ཆུབ་སེམས་འཛིན་པའོ། །དེ་ལ་རྡོ?་དྲི་མ་མེད་པའི་སེམས་དག་པ་ནི་བློ་སྟེ་རི་བོང་ཅན་ལྟ་བུའི་རྡོ་རྗེ་ཞེས་བརྗོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་དེ་ཉིད་ཀྱི་ཕྱིར ་བདེ་གཤེགས་ཇི་སྐད་གསུངས་པ་ཡིན་ཞེས་བྱ་བ་ནི། ཇི་ལྟར་གསུངས་པའི་ངོ་བོ་ཞེས་བྱ་བ་དེ་བཞིན་དུ་ཡང་ཡིན་ནི་ཞེས་བྱ་བར་དགོངས་པའོ། །གང་ལ་ཟ་བ་རྡོ་རྗེ་ཞེས་བྱ་བ་ཡང་ཇི་ལྟ་བུས་ཤེ་ན། དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་?་? ་དེའི་དབུས་སུ་ཡང་ངོ། །རྟག་ཏུ་སྟོང་ཉིད་ནི་ཞེས་བྱ་བ་ནི། །གཟུང་བ་ལ་སོགས་པས་སོ། །འབྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ནི་དེ་ཉིད་ཅེས་བྱ་བ་ལ་དེ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི་གཟུགས་ཅན་ནོ། །དེ་ཉིད་ནི་དོན་དམ་པའོ། །རང ་འབྱུང་ཞེས་བྱ་བ་ཡང་སེམས་གཅིག་པུ་ཙམ་ཉིད་དོ་ཁྱབ་པ་ཉིད་ཅེས་བྱ་བ་ནི། བདག་ཉིད་དུ་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ་དང་པོའི་དོན་ལ་ཐམས་ཅད་དུ་གཉིས་པའོ། །སངས་རྒྱས་ཀུན་གྱི་དངོས་ཞེས་བྱ་བ་ནི་སངས་རྒྱས་ཐམས ་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །རྒྱུར་གཞན་དུ་གྲུབ་པའི་མཚན་བསྟན་པའི་ཕྱིར་དེ་བཞིན་དུ་ཡང་གསུངས་པ། སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་ཤེའོ། །གང་ལ་སངས་རྒྱས་ཀུན་དངོས་ཞེས་བྱ་བའི ་མཚན་འདི་ཡོངས་སུ་གྲགས་སོ། །འདི་ཞེས་བྱ་བ་ནི་གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ནོ། །གང་དེ་ཐམས་ཅད་བདག་ཉིད་གནས་ཞེས་བྱ་བ་དང་དེ་ནི་དེ་ཉིད་ཡིན་ཞེས་བྱ་བར་སྦྱར་རོ། །འདི་ཞེས་བྱ་བ་ནི་འདི་དག་གོ་།ཀུན་འགྲོ་ཞེས་བྱ་བ་ནི་རྩ ་ཐམས་ཅད་དུ་འགྲོ?་བའི་བྱང་ཆུབ་སེམས་ཀྱི་ངར་གི་ངོ་བོའི་ཕྱིར་རོ། །དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་དེ་ཉིད་ཀྱི་སེམས་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སོའོ།། ་ལྷན་ཅིག་ཏུ་?་རྣམས་ཀྱིས་ཞེས་བྱ་བ་ནི།། ལྷ་རྣམས་ཀྱིས་སོ། །མི་རྒྱུ་བས་ཞེས་བྱ་བ་ཡང་ཁང་པ་རྩེག་མས་ཏེ་སྤྱོད་ཅེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་སེམས་སོ། །ཡིད་ཀྱི་བཟླས་པ་ཞེས་བྱ་བ་ནི། ཡིད་ལ་བྱེད་པས་ན་ཡིད་དེ། སྟོང་པ་ཉིད་ལ ་སོགས་ཚུལ་གྱི་ཡེ་ཤེས་ཀྱིS་བཟླས་པ་ཉིད་ཀྱི་བཟླས་བ་ནི་ཡིད་ཀྱི་བྱ་བ་སྟེ་ཡིད་ཀྱིས་བརྗོད་པའོ། །དེས་ན་ལྡན་ཞེས་བྱ་བ་ནི་སེམས་སོ། །ངེས་ཤིང་ཞེས་བྱ་བ་ནི། ཚད་མ་དང་ལུང་དག་གིས་གོར་མ་ཆག་པར་རོ། །རྟག་པ་ཞེས ་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །གོ་འཕང་གནས་ཞེས་བྱ་བ་ནི་འདིར་སྲོག་ཡོད་པའི་ཕྱིར་གནས་སོ། །མི་རྟག་གཡོ་བ་ཞེས་བྱ་བ་ནི་རྟག་པའི་འབྲས་བུ་འབབ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ ་དབྱེར་མེད་པའི་ངོ་བོའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཕྲ་ཞས་བྱ་བ་ནི་ཕལ་པ་རྣམས་ཀྱིས་མཚོན་པར་དགའ་བའི་ཕྱིར་རོ། །དྲི་མ་མེད་ཅེས་བྱ་བ་ལ། དྲི་མ་ནི་དྲི་མ་སྟེ་འདིར་ནི་ཨ་ཙ་མ་གྲུབ་བོ། །ལས་དང་ཉོན་མོངས་པ ་དག་བཏོན་པ་ནི་འདིར་སེམས་ཀྱི་དྲི་མ་མེད་པའོ། །དེའི་ཕྱིར་ཡེ་ཤེས་སྐུ་དང་ཞེས་གསུངས་ཏེ། ཡེ་ཤེས་ཉིད་ཀྱི་སྐུ་ནི་ཕུང་པོ་ལ་སོགས་པ་སྟེ་ཡེ་ཤེས་ཀྱི་སྐུའོ། །སྐྱོན་མེད་ཅེས་བྱ་བ་ལ་སྐྱོན་ནི་ལུས་ལ་སོགས་པའི་ངན་པའི་སྤྱོད་པའོ།། ་ཆོས་རྣམས་ཀུན་གྱི་རང་བཞིན་ཞེས་བྱ་བ་ནི། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཀུན་རྫོབ་དང་དོན་དམ་པའི་རང་གི་ངོ་བོ་ཤེས་པར་གཞན་གྱིས་མི་ནུས་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བར་ཞེས་བྱ་བར་དགོངས་པ་སྟེ། གཞན་ནི ་བེམས་པོའི་ཕྱིར་རོ། །འབའ་ཞིག་ཅེས་བྱ་བ་ནི་གཉིས་ཀྱི་དངོས་པོ་མེད་པའི་ཕྱིར་རོ། །ལས་ཀྱི་རྗེས་སུ་མཐུན་པར་སྔགས་བརྗོད་པ་གསུངས་པ། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ནི། དྲག་ཤུལ་གྱི་ཆོ་ག་ལ་སྲང་བུ་ལྟ་བུར་ཕན་ཚུན་དུ། ་སྔགས་ཀྱི་ཡིག་འབྲུ་འགྲིལ་བ་སྟེ། རང་གི་ཁ་ནས་ལྷ་མོའི་ཞལ་དུའོ། །དེ་ནས་རང་གི་ཁར་ཞུགས་པར་བསམ་མོ། །རབ་ཏུ་ཕྱེ་བས་ཕྱེ་བ་ཉིད་ཅེས་བྱ་བ་ནི། ཞི་བའི་ཆོ་ག་ལ་རང་གི་ཁ་ནས་ནང་དུ་ཞུགས་ནས། རྡོ་རྗེའི་ལམ་གྱིS་བཏོན་ཅིང ་ཡང་པདྨས་ལྷ་མོ་ལ་བཅུག་པ་དང་དེའི་ཞལ་ནས་ཕྱུང་སྟེ་རང་གི་ཁར་ཞུགས་པར་བསམ་མོ། །ས་བོན་ཕྲེང་བ་དེ་ནས་བསམ་ཞེས་བྱ་བ་ནི། དྲག་ཤུལ་གྱི་ལས་ཀྱི་ཆོ་ག་ལ་དང་པོ་དང་མཐར་ཧཱུཾ་སྦྱར་ཅིང་ཡིག་འབྲུ་བཟླས་པར་བྱའོ།། ་འགོག་པར་འགྱུར་གྱི་བར་ཞེས་བྱ་བ་ནི། སྒོམ་པའི་ཁྱད་པར་གྱི་དབང་པོ་ལས། །ཟུང་འཇུག་ལྟ་བུར་ཞེས་བྱ་བ་ནི། བསྒོམ་པ་དང་འགོག་པ་དུས་མཉམ་པའོ། །གནས་ཀྱིས་འགྲོ་ཞེས་བྱ་བ་ནི་རྣམ་པར་ཤེས་པས་ལྷན་ཅིག་འགྲོ་བ ་ནི་དེའི་ལུས་ཟང་པར་འགྱུར་བ་སྟེ། དེ་བས་ན་རྣམ་པར་ཤེས་པ་འགྲོ་བར་འགྱུར་ཞེས་བྱ་བར་དགོངས་པའོ། །འདི་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི་རྣལ་འབྱོར་ཁ་བསྐང་ངོ་འདི་ཉིད་ཅེས་བྱ་བ་ནི་ཐབས་གྱི་ཧཱུཾ ་གིས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དུས་འཆི་སྤང་བ་ལ་ཞེས་བྱ་བ་ནི། གཏུམ་བྱེད་མ་ལ་སོགས་པ་འམ་གཞན་ཁ་ཊཝཱཾ་ག་འཛིན་མ་དང། ཐོད་པ་བདུད་རྩི་ལྔས་གང་བས་ཡེ་ཤེས་སེམས་དཔའ་ཨི་ཞལ་དུ་ཕུལ་ནས། དེས ་ལྷན་ཅིག་ཏུ་གྱུར་པས། ཀ་ར་ཀ་ར་ལ་སོགས་པ་དང། གཞན་པའི་སྔགས་བཟླ་བར་བྱས་ན། དེའི་དུས་སུ་འགྲོ་བའི་ཡང་འཆི་བ་སྤོང་བར་འགྱུར་རོ། །དཀྱིལ་འཁོར་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །དུས་གསུམ་དུ་འབྱུང་བ་དང། ་སྔགས་དང་རྒྱུད་དང། དེའི་རབ་ཏུ་སྦྱོར་དུས་སུ་འཆི་བ་སྤོང་བ་དང། འདི་བརྗོད་པར་བྱེད་པ་པོའི་ཕྱིར་དེ་བཞིན་དུ་གསུངས་པ་སྟེ་ལེའུ་བཅོ་ལྔ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅོ་ལྔ་པའོ།། །། ་འཁོར་ལོ་གསུམ་གཏན་ལ་ཕབ་པ་ལ་སོགས་པའི་དོན་དུ་ལེའུ་བཅུ་དྲུག་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་གསུམ་ལ་སོགས་པ་གསུངས་མ་ཐག་ཏུ། །དེ་ལ་ཞེས་བྱ་བ་ནི་ཁང་པ་རྩེག་མར? ་བཅོམ་ལྡན་འདས་ལ་ཞུས་པར་ཤེས་པར་བྱའོ། །དེས་ཞེས་བྱ་བ་ནི་ཁང་པ་རྩེག་མར་ཞུ་བ་མས་སོ། །ཅིར་གྱུར་པས་ཤེ་ན། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གྲུབ་པ་ཞེས་བྱ་བ་ནི། འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའོ། །ཡོན་ཏན་ཞེས་བྱ་བ་ནི། དེ་ཉིད་བགྲང་བར་བྱེད་པ་དང་གོམས་པར་བྱེད་པའོ། །གནས་ནི་གང་ལ་དེ་བྱ་བའི་དངོས་པོས་གཞིར་བྱེད་པ་དང་སྟེང་དུ་བཅིང་བར་བྱད་པ་དེ་བཞིན་ནོ། །དེའི་ཕྱིར་ཀུན་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་འདོད་པ་ཀུན་ནི་ཉམས་སུ་མྱོང་བ་སྟེ། འདིས་འཛིན་པར་བྱེད་པ་དང། ཐོབ་པར་བྱེད་པ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །ལྷག་མན་གོ་སླའོ། །པད་ཆེན་འདབ་མ་སྟོང་ཞེས་བྱ་བ་ནི། གང་ལ ་དེ་དེ་བཞིན་ནོ། །འདིས་ནི་འདབ་མ་མང་པོར་བསྙེགས་སོ། །རྣལ་འབྱོར་གནས་ལ་ཞེས་བྱ་བ་ནི། ཆོས་ཀྱི་འབྱུང་གནས་སོ། །བཅོམ་ལྡན་འདས་ལ་ཅི་ཞུས་ཤེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཐུགས་ལ་སོགས་པའི་འཁོར་ལོ་བཏན་ལ ་བབ?་པའོ། །ཡིག་འབྲུའི་དབྱེ་བ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་དཀར་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བའོ། །སྒྲ་ནི་ཨོཾ་ལ་སོགས་པའོ། །མི་འཚལ་པས་ཞེས་བྱ་བ་ནི། དེ་ཇི་ལྟར་ན་ཐམས་ཅད་ཤེས་པར་བགྱི་ཞེས་བྱ་བར་དགོངས་པའོ།། ་ཁྱད་པར་དུ་ཞེས་བྱ་བ་ནི། གང་ལ་གང་གི་དབྱངས་རྟོགས་པ་དེ་ནི་དེ་ལ་ཞེས་པའི་ཁྱད་པར་རོ། །འཁོར་ལོ་ཞེས་བྱ་བ་ནི། ཀླུ་གནོད་པ་ལ་སོགས་པའི་འཁོར་ལོ་རྣམས་སོ། །ལས་ནི་ཞེས་བྱ་བ་ནི་བྱ་བའོ། །སྣ་ཚོགས་ཀླུའི་སྔགས་རྣམས་ཞེས ་བྱ་བ་ནི། ཀླུ་སྣ་ཚོགས་ཀྱིས་བཏུས་པའི་སྔགས་སོ། །དུས་ངེས་ཞེས་བྱ་བ་ནི། རྣམ་པར་དབྱེ་བ་མེད་པ་སྟེ། རྒྱལ་ལ་སོགས་པའི་དུས་ངེས་པའོ། །ཡང་ན་དུས་སུ་ཟིན་པ་བསླང་བ་ཞེས་བྱ་བ་ལ་སོགས་པའོ། །འཁོར་ལོའི་བདག་པོའི་དུས་ངེས་དང། ་དཔའ་བོ་བསྟན་ཡང་ཞེས་བྱ་བ་དང། ཇི་ལྟར་ལགས་ཞེས་ཐམས་ཅད་ལ་སྦྱར་རོ། །མདོར་བསྟན་ནས་རྒྱས་པར་གསུངས་པ། འདི་ལ་ཞེས་བྱ་བ་ལ་སོགས་པ་ལ་འདི་ཐམས་ཅད་དོ། །བཤད་དུ་གསོལ་ཞེས་བྱ་བ་ནི་བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ།། ་ཅིར་གྱུར་བས་ཤེ་ན། ཐེ་ཚོམ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །འཁྲུངས་གྱུར་ན་ཞེས་བྱ་བ་ནི་ཐོབ་པའོ། །ཡང་ན་བཤད་དུ་གསོལ་ཞེས་བྱ་བ་ནི། གང་གི་བདག་ཉིད་བདེ་བ་ཆེན་པོ་དེ་ནི་དེ་བཞིན་ནོ། །བློ་གྲོས་ཆེན་མོས་ཞུས་པ་ལ་ལེགས་སོ་ཞེས ་བྱ་བར་མཛད་པའོ། །གང་ཞེས་བྱ་བ་ལ་སོགས་པ་ནི་གཅིག་བུ་གཉིས་སུ་མེད་པར་ཁྱོད་ཀྱི་རེ་ཞིག་ལེགས་པར་ཞུས་པ་སྟེ། གཞན་ལྷ་མོ་ཐམས་ཅད་དང་འདུས་པས་ཁྱོད་ཀྱིས་དྲིས་པ་ཞེས་བྱ་བའི་དོན་ཏོ། །འདོད་པས་ཞེས་བྱ་བ་ནི། གང་གིས་གང ་ལ་འདོད་པས་ཞུས་ཞེས་བྱ་བར་དགོངས་པའོ།། འདིས་ནི་ལྷག་པར་ཡང་ཉེ་བར་འགྲོ་བསྟན་པའི་ཕྱིར་ཉོན་ཞེས་བྱ་བ་ནི། ཀྱེ་ལྷ་མོ་གང་དེ་དྲིས་པ་དེ་ཉོན་ཅིག་པའོ། །སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི། སྒྱུ་མ་ཆེན་མོར་གྱུར་པས་ཉོན་ཅིག་ཅེས་བྱ་བའི་དོན་ཏོ།། ་ཐེ་ཚོམ་ཞེས་བྱ་བ་ནི་འདི་བརྗོད་པ་ཡིན་ཏེ། གང་ལ་མཁའ་འགྲོ་མ་རྣམས་ཀྱང་ཐེ་ཚོམ་ཟ་ན། དེ་ལ་ཕལ་པ་རྣམས་ལ་ལྟ་ཅི་སྨོས། གང་གིས་ཤེས་བྱ་བ་ལ་སོགས་པ་ལ། བྲིས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི་འཁོར་ལ་བྲིས་པ་ཉིད་ཀྱིས་ཀྱང་ཞེས་བྱ་བར ་དགོངས་སོ། །འཐོབ་ཅེས་བྱ་བ་ནི་རྙེད་པའོ། །བདག་གིས་ཞེས་བྱ་བ་ནི་བྱེད་པའི་དྲུག་པའོ། །རེ་ཞིག་གཏོར་མ་གསུངས་པ། ལས་ཐམས་ཅད་ལ་དེ་སྔོན་དུ་འཇུག་པའི་ཕྱིར་རོ། །དཀར་ཞིང་དམར་པར་ཞེས་བྱ་བ་ལ། དཀར་བ་ནི་ཉིན་མོའོ།། ་དམར་བ་ནི་མཚན་མོ་སྟེ་དཀར་ཞིང་དམར་བའོ། །ཕྱི་ནས་ཐུང་བ་ཉིད་མི་འདོད་རིས་ཀྱི་ཕྱིར་དཀར་ཞིང་དམར་བ། ཇི་ལྟར་གྱུར་བ་དེ་ལྟར་འབྱུང་བའི་གཏོར་མ་སྦྱིན་ཞེས་བྱ་བར་སྦྱར་རོ། །ཁྱད་པར་དུ་ནི་ཞེས་བྱ་བ་ནི་ལས་ཀྱི་ཁྱད་པར་རོ།། ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོས་ནི་གཡོན་སྐོར་བྱ་ཞེས་བྱ་བ་ནི། གཡོན་སྐོར་གྱིས་བསྒྲུབ་བར་བྱའོ། །འདིས་ནི་མཆོད་པ་ལ་སོགས་པ་རྟོགས་པར་བྱ་བའི་ཕྱིར་འཁོར་ལོ་གསུམ་གྱི་ངེས་པ་གསུངས ་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཞེས་བྱ་བའི་དོན་ཏེ། རྡོ་རྗེ་མཁའ་འགྲོ་བསྐྱེད་པའི་དུས་ཞེས་བྱ་བར་དགོངས་སོ། །གནས་རྣམས་སུ་ནི་དགོད་པ་སྟེ་ཞེས་བྱ་བ་ནི། ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ལ ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ། །བརྩོན་ཆེན་ཞེས་བྱ་བ་ལ་སོགས་པས་ནི་གོ་བཟློག་པའི་རིམ་པས་སོ། །དེའི་ཕྱིར་རབ་གཏུམ་མ་སོགས་སྒྲུབ་པ་པོས་ཞེས་གསུངས་ཏེ། གང་ལ་རབ་གཏུམ་མ་ལ་སོགས་པ་དེ་ནི་རབ་གཏུམ་མ་ལ་སོགས་པའོ། །འདི ་ལྟར་འགྱུར་ཏེ། དེ་བཞིན་དུ་འདི་བརྩོན་ཆེན་མ་ལ་སོགས་པའི་རྣལ་འབྱོར་མ་འཁོར་ལོ་གསུམ་པོ་རྣམས་སུ་སྒྲུབ་པ་པོ་འགོད་ཅིང་འགྲེམས་སོ། །རབ་གཏུམ་མ་དང་པོ་ནས་བརྩོན་ཆེན་མའི་མཐར་ཞེས་བྱ་བར་འཚད་བའི་ཕྱིར་རོ། །རང་མིང་བཟླས་པའི ་སྦྲགས?་ལ་ནི་ཞེས་བྱ་བ་ནི། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་མཁའ་འགྲོ་དང་སྦྱར་རོ། །རྣལ་འབྱོར་ཞེས་བྱ་བ་ནི། མཁའ་འགྲོ་མའི་ཆོགས་སོ། །དེ་ཉིད་གྱི་ཕྱིར་མཆོག་ནི་ཐུན་མོངས་མ་ཡིན་པའི་ཕྱིར་རོ། །རབ་ཅེས་བྱ་བ་ནི། དེས་ན ་ཕུལ་དུ་བྱུང་བར་གནས་པ་སྟེ། གྲགས་པ་དང་ཁ་དོག་འཇིག་པའི་ཕྱིར་རོ། །འདི་འཐོང་ན་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། དེ་བས་ན་གཞན་པའི་རྣལ་འབྱོར་ལས་སྐྱེས་པའོ། །སྲིན་བུ་ནི་སྲིན་བུའི་ཕྱེ་མ་སྟེ། དེ་ལྟ་བུར་ཞེས་ཤེས་པར་བྱའོ། །རྩཝ་མཚུངས ་ཞེས་བྱ་བ་ནི། སྙིང་པོ་མེད་པའི་ཕྱིར་རོ། །གཞན་དག་ཅེས་བྱ་བ་ནི་དགོད་པའོ། །སྒྲ་མི་འཚལ་བས་ཞེས་བྱ་བ་ནི། ཞུས་པ་བརྗོད་པའོ། །ོཾ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཅེས་བྱ་བ་ནི་སྔགས་སོ། །དངོས་གྲུབ་སྦྱིན་ཞེས་བྱ་བ་ལ་སོགས ་པས་ཁྱད་པར་དང་ལྡན་པའོ། །དཔའ་བོ་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་མེད་པར་འགྲོ་བའི་རྣལ་འབྱོར་པའོ། །ཅི་མཛད་པས་ཤེ་ན། ཧེ་རུ་ཀ་དཔལ་དཀྱིལ་འཁོར་ནི་མཐོང་ན། དེ་སྐད་དུ་དེ་གཉིས་སྒོམ་པར་བྱེད་མེད་འགྲུབ་པར་འགྱུར་རོ་སྔམ?་མོ? ་དམན་པར་བྱས་པའི་རྩེ་བའི་དོན་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་འཁོར་ལོའི་གྲངས་བསྟན་པའི་ཕྱིར། རིག་པའི་རྒྱལ་པོ་ཞེས་གསུངས་པ་ནི། ཀ་ར་ཀ་ར་ལ་སོགས་པའི་སྔགས་ལེའུ་གསུམ་པར་གསུངས་པ། ཁམ་ཕོར་གཉིས་ལ་མགོའི ་དབང་ཕྱུག་གི་འཁོར་ལོ་དང་མིང་ནས་བྲིས་ནའོ། །སྲེག་ན་ཞེས་བྱ་བ་ནི་ཚིག་པའོ། །སྤྲུལ་མགོ་རྣམས་ལ་ཧཱུཾ་གི་ནང་དུ་བཅུག་དའི་པུ(རྒྱུད་འགྲེལ་ཀླུའི་ས་བོན་ནི་ཕུ:ཱོ། །ཀླུའི་བུ་མོ་སྤྲུལ་མགོ་གསུམ་པ་གཡོན་དུ་ཞེས་མདོར་བསྟན་པའི་རྒྱས་པར་བསྟན་པ་ནི་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་དང་ལྡན་པའི་སྤྲུལ་མགོ་བྱའོ་ཞེས་བྱ་བར་དགོངས་བའོ། །ཕྱོགས་ནི ་གང་དང་དེ་རྣམས་སུ་ཞེས་བྱ་བ་ནི། །ཕྱོགས་དང་ཕྱོགས་དང་བྲལ་བར་འགྲོ་བའི་ཀླུ་ལ་རྟེན་པའི་ཀླུ་མོ་རྣམས་ཞེས་བྱ་བར་དགོངས་པའོ། །མགོ་ཅན་གྱི་དབང་ཕྱུག་འདིའི་སྒྲུབ་ཐབས་ནི་གུ་གུལ་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་འཆད་པར ་འགྱུར་རོ། །དེ་ཡང་གོ་སླའོ། །ཀླུ་ཞེས་བྱ་བ་ནི་ཀླུས་གསུངས་པའི་སྔགས་སོ། །ལག་གཡོན་ཞེས་བྱ་བ་ལ་སོགས་པས་ནི་བྲི་བའི་གནས་འཆད་དོ། །སྲད་བུ་བཞིའི་སྦྱོར་བས་རེའུ་མིག་དགུར་ལག་པ་གཡོན་པ་ལ་བྲིས་ནས་རིག་མའི་རྒྱལ་པོ ་ཕྲི་བར་བྱའོ། །དང་པོར་ཞེས་བྱ་བ་ནི་ཤར་གྱི་ལེའུ་མིག་ལའོ། །མཱཾ་ཇི་སྙེད་ཅེས་བྱ་བ་ནི། ཀམཱཾ?་གི་མཐར་ཐུག་པ་སྟེ། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནདྷ་བནདྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲོཾ་ཧྲོཾ་ཧྲ:ཧྲ(རྒྱུད་འགྲེལ་གྷཀྵ་བྷཀྵ། བ་མ་རུ་དྷི་རཱ་ཎཱ?་མཱ་ལཱ་བ་ལམྦྷི་ནེ་གྲིནཧ་གྲིནཧ་སཔཏ་པཱ་ཏཱ་ལ་བ་ཏ་བྷུ་ཛངྒ་སརྦཾ་ཥཱཏ་ཛས?་ཏ་ཛ་ཡ། ཨཱ། ཀཌཌདྱ་ཨཱ་ཀཌཌཧཡ་ཧྲིཾ་ཧྲིཾ། ཀྵཱཾ་ཞེས་བྱ་བའི་མཐར་ཐུག་པར་བྲི་བར་བྱའོ། །ཕྱི་མ་ཧི་དང་ཞེས་བྱ་བ་ནི་ནུབ་ཏུའོ། །ནོར་བདག ་ཏུའོ། །ཧཾ་ཞེས་བྱ་བ་ནི་བྱང་ལའོ། །གཤིན་རྗེས་ཧཱུཾ་ཞེས་བྱ་བ་ནི་ལྷོའི་རེའུ་མིག་ལ་སྟེ། ཧུཾ་ཧུཾ་ངོ། ཀི་ལི་ཀི་ལི་ཡི་དྭགས་བདག་ཅེས་བྱ་བ་ནི་དབང་ལྡན་གྱི་རེའུ་མིག་ལ་སྟེ། ཀི་ལི་ཀི་ལི་ལིའོ། །སྲིན་པོ་ཞེས་བྱ་བ་བདེན་བྲལ་དུའོ། །ཅི་ལ་ཇི་སྙེད ་པ་ཞེས་བྱ་བ་ནི། ཕྱི་མའི་ཙི་ལི་སྒྲ་ཇི་སྙེད་པ་སྟེ། དེ་ལ་ཙི་ལི་ཙ་ལིའོ། །རླུང་གི་མཚམས་སུ་ནི། སི་ལི་སི་ལིའོ། །མེ་དུ་དྷི་ལི་མཐར་ཉིད་དང་ཞེས་བྱ་བ་ལ་མཛའ་ཨི་སྒྲས་ནི་སྭཱཧཱ་སྟེ། མེ་ལ་དྷི་ལི་དྷི་ལི་སྭཱ་ཧཱ་ཞེས་པའོ། །ཧིཾ་ཧཱཾ་ཧཱུཾ་དྷི་ལི་ཞེས་བ་སོ་སོ ་ལ་གཉིས་པའི་གཉིས་ཀྱི་ཚིག་ཕྱིས་པའོ། །ཧུཾ་ཧུཾ་ཕཊ་ཅེས་དབུས་སུ་བྲིའོ། །འདི་རྣམས་སྔགས་ནི་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་སྟེ། དེ་ནི་རབ་གཏུམ་མ་ལ་སོགས་པ་དང་པོ་ནས་བརྩོན་ཆེན་མའི་མཐར་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའོ།། ་འདི་ལྟ་སྟེ། ཨོཾ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་བནདྷ་བནདྷ་ཧཱུཾ་ཧུཾ་ཕཊ། ཨོཾ་ཏྭཱ་ས་ཧྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ་།ོཾ་ཀྵོ་བྷ་ཡཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཏྲོཾ་ཧོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ:ཧྲ་ཧུཾ་ཧཱུཾ་ཕཊ། ཨོཾ་པཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ་ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་ཧུཾ་ཧཱུཾ་ཕཊ། ཨོཾ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལམྦི་ནི་གྲིཧྣ་གྲིཧྣ་ཧུཾ་ཧཱུཾ་ཕཊ། ཨོཾ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛེངྒ་སརྦ་མཧུ་ཏེ་རྫ་ཡ་ཏིརྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ ་ཨཱ་ཀ་ཌཌཧཡ་ཨཱ་ཀཌཌཚ?་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཾི་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨའཾ་ཀྵཾ་ཏུ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙི་ལི་ཙི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་དྷིཾ་ལཾ་དྷི་ཡི་ཧུཾ ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཐམས་ཅད་ལ་ཕྱག་འཚལ་བ་དང། ཧཱུཾ་ཕཊ་དང་པོ་དང་སྦྱོར་བའོ། །ཧུཾ་ཧཱུཾ་ཕཊ་ནི་མཐར་ནི་སྦྱར་ཞེས་བྱ་བ་ནི། འདིར་ཞེས་བྱ་བའི་ཐ་ཚིག་གོ། ཨོཾ་ནི་ཐམས་ཅད་གསལ་བར་བྱེད་ཅེས་བྱ་བ་ཡང་ངོ། །རབ་གསུངས ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང། སྙོམས་པར་འཇུག་པའི་དཔའ་བོ་ཐོད་པའི་དུམ་བུ་ཅན་ལ་སོགས་པ་རྣམས་ཀྱི་རིམ་པས་རིག་པའི་རྒྱལ་པོ་ཉིད་མང་དུ་ཐ་དད་པར་མན་ངག་ཇི་ལྟར་གྱུར་པ་བཞིན་བདེའི་སྔ་གསུམ་འགྱུར་རོ། །ཟངས ་གཏུམ་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཡང་དབྱེ་བས་གསུངས་པ། འདི་རྣམས་ཀྱི་སྔགས་ནི། རང་མིང་ལ་བཟླས་པའི་སྔགས་ལ་ནི་ཞེས་བྱ་བ་འདིས་རྟོགས་པར་བྱ་བར་ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའོ། །འདིས ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་འདིའོ། །ཅིར་གྱུར་པས་ཤེ་ན། འཁོར་ལོ་ཆེན་པོ་ཞེས་བྱ་བ་ནི། འཁོར་ལོ་ལག་པ་ལ་སོགས་པ་ལ་བྲིས་པས་གང་གི་མཐུ་ཆེན་པོ་དེ་ནི་དེ་བཞིན་ནོ། །གང་གྱུར་པས་ཤེ་ན། སྐལ་པ་ཞེས་བྱ་བ་ནི་སྔོན་གྱི ་བསྙེན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དགྲ་པོ་ཐམས་ཅད་འཇིག་པར་བྱེད་ཅེས་བྱ་བ་ནི། ཀ་ར་བཱི་ར་ལ་སོགས་པས་རྟོགས་པར་བྱའོ། །དེ་དབུས་ཞེས་བྱ་བ་ནི། ལག་པ་ལ་སོགས་པ་ལ་འཁོར་ལོ་བྲིས་པའི་དབུས་སུ་ཧུཾ་ཧཱུཾ་ཕཊ་ལྷས ་བྱིན་དུབ་མེད་པར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ། ཧུཾ་ཧཱུཾ་ཕཊ། ཅེས་ནང་དུ་བཅུག་པའོ། །དེའི་ཕྱིར་ཧུཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མན་ངག་ལས་ཧུཾ་གཉིས་ཉིད་དོ། །གུ་གུལ་ལན་ཅིག་བཟླས་ནས་ནི་ཞེས་བྱ་བ་ནི། ་རིག་པའི་རྒྱལ་པོས་ཞེས་བྱ་བ་འདི་བྱ་བ་ཉིད་མགོའི་དབང་ཕྱུག་གི་རབ་ཏུ་སྦྱོར་བའོ། །ཡིད་ཀྱིས་ཞེས་བྱ་བ་ནི་བསམས་གཏན་གྱིས་སོ། །མངོན་དུ་ཞེས་བྱ་བ་ནི། ཙན་དན་ལ་སོགས་པ་དང་ཛལ་ཏི་ལ་སོགས་པའི་སྒྱུ་གུར་འགྲོ་བས་ལན་ཅིག་བཟླས་ནས ་བཀབ་སྟེ་རླུང་ལྡང་བའི་ལག་པ་ལ་འཁོར་ལོ་བྲིས་པའི་དབུས་སུ་ཧྲི(རྒྱུད་འགྲེལ་སོགས་པའི་ངོས་ཀྱི་ལག་པའི་མཐེ་བོང་རྒན་པོའི་རྩེ་མོས་སྡིག་མཛུབ་ཀྱི་ཚིགས་གསུམ་པའི་རི་མོའི་ནང་དུ་མནན་ཅིང་རིག་པའི་རྒྱལ་པོ་ལན་ཅིག་ཡོངས་སུ་བཟླས་པས། དེའི་གཉིས་པའི་མོར། །དེའི་མཐེ་བོང་རྒན་པོའི་རྩེ་ཡོས ་དྲང་ཞིང་དེ་དང་མཉམ་པའི་དུས་སུ་སོ་སོར་ཟིན་པ་ལྡང་བའི་བརྡའོ། །ལན་ཅིག་བརྗོད་པས་དེའི་དུས་སུ་ཟིན་པ་ཡང་ལྡང་བར་འགྱུར་ཏེ། དེ་ལྟར་ན་ཡང་ཉལ་བའི་སྐྱེས་པ་ལ་ལན་ཅིག་བཟླས་ན། དེ་ནས་ཇི་སྐད་དུ་གསུངས་པ་ཡིན་ནོ ་ཞེས་བྱ་བ་འདི་ཡང་འཁོར་ལོའི་རེའུ་མིག་དགུའི་རབ་ཏུ་སྦྱོར་བ་དང་པོའོ། །ཀ་ར་བཱི་རཱའི་སྒྱུ་གུས་ཞེས་བྱ་བ་ནི། རིག་པའི་རྒྱལ་པོ་ལན་ཅིག་བཟླས་པས། ཀ་ར་བཱི་རཱའི་འདབ་མའི་ཁུ་བ་སོགས་པས། དེ་བཞིན་དུ་ལག་པ་ལ་འཁོར ་ལོ་བྲིས་ནས་ཧུཾ་ཧཱུཾ་ཕཊ་ལྟས་བྱིན་མའི་མངལ་མཆོད་སྦྱིན་མ་ལ་འཕོ་བར་མཛོད་ཅིག་ཧུཾ་ཧཱུཾ་ཕཊ་ཅེས་དེའི་དབུས་སུ་བྲིས་ནས་ཡང་དེ་བཞིན་གཤེགས་པའི་སྔགས་ལན་ཅིག་བཟླས་ན། སྙིང་པོ་འཕོ་བར་འགྱུར་རོ་ཞེས་བྱ་བ་ནི་གཉིས ་པའོ། །དུག་ལ་སོགས་པས་ཀ་ར་བཱི་བཱའི་འདབ་མའི་ཁུ་བས་ལུས་བྱུགས་པ་དང། དེ་བཞིན་དུ་རང་གི་ལག་པར་འཁོར་ལོ་བྲིས་ཏེ། དེ་ཉིད་ཀྱིས་གང་ལ་རེག་པ་དེ་འཆི་བར་འགྱུར་རོ། །ཁྲོ་བས་ཞེས་བྱ་བ་ནི། ཁྲོས་པས་རེག་བྱ་ཞེས་བྱ ་བའི་ཐ་ཚིག་གོ། ཁ་ཅིག་ན་རེ་དུག་ལས་སོགས་པ་མངོན་པར་བསྔགས་པས་དེས་བསྣུན་ན་འཆི་བར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གསུམ་པའོ། །དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ནི་དེའི་ཚོར་མ་ཚིག་པའི་རོ་སྲེགས་པའི་སོལ་བའོ། །གསད ་ནས་ཞེས་བྱ་བ་ནི། རོ་བསྲེགས་པའི་སོལ་བ་ཉིད་དོ། །དེ་བཞིན་དུ་བསད་པར་ཡང་བྱའོ། །ཇི་ལྟར་དེ་ཤིན་ཏུ་ཡང་གཤེར་བར་གྱུར་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི། རློན་པའི་སོལ་བས་སོ། །བྲིས་ཏེ་ཞེས་བྱ་བ་ནི། དེ་ལ་སོལ་བ་ལ་བསྒྲུབ་བྱའི་མིང་འཁོར ་ལོའི་ནང་དུ་ཚེར་མས་བརྐོས་ཏེ་དེ་ལྟར་གྱུར་པའི་སོལ་བས་གང་ལ་བསྣུན་པ་དེའི་སྐད་ཅིག་ལ་ལྟུང་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ་དེས་གཤེར་བར་རིག་པའི་རྒྱལ་པོ་ལན་ཅིག་བཟླས་པའི་སོལ་བ་བསྐམས་པས་ལག་མཐིལ་དུ་བྲིས་ཉེ་དེ ་བཞིན་དུ། ལས་བཅུ་གསུམ་པའི་རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི། བཅུ་གསུམ་པའི་མཚན་མའོ། །དེ་ནི་འཁོར་ལོ་གཞན་གསུངས་པ། ནམ་མཁའ་ཨི་ཁམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུའོ། །ཟླ་བའི་དཀྱིལ་འཁོར་ནི་གྲོ་ག་ལ ་སོགས་པ་ལ། འགིའུ་ཝང་ལ་སོགས་པས་མངོན་པར་བྲིས་པའོ། །དེ་ཡང་འོད་ཟེར་གྱིས་བསྐོར་བ་ཞེས་བྱ་བར་བསྟན་པར་བྱའོ། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི། ཟླ་བ་དེའི་དབུས་སུ་འཁོར་ཐིབས་བརྒྱད་པ་འཁོར་ལོའི་གྲོང ་བས་བསྐོར་བའོ། །དེའི་དབུས་སུ་ཞེས་བྱ་བ་ལ། རྩིབས་བརྒྱད་པ་ཞེས་བྱ་བ་ལ་ཡང། སྔོན་མ་དང་ཕྱི་མ་དག་ལའོ། །པདྨའི་ཕྲེང་བས་རྣམ་པར་སྤྲས་ཞེས་བྱ་བ་ནི། དེའི་ཟླ་བའི་ནང་དུ་འགྲོ་བའི་འཁོར་ལོའི་དབུས་སུ་ཟླ་བའི་ནང་དུ་པདྨའི་ཕྲེང་བས་བསྐོར ་བའི་འཁོར་ལོ་རྩིབས་བརྒྱད་པའོ། །ཡང་ནི་ཞེས་བྱ་བ་ནི། དེའི་ནང་ཉིད་དུ་རྩིབས་བརྒྱད་པ་ཉིད་དུ་ཡང་དྲང་བར་བྱས་སྟེ། དེའི་པདྨའི་ཕྲེང་ལས་བརྒྱན་པ་སྟེ། དེའི་འཁོར་ལོའི་ཟླ་བའི་ནང་དུ་ཡང། །འཁོར་ལོ་རྩིབས་བརྒྱད་པ་རྡོ་རྗེའི་ཕྲེང་བའི་རྒྱན ་གྱིས་བརྒྱན་པའོ། །དེའི་ཕྱིར་རྡོ་རྗེའི་བྲེང་བ་སྤྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། འཁོར་ལོ་གསུམ་པོ་འདི་དག་ནི་སྐུ་ལ་སོགས་པ་རྣམས་ཀྱིའོ། །དཀྱིལ་འཁོར་གཟུགས་སུ་ནི་ཞེས་བྱ་བ་ནི། དཀྱིལ་འཁོར་ཏེ་དཀྱིལ་འཁོར་གྱི་དབྱིབས་ནི་? ་པོའོ། །ཟླ་བ་ལས་ཕྱི་རོལ་ཏུ་གྲུ་བཞི་པ་དང་སྒོ་བཞི་པ་ཉིད་དོ། །རང་གི་ལུས་མཚུངས་སྤྲོ་བར་བྱ་ཞེས་བྱ་བ་ནི། འཁོར་ལོ་སོ་སོར་རང་གི་ལུས་ཀྱི་འོད་ཟེར་སྤྲོ་བར་བྱ་ཞེས་བྱ་བ་ནི་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །འཁོར ་ལོ་ལ་སོགས་པའི་ཕྲེང་བ་ཡང་མུ་ཁྱུད་ཀྱི་ནང་དུ་འགྲོ་བར་བལྟ་བར་བྱའོ། །དཀར་པོ་དང་དམར་པོ་དང་ནག་པོའི་རྣམ་པ་སྐུ་ལ་སོགས་པའི་འཁོར་ལོ་གསུམ་གོ་རིམས་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། དཀར་བ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཁ་དོག་དབྱེ་བས་སོ་སོའི་མཆོག་ཅེའོ། །འཁོར་ལོ་གཅིག་ཉིད་ལ་ཡང་ཞི་བ་ལ་སོགས་པ་ལ། དཀར་པོ་ལ་སོགས་པའི་ཁ་དོག་བྲིས་མ་ཐག་ཏུ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །དེ་ལྟར་ཆོ་གས་ཆོ་ག་བྲི་བ་ལ་སོགས ་པ་འདི་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་པ་ལའོ། །དཔའ་བོའི་དབང་ཕྱུག་ཅེས་བྱ་བ་ནི། དཔའ་བོ་ཐོན་པའི་དུམ་བུ་ཅན་ལ་སོགས་པ་རྣམས་ལའོ། །གང་ཞིག་རྣམ་པའི་ཆ་ལ་རིག་པའི་རྒྱལ ་པོ་དེ?་ནི་དཔའ་བོའི་དབང་ཕྱུག་སྟེ་ཕྱི་རོལ་ལ་སོགས་པར་དཔའ་བའ་ཨི་དབང་ཕྱུག་བྲིའོ། །དེ་ལ་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ། ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལ་ཨོཾ་བནདྷ་བནདྷ་ཧུཾ་ཧཱུཾ་ཕཊ ་ལྷོའི་རྩིབས་ལ་ཨོཾ་ཏཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། དབང་ལྡན་གྱི་རྩིབས་ལ་ཨོཾ་ཀྵོ་བ་ཡཀྵོ་བ་ཡ་ཧུཾ་ཧཱུཾ་ཕཊ། མེའི་རྩིབས་ལ་ཨོཾ་ཧྲི?་ཧྲཽཾ་ཧུཾ་ཧཱུཾ་ཕཊ། བདེན་བྲལ་གྱི་རྩིབས་ལ་ཨོཾ་ཧྲ(རྒྱུད་འགྲེལ་གི་འཁོར་ལོའི་ཤར་གྱི་རྩིབས་ལ་ཨོཾ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ཨོཾ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ནུབ་གྱི་རྩིབས་ལ་ཨོཾ་བྷཀྵ་བྷཀྵ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལ། ཨོཾ་བ་ཤ་རུ་དྷི་རཱནྟྲ་མཱ་ལཱ་བ་ལཱམྦི་ནེ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། དབང་ལྡན་གྱི་རྩིབས་པས་སོཾ ་སཔཏ་བཱ་ཏཱ་ལ་ག་ཏ་བྷུ་ཛ་དམ་སརྦ་བྷཱ་ཏ་རྫས་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། མེའི་རྩིབས་ལ་ཨོཾ་ཨ་ཀཌཌཧུ་ཨའཌཌཧ་ཧུཾ་ཧཱུཾ་ཕཊ། བདེན་བྲལ་གྱི་རྩིབས་ལ་ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། རླུང་གི་ཙིབས་ལ་ཨོཾ་ཥྐཾ་ཀྵྵཾ་ཧུཾ་ཧཱུཾ་ཕཊ། སྐུའི་འཁོར་ལོའི་ཤར་གྱི་རྩིབས་ལ་ཨོཾ་ཧྲཱི་ཧྲཱི ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ཨོཾ་ཧིཾ་ཧིཾ་ཧུཾ་ཧཱུཾ་ཕཊ། ནུབ་གྱི་རྩིབས་ལ་ཨོཾ་ཧུཾ་ཧུཾ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལ་ཨོཾ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། དབང་ལྡན་གྱི་རྩིབས་ལ་ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། མའི་རྩིབས་ལ་ཨོཾ་ཙི་ལི་ཙི་ལི་ཧུཾ་ཧཱུཾ་ཕཊ། བདེན་བྲལ་གྱི་རྩིབས ་ལ་ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། རླུང་གི་རྩིབས་ལ་ཨོཾ་ཧུཾ་ཧུཾ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་སྔགས་ཀྱི་དགོད་པའོ། །སྐུའི་འཁོར་ལོའི་ནང་དུ་ཇི་ལྟར་མངོན་པར་འདོད་པའི་བསྒྲུབས་པར་བྱ་བའི་མིང་ནང་དུ་བཅུག་པ་གོད་མ་བཞིན་དུ་བྲི་བར་བྱའོ། །འདི་ལྟ་སྟེ། ་ཨོཾ་ལྷ་སྦྱིན་ཞི་བར་མཛོད་ཅིག་ཨོཾ་ཞེས་བྱ་བ་ལ་སོགས་པའི། །འདི་ཉིད་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ལ་འདོད་པ་ནི་ཞི་བ་ལ་སོགས་པའོ། །ཕྱི་རོལ་ཞེས་བྱ་བ་ནི། གྲུ་བཞི་པ་ལ་སོགས་པའི ་ཕྱི་རོལ་ཏུ་རྡོ་རྗེའི་ཕྲེང་བ་ཟླུམ་པའི་རྣམ་པ་སྟེ། འཁོར་ལོ་འདི་ཐམས་ཅད་དུ་འོད་ཟེར་འབར་བས་བསྐོར་བའོ། །དགོད་ཅེས་བྱ་བ་ནི་བཞག་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་འདི་ལྟར་རིག་པའི་རྒྱལ་པོ་བྲིས་པའོ་སྲུང་བ་ཀུན་ལ་ཞེས ་བྱ་བ་ནི། བྱིས་པ་དང་རྒན་པོ་དང་བུད་མེད་དང་སྐྱེས་བུ་ལ་སོག་པ་རྣམས་ཀྱི་ཐམས་ཅད་དུ་བསྲུང་བ་འམ། རིམས་ལ་སོགས་པ་དག་ལས་བསྲུང་བ་ནི་ཐམས་ཅད་དུ་བསྲུང་བའོ། །འདིའི་འཁོར་ལོ་འཛིན་པ་ལ་རིམས་ལ་སོགས་པས ་གྲིབས་ལ་ཡང་འགོམ་པར་མི་ནུས་པར་བསྟན་པའི་ཕྱིར་རིམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནད་ཅེས་བྱ་བ་ནི་གཞན་དུ་རྒྱལ་པོའི་ཡཀྵྨ་ལ་སོགས་པའོ། །མཁའ་འགྲོའི་ཉེར་འཚེ་ཞེས་བྱ་བ་ནི། མཁའ་འགྲོ་མ་ནི་རབ་ཏུ་གྲགས་སོ། །ཉེ་བར ་འཚེ་བ་ནི་སྲིན་པོ་ལ་སོགས་པས་བྱས་པའོ། །འདུ་བ་ཡང་གོང་དུ་མ་གྲུབ་པ་ཞེས་བྱ་བ་ནི། ན་ཉ་མ་མཐོང་བ་སྟེ་མི་རྟག་པའི་ཕྱིར་རོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི། འདིའི་ལོ་ལག་པར་རི་བོང་ཅན་གྱི ་གཟུགས་དང། ཁ་བ་ལྟ་བུར་འཛག་པ་སྔགས་ཀྱི་ཡེ་གེ་རྣམ་པར་བསྒོམ་པར་བྱའོ། །གང་གི་ཕྱིར་རིམས་ལ་སོགས་པས་གཟུང་བར་ཕྱིར་རྣལ་འབྱོར་པ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་པོར་ཡུད་ཙམ་གྱིས་བྱས་པའི་ཕྱག་དེ་མཐོང ་རིམས་ལ་སོགས་པ་འཇིག་པར་འགྱུར་རོ། །ཞེས་བྱ་བར་དགོངས་པའོ། །ཕྱོགས་བཅུར་ཞེས་བྱ་བ་ནི། ཕྱོགས་བཅུའོ། །ཁ་དོག་གི་ངེས་པ་བསྟན་པའི་ཕྱིར། དཀར་པོ་ཡིས་ནི་ཞི་བར་འགྱུར། ཞེས་བྱ་བ་ལ་སོགས་པ་འདི་ནི། ཁ ་དོག་དབྱེ་བས་སོར་མཆོག་ཅེས་བྱ་བ་འདིའི་རྒྱས་པར་བསྟན་པའོ། །དེ་ལྟར་ཡང་ཞེས་བྱ་བ་ནི། ཁ་དོག་དམར་པོ་འདི་ཉིད་ཀྱིས་ནི་དགུག་པ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་ལས་དང་རྗེས་སུ་མཐུན་པའི་རྡོ་རྗེ་མཁའ་འགྲོ ་རྣལ་འབྱོར་དང་ལྡན་པས་བྲིས་པའི་ལག་པ་བསྟན་ཅིང། སྔགས་བཟླས་པ་ལ་སོགས་པས། ཇི་སྐད་གསུངས་པ་སྒྲུབ་པར་བྱེད་དོ་ཞེས་ཤེས་པར་བྱའོ། །འདི་ལྟར་ཡང་སྡང་བ་ལ་སོགས་པ་རྣམས་སམ། གཞན་པ་ཇི་སྙེད་པ་ལའོ་།དྲག ་ཤུལ་གྱི་ལས་ཁ་དོག་ནག་པོའོ། །འབྱུང་བ་ཞེས་བྱ་བ་ནི། གང་ལས་འབྱུང་བའོ། །ཐམས་ཅད་ཅེས་བྱ་བ་ནི། ཞི་བ་ལ་སོགས་པ་རྣམས་ཀྱིའོ། །རབ་ཏུ་རྒྱས་པ་འབྱུང་བ་ནི་རང་གི་རྟགས་ཀྱི་ཀུན་ཏུ་གནས་པའོ། །སྲུང་བའི་འཁོར་ལོས་ཞེས ་བྱ་བ་ནི། སྲུང་བ་དང་པོར་ལྷག་པར་བྱས་པའི་འཁོར་ལོའོ། །མགོའི་དབང་ཕྱུག་གསུངས་པ་དང། འཁོར་ལོ་གཉིས་ལ་མཚན་མ་གཉིས་ཀྱིས་རྟོགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། སྙིང་པོའི་སྔགས་ཀྱི་འཁོར་ལོ་བསྟན་པར་བྱའོ ་འཁོར་ལོའི་རྒྱལ་པོ་ཞེས་བྱ་བ་ནི། ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གང་གི་འཁོར་ལོས་ཞི་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་རྣལ་འབྱོར་པས་བྱེད་དོ་ཞེས་བྱ་བར་དེ་དང་འཁོར་ལོ་གསུངས་སོ་ཞེས་བྱ་བར་དགོངས་པའོ། །གང་གིས ་ཤེ་ན། ཚོགས་ཞེས་བྱ་བ་གསུངས་པ་ནི། སྣག་ཚ་དང་འདབ་མ་ལ་སོགས་པའི་ཆོ་ག་ལའོ། །མཐོང་བ་ནི་འདྲི་བ་དང་སྒོམ་པ་ལ་སོགས་པའི་ལས་ཏེ་དེས་སོ། །རེ་ཞིག་སྙིང་པོའི་འཁོར་ལོ་གསུངས་པ། ནམ་མཁའ་ཨི་ཁམས་ཀྱི་ཞེས་བྱ་བ་ནི་ཆོས་ཀྱི ་འབྱུང་གནས་སོ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་ཞེས་བྱ་བ་དེ་ཅི་ཞེ་ན། དཀྱིལ་འཁོར་ཞེས་གསུངས་ཏེ་འཁོར་ལོའོ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་རྒྱས་པར་བསྟན་པ་ནི། དཀྱིལ་འཁོར་དབྱིངས་སུ་ཞེས་བྱ་བ་གསུངས་ཏེ། དེའི་འཁོར་ལོའི་དབུས་པདྨ ་དགོད་པར་བྱའོ། །བཅུ་དྲུག་གིས་ཞེས་བྱ་བ་ནི། འདབ་མ་བཅུ་དྲུག་གིས་རྣམ་པར་སྤྲས་པ་སྟེ། འདབ་མ་བཅུ་དྲུག་ཅེས་བྱ་བའི་དོན་ཏོ། །དེ་ཅི་ཞེས་དོགས་པ་ལ། དེ་ལྟར་ཆོ་གས་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བས་སྦྱོར་ཏེ། པདྨ ་འདབས་བཅུ་དྲུག་དགོད་པར་བྱས་ནས། དེ་ལ་ཡི་གེ་ཉི་ཤུ་རྩ་གཉིས་དགོད་པར་བྱའོ། །ཤར་ལ་སོགས་པའི་འདབ་མ་བཅུ་དྲུག་རྣམས་ལ་ཨོཾ་ཤྲཱི་ཧེ་རུ་ཀ་བ་ཛ་ཌཱ་ཀ་ནི་ཛཱ་ལ་སམྦ་རཾ་ཞེས་བྱ་བ་ནི། གཡས་སྐོར་གྱིས་ཡི་གེ་བཅུ་དྲུག་པོ་རྣམས་བྲི་བའོ། ་ཧཱུཾ་ལ་སོགས་པའི་ཡི་གེ་དྲུག་པོ་རྣམས་ལ་གང་ལ་ཀེ?་ན། བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་འདབ་མ་བཅུ་དྲུག་གི་ཟེ་འབྲུའི་དབུས་སུ་སྭཱ་ཧཱ་དགོད་པར་བྱའོ། །པདྨ་ཆེན་པོ་འདབ་མ་བརྒྱད་པ་ཞེས་བྱ་བ་ནི། གང་ལ་ཟེའུ་འབྲུ་ལ་དེ་དེ་བཞིན་ནོ།། ་འདབས་བཅུ་དྲུག་གི་ནང་དུ་པདྨ་འདབ་མ་བརྒྱད་པའོ། །དེའི་ཤར་ལ་སོགས་པའི་འདབ་མ་བཞི་པོ་རྣམས་ལ་ཧུཾ་ཧཱུཾ་ཕཊ་ཞེས་རིམ་པས་བྲིས་ནས་པདྨ་འདབ་མ་བརྒྱད་པའི་གནས་ལྷག་མ་རྣམས་དང། ཟེའུ་འབྲུ་ལ་སྭཱཧཱ་བྲི་བར་བྱའོ། །དབང་ལྡན་ལ་སོགས? ་བའི་མཚམས་རྣམས་ལ་ཧྲཱི:ཱི་ནང་དུ་བཅུག་པའི་བསྒྲུབ་བྱའི་མིང་ཞེས་བྱ་བར་རྟོགས་པར་བྱའོ། རྩེ་ལྔ་པ་ཞེས་བྱ་བ་ལ་སོགས་པ་དང། འོད་ཟེར་དཀར་པོས་ཞེས་བྱ་བ་ནི། རྡོ་རྗེ་དཀར་པོ་སྟེ་པདྨ་འདབ་མ་བཅུ་དྲུག་གི ་ཕྱི་རོལ་ཏུ་ཕྱོགས་བརྒྱད་དུ་བྲི་བར་བྱའོ། །ཡོ་གིས་ཞེས་བྱ་བ་ནི་བསྒོམ་པའི་བདག་ཉིད་དོ། །དངོས་གྲུབ་ཐམས་ཅད་རབ་སྟེར་བས་ཞེས་བྱ་བ་ནི། དངོས་གྲུབ་ཐམས་ཅད་སྦྱིན་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །མ་མོའི་ཁྱིམ་ཞེས་བྱ་བ་ནི། སྲིན་མོང? ་བདུན་གྱི་གནས་སུའོ། །ཙན་དན་བཟང་པོས་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །ཤིན་ཏུ་མཉེན་པའི་སྟན་འཇོམ?་ལ་ཞེས་བྱ་བ་ནི། གནས་ལ་གནས་པའོ། །སྐྱེ་གནས་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེའི་སྐྱིལ་ཀྲུང་ངོ། འདིས་ནི་འདི་བརྗོད་དེ། མ་མོའི་ཁྱིམ་དུ ་མཉམ་པ་ལ་སོགས་པར་ལྡན་པར་འཁོར་ལོ་མངོན་པ?་བྲིས་ནས། དེ་ཉིད་དུ་འདུག་སྟེ། རྡོ་རྗེ་སྐྱིལ་ཀྲུང་བཅིངས་ནས་བསྒྲུབ་བྱ་གང་གི་ཕྱོགས་སུ་སྟེ། དེར་སྔགས་པས་ཁ་བལྟས་ནས། རིག་པ་བཟླས་ནས་སྔགས་ཀྱི་ཡི་གེ་ཉི་ཤུ་རྩ་གཉིས་བརྒྱ་རྩ ་བརྒྱད་དུ་ནང་དུ་བཅུག་སྟེ་ཐུན་ཆོད་གསུམ་དུ་བཟླས་ནས་བསྒྲུབ་བྱ་དགུག་པར་བྱའོ། །བྲི་བ་ལ་སོགས་པའི་དུས་ཀྱི་ཆོ་ག་ནི། ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྔ་མ་དང་ཕྱི་མ་དག་ལའོ། །བསམས་ནས་ཞེས་བྱ་བ་ནི་འཛིན་པའོ།། ་སྣག་ཚ་ནི?་རབ?་སོང?་ཞེས་བྱ་བ་ལ་ལ་སོགས་པ་གསུངས་སོ། །ཁྲག་ཅེས་བྱ་བ་ནི། སྲིན་ལག་གི་ཁྲག་གོ་།འདབ་ནི་ངོ?་དཀྲིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ཤི་བའི་བུམ་སྐམ་ལ་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་བུམ་པ་བཅག་པ་ལའམ་སའི་དངོས་པོའི ་བུམ་སྐམ་བཅག་གི?་ལའོ། །གནས་ཤིང་དེའི་ཆོ་ག་ཡིས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་གནས་པར་ཇི་ལྟར་ཡིན་བདེ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བར་སྦྱང་རོ། །དེའི་ལྟོར་ཞེས་བྱ་བ་ནི། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལ་སོགས་པས་བསྒྲུབ ་བྱའི་གཟུགས་བརྙན་གྱི་གཟུགས་ཀྱིS་སྤྲུལ་པས་དེའི་ལྟོ་བར་དེ་དང་འཁོར་ལོ་གནས་པར་བྱ་སྟེ། དེ་ནས་མཐེ་ཆུང་བསྐྱོད་པར་བྱའོ། །འདིས་ནི་འདི་བརྗོད་དེ། རོའི་བཀྲིས་མ་ལ་སོགས་པ་ལ་རབ་ཏུ་སོགས་པས་འཁོར་ལོ་ཧྲཱི:ལྷ་སྦྱིན་ཁུག་ཅིག་ཧྲཱི: ་ཞེས་ནང་དུ་བཅུག་པ་དང་ལྡན་པར་དབུས་སུ་མངོན་པར་བྲིས་ནས། བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་ལ་དེ་གཞུག་པར་བྱས་ནས་སྔགས་བཟླ་བར་བྱའོ། །དེའི་ཕྱིར་མཐེ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ལྟོ་བར་འཁོར་ལོ་བཅུག ་ནས་མཐེ་ཆུང་ནི་ལྕེ་བསྐྱོད་པ་སྟེ། སྔགས་བཟླའོ་ཞེས་བྱ་བར་དགོངས་པའོ། །བློ་ལྡན་ཞེས་བྱ་བ་ནི་དགུག་པའི་སྒོམ་པའི་བློ་དང་ལྡན་པའོ། །དེར་ནི་ཡིད་གནས་པས་ཞེས་བྱ་བ་ནི། སེམས་རྩེ་གཅིག་ཏུ་ཇི་ལྟར་གྱུར་པ་དེ་ལྟར་བཟླས་པར་བྱའོ་ཞེས་བྱ ་བར་དགོངས་པའོ། །བྲམ་ཟེ་གསོད་པའང་ཞེས་བྱ་བ་ལ། བྲམ་ཟེ་ནི་སངས་རྒྱས་ཏེ་དེ་གསོད་པའང་མཚམས་མེད་པ་ལྔ་བྱེད་པ་ཡང་ཞེས་བྱ་བའི་དོན་ཏོ། །ཉི་མ་བདུན་ཞེས་བྱ་བ་ཡང། ཉི་མ་བདུན་བསྡུས་པའོ། །བསྒྲུབ་བྱའི་གཟུགས་བརྙན་བྱས་ནས ་ཞེས་བྱ་བ་ནི། ཙན་དན་དམར་པོ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དག་ལས་སོ། །དེའི་ཕྱིར་ཙན་དན་དམར་པོའི་ཕྱ་མ་དང་ཞེས་བྱ་བ་སྟེ། གསུམ་པའི་གཉིས་པའི་དོན་ལ་གཉིས་པའི་གཅིག་གི་ཚིག་གོ་།དེའི་གཟུགས་བརྙན་དུ་འགྲོ་བའི་བསྒྲུབ་བྱིན། ་གདུང་བར་བྱ་ཞེས་བྱ་བ་དང་སྦྱར་རོ། །ཅིར་གྱུར་བས་ཤེ་ན། ཚ་བ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱུགས་ནས་ཞེས་བྱ་བ་ནི་དཀྲིས་པའོ། །འདིར་སྨྲས་པ་གསུངས་པའི་རིམ་པས་བསྒྲུབ་བྱའི་གཟུགས་བརྙན་སྤྲུལ་ནས། གོང་མ་བཞིན་ཏུ ་འཁོར་ལོ་མངོན་པར་བྲིས་ནས། དེའི་སྙིང་གར་བཅུག་སྟེ། དེ་ཚ་བ་གསུམ་གྱིས་ཡན་ལག་བྱུགས་ནས་སྦྲ་ཚིལ་གྱིས་བསྐོར་རོ། །དེ་ཟངས་མའི་ཁབ་ཀྱིས་གནས་སུ་ལུག་ཅིང་སེང་ལྡེང་གི་སོལ་བའི་མེ་དུ་བ་མེད་པས་ཉི་མ་བདུན་ནི?་སྲིད?་པར་གདུངས་ཏེ། ཐུན་ཅོད? ་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་གོང་མ་བཞིན་དུ་རྣལ་འབྱོར་པས་བཟླས་པར་བྱའོ། །མཁས་པས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པའོ། །ཇི་སྲིད་དུ་སྦྲ་ཆིལ་མ་ཞུ་བའི་བར་དུ་ཞེས་བྱ་བ་ནི། འདིའམ་གཞན་དུ་ཡང་བལྟ ་བར་བྱའོ། །བརྒྱའི་མཐར་ཞེས་བྱ་བ་ནི། བརྒྱ་དང་བདུད་གྱིས་བསྒྲུབ་བྱ་རྒྱལ་ཕྲན་དང་བཅས་པ་དང། འདུན་ན་འདོན་དང་བཅས་པ་དང། བཙུན་མོའི་འཁོར་དང་བཅས་པ་ཞེས་བྱ་བའི་ཁྱད་པར་གྱི་ཁྱད་པར་དུ་བྱས་པའོ། །རྒྱལ་པོ་ཞེས་བྱ་བ་ནི་ཁྱད་པར་གྱི་དགད ་པའོ། །དེ་ནས་ཞེས་བྱ་བ་ནི། རྒྱལ་ཕྲན་དང་བཅས་པ་ལ་སོགས་པའི་རྒྱལ་པོ་འཁོར་ལོར་བཅུག་པའི་ཕྱིར་ཏེ། མིའི་བདག་པོ་ཞེས་བྱ་བ་སོགས་པ་ནི་གོ་སླའོ། །རྐང་པའི་རྡུལ་ལ་སོགས་པས་གཟུགས་བརྙན་བྱས་ནས་འཁོར་ལོ་བསྒྲུབ་པ་དང་བཅས་པ ་ནང་དུ་བཅུག་བར་བྲིས་ཏེ་དེ་སྙིང་ཁར་གཞུག་པར་བྱ་ཞིང་གཟུགས་བརྙན་དུ་སོན་པའི་བསྒྲུབ་བྱ་ལ་དེའི་ཁ?་བལྟས་ནས་གནས་པས་དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླ་ཞིང་གདུང་བར་བྱས་ན། དེ་ནས་ཇི་སྐད་གསུངས་པར་འགྱུར་རོ། །ཁ་ཅིག་ན་རེ་དེ་ལ ་ཁ་བལྟས་ནས་བཟླས་པར་བྱ་བ་ནི། འཁོར་ཁོ?་བྲིས་ནས་དེ་ལ་ཁ་བལྟས་ཏེ་བཟླས་པར་བྱའོ་ཞེས་ཟེར་རོ། །ཡང་སའི་སྐྱེ་བོ་ནི་སྨོས་ཅི་དགོས་ཞེས་བྱ་བ་ནི། མི་ཡུལ་གྱི་དགུག་པ་ཡང་སྨོས་ཅི་དགོས་ཞེས་བྱ་བར་དགོངས་པའོ། །ཡི་དགས་ཞེས་བྱ་བ་ལ་སོགས་པ ་དང། ལྷན་ཅིག་ཅེས་བྱ་བ་ནི་གཅིག་ཏུ་བྱས་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱའི་རྐང་བའི་རྡུལ་ཞེས་བྱ་བ་ལ་བསྒྲུབ་བྱ་ནི་སྔ་མ་དང་ཕྱི་མ་དག་ལའོ། །རྡུ་བ་ཞེས་བྱ་བ་ནི་ཙན་དན་དམར་པོ་དག་ལའོ། །དུར་ཁྲོད་ཟས་ལྷག་ཐལ་བ་ཡང་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་ཐལ ་བ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་ཙན་དན་དམར་པོའི་རྟུལ་དང། དུར་ཁྲོད་ཀྱི་ཐལ་བ་དང། འདི་རྣམས་ཐམས་ཅད་གཅིག་ཏུ་བྱས་ནས། སྦྱིན་སྲེག་བྱ་ཞིང་སྲེག་བླུགས་བྱའོ། །གང་ལ་ཞེ་ན། སེང་ལྡེང་སོལ་བ་དུ་བ་མེད་པ་ལ་ཞེས་བྱ་བ ་ནི། སེང་ལྡེང་གི་སོག་པའི་མེ་དུ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྲེག་བླུགས་བྱ་ཞེ་ན། དེ་རྣམས་རྡུལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། དེའི་རྐང་པའི་རྡུལ་ལ་སོགས་པ་སྟེ། རྡུལ་ནི་ལག་པ་གཉིས་སུ་བཞག་པའོ། །མཉེས་ནས་ཞེས་བྱ་བ་ནི་དྲུལ་བའོ། ་དེའི་ཐལ་བས་ཞེས་བྱ་བ་ནི། དེའི་ཐལ་བའི་སྲེག་བླུགས་དང་ལྷན་ཅིག་ཏུ་སེང་ལྡེང་གི་སོལ་བ་སས་བྱས་པ་སྟེ། གང་ཞིག་ངས་དུར་ཁྲོད་ཀྱི་བུམ་པར་ཆུ་དང་བརྫིས་པས་བསྒྲུབ་བྱའི་གཟུགས་བརྙན་བྱའོ། །དེ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། རོའི་ཨ་ལཀྟ་ཀའི་ཁུ་བ་ལ ་སོགས་པས། གྲོ་ག་ལ་དེ་དང་འཁོར་ལོ་དགོད་པར་བྱ་ཞིང། དེའི?་དེ་ལྟ་བུའི་གཟུགས་བརྙན་དུ་འགྲོ་བའི་བསྒྲུབ་བྱ་དེའི་སྙིང་ལ་དེ་བཅུ་གནས། གཟུགས་བརྙན་སྦྲ་ཚིལ་གྱིས་བྱུགས་ཏེ། སེང་ལྡེང་གསོལ་བའི་མེ་དུ་བ་མེད་བ་ཉིད་ལ་ཐུན་ཚོད་གསུམ་དུ་གདུང་བར་བྱའོ། །དེ ་བཞིན་དུ་བརྒྱ་རྩ་བརྒྱད་བཟླ་ཞིང་བུད་མེད་དགུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྒྱལ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྒྱལ་བ་ནི་སྤྲོ་བ་རབ་ཏུ་འཕེལ་བ་ཞེས་བྱ་བའི་དོན་ཏོ། །མྱོས་བར་གྱུར་པ་ཞེས་བྱ་ཨ་ནི་ཡན་ལག་གི་ཆ་དང་བྲལ་བའོ། །རྨོངས་ཤིང་ཞེས་བྱ་བ་ནི་འདིའི ་བྱ་བ་རྣམ་པར་རྨོངས་པའི། །དེ་ལྟར་ཞེས་བྱ་བ་ནི། པདྨ་དྲི་བའི་རིམ་པས་ཤར་ལ་སོགས་པའི་འདར་མ་འབྲི་བའོ། །ཆོགས་ཆོ་ག་ཞེས་བྱ་བ་ནི་གང་གི་ཆོ་ག་དང་ཆོ་ག་དེས་སོ། །ཡི་གེ་ཉི་ཤུ་རྩ་གཉིས་ནི། སྔགས་ཏེ་བརྗོད་པ་ནི་སངས་རྒྱས་ཀྱི་བཞེད་པའོ། །དགོད་ཅེས་བྱ་བ ་ནི?་འདིའི?་ཡང་སྟེ་དེའི་དབུས་སུ་པདྨ་དགད་བར་བྱའོ། །བཅུ་དྲུག་གིས་ནི་རྣམ་སྒྲས་ཞེས་བྱ་བ་ནི། འདིའི་ནང་དུ་བལྟ་བར་བྱའོ། །འདི་ནས་ཞེས་བྱ་བ་ནི་ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་ལས་གསུངས་མ་ཐག་ཏུའོ། །དེ་བཞིན་གཤེགས་ཀུན་གྱི། ཞི་བའི་ལུམ་ནི་ཡིད ་?་ལམ་ཞེས་བྱ་བ་ནི། །རྡོ་རྗེ་ཕག་མོའི། །དེའི་བཀའ་ཨི་འཁོར་ལོ་ཞེས་བྱ་བ་ནི། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཨི་ཁམས་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ནད་དུ། ཟླ་བའི་དཀྱིལ་འཁོར ་གྱི་རྣམ་པའི་འཁོར་ལོ་བྲིའོ། །དེ་ནས་ཞེས་བྱ་བ་ནི། ཕྱི་རོལ་གྱི་ཕྱོགས་བརྒྱད་དུའོ། །རྡོ་རྗེ་ནི་སྣ་ཚོགས་ཏེ། བྲི་བར་བྱའོ། །དེ་ཉིད་ཀྱི་ཕྱིར། རྩེ་གསུམ་གདོང་བཞི་ཞེས་བྱ་བ་གསུངས་ཏེ། ངོས་བཞི་པོ་རྣམས་སུ། རྩེ་མོ་གསུམ་གསུམ་གྱི ་སྦྱོང་བས་ལས། །རྩེ་མོ་བཅུ་གཉིས་ནི། སྣ་ཚོགས་རྡོ་རྗེ་ཡིན་ནོ། །དེའི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དེའི་སྣ་ཚོགས་རྡོ་རྗེ་བརྒྱད་ཀྱིས་མཚན་པ་དེའི་དབུས་སུ་སྟེ་པདྨ་འདབ་མ་བརྒྱད་པའོ། །འདབ་མ་བརྒྱད་པ་ཞེས་བྱབ་ཨ་འདིས་ནི་པདྨ་ཞེས་བྱ་བར ་ཞེས་པར་བྱའོ། །དེ་ལྟར་རྣམ་སྣང་རིག་མཆེ་ཞེས་བྱ་བ་ནི་།དེ་ལྟར་པདྨའི་དགོངས་པའི་རིམ་པས་རྣམ་པར་སྣང་མཛད་མའི་དགོད་པ་རྣམས་བྱའོ། །དེ་ནས་ཨོཾ་བཛྲ་བཻ་རོ་ཙནཱི་ཡེ་ཤེས་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཡི་གེ་བརྒྱད་པོ་རྣམས་དང། ? ་ལ་སཱ་ཧཱའི་ནང་དུ་བཞག་པའི་བསྒྲུབ་བྱའི་མིང་གྲོ་ག་ལ་སོགས་པ་ལ་འགི་ཝང་ལ་སོགས་པས་བྲིས་ནས་གོང་མ་བཞིན་དུ་འཁོར་ལོ་གཟུང་བར་བྱའོ། །ཀུན་ཅེས་བྱ་བ་ལ་སོགས་པས་ནི་འདིའི་དོན་ཡིན་ནོ། །ཡུམ་ནི་བུ་དོན་དུ་གཉེར་བ་ལ་བུ་སྐྱེད་པར་བྱེད་དོ་ཞེས། ་བྱ་པར་དགོངས་པའོ། །ཡིད་འོང་མ་ཞེས་བྱ་བ་ནི་དབང་དུ་བྱེད་ཅེས་བྱ་བའི་དོན་ཏོ། །ཀུན་ཅེས་བྱ་བ་ནི་རིམས་ལ་སོགས་པ་རྣམས་ནང་དུ་བཅུག་ལས་འཇིག་པའོ། །གང་ལ་སྲུང་བའི་འཁོར་ལོའི་རབ་ཏུ་སྦྱོར་བ་དེ་ནི་དེ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ནི། ལྷའི་མིག་ལ་སོགས་པའི་མཚན་ཉིད་དྲུག་པོ་རྣམས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཞེས་བྱ་བ་གང་གི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མངོན་པར་ཤེས་པ ་ཞེས་བྱ་བའི་འཁོར་ལ་བཀའ་སྩལ་ཏོ། །འདབ་མ་དྲུག་ཅེས་བྱ་བ་ནི། འདབ་མ་དང་ཟེ་འབྲུ་ལ་སོགས་པར་ལྡན་པའོ། །ཟླ་བ་ཉེར་མཛེས་ཞེས་བྱ་བ་ནི། ཟླ་བ་ལྟ་བུར་ཉེ་བར་མཛེས་པ་སྟེ་དཀར་པོ་ལ་སོགས་པར་སྦྱོང་བའི་ཕྱིར་རོ། །ཁ་ཅིག་ན་རེ་ཆོས་ཀྱི་འབྱུང ་གནས་ཀྱི་ནང་དུ་ཟླ་བའི་སྟེང་དུ་མཛེས་པར་བྲིས་པའོ་ཞེས་ཟེར་རོ། །རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི། རྡོ་རྗེ་ཕྲེང་བས་བསྐོར་བའོ། །འདིའི་ཕྱི་རོལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲེང?་པ་འདིའི་ཕྱི་རོལ་ཏུ་འཁོར་ལོའི་རབས་བསྐོར་བ་བར་བྱའོ། །རང? ་ཉིད་ནི་འཁོར་ལོ་དགོད་པར་བྱ་བ་གསུངས་སོ། །སྟོན་ཀའི་ཟླ་འོད་དྲི་མ་མེད་ཅེས་བྱ་བ་འདི་ནི་ཐམས་ཅད་ཀྱི་ཁྱད་པར་རོ། །འདི་བདུན་ནི་ཞེས་བྱ་བ་ནི། ཤར་ལ་སོགས་པའི་འདབ་མ་དྲུག་བོ་རྣམས་ལ། ཨོཾ་ཧྲཱི?:ཧ་ཧ་ཧུཾ་ཧཱུཾ་ཞེས་ཡི་གེ་དྲུག་པོ་རྣམས་དང། ་ཟེ་འཕྲུལ?་ཕཊ་ལས་ཀྱི་རྗེས་སུ་མཐུན་པར་ས་བོན་གྱི་ནང་དུ་ཆུད་པར་བསྒྲུབ་བྱའི་མིང་བྲི་བར་བྱའོ། །ཕཊ་ནི་ཡི་གེ་གཅིག་པ་ཁོ་ནའོ། །ཡི་གེ་ནི་ཡི་གེ་རྣམས་ཏེ་མཆོག་རྣམས་དང་ཕན་པ་རྣམས་ཞེས་བྱ་བའི་དོན་ཏོ། །དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི། སྣག ་ཚ་དང་འདབ་མ་གསུངས་སོ། །འཁོར་ལོ་ལག་གཡོན་ལ་ཞེས་བྱ་བ་ལ། ལག་པ་གཡོན་པ་ལ་འཁོར་ལོ་འཛིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཉི་མའི་དཀྱིལ་དུ་ནད་ཀྱིས་གཟིར་བ་བསམས་ནས། སྔགས་འདི་སྟོང་བཟླ? ་བར་བྱའོ། །ཤལ་ཞེས་བྱ་བ་ལ་སོགས་པ་དང། ལག་པ་གཡོན་པར་ཞེས་བྱ་བ་ནི། ཕ་རོལ་གྱི་ཕྱིར་སེང་གེའི་ལྟ་བའི་ཚུལ་གྱིས་འཇུག་པའོ། །དེ་བས་ན་ཤེལ་དང་ཟླ་བ་དང་དེ་དང་དང་འདྲ་བའི་སྣགས་ཀྱི་ཡི་གེ་དང་འཁོར་ལོ་ལག་པ་གཡོན་པ་ལ ་བསམས་ནས། ནད?་པ་གཟིར་བའི་ཕྱིར་སྟོང་དུ་བཟླས་པའི་མཐར་པ་སྟན་པར་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བཞི་བའི་དོན་ལ་གཉིས་པའོ། །ནད་ཀྱིས་གཟིར་པ་ཞེས་བྱ་བ་ལ། མཐོང་བ་ཙམ་གྱིས་ཞེས་པ་ནི་བདུན་པའི་དོན་ལོ་གཉིས་པའོ། །དཻ ་ལ་ལག་མཐོང་བ་ཙམ་ལ་ནད་པ་ཐམས་ཅད་འགྲོ་བར་འགྱུར་རོ་ཞེས་བྱ་བར་དགོང་ངོ། །དེ་ཉིད་ཀྱིས་ཕྱིར་ནད་ཐམས་ཅད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ནང་ལས་རྣམ་པར་གྲོལ་བར་འགྱུར་ཞེས་གསུངས་པ་ནི། སྟོན་ཀའི་དུས་སུ་ཟླ་བ་ཞེས་བྱ་བ་སྟོ། སྟོན ་ཀའི་དུས་ཀྱི་ཟླ་བ་ལྟ་བུར་ཞེས་བྱ་བར་དགོངས་སོ། །རི་བོང་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ལག་པ་གཡོན་པར་ཟླ་བའི་དཀྱིལ་འཁོར་ཏེ། དེ་ལ་འཁོར་ལོ་བསམས་ནས་ཞི་བ་ལ་སོགས་པའི་དབྱེ་བས་ཁ་དོག་དཀར་པོ་ལ་སོགས་པ་ཐ ་དད་པས་དེ་བས་ན་ནད་པ་ལ་སོགས་པ་ལ་བྱུགས་ནས་དེས་ཞི་བ་ལ་སོགས་པ་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་ཉེ་བའི་སྙིང་པོའི་སྔགས་སོ། །འཁོར་ལོ་ཆེན་པོ་ཞེས་བྱ་བ་ནི་འདི་ཉིད་ཀྱི་ཁྱད་པར་རོ། །ལས་ཀྱི ་འོད་ཀྱིས་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་ཏེ་དེས་བརྒྱན་པའོ། །བྱ་བ་ཐམས་ཅད་ཅེས་བྱ་བ་ནི་ཞིབ་ལ་སོགས་པ་རྣམས་སོ། །ཆོ་ག་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས། །མཐོང་བ་ཞེས་བྱ་བ་ནི་མཚན ་པའོ། །ལས་ཞེས་བྱ་བ་ནི་འཁོར་ལོ་ལ་བསྒོམ་པ་ལ་སོགས་པའི་མཚན་ཉིད་དོ། །དེས་ན་དུར་ཁྲོད་ཅེས་བྱ་བ་ལ་སོགས་པའོ། ། རྐའི་འདབ་མ་ཞེས་བྱ་བ་ནི། ཨརྐའི་འདབ་མའི་ཁུ་བའོ། །གོང་དུ་གསུངས་པ་ཞེས་བྱ་བ་ནི་དུར་ཁྲོད་ལ་སོགས་པའི་སོལ་བས ་སོ། །གཟུགས་བརྙན་ཞེས་བྱ་བ་ནི། ཉི་མ་ཕྱེད་ན་དུར་ཁྲོད་ཀྱི་སོལ་བ་དང། བསྒྲུབ་བྱའི་རྐང་པའི་རྗེས་ཀྱི་རྡུལ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ནས། སྐྱེས་པའི་ཁྲག་དང་ཨརྐའི་ལོ་མའི་ཁུ་བས་དུར་ཁྲོད་ཀྱི་རས་ལ་སོགས་པས། སྐྱེས་པའི་རུས་པའི་? ་གུས་ཉི་མ་ལ་གནས་པའོ། །ཧུཾ་གི་ནང་དུ་བཅུག་པའི་བསྒྲུབ་བྱའི་མིང་དང། ལྷན་ཅིག་ཏུ་ནང་དུ་འཁོར་ལོ་བྲིས་ནས། དེའི་སྙིང་ལ་གཞག་ཅིང་སྐེ་ཚེ་ལ་སོགས་པས་ཡན་ལག་བྱུགས་ཤིང་དེ་མདུན་དུ་བཞག་སྟེ། དེ་ཉིད་ཀྱི་སྔགས་ནང་དུ་བཅུག་པ་དང ་བཅས་པས་ནས་ཡང་ནས་ཡང་དུ་ཉུན་ཚོད་གསུམ་དུ་ཁྲོས་པས་བཟླ་བར་བྱའོ། །གདུང་བར་བྱ་ཞེས་བྱ་བའི་ཚིག་ལ་།དེའི་གཟུགས་བརྙན་དུར་ཁྲོད་ཀྱི་སོལ་བའི་མེ་ལ་གདུང་བར་བྱ་ཞིང་སྔགས་བཟླས་པར་བྱའོ། །འདིས་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའམ ་སྔགས་སོ། །འཕེལ་དང་ཞེS་བྱ་བ་ནི་སྣ་ཚོགས་ཉིད་དོ། །སྐྱོན་པ་ཉིད་ཅེས་བྱ་བ་ནི་ཡུན་རིང་དུ་གནས་པའོ། །བསྐུལ་བ་ཡིས་ཞེས་བྱ་བ་ནི། སྐུལ་བར་བྱེད་པའོ། །ཡི་དགས་སྙིང་ག་རུ་ཞེས་བྱ་བ་ནི། རིམས་སུ་བྱ་བའི་ཕྱིར་རོའི་སྙིང་གར་འཁོར་ལོ་བྲི་བར་བྱའོ། །ནད་བྱ་བའི ་ཕྱིར་ཡི་དགས་ཀྱི་མགོ་བོ་ལའོ། །བརྗེད་བྱེད་བྱ་བའི་ཕྱིར། རླུང་གི་དཀྱིལ་འཁོར་གྱིས་མཚན་པའི་སྤྲིན་ལའོ། །གཟེར་བར་བྱེ་བའི་ཕྱིར་རྩེ་གསུམ་ལའོ། །དུག་དང་མཛེལ་ལྟོ་འཕྱེ་རུ་ཞེས་བྱ་བ་ནི། དུག་དང་མཛེ?་དག་བྱེད་པའི་ཕྱིར་ལྟོ་འཕྱེ་ལ་འཁོར་ལོ་བྲི་བར་བྱའོ།། ་གཟའ་ལ་ཞེས་བྱ་བ་ནི། ཉི་མ་ལ་སོགས་གཟའ་སྟེ་འཛིན་པར་བྱེད་པའི་ཕྱིར། དེའི་མཚན་མ་ལའོ། །འདི་ཉིད་ཀྱི་ཕྱིར་འཁོར་ལོ་མདོར་བསྡུས་དགོད་པར་བྱ་ཞེས་བྱ་བ་གསུངས་ཏེ། མདོར་བསྡུས་ཀྱི་སྒྲས་ནི། ཁ་དོག་ལ་སོགས་པ་མཐུན་པའོ། །ཡི་གེ་ཤེལ་ལྟ་བུར ་ཞེས་བྱ་བ་ནི། འཆད་པར་འགྱུར་བ་འདིའི་འཁོར་ལོའི་ཆོ་ག་སྟེ། ཤེལ་ནི་ཞེས་བྱ་བ་དང། ཟླ་བ་ཞེས་བྱ་བ་དང། ཡི་གེ་ཤེལ་ཞེས་གསུངས་ཏེ། ཟླ་བ་ལྟ་བུའི་འཁོར་ལོའི་ཡི་གེའོ། །དེ་ཉིད་ཀྱི་ཕྱིར་བདུད་རྩི་ལྟ་བུར་འཇིག་པ་ཉིད་ཅེས་བྱ་བ་ནི། འདིའི་ཕྱི་རོལ ་ཞེས་བྱ་བ་ལ་སོགས་པ་ལས་གཞན་དུ་བཤད་པ་སྟེ། སྟོན་གའི་ཟླ་འོད་དྲི་མེད་དགོད་ཅེས་བྱ་བ་ལ་སོགས་པ་འདིས་གསུངས་པ་སྟེ། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཟླ་བའི་འོད་ཟེར་དྲི་མ་མེད་པ་དེ་འདྲ་བའི་ཡི་གེ་བཀོད་པའི་འཁོར་ལོ ་བསམས་ནས་དེའི་ལག་པ་ཟིན་པ་པོ་ལ་བསྟན་ན། དེའི་སྐད་ཅིག་ལ་དེ་ལྡང་བར་འགྱུར་བ་འམ། དེས་བྱུགས་པའི་ཕྱིར་ཡང་ངོ། འདི་ཉིད་ནི་བལྟས་པས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ལག་པ་ན་ཐོད་ན་དུག་གིས་བརྒྱལ་བས་རྟོཌ་འགྱུར ་ཏོ། །རབ་སང?་བྱེད་པས་ཞེས་བྱ་བ་ནི་སྔོན་དུ་ཟིན་པ་པོའི་སྙིང་ལ་འཁོར་ལོ་བསམས་ནས་དེས་དུག་དཀྲུས་ཏེ། དེ་བརྟགས་པས་དེ་རྣམས་ཀྱི་ཕྱིར་ལག་པ་བསྟན་པ་ན། དེས་དེ་རབ་ཏུ་སད་པར་འགྱུར་རོ། །ཞེས་བྱ་བར་དགོངས་པའོ། །རིམས་ལ་སོགས་པའི ་ཡང་འདི་སྐད་དུ་བྱ་བ་འཇིག་པ་ནི། རིམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དཔུང་དངེས?་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡོན་ཞེས་བྱ་བ་ནི། ཁུ་ཚུར་ཞེས་བྱ་བ་ལ་སོགས ་པ་དང་སྦྱར་རོ། །ཟངས་ཀྱི་འདབ་མར་ཞེས་བྱ་བ་ནི་ཕ་རོལ་གྱི་སྡེའི་སྐྱེས་བུའི་གཙོ་བོའི་མིང་ནང་དུ་བཅུག་པ་དང་ལྷན་ཅིག་འཁོར་ལོ། །ལྡོང་རོས་ལ་སོགས་བྲིས་ནས་གཏོང་རིང་བའི་ཆུ་ལ་བཞག་ནས། མེ་ཏོག་སེར་པོ་ལ་སོགས་པས་ཡང་དག་པར་མཆོད་དེ། ་ཉི་མ་བདུན་དུ་ཕུན་ཚོགས་གསུམ་དུ་གོང་མ་བཞིན་དུ་བསམས་ཏེ་ཡི་གེ་བདུན་བཟླས་ན། དེ་ནས་རེངས་པར་འགྱུར་རོ། །ཟིན་པས་ཞེས་བྱ་བ་ལ་སོགས་པས་ནི། ཕྱིར་བཟློག་པ་གསུངས་པ། ཟིན་པས་ནི་རེངས་པ་ཞེས་བྱ་བར་བལྟ་བར་བྱའོ། །འོ་མས་དེའི?་འདྲ?་བ? ་མ་དཀྲུས་ནས་ཀླུའི་མཚོ་རུ་བཅུག་ན། དེ་ནས་ཕྱིར་བཟློག་པར་འགྱུར་རོ། །ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ཀྱིས་ཞེས་བྱ་བ་ནི་བསྒོམ་པར་ཞེས་བྱ་བར་དགོངས་པའོ། །མངོན་སུམ་དུ་ཞེས་བྱ་བ་ནི། ལྡོང་རོས་ལ་སོགས་པས་སོ། །དུ་ཚུར་ནི་བསྒོམས ་བའི་འཁོར་ལོས་སམ། བྲིས་པའི་འཁོར་ལོའི་ལག་པ་གཡོན་པས་ཏེ། ལག་པ་གཡོན་པར་ཞེས་འདིར་མངོན་པར་སྦྱང་བའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །ཐམས་ཅད་ཅེས་བྱ་བ་ནི་མཚོན་ཆ་རྣམས་ཞེས་བྱ་བའི་དོན་ཏོ། །ལག་པ་ཡིས་ངེས་པར་མཚོན ་ཆ་འཕྱར?་གྱུར་པ་ཞེས་བྱ་བ་ནི། ལག་པས་མཚོན་ཆ་འཕྱར་བ་རྣམས་སོ། །གྱུར་བ་ཞེས་བྱ་བ་ནི་གྱུར་པ་རྣམས་སོ། །མ་བཀྲོལ་བ་ཞེས་བྱ་བ་ནི། འདི་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྦྱོར་བ་གཞན་གསུངས་པ། ལག་པའི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ ་བདུན་པ་ཉིད་ནི་རྣལ་འབྱོར་མ་དྲུག་གོ་།ཞེས་བྱ་བར་དགོངས་པའོ། །འཁོར་ལོ་དྲུག་ལ་ཡང་དག་གནས། །གཡོན་པས་བྱ་བ་ནི་ལག་པ་ཞེས་བྱ་བར་སྤྱོད་དེ། །ལག་པ་གཡོན་པའི་མཐིལ་དུ་དེ་ཉིད་ཀྱི་པདྨ་འདབ་མ་དྲུག་པའི་རྣམ་པའོ། །དེ་བཞིན་དུ་རྡོ་རྗེ ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་ཡི་གེ་དམར་པོ་ཉིད་བསམས་ནས་ཁུ་ཚུར་བཅིངས་པ་ལས། ཡི་གེའི་འོད་ཟེར་གཟི་བརྗིད་དང་ལྡན་པ་ལྕགས་ཀྱུའི་རྣམ་པ་ཕྱུང་ནས་བསྒྲུབ་བྱའི་སྙིང་གནས་ལག་པས་ཡང་དག་པར་བཀུག་ནས། དེས་དེའི་སྔཌ? ་བཟླས་པ་ན། འདིའི་ཆོ་གའི་སེམས་ཀྱིས་བསྒྲུབ་བྱ་དགུག་པར་བྱའོ། །དམར་པོ་ཞེས་བྱ་བ་ལ་སོགས་པས་ནི། འགི་ཝང་ལ་སོགས་པས་གྲོ་ག་ལ་གོང་མ་བཞིན་དུ་འཁོར་ལོ་བྲིས་ནས། ཙན་དན་མར་པོ་ལ་སོགས་པས་སྤྲས་བའི་བསྒྲུབ་བྱའི་གཟུཌ ་བརྙན་གྱི་སྙིང་གར་བཅུག་སྟེ། དེ་བཞིན་དུ་གོང་མ་བཞིན་དུ་འདི་བསམས་ནས་ཉི་མ་རེ་རེ་ལ་བརྒྱ་ཕྲག་གཅིག་བཟླས་ནས་ཉི་མ་བདུན་གྱིས་དགུག་པར་བྱའོ། །གང་ཞེ་ན། དབང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་གིས་ནི་དགུག་པའོ། །སལ? ་བདག་པོ་ནི་རྒྱལ་པོའོ། །ལྷག་མ་ནི་ཀོ་སླའོ། །རེངས་པར་བྱེད་པ་གསུངས་བ། དེ་ཉིད་ནི་རྡུལ་ཞེས་བྱ་བ་ནི། བསྒྲུབ་བྱའི་རྐད་རྗེས་ཀྱི་རྡུལ་ལོ། །དུར་ཁྲོད་རས་ལ་ཞེས་བྱ་བ་ནི། ལྕགས་ཀྱི་ཕྱེ་མ་དང་ལྷན་ཅིག་ཏུ་རྡུལ་དུར་ཁྲོད་ཀྱི་རས་ལ་བཅིངས་ནས། བསྒྲུབ་བྱའི་མིང ་གཟུང་བས་ལན་བདུན་དུ་བཟླས་པ་བྱས་ཏེ། བསྒྲུབ་བྱའི་མིང?་གཟུང་ཞིང་གསུངས་པའི་ས་ལ་འཁོར་ལོ་བསྒོམས་པའི་ལག་པས་བརྐོས་ནས་སྤས་ཏེ། དེ་བས་ན་ཇི་སྲིད་དུ་ཚོ་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱིར་བཟློག་པ་གསུངས་པ། དེ་ཉིད་ཅེས་བྱ་བ་ལ ་སོགས་པ་ལྟ་གོ་སླའོ། །སྨྱོ་བར་བྱེད་པ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྱོ་བྱེད་ལྔ་དང་ཞེས་བྱ་བ་ནི། དྷ་དྷུ་རའི་འབྲས་བུ་ལ་སོགས་པ་ཡན་ལག་ལྔ་པོ་རྣམས་སོ། །རོའི་གོས་ཞེས་བྱ་བ་ལ་དགྲའི་མིང་དང་བཅས་པའི་འཁོར་ལོ་བྲིས་ནས་ཡན་ལག་ལྔ་ཐ་དད་བ་དང ་ཐ་དང་པར་བརྒྱ་བཟླས་པར་བྱས་ནས་གཅིག་ཏུ་བྱས་ཏེ། དེ་མ་ཐག་བཅིངས་ནས་དུར་ཁྲོད་དུ་བརྐོས་ནས་སྦས་ན་དེ་ནས་ཇི་སྐད་དུ་གསུངས་པར་འགྱུར་རོ། །ཕྱིར་བཟློག་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི་ཚིགས་བཅད་ཀྱི་ཕྱེད་གོང་མ་ལ་སྦྱར་བར་བྱའོ། །དེ་ནས་ཞེས་བྱ་བ?་ ་སོགས་པས་དཔའ་བོ་དྲུག་གི་གོ་ཆའི་སྔགས་ཀྱི་འཁོར་ལོ་གསུངས་པ། དངོས་གཞི་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་དོ། །བསྟན་པ་མི་ཕྱེད་པའི་ཕྱིར་རྡོ་རྗེའོ་།ཉོན་མོངS ་པའི་གཡུལ་ལས་རྒྱལ་བའི་ཕྱིར་དཔའ་བོ་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང། དེ་རྣམས་ཀྱི་འཁོར་ལོའོ། །ཟླ་བའི་ནང་སོང་ཞེས་བྱ་བ་ནི། ཟླ་བའི་རྣམ་པའི་ར?་མོ་གཉིས་ཀུན?་ཁྱུད་བྲིས་ནས། དེའི་ནང་དུ་རྡོ་རྗེ་ནི། རྩེ་གསུམ་ཞེས་བྱ་བ་ནི། དེའི་དབུས་སུའོ། །གདོང ་དྲུག་ཅེས་བྱ་བ་ནི་པདྨ་འདབ་ཅ?་དྲུག་པའོ། །དེའི་ནང་དུ་ཡང་ཟླ་བའི་དབྱིབས་ཀྱི་མུ་ཁྱུད་རི་མོ་གཉིས་པ་སྟེ། རྡོ་རྗེ་བོར་བའི་པདྨ་འདབ་མ་དྲུག་པའོ། འདི་ཉིད་ཀྱི་ཕྱིར། ཡང་ན་པདྨའི?་ཟླ་བ་ལ། དྲུག་གི་གྲངས་ནི་རྣམ་པར་གནས་ཤེས་གསུངས་ཏེ། ཕྱི་རོལ་ཏུ་འདབ་མ་དྲུག ་དང?་མཐུན་པས་རྡོ་རྗེ་དྲུག་པོ་རྣམས། རིང་པོ་ལ་སོགས་པའི་ཆོག?་གིས་ཕྱིར་རོ། །དེའི་ནང་ཞེས་བྱ་བ་ནི། པདྨའི་དབུས་སུའོ། །སོན་ཞེས་བྱ་བ་ནི་ཟེ་འབྲུར་འགྲོ་བའོ། །ས་བོན་ནི་ཞེ་བྱ་བ་ནི་ཧུཾ་དོ?། །ཟེ་འབྲུར་ཞེས་བྱ་བ་ནི། བསྒྲུབ་བྱའི་མིང་གི་དང་པོ་དང་ཐ་མ་དག་ཏུ་མངོན་པར་འདོད་པ ་ནང་དུ་བཅུག་པ་སྟེ། ཧུཾ་དང་བཅས་པ་བྲིས་པའོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མ་ནི་གོ་སླའོ། །དང་པོ་སྔགས་ནི་དབུས་སུ་བྲི་ཞེས་བྱ་བ་ནི། དབུ་མའི་པདྨའི་འདབ་མ་རྣམས་ལ་ཐོག་མའི་སྔགས་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི ་ལྟ་སྟེ། ཨོཾ་ན་མ:སྭཱཧཱ་བོ?་ཥཊ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ཤར་ལ་སོགས་པ་རྣམས་སུ་སྔགས་ཀྱི་རྐང་པ་དྲུག་པོ་རྣམས་སོ། །ཕྱི་མ་དེ་བཞིན་པདྨ་ལ་ཞེས་བྱ་བ་ནི། ཕྱི་རོལ་གྱི་པདྨའི་འདབ་མ་ཤར་ལ་སོགས་པ་རྣམས་ལ། ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་བྱ་བ་རི་སྔགས་ཀྱི་རྐང་པ་རྣམས་སོ།། ་ཐམས་ཅད་ཀྱི་ཕྱིར་ལ་ཏུ་ཤར་ལ་སོགས་པ་རྣམས་སུ་རྡོ་རྗེའི་ལྟེ་བ་རྣམས་ལ་ཧཱཾ་ཧཱིཾ་ཧཱུཾ་ཧེཾ་ཧཽཾ་ཧ:ཞེས་བྱ་བའི་སྔགས་ཀྱི་རྐང་པ་རྣམས་སོ། །རིང?་པོའི་གྲངས་ནི་རྣམས་ཅད་པ་ཞེས་བྱ་བ་ནི། སྔགས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །འཛིན་པའི་ཞི་ལ་སོགས་པ་ཐམས་ཅད ་དུ་འགྱུར་རོ་ཞེས་བྱ་བར་བལྟ་བར་བྱའོ། །གུར་ཀུམ་ལ་སོགས་པས་ནི་སྣག་ཚ?་དང་འདབ་མ་བསྟན་ཏོ། །འདིས་ནི་གོ་ཆའི་སྔགས་ཀྱིས་མང་དུ་སྔོན་དུ་བཟླས་པས་ལན་བདུན་དུ་མངོན་པར་བསྔགས་ཤིང་གོས་ཀྱི་མཛའ་མ་ལ་ངེས་མདུང་པ་བྱས་?་གསུངས་པ? ་བཞིན་དུ་བྱེད་དོ?། །རེངས་པར་བྱེད་པ་ནི། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་དེ་ཉིད་ཀྱི་འཁོར་ལོའི་འོ། །ཟེ་འབྲུ་ནི་ནང་དུ་བཅུག་པའོ། །ཐིག་ལེའི་དབྱིབས་ཀྱི་ཐིགས་པས་བསྐོར་པའོ། །པཱ་རི་དྷ་དྲི་ཀའི་ལོ་མ་དང། ཡུང་བའི་ཁུ་བ་དག་གི་སྣག་ཚའོ། །སྟོན ་ཞེས་བྱ་བ་ལ་སོགས་པ་ནི། འཁོར་ལོ་བྲིས་ནས་འདི་ཉིད་ཀྱི་སྔགས་སྟོང་བཟླས་པ་བྱས་ནས། ཕྱི་ནས་བསྒྲུབ?་བྱ་ཞེས་བྱ་བ་ལ་སོགས་པ་བྱའོ། །ཇི་ལྟར་བཟླས་ཤེ་ན། བསྒྲུབ་བྱ་ནང་གཞུག་བྱ་ཞེས་གསུངས་ཏེ། བསྒྲུབ་བྱ་ནང་དུ་བཅུག་པས་བཟླས་པར་བྱའོ་ཞེས་བྱ ་བའི་དོན་ཏོ། གླང་པོ་ཆེའི་རྨིག་རྗེས་ཀྱི་རྡུལ་ལ་སོགས་པས་བསྒྲུབ་བྱའི་གཟུགས་བརྙན་གྱི་གཟུགས་ཀྱི་དེའི་སྙིང་གར། དེ་དང་འཁོར་ལོ་སྲང་བུ་སེར་པོས་དཀྲིས་ནས་བཞུག་པར་བྱའོ་ཞེས་བྱ་བ་ནི། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུག་ཅེས་བྱ་བ་ནི། ་ཕྱི་ནས་ཀྱི་དོན་བལྟའོ?། །དཔེར་ན་དགྲ་བྱས་པ་ཉིད་ཁར་བ་ལྟུང་བར་འགྱུར་པའོ། །སྲང་བུ་སེར་པོས་འཁོར་ལོ་སྟེ་བསྐོར་བར་བྱ་ཞེས་བྱ་བ་ནི། བཅིངས་པར་བྱའོ། །ཅི་བྱས་པས་ཤེ་ན། སྨྲས་པ། བསྐོར་བར་བྱས་ཞེས་བྱ་བ་ནི། བསྔམས་པ་སྟེ་དེ་ནས་གཞུག་པར ་བྱའོ་ཞེས་བྱའོ། །ནང་དུ་གཞུག་པ་དང་བཅས་པས་སྔགས་བཟླ་བར་བྱའོ། །རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་འཁོར་ལོ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། རྣལ་འབྱོར་མ་དྲུག་པོ་རྣམས་སོ། མཁའ་ ་དབྱིངས་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་ཕག་མོའི་རྣལ་འབྱོར་དང་ལྡན་པས་ལས་འདི་དག་བྱེད་དོ་ཞེས་བྱ་བར་བསྙེགས་སོ། །རྩིབས་ནི་བཅུ་གཉིས་པ་ཞེས་བྱ་བ་ནི་གོ་སླའོ། །སྟོན་ཀའི་ཟླ་འོད་དྲི་མེད་ཅེས་བྱ་བ་ནི། ཞི་བ་ལ་སོགས་པ་དང་མཐུན་པའོ། །འདིས? ་ནི་ལས་ཐམས་ཅད་པ་ཉིད་འདིས་བསྟན་པའོ། །དེའི་རྩིབས་ལ་ཞེས་བྱ་བ་ལ་སོགས་པས་ནི། ཤར་ལ་སོགས་པའི་འདབ་མ་རྣམས་ལ། ཨོཾ་བཾ་ཧཾ་ཨོཾ་ཧྲིཾ?་མོཾ་ཧྲཾ་ཧྲིཾ་ཧུཾ་ཧུཾ་ཕཊ་ཕཊ་ཞེས་ཡི་གེ་བཅུ་གཉིས་པོ་རྣམས་སོ། ལྟེ་བར་ཞེས་བྱ་བ་ནི་རྣལ ་འབྱོར་མ་དྲུག་གི་གོ་ཆ་བསྡུས་ནས། ནང་དུ་གཞུག་པ་དང་བཅས་པས་བྲི་བར་བྱའོ། །ལྷ་མོ་ཞེས་བྱ་བ་ནི་བོད་པའོ། །རིག་མཆེན་མོ་ཡང་ཡིན་ལ་ཡི་གེ་ཆེན་པོ་ཡང་ཡིན་པ་དེ་ནི་གོ་ཆའོ། སྲུང་བའི་རྡོ་རྗེའི་ཆོ་ག་རིག་པས་ཞེས་བྱ་བ་ནི། སྲུང་པའི་དོན་དུ་རྡོ་རྗེ་གུར་ལ་སོགས ་པ་རྫོགས་པ་རིག་པ་ལྷག་མ་ནི་གོ་སླའོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་བཅད་ཕྱེད་ཀྱི་མཐར?་ཀུན་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་ཤེས་བར་བྱའོ། །ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན?་པའི་ཁང་པ་རྩེགས་མའི་དབུས་སུ་ཧྲཱི: ་ཡིས་ཁོ་ན་ལས་རྫོགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བདག་ཉིད་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམས་ནས། མཁའ་འགྲོ་མའི་ཚོགས་སྒྲོ་བར་བྱ་ཞེས་བྱ་བ་ནི་ལྷག་མའོ། །སྔོན་དུ་གསུངས་པས་ཞེས་བྱ་བ་ནི། གོང་དུ་ཆེར་གཅོད་པའི་ལས་གསུངས ་བས་འཁྲུལ་འཁོར་འདི་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། འདི་ཉིད་ཀྱི་ལས་གཞན་བསྟན་པའོ། །དངོས་གྲུབ་ཐམས་ཅད་རབ?་སྟེང་བཱི་ཞེས་བྱ་བ་ནི། དག་གི་དངོས་གྲུབ་རྣལ་འབྱོར་པ་ལ་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བར་དགོངས ་བའོ། །གང་གིས་ཞེས་བྱ་བ་ནི། ཀ་ར་ཏཱི་རའི་མེ་ཏོག་དམར་པོས་སོ། །གྲུབ་པ་ཙམ་གྱིས་ཞེས་བྱ་བ་ནི། ཆོག་གོང་མ་བཞིན་ཏེ། བཟླས་པ་ཙམ་གྱིས་དངོས་གྲུབ་ཐམས་ཅད་རབ་སྟེང་བ་ཞེས་བྱ་བ་ཡིན་ནོ། །ཞེས་བྱ་བར་སྦྱར་རོ། །གང་གིས་འཇིག་རྟེན་གསུམ ་པོ་དབང་དུ་བྱེད་ཅེས་བྱ་བ་དང། དེ་ནས་ལས་ཀྱི་མཆོག་རབ་བཤད་ཅེས་བྱ་བར་སྦྱར་རོ། །ལས་ནི་ཆུ་ལ་སོགས་པས་བྱུག་བའི་མཚན་ཉིད་དོ། ངག་གི་དངོས་གྲུབ་དབང་དུ་བྱེད་པའི་མཚན་ཉིད་ན་མཆོག་གོ་།གང་གིས་འདོད་པར་གྱུར་པ་དེ་ནི་?་? ་མེ་ཏོག་དམར་པོའོ། །དབང་དུ་བྱེད་བའི་ཆོ་ག་ལ་ཤེས་རབ་གསུངས་པ། སྐྱེ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྒྱལ་གྱི་སྦྱོར་བས་ཞེས་བྱ་བས་ནི། སྐར་མ་རྒྱལ་གྱིས་སོ། །གང་གི་སྦྱོར་བ་དེ་ནི་རྒྱལ་གྱི་སྦྱོར་བའོ། །ཁ་ཅིག་ན་དེ་ཉི་མའི་རེས་དང་རྒྱལ་གྱི་ཉི་མ་ཞེས ་?་རོ། །རྒྱལ་ཞེས་བྱ་བ་ནི་དེ་ཉིད་དོ། །ཆུར་གནས་ནས་ཞེས་བྱ་བ་ནི། ཆུར་གནས་པའི་རྣལ་འབྱོར་པའོ། །བརྒྱ་བཟླས་པས་ཞེས་བྱ་བ་ནི་ཆུའི་ཁྱད་པར་ཏེ། བརྒྱ་བཟླས་པའི་ཆུ་ཞེས་བྱ་པའི་དོན་ཏོ། །རྣལ་འབྱོར་མས་ཞེས་བྱ་བ་ན་རྡོ་རྗེ་ཕག་མོའི་རྣལ་འབྱོར་པའོ། །ཆུ་ཞེས? ་བྱ་བ་ལ་སོགས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བསྟན་པའོ། །ལག་པས་ཞེས་བྱ་བ་ལ་སོགས་པས་ནི། ལག་བ་སྦྱར་བ་ཆུས་གང་བར་བྱས་པ་ཉིད་དོ། །ཆུ་ཉིད་ནི་ཅུང་ཟད་བླངས་ནས་བཞག་པ་དེ་ལ་སྒྲུབ་པ་པོ་ཕྱི་མས། བ་ལང་གི་གི? ་?་གིས་བྱུགས་ཏེ། བཅུག་པ་ལ་སྐར་མ་རྒྱལ་ལ་བཟླས་པར་བྱས་ནས། བླངས་ཏེ་རྣམ་འབྱོར་མ་དྲག་གི་གོ་ཆ་ཡིས་སྟོང་བཟླས་ཤིང། སྡིགས་མཛུབ་དང་མཐེ་སེང?་གེ་སྦྱོར་བས་བཟླས་པ་དང། སྒྱུབ་པ་པོ་ཕྱི་མས་བགྲང་བར་བྱ་ཞིག་གཉིས་ཀྱིས་? ་བཟླས་བ་ཐམས་ཅད་བྱ་ཞིང། ཀ་ར་བཱི་རའི་མེ་ཏོག་དམར་པོས་ཆུ་དང་ལྷན་ཅིག་པ་ཏུང་བྱད་ན། ད་ནས་ཇི་སྐད་དུ་གསུངས་པར་འགྱུར་རོ། །རྒྱལ་པོ་འམ་དེའི་བཙུན་མོ་དང་བཅས་པ་རྣལ་འབྱོར་པའི་ཡིད?་ཀྱིས་ས་མ། དག་ཏུ་བརྗོད་པས་དགུག་པར་བྱའོ། ་ཡང?་ན་གཞུང་འདི་དབང་དུ་བྱེད་བར་སྤྱར་བའི་ཕྱིར། དབང་དུ་བྱེད་པ་གསུངས་པ། དམར་པོ་ཞེས་བྱ་བ་ལ་སོགས་པའོ། །བདུན་དུ་བཟླས་ནས་ཞེས་བྱ་བ་ནི། ལྕག་མའི་རྩེ་མོ་ཉིད་ལ་བདུན་དུ་བཟླས་པ་བྱས་ནས་མེ་ཏོག་གཉུ་བར་བྱའོ་ཞེས་བྱ་བའི ་དོན་ཏོ། །ཁ་སྦྱོར་བྱས་ནས་ཞེས་བྱ་བ་ནི། མེ་ཏོག་གཉིས་ཁ་བལྟས་པར་བྱས་བ་སྟེ་ཁ་སྦྱར་བར་བྱས་ཞེས་བྱ་བའི་དོན་ཏོ། །ཁ་ཅིང་ན་དེ་ཡང་དག་པར་སྦྱོར་བར་གནས་པར་བྱས་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་སྙོམས་པར་འཇུག་པར་བྱས ་པའོ་ཞེས་ཟེར་རོ། །གསང་བའི་གནས་སུ་ཞེས་བྱ་བ་ནི། སྐྱེ་གནས་དབུས་སུ་ཞེས་བྱ་བ་འདིའི་རྒྱས་པར་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ད་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་བསྟན་པའི་ཕྱིར་རབ་ཏུ་སྦྱོར་བ་གཞན་གསུངས་བ ་དེ་ནས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འཁོར་ལོའི་རབ་ཏུ་སྦྱོར་པ་ལས་སོ། །མངོན?་སུམ་དངོས་གྲུབ་སྦྱིན་པ་པོ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་པ་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །བྲིས་པ་ཙམ་གྱིས་ཞེས་བྱ་བ་ནི། གསུམ་པའི ་དོན་ལ་དང་པོའོ། །རྡོ་རྗེ་སེམས་དཔའ་ཨང་འཇིག་པར་བྱེད་ཅེས་བྱ་བ་ལ། ཁྱབ་པ་ཞེས་བྱ་བ་ནི། ཁྱབ་པར་ཞེས་བྱ་བར་དགོད་པ་འདི་གསུངས་པའོ། །ཟླ་བ་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་གྱི་ཤིན་ཏུ་རྒྱས་པར་བསྟན ་པའོ། །དགོང་ཅེས་བྱ་བ་ལ་སོགས་པས་ནི། གོ་ཆ་རྟོགས་པའོ། །ལས་ཀྱི་ཁྱད་པར་ལ་སེམས་ལ་སོགས་པའི་ངས་པ་བྱ་བའི་ཕྱིར་།ཞི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཐམས་ཅད་ཉིད་ཁོ་ནར་ལྟ་བར་བྱའོ། །གོས་ཆེན་གོམ? ་བྱ་བ་ནི་དུད་ཁྲོད་གྱི་གསོལ་སྟེ། འདི་ནི་བསང་བ་ལ་སོགས་པ་ལའོ། །དམར་པོ་ཞེས་བྱ་བ་ནི་དབང་དང་དགུག་པ་ལའོ། །སེར་པོ་ཞེས་བྱ་བ་ནི་རྒྱས་པ་དང་རེངས་པ་དག་ལའོ། །ཞི་བ་ལ་ནི་དཀར་པོ་དང། དྲག་ཤུལ་ལ་ནི་ནག་པོ་ཞེས་བྱ་བར་ཤེས་པར ་བྱའོ། །འདི་གང་དཀར་པོས་ཞེས་བྱ་བ་ལ་སོགས་པའི་ཤིན་ཏུ་རྒྱས་པར་བསྟན་བའོ། །ཇི་ལྟར་སྦྱོར་བ་རྣམས་བྱེད་པ་ཞེས་བྱ་བ་ནི། བྱེད་ཞེས་བྱ་བར་ཤེས་བར་བྱའོ། །གང་ཞིག་གང་གི་ལས་ཀྱི་སྦྱོར་བ་དེ་ནི། འདི་ལྟ་སྟེ། སྦྱོར་བར་བྱེད་པ་སྟེ་བྲི་བ་ལ་སོགS ་པའི་སེམས་སོ། །རིམ་མིན་བུད་མེད་ཤི་བའི་ཞེས་བྱ་བ་ནི་བུད་མེད་ལང་ཚོ་ལ་བབ་པ་ཤི་བ་ཞེས་བྱ་བའི་དོན་ཏོ། །གོས་ཞེས་བྱ་བ་ནི་ལང་ཚོའི་བུད་མེད་ཤི་བའི་གོས་ཏེ། དེ་བླངས་ནས་དེ་ལ་བསྒྲུབ་བྱའི་མིང་གོང་དུ་གསུངས་པའི་སྔགས་ཀྱི་ནང་དུ་? ་པ་སྣ་ཚོགས་རྡོ་རྗེའི་ནང་དུ་སོན་པོར་བསྲེགས་བའི་སོལ་པས་བྲིས་ནས། སྒྲུབ་པ་པོས་བརྒེས?་ཏེ་གཞུག་པར་བྱའོ། །དེ་བྱུང་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟ་བུའི་བུད་མེད་ཤི་བ་བསྲེགས་པའི་སོལ་བS་སོ། །པུས་མེད་བར་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་གཟུགས ་ཅན་གྱི་བསྒྲུབ་བྱ་གཤིན་རྗེའི་གནས་སུ་འགྲོ་བར་འགྱུར་རོ། །རིག་མའི་རྐང་བའི་རྗེ་ངར་དང། །དེ་བཞིན་བུམ་སོགས་རྣམ་པར་ཞེས་བྱ་བ་ནི། བུད་མེད་ཀྱི་རྐང་པའི་རྗེ་དར?་ལ། ནང་དུ་བཅུག་པ་དང་བཅས་པར་སྔགས་བྲིས་ནས། གང་གི་ཁྱེམ་དུ་བརྐོས་ཏེ་བཅུག་པ་རྣལ་འབྱོར ་པ་དེའི་བསྒྲུབ་བྱ་ཁྱེར་བ་ཇི་སྐད་གསུངས་པ་ཡིན་ནོ། །དེའི་དུར་ཁྲོད་ཀྱི་བུམ་པ་ནི་སྣོད?་ཆག་པའོ། །སོགས་པའི་སྒྲས་ནི་དེའི་རུས་བའི་བུར་པ་ལ་ཡང་དེ་བཞིན་ཁོ་ནའོ། ལྷག་མ་ནི་གོ་སླའོ། །དུས་པ་ཞེས་བྱ་བ་ལ་སོགས་བས་ནི། སྔར་གསུངས་པ་ཉིད་ཀྱིས་རྒྱས་པར་བསྟན ་པའོ། །དེ་ལྟར་ཆོ་ག་མཉམ་ལྡན་པ། ལས་རྣམས་ཐམས་ཅད་སྒྲུབ་པ་པོ་ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་ནི། རབ་ཏུ་སྦྱོར་བ་བསྡུས་པ་ལའོ། །ཆོ་ག་མཉམ་ལྡན་པ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་ཡིན་ནོ། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་དོ་ཞེས ་བྱ་བར་དགོད་པའོ། །སྔགས་ནི་རང་གིས་ངེས་གཟུང་ན་ཞེས་བྱ་བ་ནི། རང་གིས་སློང་དཔོན་ལ་མི་ལྟོས་པར་གཟུང་བའི་སྔགས་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི། འདིའི་སྔགས་ཤེས་ན་གཞན་གྱིས་ཅི་ཞིག་བྱ་བ་འདིས་ནི་སྔགས་གསུངས་པ་རྣམས་ཀྱི་བདག་ཉིད ་ཆེན?་པོ་ཞེས་གསུངས་པའོ། །ཡང་ན་འདི་ནི་ཞེས་བྱ་བ་ལ་སོགས་བས་ནི། ཀར་ཀར་ཞེས་བྱ་བ་ལ་སོགས་བའི་སྔགས་གསུངས་སོ། །དངོས་པོ་ཡི་ཞེས་བྱ་བ་ནི། ཞི་པ་ལ་སོགས་པའི་དགོངས་པས་སོ། །རྣལ་འབྱོར་བདག་ཅེས་བྱ་བ་ནི་དཀར་པོ་ལ་སོགས་པའི་རྣལ ་འབྱོར་ཀྱི་བདག་ཉིད་དོ། །གཉི་གའི་ཡང་བཤད་པ་དག་གི་འདི་སྐད་དུ་དཔེར་བསྟན་བའི་ཕྱིར། དབེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནོར་བུ་ལེགས་དག་བ་ཞེས་བྱ་བ་ནི། སྣ་ཚོགས་གཟུགས་ཞེས་བྱ་བའི་དོན་ཏོ། །རྫས་ཞེས་བྱ་བ་ནི་གོས་ལ་སོགས ་བའི་རྫས་སོ། །དཔེར་ན་ཞེས་བྱ་བ་ལ་སོགས་པའི་མདོར་བསྡུས་པ་རྒྱས་པར་བསྟན་པ་ནི་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྙེད་པའི་རྒྱུད་རྣམས་སུ་དེ་སྙེད་པའི་མན་ངག་སྦས་པ་ཞེས་བྱ་བར་བསྟན་པའི་ཕྱིར། ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲ་ལས་ནི་མཆོག་དང་པོ་ལ་སོགས་པའོ། གང་གཞན་ནི་རྒྱུད་རྣམས་སོ། །སྔོན་དང་ཕྱི་མར་ནི་ཞེས་བྱ་བ་ནི། དེ་རྣམས་ཀྱི་དུས་ཐམས་ཅད་དུ་གསུངས་བ་རྣམས་སོ། །སྦྱོར་བ་ནི་འཁོར་ལོ་? ་བར་ལ་སོགས་པའོ། །དེ་ཉིད་ནི་སྔགས་ཀྱི་དེ་ཁོ་ན་ལ་སོགས་པའོ། །ཆོག་ནི་ཞི་བ་ལ་སོགས་པ་འདི་རྣམས་སོ། །བྱ་བ་ནི་བྱེད་པ་སྟེ། སྒྲུབ་ཐབས་ཀྱི་རབ་ཏུ་སྦྱོར་བའོ། །དེ་ལྟག་བར་བྱས་པའི་རྒྱུད་ནི་དེ་རྣམས་ལའོ། །ཐམས་ཅད་དུ་ནི་ཞེས་བྱ་བ་ནི། ཐམས་ཅད ་རྣམས་ལའོ། །མན་ངག་སྦས་པ་ནི། སྦས་པ་རྣམས་སོ། །ཤིན་ཏུ་ཡང་ཞེས་བྱ་བ་ནི། ཤིན་ཏུ་ལེགས་པར་ཡང་སྟེ། ཡང་ཞེས་བྱ་བའི་དོན་ཏོ། །དེས་ན་དི་ཞེས་བྱ་བ་ནི། སེམས་ཅན་རྣམས་སོ། །འགྲོ་བ་ལ་གང་རྣམས་ཀྱི་དོན་རྒྱུར་རྣམས་སུ་གསུངས་པ་རྣམས་སོ། །ཉོན ་མོངས་འགྱུར་ཞེས་བྱ་བ་ནི་དགའ་བར་འགྱུར་པའོ། །དུས་ཇི་ཙམ་དུ་ཉོན་མོངས་པར་འགྱུར་ཞེ་ན། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲེགས་བླུགས་ཞེས་བྱ་བ་ནི་འཁོར་བ་སྟེ། དེའི་ཡང་དག་པར་འཇིག་?་བ་ནི་རྣམ་པར་འཇིག་པ་སྟེ། གཞན་དུ ་ཡང་དངོས་པོ་མེད་པས་ཞེས་བྱ་བ་ཇི་སྙེད་པའོ། །མན་ངག་མེད་པ་དང་ཐབས་མེད་པས་དངོས་གྲུབ་བཙལ་ཀྱང་ཡུན་རིང་པོར་གང་གི་ཕྱིར་རྙེད་པར་འགྱུར་བདེའི་ཕྱིར་ཉོན་མོངས་པར་འགྱུར་རོ། །མན་ངག་གིS་ཀྱང་འགྲུབ་པར་མི་འགྱུར་བར་བཅོམ་ཞིང་ཞེས ་གསུངས་སོ། །ཡང་ན་མན་ངག་དང་བརྩོན་འགྲུས་དང་ལྡན་པས་ཀྱང། འགྲུབ་པར་མི་འགྱུར་རོ་ཞེས་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི། ལེགས་བའི་མན་ངག་མེད་པས་དངོས་གྲུབ་གྲུབ་བར་མི་འགྱུར་རོ། །ཞེས་བྱ་བར་དགོངས་བའོ། །རྡོ་རྗེ ་སེམས་དཔའ་མཉམ་ལྡན་པའི་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་བ་ཞེས་བྱ་བའི་དོན་ཏེ། །སློབ་དཔོན་བདག་ཉིད་ཆེན་པོས་ཞེས་བྱ་བ་ནི། བདག་ཉིད་ཆེན་པོའོ། །དངོས་ཕྲུལ་འགྲོ?་བར་བྱེད་ཅེས་བྱ་བ་ནི་དེ་ལྟར་འགྱུར་པའི་སློབ་དཔོན་ལེགས?་པའི་མན་ངག་ལྟར་?། །རྩ? ་བ་ཞེས་བྱ་བར་དགོངས་པའོ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཅན་ཞེས་བྱ་བ་ནི། སྐྱེ་བ་འདི་ཉིད་དུ་འགྲུབ་བའོ། །དེའི་ཕྱིར་ཉོན་མོངས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱའི་སྦྱོར་བས་ཞེས་བྱ་བ་ནི། ལྷའི་རྣལ་འབྱོར་གྱིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ?་གྱིས ་ཤིན་ཏུ་རིང་པོ་ན་འབྲས་བུ་སྟེར་བའི་ཕྱིར་རོ། །དམ་ཚིག་ཅན་ཁོ་ན་འདིར་སྐལ་བ་དང་ལྡན་ནོ་ཞེས་བྱ་བར་དམ་ཚིག་མེད་པ་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །འཇོམས་ཤིང་ཞེས་བྱ་བ་ནི། རྣལ་འབྱོར་པ་རྣམས་ཀྱིས་སམ་རྣལ་འབྱོར་མ་རྣམས་ཀྱིས་ཞེས་བྱ་བའི་དོན ་ཏོ། །ངན་འགྲོར་ཞེས་བྱ་བ་ནི་མནར་མེད་པ་ལ་སོགས་པར་རོ། །གཡོན་པ་ལ་སྦྱོད་པ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པ་རྣམས་ཀྱིས་ཏེ། ཟ་བ་དང་ཉལ་བ་ལ་སོགས་པ་དང། མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་གཡོན་གྱིས་བསྒྱུར་བས་བྱའོ།། ་འཇིག་རྟེན་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །གཡོན་པ་ནི་རྣལ་འབྱོར་མའོ། །དེའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་ལ་དམིགས་པ་སྟེ་དེ་རྟག་ཏུ་ལྡན་པའོ། །ཐམས་ཅད་གཡོན་པས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཏེ། དེས་རྗེས་སུ་རིག་པས་བསྒོམ་པ་ལ་སོཌ? ་པ་བྱེད་པའོ། །དེའི་ཕྱིར་མྱུར?་དུ་དངོས་གྲུབ་རབ་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །གཡོན་པའི་རྒྱུད་ཅེས་བྱ་བའི་ཚིག་ལ། གཡོན་བའི་རྒྱུད་ནི་གཡོན་པའི་སྡེ་ཚན་ཏེ། ཁྭ་དང་ཅེ་སྦྱང་ལ་སོགས་པ་ལ་སྐྱེས་པ་དེ་རྣམས་ཀྱི་མངོན་པར་འདོད་པ་བཟའ་བ་ལ་སོགས་པ་བྱེད་བའི ་ཕྱིར་།དེ་དམིགས་པ་ཡིན་ནོ། །དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ནི། རིག་པའི་རྒྱལ་པོ་ལ་སོགས་པའི་སྔགས་དེ་རྣམས་ཀྱི་འཁོར་ལོ་རྣམས་ཏེ། གང་ལ་དེ་རྣམས་ཀྱི་འབྱུང་བ་དེ་ནི་དེ་བཞིན་ཏེ་ལེའུ་བཅུ་དྲུག་བའོ།། །།རྡོ་རྗེ་མཁའ་འགྲོའི ་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་དྲུག་པའོ།། །།ད་ནི་བཅུད་ཀྱིས་ལེན་གྱི་མདོར་བསྔས་པའི་ལེའུ་གསུངས་པ། དེ་ནས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དཔའ་བོ་ཐམས་ཅད་དང ་མཉམ་པར་སྦྱོར་བའི་འཁོར་ལོ་འབྱུང་བ་ཞེས་བྱ་བ་གསུངས་མ་ཐག་ཏུའོ། །དེ་ལས་ཞེས་བྱ་བ་ནི་གང་ཞིག་ལུས་རྒྱས་པ་མ་གཏོགས་པར་རྣལ་འབྱོར་གྱི་རྗེས་སུ་མཐུན་པ་མེད་པའི་ཕྱིར་རོ། །ཐམས་ཅད་སྙིང་པོ་ཀུན་བསྡུས་པ་ཞེས་བྱ་བ་ནི། སྙན?་ཐམས་ཅད ་ཀྱི་སྙིང་པོའི་ཕུང་པོའོ། །ཡོ་གི་སྦྱོར་བ་བདུད་རྩི་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྤོང་བ་འདི་ནི་བདུད་རྩི་སྟེ་ག?་བུར?་ཞེས་བྱ་བ་ལ་སོགས་པའོ། །དྲི་ཞེས་བྱ་བ་ནི་དྲའི་ན?་?། །མེ་ཏོག་ཅེས་བྱ་བ་ནི་ཀུ་སུམྦྷའོ། །ཤ་ཞེས་བྱ་བ་ནི་གླ་རྩིའོ?། །ཀུ་རྒྱུར?་ནི་རབ་ཏུ་གྲགས ་སོ། །རའི་མར་ཁུ་ནི་བྲཱི་བཱ་སའོ། །རི?་ལས་སྐྱེས་པ་ནི་བྲག་ཞུན་ནོ། །ན་ལ་ཛ་ནི་?་ཤི་རའོ། །དྲའི་མར་ཁུ་ནི་སྐྱེ་པོའི་མར་ཁུའོ། །ད་ཤ་ཞེས་བྱ་བ་ནི་ཀུ་རི་སྟེ་དྲིའི་ཀརྐ་ཏ་ཞེས་བྱ་བའི་དོན་ཏོ། །ཀ་ར་ཛ་ཞེས་བྱ་བ་ནི་ཁིའོ། །རྡུལ་ཞེས་བྱ་བ་ནི་།དེ་དག་གི་ཕྱེ་མའོ། ་རྒྱ་མཚོ་ལས་སྐྱེས་པ་ཞེས་བྱ་བ་ནི། བ་མའོ། །ཁ་ཅིག་ན་རེ་རྒྱ་མཚོའི་ལྦུ?་བ་ཞེས་ཟེར་རོ། །སིང་པའི་ཁ་པའི་སྙིང་པོ་ཞེས་བྱ་བ་ནི་ཙེན་དན་ནོ། །འཇིག་རྟེན་ལས་འདས་པའི་ཕྱོགས་སུ། ག་བུར?་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་སོ། །གུར་ཀུམ་ཞེས་བྱ་བ་ནི་སྐྱེ་གནས ་ལས་སྐྱེས་པ་རིན་ཆེན་འབྱུང་གནས། །དྲི་ནི་རྣམ་པར་སྣང་མཛད་དོ། །དྲིའི་ལོ་མ་ནི་མིག་དྲི་མའོ། །པགས་པ་ནི་ཤུན་པའོ། །ེ་ལ་ནི་རྣ་བའི་དྲི་མའོ། །མེ་ཏོག་ཅེས་བྱ་བ་ནི་ཁྲག་གོ་།ཆུ་ནི་མི་བསྐྱོད་པའོ། །ཤ?་ནི?་མཱི?་སའོ། །ཀུནདུ་ར་སྙོམS་པར་འདྲུག་པ་ལམ ་སྐྱེས་པ་སྟེ། གུར་ཀུམ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་སོ། །རིའི་མར་ཁུ་ནི་སྐྲ་ལས་བཀུག་པའི་མར་ཁུའོ། །རི་ལས་སྐྱེས་པ་ནི་གླང་པའོ། །ན་ལ་ཛི?་ནི་རྐང་གི་མར་ཁུའོ། །དྲིའི་མར་ཁུ་རྣམ་པར་སྣང་མཛད་ཀྱི་མར་ཁུའོ། །ད་ཤ་ནི་སོའོ། ། ཀ་ར་ཛ་ནི་སེན?་མོར? ་རྡུལ་ནི་འདི་དག་གི་ཕྱེ་མའོ། །རྒྱ་མཚོ་ལས་སྐྱེས་པ་ནི་མི་བསྐྱོད་པ་ལས་སྐྱེས་པའི་ལན་ཚྭའོ། །སྲིད་པའི་ཁ་བ་ནི་བ་སྤུ་ལས་སྐྱེས་པའི་ལན་ཚྭའོ། །སྙིང་པ་ནི་བད་ཀན་ནོ། །ཡང་ན་དྲི་ཞེས་བྱ་བ་ནི་དྲི་དང་ལྡན་པའོ། །རི་ལས་སྐྱེས་པ་ནི། རིའི་སྙིང་པོའི་བྱ་བའོ?། །ད་ཤ་ཞེས ་བྱ་བ་ནི་ལྡོང་རོས་སོ?། །འདི་དག་ཐམས་ཅད་ནི་བཅོ་བརྒྱད་ཀྱི་གྲངས་ཏེ། ཕྱི་དང་ནང་གི་རྫས་ལས་སྐྱེས་པ་ལུས་ཚིམ་པར་བྱེད་པ་ཞེས་བྱ་བར་སྦྱར་རོ། །ཅི་དང་འདྲ་ཞེ་ན། ངལ་བར་འགྲོ་བ་ཅན་ཞེས་བྱ་བ་ནི། དཔེར་ན་རལ་པར་འགྲོ་བ་སྟེ་གངྒའི་མུ་འཐུ?་པ་ལུས་ཚན ་པར་བྱེད་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ལས་སྐྱེས་པའི་གྲངས་ནི་བཅོ་བརྒྱད་ཅེས་པའི་དོན་ཏོ། །བཅུད་ཀྱིས་ལེན་ཞེས་བྱ་བ་ན་རླུང་དང་མཁྲིས་པར?་དཀན?་གྱིས?་?་མཉམ་པའི་དབང་གིས ་ཞེས་བྱ་བ་འདིས་ནི་བཅུད་ཀྱིས་ལེན་ནོ། །ཁམས་ཡོངས་སུ་དག་པས་ནི་རྒྱས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་མདོར་བསྟན་པ་ཙམ་གྱིས་རྒྱས་པར་བསྟན་པ་ལ་སོགས་པས་ལེའུ་བཞི་བཅུ་རྩ་གཉིས་ལ་སོགས་པར་རང་གི་ངོ་བོའི་རབ་ཏུ་སྦྱོར་བ་ལས་འདིར ་གསུང་བར་འགྱུར་རོ། །འདིའི་མངོན་པར་འདུ་བྱ་བའི་ཐབས་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ཀུན་ཞེས་བྱ་བ་ནི་འདུ་བྱེད་དོ། །དེའི་རྣམ་དཔྱད་པ་ཞེས་བྱ་བ་ནི། རང་གི་ངོ་བོར་གནས་པའོ། །ཡོན་ཏན་ཞེས་བྱ་བ་ནི་དེ་ཉིད་འགྲང་བར་བྱེད་པའོ།། ་དེའི་ཡན་ལག་ནི་ཐབས་སོ། །ཆོ་ག་ཞེས་བྱ་བ་ནི། དེའི་ཡང་ཆོ་གར་བྱེད་པ་དང་།རྟོགས་པར་བྱེད་པའི་ཕྱིར། ཙམ་པ་ཀ་ལ་སོགས་པའི་རྫས་པས་སྐྱེས་པ་འདིས་འཆང་པར་འགྱུར་བའི་གཞུང་དང། དེ་བཤད་ཅེས་བྱ་བར་སྦྱར་རོ། །དེ་ཉིད་ནི་ཙམ་པ་ཀ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྤྲང་རྩི་འཇག་པ་ཞེས་བྱ་བ་ནི། མདྷུ་ཀའི་མེ་ཏོག་གོ་།པྲི་ཡཾ་ཀུ་ཞེས་བྱ་བ་ནི། ཤྱ་མའོ། །མེ་ཏོག་མི་ཀུ་སུམྦྷའོ། །འདིར་ཡང་སྤྲི་ཀཱ་ཀ་དང་ཞེས་བྱ་བར་བལྟ་པར་བྱ་སྟེ། ལེའུ་བཞི་བཅུ་རྩ་བདུན་པ་ལས་?་?་སོགས་བའི ་གཞུང་དུ་སྤྲི་ཀ་དང་རེ་ཎུ་ཀད?་ག་འཆད?་པའི་ཕྱིར་རོ། །དེ་ལ་རེ་ཎུ་ཀ་འབྲས་བུའི་སྡེ་ཚན་དུ་བལྟ་བར་བྱས་ཏེ། དང་གིས་ནིམ་གསུངས་པ་བསྡུ་པའི་ཕྱིར། དེ་དང་གུར་ཀུན་ལ་སོགས་པ་ཡང་གཟུང་ངོ། །དེ་ཉིད་ཀྱི་ཕྱིར་མེ་ཏོག་གི་སྡེ ་ཚན་ནི་བཅུ་གཅིག་གོ་ཞེས་དེ་ཉིད་དུ་འཆད་པར་འགྱུར་རོ། །དཔལ་གྱི་འབྲས་བུ་ཀ་པཏྠི?། མྱོས་བྱེད་སྐུ་པའ་ཀུ་ཙེ?་ཞེས་བྱ་བ་ལ། དཔལ་གྱི་འབྲས་བུ་ནི་བིལ་བའི་འབྲས་བུའོ། །མྱོས་བྱེད་ནི་མྱོས་བྱེད་འབྲས་བུའོ། །ལ་ཀུ་ཙེ་ནི་ཌ་ཛུའི་འབྲས་བུའོ། །སྐུ་བ་ནི?་ཏིག་ཏའི་སྐུ་བའི ་འབྲས་བུའོ། །བཱརྟཱ་ཀ་ནི་བྷཎྜ་ཀིའོ། ། བཀུ་ཙ་ནི། ཡ་བ་སྒུ་ཛ་སྟེ་ཕོ་བྲིས་ཞེས་རབ་ཏུ་གྲགས་སོ། །དཔལ་གྱི་འབྲས་བུ་ལ་སོགས་པ་ནས་པི་པི་ལིང་གི་མཐར་འབྲས་བུའི་སྡེ་ཚན་ནོ། །རེ་ཎུ་ཀ་ཡང?་འདིར་བལྟའོ། །འཆད་པརེ་འགྱུར་བའི་མེ་ཏོག་གི་སྡེ་ཚན་གསུངས་པ་ངེས་ཡང ་རེ་ཎུ་ཀ་དང་ཞེས་བྱ་བ་ལ། རང་གི་སྒྲས་མཐི་དད་པའི་དོན་གསལ་བར་བྱེད་པའི་ཕྱིར། འབི་རི་འབྲས་བུ་ཡང་གཟུང་ངོ། །འབྲས་བུའི་སྡེ་ཚན་གྲངས་བཅུ་དྲུག་ཅེས་བྱ་བར་ངེས་པར་བསྒྲགས་པས་བསྔགས་པའོ། །མེ་ཏོག་གི་སྡེ་ཚན་གསུངས་པས་རེ་ཎུ་ཀ་དང་ལྷན་ཅིག ་འབྲས་བུའི་སྡེ་ཚན་གྱི་གྲངས་བཅུ་བདུན་ནོ། །རྩེ་མདུང་ལ་སོགས་པ་ནས་མཚན་མོའི་ཤིང་གི་མཐར་རྩ་བའི་སྡེ་ཚན་ནོ། །དེ་ལ་རྩེ་མདུད་ནི་པ་ཙའོ། །མཚན་མོ་ནི་ཡུང་བའོ། །ཀུཥྚ་ཞེས་བྱ་བ་ནི་མཛེ་ཅན་ནོ། །བཅའ་སྒ་ནི་རྭ?་རྒྱས་པའོ། །སྒོག་སྐྱ་ནི་རབ་ཏུ་གྲོགས་སོ། །ཆུ་ལྔ?་ཞེས་བྱ ་བ་ནི་བསིལ་བཅུན་ནོ། །དཀར་པ་ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་པ་དཀར་བོའོ། །གླང་པོའི་སྟོབས་ཞེས་བྱ་བ་ནི་བ་ལང?་སྲུང་བའི་འབྲས་སོ། །རྒན་པོ་གཞོན་ནུར་བྱེད་པ་ནི་རབ་ཏུ་གྲགས་སོ། །མཚན་མོའི་ཤིང་ཡང་འདིར་བལྟ་བར་བྱ་སྟེ། དེ་ཡང་ཡུང་བ་ནག་པོ་ཞེས་བྱའོ། །མཚོན ་མོའི་ཤིང་ཞེས་བྱ་བ་ཡང་རྩ་བའི་སྡེ?་ཚན་དུ་འཆད་བའི་ཕྱིར་རོ། །སྟོངས་དང་སྤྲིན་ཡང་རྩ་བ་དང་ལོ་མ་དང་ཆུ་དང་བཅས་པའི་སྡེ་ཚན་ལས་ལོག་ནས་རྗེས་སུ་འཇུག་པའི་ཕྱིར། དེ་བཞིན་དུ་འདི་ཉིད་ཀྱིས་པཱ་ཊ་ལ་སོགས་པ་རྣམས་མ་གསུངས་པ་འང་གཟུང་ངོ། །གླང་བོའི་སྒྲ? ་ལ་སོགས་པ་ནས། ཏུ་ར་ཀའི་མཐར་རྩ་བ་དང་ལོ་མ་དང་ཆུ་དང་བཅས་པའི་སྡེ་ཚན་ནོ། །གླང་པོའི་སྒྲོ་ཞེས་བྱ་བ་ནི། བཅུད་གསོད་པའོ། །རི་བོ་མཛེས་པས་ཞེས་བྱ་བ་ནི་འབྱུང་པོའི་སྐྲའོ། །འཛག་པ་ནི་དུ་བའོ། །སྟོབས་ནི་རབ་ཏུ་གྲགས་སོ། །སྤྲིན་ནི་མུ་སྟེ་ཀཾ་ངོ། །འདི་གཉིས་ནི ་རྩ་བའི་སྡེ་ཚན་ནོ། །ཁྲག་གི་རལ་པ་ནི་ཁྲག་གི་སྐྲོད་པར་བྱེད་པའོ། །གསེར་ཞེས་བྱ་བ་ནི་དྷུཏྟཱུ་ར་ཀའོ། །མཚན་མོའི་ཤིང་ནི་བཤད་ཟིན་ཏོ། །ཏཱུ་ར་ཀ་ཞེས་བྱ་བ་ནི་ཨ་ཤོ་གནཧཱ་ཞེས་བྱ་བའོ། །རྩེ་བ་དང་ལོ་མ་དང་ཆུ་དང། བཅས་པའི་སྡེ་ཚན་གྱི་གྲངས་ནི་བདུན་ནོ། །ཀ་དཱ་ན? ་དང་གསེར་ཤིང་དང་ཤི་རི་ཥ་དང་ཀ་དཉྫ་ཞེ་བྱ་བ་ནི་རབ་ཏུ་གྲགས་སོ། །སི་གྲུ་ནི་མི་གྲུ་བཟང་པོའོ། ། རཥྚི་ནི་ནིམ་པའོ། །པེར་ཤི་ནི་པེ་ཊི་ཞེས་རབ་ཏུ་གྲགས་སོ། །འདི་ནི་ཤུན་པའི་སྡེ་ཚེན་གྱི་གྲངས་བརྒྱད་དོ། །པའང་ཤ་ཞེས་བྱ་བ་ཡང་མེ་ཏོག་གི་སྡེ་ཚན་དུ་བལྟ་བར་བྱའོ། །དཀར ་པོ?་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུ?་རམ?་བྱེ་ཀར་སྦྲང་རྩི་དང་ཞེས་བྱ་བ་ལ། ཨིཀྵུ་ཏིག་ཏ་པོ་དྷྲ?་རོ་དག་དང་ཡང་བལྟ་བར་བྱ་སྟེ། ཨིཀྵུ་ནི་ཨིཀྵུ་ལས་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ་།གྲོལ་བ་ནི་དྲིལ་བུའི་པཱ་ར?་ལིའོ། །དེ་ཡང་ཁུ་བའི་སྡེ་ཚན་དུ་བལྟ་བར་བྱའོ། །མདུན་དུ་བྱེད ་བའོ། །སྙིང་པོའི་རྩ་བའི་རོ་འམ། པུཥྐ?་རའི་ཤིང་གི་ཆུའོ། །གྲོལ་བ་པོར་ནས་གྲངས་དྲུག་གོ་།བསྡུས་པའི་དོན་ནི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་གི་རོ་ཞེས་བྱ་བ་ནི། ཤིང་གི་ཁུ་བ་ཞེས་བྱ་བའི་དོན་ཏོ། །སོ་ཞེས་བྱ་བའི་སྒྲས་ནི་སྡེ་ཚན་རྫོགས་པའོ། ། ་ཁུ་བྱུག་ཅེས་བྱ་བ་ནི་ཁུ་བྱུག་གོ་།པོ་རོག་ཅེས་བྱ་བ་ནི་ཁྭ་རྒན་པོའོ། །གྷརྒྷལ?་ནི་སྐོར་བའི་ཁྱད་པར་རོ། །དྲང་སྲོང་བུ་ནི་ནེ་ཙོའི?། །སྟབས?་འཕེལ་ཞིང་ཞེས་བྱ་བ་ནི། འདི་རྣམས་ཀྱི་ཤ?་བཅུད?་ཀྱིས་ལེན་གྱི་ལོངས་སྤྱོད་པ་ལ་སྟོབས་འཕེལ་བར་བྱེད་ལ་ཞེས་བྱ་བའི་དོན་ཏོ། །འདི ་དག་ནི་བྱའི?་སྡེ་ཚན་ནོ། །དུད་འགྲོའི་ཚན་ནིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་དགས་ནི་ཤ་བ་རྣམས་སོ། །ཕག་པས་ཤེས་བྱ་བ་ནི། ཕག་པའི་ཁྱད་པར་ཏེ་།གང་ལ་པ་སི་?་ཞེས་རབ་ཏུ་གྲགས་པའོ། །ལྷག་མ་ནི་གེ་སླའོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་མེ་ཏོག ་ནིར?་སྟེ། ཏཱ་ལའི་མེ་ཏོག་ལ་སོགས་པ་ལས་བྱུང་བའོ། །འབྲས་བུའི་རོ་ནི་རྒུན་འབྲུའི་ཁུ་བ་ལ་སོགས་པའོ། །ཤུན་པ་ནི་འབྲས་ལ་སོགས་པའི་ཤུན་པའོ། །མདོར་བསྡུས་ནས་ནི་ཞེས་བྱ་བ་ནི། བསྡུས་པའི་དོན་གྱི་ཚུལ་གྱི་ཕྱིར ་རོ། གང་གི་ཕྱིར་འདི་ཐམས་ཅད་ཀྱི་རྣམ་པའི་དབྱེ་བ་བཤད་པར་བྱ་སྟེ། གཞན་ནི་སྤྱི་རུ་ཞེས་བྱ་བ་ནི་གུར་ཤིང་ལ་སོགས་བའི་རོ་ལས་སྐྱེས་པའོ། །ཛག?་ལ་ནི་ཟན་ལས་སྐྱེས་པའི་ཁུ་བའོ། །སྨན་ཞེས་བྱ་བ་ནི་འཇིགས་པ་ལ་རྣམ་པར ་ཕན་པའི་ཕྱིར་སྨན་ཀྱང་གོང་མ་རྣམས་སོ། །ཇི་ལྟར་བསྟེན་པ་དེ་བཞིན་དུ་ཡང། བཟའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཙམ་པ་ཀ་ལ་སོགས་པ་ནས་བྱི་བའི་མཛའ་རྣམས་སུ་རྫས་རྣམས་ནི་དྲུག་བཅུ་རྩ་བཞིའོ། །ག་པུར་ལ་སོགས་པ་ནས་སྲིད་པའི་ཁ་བའི ་མཛའ་ཨི་པར་དུ་རྫས་བཅོ་བརྒྱད་རྣམས་སོ། །འདི་རྣམས་ནི་ཇི་ལྟར་ཉེ་བར་དགོས་པ་བྱ་ཞེ་ན། སྦོམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡོམ་པོ་ནི་སྐྱེས་བུ་དམ་བ་དང་བུད་མེད་དོ། །ཕྲ་བ་ནི་ཐམ་སྟེ་དེ་བཞིན་ནོ། །བར་མ་ཞེས་བར་ལང་བལྟ་བར་བྱའོ། །དམ་པ་ལ་སོགས ་པའི་དབྱེ་བས་ཀྱང། མེ་ནི་བྱིས་པ་དང་ལང་ཚོའི་གནས་སྐབས་ལ་སོགས་པའོ། །ཐ་མ་ཉིད་མེ་ཆུང་དུ་ཁོན་སྟེ་བྱིས་པ་ལ་སོགས་པའོ། །འབྲིང་པོ་ཉིད་ཀྱི་མེ་ནི་བར་མ་ཉིད་ལ་སོགས་པའོ། །འདི་དག་བཏགས་པའི་སྨན་གྱི་ཚད་ཉེ་བར་དགོང་པར་བྱའོ། ། ་ཇི་ལྟར་འདིར་སྨན་པའི་བསྟན་བཅོས་ལས་ཆུང་དུ་ལ་སྲད་གཉིས་ཙམ། བར་མ་ལ་ནི་སྲད་བཞི་ཉིད། མཆོག་ལ་སྲད་དྲུག་ཏུ་ནི་བརྗོད། བསྐོལ་དང་སྣུམ་དང་སྨན་ལ་ཞེའོ། །ནད་ཀྱང་སྐྱོན་མང་པོ་ལ་སོགས་པའི་དབྱེ་བས་མཆོག་ལ་སོགས་པའི་དབྱེ་བ་འདི་འབའ་ཞིག ་མ་ཡིན་ཏེ། སོས་པས་ཚེ་རིང་པ་ལ་སོགས་པར་འདོད་པས་ཀྱང་བསྟེན་པར་བྱའོ། །དེ་ལྟར་ཡིན་མོད་ཀྱི་རྣལ་འབྱོར་པའི་ཡང་སྦོམ?་པ་དང་ཕྲ་བ་དང་བར་མའི་དབྱེ་བས་།སེམས་ཅན་སོ་སོར་ནད་མེད་པར་སྦྱར་བའི་ཕྱིར། རབ་ཏུ་སྦྱོར་བའི་སྨན་ཉེ་བར་དགོས་པའོ། །དེ་ཉིད ་ཀྱི་དེའི?་རླུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲ་ལས་ནི་རོ་ལ་སོགས་པ་རྣམས་གཟུང་ངོ། །འདི་རྣམས་ནི་མི་མཉམ་པ་ལས་ནད་སྐྱེ་བར་འགྱུར་ཏེ། རླུང་ནི་གསལ?་བ་དང་སྟེང་དུ་རྒྱུ་བ་དང་གང་བ་དང། འབྱིན་པ?་དང། འཛིན་པའི་མཚན་ཉིད་དོ?།། ་?་ཁྲས་པ་ནི་ཁྲག་གི་ཚར་དང་དྲོད་དང་མདངས་དང་སྣོད་དྲོ་བར་བྱེད་པའོ། །བད་ཀན་ནི་ཚིགས་སུ་གནས་བ་དང་སྣུམ་པ་དང། བཏབ་པ་དང་ཁྱབ་པའོ། །རོ?་ནི་ཚིམ་པར་བྱེད་པའོ། །ཁྲག་ནི་འཚོ་བར་བྱེད་པའོ། །ཤ?་ནི་བྱུགས་?་བྱེད་པའོ། །ཚིལ་ནི་སྣུམ་པར་བྱེད་བའོ། ་རུ་ས་པ་ནི་འཛིན་པར་བྱེད་པའོ། །རྐང་མར་དུས་པ་གང་བར་བྱེད་པའོ། །ཁུ་བ་ནི་དུལ་བར་འཛག་པ་དང། དགའ་བ་དང་འཚོ་བའི་དོན་དང། འགྲེས?་པར་བྱས་པའོ། །གཅིར་ནི་དང། རློན་པ་ཉིད་དང། སྐྱོན་དང། སོ་བའི་ཚིགས?་དང། ཡུན་རིང་དུ་བྱ་བ་རྣམས་ཏེ ་ཉིད་དུ་ཤེས་པར་གསུངས་སོ། །ཉེ་བའི་ལུས་ནི་ཉེ་བར་བྱུག་ལའོ་།འདུས་པ་ནི་རླུང་ལ་སོགས་པ་འཛིན་པའོ། །ཡུན་རིང་དུ་བྱ་བ་ནི་ལེ་ལོའི་བྱ་བའོ། །སྡུམ?་པ་དང?། དྲོ་བ་དང། མགོ་མཆོག་གི་སྟོབས་དང། ལེན?་ཚྭ་དང་མྱལ་བ་དང། སྐྱུར་བ་དང། འབྲུ་མར་དང?། ཁྲུས ་དང། བསྐུ་ན་ཉི?་དང། ཉ་དང་ཤ་དང། ཆང་དང་བསྐུ་བ་དང། མཉེ་བ་དང། སྣུམ?་དང། བསྲོ་བ་དང། རླུང་མེད་པར་ཉལ་བ་དང། དུགས་བྱ་བ་དང། བཟའ་བ་དང་གནས་དང། ?་ལ་སོགས་པ་འདི་རྣམས་ཀྱིས་རླུང་རབ་ཏུ་ཞི་པར་བྱའོ། །སྟོབས་ནི་སྟོབས་དང ་བྲལ་བའོ། །བསྐུ?་ནི་ཡན་ལག་ཉེད་པའོ། །མྱང་བ་ནི་ཁ་བ་དང་བསྐ་བའོ། །བསིལ་བ་དང་རླུང་དང། གྲིབ་མ་དང་རྔ་ཡབ་སྔོན་པོ་དང། ཟླ་བའི་འོད་ཟེར་དང། ས་བུག་དང། ཆུའི་འཁྲུལ་འཁོར་དང། ཆུ་ལས་སྐྱེས་པ་དང། བུད་མེད་ཀྱི་ལུས་ལ་རེག་བ་དང། ་མར?་སར?་དང། འོ་མ་དང། བཤལ་དང། ཁྲག་དབྱུང་བ་དང། རབ་ཀྱི་ལུས་ཁྱུག་པ་ལ་སོགས་པ་དང། བཏུང་བ་དང་བཟའ་བ་དང། གནས་པ་དང། སྨན་ལ་སོགས་པ་འདི་རྣམས་ཀྱིས་མཁྲིས་པ་རབ་ཏུ་ཞི་པར་བྱའོ། །ཆུ་སྐྱེས་ནི་པདྨ་ལ་སོགས་པའོ། །རབ་ཀྱི་ལུས ་ན་ཙིན་དན་བྱུག་པ་ལ་སོགས་པའོ། །རླུང་ནི་དགུན་སྨད?་དང་དབྱང་དང་དགུན་སྟོད་ཀྱི་དུས་རྣམས་ལའོ། །མཁྲིས་པ་ནི་དབྱར་གྱི་མཛའ་དང་སོ་ག་ལ་ཡང་ངོ། །བད་ཀན་ནི་རྟག་ཏུ་མེ་ཏོག་འོང་པར་ཡང་བརྗོད་པ་སྟེ་།དེ་ཇི་ལྟར ་འདོད་བར་གསུངས་པ་བྱའོ། །དགུན་སྨད་ལ་སོགས་པ་རྣམས་ལ་རླུང ་དུ་བརྗོད་པ་ལ། འཇམ་རྩི་ལ་སོགས་བ་བྱའོ། །སོ་ག་དང་སྟོན་ལ་མཁྲིས་པ་ལ་ཡང་བཤལ་ལ་སོགས་པའོ། །དཔྱིད་ལ་བད་ཀན་ལ་སྐྱུགས་ལ་སོགས་པའོ། །རྟས་བའི་འདུར ་པ་ན་བྱ་ཞེས་བྱ་བ་ལ་སོགས་པ་བརྗོད་བ། བད་ཀན་གྱི་སྦྱོར་བ་ལ་སྒྱུགས་དང་སྣ་རྨན་ནོ། །མཁྲིས་པ་སྐྱེས་པའི་རྣཾ་པ་ལ་ནི་ཁྲུས་དང། རླུང་གི་བདག་ཉིད་ལ་ནི་འཇམ་རྩི་བྱའོ། །འདུས་པའི་ནད་དང་འདྲེས་པ་འདི་དག་ཅེས་བྱ་བ་ལ་སོགས་པ་ནི། སྨན་པའི ་བསྟན་བཅོས་ལས་འདི་ཐམས་ཅད་དམ་གཞན་འཇམ་རྩི?་ལོ་སོགས་པ་རྣལ་འབྱོར་བས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསལ་བར་མ་གསུངས་སོ། །སེམས་ཅན་གྱི་བསམ་པའི་དབྱེ་བ་ལས་སྨན་ནི་ཕྱི་དང་ནང་དུ་ཡང་བྱ་སྟེ། བྱང་ཆུབ་? ་དཔའ་ཨི་ནི་སེམས་ཅན་གྱི་དོན་དུ་འདི་ཐམས་ཅད་སློབ་པ། །འདི་ལྟར་ཡང། མར་དང་འབྲུ་མ་རང་ཀྲུ་སྨན་དྲག་ཅེས་བྱ་བ་ལ་སོགས་པའི་ཚིག་དུམས་བཤད་བས་ཀྱང་དེར་བསྙེགས?་སོ། །མདོར་བསྡུས་ནས་གསོ་བོ་ཤེས་པར་བྱ་བའི་དོན་དུ་ཀླུ་སྒྲུབ་ཀྱི ་ཞལ་སྔ་ནས་མཛད་པ་སྦྱོར་བ་བརྒྱ་པ་བསླབ་པར་བྱའོ། །ཤིན་ཏུ་ཟད་པའི་རླུང་ལ་སོགས་བ་འཕལ་བ་དང། ཤིན་ཏུ་འཕེལ་བའི་ཟད་པར་བྱེད་པ་ནི་སྙོམས་པ་བསྲུང་བའོ། །དེའི་ཕྱིར། རེ་དེ་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །ནག་མོ་ཞེས་བྱ ་བ་ལ་སོགས་པ་ལ། ནག་མོ་དང་དཀར་མོ་དང་སྔོ་བསངས་མ་ཞེས་བྱ་བ་ནི་ནག་མོ་དཀར་མོ་སྔོ་བསངས་མ་ཞེས་བྱ་བའི་དོན་ཏོ། །ནག་མོ་དཀར་མོ་སྔོ་བསངས་མའོ། །དྲུག་པའི་མང་པོའི་ཚིག་གི་དོན་ལ་གསུམ་པའི་གཉིས་ཀྱི་ཚིག་གོ། ནག་མོའི? ་རླུང་གི་རང་བཞིན་གྱི་བུད་མེད་དོ། །དཀར་མོ་ནི་མཁྲིས་པའི་རང་བཞིན་ནོ། །སྔོ?་བསངས་མ་ནི་བད་ཀན་གྱི་རང་བཞིན་ནོ། །ཇི་སྲིད?་ལོ་བརྒྱད་ནིས་བརྩམས་ཏེ་ལོ་ཉེ་ཤུ་རྩ་ལྔ་མའི་བར་དུ་། དེ་རྣམས་ཀྱི་བཅུད་ཀྱིས་ལེན?་དང་སྨན་གྱིས་རྣམ་པ་མཐུན་པར་བྱས་བའི་གང ་ཞིག་བྱང་ཆུབ་སེམས་ལ་སོགས་པའོ། །ལྟུང་བ་དང། ཞེས་བྱ་བ་ནི། དེ་ལྟུང་བར་བྱེད་པ་དང། ཁམས་མཐུན་བས་སྦྱོར་བར་བྱེད་པའོ། །འཕོ་བྱེད་ཅེས་བྱ་བ་ནི། དེ་ཉིད་ཀྱི་ཕྱིར་རྩཝ་ཐམས་ཅད་རྣམ་བར་དག་པ་རྣམས་སུ་འཁྲིས་པ་ལ་སོགས་བ་དང། རོལ་སོགས་པའི ་ཁམས་རྣམས་འཕོ་བར་བྱེད་པ་དང་ཁྱེར་བར་བྱེད་པ་ནི་ཁྱེར་བར་བྱེད་པ་སྟེ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནི། རྣམ་བར་དག་པ་ལ་གོམས་པས་ལུས་དང་སྲོག་དག་བརྟན་པར་བསྒྲགས་པར་བྱའོ། །དེ་རྣམ་པར་དག་པ་དང་ཕྱི་རོལ་གྱིས་སྨན་གྱིས་ཉེ་བར ་དགོས་པས་སྐྱེ་བར་འགྱུར་རོ། །ནག་མོའི་ནི་མར་ངོའི་ཟླ་མཚན་འཛག་བའི་འོ། །དཀར་མོ་དང་སྔོ་བསངས་མའི་ནི་ཕར་གྱི་ངོའི་ཟླ་མཚན་འཛག་པའི། བྱང་ཆུབ་ཀྱི་སེམས་ལ་ལ་བཅུད་ཀྱི་ལྟུང་པར་བྱེད་པ་དང་འཕོ་བར་བྱེད་བ་ཡིན་ནོ། །དེ་ཡ་ཁ་ཅིག་ན་རེ་རྣམ་པར་དག་པའི ་བཅུད་ཀྱི་ཉིར?་གཅིག་ལ་སོགས་བའི་རིམ་པས་ནག་མོའི་མར་གྱི་ངོ་ཉིད་ཀྱི་སྣ་བུག་གཡས་པ་ནས་རླུང་རྒྱུ་བ་དང། དཀར་པོ་དང་སྡོ་བསངས་མའི་ཡང་དེ་བཞིན་ཁོ་ནར་ཡར་ངོ་ཉིད་ཀྱི་སྣ་བུ་གཡོན་བས་བརྡུབ་བར་བྱའོ་ཞེས་ཟེར་རོ། །ཡར་དོའི་ཚེས་གཅིག་ལ་རང་གི ་ལག་བ་དྲི་མ་མེད་པའི་མཐིལ?་དུ་སོན་བར་བྱས་པའི་རང་གི་བྱང་ཆུབ་ཀྱི་སེམས་བརྟག་པར་བྱ་སྟེ། གལ་ཏེ་དེ་ལ་ཏིལ་གྱི་རྣམ་བ་ཙམ་གཏིགས་པ་ནག་པོ་མཐོང་ན་ཐིག་ལེ་གཅིག་ལ་ཟླ་བ་བཅུ་གཉིས་ཀྱིས་འཆི་བར་འགྱུར་རོ། །གཉིས་བཅུ་གཅིག་རྣམས་ཀྱིས་སོ། །གསུམ? ་ལ་ནི་བཅུ་རྣམས་ཀྱིས་སོ། །བཞི་པོ་རྣམས་ལ་ནི་དགུ་པོ་རྣམས་ཀྱིས་སོ། །ལྔ་ལ་ནི་བརྒྱད་ཀྱིས། །ཁྲུག་ལ་ནི་བདུན་གྱིས་སོ། །བདུན་ལ་ནི་དྲུག་གིས་སོ། །བརྒྱད་ལ་ནི་ལྔ་ཡིས་སོ། །དགུ་ལ་ནི་བཞི་ཡིན་ནོ?། བཅུ་བོ་རྣམས་ལ་ནི་གསུམ་པོ་རྣམས་ཀྱིས་སོ། །བསྒྲུབ?་ཅིག་རྣམས་ལ་ནི་གཉིས་པོ ་དག་གིས་སོ། །བཅུ་གཉིས་དག་ལ་ནི་གཅིག་གིས་སོ། །བཅུ་གསུམ་རྣམས་ལ་ནི་ཟླ་བ་ཕྱེད་ཀྱིས་སོ། །བཅུ་བཞི་རྣམས་ལ་ནི་ཉི་མ་བརྒྱད་ཀྱིས་སོ། །བཅོ་ལྔ་རྣམས་ལ་ནི་བཞི་བོ་རྣམས་ཀྱིས་སོ། །བཅུ་དྲུག་རྣམས་ལ་ནི་གཉིས་པོ་དག་གིས་སོ།། ་བཅུ་བདུན་རྣམས་བ་ནི་གཅིག་གིས་སོ། །དེ་བས་ཀྱང་ཏིལ་ཙམ་བླངས་ནས་དོར་ཏེ་གང་ཞིག་བྱང་ཆུབ་ཀྱི་སེམས་བཅུད་ད་ཏེ་གཅིག་ལ་སོགས་བ་དང་ལྷན་ཅིག་གཡོན་པའི་སྣ་བུག་ནས་བརྡུབ་པར་བྱས་ན་དེ་ནས་དུས་སུ་འཆི་བ་སྤང་བ་ཡིན་ནོ། །ལྷག་པར་བྱས་པའི ་ཡང་དེ་བཞིན་ཁོ་ནར་ཉེ་བར་སྦྱར་ཞེས་བྱ་བ་འདི་ནི། ནག་མོ་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། གཞན་དག་ན་རེ་ནག་མོ་དང་སྔོ་བསངས་མའི་ཁ་དོག་གིས་དེ་བཞིན་དུ་གྱུར་བས་ཚེ་ལྟང་བར་བྱེད་དོ། །དཀར་མོས་ནི་བྱང་ཆུབ་ཀྱི་སེམས་འཕོ་བར་བྱེད་པ་ཡིན་ནོ་ཞེས ་ཟེར་རོ། །འདི་ལྟར་ཡང་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གཞན་དུ་ཡང་གསུངས་པ་ཡིན་ནོ། །དགྲའི་སྡེ་ཚན་དང། བཤེས་ཀྱི་སྡེ་ཚན་དང། བཏང་སྙོམས?་ཀྱི་སྡེ་ཚན་དང། རབ་ཏུ་སྦྱོར་བའི་ཡུལ་ལ་རྟོགས་བར་བྱ་བའི་སྡེ་ཚེན་རྣམས་ཀྱི་ཁམས་བསྡུ་བར་ཞེས་བྱ་བ་ནི། ་ཁམས་རྣམས་ཀྱི་རྫས་རྣམས་ཀྱི་སྡེ་ཚན་ནི་ཚུལ་གྱིས་བསྡུལ་ཞེས་བྱ་བའི་དོན་ཏོ། །དཔའ་གཅིག་ཅེས་བྱ་བ་ནི། སེང་གེའི་ཁྱད་པར་རམ་དཔའ་བོ་གཅིག་པུ་ཁོ་ནའོ། །སྐྱེ་གཉིས་ཤེས་བྱ་བ་ནི་སོའོ། །རྩ་ཞེས་བྱ་བ་ནི་ལ་ཕུག་ཉིད་དོ། །བསྐ་བ་གསུམ་འབྲས་ཆེན་པོ་དང ་ཞེས་བྱ་མ་ནི་འབྲས་བུ་གསུམ་མོ། །དཔའ་གཅིག་ནི་རྡུལ་ལོ། །སྐྱེ་གཉིས་ནི་ཟླ་བ་ཆེན་འཇོག་བའི་འོ། །རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་སྙོམས་པར་འཇུག་པ་ལ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་སོ། །བསྐ་གསུམ་འབྲས་བུ་ཆེན་བོ་དང་ཞེས་བྱ་བ་ནི་དེ་བསྐྱོད་པ་དང་རྣམ་པར་སྣང་མཛད ་དང་དོན་ཡོད?་གྲུབ་པ་ནི་བཤད་པ་གཞན་ནོ། །སྤྲིན་བཞི་དང་ནི་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པ་རྣམ་པ་བཞིའོ། །བཅུད?་བཞི་ཞེས་བྱ་བ་ནི། ཕ་རོལ་སྦྱིན་བ་ལ་སོགས་པ་རྣམ་པ་བཞིའོ། །བདུད་རྩི་ལྔའི་སྙིང་པོའི་དང་ཞེས་བྱ་བ་ནི། སཽ་བརྩལ་དང། ཕ་ཝཀྵཱར?་ལ་དང། སཛཛཾ? ་ཀཱ?་ཀྵ་ར་དང། ཁ་རུ་ཚ་དང། སིན་དུ་བ་རྣམས་ནི་ལན་ཚྭ་ལྔ་རྣམས་སོ། །དུས་དྲུག་ཅེས་བྱ་བ་ནི་དུས་དྲུག་པོ་རྣམས་ཏེ་དུས་ལས་སྐྱེས་པའི་རྫིས་རྣམས་གསུང་བར་བྱ་བ་རྣམས་སོ། །དྲུག་ཅུའི་ཞེས་བྱ་བ་ནི། དབྱུ་གུ་དྲུག་ཅུ་ཞེས་བྱ་བའི་དོན་ཏོ། །དྲུག་ལྡན་ཞེས་བྱ་བའི་ཚིག་ལ ་ཡང་དེ་བཞིན་དུ་བཤད་པ་ཁོ་ནའོ། །འདབ་བདུན་རྩབ་སྡོང?་བུ་དང་ཞེས་བྱ་བ་ནི། གླང་པོའི་སྐྲ་ལ་སོགས་པ་འདུན་གྱིས་འདབ་མ་ལ་སོགས་པ་དང་བཅས་པར་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །ཡུལ་སྐམ་དང་ནི་སྐྱེས་ཡིན་ཞེས་བྱ་བ་ལ་།སྐམ་པ་ནི་ཆུ་མེད་བའོ། །ཆུ་ནི་? ་བལ་རྙེད་པའོ། །སྐམ་བསྐྱེས་པའི་སྨན་ནི་ནུས་པ་ཅན་ནོ། །ཆུ་ལ་སྐྱེས་བ་ནི་ནུས་པ་ཆུང་བའོ། །མར་དང་འབྲུ་མར་དཀྲུ་སྨན་དྲག་ཅེས་བྱ་བ་ནི། མར་དང་འབྲུ་མར་གྱི་དང་དཀྲུ་སྨན་དྲག་བོ་མས་བཏང་བ་སྟེ་མར་ནི་ཕྱི་རོལ་གྱི་དང་རྐང་ལ་སོགས་པའོ། །འབྲུ་མར་ནི་ཕྱི་རོལ་གྱི་དང་ཤ ་ལས་སྐྱེས་བ་ལ་སོགས་པ་སྟེ། འཇམ་རྩི་བཏང་བ་ལ་སོགས་བའང་ཤེས་པར་བྱས་སོ། ཁྲོ་ཆུ་དངུལ་ཆུ་དག་གི་བྲས་ཤེས་བྱ་བ་ནི། ཁྲོ་ཆུའི་ཟས་དང་དབུལ་ཆུའི་ཟས་དག་ནི་བཟའ་བར་བྱའོ། །དེ་ལ་ཡང་གེ་རྣམ་པར་བཅིངས་པ་ཡིན་ན་དེ་འཚོ?་།སིང་བོ་དང་ཡུང་བའི ་ཁུ་བ་མཉམ་བ་འཐུངས་ནས་རྣམ་པར་སྨིན་པས་ཁྲོ་ཆུ་དང་དངུལ་ཆུ་ལ་ཡོན་ཏན་ཡིན་ནོ་ཞེས་བྱ་བ་འདི་ནི། སིངས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་སྦྱིན་པ་ཞེས་བྱ་བ་འམ་ཁྲོ་ཆུ་ཡང་འདི་ལ་ཁྱད་པར་འཕགས་པའི་ཕྱིར་རོ། །ཉི་མར་གྱུར་བ་ཞེས་བྱ་བ ་ནི་ཟངས?་ཀྱི་ཕྱེ་མའོ?། །ལག?་བ་ནི་གཞན་གྱིས་མི་ཐུབ་པ་དཀར་པའོ། །རྩི་བས་ནི་སིངས་པོ་སྟེ། འདི་ཉེ་བར་མཚོན་པའི་ཕྱིར་འབྱུང་པོའི་ཁུ་བ་འདི་རྣམས་སུ་བཅུད་བཅུག་ནས་དཀྲུག་བ་དང་མཉེ་བར་ཡང་བྱའོ་ཞེས་བྱ་བ་དགོངས་པའོ། །དྲོན་པོ་ནི་སྦྲང་རྩིའི་རོའོ། །སྦྲང་ཐིགས་ཞེས ་བྱ་བ་ནི། དྲོན་པོའི་བཅུད་ལ་སྦྲང་རྩིའི་ཐིགས་པས་དཀྲུག་ཅིང་དེ་ནས་དེའི་རྣམ་པར་དག་པར་ཞེས་བྱ་བར་དགོངས་བའོ། །ཁ་ཅིག་ན་རེ་ཉི་མར་གྱུར་བའི་ལག་རྩིབས་ལ། དྲོན་པོར་སྦྲང་ཐིགས་ཞེས་བྱ་བ་ནི། ཉི་མའི་འོད་ཟེར་གྱིས་གདུངས་བའི་བཅུད་ལ་སྦྲང་རྩིའི་ཐིགས ་པ་བླུགས་ནས་དཀྲུག་གོ་ཞེས་ཟེར་རོ། །སྦྲིན་དཀར་ལ་བསྐ་བ་རྣམས་རྩི་རྩིགས་མ་དང་ཞེས་བྱ་བ་ནི། སྤྲིན་དཀར་པོའི་ཕྱེ་མ་དང་འབྲས་བུ་གསུམ་གྱི་རྩིགས་མ་བྱིན་ནས་བཅུད་ཀྱི་མཉེ་བ་དང། སྦྱང?་བ་ཞེས་བྱ་བར་དགོངས་སོ། །བཏུང་བའི་སྦྱོད་པ་ལ ་སོགས་པ་བཅུད་རྣམ་པར་སྦྱོད་བ་ཡང་ཟླ་བའི་རྐང་འཐུང་ལ་སོགས་པ་དང། རྩུབ་པས་བཀང་བའི་བུམ་པར་བཅུག་ལ་ལས་ཀྱི་ལྟོ་བ་ལས་སྐྱེས་བར་བཅུད་ལ་སོགས་པ་བཅུ་གནས། བཅུད་བཅིངས་བ་ཞེས་བྱ་བ་ནི། རྩུབ་པའི་སིན་དུང་བསྒྲུབས་པ་ནི་ཤེས་བྱ་བ་གསུངS ་བ་ལ། སིན་དྷི་ནི་ཚིགས་ཏེ་བུམ་པའི་རྐང་དུ་བཅུག་ནས་དེའི་ཚིགས་སུ་བཅུད་ལ་སོགས་པ་རབ་ཏུ་གཞུག་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་གཞུང་སྦྱར་བ་ཙམ་སྟེ། རྒྱས་པར་ནི་འགྱུར་བའི་ཕྱིར། །དྲུག་ཆ་ཞེས་བྱ་བ་ནི་བཅུད་གཅིག་དང་སྨན་གྱི་ཆ་ལྔའི ་ཁུ་བ་དེ་ལ་བླུགས་ཤེས་བྱ་བའི་དོན་ཏོ། །སྐྱེད་ཅེས་དོན་ཏོ། །སྐྱེ་འཇོམས་པ་ནི་ཞེས་བྱ་བ་ནི། སྐྱེད་པར་བྱེད་པའི་དོན་དགའ་བ་འཇོམས་པ་ཞེས་བྱ་བའི་དོན་ཏོ། །གོང་དུ་གསུངས་པའི་རིགས་པས་རང་གིས་སྐྱེས་པའི་ཟླ་བ་དྲུག་བ་ཅན་དང་ལྡན་པའི་བཅུད་ཟོས ་?་དོན་ཏེ་དགའ་པ་འཇོམས་སོ། ཞེས་བྱ་བར་དགོངས་སོ། །སོ་སོའི་ཆ་ཡིས་ངེས་བཅིངས་ཤིང་ཞེས་བྱ་བ་ནི། རྩུབ་པ་སྲང་བརྒྱ་རྩ་བརྒྱད་དང་མཁར་བ་ཆ་ལ་སོགས་པ་བཅིངས་པའོ། །འབྲས་བུ་རྣམས་ལ་ཉེར་དགོས་པ་ཞེས་བྱ་བ་ནི། འབྲས་བུའི་འབྲུ་མར་ལ་སོགས ་བ་ཉེ་བར་དགོས་པ་ཞེས་བྱ་བའི་དོན་ཏོ། །ཚོན་མོ་སྡིར་མ་ལ་སོགས་པའི་སྐྱོན་ཞུགས་པའི་གསེར་ཟད་པའི་བཅུད་ལ་རང་གི་རོ་ཁ་བ་ལ་སོགས་པ། མངོན་དུ་བྱ་བ་གསུངས་སོ། །སྐྱོན་ལ་ཞེས་བྱ་བ་ལ་སོགས་པ་ནི། དྲོན་པོའི་བཅུད་ཀྱི་ཆ་དང་དེ་བཞིན་དུ་མི་བསྐྱོད ་པའི་བཏུང་བསྐྲ་དཀར་དུ་འགྱུར་བ་ནི། སྐྲ་དཀར་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པར་སྦྱོད་བའི་སྒྲུབ་པའི་ཐབས་ནི། ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་ནི་བཏུང་བར་བྱེད་བའི་སྦྱོར་བའོ། །ལན་ཚྭ་ཙམ་གྱི་ཞེས་བྱ་བ་ནི། སིན?་དྷ་བ ་?་སོགས་པའོ། །ཐལ་བའི་འགྱུར་བ་ཞེས་བྱ་བ་ནི་རྩུབ་པའོ། རྡུལ་གྱི་ཚོགས་ཞེས་བྱ་བ་ན་སོ་ཕག་ལ་སོགས་པའི་ཕྱེ་མའི་ཕུང་པོའོ། །གླང་ཆེན་མྱོས་པའི་བུམ་པས་བཅུད་ཅེས་བྱ་བ་ནི། གླང་པོའི་སྣ་ཅན་གྱི་?་བའོ། །སེངྒེའི་བཅི་བར་ཞུགས་པ་ཡིས?་ཞེས་བྱ་བ ་གང་གི་ཚེ་བཅུད་ཁྲོས་ཤིང་ལྷག་ལྷག་ཟེར་གྱུར་པ་དེའི་ཚེ་སེང་གེའི་བཅི་བའོ། །འདིར་སྨྲས་པ་སེང་གེའི་བཙི་བར་ཞུགས་པའི་བཅུད་ལ། བླང་པོའི་སྣ་ཅན་གྱི་ཁུ་བ་སྦྱིན་བར་བྱའོ། །ཡང་དག་འགུགས་བར་བྱེད་བར་བཤད། །རང་གི་ཤིང་དང་ཉི་མའང་ཞེས་བྱ་བ་ནི ་ཡང་དག་བར་འཁོར་བའི་བཅུད་ལ་དང་པོའི་རྡུལ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་ཤིང་ནི་དང་པོའི་རྡུལ་ལོ། །ཉི་མ་ནི་བྱང་ཆུབ་ཀྱི་སེམས། །དེའི་ཕང་ཞེས་བྱ་བ་ནི་སྦྱིན་ནོ་ཞེས་བྱ་བའོ། །ཁ་ཅིག་ན་རེ་ཨརྐའི་འདབ་མ་དང་ཤིང་གི་རང་གི་ཁུ་བ་བླུགས་སོ། །ཞེས་ཟེར་རོ།། ་གཞན་དག་ན་རེ་ནི་ཉི་མའི་འཁོར་བའི་ཁུ་བ་ཞེས་ཟེར?་རོ། །སྲེག་པར་མིག་དང་སྙིང་ལ་འབར་ཞེས་བྱ་བ་ནི། བསྲེགས་བའི་བཅུད་ཀྱི་བཟའ་བ་ལ་སྙིང་དང་མིག་ལ་སྲེག་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་ནི་ཤེ་པཱ་ལཾ་ཀཱའོ། །ལྕེ་ནི་བ་ལང་གི ་ལྕེའོ། །ངོ?་དམའ་ཞེས་བྱ་བ་ནི། མཛེས་པའི་མིག་སྨན་ནོ། །སྒྲ་ནི་འབྱུང་བོའི་སྦའོ?། །དཀའ་ཐུབ་མེད་ཅེས་བྱ་བ་ནི་བྲ་སེ་ནའོ། །འདི་རྣམས་ཀྱི་འདབ་མ་དང་རུས་པའོ། །ཆུ་སྐྱེས་ནི་མེ་ཏོག་གོ། །བུ་གི་དང། ཀུན་ཏུ་རུ་དང། སཱའི?་བཱ་ནཱི་རབ་ཏུ་གྲགས་སོ། །སེན་མོ?་ནི་སྟག་གི་སེན་མོའོ།། ་ནོར་བུ་ནི་མུ?་མེན?་ལ་སོགས་པའོ། །ཟླ་བའི་འོད་ཟེར་ནི་ཟླ་བའི་ནོར་བུའོ། །ཟེར་ནི་བཀུ་ལའོ། །ཐིགས་པའི་རྒྱུན་ནི་སྐྱུ་རུ་རའི་ཁུ་བའོ། །རྒྱན་ཞེས་བྱ་བ་ནི། རྒྱས་པའི་རྒྱན་ནོ། །ཐིག་ལེ་ནི་སྐྱུ་རུའི་དིའི?་ཁུ་བའོ།། ཤི་ཤུ་ནི་སྣུ་ཧིའི། །བཱ་ཧཧཱ?་ནི་སྡེ་ཚན། །བླ་བ་ལ་སོགས་པ་ནས་འཛག ་འཛག་པའི་མཐས་མངོན་པར་འདུ?་བྱེད་པར་བལྟ་བར་བྱའོ།། འདིར་ཡང་དག་གཟུང་བ་ནི་འཆད་པར་འགྱུར་བའི་ཕྱིར་རོ། །དགའ་བའི་སྦྲུལ་ཞེས་བྱ་བ་ནི། འདི་རྣམས་ཀྱིས་འདུས་བྱས་པའི་བཅུད་ཏེ་དཀའ་བས?་སྤྲུལ་དུ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །རྨའི? ་ཁྲག་ཅེས་བྱ་བ་ནི་ཁྲག་གོ། དྷུ་སྡུར་ཞེས་བྱ་བ་ནི་དེའི་ཁུ་བའོ། །ཡུད་བའི་ཤིང་ནི་ཡུད་བ་ནག་པོ་སྟེ། དེའི་ཁུ་བ་ཞེས་བྱ་བར་ཤེས་པར་བྱའོ། །འདི་རྣམས་ཀྱིས་འདུས་བྱས་པའི་བཅུད་ནི་དཀའ་བའི་སྦྲུལ་དུ་འགྱུར་རོ། །ཞེས་བྱ་བའི་དོན ་ཏོ། །གང་དུ་དེ་དེ་ལྟ་བུར་ཞེ་ན། སྐྲ་དཀར་གྱི་སྐྱོན་ཀུན་རྗེས་སུ་འཆིང་བ་དང་ཞེས་བྱ་བ་གསུངས་སོ། །རྒས་པ་དང་མཛེ་ཡིས་ཡོངས་སུ་ཟིན་པ་རྣམས་ལ་ཞེས་བྱ་བ་ནི། རྒས་བ་དང་མཛེ་ཡིས་ཟིན་པ་ལའོ། །རྣོན་པོ་ལ་སོགས་བའི་རྩུབ་བས་ནད་ལ་ཉེ་བར་བྱུགས? ་ནམ། དེའི་ཆུ་ཡིས་བཀྲུ་བ་དང། མཉེ་བར་བྱས་ན། དེ་ནས་དེ་གཉིས་ཞི་བར་འགྱུར་རོ། །དེའི་ཕྱིར་རྣོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་ཞུ་བ་ཞེས་བྱ་བ་ལ་སོགས་པ་ནི་མ་ཞུ་བའི་ནད་ལ་རྣོན་པོའི་རྩུབ་པས་རབ་ཏུ་བྱུགས་ཤིང་དེའི་སྐད་ཅིག་ལ ་དེའི་ཆུས་དགྲུ་བ་དང། བ་ལང་གི་ལྕེའི་ཁུ་བས་མཉེས་པའི་བཅུད་ཀྱི་མེ་ལ་གདུང་བ་ལ་སོགས་པ་དང་བཅུད་མཉེས་ན?་དེ་ནས་དེ་འཇིག་པ་ཡིན་ནོ། །ལས་ཀྱི་ལྟོ་བ་ལས་སྐྱེས་པ་དང་མ་རྒས་པ་ལ་ཞེས་བྱ་བ་ནི། ལས་ཀྱི་ལྟོ་བ་ལས་སྐྱེས་བ་མ་? ་པ་ནི་ནད་དང་བྲལ་བ་བླང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །བཅུད་དང་བཅུད་ཀྱིས་ལེན་གྱི་རིམ་པ་ཞེས་བྱ་བ་ལ། བཅུད་ནི་རབ་ཏུ་གྲགས་སོ། །བཅུད་ཀྱིས་ལེན་ནི་སྦྲིན་ལ་སོགས་པའོ། །འདིར་སྨྲས་པ་བཅུད་དང་བཅུད་ཀྱིས་ལེན་གྱི་གཟུགས། ལས་ཀྱི་ལྟེ་བ ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །འབྲུ་མར་དང་རུ་སྐྱེས་ཤེས་བྱ་བ་ལ། འབྲུ་མར་ནི་འབྲས་བུ་ལས་བྱུང་བ་དང་ཤ་ལས་སྐྱེས་སོ་པའོ། །རུས་པ་ལས་སྐྱེས་པ་ནི་མར་དང་གླད་པ་ལ་སོགས་པ་སྟེ། དེ་དག་ནང་དུ་བཅུད་ཀྱི་ལེན་ལ། ཤ་ལས ་སྐྱེས་པོ་ལ་སོགས་པ་སྔག་སོ། །ཤི་རཱི་ཥའི་རྩ་བའམ། །ཟད་བ་ཞེས་བྱ་བ་ནི། གསེར་གྱི་འདབ་མ་ཟད་པའི་བཅུད་དེ་ལ?། མེ་ལ་གནས་པ་ན་ཤི་རཱི་ཥའི་རྩ་བའི་ཁུ་བ་སྦྱིན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །འམ་གྱི་སྒྲས་ནི་སྤྲིན་ལ་སོགས་པའི་འདབ་མ་ཟད་པར་ཞེས་བྱ ་བར་བལྟ་བར་བྱའོ། །འདི་ཅིའི་དོན་དུ་ཞེ་ན། པྲི་ཧན་ཞེས་བྱ་བ་གསུངས་པ་ནི། འཕོ་བ་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན། དམར་པོའི་བཅུད་ཀྱིས་ལེན་བརྒྱལ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསེར་གྱི་ལས་ནི་གསེར་དང་གསེར ་གྱི་པ་བད་གི་ཚོ་ལོང་དང། གསེར་གྱི་བཙག་ཆན་དང། བ་བླའི་འདབ་མ་ཟད་པ་ན། བཅུད་ཀྱིས་ལེན་དམར་པོར་འགྱུར་རོ། །དེ་དང་བརྒྱལ་བར་འགྱུར་བ་ནི་འཕོ་བར་འགྱུར་བ་སྟེ། ཤི་རཱི་ཥའི་རྩ་བའི་ཁུ་བས་ཞེས་བྱ་བར་དགོངས་པའོ། །ཁུ་བའི་ཚད་ཀྱང ་ཅི་ཞེ་ན། རིགས་པས་ཞེས་གསུངས་ཏེ། ཤི་རཱི་ཥིའི་རྩ་བའི་ཆ་ལྔ་དང་ལྡན་པའི་ཁུ་བ་ཞེས་བྱ་བའི་རིགས་པས་སོ། །མགོའི་རུས་པ་ལས་སྐྱེས་པ་ཞེས་བྱ་བ་ནི། བཅུད་གསད་པ་དང་ཕྱིར་གསོ་བ་དང་བརྒྱལ་བ་རྣམས་ལ་རྫས་བཞུ་བ་རྣམས་སུ། རི་བོ་མཛེས་པ་ལ ་སོགས་པ་དང། གླང་པོ་སྐྲ་ལ་སོགས་པ་དང། འཛག་པ་ལ་སོགས་པ་དང། ཡང་གི་ངོ་ཤོ་བྷ་ན་ལ་སོགས་པའི་འདབ་མ་ལ་སོགས་ལས་སྐྱེས་པའི་ཁུ་བ་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །ལམ་དུ་ཤིན་ཏུ་འཁྲུ་བ་ན་འབྲས་བུ་ཞེས་བྱ་བ་ལ། ཤིན་ཏུ་འཁྲུ་བ ་ནི་འཁྲུ་བ་དང་རབ་ཏུ་འཁྲུབ?་དང། ཤིན་ཏུ་འཁྲུ་བ་རྣམས་ཏེ་ལམ་དེར་གྱུར་པའི་བཅུད་ཀྱི་འབྲས་བུའོ་བ་ལང་གི་ནུ་མའི་རྣམ་པའི་ཀྱོད་བུ་མར་ཁུས་བཀང་བ་ལ་བསྲོས་པ་དང་བཏགས་པ་དང་དཀྲུགས་པའི་བཅུད་བླུགས་ཏེ་བཞག་པར་བྱའོ། །དེ་ལའང ་ག་དང། ཞ་ཉེ་ཅུང་ཟད་དང་ལྡན་པའི་གསེར་བྱིན་ནས་འཁྲུ་བར་བྱའོ། །རབ་ཏུ་འཁྲུ་བ་ལ་སོགས་པ་ནི་གཞན་དུ་ཡང་བལྟ་བར་བྱའོ། །མི་ཉམ་པའི་ཤིན་ཏུ་ཆའི་ནང་དུ་ཞེས་བྱ་བ་ནི། སྨན་ནི་དུག་ཡིན་ནོ།། ཤིན་ཏུ་ཆའི་ནང་དུ་ཞེས་བྱ་བ་ནི། མངོན་པར་འདོད ་པ་མ་ཡིན་པའི་ཆ་སྟེ། བཅུད་དེ་ཉིད་དུག་ཡིན་ནོ། །ཁ་ཅིག་ན་རེ་སྨན་ལྔ་འགྱུར་གྱི་ཁུ་བ་བྱིན་ནི་ཞེས་ཟེར་རོ། །ཆུ་སྐྱེས་ཞེས་བྱ་བ་ནི། མེ་ཏོག་དང་ཤུན་པ་ལ་སོགS་པའི་སྨན་རྣམས་སོ། །མཁྲིས་པ་དང་བདག་ན་དང་རླུང་རྣམས་ལ་།ཁ་?་བསྐ་བ་དང་མདར་བ་རྣམས་རབ ་ཏུ?་བྱར?་བ་ནི་ཤུན་པ་ལ་སོགས་པ་སྟེ་འདིའི་དོན་ཏོ། །ཚེ་བ་དང་སྒྱུར་བའི་ཚུལ?་ཞེས་བྱ་བ་ནི། བད་ཀན་ཅན་ལ་ནི་ཚ་བ་དང་།སྒྱུར་པའི་ཆུ་ཡང་ངོ། །རླུང་ཅན་དང་མཁྲིས་པ་ཅན་ལ་ཆུ་བསྐོལ་ཉིད་དོ། །ཁ་ཅིག་ན་རེ་ཤུན་པ་ལ་སོགས ་པ་དང་མངར་བ་ལ་སོགས་པའི་སྨན་གྱི་ཁུ་བ་བརྩེ་བ་ཆེན་པོར་ཞུགས་པའི་བཅུད་ལ་བླུགས་སོ་ཞེས་ཟེར་རོ། །ལོང་བ་ཞེས་བྱ་བ་ལ་སོགས་པ་ནི། ཡོང་བར་ཡོངས་སུ་བརྩེ་བ་དང། དམའ་བར་བསྲེགས་པ་དང། གསད་པ་དང་།འཁོར་བ་ཞེས་བྱ་བ་ནི་སའི་སྦྱོར་བ་སྟེ། འདི ་དག་ལ་སོགས་པའི་སྐོང་དུའོ། །འདི་དག་གི་སྐྱོང་བུ་རྣམས་ལ་བརྩེ་བ་ལ་གླང་པའི་ཁུ་བ་བཅུད་ལ་སྦྱིན་ནོ་ཞེས་བྱ་བ་ནི། ཆུ་ལ་བརྟན་པ་ཞེས་བྱ་བ་གསུངས་ཏེ། ལྷག་མ་ནི་གོ་སླའོ། །མ་ཉེ་ཞེས་བྱ་བ་ནི་བཏགས་པ་འམ་དཀྲུག་པས་བཅུད་ཡོངས་སུ་དག་པར་འགྲོའོ།། ་དེ་བཞིན་དུ་གསུངས་པ། མ་བསྲོས་རྣོན་པར་འགྲོ་བ་མིན། །མ་བཏགས་དྲི་མ་མེད་མ་ཡིན། །མ་ཞུ་སྟོབས་ནི་རྙེད་མི་འགྱུར། །མ་ཟད་བཅུད་ནི་བཅིང་མི་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །རྡུལ་རྣམས་ཞེས་བྱ་བ་ནི། བཅུད་བཏགས་པའོ། །སྤྲོ་བར་བྱ་བ་ནི་སྐྱོན་སྦངས ་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་བརྩེ་བ་ལ་སྦྱར་བ་ནི། རྣོན་པ་དང་ཤིན་ཏུ་ལྡན་བའི་བརྩེ་བ་རྣམས་ཀྱིས་ཞེས་བྱ་བ་གསུངས་ཏེ། བརྩེ་བ་ལ་རྣོན་པོར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེས་པར་མི་མཐུན་པའི་བློ་རྣམས་ཀྱིས་བཏགས་པར་བྱ་ཞེས་བྱ་བ་ནི། ཀུན་ཏུ་བཏགས ་པར་བྱེད་པ་མི་འདྲ་བའི་བློ་རྣམས་ཀྱི། །རིམ་པས་མཉེ་བར་བྱེད་པ་རྣམས་ནི་འཐག་པ་ཡིན་ནོ། །དག་པའི་རྣམ་པའི་ཆ་དང་ཞེས་བྱ་བ་ནི། ཉེད་པ་ལ་སོགས་པས་དག་སྟེ། ཁྱད་པར་དུ་འཕགས་པའི་ཆའོ། །དེ་ཉིད་ཆ་གཞན་དུམ་ཞུགས་པའི་ཕྱིར་ཆ་ལས་སོ། དེ་ལ་བསྒྲུབས ་པའི་ནི་བཅུད་ཀྱི་སྟེ། ཚིག་ཁྱད་པར་དུ་བལྟ་བར་བྱའོ། །སྟེ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །སྐྱོན་ལྟུང་བ་མེད་པར་ནི་མ་ཡིན་ཞིང། ཆ་གཞན་ཡང་ཆ་དང་ལྡན་པ་རིའི་ཕྱེ་མ་ཞེས་བྱ་བ་ནི་རིའི་ཕྱེ་མ་བཏགས་པ་ལ་སོགས་པས་སྐྱོན་ལྟུང་བ་མེད་པར་ནི་མ་ཡིན་ནོ ་གཞན་གྱི་ཆའི་མཛེས་པ་ནི་གང་ཞིག་ཆ་དེ་དང་ལྡན་པ་ནི་བཅུད་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དེར་ཞེས་བྱ་བ་ནི་བཏགས་པ་ལ་སོགས་པ་བྱས་པར་གྱུར་པར་རོ། །རྣམ་པ་སོ་སོའི་ལམ་ཡང་དག་པར་དགོད་ནས་ཞེས་བྱ་བ་ནི། སྣ་ཚོགས་པའི་རྣམ་པས་སོ་སོ ་སོ་སོར་ལས་རྣམས་ཞུ་བ་ལ་སོགས་པ། བཀོད་ནས་བཅུད་ཡང་དག་པར་བསྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་ཞེ་ན། ཆོ་ག་ཙམ་གྱིས་ཞེས་གསུངས་ཏེ། ཆོ་ག་ནི་སྨན་རྣམས་སོ། །དེ་རྣམས་ཀྱི་ཙམ་ནི་ཚད་དོ། །ཀྱོང་བུན?་གང་གི་ཚེ་བརྩེ་བས་ཟད ་པར་གྱུར་པ་དེའི་ཚེ་འགྲོ་མགྱོགས་ལ་སོགས་པ་རྣམས་ཀྱིས་བྱའོ་ཞེས་བྱ་བ་ནི། འགྲོ་མགྱོགས་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེར་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་འགྲོ་བའི་བྱ་བ་གསུངས་པ། བུད་མེད་དེ་རྣམས་ཀྱི་བསམ་པའི་ཁྱད་པར་གོ་བར ་བྱ་བ་ལ་དེའི་ཡིད་ཀྱི་སྦྱོར་བར་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་སྦྱོར་བ་ནི་ཤིང་ལས་བྱས་པའི་རྡོ་རྗེའོ། །སོ་སོ་སོ་སོར་བྱ་བ་ཞེས་བྱ་བ་ནི། རྩ་སོ་སོ་སྟེ་གང་ཟག་གོ། གཅིག་དང་གཉིས་དང་མང་པོའི་དོན་རྣམས་ལ་ཞེས་བྱ་བ་ནི། །ཅིག་དང་གཉིས་དང་སུམ ་འགྱུར་དུ་གཞུག་པར་བྱ་བའི་དོན་རྣམས་ལའོ། །སྦྲིན་བཅིངས་ལ་ཞེས་བྱ་བ་ནི། བཅུད་དང་སྤྲིན་བཅིང་བ་ལྷག་པར་ཡང་འབྲས་བུ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །བཅུད་ཆེན་པོའི་ཤིང་ཞེས་བྱ་བ་ནི་བཅུད་དེ་ཉིད་ཤིང་དུ་གྱུར་པའོ་ཞེས་བྱ་བར་དགོངས་པའོ། །ཐཾ་ཅད ་ཉེ་བར་དགོད་པའི་ལམ་གྱིས་ཤེས་བྱ་བ་ནི། ཉེ་བའི་ལོངས་སྤྱོད་ཐམས་ཅད་རྗེས་སུ་བཙལ་བས་གང་གི་བཅུད་ཀྱི་ཤིང་རྫོགས་པ་དེའོ། །བྱེད་པ་ནི་གཞན་གྱི་དོན་གྱིའོ། །ལོངས་སྤྱོད་ནི་རང་གི་དོན་གྱིའོ། །རྒྱ་མཚོ་ལྟར་ཞེས་བྱ་བ་དེ་ནི་བཅུད་ཀྱི་ཤིང་ངོ། །འོ་མའི་མཚོ་ལྟ ་བུར་ལྷ་ཡིས་བསྲུབས་པ་སྟེ། ཇི་ལྟར་?་བསྲུབས་བ་ལས་བདུད་རྩི་དང། པ་རི་ཛཱ་ཏ་དང། ལ་ཀྵི་ལ་སོགས་པ་ཉེ་བའི་ལོངས་སྤྱོད་ཆེན་པོ་བྱེད་པའི་རྫས་སྐྱེས་པ། དེ་བཞིན་དུ་བཅུད་བསྲུབ་པ་ལ་བཞུ་བ་ལ་སོགས་པས་བསྒྲུབས་པས་བཅུད་གྲུབ་པ་ནི། སུམ་ཅུ་རྩ ་གསུམ་པའི་བདག་པའི་མདུན་ནས་པཱ་རི་ཛཱ་འང་བླང་བར་ནུས་སོ། །སྟོབས་ལྡན་མ་གཟུང་བའི་གནས་ཞེས་བྱ་བ་ནི། ཡན་ལག་ཅན་ནུས་པའོ། །གཟུང་བ་ནི་བདག་གིར་བྱེད་བའོ། །རྫུ་འཕྲུལ་གྱི་ཆ་ཞེས་བྱ་བ་ལ། རྫུ་འཕྲུལ་ནི་ནམ་མཁའ་ལ ་སོགས་པར་འགྲོ་བའོ། །དེའི་དོན་དུ་ཆ་ནི་སྨན་གྱི་ཁུ་བ་ལ་སོགས་པའི་ཆའོ། །རྫས་ཀྱི་ཟད་པའི་བཅུད་ཀྱི་མཚན་ཉིད་ནི་རྨ་བྱ་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། རྨ་བྱའི་རྣམ་པ་དང། སྦྲུལ་གྱི་རྣམ་པ་དང། སྦལ་པ་དང་ཆུ་འཛིན་གྱི་འགྲོ་བ་ཞེས་བྱ་བ་ནི། འགྲོ ་བ་ཡིན་ནོ། །སཱ་ལུའི་དྲི་འདོད་པ་དང་ཞེས་བྱ་བ་ནི། སཱ་ལུ་སས་སྐྱེས་པའི་དྲིའོ། །ཆང་ནི་ཆེན་པོ་ཞེས་བྱ་བ་སྟེ་དྲི་ཞིམ་པའོ། །གཉིས་ཀྱི་ཆ་དང། གསུམ་གྱི་ཆ་ཞེས་བྱ་བ་ནི། གཞན་རྣམས་ལས་གཉིས་ཀྱི་ཆ་ལ་སོགས་པས་གང་གི་རོ་སྨད་དུ་གྱུར་བ་དེ། ་གཞན་དུ་སྐྱོན་བརྒྱད་ཅུ་ཞེས་བྱ་བ་ནི། གཞན་དུ་བརྒྱད་ཅུ་ཞེས་བྱ་བའི་གྲངས་སྤྲིན་གྱི་སྐྱོན་རྟོགས་ནས་སྔོན་པོ་ཉིད་བཅུད་བཟའ་བར་བྱ་བའི་ཆོ་ག་ལ་ནམ་མཁའ་གཟུང་ཞེས་པར་དགོངས་པའོ། །བརྒྱད་ཅུ་ཞེས་བྱ་བ་ནི། མང་པོར་མཚོན་པ་སྟེ་ལྷག་མ་ནི་གོ་སླའོ། །འདི ་ལྟར་ཡང་འདི་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་བ་ནི་རིམ་པས་འཆད་པར་འགྱུར་བ་ཉིད་དོ། །བཅུད་ཀྱིས་ལེན་གྱི་ཆོ་ག་བརྗོད་པར་བྱེད་པ་སྟེ་ལེའུ་བཅུ་བདུན་པའོ།། །།འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་བདུན ་པའོ།། །།འདུལ་གཏན་ལ་ཕབ་པའི་ལེའུ་གསུངས་པ།། །།དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །གང་གི་ཕྱིར་རྣལ་འབྱོར་མ་རྣམས་ལ་གསོལ་བ་བཏབ་པ་དེའི་བྱིར་གཏན་ལ་བབ་པ་ར་བཤད་བྱ་ཞེ་བྱ་བ་དང་སྦྱར་?་བྱའོ ་སྦས་བ་ཞེས་བྱ་བ་ནི་གསང་བྱའོ། །གང་དུ་ཞེ་ན། རྒྱུད་རྣམས་སུ་ཞེས་བྱ་བ་གསུངS་ཏེ། རྒྱུད་གཞན་རྣམས་སུའོ། །ཆོ་ག་འདི་ནི་ཞེས་བྱ་བ་ནི་།གཏོར་མ་དང་མཆོད་བའི་ཆོ་ག་སྟེ། དེ་བཤད་ཀྱིས་བྱ་བ་དང་འབྲེལ་ཏོ། །ཅི་དང་འདྲ་ཞེ་ན། བསྒྲུབ་པ་པོ་ཞེས་བྱ་བ ་གསུངས་ཏེ། མངོན་པར་འདོད་པ་སྒྲུབ་པའི་ཕྱིར། དེ་ལྟར་གསུངས་སོ། །འདི་ལྟར་ཡང་མཉམ་པར་སྦྱོར་བ་ནི་འདུ་བཱི་གནས་རེ་ཞིག་ཉོན་ཅིག་པའོ། །སྡོམ་པའི་མཆོག་ཏུ་ཞེས་བྱ་བ་ནི། སྡོམ་པའི་རྒྱུད་ཕྱི་མ་རྣམས་ཏེ། ཡང་དག་པར་སྦྱོར་བ་དང། ཀུན་ཏུ་སྤྱོད་པ་ལ་སོགས ་པ་རྣམས་སོ། །ཡང་ན་སྡོམ་པའི་མཆོག་ནི་སྡོམ་པའི་མཆོག་ཁོ་ན་སྟེ། མང་པོའི་ཚིག་ནི་གུས་པའི་ཕྱིར་རོ། །གནས་སོགས་དང་མཁའ་འགྲོ་མས་ཞེས་བྱ་བ་ནི། གནས་དང་ཉེ་བའི་གནས་ལ་སོགས་པར་གང་ཞིག་མཁའ་འགྲོ་མ་དེ་རྣམས་སོ། །ཀུན་ཁྱབ་མ་ཞེས་བྱ་བ་ནི། ་ཐམས་ཅད་དུ་ཁྱབ་པར་བྱེད་མ་རྣམས་སོ། །ཡུལ་དང་ཡུལ་དུ་ཞེས་བྱ་བ་ནི། ལུལླི?་ར་ལ་སོགས་པའི་ཡུལ་ལའོ། །རང་གི་སྐྱེ་གནས་ཞེས་བྱ་བ་ནི། གྲམ་ཟེ་ལ་སོགས་པའི་སྐྱེ་གནས་རྣམས་ལའོ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཉིད་ཅེས་བྱ་བ་ལ་སོགས་པ་ནི། ཐུགས ་ལ་སོགས་པའི་འཁོར་ལོ་ལ་གནས་པ་རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་ནས་རྣལ་འབྱོར་མ་དྲུག་གི་རིགས་ལས་བྱུང་བའོ། །ཀུ་ལུ་ཏཱི་ལ་སོགས་པར་གནས་པ་ཞེས་བྱ་བ་ནི། དྲུག་ཅེས་བྱ་བ་ལ་སོགས ་ལ་གསུངས་པའོ། །སྒྲུབ་པ་པོ་ཞེས་བྱ་བ་ནི། དེ་ནི་རྣལ་འབྱོར་མ་སྒྲུབ་པ་པོས་ཤེས་པར་བྱ་བར་རིགས་པས་ཤེས་པར་བྱའོ། །ཀླ་ཀློའི་སྐད་གྱིས་གསུངས་པ་ཉིད་ཅེས་བྱ་བ་ནི། དེ་རྣམས་ཀྱི་བརྡའི་སྐད་ཀྱི་གསུངས་སོ་ཞེས་བྱ་བའི་དོན་ཏོ། །མ་མོ་ཞེS་བྱ་བ་ནི་ཕག་མོའི ་རིགས་ལས་བྱུང་བའོ། །རིགས་ཀྱི་གཙོ་མོ་ཞེས་བྱ་བ་ནི། འགྲོ་བྱེད་མའི་རིགས་ལས་བྱུང་བདག་གོ། རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི་རྨོངས་བྱེད་མའི་རིགས་ལས་བྱུང་བ་དག་གོ། བྱས་བཅས་མ་ཞེས་བྱ་བ་ནི?། སྐྱོད་བྱེད་མའི་རིགས་ལས་བྱུང་བདག་གོ། བུ་མོ་གང ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ་ཞེས་བྱ་བ་ནི། སྐྲག་བྱེད་མའི་རིགས་ལས་བྱུང་བ་དག་གོ། རྟུལ་ཞུགས་འཛིན་མ་ཤ་ཟ་མ་ཞེས་བྱ་བ་ནི། གཏུམ་བྱེད་མའི་རིགས་ལས་བྱུང་བ་དག་གོ་།སྦོམ་པོའི་དབང་ཕྱུག་ཉིད་དུ་དུམ་སྐྱེས་མ་ཞེས་བྱ་བ་ནི། ཡང་རྡོ ་རྗེ་ཕག་མོ་རིགས་ལས་བྱུང་བདག་གོ། གདོལ་བ་ལས་སྐྱེས་བུད་མེད་རྣམས་ཞེས་བྱ་བ་ནི། འགྲོ་བྱེད་མའི་རིགས་ལས་བྱུང་བ་དགེ་གོ། བུ་མོ་ཆེན་མོ་རྣམས་ཞེས་བྱ་བ་ནི་རྨོངས་?་མའི་? ་བྱུང་བ་དག་གོ། གང་ཞིག་བུ་མོ་རྣམས་སུ་བརྗོད་ཅེས་བྱ་བ་ནི། སྐྱོད་བྱེད་མའི་རིགས་ལས་བྱུང་བདག་གོ། མཁའ་འགྲོ་དམ་པའི་དབང་བྱུག་མ་ཞེས་བྱ་བ་ནི། སྐྲག་བྱེད་མའི་རིགས་ལས་བྱུང་བདག་གོ་།དེ་བཞིན་དུ་ཞེས་བྱ་བ་ནི། གཏུམ་བྱེད་པའི་རི? ་ལས་བྱུང་བདག་གོ། པན?་ཙ་ལའི་ཡུལ་དག་དང་ཞེས་བྱ་བ་ནི། མཱ་ལ་བེའོ། །གང་བའི་རི་ཞེས་བྱ་བ་ནི། དུ་?་ར་མ་ལ་ཡའོ། །ཡང་རྣམ་པར་དབྱེ་བར་བྱ་སྟེ། ཀུ་ལུ་ཧཱ་དང། མྱ་ངམ་དང། ཡི་དགས་ཀྱི་གྲོང་དང་ཏྲི་ཤ་ཀུ་ནེ་རྣམས་ལ་ཕག་མོའི་རིགས ་ལས་བྱུང་བ་རྣམས་སོ། །སིནདུ་དང་ནག་ར་དང། གང་བའི་རི་དང། འབར་བ་འཛིན་པ་རྣམས་ལ་ནི། འགྲོ་བྱེད་མའི་རིགས་ལས་བྱུང་བ་རྣམས་སོ། །ལམ་པཱ་ཀ་དང། ཟླ་བའི་ཡུལ་འཁོར་དང། ཨོ་དྲེ་དཔའ་འདོད་པའི་གཟུགས་རྣམས་ལ་རྨོངས་བྱེད་མའི་རིགས་ལས ་བྱུང་བ་རྣམས་སོ། །ཁ་?་རི་དང་ཀཱཉྩི་དང། ལྷ་མོའི་མཁར་དང། དགའ་བའི་དབང་ཕྱུག་རྣམས་ལ་སྐྱོད་བྱེད་མའི་རིགས་ལས་བྱུང་བ་རྣམས་སོ། །པན་ཙ་ལ་དང། ཁྱིམ་གྱི་ལྷ་དང། བའི་མཆོག་སྦྱིན་དང། ཨརྦུ་?་རྣམས་པ་སྐྲག་བྱེད་མའི་རིགས་ལས་བྱུང་བ་རྣམས ་སོ། །ཀ་ལིངྒ་དང། ཀོ་ས་ལ་དང། གསེར་གླིང་དང། ཨུ་ཌཡན་རྣམས་ལ་གཏུམ་བྱེད་མའི་རིགས་ལས་བྱུང་བ་རྣམས་སོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡུལ་འདི་རྣམས་སུ་བུ་མོ་གང་ཞེས་བྱ་བ་ནི། བུས་ཐམས་ཅད་དུ་ལོའི་ཚད་མེད་པའི་ཕྱིར་རོ།། ་དཔའ་བོ་དང་ནི་གཉིས་མེད་ཁྱབ་ཅེས་བྱ་བ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དང། དཔའ་པོ་གཉིས་སུ་མེད་པར་ཁྱབ་པའི་ཕྱིར། དཔའ་བོ་དང་ནི་གཉིས་མེད་ཁྱབ་ཅེས་བྱ་བ་ནི། དང་པོའི་མང་པོའི་ཚིག་ཕྱིས་པའོ། །འཁོར་ལོ་གསུམ་དུ་བསྒྱུར་བའི་ཉི་ཤུ་རྩ་བཞི ་ཐབས་དང་བཅས་པའི་དོན་ཏེ། འདིས་ནི་ཕྱི་དང་ནང་གི་ཡུལ་རྣམས་ལ། རྣལ་འབྱོར་མ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་གི་རིགས་ལས་བྱུང་བའི་ཐབས་དང་བཅས་པའི་ཉི་ཤུ་རྩ་བཞིའོ། །འདི་ལྟར་ཡང་པུལླ?་??་ར་མ་ལ?་དང། འབར་པ་འཛིན་པ་དང ་ཨུ་རྒྱན་དང། ཨར་བུ་དང། བའི་མཆོག་སྦྱིན་དང། དགའ་བའི་དབང་ཕྱུག་དང། ལྷ་མོའི་འཁར་དང། མཱ་ལ་བ་དང། འདོད་པའི་གཟུགས་དང། ཨོ་ཊེ་དང། ཏྲི་ཤ་ཀུ་ནེ་དང། ཀོ་ཤ་ལ་དང། ཀ་ལིངྒ་དང། ལམ་བ་ཀཱ་དང། ཀཉྩི་དང། ཁ་བའི་གནས་དང། ཡེ་ཤེས ་དགས་ཀྱི་གྲོང་དང། ཁྱིམ་གྱི་ལྷ་དང། ཟླ་བའི་ཡུལ་འཁོར་དང། གསེར་གླིང་དང། ནག་ར?་དང། སིནདུ་དང། མྱ་དམ་དང། ཀུ་ལུ་ཏཱ་རྣམས་སོ། །འཁོར་ལོ་གསུམ་གྱི་རིམ་པས་ཡང་བལྟ་བར་བྱའོ། །རབ་གཏུམ་མ་དང་གཏུམ་མིག་མ་དག་ནི་ཕག་མོའི་རིགས་ལས་བྱུང?་བདག་གོ། ་ཆད་འཚོང་མ་དང། འཁོར་ལོའི་གོ་ཆམ་དང་ནི། རྨོངས་བྱེད་མ་དང་གཏུམ་བྱེད་མའི་རིགས་ལས་བྱུང་བ་དག་གོ། དཔའ་བོའི་བློ་གྲོས་མ་དང། མི་ཐུང་མ་དག་ནི་སྒྲག་བྱེད་མ་དང་སྐྱོང་བྱེད་མའི་རིགས་ལས་བྱུང་བ་དག་གོ། ལང་ཀའི་དབང་ཕྱུག་མ་དང་ཤིང་བྲིས་?། ། ་སྐྱོང་བྱེད་མ་དང་སྐྲག་བྱེད་མའི་རིགས་ལས་བྱུང་བ་དག་གོ། ས་སྲུངས་མ་དང། འཇིགS་བྱེད་ཆེན་མོ་ནི། རྨོངས་བྱེད་མའི་རིགས་ལས་བྱུང་བ་དག་གོ། རླུང་གི་ཤུགས་མ་དང་ཆང་འཐུང་མ་ནི། ཕག་མོ་དང་གཏུམ་བྱེད་མའི་རིགས་ལས་བྱུང་བ་དག་གོ། ལྷ་མོ་སྔོ་? ་དང། ཤིན་ཏུ་བཟང་མོ་ནི་གཏུམ?་བྱེད་མ་དང། རྨོངས་བྱེད་མའི་རིགས་ལས་བྱུང་བ་དག་གོ། རྟ་རྣམ་དང། མཁའ་འགྲོའི་གདོང་མ་ནི་སྐྱོང་བྱེད་མའི་རིགས་ལས་བྱུང་བ་དག་གོ། འཁོར་ལོའི་ཤུགས་མ་དང། དུམ་སྐྱེས་མ་ནི་ཕག་མོ་དང་སྐྲག་བྱེད་མའི་རིགས་ལས་བྱུང་བ ་དག་གོ། ཆང་འཚོད་མ་དང་འཁོར་ལོའི་གོ་ཆ་དག་ནི། རྨོངས་བྱེད་མ་དང་གཏུམ་བྱེད་མའི་རིགས་ལས་?་བདག་གོ། ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མ་ནི་འགྲོ་བྱེད་མའི་རིགས་ལས་བྱུང་བ་དག་གོ། འཁོར་ལོ་སྒྱུར་མ་དང། བརྩོན་ཆེན་མ་ནི་ཕག་མོའི་རིགས ་ལས་བྱུང་བ་དག་གོ། འདི་རྣམས་ནི་རྣལ་འབྱོར་མ་དྲུག་པོ་རྣམས་ཀྱི་རབ་གཏུམ་མ་ལ་སོགས་པའི་རིགས་རྣམས་ལ་ཀུན་ཏུ་སྤྱོད་མ་རྣམས་སོ། །འདོད་པའི་གཟུགས་ཅན་ཞེས་བྱ་བ་ནི་བཞེད་པའི་གཟུགས་འཛིན་བའོ། །དེ་ཉིད་ཀྱི ་ཕྱིར་དང་ཡིད་མགྱོགས་ཤེས་བྱ་བ་ནི། ཡིད་ཀྱིས་མགྱོགས་མ་ནི་གང་དག་གི་ཡིད་ཀྱིས་འགྲོ་བ་སྟེ་དེ་དེ་བཞིན་ནོ། །མྱ་ངན་འདས་ཕྱིར་རོ་ཞེས་བྱ་བ་ནི། འཁོར་བ་ཉིད་མྱ་ངན་འདས་པའི་ངོ་བོ་སྟེ། ལྷག་མ་ནི་གོ་སླའོ། །རྣལ་འབྱོར་ལྔ་དེ་ཉིད་ཆེ། ལས་རྣམས་ཐམས ་ཅད་རབ་བསྒྲུབ་མ་ཞེས་བྱ་བ་ནི། རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ལྔ་རྣམས་ཉིད་དོ། །དེ་ཉིད་ཆེ་ཞེས་བྱ་བ་ནི། ཤིན་ཏུ་རྣམ་པར་དག་པ་ལ་སོགས་པའི་ཡེ་ཤེས་སོ། །དེས་ན་ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི། ཞི་བ་ལ་སོགས་པ་རྣམས་སོ། །སྒྲུབ་པར་བྱེད ་པ་ནི་དེ་བཞིན་དུ། དྲག་པོ་ནག་པོ་ལ་སོགས་པ་འདི་ངག་རྣམ་པར་བསྒོམས་ནས་དགག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་དཀྱིལ་འཁོར་རྒྱལ་མོ་ཆེ། རྡོ་རྗེ་དབང་ཕྱུག་གཙོ ་ཞེས་བྱ་བ་ནི། དཔའ་བོ་དང་སྙོམས་པར་ཞུགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའོ། །གཙོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་བདག་པོ་བྱས་ནས་གཏོར་མ་བྱིན་ནོ་ཞེས་བྱ་བར་དགོངས་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས ་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་ནི་རྡུལ་བྲལ་ཏེ་རྡུལ་ནི་ཉོན་མོངས་པའི་རྡུལ་ཉེ་བར་སྤངས་པའི་ཕྱིར་རོ། །རྣལ་འབྱོར་ཞེ་བྱ་བ་ནི། དེ་ཉིད་དང་སྦྱོར་བའོ། །སྟོང་པ་ཉིད་ཅེས་བྱ་བ་ཡང་གཟུང་བ་ལ་སོགས་པ་སྟོང་པ་ཉིད་ཀྱི ་ཕྱིར་རོ། །འདིར་ཡང་དཀྱིལ་འཁོར་ལ་སོགས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོའི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །འདི་དགུག་པའི་སྔགས་གསུངས་པ་ནི། ཨོཾ་ཀཀྐ་ཞེས་བྱ་བ་ལ་སོགས་པའོ། །འདིས ་ནི་འདི་བརྗོད་དེ། ལྷའི་ཉིད་ཀྱི་རྣལ་འབྱོར་པས་ཙན་དན་གྱི་དཀྱིལ་འཁོར་གྲུ་གསུམ་པ་ལ་སོགས་པའི་དབུས་སུ་འཇིག་རྟེན་སྐྱོབ་པ་ལ་སོགས་པ་བལྟས་ནས་གཏོར་མའི་སྣོད་དུ་རྫས་ཐམས་ཅད་བླུག་པ་ལ་སོགས་པ་བཞག་པ་རྣམས་དང། བདུད་རྩི་ལྔ ་དང་ལྷན་ཅིག་ཏུ་ཆ་གཉིས་སུ་བྱས་ནས་གཡོན་པའི་ཆ་རང་གི་ལྷའི་ཞལ་དུ་རང་གི་ལྕེས་དབུལ་བར་བྱའོ། །གཡས་པ་ནི་དྲག་པོ་ནག་པོ་ལ་སོགས་པའི་ཁ་རུ་ཡང་ངོ། །ོཾ་བྷཀྵ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔགས་སོ། །དེ་ཉིད་ནི། བདུད་རྩི་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ནི། ཧ་ཧོ(རྒྱུད་འགྲེལ་མ་བསྒོམས་ན་ཞེས་བྱ་བ་ནི། ཕྱི་རོལ་དང་ནང་གི་ལྷ་རྣམས་བསྒོམས་ནས། འཐོར་འཐུང་བྱའོ་ཞེས་བྱ་བར་དགོངས་པའོ། །ཇི་བཞིན་ལས་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་ལས་རྣམས་ལ། གཏོར་མ་འདི་ཆོགས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར ་ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་འདིར་ལས་ཀྱི་ཕྱག་རྒྱ་ཐམས་ཅད་དུ་མངོན་པར་འདོད་དོ། །འདི་ལྟར་ཡང་ཙན་དན་དམར་པོས་དཀྱིལ་འཁོར་གྲུ་གསུམ་པ་ཉེ་བར་བྱུགས་ནས། དེའི་དབུས་སུ་དཀྱིལ་འཁོར་ཟླུམ་པའོ། །དེའི་དབུས་སུ་ཡང ་དཀྱིལ་འཁོར་རེ་མིག་དགུ་པའོ། །དེའི་དབང་ལྡན་གྱི་རེ་མིག་ལ་དྲག་པོ་ནག་པོ་ནག་པོ་གླང་ལ་ཞོན་ཅིང་ཕྱག་གཉིས་ཀྱི་ཐོད་པ་དང་རྩེ་གསུམ་པ་འཛིན་པ་དཀར་པོའོ། །ཤར་དུ་དྲག་པོ་ཆེན་པོ་གླང་པོ་ཆེ་ལ་ཞོན་ཞིང་སེར་པོ་རྡོ་རྗེ་འཛིན་ཅིང་གླང་པོའི་མགོའི ་?་ལག་པ་གཞན་བཞག་པའོ། །མེ་ལ་ལྟས་བྱིན་དམར་པོ། །བསྐྱེས་ལ་ཞོན་པ་གསལ་པའི་ཕྱག་གཉིས་ཀྱིས་ནི་བླུགས་གཟར་དང་དབྱུ་གུ་གསུམ་པ་འཛིན་པ། ཕྱག་གཡོན་པ་གཉིས་ཀྱིས་ནི། བ་དན་གསུམ་པ་དང་རིལ་བ་སྤྱི་བླུགས་འཛིན ་པའོ། །ལྷོ་ལ་ནི་ནག་པོ་ཁ་དོག་ནག་པོ་མ་ཧེ་ལ་ཞོན་པ་དབྱིག་པ་དང་མདུད་རྩེ་འཛིན་པའོ། །བདེན་བྲལ་དུ་གཙིགས་པ་སྔོན་པོ་རོ་ལ་ཞོན་པ་སྒྲ་སེར་པོ་གྱེན་དུ་དང། རལ་གྲི་དང་ཕུབ་འཛིན་པའོ། །ཆུ་བདག་ཏུ་དང་པོ་སྐྱེ་བོ་ཆུ་སྲིན་ལ་ཞོན ་པ་སྦྲུལ་མགོ་གྲངས་བདུན་པ་ཞགས་པ་འཛིན་པའོ། །རླུང་དུ་རྒ་བ་ལ་འདས་པ་རི་དགས་ལ་ཞོན་པ་ལག་པ་གཉིས་ཀྱིས་རླུང་གི་གོས་འཛིན་པའོ། །ལུས་ངན་པོར་ལོག་པར་འདྲེན་པ་སེར་པོ། །སྐྱེས་བུ་ལ་ཞོན་པ?་ལྕགས་ཀྱུ་དང་གེ་ཏཱ?་འཛིན་པའོ། །འདི ་རྣམས་ནི་རལ་པ་འཛིན་པའོ། །རྒྱན་ཐམས་ཅད་དང། རང་དང་མཚུངས་པའི་ཆུད་མ་ཅན་ཐལ་མོ་སྦྱར་ཅིང། གཞན་པའི་ཕྱག་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་པའོ། །གཏུམ་མགོ་མོ་ལ་སོགས་པ་ནི། དྲག་པོ་ནག་པོ་ལྟ་བུའོ། །རྣམ་པར་རྒྱལ་མ ་ལ་སོགས་པ་དྲག་པོ་ཆེན་པོ་ལྟ་བུའོ། །ནག་མོ་ཆེན་མོ་ལ་སོགས་པ་ལྷས་བྱིན་ལྟ་བུའོ། །འཇིགས་མ་ལ་སོགས་པ་ནི་ནག་པོ་ལྟ་བུའོ། །གཡོ་ལྡན་མ་ལ་སོགས་པ་ནི་གཙིགས་པ་ལྟ་བུའོ། །གཟུགས་ཆེན་མ་ལ་སོགས་པ་ནི་དམ་པ་ལྟ་བུའོ། །ཐོད་པའི་ཕྲེང་བ་ལ ་སོགས་པ་རྣམས་ནི་རྒ་བ་ལས་འདས་པ་ལྟ་བུའོ། །རལ་གྲི་ལག་པ་མ་ལ་སོགས་པ་ནི། ལོག་པར་འདྲེན་པ་ལྟ་བུའོ། །མཆེ་བ་མ་དང་གཙིགས་མ་དང། འཁྱུང་མ་དང། ཁཊཝཱཾ་གའི་ལག་པ་མ་དང། རལ་གྲིའི་ལག་པ་མ་དང། དགྲ་སྟའི་ལག་པ་མ་དང། རྡོ་རྗེའི ་ལག་པ་མ་དང། གཞུའི་ལག་པ་མ་སྟེ་རེ་རེའི་ཕྱག་གིས་བདག་པོའི་མཚན་མ་བོར་ལ་རང་གི་མིང་གི་མཚན་མ་འཛིན་པར་བྱེད་ཅིང། འཁྱུད་པ་ནི་ལག་པ་གཉིས་ཀྱིས་འཁྱུད་པའི་ཕྱག་རྒྱ་དང་ལྡན་པ་སྟེ། ལྷག་མའི་ཕྱག་གིས་གཙོ་བོའི་མཚན་མ་འཛིན ་པའོ། །གལ་ཏེ་ཡང་གཏུམ་མགོ་མ་ལ་སོགས་པ་རྣམས་ཀྱི་ཁ་དོག་ལ་སོགས་པ་འདིར་གཟུངས་ཀྱི་དཀྱིལ་འཁོར་ལ་བསྔགས་པ། དེའི་ཚེ་འདིར་གཏོར་མ་སྦྱིན་པའི་གནས་སྐབས་སུ་མདོན་པར་མི་འདོད་དོ། །གཏུམ་མགོ་མ་ལ་སོགས་པའི་རྣལ་འབྱོར་མ ་བཞི་བཞི་དྲག་པོ་ནག་པོ་ལ་སོགས་པ་རྣམས་ཀྱི་གོ་རིམས་བཞིན་དུ་སོ་སོའི་འཁོར་དུ་གྱུར་པར་བསྒོམ་པར་བྱའོ། །ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། རང་འདོད་ལྔ་ནི་མཉེས་པར་བྱ། ཞེས་བྱ་བ་ནི། དེའི་དཀྱིལ་འཁོར་གྱི་དབུས་ཀྱི་རེ་མིག་ལ། དཀྱིལ་འཁོར ་པ་དང་བཅས་པའི་རྡོ་རྗེ་མཁའ་འགྲོ་དང་གཞན་པ་བསམས་ནས་མཉེས་པར་བྱའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་རྣམ་པར་དག་པའོ། །ལྕགས་ཀྱུ་ནི། གུ་ཀུ་ད་ཧ་ན་སྟེ། དེ་རྣམས་ཀྱི་དབྱེ་བས་བདུད་ཀྱི་ལྔ་དང། ལྷན་ཅིག་གཏོར་མ་བཞག? ་པས་སོ?། །ལྔ་ནི་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་མཚན་ཉིད་དང། དྲག་པོ་ནག་པོ་ལ་སོགས་པའི་གཟུགས་འཇིག་རྟེན་པ་གོང་དུ་གསུངས་པའི་རིམ་པས་འཐོར་འབྲུང?་བྱའོ། །རོ་ལངས་གྱི་བསྒྲུབ་པ་གསུངས་པ། ཤྲཱ་པ་བསྒྲུབ་པ་ཞེས་བྱ་བ?་ལཱ ་སོགས་པའོ། །ཤ་ཟད་ཅེས་བྱ་བ་ལ་སོགས་པ་ནི། མཚོན་ཆ་མང་པོས་བསྡུན་པ་ལ་སོགས་པས་ན་བའོ། །ལོ་ཡིས་ཟད་པ་ཞེས་བྱ་བ་ནི། ?་པའོ། །གཡན་པ་མཛ?་སོགས་ཞེས་བྱ་བ་ལ། གཡན་པ་ནི་?་དུག་གོ། གཡན་པ་དང་མཛེ་ལ་སོགས་པའི ་?་པ་ལས། གཡན་པ་མཛེ་ལ་སོགས་པའོ། །དེ་ལྟ་བུའི་རོའི་ལུས་དང་པོར་སྒྲུབ་པ་པོས་སྤང་བར་བྱའོ། །ཞེས་བྱ་བར་དགོངས་པའོ། །ལྷག་མ་ནི་གོ་སླའོ། །འདིར་སྔགས་ནི། ཧཱ་ཧཱ་ཞེས་བྱ་བ་ལ་སོགས་པ་རྒོད་པའི་སྔགས་སོ། །ས་བོན་ཞེས་བྱ་བའི ་ཧའོ?། །མེ་ནི་རའོ། །གནས་མེད་ནི་ཡའོ། །སྤྱི་གཙུག་སྦྱར་བར་བྱས་ནས་ནི་ཞེས་བྱ་བ་ནི། དེའི་སྟེང་དུ་ཟླ་བ་ཕྱེད་པ་དང་ཐིག་ལེ་སྦྱིན་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་ནས་ཧྲཡཾ་ཞེས་བྱའོ། །འདིའི་ས་བོན་རྫོགས་པ་ལས་ཤིན་ཏུ་རྣམ་པར་དག་པའི་གཟུགས་སུ ་?་བལྟ་བར་བྱའོ་ཞེས་བྱ་བར་དགོངས་པའོ། །མཆོད་པར་བྱ་ཞེས་བྱ་བ་ནི། མི་ཏོག་དང་བདུག་པ་ལ་སོགས་པས་མཆོད་པར་བྱས་ཤེས་བྱ་བའི་དོན་ཏོ། །སྐྱེས་གནས་དབུས་སུ་དགོང་བྱ་ཞིང། ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སུ་ཧྲུཾ་གིས་བོན་ཛོགས་པ ་ག?་གོ་བསྒོམས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ་།མྱར་དུ་ཞེས་བྱ་བ་ནི། ཡུད་ཙམ་མོ། །བདག་ཉིད་ལ་སོགས་པས་ནི། ལྷའི་རྣལ་འབྱོར་རྟོགས་པར་བྱའོ། །གནས་ནི་དབྱེན་པ་དང་དུར་ཁྲོད་ལ་སོགས་པའི་ཕྱོགS ་ཅིག་གོ། འདུ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་སྟེ། དེའི་གང་དུ་གཏན་ལ་དབབ་པ་དེ་ནི་དེ་བཞིན་ནོ། །སྒྲུབ་ཐབས་ཞེས་བྱ་བ་རོ་ལངས་ཀྱི་སྒྲུབ་ཐབས་སོ། །དེའི་ཆོ་ག་ནི་ཆུ་བཟང་པོས་ཁྲུས་ལ་སོགས་པ་སྟེ། དེ་རྗོད་པར་བྱེད་བྱའི་ལེའུ་བཅོ་བརྒྱད་པའོ། །། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅོ་བརྒྱད་པའོ།། །།གྲུབ་པ་འདུ་བའི་གནས་དེ་དང་དེ་རྣམས་སུ་གཏོར་མ་སྔོན་དུ་བྱིན་ལ། མཁའ་འགྲོ་མ་བསྒྲུབ་པར་བབ?། དེའི་བསྒྲུབ་པའི་།རླུང་དུ་བ་དན་བླབ་བླབ་ཟེར་བ་དང་ཁ་དོག་ནག་པོའི་གཞུའོ། །ས་ལ ་སོགས་པ་གོ་རིམས་བཞིན་དུ་ལཾ་རཾ་བཾ་ཡཾ་ས་བོན་ལས་སྐྱེས་པའོ། །གང་རྣམས་ཀྱི་ས་བོན་འདིར་མ་གསུངས་པ་དེ་རྣམས་ཀྱི་རྗེས་ཀྱི་དབྱངས་དང་བཅས་པ་རང་གི་མིང་གི་དང་པོའི་ཡི་གེའི། ས་བོན་ལས་སྐྱེས་པར་བལྟ་བར་བྱའོ། །རྣལ་ཚོན་གྱི་དཀྱིལ་འཁོར་དུ ་སྤྲུལ་པ་འམ། བྲིས་སྐུར་འགྲོ་བའི་ལྷའི་དབྱིབས་ཀྱི་རྣམ་པ་བྲི་བ་དང། ཡང་རང་རང་གི་ས་བོན་ལས་བསྐྱེད་པ་བསྒོམ་པ་སྟེ། བསམ་གཏན་ལ་སོ་སོར་ས་བོན་རྣམས་ལ་འདི་རྣམས་རྫོགས་པའོ། །དབང་ལྡན་དུ་ནི་གླང་ཞོན?་པ་ཞེས་བྱ་བ་ནི་མོའི་རྟགས་སུ་བསྟན་པས་དབང ་ལྡན་ལ་སོགས་པའི་ལུས་ལ་ལྟོས་ནས་གསུངས་པའོ། །དབང་པོར་ཞེས་བྱ་བ་ནི་དབང་པོའི་ཕྱོགས་སམ་དབང་པོའི་ལུས་ཏེ། དྲུག་པའི་དོན་ལ་བཞི་བའོ། །ལུས་ངན་ཕྱིར་ནི་ཞེས་བྱ་བ་ནི་ནོར་བདག་ཏུའོ། །གཟའ་དང་རྒྱུ་སྐར་གོང་མ་བཞིན་ཞེས་བྱ་བ་ནི། ཉི་མ་དང་? ་གྱིས་སྤྱོད་པ་དང་སྒྲ་གཅན་འཛིན་དང། མཇུག་རིངས་རྣམས་ནི་ཉི་མ་ལ་ཞོན་པའོ། །རང་གི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་ནི། རང་གི་མིང་གི་ཡེ་གེ་དང་པོའི་ས་བོན་ལས་སྐྱེས་པ་རྣམས་ཏེ། སེམས་ཅན་གྱི་དོན་ནམ་རང་གི་དམ་ཚིག་སྟེ། དེའི་དོན་དུ་འདུ་བ་རྣམས་སོ། ་མ་མོ་རྣམས་ཀྱི་ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཀྱིའོ། །ཀུན་གྱི་མ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་སྐྱེས་པར་བྱེད་པའི་ཕྱིར་རོ། །དེ་ཅི་ཞེ་ན། འབྱུང་པོའི་རིགས་མ་ཞེས་བྱ་བ་གསུངས་ཏེ། འབྱུང་པོ་ནི་མི་མ་ཡིན་པ་སྟེ། དེ་རྣམས་ཀྱི་ཚར་གཅོད?་པའི་དོན་གྱི་རིག་མ ་ནི། འབྱུང་པོའི་རིག་མའོ། །རྣལ་འབྱོར་ལོངས་སྤྱོད་རྟག་དགའ་བས། །ཕོ་ཉ་ལས་ཞེས་བྱ་བ་ནི། ལོངས་སྤྱོད་ལ་ཆགས་པའི་རྣལ་འབྱོར་བས་ཕོ་ཉའི་བསྒྲུབ་པ་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་རྡོ་རྗེའི་ཆོ་ག་ཡིས་ཞེས་བྱ་བ་ནི། ཟླ་བ་ལ་སོགས་པ་ཡོངས་སུ་གྱུར ་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡང་བསྐྱོད་དོ་ཞེས་བྱ་བར་བརྙེགས་སོ། །ཐམས་ཅད་བྲམ་?་ལྟ་བུར་བྱེད་ཅེས་བྱ་བ་ནི། ཕོ་ཉ་ལ་སོགས་པའི་ཆོགས་གང་ཞིག་བྲན་ཁོར་ལྟ་བུར་དབང་དུ་བྱེད་པའོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི། རིགས་ཀྱི་གཅིག་གི་ཚིག་གོ། ་ཤར་ཞེས་བྱ་བ་ལ་སོགས་པས་ནི་དུར་ཁྲོད་ལ་སོགས་པར་ཤར་ལ་སོགས་པའི་ཕྱོགས་ཅིག་ཏུ་དཀྱིལ་འཁོར་བཞེངས་པའི་ཕྱིར་བསྟན་པ་འོ། །དྲུག་ཅེས་བྱ་བ་ནི་ཉིན་མོ་གསུམ་མམ་མཚན་མོ་གསུམ་ཞེས་བྱ་བ་ལན་དྲུག་ཏུ་མཆོད་པར་བྱའོ་ཞེས་བྱ་བར་བསྟན་ཏོ།། ་དྲུག་ཅེས་བྱ་བ་ནི་དྲུག་ཁོ་ན་སྟེ། མཆོད་པ་རྣམ་པ་དྲུག་ཅེས་བྱ་བའི་དོན་ཏོ། །དེ་དང་མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་དང། སྡིག་པ་བཤགS་པ་དང། བསོད་རྣམས་ལ་རྗེས་སུ་ཡི་རང་བ་དང། བསོད་ནམས་ཡོངས་སུ་སྔོ་བ་དང། གསོལ་པ་གདབ་པ་དང། དཀོན་མཆོག་གསུམ ་ལ་སྐྱབས་སུ་འགྲོ་བ་དང། ཞེས་བྱ་བ་དེ་ལྟ་བུར་རོའོ?། །བྱ་བ་ནི་ཞེས་བྱ་བ་ནི། བྱ་བ་རྣམས་སོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་ན་ཐག་ཏུའོ། །དེ་ཉིད་ཀྱི་ཕྱིར། མཆོད་པ་ཞེས་བྱ་བ་ལྟ་སོགས་པ་གསུངས་སོ། །མཆོད་བ་བྱས་ནས་ཅི་ཞིག་བྱ་ཞེ་ན། ཡང་དག་བརྩམ་ཞེས ་གསུངས་?་ཁི་སྒྲུབ་ཅེས་བྱ་བ་ནི་ལྟག་མའོ། དཀྱིལ་འཁོར་གྱི་མཚན་མ་ལ་སོགས་པ་དགོད་པ་ནི། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ། ཡོངས་སུ་བསྐོར་བར་བྱ་བ་གསུངས་ཏེ། པུལླིར་མ་ལ་?་དང་འབར་བ་འཛིན་པ་ལ་སོགས་པ་རྣམས་སུ། རབ་གཏུམ་དང་གཏུམ? ་མིག་ལ་སོགས་པའི་རིམ་པས་མཚན་མ་ལ་སོགས་པ་དགོད་པའོ། །དྲི་ཞེས་བྱ་བ་ལ་སོགས་པ་ནི། དྲི་དང་མེ་ཏོག་དང། མར་མེ་རྣམས་ཀྱི་ནི་ཉེ་བར་མཚན་པར་ཕྱིར་བདུག་པ་ལ་སོགས་པ་ཡང་གཟུང་ངོ། །དཔའ་བོའི་ཞེས་བྱ་བ་ནི། ་དཔའ་བོ་རྣམས་ཀྱི་དང་དཔའ་མོ་རྣམས་ཀྱི་མཆོད་པ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བྲི་བའི་དཀྱིལ་འཁོར་དུ་བྲི་བ་དང། བསྒོམ་པའི་དཀྱིལ་འཁོར་དུ་བསྒོམ་པའོ། །དྲི་ཡིས་ལྷན་ཅིག་ཅེས་བྱ་བ་ནི། དྲིའི་ཆུ་རྣམས་ཀྱིS་དཀྱིལ་འཁོར ་གྱིས་ལ་སོགས་པ་ལ་གཏོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྟག་ཅེས་བྱ་བ་ནི་འདི་ངེས་པར་བྱའོ་ཞེས་བྱ་བར་དགོངས་པའོ། །བུམ་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉིན་དང་མཚན་དུ་གནས་གྱུར་པས་ཞེས་བྱ་བ་ནི། དཀྱིལ་འཁོར་ལ་སོགས་པ་བསྒྲུབ ་པར་བྱ་བའོ། །མཚན་མོ་གཅིག་ལ་ལེགས་གསང་བས་ཞེས་བྱ་བ་ནི། མཚན་མོ་གཅིག་ལ་ལེགས་པར་གསང་ཞིང་བསམ་གཏན་ལ་སོགས་པས་ཕོ་ཉ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱལ་ལ་སོགས་པ་ཞེས་བྱ་བ་ནི། སྐྱར་མ་རྒྱལ་གྱིས་ཏེ། བྲི་སྐུ ་བརྩམ་པར་ཞེས་བྱ་བའི་དོན་ཏོ། །བཟོད་པ་གསོལ་བྱ་ཞེས་བྱ་བ་ནི། དཀྱིལ་འཁོར་བཞེངས་པ་ལ་སོགས་པའི་དེ་མ་ཐག་ཏུའོ། །ལྷག་མ་ནི་གོ་སླའོ། །བསྒྲུབ་བྱའི་དཀྱིལ་འཁོར་ནི། བསྒྲུབ་བྱའི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསུངས་སོ། །མཆོག་སོགས་ཞེས་བྱ་བ་ནི ་རྡུལ་ལ་སོགས་པ་སྟེ། བདུད་རྩི་ལྔའོ། །སྟེང་སྐྱེས་ཞེས་བྱ་བ་ནི་ཐོད་པ་ལའོ། །ཚོན་དང་བསྲེས་པས་ཞེས་བྱ་བ་ནི། བདུད་རྩི་རྣམ་པ་ལྔ་དང་བསྲེས་པའི་ཁ་དོག་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །རབ་སོང་ཞེས་བྱ་བ་ལ་སོགས་པ་ནི། རོའི་ཨ་ལག་ཏའི་བསྡོང?་བུ་བྱས ་ནས་མར་ཁུ་ཆེན་པོས་མར་མེ་བྱའོ། །དྲི་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་དེ། དེ་ཉིད་དྲིས་བསྒོམ་པ་ནི་དྲི་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྒྲུབ་པ་ན་གཏོར་མ་ལ་ཤ་སྐམ་དང་ཙོང?་ལ་སོགས་པས་གདུག་པ་སྦྱིན་པར་བྱའོ། །དེ་ཉིད་ནི་ཤ་སྐམ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །ོ་ཧ་རའི་གཏོར་མ་ཞེས་བྱ་བ་ནི། ཉ་རློན་ལ་སོགས་པ་རྣམས་ཀྱིS་གང་ཞིག་གཏོར་མ་དེ་ནི་ཉེ་བར་བཟའ་བའི་གཏོར་མའོ། །ལྔ་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་ལྔ་པོ་རྣམས་ཏེ་བ་?་ལྔ་དང། བདུད་རྩི་ལྔ་ལ་སོགས་པས་དམ་ཚིག་དང་མཆོད་ཡོན་སྦྱིན་པར་བྱ ་བའོ། །གཉིས་སུ་མེད་དང་ཡང་དག་བྱིན་གྱིས་རློབས་ཞེས་བྱ་བ་ནི། ཀྱེ?་རྣལ་འབྱོར་མ་ཁྱོད་ཀྱིས་ལྷན་ཅིག་དུ་གཉིས་སུ་མེད་པར་བྱིན་གྱིས་རློབས་ཤིག་ཅེས་བྱ་བ་སྟེ། གཉིས་སུ་མེད་པ་ཞེས་བྱ་བ་ཇི་སྙེད་པ་ཞེས་བྱ་བའི་དོན་ཏོ། །བཟའ་དང་བཅའ་སོགས་ཞེས་བྱ་བ་ནི། འདི ་དག་ཐམས་ཅད་སྟེར་རོ་ཞེས་བྱ་བའི་དོན་ཏོ། །གསེར་གྱི་ཀ་རི་ཥ་སྟེ་རོ་ཞེས་བྱ་བ། དེ་ཐམས་ཅད་ཉེ་བར་དགོས་པ་བྱའོ། །འཇིགས་མའི་ནི་ས་བོན་ཞེས་བྱ་བ་ནི། ཀྵུཾ་ངོ། །ཀྵུཾ་ཨཾ་དཱི་པེ་ཤྭ་རི་ཧཱུཾ་ཕུ་?་བུ་(རྒྱུད་འགྲེལ་འབུམ་བཟླས་པར་བྱའོ། །སའི་སྣོད་དུ་ཞེས་བྱ་བ་ནི། དུར་ཁྲོད་དུ་སྟེ། དེ་ལ་བསྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །ཀུན་ཏུ་ཁྲག་གིས་བྱུགས་ནས་ཏེ་ཤེས་བྱ་བ་ནི། ཕྲག་གིས་བྱུགས་པའི་ས་ལ་བསྒྲུབ་པའོ། །རྡོ་རྗེ་ཅན་གྱི་ས་བོན་ཞེས་བྱ་བ་ནི། སྲུཾ?་ངོ?་།རོ་ལངས ་མེའི་ས་བོན་ཞེས་བྱ་བ་ནི་ཡུང་ངོ། །གཞན་ལྟར་ཞེས་བྱ་བ་ནི། གཞན་དུ་ཡང་གལ་ཏེ་འདོད་དོ་དེས་བྱ་བའི་དོན་ཏོ། བསྣུན་པས་ཞེས་བྱ་བ་ནི་ཕཊ་དོ། །མེའི་དབུས་སུ་བྱ་བར་བྱ་ཞེས་བྱ་བ་ནི། མཁའ་འགྲོ་མའི་དབྱིབས་བྲི་སྐུར་སོན་པ་དུམ་བུར་བཅས་ནས་སྲེག་བླུགས ་བྱའོ་ཞེས་བྱ་བར་དགོངས་པའོ། །ཤིང་ནག་ན་ལུང་ཏང་གི་ཤིང་ངོ། །བྷ་ལླ་ཏ་ག་དང་ལུང་ཏང་གི་ཤིང་གི་མེ་ལ་ཡུངས་ཀར་ལ་སོགས་པ་དང་བསྲེགས་པ་དང། དེའི་རྣམ་པའི་དུམ་བུ་ཆ་ཐ་དད་བསྲེགས་བླུགས་བྱའོ། །ཁ་ཅིག་ན་རེ་ཡུངས་ཀར་ལ་སོགས་པ་དང་དེའི ་ཞིང་གི་སྔགས་ཀྱིས་སྲེག་བླུགས་བྱའོ་ཞེས་ཟེར་རོ། །མུ་སུཎྟི་ཞེས་བྱ་བ་ནི་ཕུ་བ་ན་རུའོ། །ཁ་ཚིག་ན་རེ་མཚོན་ཆའི་ཁང་པར་ཞེས་ཟེར་རོ། །འདིའི་རིམ་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། རང་གི་མིང་གི་དང་པོའི་ཡི་གེའི་ས་བོན་ལས་སྐྱེས་པའི་གཟའ་རྣམས་ནི་བསྒྲུབ་བར་བྱུང ་ཞེས་བྱ་བའི་དོན་ཏོ། །ོཾ་ཀཱ་ར་ནི་དང་པོ་དང། སྭཱ་ཧཱ་ནི་མཐར་གནས་པའོ་ཞེས་བྱ་བ་ནི། སྔགས་ཐམས་ཅད་ལ་ཨོཾ་ཀཱ་ར་དང་པོ་དང། སྭཱ་ཧཱ་མཐར་བལྟ་བར་བྱའོ། །འདིས་གང་གི་ཚེ་དུས་གཅིག་དུ་གཟའའདི་བསྒོམ?་པ་གྱུར་པ་?་ཚེ་དབུས་སུ ་འབྱུང་པོ་འདུལ་བ་རྣམ་པར་བསམས་ནས། པདྨ་འདབ་མ་བརྒྱད་པ་ལ་རིམ་པས་ཉི་མ་ལ་སོགས་པ་བསྒོམ་པར་བྱའོ། །ོཾ་སརྦ་ཞེས་བྱ་བ་ལ་སོགས་པས་སྔགས་བཟླ་བར་བྱའོ། །གང་གི་ཚེ་གཅིག་བསྒོམ་པར་གྱུར་པ་དེའི་ཚེ། རྗེས་ཀྱི་དབྱངས་དང་བཅས་པ་དེའི་རང་གི ་མིང་གི་དང་པོའི་ཡི་གེ་དང། དང་པོ་དང་མཐར་གནས་པའི་ཕྱག་འཚལ་བ་དང་སྭཱ་ཧཱ། བཟླས་པར་བྱའོ་ཞེས་རྟོགས་པར་བྱ་བ་ཡིན་ནོ། །གང་ལ་ལ་བཟའ་?་ཞི་བར་བྱ་བ་དེའི་ཚེ། ཐུན་མོངས་པའི་སྔགས་འདི་བསྒྲུབ་བྱ་ནང་དུ་བཅུག་པ་སྔོན་དུ་འགྲོ་བ་ཙན་གྱི་བཟླས་པ་བྱའོ།། ་ཞེས་ཤེས་པར་བྱའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་པོ་ལས་ཞེས་བྱ་བ་ནི། སྔ་མ་དང་ཕྱི་མ་ལ་བར་བལྟ་བར་བྱའོ། །འབྱུང་པོ་ཐམས་ཅད་ནི་བདེ་བྱེད་ལ་སོགས་པའོ། །གཟའ་ནི་ཉི་མ་ལ་སོགས་པའོ། །སོགས་པའི་སྒྲས་ནི། དེ་ནས་དགོད་དོ་ཞེས་བྱ་འདིའི་དོན་ཏེ། འབྱུང ་པོ་ཐམས་ཅད་དང་གཟའ་ལ་སོགས་པའི་བསྐྱེད་པའི་སྒྲུབ་པའི་ཐབས་རྗོད་པར་བྱེད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་ཐལ?་པ་ལས་?་བཅུ་དགུ་པའོ།། །།ད་ནི་འཆི་བའི་མཚན་མའི་ལེའུ་གསུངས་པ། དེ་ནས་ཤེས་བྱ་པ ་ལ་སོགས་པ་སྒི?་གཟའ་ལ་སོགས་པའི་སྐྱོན་གྱི་སའི་ཆི?་བར་འགྱུར་བདེའི་མཚན་ཉིད་ཤེས་ནས་གཟའ་ལ་སོགས་པ་ཞི་བར་བྱ་བ་དེ་གསུངས་མ་ཐག་ཏུ་རྗོད་པར་བྱེད་པ་ནི། དེ་ནས་ཞེས་བྱ་བའི་སྒྲའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལའོ།། ་གསོལ་ཏོ་ཞེས་བྱ་བ་ནི་ཞུས་པའོ། །ཡེ་ཤེས་དེ་ཉིད་ཅེས་བྱ་བ་ནི་འཆི་བའི་ན་ཚན་མ་ལ་སོགས་པ་ཤེས་པའི་རང་གི་ངོ་བོའོ། །སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི་འོད་པའོ། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི་ཞེས་བྱ་བ་ནི་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་སོ། །ཇི་ལྟར་རྒྱང?་པ?་དང། རོ་མ་དང། ་ཀུན་འདར་མ་སྨིན་མའི་དབུས་སུ་གཡས་དང་གཡོན་དང་སྨིན་མའི་དབུས་སུ་གནས་པ་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་ཚུལ་གྱིས་རྩ་གསུམ་པོ་རྣམས་ཏེ། སྤྱི་བོར་མ་ལ་ཡའི་ཡུལ་ཞེས་བྱ་བར་གནས་ཤིང། སྨིན་མའི་དབུས་དང་གཡས་ལ་སོགས་པ་རྣམས་ཀྱི་སྤྱི་དོར ་ཡང་ལག་དང་ཉིད་ལག་གི་ཕྱིར་རོ། །སུམ་སྐོར་མ་དང་འདོད་མ་དང། ཁྱིམ་མ་དང། གཏུམ་མོ་དང། འདུད་འདྲལ་མ་ལྔ་གཉིས་ཞེས་བྱ་བར་སྙིང་ལ་བདུད་རྩི་ལྔ་འབབ་པར་གནས་མའོ། །མི་ཕྱེད་མ་ནི་མཱ་ལ་ཡའི་ཡུལ་ཞེས་བྱ་བ་སྤྱི་བོར་ཡན་ལག་དང་ཉིད་ལག་ཏུ་གྱུར་བ ་དཔལ་ལའོ། །སྤྱི་གཙུག་ཏུ་ནི་ཕྲག་ཟུགས་མའོ། །རྣ་བ་གཡས་པ་ལ་ནི་བརྩེ་པ་མའོ། །མགོ་བོའི་རྒྱབ་ཏུ་ནི་གཡོན་པ་མའོ། །རྣ་བ་གཡོན་པར་ནི་ཐུང་དུ་མའོ། །ཡང་སྨིན་མའི་དབུས་ཀྱི་སྟེང་དུ་རུ་སྦལ་སྐྱེས་མའོ། །མིག་ལ་ནི་བསྒོམ་པ་མའོ། །ཕྲག་པ་གཉིས་ལ་ནི་དབང་མའོ།། ་མཚན་ཁུར་དག་ལ་ནི་སྐྱོན་མའོ། །ནུ་མ་དག་ལ་ནི་འཇུག་མའོ། །ལྟེ་བ་ལ་ནི་མ་མོའོ། །སྣའི་རྩེ་མོ་ལ་ནི་མཆེན་མོའོ། །ཁ་ལ་ནི་གསིལ་སྦྱིན་མའོ། །ལྐོག་མ་ལ་ནི་ཚ་བ་མའོ། །ཡང་སྙིང་ལ་ནི་ཚེད་མའོ། །གསང་བ་ལ་ནི་མདོག་གནག་མའོ། །རྟགས་ལ་ནི་ཤིན་ཏུ་གཟུགས་ཅན་མའོ།། ་གཞད?་ལ་ནི་?་མའོ། །བརླ་གཉིས་སུ་ནི་རྒྱུ་སྦྱིན་མའོ། །བྱིན་པ་གཉིས་ལ་ནི་སྦྱོར་བྲལ་མའོ། །སོར་མོ་ཐམས་ཅད་ལ་སྡུག་བུ་མའོ། །རྐང་པའི་རྒྱབ་ཏུ་ནི་གྲང་མའོ། །མཐེ་བོང་ལ་ནི་འཆོད་མའོ། །ལུས་མོའི་རྩ་བ་ལ་ནི་ཡིད?་བཟངས་མ་ཞེས་བྱ་བ་སྟེ། རྩ་ཉི་ཤུ་རྩ་བཞིའོ། །ཀུན་ཏུ་བསྡུས ་ནས་སུམ་?་རྩ་གཉིས་སོ། །དེ་རྣམS་ཀྱི་ནར། མཆོག་གཞན་ཞེས་བྱ་བ་ནི་རྩ་དེ་རྣམས་ཀྱི་ནང་ནས། རབ་མཆོག་གཞན་ཞེས་བྱ་བ་ལ་རང་མཆོག་ཀྱེང་ཡིན་ལ། གཞན་ཡང་ཡིན་པ་དེ་ནི་རབ་མཆོག་གཞན་ཞེས་བྱ་བའི་རྩ་རྣམས་སོ། །དེ་རྣམས་དུ་ཞེ་ན། བཅུ་གཉིས་ཞེས ་གསུངས་ཏེ། བཅུ་དང་གཉིས་ནི་བཅུ་གཉིས་ཞེས་བྱ་བའི་དོན་ཏོ། །ལྷ་མོ་ནི་ཀྱེ་ལྷ་མོ་ཞེས་བྱ་བའོ། །དབྱངས་ཀྱི་འགྲོ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། དབྱངས་བཅུ་གཉིས་ཏེ། དེ་དང་རྗེས་སུ་མཐུན་པའི་གནས་རྣམས་སོ། །དེ་རྣམས་ཀྱི་འགྲོ་བ་ནི། ཀུན་ཏུ་སྤྱོད་མ་སྟེ། དེའི ་མཚན་ཉིད་ནི་རང་གི་ངོ་བོའོ། །བུལླི་རམ་ལ་ཡ?་དང། འབར་བ་འཛིན་པ་དང། ཨུ་ཌཡན་དང། ཨ་རྦུད་དང། བའི་མཆོག་སྦྱིན་དང། དགའ་བའི་དབང་ཕྱུག་དང། ལྷ་མོའི་མཁར་དང། མཱ་ལ་བ་དང། འདོད་པའི་གཟུགས་དང ་ཨོ་དྲེ་དང། ཏྲི་ཤ་ཀུ་ནི་དང། ཀོ་ཤ་ལ་སྟེ། ཨ་ལ་སོགས་པ་རྣམས་ཀྱི་མ་ནིང་སྤངས་པ་བཅུ་གཉིས་རྣམས་ཀྱི་རིམ་པས་གནས་བཅུ་གཉིས་རྣམས་ཞེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །པུལླཱི་རལ་སོགས་པ་རྣམས་ལ་གང་གི་དབྱངས་ཀྱི་གནས་སུ་རེག ་པས་ཕོ་ཉས་དྲིས་པ་དེའི་བསྔགས་པ་ཤེས་པར་བྱའོ། །ཡར་ཀྱི་ངོའི་ཉི་མ་རྣམ་པར་དག་པས་པུལླི?་རལ་སོགས་པ་བཅུ་གཉིས་ཀྱི་གནས་རྣམས་སོ། །ཀ་ལི་ལ་སོགས་པའི་གནས་རྣམས་སུ་ཡང་དེ་བཞིན་དུ་མར་བྱི་ངོའི་ཉི་མ་རྣམ་པར་དག་པས་དབྱངས་བརྩིས ་གནས་པ་སྟེ། དེ་བཞིན་དུ་འདི་ཡང་བསྔགས་པའོ། །གསུམ་པ་ལ་སོགས་པ་རྣམས་ལ་བཅུ་གསུམ་པ་ལ་སོགས་པ་ནང་དུ་གཏོགས་པའི་ཕྱིར། ཆེས་གཅིག་ལ་སོགས་པ་ནས་བཅུ་གཉིས་ཀྱི་མཐར་ཚེས་བཅུ་གཉིས་སོ། །དེའི་ཕྱིར་ཡོང་ངོ་རེ་རེ་ལ་ཉི ་མ་བཅུ་གཉིས་རྣམས་སོ། །དེ་ལ་བཅོ་ལྔ་?་སྒྲས་ནི། ཉ་གང་པ་དང་སྟོང་ལའོ། །དེ་བས་ན་ངོ་གཉིས་དག་ཀུན་བསྡུད་པས་ཉི་ཤུ་རྩ་བཞི་རྣམས་སོ། །དེ་ཉིད་ནི། དཀར་དང་གནག་པའི་ཆ་ཡིས་ནི། ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་ཅེས་གསུངས་སོ། །རྒུ་ནི་ཞེས་བྱ ་བ་ལ་སོགས་པ་ལ། རྒུ་ནི་སར་པའོ། །སྔོན་གྱི་རབས་ཞེས་བྱ་བ་ནི། ཡུན་རིང་པོར་བསྟན་པའོ། །འཆི་བའི་དུས་སུ་རྣཾ་པར་གནས་ཞེS་བྱ་བ་ནི་?སུ་རྣཾ་པར་གནས?་པར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །?་ནི་སྤྲོས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི། དབུགས་ཀྱི་སྤྲོས་པ་མཚང་བ་དང ་ལྷག་པ་ཉིད་དེ། ལྷན་ཅིག་སྐྱེས་པའི་གནས་སྐབས་ལས་གཞན་ཉིད་དུ་ཞེས་བྱ་བའི་དོན་ཏོ། །དྲུག་གཉིས་ཞེས་བྱ་བ་ནི། ཉི་མ་བརྒྱད་དེ། གལ་ཏེ་གང་གི་ཚེ་དེ་བཞིན་དུ་རླུང་ལོག་པ་དེའི་ཚེ་ལོ་གཉིས་དང་ཟླ་བ་བཞི་དང་ལྡན་པ་དང། ཉི་མ་ཉི་ཤུ་རྩ་བཞི ་ལྷག་བར་སྲོག་འཚོའོ། །ཞེས་བྱ་བ་འདི་དང། ཟླ་བ་དེ་རྣམས་རིགས་བྱེད་ཅེས་བྱ་བ་ལ་སོགས་པར་མངོན་པར་སྦྱར་རོ། །ལུས་ཅན་རྣམས་ཀྱི་དེ་བཞིན་འཚོར་ཞེས་བྱ་བ་ནི། ལུས་ཅན་རྣམས་འཆི་ཞེས་བྱ་བའི་དོན་ཏོ། །ཉི་ཤར་རོ་ཏི་ཏོའི་ཆ་ལ་ཞེས་བྱ ་བ་ནི། སྔ་བར་ཏེ། ཐུན་ཚོད་ཕྱེད་ལ་རོ་ཧི་ཏའི་ཆའོ། །དེའི་མཚན་མ་ཞེས་བྱ་བ་ནི། དེ་ལ་རོ་ཧི་ཏའི་ཆ་ལ། མཚན་མ་གང་གསུངས་པ་འཆི་བའི་མཚན་ཉིད་དེ་ཞེས་བྱ་བའི་དོན་ཏོ། །ཡན་ལག་གི་མཚན་ཉིད་ཀྱི་གནས་ནི། སྣ་ཞེས་བྱ་བ་ལ་སོགས་པ་གསུངས ་སོ། །བརླ་དང་བྱིན་པ་དེ་བཞིན་གཞན་ཞེས་བྱ་བ་ནི། བརླ་དང་བྱིན་པ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །གསར་བ་ལིང་གས་ཞེས་བྱ་བ་ནི། གསང་བ་དང་རྟགས་དག་ཅེས་བྱ་བའི་དོན་ཏོ། །དབུགས་ནི་འཆད་ཅིང་འཆད་པ་ན་ཞེས་བྱ་བ་ནི། དཔུགས་ཚད་ན ་སྒྲོ། །?་ཆད་དོ་ཞེས་བྱ་བའི་དོན་ཏོ། །འཆི་བའི་དུས་སུ་སྟོན་བར་འགྱུར་ཞེས་བྱ་བ་ནི། འཆི་བའི་?་ཀྱི་འདི་རྣམས་ལུས་སུ་འགྲོ་བའི་མཚན་མ་རྣམས་གསལ་བར་བསྟན་པ་ཞེས་བྱ་བའི་དོན་ཏོ། །ཉིན་མོའི་གྲངས་ཀྱི་ཚེད་རྣམས་ནི་ཞེས་བྱ་བ་ནི། ཉིན་མོ ་རྣམས་ཀྱི་དུས་སུ་འགྲོ་བའི་བདག་ཉིད་ཆེན་པོར་འགྲོ་བའི་གཅིག་ལ་སོགས་པའི་མཚན་གྱི་གྲངས་ཞེས་བྱ་བའི་དོན་ཏོ། །དེ་ཡང་དུས་ཀྱི་འཁོར་ལོའི་བདག་ཅེས་བྱ་བ་ནི་དུས་ཀྱི་འཁོར་ལོར་འགྲོ་བའི་ཉི་མའི་གྲངས་ཏེ། དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལྔ ་ལས་ཉི་ཤུ་རྩེ་ལྔའི་ཉི་མའི་འགྲོ་མཉེ་བར་བརྗོད་ཅེས་བྱ་བ་ནི་ལྔ་འཕེལ་བའོ། །དེ་ཕྱིར་གཅིག་ནི་ལྷག་པ་ཡིས། །བཅུ་ནི་བྱས་ནས་སུམ་འགྱུར་དང། །གསུམ་ལྷག་གང་འདི་དགུན་འབྲིང་ཉི། །དུས་ལ་དེ་རྣམས་མཉམ་པ་ཉིད། །གསུམ་དང་མིག་དང་རི་?་ཅན། ། ་དྲུག་གསུམ་ཟུང་དང་ཟླ་བ་གང། །ཟླ་མ་དེ་རྣམས་ཉི་མ་ལྷག། ཆོས་?་མདའ་དང་ཡོན་ཏན་དང། །ཐིག་ལེ་ཐུབ?་འཚོ་བ་ཡིས་ཞེས་བྱ་བ་ནི། ཚིགས་བཅད་ཀྱི་དོན་གྱིས་གོང་དུ་གསུངས་པའི་དུས་ཀྱི་འཁོར་ལོར་བཤད་དོ། །ལྔ་ལས་ཉི་ཤུ་རྩ་ལྔའི་ཞེས་?་བ ་ལ་སོགས་བ་ནི། དེ་ལ་ལྔ་བཅུ་དང་བཅོ་ལྔ་དང་ཉི་ཤུའི་ཉི་མར་འགྲོ་བའི་དུས་གསུངས་སོ། །ད་ནི་འདི་བར་གྱི་ཉི་མ་དྲུག་ལ་སོགས་བར་འགྲོ་བའི་དུས་བརྗོད་པར་བྱ་སྟེ། གང་ཚེ་ཉི་མ་དྲུག་ཅེས་བྱ་བ་ནི། སྣ་བུག་གཅིག ་ནས་རླུང་འབབ་པ་དེའི་ཚེའོ། །ལོ་ནི་གཉིས་སུ་ཞེས་བྱ་བ་ལ་སོགས་པའི་དུས་ཀྱིS་འཆི་བར་འགྱུར་རོ། །རྒྱུ་ཞིང་ཞེས་བྱ་བ་ནི་འབབ་པའོ། །གཅིག་ཏུ་ཉེ་བར་རྒྱུ་མཛེས་པས་ཤེས་པ་ནི། ཕྱེར?་ཕྱེད་དུ་འགྲོ་བའི་འཕོ་བའི་རིམ་པ་སྤངས་ནས། སྣ་ཁུང་གཡས་པ ་གཅིག་བུ་ཁོ་ནས་ཉེ་བར་རྒྱུ་བ་ནི་ངེས་མཛོས་བ་ཞེས་བྱ་བའི་དོན་ཏོ། །དེ་རླུང་ཞེས་བྱ་བའི་དགོང་པའོ། །ཡང་གནས་སྐབས་སུ་ལོའི་ཉི་མའི་གྲངས་ནི། དེ་ལ་ལོ་ཞེས་གསུངས་ཏེ། འདི་སྐད་དུ་གང་ཞིག་རླུང་འབབ་པ་དེ་ལ་ནི་ལོའོ། །ཅིར་གྱུར་པས་ཤེ་ན། གསུཾ ་བརྩ་བར་བྱ། དེ་བཞིན་སུམ་བརྒྱ་དྲུག་ཅུ་ནི་ཞེས་བྱ་བ་ནི། ཉི་མའི་གྲངས་སུམ་བརྒྱ་དང་དྲུག་ཅུ་ལྷག་བ་ཞེས་བྱ་བའི་དོན་ཏོ། །ལ་ལ་པས་དེ་བཞིན་དུ་ནི་དྲུག་ཅུ་ལྷག་ཅེས་བྱ་བའི་ཚིག་དེ་ཡང་གོ་སླའོ། །འདིས་ཅི་བཤད་ཅེ་ན། སྨྲས་པ། ཆ་དག་གི་ནི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཆ་ཞེས་བྱ་བ་ལ་སོགས་པ་ནི། འདི་སྐད་དུ་ཉི་མའི་ཚད་ཀྱི་འཚོ་བའི་ལོའི་ཆ་བསྒྲགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉི་མ་དྲུག་ཏུ་རྒྱུ་བའི་སྐྱོན། ལོ་ནི་གཉིས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཀྱི་གྲངས་ཞེས་བྱ་བ ་ནི། དུས་དྲུག་བོ་རྣམས་ཀྱི་གྲངས་ཏེ་ཟླ་བ་ཞེས་བྱ་བའི་དོན་ཏོ། །ཉི་མ་རྣམས་ནི་བཅོ་བརྒྱད་ཀྱི་ཞེས་བྱ་བ་ནི། སྣ་ཁུང་གཅིག་ནས་ཉི་མ་དྲུག་ཏུ་རླུང་རྒྱན་ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅོ་བརྒྱད་རྣམས་ཞེས་བྱ་བ་འདིའི་ཚད་འཚོ་བར་འགྱུར་རོ།། ་དེ་ཉིད་ནི། ཚད་ནི་ཞེས་གསུངས་སོ། །ཉི་མ་བདུད་པ་ཞེས་བྱ་བ་ནི། ཉིན་བདུན་པ་ཇི་སྙེད་པ་རྣམས་ཞེས་བྱ་བའི་དོན་ཏོ། །སྤངས་ནས་ནི་ཞེས་བྱ་བ་ནི། གོ་རིམས་སྤངས་པའོ། །དྲུག་ཅེས་བྱ་བ་ནི། དྲུག་པའོ། །དའི?་ཚེ་ནི་འཚོ་བར་བཤད་ཅེས་བྱ་བ་ནི། གང་གི་ཚེ་ནི? ་མ་བདུན་དུ་སྣ་བུག་གཅིག་ནས་རླུང་རྒྱུ་བ་དེའི་ཚེ། ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅུ་གོད་མ་ལས་རྗེས་སུ་འཇུག་པ་རྣམས་སོ། །འཚོ་བ་ཞེས་བྱ་བ་ནི། དུས་འདི་ཙམ་དུའོ། །བཤད་ཅེས་བྱ་བ་ནི་བསྒྲགས་པའོ། །ཉིན་མོ་བདུན་བ་ཞེས་བྱ་བ་ལ་སོགས་པ་ནས། ་དེའི་ཚེ་ནི་འཚོ་བར་བཤད་ཅེས་བྱ་བའི་མཐར། ཚིག་རྐང་ལྔ་པའི་ཚིགས་བཅད་དོ། །ཟླ་བ་དེ་རྣམས་རིག་བྱེད་གྲངས། དུས་ཀྱི་གྲངས?་དུས?་སུ?་འཆོ་བར་འགྱུར་ཞེས་བྱ་བ་ནི། ཚིག་རྐང་གསུམ་པའི་ཚིགས་བཅད་དང། དབུགས་ནི་སྤྲོས་པ་ཙམ་གྱིས་ནི། དྲུག་གཉིས་ལུས་ཅན ་རྣམས་ཀྱི་འཚོར་ཞེས་མངོན་བར་སྦྱར་རོ། །དེ་ལ་ལོ་གཉིས་ཞེས་བྱ་བར་རྗེས་སུ་འཇུག་གོ་།རིག་བྱེད་གྲངས་ཞེས་བྱ་བནི། མཆོད་སྦྱིན་དང། སྙན་དངགས་དང། དེས་བརྗོད་དང་སྲིད་སྲུང་ཞེས་བྱ་བའི་རིག་བྱེད་བཞི་སྟེ། དེའི་གྲངས་ཀྱི་ཟླ་བ་བཞི་ཞེས་བྱ་བའི་དོན་ཏོ།། ་ཟླ་བ་རྒྱ་ཞེས་བྱ་བ་ནི་ཟླ་བ་བཞི་ཞེས་བྱ་བའི་དོན་ཨོ། །ཉི་མོ་ཉི་མའི་ཚད་ནི་ལུས་ཅན་རྣམས་ཀྱི་སྦྱོར་ཞེས་བྱ་བ་ལ། ཉོན་མོ་ནི་ཉི་མའི་གྲངས་ཀྱི་སྦྱོར་བས་ཞེས་བྱ་བའི་དོནྟོ། །ཉི་མ་དགུར་གཅིག་ཏུ་རྒྱུ་ན་ཀུན་བསྡུས་པས་ལོ་གཉིས་དང་ཟླ་བ་བཞི་དང་ཉི་མ་བཅུ་གཉིས་རྣམས་སུ ་འཚོ་བར་འགྱུར་རོ། །ཉི་མ་བཅུ་གཅིག་ཉིད་དུ་ཞེས་བྱ་བ་ནི། ཉི་མ་བཅུ་གཅིག་པོ་རྣམས་སོ། །གང་ཚེ་རྩ་རྣམས་རབ་སྒྱུར?་ན་ཞེས་བྱ་བ་ནི། གང་གི་ཚེ་རྩ་མི་འདྲ་བར་འགྱུར་བ་དེ་ཉིད་ཀྱི་ཚེ་གང་གི་རླུང་མི་འདྲ་བར་འགྱུར་རོ། །མི་འདྲ་བར་ཞེས་བྱ་བ་ནི་རྣམ་པར་བཅིངས་པ་སྟེ ་རྩ་གཅིག་ཏུ་རླུང་རྒྱུའོ་ཞེས་བྱ་རང་དགོངས་པའོ། །དེའི་ལོ་གཅིག་ཏུ་ནི་ལམ་བཅས་པས་ཞེས་བྱ་བ་ནི་དེའི་ཚེག་ནས་སོ་ཞེས་བྱ་བར་དགོངས་པའོ། །ཐུན་མོང་གི་ལམ་ནི། ལམ་དང་བཅས་པ་སྟེ། རླུང་རྣམས་སྤྱིའི་ལམ་དུ་གནས་པ་ནི། འཚོ་བར་འགྱུར་རོ། །ཉི་མ་བཅུ ་གཅིག་ཅེས་བྱ་བ་ལ་སོགས་ནས། ཞལ་མཆོག་མ་ནི་ཞེས་བྱ་བའི་མཛའ་ཨི་གཞུང་ནི་སྤྱིའི་དོན་ཏོ། །དབྱངས་ཀྱི་གྲངས་ཀྱི་ཟླ་བ་རྣམས་ཞེས་བྱ་བ་ནི། དབྱངས་བདུན་ཏེ་དེའི་གྲངས་ཀྱི་ཟླ་བ་རྣམས་སོ། །བཅུ་གསུམ་ཞེས་བྱ་བ་ནི་ཉི་མ་བཅུ་གསུམ་པོ་རྣམས་ཏེ། ཉི་མ་རྣམས ་ཤེས་བྱ་བར་སྤྱོད་པའོ། །གཡས?་སུ་འགྲོ་བར་ཞེས་བྱ་བ་ནི། སྣ་ཁུང་གཡས་པར་ཏེ། འདི་རང་སྔ་མ་དང་ཕྱི་མ་དག་ལའོ། །བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ནས་ཞལ་མཆོག་མ་ཞེས་བྱ་བའི་མཐར་སྤྱིའི་དོན་ཏོ། །བདུན་གཉིས་སུ་ཞེས་བྱ་བ་ནི ་ཉི་མ་བཅུ་བཞི་བོ་རྣམས་སོ། །ལོའི་ཚེར་ནི་ཞེས་བྱ་བ་ནི། ལོའི་མཛའ་ཨི་ཚེ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཟུང་དུ་ཞེས་བྱ་བ་ནི་ཟླ་བ་གཉིས་སོ། །རབ་ཏུ་གྲགས་ཞེས་བྱ་བ་ནི། དུས་ཀྱི་གྲངས་ཞེས་བྱ་བའི་དོན་ཏོ། །བཅུའི་བྱེད་ཀྱི་ནི་ཞེས་བྱ་བ་ནི། ཉིན་ལྔ་པོ་རྣམས་སོ། །རོ་ཞེས་བྱ་བ་ནི། དུས་ཀྱི ་གྲངས་རྫོགས་པའོ། །བདུན་གཉིས་ཞེས་བྱ་བ་ལ་སོགས་པ་ནས་དེའི་ཞེས་བྱ་བའི་མཐར་སྤྱིའི་དོན་ཏོ། །ལྔ་གསུམ་ཞེས་བྱ་བ་ནི་ཉི་མ་བཅོ་ལྔ་པོ་རྣམས་སོ། །ལྔ་གསུམ་ཞེས་བྱ་བ་ལ་སོགས་པ་ནས་།ཐེ་ཚོམ་མེད་ཅེས་བྱ་བའི་མཐར་ཚིག་རྐང་གསུམ་བའི་ཚོགས་བཅད་དོ།། ་བརྒྱད་གཉིས་ཞེས་བྱ་བ་ནི་ཉི་མ་བཅུ་དྲུག་རྣམས་སོ། །བཅུའི་ཚད་ཀྱི་ཞེས་བྱ་བ་ནི། ཟླ་བ་བཅུའི་ཚད་ཀྱིས་ཞེས་བྱ་བའི་དོན་ཏོ། ཡོངས་ཀྱི་གྲངས་ཉིན་མོ་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྩ་བཞི་རྣམས་སོ། །བརྒྱད་གཉིས་ཞེས་བྱ་བ་ལ་སོགས་པ་ནས། བདག་གིས་ཞེས་བྱ་བའི་མཐར་ནི ་མཐར་ནི་སྤྱིའི་དོན་ཏོ། །བཅུ་བདུན་ཞེས་བྱ་བ་ནི། བདུན་དང་བཅུའོ། །དབུ་ཞེས་བྱ་བ་ནི་ཟླ་བ་དགུའོ། །བཅུ་བདུན་ཞེས་བྱ་བ་ལ་སོགས་པ་ནས། ཐེ་ཚོམ་མེད་ཅེས་པའི་མཐར་ནི་སྤྱིའི་དོན་ཏོ། །བཅོ་བརྒྱད་དུ་ཞེས་བྱ་བ་ནི་བརྒྱད་དང་བཅུའོ། །བརྒྱད་ཅེས་བྱ་བ་ནི། ཟླ ་བ་བརྒྱད་པོ་རྣམས་སོ། །ལྟག་མ་ནི་གོ་སླའོ། །བཅུ་དགུ་ནི་ཞེས་བྱ་བ་ལ་སོགས་པ་ནས། འདི་ནི་ཞལ་མཆོག་མ་ཞེས་བྱ་བའི་བར་དུ་ནི། སྤྱིའི་དོན་ཏོ། །ཉི་ཤུ་ཞེས་བྱ་བ་ནི། གཉིས་པ་ལ་དང་པོ་སྟེ། ཉི་མ་ཞེས་བྱ་བར་འཇུག་གོ། ཚེ་དང་འབྲལ་ཞེས་བྱ་བ་ནི། ་སེམས་ཅན་རྣམས་ཀྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉི་ཤུ་གཅིག་ན་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ། །ཟླ་བ་ལྔ་ནི་ཞེས་བྱ་བ་ནི། གཉིས་པ་ལ་ཡང་དང་བའོ། །དེ་འཚོ་བ་ཞེས་བྱ་བ་ནི། གང་གི་དེ་སྐད་དུ་རླུང་འབབ་པ་དེ་ཞེས་པའི་དོན་ཏོ། །ཉི་ཤུ་གཉིས ་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྣམས་དང་ཉི་མ་གཉིས་ནའོ། །ཚེ་ནི་རིག་བྱེད་ཚད་དུ་ཕྱིན་ཅེས་བྱ་བ་ནི། ཟླ་བ་བཞི་དང་ཉི་མ་ཉི་ཤུ་རྩ་བཞིའི་མཐར་ཚེ་ཞེས་བྱ་བའི་དོན་ཏོ། །ཉི་ཤུ་གསུམ་དུ་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྩ་གསུམ་པོ་རྣམས་སོ་ཞེས་བྱ་བའི་དོན་ཏོ།། ་ཉིད་ཤུ་རྩ་བཞི་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྩ་བཞི་པོ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་ནས་དོན་ནི་གོང་དུ་བརྩིས་ཞེས་བྱ་བ་ལ། དེ་ནས་ནི་འཁོར་ལོ་ལས་སོ། །དོན་ནི་གོང་ཞེས་བྱ་བ་ནི། འབྲས་བུ་སྔོན་དུའོ། །བརྩིས་ཞེས་བྱ་བ་ནི་ཡང་དག་པར་བསྒྲགས་པའོ། །དུས་ཀྱི་གྲངས ་ནི་ཞེས་བྱ་བ་ནི། འཚོ་བའི་དུས་ཀྱི་ཚད་དོ། །མདོར་བསྡུས་ནས་ཞེས་བྱ་བ་ནི། བསྡུས་པ་ལས་ཏེ། འདིའི་འཁོར་ལ་འཆད་པར་འགྱུར་བའི་ཕྱིར་རོ། །འདི?་གང་རྣམས་ཀྱི་གྲངས་བྱས་ཤེ་ན། ནང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་ལ་སོགས་པ་ནི་གང ་ཞིག་ནང་དུ་འགྲོ་བའི་ཉི་མ་དེ་རྣམས་སོ། །བཅུ་གཉིས་ཉིད་ཅེས་བྱ་བ་ནི། ལྔ་ལས་བརྩམས་ནས་ཇི་སྲིད་དུ་ཉི་ཤུ་རྩ་ལྔའི་བར་དུ་འགྲོ་བའི་ཕྱིར་རོ། །ཆའི་རིམ་པས་ཞེས་བྱ་བ་ནི། ཇི་སྐད་དུ་གསུངས་པའི་རིམ་པས་སྦྱོར་བ་རྣམས་སོ། །བར་དུ་གསལ་བར་བྱས་ནས་ནི ་ཞེས་བྱ་བ་ནི། གང་ཞིག་ཉི་ཤུ་དང་ཉི་ཤུ་རྩ་ལྔའི་ནང་དུ་འགྲོ་བའི་ཉི་མ་ཉི་ཤུ་རྩ་བཞི་པོ་དེ་འདིར་ཞེས་བྱ་བའི་ཐ་ཚིག་གོ་།འདིས་ནི་པར་གྱི་ཉི་མ་བཅུ་དྲུག་པོ་རྣམས་སོ། །རྣལ་འབྱོར་མ་ནི་ཞེས་བྱ་བ་འདིར་ཀྱེ་རྣལ་འབྱོར་མ་ཞེས་བྱ་བའི་དོན་ཏོ། །གང་ལས་བཅུ་དྲུག་ཉིད་ཅེས ་བྱ་བའི་ཚིག་དེ་ལ་བར་གྱི་ཉི་མ་བཅུ་དྲུག་པོ་རྣམས་སོ། །ཉི་ཤུ་དང་ཉི་ཤུ་རྩ་ལྔའི་ནང་དུ་ཉི་མ་བཞི་གཟུང་བའི་ཕྱིར་རོ། །བར་དུ་ཞེས་བྱ་བ་ནི་ནང་དུ་གསལ་བར་བྱས་པ་སྟེ། གང་འདིའི་དུས་བཤད་པ་དེ་རང་བཞིན་སྙོམས་པའི་སེམས་ཅན་ལ། རྟོགས་པར་བྱའོ།། ་བསྟན་པ་དང། ནད་ལ་སོགས་པས་ཁམས་མ་སྙོམས་པ་ལ་དུས་འགྲོ་བར་མི་བྱའོ། །དེའི་ཕྱིར། དེའི་ཡིད་ཅེས་པ?་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱི་ཞེས་བྱ་བ་ནི། ཉི་མ་དྲུག་ལ་སོགས་པ་དང། རླུང་མི་འདྲ་བར་རྒྱུ་བ་རྣམས་ཀྱི་འཆི་བའི་མཚན ་མ་རྣམས་ཀྱིའོ། །ད་ནི་ཡན་ལག་ཏུ་འགྲོ་པའི་མཚན་མས་འཆི་བའི་དུས་ཀྱི་ངེས་པ་གསུངས་པ། སྣའི་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཡང་ཁམས་སྙོམས་པ་ཞེས་བྱ་བའི་རྗེས་སུ་འཇུག་གོ་།སྣའི་ཤ་ནི་ཞེས་བྱ་བ་ནི། ་སྣའི་ནང་སྙིང་ངོ། །དེའི་ནང་དུ་འགྲོ་བའི་གང་ཞིག་རྩ་དེའི་རྣམ་པར་ཆད་ན་ཁ་སྟེང་དུ་བལྟ་བར་འགྱུར་ཏེ། དེ་ཡང་རིའི་རྣམ་པའི་གཟུགས་སོ། །དེའི་ཚེ་ཡང་ཉི་མ་བདུན་དུ་འཚོའོ། །དེ་ཉིད་ནི། ཉི་མ་བདུན་ན་ཐེ་ཚོམ་མེད་གསུངས་པ་ནི། ལོ་གཉིས་སུ་ནི་ཡང ་དག་གསུངས་ཞེས་བྱ་བ་དང། ཟླ་བ་དེ་རྣམས་རིག་བྱེད་གྲངས་ཞེས་བྱ་བ་གང་གསུངས་པ་དེ་དང་ལྷན་ཅིག་འདི་སྦྱར་བར་བྱའོ། །ཇི་ལྟར་སྣའི་ནང་སྙིང་དུ་འགྲོ་བའི་རྩ་ཆད་པར་གྱུར་བ་དེའི་ཚེ་སྣ་ཞོམ་པར་འགྱུར་རོ། །མིག་གི་ནམ་མཁའ་ཆད་ན་ནི་ཞེས་བྱ ་བ་ནི། མིག་དང་ལྷན་ཅིག་ནམ་མཁའ་ཨི་ཆུའི་མཆི་མའི་འོ། །ཆད་ན་ནི་ཞེས་བྱ་བ་ནི་བྲལ་བའོ། །དེར་གྱུར་བ་ནི་སྲོག་ཆད་བའོ། །ལྷག་པ་ལྔ་ན་ཞེས་བྱ་བ་ནི་ཉི་མ་ལྔ་ན་འཆི་བར་འགྱུར་རོ། །མིག་དང་ལྡན་ཅིག་པས་ནམ་མཁའ་འཆད་པ་འདི་ཅིའི་ཕྱིར་ཞེ་ན། སྟེང་དུ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ་མིག་ཏུ་འགྲོ་བའི་རྩ་གང་གི་ཚེ་ཆད་པ་དེའི་ཚེ་དེ་ཁ་སྟེང་དུ་བལྟས་པས་འགྱུར་ཏེ། དེ་ཉིད་ཀྱི་ཚེ་ཡང་ནམ་མཁའ་འཆད་པའོ། །ཆ་དགུ་ཡང་དག་ཞོན་ནས་ནི་ཞེས་བྱ་བ་ནི། ལིའི་ཆ་ཡང་དག་པར་ཞོན་པ་སྟེ། ལིའི་གཟུགས་ཞེས་བྱ ་བའི་དོན་ཏོ། །བའི་མཆོག་སྦྱིན་འགྲམ་པར་ནི། ཞེས་བྱ་བ་ལ། བའི་མཆོག་སྦྱིན་ནི་རྣ་བ་གཡོན་པ་སྟེ། རྣ་བ་གཡོན་པའི་འོག་དང་འགྲམ་པའི་ངོས་སུ་གནས་པའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ་མཚན་མོ་གཅིག་འཚོའོ། །བཅུ་པ་ཞེས་བྱ་བ་ནི། ལིའི? ་ཆའོ། །མཚན་མོ་གཅིག་ལྷག་ཅེས་བྱ་བ་ནི། མཚན་མོ་གཅིག་ལྷག་པར་འཚོའོ་ཞེས་བྱ་བ་ནི་ལྷག་མའོ། །གཡས་པར་ཞེས་བྱ་བ་ལ་སོགས་པ་ལ། ཆ་ནི་བཅུ་གཅིག་ཅེས་བྱ་བ་ནི་ཨེ་སྟེ། རྣ་བ་གཡས་པའི་འོག་དང་འགྲམ་པའི་ངོས་སུ་གནས་པའི་རྩ ་གྲང་གི་ཚེ་ཆད་པ་དེའི་ཚེ། གཡས་པའི་འོག་ཏུ་སྲུབས་འབྱུང་བའོ། །དེ་སྐད་དུ་རྣ་བ་གཡོན་པའི་འོག་ཏུ་ཡང་སྲུབས་སོ། །བཅོ་བརྒྱད་གཅོད་མ་ཞེས་བྱ་བ་ལ། གཅོད་མ་ནི་གསོད་པར་བྱེད་མ་སྟེ། དེ་ལྟར་གྱུར་པའི་རྩ་རྣམས་སོ། །ཉིན་བར་བཅོ་བརྒྱད་རྣམས ་ཀྱིས་ཞེས་བྱ་བར་དགོངས་པའོ། །བཅུ་གཉིས་པར་ཞེས་བྱ་བ་ལ་སོགས་པ་ནི། ལྕེར་འགྲོ་བའི་རྩ་གང་གི་ཚེ་ཆད་པ་དེའི་ཚེ་ནག་པོའི་རྣམ་པའི་རི་མོར་འགྱུར་ཏེ། རྩ་ཡང་ཨིའི་རྣམ་པའོ། །དུས་ཀྱིས་མཚན་ཞེས་བྱ་བའི་ཉི་མ་དྲུག་གིས་ལུས་ཅན་འཆི ་བར་འགྱུར་རོ། །ཞེས་བྱ་བ་ལྷག་མའོ། །ཁ་ཅིག་ན་རེ་དུས་ཀྱི་མཚན་ཞེས་བྱ་བ་ནི། མཚན་མོ་གཉིས་སོ་ཞེས་ཟེར་རོ། །བཅུ་གསུམ་ཞེས་བྱ་བ་ནི་ཨོའི་ཆའོ། །སོ་དང་སོ་གཞན་དག་ལེགས་འཐམས་ཞེས་བྱ་བ་ནི། སོའི་མཚམས་ཀྱི་རྩ་གང་གི་ཚེ་ཆད་པ ་དེའི་ཚེ་སོའི་ཕྲེང་བ་གཉིས་འབྱར་བར་གྱུར་པ་སྟེ། རྩ་དེའི་མིང་ནི་འབར་བའི་ཁ་ཅན་མའོ། །འབྱུང་བ་ཐམས་ཅད་འགྲོ་བའི་ཞེས་བྱ་བ་ནི། འབྱུང་བ་བཞི་པོ་རྣམས་ཀྱི་འགྲོ་བ་ནི་ལམ་སྟེ་འདིའི་རྩའོ། །དུས་ཀྱི་གྲངས་ཀྱིS་ཉི་མ་རྣམས་ཞེས་བྱ་བ་ནི ་ཁ་ཅིག་ན་རེ། མཚན་མོ་གསུམ་མོ་ཞེས་ཟེར་རོ། །མགྲིན་པའི་ངོས་སུ་འགྲོ་བའི་རྩ་གང་གི་ཚེ་ཆད་པ་དེའི་ཚེ། མགྲིན་པའི་ངོས་སུ་སྐྲད་བར་འགྱུར་ཏེ། དེ་ཉིད་ཀྱི་ཚེ་ཁ་སྟེང་དུ་བལྟས་པ་དང་བཅས་པར་འགྱུར་རོ། །བཅུ་བཞི་ནི་ཨཽའི་ཆའོ། །བཅུའི ་ཕྱེད་ཀྱི་སྒྲས་ནི་ཉི་མ་ལྔ་པོ་རྣམས་སོ།། ཐེ་ཚོམ་མེད་ཅེས་བྱ་བ་ནི་ཉི་མ་ལྔ་པོ་རྣམས་ཀྱིས་ལུས་ཅན་རྣམས་འཆིའོ་ཞེས་བྱ་བར་གདོན་མི་ཟའོ། །སྙིང་གི་གཟེབ་ཀྱི་རྩ་ཆད་པས་སྙིང་ཞོམ་པར་འགྱུར་རོ། །ལྔ་གསུམ་ཞེས་བྱ་བ་ནི་ཨཾ?་ངོ། །ཟླ་བ་ཕྱེད ་ན་ཞེས་བྱ་བ་ལ། ཟླ་བ་ཕྱེད་ཀྱིས་ཐེ་ཚོམ་ཟ་ཞེས་བྱ་བ་ནི། འཆི་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་ནང་དུ་འགྲོ་བའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ་ལྟེ་བ་སྐྲང་བར་འགྱུར་རོ། །བཅུ་དྲུག་བདག་ཉིད་ཡང་དག་ཡོངས་གང་ཞེས་བྱ་བ་ནི ་དབྱངས་ཀྱི་བཅུ་དྲུག་པ་སྟེ་ཨ:ཱོ། །སེན་མོ་ཁྲག་མེད་དེ་བཞིན་ལུས་ཞེས་བྱ་བ་ནི། སེན་མོ་ལ་འབབ་པའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ། སེན་མོ་ལ་ཁྲག་མེད་པའི་ལུས་ཏེ། ཁྲག་དང་བྲལ་བར ་འགྱུར་ཞིང། དེའི་ཚེ་ཡང་ཉི་མ་བཅུ་ན་འཆི་བར་འགྱུར་ནའོ། །ཐེ་ཚོམ་མ་ཟ་ཞེས་བྱ་བ་ནི། ཡང་དག་པར་ཉལ་བ་སྟེ། ཉལ་བ་ནི་འཆི་བ་ཞེས་བྱ་བའི་དོན་ཏོ།། བཅུ་བདུན་ལ་ཞེས་བྱ་བ་ནི། བཅུ་བདུན་གྱི་ཆ་སྟེ་ཐིག་ལེའོ། །བརླའི་ཞེས་བྱ་བ་ནི། ་བརླ་རུ་འགྲོ་བའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ། བརླ་སྐྲད་བར་འགྱུར་ཏེ། དེའི་ཚེ་ཉི་མ་ཉི་ཤུ་རྩ་བཞིའི་མཐར་འཆི་བར་འགྱུར་རོ། །བྱིན་པའི་ཟུང་དུ་ཞེས་བྱ་བ་ནི། བྱིན་པ་དག་གི་རྩ་གང་གི་ཚེ་ཆད་པར་འགྱུར་པ་དེའི་ཚེ། བྱིན་པ་བསྐྱོད ་པར་མི་ནུས་སོ། །བཅོ་བརྒྱད་དུ་ཞེས་བྱ་བ་ནི། བཅོ་བརྒྱད་ཀྱི་ཆ་སྟེ། དེ་ཡང་ཐིག་ལེའི་སྟེང་དུ་རྩེ་མོའོ། །གསང་བར་འགྲོ་བའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ། གསང་བའི་རྩ་བར་སྲུབས་མི་མཐོང་སྟེ། ཨཱའི་གཟུགས་དང་རྩ་དེ་ནི་ཆ་བཅུ་གཉིས ་པོའོ། །བཅུ་དྲུག་ཉིད་ཅེས་བྱ་བ་ནི་ཨཱའོ། །གོང་དུ་གསུངས་པ་ཉིད་ནི་བཤད་པར་འགྱུར་རོ། །བཅུ་གཉིས་འདི་ཞེས་བྱ་བ་ནི་སྔན་མ་བཞིན་ནོ། །ལོའི་རིམ་པས་སྦྱང་པ་ནི་གོང་དུ་གསུང་པ་ཁོ་ནའོ། །རིམ་པས་རྗེས་སུ་བདུན་ཅུ་གཉིས་ཞེས་བྱ་བ་ནི། ཡར ་གྱི་ངོ་ལ་བཅུ་གསུམ་དང་བཅུ་བཞི་དང་ཉ་གང་བའོ། །མར་གྱི་ངོ་ལ་ཡང་བཅུ་གསུམ་དང་བཅུ་བཞི་དང། སྟོང་ཞེས་བྱ་བ་སྟེ། ཟླ་བ་གཅིག་ལ་ཉི་མ་དྲུག་གོ། འདི་རྣམས་ཉིད་ནི་ལོ་གཅིག་ལ་བདུན་ཅུ་རྩ་གཉིས་སོ། །རིམ་པའི་རྗེས་སུ་ཞེས་བྱ་བ་ནི། ་གསུམ་པ་ལ་ནི་བཅུ་གསུམ་པ་དང་བཞི་པ་ལ་ཡང་བཅུ་བཞི་པ་དང། ལྔ་པ་ལ་ནི་བཅོ་ལྔ་པའོ། །ཡང་གསུམ་པ་ལ་ནི་བཅུ་གསུམ་པ་དང། བཞི་པ་ལ་ནི་བཅུ་བཞི་པ་དང། ལྔ་པ་ལ་ནི་སྟོང་ཞེས་བྱ་བ་ནི། དོ་གཉིས་ཀྱི་རིམ་པའོ། །སུམ་ཅུ་རྩ་དྲུག ་བཅོ་བརྒྱད་དང་ཞེས་པ་ནི། སུམ་ཅུ་རྩ་དྲུག་གྱི་མཚན་མའི་ཆ་གཉིས་ཀྱིས། བཅོ་བརྒྱད་གཉིས་སུ་འགྱུར་རོ། །དེ་ཉིད་ཐིག་ལེ་གཉིས་ཀྱིས་མཚན་པར་བྱ་ཞིང། བརྒྱད་གཉིས་ཀྱིས་སྦྱར་ནས་བཅུའི་ཆ་ཐ་དད་པར་གཞག་པར་བྱ་སྟེ། སྟེང་གི་ཐིག་ལེ་དང་ཉེ་བར་འོག་གི ་ཐིག་ལེ་གཞུག་པར་བྱའོ། །གཅིག་གཉིས་ཀྱིས་གཅིག་ཏུ་བྱས་ནས། ཉི་ཁྲི་དང་སྟོང་བྲག་གཅིག་དང་དྲུག་བརྒྱའི་སུམ་ཅུ་རྩ་དྲུག་ནི་ཉིན་དང་མཚན་གྱི་དབུགས་འབྱིན་པའི་གྲངས་ཀྱི་ཤིན་ཏུ་རྒྱས་པར་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ཆ་ཞེས་བྱ་བ་ནི་སྐལ་བ་སྟེ ་རྩ་རྣམས་ནི་དགུ་ལ་སོགས་པའི་ཆ་སྟེ། སྦོམ་པོ་ལ་སོགས་པར་ཤེས་པར་བྱའོ། །དབྱངས་ཀྱི་བཅུ་ཞི་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དབྱངས་ཀྱི་སྒྲས་ནི། འདིར་ཆའི་ཚིག་ཏུ་བལྟ་བར་བྱའོ་ཞེས་ཟེར་རོ། །འོ་ཞེས་བྱ་བ་ནི་རྫོགས་པའོ། །རྩ་རྣམས་ཀྱི་མཉམ་པ་ཉིད་དུ་སྦྱོར ་བ་ནི། རྩའི་མཉམ་པར་སྦྱོར་བ་སྟེར་རྩ་ཐམས་ཅད་ཀྱི་བཟློག་པའི་ཆའོ། །དབུགས་དབྱུང་བ་ཞེས་བྱ་བ་ནི། རླུང་སྟེ་དེའི་དབྱུང་བའོ། །དེ་གཉིས་རྗོད་པར་བྱེད་པའི་ཕྱིར། དེ་དེ་བཞིན་དུ་གསུངས་པའི་ཆོ་གའི་ལེའུ་འོ། །ཡང་དག་པར་སྦྱོར་བ་ཞེས་བྱ་བ་གང་ལས་ཚིག་རྐང ་ལ་རྩ་བ་རྣམས་ཀྱིས་ཡང་དག་པར་སྦྱོར་བའོ། །རྩའི་ཡང་དག་པར་སྦྱོར་བ་ནི་སྣའི་ནང་སྙིང་ལ་སོགས་པའི་གནས་སུའོ། །ཆོ་གའི་ལེའུ་ཞེས་བྱ་བ་ནི། འཆི་བའི་མཚན་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ ་པའོ།། །།འཆི་བའི་མཚན་མ་དང་མཚན་མ་ཡོངས་སུ་ཤེས་པ་ལས། གལ་ཏེ་བྱ་བ་དང་དེའི་བཟློག་པའི་བྱ་བ་མི་ནུས་པས། དེ་ནས་འཐོ་བས་རྣམ་པར་ཤེས་པས་ཡོངས་སུ་སྤངས་པ་ལས་ཁྱད་པར་འཕགས་པའི་གནས་སུ་སྐྱེ་བ་ཞེས་བྱ་བ་ནི། ཡན་ལག་དང་ཉིང་ལག་དང ་བཅས་པའི་འཆི་པའི་མཚན་མའི་ལེའུ་དེ་མ་ཐག་ཏུ། ཡན་ལག་དང་ཉིང་ལག་དང་བཅས་པའི་འཕོ་བའི་མཚན་ཉིད་ཀྱི་ལེའུ་ནི། ཉིན་པར་འཚལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་དབན་པོ་ཞེས་བྱ་བ་ནི། ཀྱེ་འཕོ་བའི་ཡེ་ཤེས་ལྷག་པར་མཛད་པའོ། །? ་དགུ་རྣམས་ཀྱི་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་སྒོ་རྣམས་ལའོ། །མཚན་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །རྩའི་སྔོན་གྱི་རབ་གནས་པའི། ཡོན་ཏན་སྐྱོན་སོགས་ཇི་ལྟར་ལགས་ཞེས་བྱ་བ་ནི། སྔོན་གྱི་རབས ་ཀྱི་རྩ་དགུའི་གནས་རྣམས་ཀྱི་རྩ་དགུའི་གནས་རྣམས་ཀྱི་ཡོན་ཏན་སྐྱོན་ཇི་ལྟར་ལགས་ཞེས་བྱ་བ་སྟེ། དེ་ཡང་དང་པོ་ནི་སྔོན་གྱི་རབས་ཞེས་བྱ་བའི་དོན་ཏོ། །དེའི་དབྱེ་བ་ཞེS་བྱ་བ་ནི་སྒོ་ལ་སོཌ་པའི་དབྱེ་བ་སྟེ། ཕན་ཚུན་གྱི་ཁྱད་པར་རོ། །ལན་གསུངས་པ། ་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། འཕོ་བའི་དངོས་གྲུབ་ཀྱི་དོན་དུའོ། །དང་པོར་ཞེས་བྱ་བ་ནི། གཏུམ་མོའི་རྣལ་འབྱོར་གྱིས་སོ། །བདག་ཉིད་ནི་ལུས་སོ། །སྦྱང་བྱ་ཞིང་ཞེས་བྱ་བ་ནི། མཐུན་པར་བྱེད་པའོ།། ་ཕྱི་ནས་ལས་རྣམས་ཞེས་བྱ་བ་ནི། སྦྱངས་མ་ཐག་ཏུ། ཅིར་འགྱུར་ཞེ་ན། དྲུག་དང་རིམས་གྱི་ཚ་བ་འཕྲོག་ཅེས་བྱ་བ་ནི། འགེངས་པ་དྲུག་ན། དུག་དང་རིམས་ཀྱི་ཚ་བ་འཕྲོག་པ་སྟེ། འགེངས་པར་བྱེད་པའི་ད་ལྟར་གྱི་འབྲས་བུའོ། །པུམ་བསྒོ་ནི་རེངས ་བར་བྱེད་ཅེས་པ་གསུངས་ཏེ། འདི་ཉིད་ནི། དེ་བཞིན་དུ་རང་གི་ངང?་གིས་ཞུགས་པའི་རླུང་ལྟེ་བར་མནན་པ་ཞེས་བྱ་བ་ནི་བུམ་པའི་རླུང་གི་མཚན་ཉིད་དོ། །དེ་ལྟར་མཚན་ཉིད་ཀྱི་བུམ་པས་ལུས་ཀྱི་སྒོ་རྣམས་རེངས་པར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། སྒོ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྒོའི་བུག་པ་རྣམས་ཀྱི་སྤྱོད་པ་ཉིད་ནི་མཛེས་པ་ཞེས་གསུངས་སོ།།འབྱིན་པས་ཞེས་བྱ་བ་ལ་སོགས་ག་གསུངས་ཏེ། འབྱིན་པས་སྒོ་བརྒྱད་པོ་རྣམས་སུ་མནན་ན་སྟེང་གི་གྲོལ་བ་ཡིན་ཏེ། འདིས་ནི་འཕོ་བའི་རྣལ་འབྱོར་ཉིད་ཡིན་ནོ། །དེ་བཞིན ་དུ་རླུང་འདི་ཕྱི་རོལ་དུ་སོར་བཅུ་གཉིས་བཏོན་ནས་གཟུད་བར་བྱའོ་ཞེས་བྱ་བ་ནི། འབྱིན་པར་བྱེད་པའི་མཚན་ཉིད་དོ། །དེ་ལྟར་གྱུར་པའི་འབྱིན་པས་ན་ཆེགས་དེའི་དངོས་པོའི་ཕྱིར་དབྱུང་བར་བྱའོ། ཞེས་བྱ་བའོ། །རབ་ཏུ་ཞི་བ་ཞི་བས་འབབ་ཅེས་བྱ་བ་ནི། རླུང་འཇུག ་པར་མི་བྱེད་པ་དང། སྦྱིན་པར་མི་བྱེད་པ་སྟེ། དེ་བཞིན་དུ་འདི་སྣའི་རྩེ་མོ་ཙམ་དུ་བལྟ་བར་བྱ་ཞེས་བྱ་བ་ནི། རབ་ཏུ་ཞི་བའི་མཚན་ཉིད་དོ། །རབ་ཏུ་ཞི་བས་ཞི་བ་དང་ཞི་བ་ཉིད་ནི། རབ་ཏུ་ཞི་བ་ཞི་བའོ། །འདི་ལྟར་རླུང་དབང་དུ་གྱུར་པས། མནོན་པར་འདོད་པའི ་སྒོ་ནས་བཏོན་པས་འཕོ་བའི་འབྲས་བུར་འགྱུར་རོ། །ཕ་རོལ་འགྲོ་བའི་རྣམ་པར་ཤེས། དབྲོག་པའི་ཆོ་ག་བཤད་པར་བྱ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་དབྲོག་པ་ཞེས་བྱ་བ་དང། བཤད་པར་བྱ་ཞེས་བྱ་བར་འབྲེལ་ཏོ། །ཆོ་ག་ཞེས་བྱ་བ་ནི། མན་ངག་གི་ཆོ ་གའི་རིམ་པས་སོ། །ཕ་རོལ་འགྲོ་བ་ནི་ལྷག་པར་ཡང་གོམས་པས་ཕ་རོལ་ཏུ་འགྲོ་བ་སྟེ་རྣལ་འབྱོར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྔོན་མ་སྦྱངས་བ་ལས་ཕྱི?་རོལ་རྣམས་སྦྱང་བ་བྱ་སྟེ་ཞེས་བྱ་བ་ནི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི། ་རྣམ་པར་ཤེས་པ་དབྲོག་པའི་རྣལ་འབྱོར་གྱིས་སོ། །གནས་གཉིས་ཀྱི་ནི་སེམས་ཀྱི་ནི་ཞེས་བྱ་བ་ལ་གནས་གཉིས་ནི་གནས་གཉིས་ཞེས་བྱ་བའི་དོན་ཏོ། །སྐུ་དང་ཐུགས་ཞེས་བྱ་བར་ཤེས་པར་བྱའོ། །སེམས་ཀྱི་ནི་ཞེས་བྱ་བ་ནི་ཐུགས་ཏེ། སྐུའི་སེམས་དང ་ཐུགས་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །འདིས་ཅིར་འགྱུར་ཞེ་ན། རླུང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་འོག་ཏུ་སོར་བཞི་པོར་ནས་རླུང་གི་དཀྱིལ་འཁོ་གྱི་སེམས་ཀྱིས་ནི་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེའི ་སྟེང་དུ་ཅི་ཞེ་ན། རླུང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པནང་གིS་སྒྲ་ནི་སྟེང་གི་ཚིག་གོ་།རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་དེ་ཅི་ཞེ་ན། མེ་ཡི་ནི་ཞེས་བྱ་བ་གསུངས་ཏེ། དེའི་སྟེང་དུ་མེའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དབྱེ་བར་ཞེས ་བྱ་བ་ནི། རླུང་གི་དཀྱིལ་འཁོར་གྱིS་མེའི་དཀྱིལ་འཁོར་འབད་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ནས་ཡང་དུ་ཞེས་བྱ་བ་ནི་ཤིན་ཏུ་ཞེས་བྱ་བའི་དོན་ཏོ། །ཱ་ལི་ཞེས་བྱ་བའི་ས་བོན་ནི་ཨཾ་ངོ། །ཀཱ་ལི་ཞེས་བྱ་བ་ནི། གཱ་ལིའི་ས་བོན་ནི་ཧཱུཾ་ངོ། །ལྡན་པར་ནི? ་ཞེས་བྱ་བ་ནི་སྔ་མ་ཉིད་དོ། །དེའི་ཞེས་བྱ་བ་ནི་དེ་དག་གི་ཞེས་བྱ་བའི་དོན་ཏོ། །ལྟེ་བ་དང་སྙིང་དག་ལ་གོ་རིམས་བཞིན། ཨཾ་ཧཱུཾ་གི་ས་བོན་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་སྦྱར་བར་བྱ་ཞེས་བྱ་བ་ནི། ་དེའི་ས་བོན་གཉིས་ཏེ། སྐུའི་སེམས་དང་ཐུགས་ཀྱི་སེམས་ཀྱིས་རྣམ་གཞག་གོ་ཞེས་བྱ་བའི་དོན་ཏོ། །འབྱིན་དང་རྡུབ་པའི་ཞེས་བྱ་བ་ལ། འབྱིན་པ་ནི། དབུགས་འདོན་པའོ། །རྡུབ་པ་ནི་དབུགས་འཇུག་པ་སྟེ། དེ་དག་གི་བཟླས་པའོ། །དེ་ཉིད་ཀྱི་ཕྱིར། ་བཟླས་པ་ཡི་ཞེས་བྱ་བ་གསུངས་སོ། །རྣལ་འབྱོར་པས་ཞེས་བྱ་བ་ནི། དེ་ལྟར་གྱུར་པ་ཟློས་པའི་རྣལ་འབྱོར་པ་རྣམས་ཀྱི་མཉམ་པར་བཞག་བའི་སེམས་ཀྱི་དེ་ལྟར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཡང་ཇི་ལྟར་དེ་སྐད་དུ་བཟླས་ཤེ་ན། ཡེ་ཤེས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་ས་བོན་ནི་སྙིང་གི་པདྨར་གཤེགས་པའི་ཧཱུཾ་ངོ། །དེའི་འབྱིན་པས་ཞེས་བྱ་བ་ནི། གཏུམ་མོའི་ས་བོན་གྱི་འོད་ཟེར་དང་ལྡན་པས་མེའི་རང་གི་ངོ་བོ་རླུང་གིས་བསྐུལ་བས་བསྣུན་པར་བསམ་པར་བྱའོ། །དེའི ་པདྨ་དང་དེ་ཉིད་ཁ་སྟེང་དུ་བལྟས་པར་འགྱུར་རོ། །དེ་ལྟར་ཕྱིར་ཞིང་ཕྱིར་ཞིང་བསམ་པར་བྱའོ། །ཡང་ཅི་བྱ་ཞེ་ན། དབྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པ་དང་དེས་བསྣུན་པས་སྙིང་གི་པདྨར་སོན་པའི་རྣམ་པར་ཤེས་པ་ལྐོག་མ་དང་སྤྱི ་བོའི་ཡུལ་གྱི་མཐར་རོ། །དབྲོག་པ་ནི་ཁྱེར་ཞེས་བྱ་བའི་དོན་ཏོ། །ཡང་རྡུབ་པའི་རླུང་གིས་དེ་བཞིན་དུ་འདི་སྙིང་གི་པདྨར་སོན་པར་བསམ་པར་བྱའོ། །འདི་སྐད་དུ། འདོན་པ་དང་འཇུག་པའི་རླུང་དག་གིས་སྟེང་དང་འོག་དག་ཏུ་ཁྱེར་པའི་རྣམ་པར་ཤེས་སོ ་པ་བསམ་བར་བྱའོ་ཞེས་བྱ་བ་ནི་རྣམ་བར་ཤེས་པ་དབྲོག་བར་བྱའོ། །མེ་ཏོག་ལྟ་བུར་ཞེས་བྱ་བ་ནི། ཇི་ལྟར་རླུང་གིས་ཀཱ་སིའི་མེ་ཏོག་ཁྱེར་བ་དང་འགུགས་པ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་འབྱིན་པའི་བཟླས་པ་དག་གིས་དེ་གྲུབ་པའི་རྣལ་འབྱོར་པ ་རང་གི་རྣམ་པར་ཤེས་པ་ཕྱི་རོལ་ཏུ་བྱེད་དོ་ཞེས་བྱ་བར། འབྱིན་ཙེས་བྱ་བ་ལ་སོགས་པ་གསུངས་པ་ནི། འབྱིན་པའི་བཟླས་པ་སྟེ། འབྱིན་པ་དང་རྡུབ་པའི་བཟླས་པ་ཞེས་བྱ་བའི་བར་གྱི་ཆིག་ཕྱིས་བའི་བསྡུ་བ་དང་རང་གི་དོན་ལ་ཨ་ཎའོ། །རྣལ་འབྱོར་པའི ་ཞེས་བྱ་བ་ནི། འབྱིན་པ་གོམས་པ་དང། བཟླས་པ་གོམས་པ་ནི་རྣལ་འབྱོར་པའོ། །བདག་ཉིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའོ། །འབྱིན་དང་རྡུབ་པའི་མཚན་ཉིད་ནི་ཞེས་བྱ་བ་ནི། འབྱིན་པ་དང་རྡུབ་པའི་མཚན་ཉིད་ཀྱིS། བཟླས་པས་ཞེས་བྱ་བའི་དོན་ཏོ། །ཅི་ཞེ་ན་? ་ཉིད་ཅེས་གསུངས་ཏེ། རྣལ་འབྱོར་པའི་སེཾས་མཉམ་པ་ཞེS་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་བསྒོམས་པས་ནི་ཞེས་བྱ་བ་གསུངས་ཏེ། དེ་དག་གི་རྣམ་པར་ཤེས་པ་དང་རླུང་དག་གི་རང་བཞིན་ནི་དེ་ཁོ་ན་ཉིད་དོ། །དེའི་བསྒོམ་པ་གང་ཞིག་གོམས་པ་དེ་ནི་མཉམ་པ ་ཉིད་ཅེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་ནི་རང་བཞིན་འོད་གསལ་བ་དང། རླུང་ཡང་དེའི་ངོ་བོའི་ཕྱིར་རང་བཞིན་འོད་གསལ་བ་ཉིད་དོ། །གང་ཡང་འབྱིན་པ་དང་རྡུབ་པ་དག་གི་སྤྱིའི་མཚན་ཉིད་ཅེས་བྱ་བ་ནི། དེ་དག་གི་དེ་ཁོ་ན་ཉིད་དོ་ཞེས་འཆད་དོ།། ་ཅི་རེས་འགའ་གོམས་པར་བྱས་པ་ལས་དེ་སྐད་བརྗོད་དམ་ཞེ་ན། མཉམ་གཞག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པར་གཞག་པ་ནི་རྣལ་འབྱོར་པའོ། །དངོས་པོ་བསྒོམ་པས་ནི་ཞེས་བྱ་བ་ནི་ཡང་དང་ཡང་བསྒོམས་པས་སོ། །འགྲུབ་འགྱུར ་ཞེས་བྱ་བ་ནི། མངོན་པར་འདོད་པའི་དོན་གྲུབ་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདི་ལ་ཐེ?་ཚོམ་མེད་ཅེས་བྱ་བ་ནི། ནོར་བུ་དང་སྔགས་དང། སྨན་རྣམས་ཀྱི་མཐུ་བསམ་གྱི་མི་ཁྱབ་པའོ། །ད་ནི་ནང་གི་བདག་ཉིད་ཅན་གྱི་ལས་རྒྱས་པ་ནི། དེ་ལས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་འཕོ་བའི་རྣལ་འབྱོར་གྱི་ལས་རྣམས་ཀྱིའོ། །ཕྱི་རོལ་ནི་གཞན་རྣམས་ཤེས་བྱ་བའི་དོན་ཏོ། །ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པ་ཞེས་བྱ་བ་ལྷག་མའོ། །མང་པོའི་ཚིག་ནི་རིམ་འགྲོ་བྱེད་པ་མང་བའི་ཕྱིར་རོ།། ་ཕྱི་རོལ་ནི་བཞད་པར་བྱ་ཞེས་བྱ་བ་གོང་གི་བྱ་བ་ཉིད་དང་སྦྱར་རོ། །ལུས་ཀྱི་ནི། སྒྲུབ་པ་པོའི་རྣམ་པར་སྤྲུལ་ཞེས་བྱ་བ་ལ། སྒྲུབ་པ་བོའི་ཞེས་བྱ་བ་ནི་རྣལ་འབྱོར་པའི་འོ། །ལུས་ཀྱི་སྤྲུལ་ཞེས་བྱ་བ་ནི་སྤྲུལ་པ་སྟེ། རྣམ ་པར་ཤེས་པ་དབྲོག་པའི་རིམ་འགྲོ་བྱེད་པའི་བྱ་བ་ཞེས་བྱ་བའི་དོན་དང་རྣལ་འབྱོར་པས་རང་གི་ལུས་ཉིད་ལ་དང་པོར་བསྒོམ་པར་བྱའོ་ཞེས་དགོངས་པའོ། །དེ་ཉིད་ནི། བྱུང་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉི་མའི་ལམ་གྱི་ཤེས་བྱ་བ་ནི། ་གཡས་པའི་སྣའི་ཁུང་བུས་སོ། །ང་དང་ཞེས་བྱ་བ་ནི། ཐབས་ཀྱི་ཆ་སྟེ་ཀ་ལ་སོགས་པའོ། །ལྷ་མོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆ་སྟེ། ཨ་ལ་སོགས་པའོ། །ང་དང་ལྷ་མོ་དེ་ནི། ང་དང་ལྷ་མོའོ། །དེ་ཅིར་གྱུར་པས་ཤེ་ན། ཆ་ལྡན་པ་ཞེས་གསུངས་ཏེ། ་ཆ་ཟླ་བ་ཕྱེད་པ་དང་ཐིག་ལེར་བཅས་པ་སྟེ་དབྱངས་ཀྱི་དང་པོའོ། །དེ་དང་ལྡན་པ་ནི་ཕྱུང་ནས་ཤེས་བྱ་བའི་དོན་ཏོ། །དེ་ནི་བསྒྲུབ་བྱའི་སྙིང་ནང་ཞུགས་པ་ཞེས་བྱ་བ་དང། བསྒྲུབ་བྱའི་རྣམ་ཤེས་ཕྲོགས་ཤེས་བྱ་བར་འབྲེལ་ཏོ། །རྣམ་བར་ཤེས ་པ་དེ་ཇི་ལྟ་བུར་བྱ་ཞེ་ན། ཁྱེད་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་དང་ལྷ་མོས་ཁྱེར་བའོ། །རྣམ་ཤེས་ཤེས་བྱ་བ་ནི་ཤེས་པའོ། །གཞུག་པར་བྱ་ཞེས་བྱ་བ་ནི། རྣལ་འབྱོར་པའི་རང་གི་ལུས་ལ་གཞུག་པའོ། །ཡང་ཇི་ལྟ་བུ་ཞེ་ན། ་འོག་གི་མིའི་འཁོར་ལོར་སྦྱར་ཞེས་གསུངས་ཏེ། ལྟེ་བའི་དཀྱིལ་འཁོར་གྱི་འོག་ཏུ་འཁོར་ལོར་མེའི་དཀྱིལ་འཁོར་ལ་སྦྱར་བ་ནི་བཅུག་པའོ། །འཁོར་ལོ་ཞེས་བྱ་བ་ནི་བདུན་པ་ཕྱིས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མེ་ནི་རླུང་གིས ་གསལ་བྱེད་ཅིང་ཞེས་བྱ་བ་གསུངས་ཏེ། རླུང་ཀི?་དཀྱིལ་འཁོར་གྱིས་བསྐུལ་བས། མེའི་དཀྱིལ་འཁོར་གྱིS་གསལ་བ་ནི་བསྲེགས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་རྗོད་དེ། །སྤྲུལ་པའི་འཁོར་ལོར་གནས་པའི་གཏུམ་མོའི་ས་བོན་དང་ཐིག ་ལེ?་འབར་བ་ལས་བྱུང་བ་དག་གིས་ཏེ། ཨལ་སོགས་པ་དང། ཀ་ལ་སོགས་པ་དག་གི་ཐབས་དང་ཤེས་རབ་དག་གིས་འབར་བའི་རྣམ་པ་དག་གིS་སྣ་ཁུང་གཡས་པ་ནས་བྱུང་བས་བསྒྲུབ་བྱའི་སྣ་ཁུང་གཡོན་པར་ཞུགས་པ་དག་གིས་དེའི་རྣམ་པར?་ཤེས་པ་སྙིང་གི ་ནང་དུ་སོན་པ་རིན་པོ་ཆེ་འབར་བའི་རྣམ་པ། རང་གི་འོད་ཟེར་གྱིས་ཁྱབ་པར་བྱས་ནས། བདག་ཉིད་ཀྱི་ནང་དུ་ཁྱེར་ཏེ། དེའི་ཡང་སྣ་ཁུང་གཡས་པ་ནས་བཏོན་ཅིང་རང་གི་སྣ་ཁུང་གཡོན་པར་ཞུགས་པ་དག་གི་སྟེ། ལྟེ་བའི་འོག་ཏུ་མེའི་དཀྱིལ་འཁོར་བ?་རླུང་གི ་དཀྱིལ་འཁོར་གྱིས་གསལ་བར་དེ་བཅུག་ཅིང་བསྲེག་པར་བསམ་པར་བྱའོ་ཞེས་བྱ་བ་ནི། བཞན་གྱི་རྣམ་པར་ཤེས་པ་དབྲོག་པའོ། །འདིས་ནི་བསྒྲུབ་བྱ་ཡང་ཁྱབ་པ་སྟེ། གནས་ཞེས་བྱ་བ་ལ་སོགས་པའོ། །ཟད?་པར་ཞེས་བྱ་བ་ལ། ཟད་པ་ནི་ཁྱབ་པ་སྟེ། ཇི་སྲིད་དུ ་མཁྱེན་པ་དེ་སྲིད་དུ་ལྐུག་པ་ལྟ་བུར་གནས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གཞན་གྱི་གྲོང་ཁྱེར་དུ་འཇུག་པ་ལ་ཡང་བརྙེགས་ཏེ། འོན་ཀྱང་བདག་གི་ལུས་སྤངས་པས་གནས་པ་ཞེས་བྱ་བ་ནི་ཁྱད་པར་རོ། །ད་ནི་འཕོ་བའི་གནས་སྐབས་གསུངས་པ། འཆི་བའི ་ཞེས་བྱ་བ་ལ་སོགས་པ་ནི། སྔར་གསུངས་པའི་འཆི་བའི་མཚན་མ་སྟེ། དེ་ཤེས་ནས་ཅུང་ཟད་བསྲུང་བར་མི་ནུས་པར་ཤེས་ནས་འཕོ་བར་བྱའོ་ཞེས་བྱ་བ་ནི། འཆི་བའི་དུས་རྙེད་པ་རྣམས་ཀྱིའོ། །འཕོ་བའི་རྣལ་འབྱོར་དམ་པ་ཉིད་ཅེས་བྱ་བ་ནི། འཕོ་བའི ་རྣལ་འབྱོར་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་དོན་ཏོ། །འཆི་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། འཆི་བའི་དུས་སུ་བསྟན་པ་ཉིད་ཅེས་བྱ་བ་ནི། འཆི་བའི་མཚན་མ་ཞེས་བྱ་བའི་དོན་ཏོ། །འདིས་འཆི་བར་བགྲང་བར་བྱེད་པའི་ཕྱིར། འཆི་བའི་དུས་སུའོ། ་རིམས་ལ་སོགས་པས་མ་ཕྱེ་བའི་ཞེས་བྱ་བ་ནི། རིམས?་དང་ནད་དང་རིང་པ་རྣམས་ཀྱི་འཕོ་བར་མི་ནུས་སོ། །ཞེས་བྱ་བར་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། རྣལ་འབྱོར་པས་མི?་བཅིང?་བར་བྱ་ཞེས་བྱ་? ་ཀྱི་རྣལ་འབྱོར་མ། རྣལ་འབྱོར་པས་སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་བཅིངས་པ་ནི། དེ་ཡང་བཅིངས་པའོ། །སྲོག་དང་རྩོལ་བ་བྱ་ཞེས་བྱ་བ་ནི། བྱ་བ་རྣམས་ཞེས་བྱ་བའི་དོན་ཏེ། མིག་དང། རྣ་བ་དང། སྣའི་དབུགས ་དང། ཁ་རྣམས་ཀྱི་རང་གི་སོར་མོ་བརྒྱད་ཀྱིས་བཀག་པ་ནི་སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་སྟེ། སྟེང་དང་འོག་ཏུ་སྲོག་དང་རྩོལ་བའི་རླུང་མནན་པའོ། །ཁ་ཅིག་ན་རེ་འབད་པ་མེད་པར་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པ་ནི་སེང་གེ་རྣམ་པར་རོལ་པ ་ཞེས་ཟེར་རོ། །ཁྱོད་ཀྱི་གནས་ཀྱི་རྣལ་འབྱོར་ལས་ཤེས་བྱ་བ་ལ། ཁྱོད་ཀྱི་སྒྲ་ནི། ངེས་བ་མེད་པར་བྱས་ཞེས་བྱ་བ་ལ་སོགས་པའི་བྱ་བ་ལ་ལྟོས་པ་སྟེ། དེ་ཡང་ཤེས་རབ་ཅེས་བྱ་བའི་ཐ་ཚིག་གོ་།དང་ཞེས་བྱ་བའི་སྒྲ་ཡང་དེ་སྐད་དུ་གོང་དུ་གསུངས་པའི ་ཐབས་ཀྱི་ཐ་ཚིག་སྟེ། འདིར་ནི་གནས་ནི་ཐབས་ཀྱི་ཆའོ། །ཁྱོད་དང་གནས་ཞེས་བྱ་བ་ནི། ཁྱོད་ཀྱི་གནས་ཏེ། དེ་དག་གི་རྣལ་འབྱོར་ལས་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏོ། །སྟེང་དུ་འགྲོ་བའི་རླུང་ནི་ཤེས་རབ་བོ། །འོག་ཏུ ་འགྲོ་བ་ནི་ཐབས་སོ། །འདིས་ཙིར་འགྱུར་ཞེ་ན། སྦངས་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ལུས་སྤངས་ནས་སྟེང་གི་ལམ་གྱིས་འཕོ་བའོ། །བྱ་ཞེས་བྱ་བ་ནི་བྱ་བའི་རྣལ་འབྱོར་རོ། །འབྱེད་པའི་འཕོ་བ་ནི་གཉིས་པ་ཕྱིས་ནས་བདུན་པའོ།། ་གཞན་གྱི་གྲོང་ཞུགས་ཏེ་ཞེས་བྱ་བ་ནི། འདི་ཉིད་ཀྱི་རྣལ་འབྱོར་གྱིས་གཞན་གྱི་གྲོང་དུ་འཇུག་པས་སྣ་ཚོགས་པའི་ལོངས་སྤྱོད་ལ་སོགས་པའི་ལས་རྣམས་ཡང་བྱེད་དོ་ཞེས་བྱ་བར་སྦྱར་རོ། །འདིའི་འདི་ཉིད་ནི། དེ་ཉིད་ཅེས་བྱ་བ་ལ་སོགས་པ ་གསུངས་ཏེ?། རིམ་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། གོམས་པའི་རྣལ་འབྱོར་གྱིས་སོ། །རང་གིས་ལུས་ཀྱི་རྣལ་འབྱོར་ཞེས་བྱ་བ་ནི། འཆི་བའི་མཚན་མ་ཤེས་ནས་ཆོ་ག་འདིས་སྔོན་གྱི་ལུས་སྤངས་ནས་ལུས་གང་ལ་ཞུགས་པ་དེ་ཉིད་རང་གི ་ལུས་ཏེ། དེ་དང་ལྷན་ཅིག་པའི་རྣལ་འབྱོར་རོ། །འདོད་ཅེས་བྱ་བ་ནི། གང་གི་ཚེ་འདོད་པ་ནི་རང་གི་ལུས་ཀྱི་རྣལ་འབྱོར་བྱེད་པ་དེ་ཉིད་ཀྱི་ཚེ་དེ་བསྒྲུབ་པར་ནུས་སོ་ཞེས་བྱ་བར་དགོངས་པའོ། །འདིས་ནི་ཆོ་གའི་བདག་ཉིད་མན?་པོ་བཤད་པ། དེ་ལྟར་བྱེད་པ་ནི། འགྲོ་བ? ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་གི་འགྲོ་བ་དང་འོང་བ་དེ་དག་ཁྱད་པར་དུ་འཕགས་པའི་དབྱེ་བས་འདོད་པའི་དབང་གིས་གནས་རྙེད་པ་སྟེ། དེ་གོམས་པར་བྱའོ། །གང་ཞིག་མཉམ་པར་གཞག་པས་བྱེད་ཅེས་པ་ལ། མཉམ་པར་བཞག་པ་ནི། ་གཞན་གྱི་བྱ་མེད་པ་སྟེ། དེ་ནི་འདི་སྐད་དུ་ནུས་སོ་ཞེས་བྱ་བའི་དོན་ཏོ། །བསྔགས་པ་ནི། མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་མོ་རྣམས་ཞེས་བྱ་བ་ནི། རྣལ་འབྱོར་གྲུབ་མའོ། །དཔའ་བོ་ཀུན་གྱི་བདག་པོ་དང། མཁའ་འགྲོ་མ་དང། ་རྣལ་འབྱོར་གྱི་མ་མོ་རྣམས་ཀྱིས་མཆོད་ཅེས་བྱ་བ་ནི། གསུམ་པ་ལ་དང་པོའོ། །རིང་པོ་ནས་ཐོས་པ་ལ་སོགས་པས་ནི་མངོན་པར་ཤེས་པ་དྲུག་བསྟན་པ། རིང་པོ་ཐོས་པ་ནི། རིང་པོ་ནས་ཉེ་བ་བཞིན་དུ་ཐོས་པ་སྟེ། དེ་ཡང་རྣམ་པར་དབྱེ་བ་མེད་པའོ།། ་འདིས་ནི་ལྷའི་རྣ་བ་བསྟན་ཏོ། །གཞན་གྱི་སེམས་རྗེས་སེམས་ཀྱི་ནི་ཞེས་བྱ་བ་ལ། རྗེས་ཀྱི་སེམས་ནི་རྗེས་གྱི་སེམས་སོ། །གཞན་ཀྱི་སེམས་ཀྱི་རྗེས་སུ་སེམས་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། དེ་ཡིན་ནོ་ཞེས་བྱ་བ་དགོད་པ་སྟེ། ་དང་པོ་ལ་དྲུག་པའོ། །དེ་ལྟར་གང་གིས་ཤེས་ཤེ་ན། ཤིན་ཏུ་མཁས་པས་ཤེས་པར་བྱ་ཞེས་གསུངས་ཏེ། ཤེས་སོ་ཞེས་བྱ་བའི་དོན་ཏོ། །བསྒོམ་དང་བཟླས་པའི་ཁྱད་པར་གྱིས་ཞེས་བྱ་བ་ནི། བཟླས་པ་དང་བསྒོམ་པའི་ཁྱད་པར་གྱིS་གང་གི་རྣལ ་འབྱོར་གྱི་དེ་ནི་བཟླས་པ་དང་བསྒོམ་པའི་ཁྱད་པར་རོ། །བཟླས་པ་དང་བསྒོམ་པ་དག་གིS་རྣལ་འབྱོར་གྱི་ཁྱད་པར་དམ་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གང་གི་ལམ་རྣམས་བསམས་ནས་ནི། འགྲུབ?་འགྱུར་ཞེས་བྱ་བ་ནི། གང་གི་རྣལ་འབྱོར ་པས་གང་དང་གང་བསམས་པར་གྱུར?་པ་དེའི་དེ་དང་དེའོ། །ལམ་རྣམས་ནི་མདོན་པར་འདོད་པ་ཤེས་པ་རྣམས་ཞེས་བྱ་བའི་དོན་ཏོ། །བསྒོམ་པའི་སྟོབས་ཀྱིས་མ་གྲུབ་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་དགོངས་པའོ།། ་སྔོན་བཞིན་འཁོར་ལོ་གང་གསུངས་པ་ཞེས་བྱ་བ་ལ་སོགས་པས་གོམས་པ་གསུངས་པ། གོང་དུ་གསུངས་པའི་ལྡེ་བའི་དཀྱིལ་འཁོར་དུ་སོན་པའི་འཁོར་ལོ་རླུང?་གིས་བསྐུལ་བས། མེ་འབར་བར་བལྟས་ནས་དེར་སོན་པའི་ས་བོན་གྱི་འོད ་ཟེར་ཆོས་ཀྱི་འཁོར་ལོར་ཕྱིན་པའི་ཧཱུཾ་གི་འོད་ཟེར་དང། ལྷན་ཅིག་གཅིག་ཏུ་གྱུར་པས་གཡས་པའི་སྣའི་ཁུང་བུ་ནས་ཕྱུང་སྟེ། འཇིག་རྟེན་གསུམ་དུ་ཕྱིན་པའི་སྒྲའི་ཚོགས་དང། གཅིག་ཏུ་གྱུར་པས་ཡེ་ཤེས་དང་དམ་ཚིག་དག་རྨ་བ་དག་དུ?་རབ ་ཏུ་ཞུགས་པར་བསམ་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གཞུག་པར་བྱ་ཞེས་བྱ་བ་ནི་གཏུམ་མོའི་འོད་ཟེར་རོ། །འཇིག་རྟེན་གསུམ་དང་བསྲེས་ནས་ནོ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་དུ་སོན་པའི་སྒྲའི་ཚོགས་ཀྱིས་ཞེས་བྱ་བའི་དོན་ཏོ།། ་མེའི་མེ་སྟག་ལྟ་བུར་འཁོར་ཞེས་བྱ་བ་ནི། མེ་འབར་བ་བཞིན་དུ་འཁོར་བ་སྟེ། དེ་ལྟར་གྱུར་བར་བསྒོམ་པར་བྱའོ། །དེའི་འོད་ཟེར་དེ་གང་ཞེ་ན། གཞུག་པར་བྱ་ཞེས་གསུངས་ཏེ། སྙིང་དུ་སོན་པའི་པདྨར་གནས་པའི་ཧཱུཾ་གི་འོད་ཟེར་ཞུགས་པ་སྟེ་དེའི ་འོད་ཟེར་དང་གང་ཞིག་གཏུམ་མོའི་འོད་ཟེར་གཅིག་ཏུ་འདྲེས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཤེས་རབ་ལྡན་པར་ཞེས་གསུངས་ཏེ། ཤེས་རབ་ཀྱི་ངོ་བོ་ཇི་ལྟར་ཡིན་པ་དེ་བཞིན་དུ་ཧཱུཾ་གི་འོད་ཟེར་དང་གཅིག་ཏུ་གྱུར་པ་ཞེས་བྱ་བར་དགོངས་པའོ།། ་རླུང་གིས་ཞེས་བྱ་བ་ནི་འོག་ཏུ་འགྲོ་རླུང་གི་དཀྱིལ་འཁོར་གྱིས་སོ། །བསྐྱོད་ནས་ནི་ཞེས་བྱ་བ་ནི། སྐུལ་བ་སྟེ་ཇི་ལྟར་གྱུར་པ་དེ་བཞིན་དུ་ཡང་ཧཱུཾ་གི་འོད་ཟེར་དང་གང་ཞིག་གཏུམ་མོའི་འོད་ཟེར་ལྷན་ཅིག་གཅིག་ཏུ་གྱུར་པ་དེ་གོང་དུ་གསུངས་པས། ་བསྒོམ་བར་བྱའོ་ཞེས་བྱ་བ་ནི་ཡན་ལག་གི་དོན་ཏོ། །འདི་ལྟར་ནི། རིང་བ་ཞེས་བྱ་བ་ནི། ཉེ་བ་ལྟ་བུར་ད་ལྟར་གྱི་རིང་བའོ། འཁོར་བ་ནི་ད་ལྟར་རིང་པོ་མ་ཡིན་པ་སྟེ། ད་ལྟར་གྱི་ཉེ་བ་བཞིན་དུ་རྣལ་འབྱོར་མས་མཐོང་ངོ་ཞེས་བྱ་བར་དགོངས་པ་སྟེ། འདིར་རྣལ ་འབྱོར་མ་གཙོ་མོའི་ཕྱིར་རོ། །ལྷའི་རྣ་བ་དང་ལྷའི་མིག་བསྟན་ཏོ། །གཞན་གྱི་སེམས་ཤེས་པ་ཡང་འདི་ལྟ་བུ་ཉིད་དོ། །རྫུ་འཕྲུལ་གྱི་ཆོ་གའི་ཡེ་ཤེས་ལ་སོགས་པ་ནི་འདི་དག་རྗེས་སུ་བཙལ་བས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་དང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གསུངས་པ་ནི་ཞེས་བྱ་བ་ནི་ལེའུ་གཞན་ལས་གསུངས་པའོ། །མ་གསུངས་པ་ནི་ཞེས་བྱ་བ་ནི་ལེའུ་འདི་ལས་མ་གསུངས་པའོ། །བཤད་བྱ་ཡིས་ཞེས་བྱ་བ་ནི། བཤད་པ་ལྟ་བུར་བྱས་པ་ཞེས་དགོངས་པ་སྟེ། གཞན་དང ་འདིར་གསུངས་པའི་ཕྱིར་རོ། །སྒྱུ་མ་ཆེན་མོ་ཞེS་བྱ་བ་ནི། ཀྱེ་སྒྱུ་མ་ཆེན་མོའོ། །འགྲོ་པའི་སྒོ་ནི་མཛེས་པ་ཉིད་ཅེས་བྱ་བ་ནི། འགྲོ་བའི་དོན་ཏེ། མཛེས་པའི་སྒོ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ?་སླའོ། ལྟེ་བ ་འོད་ཅན་མཐོ་རིས་ཀྱི་ཞེས་བྱ་བ་ནི། ལྟེ་བའི་ཁུང་བུ?་ནས་གང་གི་ཚེ་རྣམ་པར་ཤེས་པ་འགྲོ་བ་དེའི་ཚེ། འདོད་པའི་འབྲས་བུར་འགྱུར་ཏེ། འདོད་པའི་ཁམས་ཀྱི་ལྟར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། ཐིག་ལེ་ཞེས་བྱ་བ་ནི། སྨིན་མའི་དབུས ་སུ་སོན་པའི་བུག་པ་ནས་གང་གི་ཚེ་འགྲོ་བདེའི་ཚེ་གཟུགས་ཀྱི་ཁམས་སུ་འགྲོ་བའི་ལྷར་འགྱུར་རོ། །ལྟ་མོ་སྟེད་ནི་སྟེང་དུ་འགྲོ་ཞེས་བྱ་བ་ནི། གང་གི་ཚེ་གསེར་གྱི་སྒོ་ནས་འགྲོ་བ་དེའི་ཚེ། མྱུར་བར་འགྲོ་བ་ཕྱེ་བ་སྟེ། འགྲོ་བ་དང། འགྲོ་བ་གཞན ་དུ་འགྲོའོ་ཞེས་བྱ་བར་དགོངས་པའོ། །ཡང་ན་མྱུར་དུ་བདེ་འགྲོ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །འགྱུར་ཞེས་བྱ་བ་ནི། ན་ཕྱིས་ན་བདུན་པའོ། །སྲིད་པའི་སྒོ་ནི་ཁའོ། །ཁ་ཅིག་ན་རེ་ཐར་པའི་འགྲོ་བ་གཞན་དག་སྟེ་ཞེས་བྱ་བ་ནི། གསེར་གྱི་སྒོ་ཉིད་ཀྱིས ་འདོད?་པ་གང་གི་ཚེ་འགྲོ་བ་དེའི་ཚེ་ཐར་པ་ཡིན་ནོ་ཞེས་ཟེར་རོ། །ཆོས་ཐམས་ཅད་བདག་མེད་པར་རྗེས་སུ་རིག་པས་ལྷའི་རྣལ་འབྱོར་གྱིས་ཐར་བ་ཡིན་ནོ་ཞེས་ཐར་བའི་གཞན་བདག་མེད་པར་འགྲོ་བ་སྟེ ་བདག་མེད་པའི་ཡེ་ཤེས་ནི་བསྒྲུབ་པའོ་ཞེས་དགོངས་པའོ། །གཞན་དག་ན་རེ་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ཐ་ཚིག་སྟེ་ཞེས་ཟེར་རོ། །འཕོ་བ་ཉེ་བར་བསྡུས་པ་གསུངས་པ། བུམ་པས་ཞེས་བྱ་བ་ལ་སོགས་པ་ལ། གོང་གི་བུམ་བས་བརྩམས ་ནས་ནི་ཞེས་བྱ་བ་ནི་སྦྱོང་བའོ?། །དེ་བས་ཀྱང། སྒོ་རྣམས་ཐམས་ཅད་རེངས་པར་བྱེད་ཅེས་བྱ་བ་ནི། ས་བོན་རྣམས་ཀྱིS་སྒོ་རྣམས་ཐམས་ཅད་རེངས་བར་བྱེད་པ་ནི། གཟིར་བ་ཉིད་དུ་བྱས་ནས་གོམས་པར་བྱའོ་ཞེས་བྱ་བ་ལྷག་མའོ། །ས་བོན་བཀོད་བ་ནི ་མཆོད་རྟེན་རྣམས་ཀྱི་ལྕགས་སྒྲོག་ལྔ། །སྒོ་ཡི་བུ་གུ་སྡོམ་པ་ཉིད་ཅེས་བྱ་བ་གསུངས་ཏེ། མཆོད་རྟེན་གྱི་ལྕགས་སྒྲོད?། ལྔ་ནི། སྤྱི་བོའོ། །དེའི་སྒོའི་བུག་པ་ནི་གསེར་གྱི་སྒོའོ། །དེ་ལ་བསྒོམ་པ་ནི་ཧཱུཾ་དཀར་པོ་བསྒོམ་པའོ། །ཡང་ལྕགས་སྒྲོག་ལྔ་ཞེས་བྱ ་བ་ནི་ཧཱུཾ་སྒོམ་པའོ། །དེ་ཡང་མཆོད་རྟེན་རྣམས་ཀྱི་ཞེས་བྱ་བ་ནི། ལུས་ཀྱི་གསེར་གྱི་བུག་པ་ན་སྟེ་ལྷག་མ་ནི་གོད་མ་བཞིན་ནོ། །དེ་ནས་དམའ་བཱི་སྒོ་ཉིད་ཀྱི་ཞེས་བྱ་བ་ནི། སྒྲོའི་འོག་ལྐོག་མ་ལའོ། །ས་བོན་དེ་ཅིའི་ཞེ་ན། ཆུ་ལྟ་དུར་ཞེས་གསུངས་པ་ནི་?་ཏེ། ་།དེ་ཡང་ཆུ་དཀར་པོ་རྣམ་པར་དག་པའོ། །ཕྲག་པ་གཉིས་ལ་ཧཱུཾ་དོ། །སྙིང་ལ་?་དོ། །ལྟེ་བ་ལ་ཀྵྨརཱུཾ?་དེ། །བཏུད་དང་བཏུད་མིན་མེ་ཡི་ནི་ཞེས་བྱ་བ་ནི། བཏུད་བ་ནི་གཅི་བའི་ལམ་མོ། །བཏུང་བ་མིན་པ་ནི་བཤད་པའི་ལམ་མོ། །མེ་ཡི་ནི། དེའི་ས་བོན་ཞེས་བྱ་བ ་ནི། མའི་ས་བོན་ཏེ། དེ་ཡང་ཀྵྨཱུཾ?་གི་ས་བོན་མེའི་ཁ་དོག་གོ་།ཡང་གསེར་གྱི་སྒོལ་ནི་།ཀྵུཾ?་གི་ས་བོན་སེར་པོའོ། །མཾ་གེ་དག་ལ་ནི་ཧཱུཾ་སྔོན་པོའོ། །རྣ་བ་དག་དང་སྣ་དག་ལ་ནི། ཡུཾ་གི་ས་བོན་ཁ་དོག་དམར་པོའོ། །ཁ་ལ་སུཾ་གི་ས་བོན་ནོ། །འདི ་ལྟར་བུམ་པ་བྱས་ནས་འབྱིན་དང་རྫུབ?་བའི་རྣལ་འབྱོར་གྱིས་གོམས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། དེའི་བུམ་པའི་དབུགས་ཀྱི་ནི། ཤིན་ཏུ་མཉམ་པར་བཞག་པས་བསྒོམ་ཞེས་གསུངས་སོ། །འཕོ་བ་སྔོན་དུ་བརྩམ་པ་བརྗོད་ནས་མངོན་དུ་བྱ་བ་དེའི་བསྒོམ ་པ་ནི། རླུང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་གི་ཁ་དོག་ཅེས་བྱ་བ་ནི་ནག་བོའོ། །ལུས་ཀྱི་ནི་ཞེས་བྱ་བ་ནི། ཧཱུཾ་རླུང་གི་དཀྱིལ་འཁོར་ནང་དུ་སོན་པའི་འོ། །སེམས་ཀྱིS་ནི་ཞེས་བྱ་བ་བསྒོམ་པའོ། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་ནང་དུ་སེན? ་བའི་སྒྲའི་དྲུག་པ་ཕྱིས་ན་བདུན་པའོ། །སྙིང་པ་ནི་རླུང་གི་དཀྱིལ་འཁོར་ནང་དུ་སོན་བའི་ཧཱུཾ་བསྒོམ་བར་བྱའོ་ཞེས་བྱ་བ་ནི་སྡུས་པའོ། །རླུང་ཞེས་བྱ་བ་ལ་སོགས་པ་ལ། རླུང་གི་ས་བོན་ཞེས་བྱ་བ་ནི། རླུང་གི་ས་བོན་ཞེས་བྱ་བའི་དོན་ཏོ། །རྩ་བ་རྣམས ་ཞེས་བྱ་བ་ནི་འོག་ཏུའོ། །རླུང་གི་མཛའ་ཨི་རྩ་བ་ཅན་ཞེས་བྱ་བ་ལ། མཛའ་ཞེས་བྱ་བ་ནི་སྟེང་ཞེས་བྱ་བའི་དོན་ཏོ། །དེ་ལའང་རླུང་གི་རྩ་བར་ས་བོན་ཞེས་བྱ་བའི་དོན་ཏོ། །དེའི་རྩ་བ་ནི་སྒྲ་དང་ཐིག་ལེས་མནན་པའི་ཞེས་བྱ་བ་ནི། ཇི་ལྟར་ཡུཾ་ཞེས་པའོ། །རྩ་བའི ་ས་བོན་ཉིད་ཀྱིས་དགུག་ཅེས་བྱ་བ་ལ། རྩ་བའི་ས་བོན་ནི་ཏའི་ས་བོན་དང་ཀའི་ས་བོན་ནོ། །དེ་ནི་འོད?་དང་རྗོད་པ་ཡིན་ཏེ། རླུང་གི་ནང་དུ་སོན་པའི་ཧཱུཾ་གི་རླུང་གི་དཀྱིལ་འཁོར་གྱི་འོག་དང་སྟེང་དུ་ཡུམ་གཉིས་སོ། །ཡུཾ་དག་གི་དབུས་སུ་ཏི་ཀའི་ས་བོན་ནོ། །འདི ་ལྟར་ཡང་རླུང་ལྡང?་བའི་དུས་སུ་ཧའི་ས་བོན་འོག་དང། ཡུཾ་གི་ས་བོན་སྟེང་དུའོ། །ཀའི་ས་བོན་སྟེང་དང། ཡི་གེ་ས་བོན་འོག་ཏུ་སྦྱིན་ནོ། །རླུང་གིས་འོག་ཏུ་ཁྱེད་བའི་དུས་སུ་ཡཾ་ནི་སྟེང་དང། ཏིའི་ས་བོན་འོག་ཏུའོ། །ཡའི་ནང་གི་ཀའི་ས་བོན་ཡང་སྟེང་དུ ་?་ནོ། །?་?་བསྒོམ་བར་བྱ་ཞིང་བའི་སྔགས་?་བརྗོད་ཅིང་གོམས་པར་བྱའོ་ཞེས་བྱ་བ་ནི། སྔགས་བརྗོད་པའོ། །བསྐུལ་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་སྔགས་ཏེ། དེ་ཡང་ཏི་ཀའོ། །དེའི་སྒྲ་ནི་བརྗོད་བ་སྟེ། དེས་མཉམ་པར ་བར་བྱ་བ་ནི། སྟེང་དང་འོག་ཏུ་རླུང་ཁྱེར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་རླུང་གི་དཀྱིལ་འཁོར་འོག་མ་ལས་ཞེས་གསུངས་ཏེ། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི། རླུང་དང་བསྐུལ་བར་བྱ་ཞེས་བྱ་བར་སྦྱར་ངོ། །འོག ་མ་ལས་ཞེས་བྱ་བ་ནི། འོག་དང་སྟེང་དུ་ཞེས་ཤེས་པར་བྱ་སྟེ། དེ་ལྟར་གོམས་པར་བྱས་ནས་འཕོ་བ་བསྒྲུབ་པར་བྱའོ། །འཕོ་བའི་བྱ་བའི་དུས་ཤེས་པར་བྱས་ནས་བྱ་བ་ནི། འཕོ་བྱ་སྟེ་ཞེས་གསུངས་པ་ལ། དུས་ནི་འཆི་བ་སྟེ་དེ་ཡང་དག་པར་ཐོབ ་པའོ། །འཕོ་བའི་དུས་ཡང་དག་པར་ཐོབ་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ནི་སྐྱོན་གང་ཞེ་ན། དུས་མིན་པར་ནི་ལྷ་བཅོམ་པ་ན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་བདག་ཉིད་ཕུང་པོ་ལ་སོགས་པའི་རང་བཞིན་གྱི་ལུས ་བཅོམ་པས་ལྷ་ཉིད་ལ་བསྣུན་པ་ཡིན་ནོ་ཞེས་དགོངས་པའོ། །ལྷ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཤེས་པར་བྱ་ཞེས་བྱ་བ་ནི། རྟོགས་པར་བྱ་བའོ། །འདིའི་དོན་ཏུ། འཆི་བའི་མཚན་མ་རྣམས་རྣམ་པར་མཁས་པས་རྟོགས་པར་བྱའོ་ཞེས་དགོངས་པའོ།། ་སྦ?་དཀར་རེངས་པར་བྱེད་པ་ནི། གསུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་སྔར་གསུངས་པ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་སྤྱི་བོར་སོན་པའོ། །སྔོན་པ་ནི་དེ་ལ་མི་ཤིགས་པའི་ས་བོན་བདུད་རྩིའི་ཆར་འབབ་པ་བསམ་པར་བྱ་བ་འདི་དག ་གོ། །ཡོ་གི་བདེ་བ་ཕུན་སུམ་ཚོགས་པས་ཞེས་བྱ་བ་ནི། གང་ལ་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཡོད་པ་དེ་ནི་བདེ་བ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པས་ཞེས་བྱ་བ་ནི་བྱ་བའི་ཕྱིར་རོ། །རྣལ་འབྱོར་པས་ནི་སྒྲ་དཀར་གྱི་ཞེས་བྱ ་བ་ནི། རྣལ་འབྱོར་པས་སྐྲ་དཀར་གྱི་རྒྱུས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟེང་གི་རྩ་བ་ཞེས་བྱ་བ་ནི། པདྨའི་ཁྱད་པར་རོ། །སྟེང་ནི་མགོ་བོའོ། །རྩ་བ་ནི་གནས་ཏེ། འདིའི་དེ་དེ་བཞིན་ནོ། །སྟེང་གི་རྩ་བ་ཞེས་བྱ་བ་ནི། ཁ་ཅིག་ན་རེ། ཟླ་བ་བརྒྱད་པ་ཞེས་ཐར ་རོ། །ཁུ་བ་ཞེས་བྱ་བ་ནི། ལུད་པ་སྒམ་པའོ། །ཆུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གཡོན་པའི་བདུད་རྩིས་ཤེས་བྱ་བ་ནི། མེ་ཏོག་གིས་སོ། །ལུད་པ་སྐམ་པོ་དང་བྱང་ཆུབ་ཀྱི་སེམས་དང། གཡོན་པའི་མེ་ཏོག་གིས་སྦྱར་ནས་སུ་ཞེས་བྱ་བ་ནི། བཟའ་བར་བྱ་བ ་སྟེ་འདིས་སྐྲ་དཀར་རེངས་པ་ཡིན་ནོ། །ཁ་ཅིག་ན་རེ་ཟླ་བ་བརྒྱད་པ་དང་གཡོན་པ་དང་ལྡན་པ་ཙམ་གྱིས་བཟའ་བྱའོ་ཞེས་ཟེར་རོ། །འདིས་ནི་ཞི་བ་ལ་སོགས་པ་ཡིན་ཞེ་ན། ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོམས་བྱེད་ཅེས་བྱ་བ་ནི། བཅུད་ཀྱིS་ལེན་ནོ། །རྒ་བ ་ཞེས་བྱ་བ་ནི་འཁོགས་པའོ། །མཁའ་སྤྱོད་ཅེས་བྱ་བ་ནི། ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་བཟློག་པས་ཞེས་བྱ་བ་ནི། རྣམ་པ་གཞན་གྱིས་ཏེ། ནམ་མཁའ་འགྲོ་བ་ང་ཡིས་བཤད་ཅེས་བྱ་བ་དང་སྦྱར་རོ། །དེ་ཉིད་ནི། རླུང་དང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། བདག་ཉིད་རང་བཞིན་མེད་པར་སོ་སོར་སྣང་བ་ཙམ་དུ་བསམས་ནས། རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་རོ། །དེ་ལ་བདག་ཉིད་བཞག་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེའི་ཕྱིར་རྐང་པར་འཁོར་ལོ་སྦྱར་བྱ་དེ ་ཞེས་གསུངས་པ་ནི། རླུང་དང་མེའི་རྣམ་པ་དབྱེ་བ་འཁོར་ལོ་རྐང་པའི་འོག་ཏུ་སྦྱར་ནས་དེ་བཞིན་དུ་བྱེད་དོ་ཞེས་དགོངས་པའོ། །དེ་ཞེས་བྱ་བ་ནི། དེ་བས་ན་གཞུའི་རྣམ་པ་དང་གྲུ་གསུམ་གྱི་རྣམ་པ་དང་ཞེས་བྱ་བའི་དོན་ཏོ། །དྲན་པས་ཞེས་བྱ་བ་ནི། བསམ ་གཏན་ལས་སོ། །བདག་མེད་པ་ནི། རབ་ཏུ་ཞི་བའི་ཡིད་སྦྱར་བས་ཞེས་བྱ་བ་གསུངས་ཏེ། རབ་ཏུ་ཞི་བའི་ཡིད་མི་བདག་མེད་པའོ། །དེའི་སྦྱར་བས་ཤེས་བྱ་བ་ནི་རྣལ་འབྱོར་གྱིས་སོ། །ནམ་མཁའ་ལ་འགྲོ་བའི་འབྲས་བུ་ནི། རོལ་པར་འགྱུར་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །རིམ་པ་བཟློག་པས་ཡང་ཞེས་བྱ་བ་ནི། སྔ་མ་བཞིན་ནོ། །སྙིང་གར་པདྨ་དཀར་པོ་དེ་ལ་གནས་པའི་ཧཱུཾ་བསམ་པར་བྱའོ། །ངག་ནི་གྲུབ་བྱེད་པ་ཞེས་བྱ་བ་ནི། ངག་ཉིད་ཙམ་གྱིས་གྲུབ་པར་བྱེད་ཅིང་འབྱེད?་པ་མེད་པར་འགྲུབ་པར ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། བསྒྲུབ་བྱའི་དབུས་སུ་སྦྱར་ནས་ནི་ཞེས་བྱ་བ་གསུངས་པ་ནི། གོང་མི་བཞིན་ཏུ་གཏུམ་མོའི་ས་བོན་གྱི་འོད་ཟེར་གྱི་བསྒྲུབ་བྱའི་རྣམ་པར་ཤེས་པ་དབྲོག?་པའོ། །དབུས་སུ་ཞེས ་བྱ་བ་ནི། སྙིང་གི་པདྨའོ། །སྦྱར་ནས་ཞེས་བྱ་བ་ནི། གནས་པ་སྟེ། ཤེས་པ་བཀུག་ནས་དེའི་ཤེས་པ་རང་གི་ལུས་ཀྱི་སྙིང་གི་པདྨའི་དབུས་སུ་གནས་པར་བྱས་ནས། རང་གི་མི་ཤེས་པ་དེའི་སྙིང་ཁར་བསམ་པར་བྱའོ། །ཇི་ལྟར་ན་རང་གི་མི་ཤེས་པ་? ་ནས་བསྒོམ་པར་བྱ་ཞི་ན། རླུང་གི་དཀྱིལ་འཁོར་འཁོར་བ་ཉིད་ཅེས་གསུངས་པ་ནི། རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འཁོར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། རང་གི་ཁ་ནས་ཞེས་བྱ་བ། རང་གི་མི་ཤེས་པའོ། །རང་གི་ཁ་ནས་ཞེས་བྱ་བ་ནི། རང་གི ་ཁ་ཡིས། །ཕྱུང་ནས་ནི། བསྒྲུབ་བྱའི་ཁར་ནི་ཞེས་བྱ་བ་ནི། བསྒྲུབ་བྱའི་ཁ་ནས་དེའི་སྙིང་ལ་ཞུགས་པས་སོ། །ཐིམ་པ་ནི་ནུབ་པའོ། །བྱུང་པ་ནི་སོན་པ་སྟེ། བསྒྲུབ་བྱའི་ཤེས་པ་ཡང་དེ་བཞིན་དུ་བདག་གི་སྙིང་ལ་ཞུགས་པར་བསྒོམ་པར་བྱའོ་ཞེས་ཞེས ་པར་བྱའོ། །བུག་པད?་དགུའི་སྟེང་མ་མཆོག་ཅེས་བྱ་བ་ནི། དགུའི་སྲུབས?་སུ་འགྲོ་བའི་འཕོ་བ་ནི་འདིར་ཉེ་བར་བསྡུ་བ་སྟེ། སྟེང་གི་བུག་པ་ནས་འཕོ་བར་འགྱུར་བ་ཡིན་ཞིང། འཕྲལ་ཏུ་འདི་བསྒྲིམ་མི་དགོས་པར་ཞེས་བྱ་བའི་དོན་ཏོ། །ཞུགས ་ནས་ནི་ཞེས་བྱ་བ་ལ་སོགས་པས་གོང་དུ་གསུངས་པའི་ནང་གི་བདག་ཉིད་ཅན་གྱི་ཆེར་བཅད་པའི་ལས་ཉེ་བར་བསྡུས་པ་སྟེ་དེ་ཡང་གོ་སླའོ། །འཕོ་བའི་བསྔགས་པ་ནི། ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ལྷ་བསོད་པའོ། །བྲམ་ཟེ ་གམོས?་པ་དང་ཞེས་བྱ་བ་ནི། བྲམ་ཟེ་བསྣུན?་པའོ། །མཚམས་མེད་ལྔ་ནི་ཞེས་བྱ་བ་ནི། མ་གསོད་པ་དང། ཕ་གསོད་པ་དང། དགྲ་བཅོམ་པ་གསོད་པ་དང། དགེ་འདུན་གྱི་དབྱེན་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི། ཁྲག་དབྱུང་བ་ཞེས ་བྱ་བ་ནི་མཚམས་མེད་པ་ལྔ་པོ་རྣམས་ཏེ་དེ་བྱེད་པའོ། །ཆོམ་རྐུན་ཞེས་བྱ་བ་ནི་མ་བྱིན་བར་ལེན་བའོ། །འདོད་བ་ལོངས་སྤྱོད་པས་ཤེས་བྱ་བ་ནི། འདོད་པ་བརྫུན་པ་ལ་སྤྱོད་པའོ། །འདིའི་ལམ་གྱིས་ཤེས་བྱ་བ་ནི། འཕོ་བའི་ལམ་འདིས་དག?་པར་འགྱུར ་རོ། །སྡིག་པ་འདི་རྣམས་ཀྱིས་ཏེ། དེ་རྣམས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལ་ལས་ཉིར་ཞིང་གསོད་པ་ཞེས་བྱ་བ་དེ་ལ། ཉིན་དང་ཉིན་ཞིང་བྲམ་ཟེ་གསོད་པ་ཞེས་བཤད་དོ། །གོས་ཤེས་བྱ་བ་ནི། གོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱོན ་ལས་ཤིན་ཏུ་རིད་ཞེས་བྱ་བ་ནི། འཁོར་བ་ན་འཁོར་བའི་ངན་བ་ཉིད་དེ། དེའི་སྡིག་པ་ཅུང་ཟད་ཀྱིས་གོས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་འདམ་ལས་ཤེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་འདམ་སོགས་ལུས?་ལས་ནི་ཞེས་བྱ་བ ་ལ། །འདམ?་ནི་སྡིག་པ་སྟེ། གང་གི་འདམ་གྱིས་དང་པོར་གོས་པའི་ལུས་དེ་ན་འདམ་གྱིས་གོས་པའི་ལུས་སོ། །ཡེ་ཤེས་སྐུ་ནི་ཤེས་བྱ་བ་ནི། ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྦུ?་སྟེ?། འཇམ་དཔལ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནི་ཞེས་བྱ་བ་ནི་རྒྱུའོ། །དང་ ་ཉིད་འདོད་ནས?་བྱ་བ་ནི། རང་འདོད་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཕོ་བ་དང་བསམ་གཏན་དང། བདག་ཉིད་ཚར་བཅད་པའི་ལས་ཀྱི་ཏིང་ངེ་འཛིན་གྱིས་མཚན་ཉིད་དང། སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་དང། རྣལ་འབྱོར་དང། ་གཞན་གྱི་རྣམ་པར་ཤེས་པ་དཔྲོག?་པ་ལ་སོགས་པའི་ཏིང་ངེ་འཛིན་འདི་གང་ལས་འབྱུང་བ་ནི་གསལ་བ་ཡིན་ཏེ་དེ་ནི། འཕོ་བ་དང་བསམ་གཏན་དང། སེངྒེ་རྣམ་བར་རོལ་པའི་ཕྱག་རྒྱ་དང། རྣལ་འབྱོར་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ ་གཅིག་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།བརྡ་མ་རྟོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཐ་སྙད་བྱ་བར་མི་རིགས་པས། དེ་ནས་ཞེས་བྱ་བ་ནི།། ་འཕོ་བ་ལ་སོགས་གསུངས་མ་ཐག་ཏུ། ལག་པའི་བརྡ་དང། དག་གི་བརྡ་ཡང་གསུངས་པ། ངག་དང་ཕྱག་རྒྱའི་ཞེས་བྱ་བ་ལ། ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱའོ། །དག་ནི་དག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ ་དང་དག་ཅེས་བྱ་བ་ནི་དེ་བཞིན་ནོ། །དག་དང་ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བ་ནི། རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་འདིས་མཚོན་པའི་ཕྱིར་རོ། །རྣལ་འབྱོར་མའི་ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ལ་རྣལ་འབྱོར་པ་རྣམས་ཀྱིས་ཞེས་བྱ ་པའི་དོན་ཏོ། །གཡས་པའི་ཆས་ཕྱག་རྒྱ་སྦྱིན་ནོ། །རྣལ་འབྱོར་མ་རྣམས་ཀྱི་གཡོན་པས་སོ། །གཡས་པ་དང་གཡོན་པ་ཞེས་བྱ་བ་ནི་གཡས་བ་དང་གཡོན་པ་གཙོ་བོ་ཞེས་བྱ་བའི་དོན་ཏོ། །གྷོ་གྷུ་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེ་རྣམས་རྣལ་འབྱོར་པ ་རྣམས་ཀྱིས་བརྗོད་པ་སྟེ། གྷོ་གྷུ་ཞེས་བྱ་བ་འང་ཡིན་ནོ། །མཐེབ་ཆེན་འཐུང་བ་ནི་ཞེས་བྱ་བ་ནི། མཐེ་བོང་ཆེན་པོ་འཐུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འཇིབ་བ་ཞེས་བྱ་པར་དགོངས་སོ། །ལག་པས་རྣ་བ་བརྡེབས་པ་ན་ཞེས་བྱ་བ་ནི། ལག་པ་གཡོན་པས་རྣ་བ ་བརྡེབས་པ་འདི་ནི་གཡོ་ལྡན་མའི་མཚན་མའོ། །བློ་ལྡན་ཞེས་བྱ་བ་ནི། རྣལ་འབྱོར་པས་ཤེས་པར་བྱའོ་ཞེས་བྱ་བ་ནི་ལྷག་མའི། །དཥྚ་ཞེས་བྱ་བ་ནི། ཥའི་འོག་ཏུ་ཊའོ། །རི་དགས་མགོ་ཞེས་བྱ་བ་ནི། སོར་མོ་ལྔའོ། །ཡེ་གི་ཞེས་བྱ་བ་ནི་རྣལ་འབྱོར་མའོ།། ་མཚན་མ་བརྩོན་པར་བྱེད་ཅེས་བྱ་བ་ནི། མཚན་མ་ཤེས་པའོ། །བརྩོན་ཞེས་བྱ་བ་ནི། བརྩོན་པར་འགྱུར་བའོ། །འདོད་དང་བདག་གི་སྡུག་པ་ཉིད་ཅེས་བྱ་བ་ནི། བདག་གི་སྡུག་།ངེས་པའི་ཚིག་གོ་།སཱ་ཞེས་བྱ་བ་ནི། སྡིག་པའི་ལས་ཐམས་ཅད་འདིས་སླའོ། ་རི་གི་ནི་བདག་མེད་པའི་རྣལ་འབྱོར་མའོ། མཱ་ཞེས་བྱ་བ་ནི། མཉམ་པ་ཉིད་ཡིན་ནོ། །གང་གིས་དེ་ནི་རི་གི་མའོ། །བྷུ་བ་ཏེ་ཞེས་བྱ་བ་ནི། ས་རྣམས་ཏེ་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་སྐྱོང་བའི་ཕྱིར་སའི་བདག་པོ་ནི་བཅོམ་ལྡན་འདས་སོ། །དེ་ལ་ཟོད?་བ་ནི་སའི ་བདག་པོ་ཞེས་བྱ་བའོ། །ཤཱི་རཱི་རཻ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །གང་དུ་ཞེ་ན་ཤཱ་རི་རི་ཞེས་གསུངས་སོ། །དེ་གང་ཞེ་ན། ས་ཞེས་གསུངས་ཏེ། ས་ནི་རྩ་འོ། །ཡང་ཅིར་གྱུར་པས་ཤེ་ན། ནི་ཤ་ཞེས་གསུངས་པ་ནི་རྣལ་འབྱོར་པ་ཐམས་ཅད་འདོད་པ་སྟེ། དབང ་ཕྱུག་ཐམས་ཅད་གང་གིས་ཐོབ་པར་གྱུར་པ་ནི་ནི་ཤའོ། །མདྷཡ་མ་དྷ་མ་ཞེས་བྱ་བ་ནི། མ་དྷཡ་མ་ནི་འཇུག་པའི་སྒྲར་བྱེད་པའི་ཕྱིར་རམ་འབར་བར་བྱེད་པའི་ཕྱིར་དེ་དེ་བཞིན་དུ་གསུངས་སོ། །ས་ཞེས་བྱ་བ་ནི་ཨ་དང་ལྡན་ཅིག་འཇུག་པའི་ཕྱིར་དེ་ནི་ཐིག་ལེ་ལ་སོགས ་པའི་གཟུགས་སོ། །སྲུ་ཏ་ཞེས་བྱ་བ་ནི། ཐོས་པར་འདོད་པར་ཁྱེར་བའི་ཕྱིར་ཡིད་ཆེས་པར་བྱེད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། ཐོས་པ་ནི་འདི་འགྲོ་བའི་ཕྱིར། སྲུ་ཏ་དིའོ། །ས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར་ཤེས་པའི ་རང་བཞིན་ཞེས་བྱ་བར་དགོངས་སོ། །ས་ཞེས་བྱ་བ་ནི། ཨ་དང་ལྷན་ཅིག་འཇུག་པ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་སོ། །མ་ལུས་པའི་འཇིག་རྟེན་གྱི་ཁམས་སུ་ཁྱེར་བ་དང་ཐོབ་པར་བྱེད་པའི་ཕྱིར་ཏེ། བདེ་བར་གཤེགས་པའི་ཚོགས་སོ། །ས་ནི་ཞེS་བྱ་བ་ནི། གཞན ་དང་ལྷན་ཅིག་འཇུག་པའི་ཕྱིར། ཨའི་ཐིག་ལེའི་སྟེང་དུ་སྒྲའོ། །སཱ་ནི་ས་རེ་ཞེས་བྱ་བ་ནི། རྩ་སྟེ་སཱ་ནི་དང་ལྷན་ཅིག་ལུས་ལས་འགྲོ་བའོ། །འདི་ཅི་མཛད་དོ་ཞེས་ན། བྷ་ག་ཞེས་གསུངས་ཏེ་བཅོམ་ལྡན་འདས་ཞེས་བྱ་བ་དང་སྦྱར་ཏེ། ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་ཕྱིན་ཅི་མ་ལོག་པར་འགྲོ་བའི་ཕྱིར། བྷ་ག་ནི་བཅོམ་ལྡན་འདས་ཏེ། དེ་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ཉིད་ནི། དེ་ལྟར་གྱུར་པའི་རྩ་ཡང་ང་ཉིད་དོ་ཞེས་དགོངས་པ་དང། ཁྱོད་ཉིད་ལ་བདག་ཕྱག་འཚལ་ཞེས་དགོངས་སོ།། ་ཡང་རྩའི་ཁྱད་པར་བྱ་བའི་ཕྱིར། མཱ་ག་མ་ཞེས་བྱ་བ་ནི། ལུས་ཐམས་ཅད་དུ་གང་ཞིང་ལྷག་མ་མེད་པར་གནས་པར་ཕྱིར་མཱའོ། །ལུས་ཐམས་ཅད་དུ་འགྲོ་བའི་རྩ་དེ་རྣམས་སུ་བཅུད་དང་ཁྲག་ལ་སོགས་པའི་ཁམས་རྣམས་འགྲོ་བའི་ཕྱིར་མཱ་ག་མཱའོ། །ཡང ་ཅིར་གྱུར་པ་ཉིད་ཀྱིས་ཤེན?་སྨྲས་པ། འོག་ཏུ་མ་ལུས་པ་ལ་སྐབས་འབྱེད་པའི་ཕྱིར་དེ་དེ་བཞིན་ཏེ། ནམ་མཁའ་བརྟགས་པའི་ཕྱིར་རོ། །མ་དྷཡ་མཱ་ཞེས་བྱ་བ་ནི། བདུད་འདུལ་བ་དང་སྲེག་པར་བྱེད་པའོ། །ས་ཞེས་བྱ་བ་ནི་བཅིང་བའི་ཕྱིར ་ཐམས་ཅད་ཀྱི་མཐར་ས་གཉིས་ཉིད་དོ། །པཱ་པཱ་མ་ཡཱ་པཱ་བ་ད་ཞེས་བྱ་བ་ནི། སྡིག་པ་ཉིད་ནི་བདག་ཏུ་འཛིན་པའི་ནད་དེ། སྡིག་པ་ནི་?་པ་དང་འཐུང་བའི་ཕྱིར། སྡིག་པའི་བདག་ཉིད་ནི་བཅོམ་ལྡན་འདས་སོ། །དེའི་བོད་པ་ནི། སྡིག་པའི་བདག་ཉིད་འཐུངས་པ་དང ་འཇིག་པའི་ཕྱིར་སྡིག་པ་འཇིག་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདི་ནི་རྩའི་ཁྱད་པར་ཏེ། ཨ་པཱ་པ་ད་ཞེས་བྱ་བ་ནི། གང་ཞིག་དཀར་པོའི་ལས་དེའི་བདག་པོར་བྱེད་པ་སྡིག་པ་མེད་པ་རྣམས་ལའམ། ལྟུང་བར་བྱེད་པའི་ཕྱིར་སྡིག་པ་ནི་ནག་པོ་ལས་ཏེ། ་དེ་སྟེར་བར་བྱེད་པའི་ཕྱིར་སྡིག་པ་སྦྱིན་པ་སྟེ་དེ་ལས་བཟློག་པ་ནི་སྡིག་པ་སྦྱིན་པ་མ་ཡིན་པའོ། །དེ་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ཉིད་ལ། ཀྱེ་སྡིག་པའི་བདག་ཉིད། ཀྱེ་སྡིག་པ་སྦྱིན་པ་བྷ་ག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡང། ཨེ་བཾ ་མ་ཡཱ་སྲུ་ཏེ་ཞེས་བྱ་བ་གསུངས་པ་ནི་གང་གི་ཚེ་གཞན་དུ་ཡང་བཤད་པ་རྣམས་སོ། །ེ་བཾ་ཞེས་བྱ་བ་ནི་མཐར་ཐུག་པ་མེད་པའི་དུས་ཀྱི་རིམ་པར་འགྲོ་བ་གནས་པའོ། །ཅི་མཛད་པས་ཤེ་ན། སྲུ་ཏ་ཞེས་གསུངས་ཏེ། ཐོས་པ་ནི་རྣ་བ་ཡུལ་ཅན་དུ་བྱས་པའོ། །གང ་གིས་ཤེ་ན། མ་ཡཱ་ཞེས་གསུངས་ཏེ། བདག་གིས་ཐོས་པ་ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་སྟེ། མཐོང་བ་དང་རེག་པ་དང་བསྣམས་པ་དང། མྱངས་པ་དང་བསམས་པས་ཞེས་བྱ་བར་ཡང་རྟོགས་པར་བྱའོ། །ཐོག་མ་མེད་པ་གནས་ཤིན་ཏུ་རང ་བཞིན་གྱིས་འོད་གསལ་བ་འབའ་ཞིག་གི་ཆའི་སེམས་ལ་ལེགས་བར་བྱས་པ་དང་ཉེས་པར་བྱས་པ་དང། བདེ་བ་དང། སྡུག་བསྔལ་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་གཟུང་བ་དང་འཛིན་པ་ལ་སོགས་པ་སྣང་བའི་འགྲོ་བ་ཐམས ་ཅད་ཆ་དང་བྲལ་བ་མ་ཡིན་བར་གློ་བུར་བ་ཉིད་དུ་མེ་ལོང་གི་ནང་དུ་བཞིན་གྱི་གཟུགས་བརྙན་ལྟ་བུར་འདོད་དེ། རང་གི་སེམས་ཉིད་རང་དང་གཞན་གྱི་ང་རྒྱལ་གྱི་ཚ་སོ་སོའི་སྐད་ཅིག་ལ་ཉེ་བར་སྐྱེ་བ་ཙམ་གྱིས་གཅིག་བུ་མཐར་ཐུག་པ་མེད་པའོ། །མ་ཡཱ ་ཞེས་བྱ་བ་ནི་སེམས་ཙམ་གྱིས་སོ། །དེ་བཞིན་དུ་ཡང་གསུངས་པ། སྡོམ་པ་དང་པོར་བྱས་ནས་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཅའོ། །ཡང་ན་ཨེ་བཾ་ཞེས་བྱ་བ་ནི། གང་ཞིག་མ་ཡཱ་སྲུ་ཏ་ཞེས་བལྟ་བར་བྱའོ་ཞེས ་བྱ་བ་ལ་སོགས་པའོ། །དབང་པོ་དྲུག་པོ་རྣམས་ཀྱིS་ཡུལ་དང་ཡུལ་ཅན་དུ་བྱས་པ་དེ་ཐམས་ཅད་ནི་བརྫུན་པ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དམིགས་པས་དེ་བཞིན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡང་ཁས་བླང་བར་བྱས་པ་གསལ ་བར་བྱས་པའོ། །མཆོད་པའི་དེ་མ་ཐག་ཏུ་ཞུས་པར་བལྟ་བར་བྱའོ། །དེ་ཡང་གཟའི་འཁོར་ལོའི་ལོངས་སྤྱོད་བཟའ་སོ་སོ་རྣམས་ཀྱི་ཕུང་པོའི་འཁོར་ལོའི་ལོངས་སྤྱོད་བཤད་པར་བྱ་བའི་ཕྱིར། འཁོར་ལོ་ནི། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ཕན་ཚུན་གྱི་དངོས་པོས་རི་མོ་བཞི་བྲི་བར་བྱ་ཞིང་མཚམས་རྣམས་སུ་ཐིག་བཞི་བཏབ་ན་འཁོར་ལོ་རྩ་བས?་བཅུ་གཉིས་སུ་འགྱུར་རོ། །དེ་ལ་ཤར་གྱི་ཕྱོགས་སུ་མི་སྟེ། དེ་ཉིད་ནི་ཤར་དུ་མེ་ཞེས་བྱ་བ་གསུངས་སོ། །བྲི་ནི་གཤིན་རྗེར་རོ་ཞེས་བྱ་བ་ནི། ལྷོ་རུ་ནི ་བྲིའོ། །མེ་ནི?་ཆུ་བདག་ཏུའོ་ཞེས་བྱ་བ་ནི། ཆུ་བདག་ཏུ་མིའོ། །ཀུ་གནོད་སྦྱིན་དུའོ། །ཞེས་བྱ་བ་ནི། བྱང་དུ་ཀུའོ། །འདི་རྣམས་ནི་ལུག་དང་གླང་དང། འཁྲིག་པ་དང། ཀུ་ལི་རའི་ཕུང་པོ་རྣམས་ཀྱི་མིང་གི་དང་པོའི་ཕྱོགས་ཅིག་གི་བརྗོད་པའོ། །གོས་ཀྱི ་ཕྱོགས་ཅིག་ནས་དྲངས་ན། གོས་ཐམས་ཅད་ནས་དྲངས་པའོ། །རྩེ་མོ་ཅན་དུ་ནི་རཱ་སཱིའོ་ཞེས་བྱ་བ་ལ། རྩེ་མོ་ཅན་ནི་མེའི་ཕྱོགས་ཏེ། རྩེ་མོ་ཅན་གྱི་ཕྱོགས་སོ། །དེ་ལ་བདུན་པར་བྱས་ནས་དེ་དང་ལྷན་ཅིག་ཏུ་ཕྱོགས་བསྡུས་ནས་ཕྱིས་པའོ། །དེའི་དོན་ནི ་འདི་སྟེ། རྩེ་མོ་ཅན་གྱི་ཕྱོགས་སུ་རཱ་སི་ཞེས་བྱ་བའི་ཡི་གེ་གཉིས་ཏེ། སྔ་མ་དང་ཕྱི་མ་ཐམས་ཅད་དུ་རྣམ་པར་དབྱེ་བ་ཕྱིས་པའོ། །མ་གེ་སྲིན་པོར་རོ་ཞེས་བྱ་བ་ནི། སྲིན་པོའི་ཕྱོགས་སུ་མ་ཀ་ཞེས་བྱ་བ་གཉིས་སོ། །ཏུ་བུ?་གཡོན?་ཞེས ་བྱ་བ་ལ། གཡོ་བ་ནི་རླུང་གི་ཕྱོགས་ཉིད་དེ་གཡོ་བ་དེ་ལ་ཏུ་ཀུ་གཉིས་སོ། བི་མི་ནི་དབང་ལྡན་དུའོ་ཞེས་བྱ་བ་ནི། དབང་ལྡན་དུ་བི་མི་ཞེས་བྱ་བ་གཉིས་སོ། །གཞུ་དང་སེང་གེ་དང། ཆུ་སྲིན་དང་བུ་མོ་དང། སྲང་དང་བུམ་པ་དང་སྡིག་པ་དང། ཉ་ར་སི་ལ་སོགས ་པ་རྣམས་ཀྱིས་བརྗོད་དོ། །ད་ནི་གཟའ་ལྔ་པོ་རྣམས་ཀྱིས་ཨ་ཝ་སོགས་པའི་དབྱངས་ལྔ་པོ་རྣམས་དང་སྦྱར་བར་བྱ་སྟེ། ཨ་ནི་སྐུར་བོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ནི་སྒུར་པོ་སྟེ། དཀྱིལ་འཁོར་ཤེས་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། རྣམ་པར ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ི་ནི་ཟླ་བ་ལ་སྐྱེས་པའོ་ཞེས་བྱ་བ་ལ། ཨི་ནི་ཟླ་བ་ལ་སྐྱེས་པ་སྟེ། མཁས་པའོ། །ུ་ནི་ལྟའི་བླ་མའོ་ཞེས་བྱ་བ་ནི། ཨུ་ནི་ལྷའི་བླ་མ་སྟེ་པུར་བུའོ། ཨེ་ནི་པ་བསངས་སོ་ཞེས་བྱ་བ་ལ། །ེ་ནི་ལྷག་མ་ཡིན་གྱི་རློན་པོའོ།། ་ཨོ་ན་ཉི་མའི་བུའོ་བྱ་བ་ལ། ཨོ་ཡང་ཉི་མའི་བུ་སྟེ། ངལ་གྱིས་རྒྱུ་བའོ། །འདི་ལ་ཡང་ཤེས་པར་བྱའོ་ཞེས་བྱ་བའོ། །གཟའི་ཆོ་ག་ཞེས་བྱ་བ་ནི། གཟའ་རྣམས་ཀྱི་ཆོ་ག་བྱེད་པ་སྟེ། དབྱངས་དང་ལྷན་ཅིག་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། རི་བོང་ཅན་དང ་ཉི་མ་བོར?་བ་ཞེས་གསུངས་པ་སྟེ། རི་བོང་ཅན་དང་ཉི་མ་སྤངས་པས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རི་བོང་ཅན་ནི་མཁས་པ་ལའོ། །ཏི་མ་ནི་དལ་གྱི་སྤྱོད་བ་ལ་ནང་དུ་གཏོགས་སོ། །དམིག་གང་ལ་འབྲི་བ་པོས་མ་ཏོག་གམ་ལག་བ་འབའ་ཞིག་གིས ་བྱིན་པ་དེ་ཉིད་ཀྱི་གཟའི་འགལ་བ་ཞེས་བྱ་བ་ཤེས་པར་བྱའོ། ལུག་ལ་སོགས་པའི་འཁོར་ལོ་བཅུ་གཉིས་ལ་རོ་ཧི་ཏ་ལ་སོགས་པ་ཡང་དེ་བཞིན་དུ་དོང་དུ་གསུངས་པའི་རིམ་པས་ལུག་ལ་སོགས་པ་ཉིད་དུ་བལྟ་བར་བྱའོ། །དེའི་ཕྱིར་ཡང་ལུག ་ལ་སོགས་པ་རྣམས་ལས་སྐྱེས་བ་རྣམས་གོང་དུ་གསུངས་པའི་རོ་ཧི་ཏ་ལ་སོགས་པའི་བསྔགས་པར་བལྟ་བར་བྱའོ། །མེ་ཏོག་སྤྱིན་པ་ཡང་དེ་བཞིན་ནོ། །ཀུ་ལི་ར་ར?་དཀྱིལ་འཁོར་ཅན་ཤེས་པར་བྱའོ་ཞེས་བྱ་བ་ནི། གོ?་རྐ་ཊ་ལ་དཀྱིལ་འཁོར་ཅན་ནམ་ཟླ་བ་རྣམ ་པར་ཤེས་པར་བྱའོ། །ཉི་མ་ནི་གདོང་ལྔ་པར་གནས་པར་ཤེS་པར་བྱ་སྟེ་ཞེས་བྱ་བ་ནི། ཉི་མ་ནི་གདོང་ལྔ་བ་སྟེ་སེང་གེ་ལའོ། །ཤེས་པར་བྱ་བ་ན་རྟོགས་པ་བྱའོ། །མཐར་གང་ཞིག་གཟའ་ཞེས་བྱ་བ་ནི། བཀྲ་ཤིས་ལ་སོགས་པ་ལྔའོ། །ལྷག་མ་ལ་འང ་ལོངས་སྤྱོད་དོ་ཞེས་བྱ་བ་ལ། ལྷ་མ་ཉིད་ནི་ལུག་ལ་སོགས་པའི་ཕུང་པོའི་ཚོགས་སོ། །ལོངས་སྤྱོད་དོ་ཞེས་བྱ་བ་ནི། སྐྱོད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཕུང་པོ་གཉིས་གཉིས་ཡོངས་སུ་དག་པ་ཞེས་བྱ་བ་ནི། ཕུང་པོ་གཉིས་གཉིས་དག་གིས ་ཇི་ལྟར་གསོས་པར་གྱུར་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ད་ནི་ཁྱོགས་ཀྱི་འཁོར་ལོའི་རྣམ་པར་དབྱེ་བ་གསལ་བར་བྱ་བའི་ཕྱིར། ཁྱོགས་ཤེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱོགས་ནི་ཕུང་པོ་སྟེ། དེ་ཡང་འཁོར་ལོའོ། །ཁྱོགས་ཀྱི་འཁོར་ལོ་ནི ་སྔར་བཤད་དོ། །འདི་ལྟར་ཡང་སྐུར་མ་ནི་རྒྱུ་སྐར་རོ། །དུས་ནི་ཟླ་བའོ། །ཉིན་མོ་རྣམས་ཞེས་བྱ་བ་ནི། ཆོས་དང་རེས་སོ། །འདིའི་ཁྱད་པར་མི་འཚལ་བས་སོ། །ལ་ལར་ལུག་ལ་རོ་ཧི་ཏ་ཞེས་བྱ་བ་ལ། ལུག་རྣམས་ལ་ཞེས་བྱ་བ་ནི། ལུག་ལ་སོགས ་པ་རྣམས་ལོ། །རོ་ཧི་ཏ་ཞེས་བྱ་བ་ནི། རོ་ཧི་ཏ་ལ་སོགས་པའོ། །ལ་ལར་ཞེས་བྱ་བ་ནི། གལ་ཏེ་ལ་ལ་ལུག་ལ་སོགས་པ་རྣམས་ལ་སྐྱེས་བར་གྱུར་བ་དེའི་ཚེ་དེའི་འཆི་བ་ཇི་ལྟར་ཡིན་པ་དེ་བཞིན་དུ། ཉོན་ཅིག་ཅེས་བྱ་བ་དང་སྦྱར་རོ། །ཁྱོགས་ནི་ཁྱོགས་ཀྱི་འཁོར ་ལོའོ། །ཕུང་པོ་ཁྱོགས་ཀྱི་ཚད་དང་ནི། སྐྱེ་བ་གང་ཞིག་ཉེར་བརྗོད་པ་དེ་ཞེས་བྱ་བ་དེ། བཤད་བྱ་བ་འདི་དང་སྦྱར་རོ། །གང་ལ་ཕུང་པོ་ལས་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་དེ་དང་ངོ། ཉེ་བར་བརྗོད་ཅེས་བྱ་བ་ནི་ཐུབ་པ་རྣམས་ཀྱིS་བསལ་བར་མཛད་བ་ཞེས ་བྱ་པའི་དོན་ཏོ། །ལུག་ལ་སོགས་པ་རྣམས་ལས་སྐྱེ་བ་རྣམས་ཀྱི་འཆི་བའི་ཟླ་བ་དང་ཚེས་དང་གཟའ་དང་རྒྱུ་སྐར་རྣམས་ཀྱི་རིམ་པས་བསྟན་པར་བྱ་བའི་ཕྱིར། ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ལུག ་གི་ཕུང་པོའི་སྟོན་ཟླ་ཐ་ཆུངས་དང། ཚེ་གསུམ་དང། གཟའ་བཀྲ་ཤིས་དང། རྒྱུ་སྐར་སྨིན་དུག་ལ་འཆི་བ་ནི་ལུག་གོ་།སུས་ཀྱང་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྟེ། གླང་གི་འཆང་བར་འགྱུར་བའི་ཕྱིར་རོ། །གླང་ལས་སྐྱེས་པའི་འཆི་བའི་དུས་ནི ་གླང་གི་འཆི་བ་བཤད་པར་ཞེས་བྱ་བ་གསུངས་ཏེ། དེའི་ཡན་ལག་མཚན་སོགས་མཚན་ཉིད་ནི་ཞེས་བྱ་བ་དང། བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ནི་སྨྱོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྱོ་བ་ནི་སེམས་འཁྲུལ་པའོ། །ལྐོག་མའི་ནད ་ཀྱིས་ཞེས་བྱ་བ་ནི། ཕྲེང་བ་ཞེས་བྱ་བར་བརྗོད་བའོ། །སྨྱོ་དང་ཞེས་བྱ་བ་ནི་གསུམ་པ་ཕྱིས་པའོ། །སྨྱོ་བས?་སམ?་ལྐོག་མའི་ནང་ཀྱིས་གླང་གི་ཕུང་པོ་ལས་སྐྱེས་པའི་དེ་ལ་འཆི་བ་ཞེས་བྱ་བར་སྦྱར་རོ། །གང་དུ་ཞེ་ན། དགུན་ཟླ་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས ་སོ། །སྐར་པདྨ་ལས་བྱུང་བ་ཞེས་བྱ་བ་ནི། སྣར་མའོ། །རིས་ནི་མཁས་པར་ལྡན་པ་དང་ཞེས་བྱ་བ་ནི། བྱ་པའི་ཁྱད་པར་རོ། །བཞི་པར་ཞེས་བྱ་བ་ནི། དྲུག་པ་ཕྱིས་ན་བདུན་པའོ། །བཞི་པར་ནུབ་ཏུ་འགྲོ་བ་ན་ཞེས་བྱ་བའི་དོན་ཏོ། །འཁྲིག་པ་ལས་སྐྱེས་པའི། དགུན ་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རི་དགས་འབྱུང་བ་ལ་ཞེས་བྱ་བ་ནི། རི་དགས་ཀྱི་མགོ་ལའོ། །བཟའ་ལག་རེ་མོ་གང་ཞིག་དྲུག་ཅེས་བྱ་བ་ནི་དེའི་འོ། །ཟད་པ་ནི་འཆི་བའོ། །ཡོད་པ་ནི་ཡིན་ཞེས་བྱ་བའི་དོན་ཏོ། །འཁྲིག་པ་ཞེས་བྱ་བ་ནི། འཁྲིག ་པ་ལས་སྐྱེས་པའི་ཞེས་བྱ་བར་ཤེས་པར་བྱའོ། །ཀརྐ་ཊ་ལས་སྐྱེས་པའི། རླུང་ལ་རྐོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྒྱད་དང་རི་དགས་ཀྱི་མགོའི་སྐར་མ་ལ་འཆི་བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཉི་མ་ཤར་ན་ཞེས་བྱ་བ་ནི། ཉི་མའི་དང་པོའོ།། ་སེང་གེའི་ཕུང་པོ་ལས་སྐྱེས་པའི། དཔྱིད་ཟླར?་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་གཉིས་དང་ཞེས་བྱ་བ་ནི་བཅུའོ། །སྤེན་པར་ཞེས་བྱ་བ་ནི་དལ་གྱིས་སྤྱོད་པའོ། །སེང་གེའི་ཕུང་པོར་ཞེས་བྱ་བ་ནི། སྐྱེ་བའི་ཞེས་བྱ་བ་ལྷག་མའོ། །བུ་མོ་ལས་སྐྱེས་པའི། ་དཔྱིད་ཟླ་འབྲིང་བོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བུ་མོ་ཞེས་བྱ་བ་ནི་བུ་མོ་ལ་སྐྱེས་པའི་འོ། །ཉི་མའི་ཡང་དག་ལྡན་ཞེས་བྱ་བ་ནི། ཉི་མའི་རེས་དང་ལྡན་པ་དང་བཅུ་གཉིས་ཞེས་བྱ་བའི་དོན་ཏོ། །ཕོ?་བ་གཟིར་བས་ཞེས་བྱ་བ་ནི། ནད་གསུངས་པ ་སྟེ། གང་ཞིག་གོང་དུ་གསུངས་པ། དུས་དང་ཡང་དག་ལྡན། གཟའ་དང་དེ་བཞིན་ནད་རྣམས་ཞེས་བྱ་བ་ལ། དེ་ལ་དུས་ནི་ནུབ་ཏུ་འགྲོ་བ་ན་ཞེས་བྱ་བ་ལ་སོགས་པའོ། །གཟའ་དང་ཞེས་བྱ་བ་ནི། ལྐོག་མའི་ནད་དོ། །ནད་རྣམས་ཞེས་བྱ་བ་ནི། སྨྱོ?་བ་ལ་སོགས ་པའི་ནད་དོ། །སྲང་ལས་སྐྱེས་པ་ནི། དཔྱིད་ཟླ་ཐ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲང་ལ་ཞེས་བྱ་བ་ནི། སྲང་ལས་སྐྱེས་པའི་འོ། །འགྲོ་བ་ཞེས་བྱ་བ་ནི་གཤིན་རྗེའི་ཁྱིམ་དུའོ། །སྡིག་པ་ལས་སྐྱེས་པའི། དབྱང་ཟླར་བཞེས་བྱ་བ་ལ་སོགས་པ་གསུངས་སོ། །དག? ་བ་ཞེས་བྱ་བ་ནི། སྐར་མ་ནག་པའོ། །ལྷག་མ་ནི་གོ་སླའོ། །གཞུའི་ཕུང་པོ་ལས་སྐྱེས་པའི། དགུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །ཆུ་སྲིན་གྱི་ཕུང་པོ་ལས་སྐྱེས་པའི། དབྱིད?་ཐ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུ་སྲིན་ཞེས་བྱ་བ་ནི། ཆུ ་ཕྲིན?་ལས་སྐྱེས་པའི་ཞེས་བྱ་བར་བལྟའོ། །བུམ་པ་ལས་སྐྱེས་པའི། སྟོན་ཟླ་ར་བཱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅས་ཞེས་བྱ་བ་ནི་གང་གི་བུམ་པའི་ཕུང་པོར་གྱུར་པ་དེའི་འཆི་བ་ནི། སྟོན་ཟླ་ར་བ་ལ་སོགས་པ་རྣམས་སུ་འགྲོ་བར་འགྱུར་རོ། ཞེས་བྱ་བའི་དོན་ཏོ།། ་ཉ་ལ་སྐྱེས་པའི་སྟོན་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉ་ལ་ཞེས་བྱ་བ་ནི། ཉ་ལས་སྐྱེས་པའི་ཞེས་བྱས་ནས་ཞེས་བྱ་བ་ལ་སོགས་པའོ། །སྐྱེས་པ་ནི་ལུག་ལ་སོགས་པ་ལས་སྐྱེས་པའོ། ཁྲོ་དང་ཞི་བ་ཞེས་བྱ་བ་ནི། ཁྲོ་བོའི་བཟའ་འམ་ཞི་བ ་སྔ་མ་བཞིན་དུ་ཤེས་པར་བྱའོ། །འདིས་ནི་འདི་བརྗོད་དེ། གཟའི་ཆོ་གས་མེ་ཏོག་སྦྱིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱིས་སྐྱེས་པ་ལ་ཞི་བ་དང་མ་ཞི་བའི་གཟའ་བརྟག་ཅིང་ཤེས་པར་བྱའོ། །རོ་ཧི་ཏ་ལ་སྐྱེས་པའི་བྱིས ་པ་ཞེས་བྱ་བ་ལ་སོགས་པས་ཚེ་བརྩིས་ནས་འཆི་བ་ཡང་རིམ་པ་འདིས་ཡིན་ནོ་ཞེས་ལུང་སྩལ་བར་བྱ་ཞིང། ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་མ་ལུས་བ་ཞེས་བྱ་བ་ནི། མ་ལུས་པ་འགྲོ་བར་བྱེད་པ་སྟེ། དབུགས་ཀྱིས་འཚོ?་བར་བྱེད་དོ ་ཞེས་བྱ་བ་ཇི་སྙེད་པའོ། །འགྲོ་བ་མ་ལུས་པ་ནི་མ་ལུས་པ་གཟུང་བ་སྟེ། རང་གི་དབང་དུ་བྱེད་པའོ། །གང་གིས་ཐིག་ལེ་དང་སྒྲ་ལ་སོགས་པའི་སྒོམ་པའི་ཁྱད་པར་གྱིས་དེ་འགྲོ་བ་མ་ལུས་པ་སྟེ། མ་ལུས་པ་གཟུང་བར་ལྷག་པར་བྱེད་པ་དང། སྒྲོག ་པར་བྱེད་པའོ། །གང་གི་ཐིག་ལེ་ཡིས་དེའི་འགྲོ་བ་མ་ལུས་པའི་གཟའི་ལྷག་པར་བྱེད་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།ད་ནི་ཉིན་མཚན་ལ ་སོགས་པS་འཇིག་རྟེན་པ་ལན་དུ་འཇུག་པར་རྩིས་བྱ་བའི་ཕྱིར་རྩིས་ནི་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཱ་ལི་ཞེས་བྱ་བ་ལ་སོགས་པ་ནི། ཨ་ལ་སོགས་པའོ། །ཀཱ་ལི་ཞེས་བྱ་བ་ནི་ཀཱ་ལི་སྟེ། ཀ་ལ་སོགས་པའོ། །མཉམ་བྱས་ནས་ཞེས ་བྱ་བ་ནི། ཨཱ་ལི་དང་ཀཱ་ལི་མཉམ་པར་བྱས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མཉམ་པ་ཉིད་ཅེ་ན། སྡེ་ཚན་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། སྡེ་ཚན་ཉིད་ཀྱིས་སོ། །གྱུར་པར་བྱ་ཞེས་བྱ་བ་ནི། ཡོངས་སུ་གྱུར་པའི་སྡེ་ཚན་གྱིས་འདྲ ་བར་བྱས་ཞེས་བྱ་བའི་དོན་ཏོ། །དགུ་པོ་རྣམས་ཀྱིས་སམ་དགུ་པོ་རྣམས་ཀྱི་ཡི་གེ་རེ་རེ། ཉིན་མཚན་གྱི་གཟའའབྱུང་བ་ཞེས་བྱ་བ་རབ་ཏུ་བྱེ་བའོ། །དེ་གང་ཞེ་ན། སྡེ་ཚན་གྱི་ཆོ་གའི་ལེའུ་ཞེས་གསུངས་ཏེ། སྡེ་ཚན་དགུའི་ཆོ་གའི་ལེའུ་སྟེ། དེ ་ཡང་ཉེ་ཤུ་རྩ་བཞི་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་བཞི་པའོ།། །།ད་ནི་རྒྱུ་སྐར་དང་གཟའ་བྱུང་བའི་ལེའུ་གསུངས་པ། སྐར་མ་དང་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་ཕྱེད་ཀྱི་ལྔ་པ་བསྣུན ་ཞེས་བྱ་བ་ནི། འགྲོ་བའི་བྱེད་དེ་དེ་ཡང་ལྔ་པའོ། །འགྲོ་བའི་ཕྱེད་ཀྱི་ལྔ་པ་དང་བདུན་པ་ལ་ཡང་སྣང་བྱེད་ཀྱིས་བསྣུན་པའོ། །འདི་དག་གི་ཐུན་ཚོད་ཕྱེད་དག་ལ་སྣང་བྱེད་ནི་ནག་པོའི་གཟུགས་ཅན་ནོ། །ཟླ་བས་བཞི་དང་དྲུག་ལ་ནི་ཞེས་བྱ་བ་ནི། འགྲོ ་བའི་ཕྱེད་ཀྱི་བཞི་པ་དང་དྲུག་པ་ལ་ཟླ་བས་བསྣུན་པར་བྱེད་དོ། །ས་སྐྱེས་གསུམ་དང་ལྔ་པ་ཞེས་བྱ་བ་ལ། ས་སྐྱེས་ཉིད་ནི་སའི་བུ་ཞེས་བརྗོད་དེ། དེ་ཡང་མིག་དམར་ཏེ། འགྲོ་བའི་ཕྱེད་ཀྱི་གསུམ་པ་དང། ལྔ་པ་དེ་དག་ལ་སོལ་བ་ཅན་ནག་པོའོ། །མཁས ་པ་ཉིད་ནི་གཉིས་པ་དང། བཞི་པ་ལ་ནི་ངེས་པར་བརྡེག་ཅེས་བྱ་བ་ནི། མཁས་པས་བརྡེག་གོ་ཞེས་བྱ་བའི་དོན་ཏོ། །དང་པོར་གང་དུ་བླ་མས་ནི། གསུམ་པ་ལ་ནི་འཆི་བར་འགྱུར་ཞེས་བྱ་བ་ནི། འགྲོ་བའི་ཕྱེད་ཀྱི་དང་པོ་དང་གསུམ་པ་ལ་ཡང་འཆི་བར་བྱེད་དོ།། ་གང་དུ་ཞེ་ན། གང་དུ་བླ་མས་ནི་ཞེས་གསུངས་སོ། །པ་བ་སངས་ཤེས་བྱ་བ་ནི། ཁུ་བའོ། །དལ་པ་ཞེས་བྱ་བ་ནི་དལ་བ་སྟེ་དལ་གྱིས་སྤྱོད་པའི། །གང་གི་རྒྱུ་པ། དེ་ཉིད་ཀྱི་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ། སྐྱེ་བའི་ཉི་མ་རྣམས་ལ་དེ་ལྟར་བྱའོ་ཞེས་ཟེར་རོ། །འདི ་དག་དུས་ནི་ཡོངས་བཅད་པ། ཞེས་བྱ་བ་ནི། གང་གི་གཟའི་གང་ཞིག་དུས་དེའི་ཡོངས་སུ་བཅད་པར་ངེས་པའོ། །རིག་ལྡན་འབྱུང་བ་ཞེས་བྱ་བ་ནི། འཆི་བ་འབྱུང་བའི་ཡུལ་ལའོ། །འདི་ནི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོ་རྣམས་ཀྱི་འམ། ་རྣལ་འབྱོར་པ་རྣམས་ཀྱི་འདི་ནི་སྤྱིའི་དུས་ཀྱི་མཚན་ཉིད་དོ། །རྣལ་འབྱོར་པའི་གཞན་དག་ཅེས་བྱ་བ་ནི། གཞན་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བ་ནི། འབའ་ཞིག་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ལྔ་ལས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ལྔ་ལས་ཉི་ཤུ་རྩ་ལྔའི་ཞེས་བྱ་བ་ལ་སོགས་པའི་དོན་འདི་ལ་བལྟ་བར་བྱའོ། །དེ་ཡང་གོང་དུ་གསུངས་པ་ཉིད་དེ། ལེའུ་ཉི་ཤུ་པ་ལས་ཉི་མ་དྲུག་ལ་སོགས་པར་ལོག་པར་རྒྱུ་བ་ན་དུས་གསུངས་སོ།། ་འདི་ནི་ལྔ་དང་བཅུ་དང། བཅོ་ལྔ་དང། ཉི་ཤུ་དང། ཉི་ཤུ་རྩ་ལྔ་དང། ཉི་ཤུ་རྩ་དྲུག་དང། ཉི་ཤུ་རྩ་བདུན་དང། ཉི་ཤུ་རྩ་བརྒྱད་དང། ཉི་ཤུ་རྩ་དགུ་དང། སུམ་ཅུ་དང། སུམ་ཅུ་རྩ་གཅིག་དང། སུམ་ཅུ་རྩ་གཉིས་དང། ཉི་མ་སུམ་ཅུ་རྩ ་གསུམ་དུ་ལོག་པར་རྒྱུན་དུས་བསྟན་པར་བྱའོ། །ལྔ་ལས་ཞེས་བྱ་བ་ནི། ཉི་མ་ལྔ་ལས་བརྩམས་ནས་སོ། །ཉི་ཤུ་རྩ་ལྔ་ལས་ཤེས་བྱ་བ་ནི། ཉི་མའི་འགྲོ་བ་སྟེ། ཉི་མ་ཉི་ཤུ་རྩ་ལྔ་ཇི་སྙེད་པའི་བར་དུ་ལྔ་ལྔ་འཕེལ་པར་ཉི་མ་རྣམས་ཀྱི་འགྲོ་བར་བལྟ་བར་བྱའོ་ཞེས་བྱ ་བར་དགོངས་སོ། །ལྔ་འཕེལ་བ་ཞེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། ཉེ་བར་བརྗོད་ཅེས་གསུངས་ཏེ། མན་ངག་ལས་ཞེས་བལྟ་བར་བྱ་སྟེ། མན་ངག་ལ་འདི་བསྟན་པར་བྱའོ་ཞེས་བྱ་བར་དགོངས་སོ། །དང་པོར་ཉི་མ་ལྔ་པོ་རྣམས་ཀྱི་སྟེང་དང་སྟེང་དུ་ཉི་མ་བཞི་བཞི ་རྣམས་དོར་ནས། གང་ལ་གང་ཞིག་དོར་བ་ནི་འདི་ལྟར་ཡིན་ཏེ། དེ་བཞིན་དུ་ཉི་ཤུ་རྩ་ལྔའི་བར་དུ་ཉི་མའི་འགྲོ་བའོ། །སྔ་མ་སྔ་མ་རྣམས་ཀྱི་ཉི་མ་བཞི་བཞི་སྤང་ནས་ཉི་ཤུ་རྩ་ལྔའི་མཐར། ལྔ་ལྔར་རྒྱས་པ་ཞེས་བྱ་བ་ན། ལྔ་ལྔ་འཕེལ་བའོ། །ཁ་ཅིག ་ན་རེ་ལྔའི་སྒྲ་ཡིས་ནི་གྲངས་ཙམ་ཉིད་དེ། བགྲང་བར་བྱ་བ་ནི་མ?་ཡིན་ནོ། །དེས་ན་ཉི་མ་ལྔ་ལྔ་ཀུན་ཏུ་གནས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་ཉི་ཤུ་རྩ་ལྔའི་སྒྲ་ལས། གོང་དུ་ལྔ་འཕེལ་བའི་སྒྲ་ནི་མཐར་གསུམ་པ་ཕྱིས་པ་ཞེས་ཟེར་རོ། །དེའི་ཕྱིར་ཞེས ་བྱ་བ་ནི་ཉི་མ་ཉི་ཤུ་རྩ་ལས་སོ། །གཅིག་ནི་ལྷག་པ་ཡིས་ཞེས་བྱ་བ་ནི། གཅིག་ལས་སཾ་གཅིག་ལས་ཉི་མ་རེ་རེ་ལས་ཉི་མ་ལ་ལྷག་པའི་གཅིག་ལྷག་པ་ཡིས་ཏེ་རེ་སོ། །བཅུར་ནི་བྱས་ནས་ནི་ཞེས་བྱ་བ་ནི། བཅུ་པོ་རྣམས་སོ། །བྱས་ཤེས་བྱ་བ་ནི། བྱེད་པ་ཞེས ་བྱ་བ་སྟེ་དང་པོ་ཕྱིས་པའི་ཕྱིར་རོ། །དེ་ཅིར་གྱུར་པ་ཤེ་ན། སུམ་འགྱུར་ཞེས་གསུངས་ཏེ། བཅུ་ཕྲག་གསུམ་ཞེས་བྱ་བའི་དོན་ཏོ། །དེ་ཅིར་གྱུར་པས་ཤེ་ན། གསུམ་ལྷག་ཅེས་གསུངས་ཏེ། ཉི་མ་རྣམས་ཀྱི་གསུམ་ནི། གང་གི་དེ་ལྟག ་པ་དེ་ནི་དེ་བཞིན་ནོ། །གང་འདི་ཞེས་བྱ་བ་ནི། གང་འདི་བཅུར་བྱས་པ་དང་བཅུ་ཕྲག་གསུམ་དང་ཉི་མ་གསུམ་ལྷག་པར་སྐྱེས་པའོ། །དབུན་འབྲིར་ཉི་མས་ཞེས་བྱ་བ་ནི། དང་པོའི་ཉི་མར་དབྱུ་གུ་གསུམ་མོ། །དགུན་འབྲིང་ཉི། དུས་ལ་ཞེS ་བྱ་བ་ནི། རོ་ཧི་ཏཱའི་ཆ་ཞེས་བྱ་བའི་དོན་ཏོ། །ལྔ་ལས་ཞེས་བྱ་བ་ལ་སོགས་པས་གང་ཞིག་ཉི་མ་རྣམས་གསུངས་པ་དེ་རྣམས་ལ་དགུན་ཟླ་འབྲིང་པོའི་ཉི་མའི་དུས་ལ། གལ་ཏེ་དབུགས་ལོག་པའི་དངོས་པོ་དེའི་ཚེ། འཚོ་བ་རིམ ་པས་ཤེས་པར་བྱ་སྟེ། ལོ་མཉམ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ་དགུ་ན་འབྲིང་པོའི་ཉི་མའི་དུས་ལ་དབུགས་ལོག་པའི་དངོས་པོའི་དུས་དེའི་ཕྱིར་ཡང་གོང་དུ་གསུངས་པའི་ཉི་མ་རྣམས་ལ་དབུགས་ལོག་པའི་བར ་ལ་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྲེར?་རོ། །གསུམ་དང་ཞེས་ཕྲེང?་ངོ། །ལོ་གསུམ་དང། ལོ་གཉིས་དང། ལོ་གཅིག་གོ་།མིག་ཅེས་བྱ་བ་ནི་གཉིས་ཀྱི་གྲངས་ཞེས་བྱ་བའི་དོན་ཏོ། །རི་བོང་ཅན་ཞེས་བྱ་བ་ནི ་གཅིག་གྲངས་སོ། །དྲུག་གསུམ་ཟུང་དང་ཟླ་བ་གང། ཟླ་བ་རེ་རྣམས་ཞེས་བྱ་བ་ནི། ཟླ་བ་དྲུག་དང་ཟླ་བ་གསུམ་མོ། །པྲུང?་དང?་ཞེས་བྱ་བ་ལ། ཟུང་ནི་ཟླ་བ་གཉིས་སོ། །ཟླ་བ་ནི་ཟླ་བ་གཅིག་གོ་།ཉི་མ་ལྷག་ཅེས་བྱ་བ་ལ། ལྷག་ནི་ཚེས་ལ་སོགས་པའོ། །ཉི་མ་ནི་དེ ་རྣམས་སོ། །ཚེས་ནི་བཅོ་ལྔ་རྣམས་སོ། །ཕྱོགས་ནི་བཅུའོ། །མདའ་དང་ཞེས་བྱ་བ་ནི་འདིའི་འདོད་པའི་སྟེ་དེ་ཡང་ལྔའོ། །ཡོན་ཏན་ནི་གསུམ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་སོ། །ཚེ་ལ་སོགས་པའི་གྲངས་ནི་ཉིན་པར་རྣམས་ཤེས་བྱ་བའི་དོན་ཏོ། །བར ་གྱི་ཉི་མ་རྣམས་ཀྱི་སྦྱང་བ་གསུངས་པ། བཅུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ་བཅུ་པ་སྤངས་ནས་ཉི་མ་ལྔ་པ་ལས་གང་ཞིག་ཉི་མ་རྣམས་སོ། །ལྷག་པ་ཞེས་བྱ་བ་ནི་གཞན་དུ་གྱུར་པ་སྟེ། དེ་ནི་བཞིའོ། །གོང་དུ ་གསུངས་པའི་རིམ་པས་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བར་དགོངས་པའོ། །དེ་བཞིན་བཅུའི་སྟེང་མ་ཉིད་ཅེས་བྱ་བ་ནི། བཅུ་པའི་སྟེང་དུ་གཞན་དེ་ལ་གང་ཞིག་ཉི་མ་རྣམས་སོ། །གཞན་ཡང་བཅོ་ལྔའི་གོང་མ་དང་ཞེས་བྱ་བ་ནི། ཉི་མ་བཅོ་ལྔའི་སྟེང་དུ ་གང་ཞིག་གཞན་པའི་ཉི་མ་རྣམས་ཀྱིས་སོ། །ཉི་མ་ཉི་ཤུ་པའི་སྟེད་མས་གང་ཞིག་ཉི་མ་རྣམས་ཀྱིས་ཏེ། དེས་རྣམ་པར་སྦྱང་བར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །དྲུག་པ་དང། བདུན་པ་དང། བརྒྱད་པ་དང། དགུ་པའོ། །བཅུ་གཅིག་པ་དང། བཅུ ་གཉིས་པ་དང། བཅུ་གསུམ་པ་དང། བཅུ་བཞི་པའོ། །བཅུ་དྲུག་པ་དང། བཅུ་བདུན་པ་དང། བཅོ་བརྒྱད་པ་དང། བཅུ་དགུ་པའོ། །ཉི་ཤུ་རྩ་གཅིག་པ་དང། ཉི་ཤུ་རྩ་གཉིས་པ་དང། ཉི་ཤུ་རྩ་གསུམ་པ་དང། རྩ་བཞི་པ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། ་ཟླ་བའི་གནས་སྐབས་ཀྱི་ཆོ་ག་བསྟན་པའི་ཕྱིར། གནས་སྐབས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་དོན་དུ་ཞེ་ན་སྨྲས་པ། གང་གིS་གནས་སྐབས་ཀྱི་ཆོ་ག་ཤེས་པ་དེ་རྣམས་ཀྱི་ཕྱིར་ཞེ་བྱ་བའི་དོན་ཏོ། །གང་ལ་ཟླ་བ་རྣམས་གནས་བའི། །དང་པོ ་སྐར་མ་བརྩི་བར་བྱ་ཞེས་བྱ་བ་ནི། གང་ལ་སྐར་མ་ལ་ཟླ་བ་རྣམ་པར་གནས་པ་དེ་ཉིད་དང་པོར་རེ་ཞིག་བརྩི་བར་བྱའོ། །དེ་ལ་བརྩི་བར་བྱ་བ་ནི་དེའི་དབྱུ་གུ་ཇི་སྙེད་པ་དེ་སྙེད་ཀྱི་མཚན་མ་བཞག་པར་བྱ་ཞིང་ཐམས་ཅད་དུ་མཚན་མ་ཉིད་གཟུང་བྱ? ་སྟེ། ཉིན་པར་གྱི་སྦྱོར་བའི་དུས་ཀྱི་མཐར་ཐུག་པར་དབྱུ་གུ་ཇི་སྙེད་པ་དེའི་འང་མཚན་མ་བཞག་པར་བྱའོ། །དང་པོར་སྐར་མ་བརྩིས་པ་ནི། གང་ཞིག་སྐར་མ་རྣམས་ཏེ། དེ་རྣམས་མཚན་མས་བཞག་ནས་དྲུག་ཅུའི་མཚན་མས་བགྲང་བར་བྱའོ། །དེའི་ཕྱིར ་དྲུག་ཅུས་བརྡུང་བར་བྱ་ཞེས་གསུངས་ཏེ། བརྡུང་བར་བྱ་བ་ནི་བརྩི་བར་བྱའོ། །གནས་སྐབས་ཞེས་བྱ་བ་ནི། ཟླ་བའི་གནས་སྐབས་ཏེ། དེ་ཉིད་ཀྱི་རྒྱུའི་བགྲང་བར་བྱ་བའི་ཟླ་བའི་གནས་སྐབས་རྟོགS?་པཱི་རྒྱུར་ཞེས་བྱ་བའི་དོན་ཏོ། །དེ་ལ་ཆ་དྲུག་ཅུ་དང་བརྩི་བར་བྱའོ། །ཉི ་མའི་ཆུ་ཚོད་ཅེས་བྱ་བ་ནི། དབྱུ་གུ་སྟེ་དེ་རྣམས་གཞུག་པར་བྱའོ། །གང་ཞིག་ནི། ཡིད་འོང་ཇི་ལྟར་འདས་པ་ནི་ཞེས་བྱ་བ་ནི། གང་ཞིག་སྦྱོར་བའི་དུས་ཀྱི་མཐར་ཐུག་པར་འགྲོ་བའོ། །ཟླ་བ་གཞུག་བྱ་སྟེ་ཞེས་བྱ་བ་ནི། ཆ་ཉིད་བཅུ་དྲུག་བརྩི་བར་བྱ་སྟེ་ཟླ་བ་དང་ལྡན ་པ་དང། སྐར་མའི་གང་ཞིག་དབྱུ་གུ་དེ་རྣམས་ཀྱང་གཞུག་པར་བྱ་བའི་དོན་ཏོ། །འདི་དག་ཐམས་ཅད་གཅིག་ཏུ་བྱས་ནས་ཡང་དྲུག་ཅུའི་མཚན་མས་བརྩི་བར་བྱའོ། །དེའི་ཕྱིར་ཡང་ནི་དྲུག་ཅུས་བདུང་བར་བྱ་བ་གསུངས་ཏེ་དེ་བས་ཀྱང་གཅིག་དང་གསུཾ ་དང། ལྔ་པོ་རྣམས་ཀྱི་མཚན་མས་ཆ་དོར་བར་བྱའོ། །དེའི་ཕྱིར་མངའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུད་ཀྱི་དབང་པོ་ནི་གཅིག་གི་མཚན་མ་སྟེ་བཅུད་ཀྱི་དབང་པོ་དང་པོར་བྱས་ནས་རྟོགས་པར་བྱའོ། །ཕྲི་ནས་དེ་བཞིན་གང་རྙེད་པ་ཞེས་བྱ་བ་ནི། ་ཆ་དོང་བར་སྒྱུར་བས་གང་ཞིག་ཅུང་ཟད་རྙེད་པ་དེའི་ཆའང་བླང་བར་བྱའོ། །བཅུ་གཉིས་ཀྱི་ཞེས་བྱ་བ་ནི། དེ་ཡང་ཕྲི་བའི་ཆ་བཅུ་གཉིས་ཀྱི་མཚན་མས་ཡང་དོར་བར་བྱའོ། །དེ་ལ་ཆ་དོར་གྱུར་པ་ནི་གང་ཞིག་དབྱུ་གུ་ལྷག་མ་རྙེད་པ་དེ་ཉིན་མཚན་གྱི་རབ་ཏུ ་སྦྱོར་བས་ཟླ་བའི་གནས་སྐབས་ཀྱི་དབྱེ་བ་རྟོགས་པར་བྱ་ཞིང་གོ་བར་བྱའོ། །དེ་ཉིད་ནི་ལྷག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དབྱུ་གུ་ལྟག་མ་རྣམས་ཀྱི་གནས་སྐབས་ལ་བཟའ་བ་དེ་ནི་ལོངས་སྤྱོད་དོ། །ལྷག་མ་ནི་གོ་སླའོ། །བཅུ་གཉིས་ཀྱི ་གནས་སྐབས་ནི། རབ་ཏུ་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་ཏུ་གནས་པར་ཞེས་བྱ་བ་ནི་དང་པོ་ལ་འཕམ་པའོ། །གང་ལ་ཟླ་བ་ཞེས་བྱ་བ་ནི་གང་ཆ་ཕྲི་བས་འབྲེལ་བའི་དབྱུ་གུ་དང་པོ་ལ་ཟླ་བ་གནས་པ་སྟེ། དེ་ལ་འཕམ་པར་འགྱུར་རོ་ཞེས་བྱ་བའི་དོན ་ཏོ། །གང་ཞིག་འདི་ནི་ཕྱི་མ་ལ་ཡང་ངོ། །གཉིས་བརྟས་པར་རྟས་པ་ཉིད་ཅེས་བྱ་བ་ནི། གཉིས་པར་དབྱུ་གུ་རྟས་པ་ལ་རྟས་པར་འགྱུར་རོ། །ཤི་བར་ཤི་པར་འགྱུར་ཞེས་བྱ་བ་ནི། ཤི་བ་ལ་འཆི་བར་བྱེད་པ་ནི་གསུམ་བ་ལ་འཆི་བར ་བྱེད་པའོ། །རྒོད་པར་ཞེས་བྱ་བ་ནི། ཕིག་བས་གང་ཞིག་ཆུ་ཞུགས་པ་དེས་གང་གི་ཚད་དུ་བྱས་བའི་སྲང་དྲུག་ཅུའི་ཚད་ཀྱི་སྟེ། འདིས་ནི་དེ་ལྟར་གྱུར་པས་ཕུན་བུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཆུ་ནི་དྲི་མེད་ངེས་ཤེས་བྱ་ང་ནི། ཤིན་ཏུ་དྲི་མེད་པའི ་ཕྱིར་གང་གི་ཆུ་དང་ལྡན་པ་འཇུག་པ་སྟེ། གཞན་དུ་དྲི་མ་དང་བཅས་པས་ལྕི་བའི་ཕྱིར་འབྲིང་དུ་འཇུག་པའོ། །སྲང་གི་ཚད?་དུ་ཕུན་བུ་ཡིན་ཞེས་བྱ་བ་ནི་སྲང་དྲུག་ཅུའི་ཚད་དུ་གྱུར་པས། ཕུན་བུ་ཞེས་བྱ་བའི་དོན་ཏོ། །འདི་ནི་འཇིག་རྟེན་ཞེས་བྱ་བ་ནི་འདིའི ་རིམ་པས་འཇིག་རྟེན་པ་དང་ཐུན་མོང་གིས་སོ། །ཕུན་བུ་དང་ཞེས་བྱ་བ་ལ་སོགས་པ་ལ་ཕུན་བུ་ནི་དབྱུ་གུ་སྟེ། ཕུན་བུ་འདི་རྣམས་ཀྱིས་ཐུན་ཚོད་ལ་སོགས་པར་ཤེས་པར་བྱའོ། །ཡུད་ཙམ་དང་ཞེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པའི་ཡུང་ཙམ་ལ ་སོགས་པ་རྣམས་ཀྱི་སྟེ། ཇི་ལྟར་མིག་འཛུམས་པ་བཅོ་བརྒྱད་ནི་ཤིང་བུའོ། །ཆད་པ་སུམ་ཅུ་ནི་ཆའོ། །དེ་སུམ་ཅུ་ནི་སྐད་ཅིག་གོ། དེ་བཅུ་གཉིས་ནི་ཡུད་ཙམ་དུ་བརྗོད་དོ། །དེ་སུམ་ཅུ་ནི་ཉིན་མཚན་ནོ། །ཡུད་ཙམ་དང་ཞེས་བྱ་བ་ནི་འཇིག་རྟེན་དུ་གྲགས ་པའི་ཡུད་ཙམ་ལ་སོགས་པ་རྣམས་ཀྱི་སྟེ། ཇི་ལྟར་མིག་འཛུམ་པ་བཅོ་བརྒྱད་ནི་ཤིང་བུའོ། །ཆད་པ་སུམ་ཅུ་ནི་ཆའོ། །དེ་སུམ་ཅུ་ནི་སྐད་ཅིག་གོ་།དེ་བཅུ་གཉིས་ནི་ཡུད་ཙམ་དུ་བརྗོད་དོ། །ཟླ་ཕྱེད་ཅེས་བྱ་བ་ནི་བཅོ་ལྔ་སྟེ། སྔ་མ་དང་ཕྱི་མའི་ངོ་ནི་ཡར་ངོ་དང ་མར་པོའོ། །དེ་གཉིས་ཀྱིས་ནི་ཟླ་བའོ། །ཟླ་བ་གཉིས་ཀྱིས་ཞེས་བྱ་བ་ནི་ཟླ་བ་གཉིས་ཏེ་དུས་ཡིན་ནོ། །དེ་གསུམ་གྱིས་ནི་འགྲོ་བའོ། །ལྷོ་དང་བྱང་དུ་ཉི་མ་གོ་བ་གཉིས་ཀྱིས་ནི་ལོ་ཞེས་བྱ་སྟེ། ལྷག་མ་ནི་གོ་སླའོ། །དུས་ཀྱི་འབྱུང་བ་ཞེས་བྱ་བ་ནི། ་གང་ལ་དུས་ཀྱི་འབྱུང་བ་བསྟན་པ་དེ་ནི་དུས་ཀྱི་འབྱུང་བ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་བར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།སྐར་མས་སྐྱེ་པའི་ངེས་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་ཙ? ་ལ་སོགས་པ་ནི། དུས་ཀྱི་འཆར་བའི་དེ་མ་ཐག་ཏུའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ལྷ་དང་མི་ལ་སོགས་པའི་སྐྱེ་བ་གསུངས་པ། དེའི་ཕྱིར་སྐར་མའི་སྐྱེ་བ་དང་ཡང་དག་བཤད་ཅེས་བྱ་བར་སྦྱར་རོ། །མདོར་བསྡུས་ཞེས་བྱ་བ་ནི། ཉུང་བའི་རིམ ་པས་སོ། །ཤར་གསུམ་ཞེས་བྱ་བ་ནི་ཤར་གྱི་གྲེ་དང། ཤར་གྱི་ཆུ་སྟོད་དང། ཤར་གྱི་ཁྲུམས་སྟོད་དོ། །བྱང་གསུམ་རྣམས་ཞེས་བྱ་བ་ནི། བྱང་གི་ངོ་བོ་དང་བྱང་གི་ཆུ་སྨད་དང། བྱང་གི་ཁྲུམས་སྨད་དོ། །སྟོབས་ནི་འདོད་པས་ཞེས་བྱ་བ་དང། སྟོབས ་ནི་ཐུན་མོང་གི་སྐྱེ་བའི་སྟོབས་སོ། །བདག་གི་སྐར་མ་ཤེས་ནས་ནི་ཞེས་བྱ་བ་ནི། སྐར་མའི་རྩ་ལ་ཡང་བག་སྨ་ལ་སོགས་པ་བྱའོ། །སྐར་མ་འཚོ་བ་སྟེ་ཞེས་བྱ་བ་ནི་སྐར་མར་སོན་པས་སེམས་ཅན་རྣམས་ཀྱི་འཚོ་བ་ཞེས་བྱ་བ་དགོངས་པའོ། །རྩ་ནག་པོར ་འགྲོ་བའི་སྐར་མ་དང་ལྡན་པ་ལ་བུ་མོ་བག་མར་བཏང་ན་ངེས་པར་འཆི་བར་འགྱུར་པར་བསྟན་པའི་ཕྱིར། ནག་པོའི་རྩར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མ་ནི་གོ་སླའོ། །སྐར་མའི་སྐབས་ཀྱི་ལྷག་པར་བྱེད་པ་ཐོབ་པ་འམ། དེའི་ཆོ ་ག་སྟེ་དེའི་རྗོད་པར་བྱེད་པའི་ལེའུ་ནི་སྒར་མའི་སྟོབས་ཀྱི་ལྷག་པར་བྱེད་པའི?་?་སྟེ་ཉི་ཤུ་རྩ་བདུན་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་བདུན་པའོ།། །།གཟའ་དང་ཚེས་དང་སྐར་མ་འབྱུང ་བས་འགྲོ་བ་ལ་སོགས་པ་བསྟན་པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཚེས་དང་སྐར་མ་གཟའའཆར་བ་ཞེས་བྱ་བ་ནི། ཚེས་ལ་སོགས་པ་རྣམས་ཀྱི་སྦྱོར་བས། དགེ་བ་ལ་སོགས་པ་འབྱུང་བ་དང་བཤད་པར་བྱ ་ཞེས་བྱ་བར་སྦྱར་རོ། །རོ་ཧི་ཏ་ལ་སོགས་པ་འདི་ལ་ཚེས་རྣམས་ཀྱང་ཚེས་གཅིག་ལ་སོགས་པ་གཟུང་བར་བྱའོ། །རོ་ཧི་ཏའི་ཚེས་ཞེས་བྱ་བ་ནི། ཚེས་གཅིག་གོ། གང་ལ་ཞེས་བྱ་བ་ནི། གང་ཞིག་རོ་ཧི་ཏའི་ཚེས་ལའོ། །སྨན ་དྲུག་དང་བཀྲ་ཤིས་སུ་ལྡན་པ་སྟེ། གོང་ཞིག་ཚེས་ལ་འགྲོ་བ་ལ་སོགས་པ་རྙེད་པར་བྱེད་བ་ཡིན་ནོ།། དེ་ལྟར་གཉིས་པ་ལ་སོགས་པ་ལ། གཏི་མུག་མ་ལ་སོགས་པའི་སྒྲའི་ཐ་ཚིག་གོ། ཟླ་སྐྱེས་ཉིད་ཅེས་བྱ་བ་ནི་མཁས་པའོ། །ལྷ་མིན་བློན་པོ་ཞེས་བྱ་བ ་ནི་པ་བསངས་སོ། །འབྱུང་བའི་ཉི་མར་ཞེས་བྱ་བ་ནི་བཅུ་བཞི་པའོ། །ཉི་མའི་དགའ་བ་ཞེས་བྱ་བ་ནི་དལ་གྱི་རྒྱུ་བའོ། །བྱིན་ཟ་ཞེས་བྱ་བ་ལ་སོགས་པས་ནི། སྒྲ་གཅན་འཛིན་གྱི་འགྲོ་བ་བ་བསྟན་ཏེ་དེ་ཡང་གོ་སླའོ། །འདི་ལྟར་ཡང་ཕན་ཚུན་གྱི་སྦྱོད ་བས་རི་མོ་བཞི་བྲི་བར་བྱའོ། །མེ་ལ་མི་ཀིར་ནི་བརྒྱད་པའོ།། གཤེན་རྗེ་ལ་རཎྜ་ནི་བདུན་པའོ། །བདེན་བྲལ་དུ་ནི་བཅོ་ལྔ་པའོ། །ནུབ་ཕྱོགས་སུ་བླང་ནི་བཞི་པའོ། །རླུང་དུ་བྱ་ཀུ་ལ་ནི་བཅུ་པའོ། །གཏེར་ནི་བྱང་ཕྱོགས་སོ། །རྨི་ལམ་མ་ནི་བཅུ་གཅིག་པའོ།། ་མིག་གསུམ་ལ་ནི་ཞེས་བྱ་བ་ནི་དབང་ལྡན་ནོ། །བཟང་པོ་ནི་གསུམ་པའོ། །ཤར་ཕྱོགས་སུ་བཅུ་བཞི་བའོ། །ཟླ་བ་ཉི་མའི་ཆ་ཡིས་ནི་ཞེས་བྱ་བ་ནི་སྒྲ་གཅན་འཛིན་རྒྱུ་བའོ་ཞེས་བྱ་བ་བསྟན་ཏེ། བཟང་པོ་ལ་གནས་པ་ཉིད་ནི་རཎྜ་ལས་བྱ་ལུ་ལི་རུའོ། །བྱ་ཀུ ་ལི་ལས་བཅུ་བཞི་ཞེས་བྱ་བ་འགྲོ་བ་དང་འོང་བ་སྒྲ་གཅན་འཛིན་རྒྱུ་པའོ། །བཟང་པོར་སྒྲ་གཅན་འཛིན་གནས་པ་ན། བཟང་པོ་ལས་རཎྜ་འགྲོ་བ་ལ་སོགས་པ་བྱེད་ན་སྐྱོན་མེད་དོ།། རཎྜ་རུ་སྦྱ་ཅན་འཛིན་སོན་པ་ནི་བཟང?་པོ་དང་བྱཱ་ཀུ་ལིར་འགྲོ་པ ་ལ་སོགས་པ་ལ་འགལ་བ་མེད་དོ།། བྱཱ་ཀུ་ལིང་སོན་པ་ན་ཤར་དུ་སྐྱོན་སྐྱེ་བར་མི་འགྱུར་རོ། །ཤར་ཕྱོགས་སུ་སོན་པ་ན་རླུང་དུ་སྐྱོན་སྐྱེ་བར་མི་འགྱུར་རོ། །འདིའི་རིམ་པ་ནི་མར་གྱི་དོ་ལའོ། །ཡང་རང་གི་གནས་དབང་ལྡན་དུ་གནས་པ་ན། །བཟང? ་པོར་སྒྲ་གཅན་འཛིན་གནས་ལ་གླང་དུ་འགྲོ་བ་ལ་སོགས་པ་བྱའོ། །གླང་དུ་སྒྲ་གཅན་འཛིན་གྱི་ཚེ་འགྲོ་བ་དེའི་ཚེ་མི་ཀི་རལ་བྱ་བ་འགྲུབ་པོ། །གང་གི་ཚེ་ནི་ཀ་རི་འགྲོ་དེའི་ཚེ་གླང་ལ་དགོས་པ་འགྲུབ་པ་ཉིད་དེ་གཞན་དུ་སྒྲ་གཅན་འཛིན་རྒྱུ་བ་ཟླ་བའི ་འགྲོ་བ་བསྟན་པ་སྟེ། འདི་ནི་རྟའི་རྐང་བས་འགྲོ་བའོ། །ཉ་ལ་མེ་རུ་ཡང་དག་གནས་ཞེས་བྱ་བ་ནི། སྒྲ་གཅན་འཛིན་ནོ།། རླུང་གི་ཕྱོགས་ནས་འགྲོ་བ་ལ་སོགས་པ་མེ་རུ་ཡང་མི་བྱའོ། །སྟོང་ལ་གནས་མེད་ཉིད་དུ་གནས་ཞེས་བྱ་བ་ནི། སྒྲ་གཅན་འཛིན་ཏེ། ་མེ་ནས་རླུང་དུ་འགྲོ་བ་ལ་སོགས་པ་མི་བྱའོ། །འདིས་ནི་དབྱུ་གུའི་འགྲོ་བ་ཡང་གསུངས་ཏེ། ཚེས་དང་དབྱུ་གུའི་ཚེད་ཀྱིས་སྒྲ་གཅན་འཛིན་དེ་ལ་གནས་སོ། །དཀར་བ་དང་གཞན་པའི་ངོ་བོ་ཤེས་པར་བྱས་ནས། ཐམས་ཅད་དུ་རྟོགས་བར་བྱའོ། ་གང་ལ་ཚེས་དང་སྐར་མ་གཏན་ལ་དབབ་པ་གང་ལ་དེ་དེ་བཞིན་ཏེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་བར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།ད་ནི་མཚན་མའི་ཡེ་ཤེས་རྗོད་པར་བྱེད་པའི་ལེའུ་ནི། ་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ཐམས་ཅད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཆའོ། །སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ། །དེ་དག་གི་ཆོ་ག་སྣ་ཚོགས་པ་བྱེད་པ་ནི་གང་གི་སེམས་ཅན་གྱི་དོན་སྣ་ཚོགས་པ་བྱེད་པ་ནི་དེ་བཞིན་ནོ།། ་རྣམ་པར་ཤེས་ཞེས་བྱ་བ་ནི་རྣམ་པར་རིག་བ་ཙམ་གྱི་ཕྱིར་རོ། །ལུས་ཅན་ཀུན་གྱི་ཞེས་བྱ་བ་ནི་ལུས་ཅན་ཐམས་ཅད་རྣམས་ཀྱིའོ། །ངེས་ཅིར་འགྱུར་ཞེ་ན། ཁུས?་ལས་འདས་ཞེས་གསུངས་ཏེ་།ལུས་ནི་གཟུང་བ་ལ་སོགས་པའི་ཕུང་པོའོ།། ་དེ་འདས་པ་ནི་ཤིན་ཏུ་སྤངས་པའོ། །དྲི་མ་མེད་ཅེས་བྱ་བ་ལ། དྲི་མ་ནི་འདོད་ཆགས་ལ་སོགས་པའོ། །ཕུང་པོ་ནི་རི་རབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། འབིགས་བྱེད་ཅེས་བྱ་བ་ལ་སོགས་པ་ནི། འབིགས་བྱེད་ནི་རབ་ཏུ་གྲགས་སོ། །སོགས ་བའི་སྒྲས་ནི་གངས་ཅན་མི་གཡོ་བའོ། །ལ་ལར་ནགས་ཚལ་སྟུག་སོགས་ཞེས་བྱ་བའི་ཚིག་དེ་ལ་ཡང་འབིགས?་བྱེད་ཁོ་ནའོ། །ཤེར་གྱི་ལུས་འཕགས་ཞེས་བྱ་བའི་སྐྱེས་ནི། ཤར་གྱི་རྣམ་པར་རྒྱལ ་བའོ། །བ་འང་སྤྱོད་ཅེས་ཅེས་བྱ་བ་ནི་གཞན་པའི་བ་ལང་བྱིན་པའོ། །ཚེའི་རྒྱ་མཚོ་དང་འོ་མའི་རྒྱ་མཚོའོ། །སོགས་ཞེས་བྱ་བའི་སྒྲས་ནི་བཤད་གཅི་ལ་སོགས་པའོ། །བྱིང་དང་ཞེས་བྱ་བ་ནི་རྐང་འོག་གོ། སྟེང་སོང་བ་ཞེས་བྱ་བ་ནི ་མཐོ་རིས་སོ། །རི་རབ་ལ་སོགས་པའི་དངོས་པོ་ལས་སྐྱེས་པའི་ཤེས་རབ་ཀྱི་མཚོན་གྱི་རྡུལ་ཕྲ་རབ་གཞིག་པའོ། །ཁམས་གསུམ་ཟད་པར་བྱས་ནས་ནི་ཞེས་བྱ་བ་ནི། མདོར་བསྡུས་ནས་ཁམས་གསུམ་ཟད་པར་ཁྱེར་ཞིང། འདི ་ལྟར་ཕྱི་རོལ་སྟོང་པ་ཉིད་དུ་བལྟའོ། །བདག་གི་དངོས་པོ་ཟད་པར་བྱ་ཞེས་བྱ་བ་ནི། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་བོའོ། །སྐྱེད་མཆེད་ནི་ཡུལ་དྲུག་གོ། ཁམས་ནི་དབང་པོ་དྲུག་སྟེ། ་ཁམས་རྣམས་ནི་དབང་པོ་རྣམས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། འདི་རྣམས་ཟད་པར་བྱས་པ་ཉིད་དོ། །འབྱུང་སོགས་ཞེས་བྱ་བ་ནི། ས་ལ་སོགས་པའི་འབྱུང་བ་རྣམས་སོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱིས་ཞེས ་བྱ་བ་དང་ལྷན་ཅིག་འདི་ལྟར་བདག་ཉིད་ཟད་པར་འགྲོ་བར་བསྒོམ་པར་བྱའོ། །དངོས་དང་དངོས་མེད་རྣམས་བསྲེས་ནས་ཞེས་བྱ་བ་ནི། དངོས་དང་དངོས་པོ་མེད་པ་བདག་གིས་བསྲེས་པའི་བདག་ཉིད་སྟོང་པ་སྟེ། དངོས་བོ་དང ་དངོས་པོ་མེད་པ་དག་གིས་ཀྱང་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱིས་སྟོང་པའི་ངོ་བོ་ལ་སོགས་པ་ནི་རང་གི་ངོ་བོ་སྟེ། ཡང་དག་བསམ་ཞེས་བྱ་བ་ནི། བལྟ་བྱ་སྟེ། ཞེས་བྱ་བ་དང་སྦྱར་རོ། །འདིའི་ཡིད་ནང་ཞེས ་བྱ་བ་ནི། འདིའི་འགྲོ་བ་སྟོང་པའི་འོ། །ཡིད་ནི་སེམས་ཀྱི་ནང་དུ་བལྟའོ། །ཞེས་བྱ་བར་དགོངས་པའོ། །དེ་ལ་རྒྱུ་ལས་བརྟག་པར་བྱ་ཞེས་བྱ་བ་ནི། དེ་ལ་སེམས་ཙམ་དུ་རྒྱུ་དང་འབྲས་བུ་བརྟག་པར་བྱ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་ཞེ་ན་ནུབ་པ་ཉིད་དུ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་པའི་ཕྱིར་ན་མཁའ་སྟེ། དེ་འང་སེམས་སོ། །ནུབ་པ་ནི་སེམས་ཀྱིས་ནུབ་པའི་མཐར་ཐུག་པར་སོན་པའོ། །དེ་ལ་བ་?་གི་རྨིག་པ་ཙམ་གྱི་གྲོང་ཁྱེར་གྱི་འགྲོ་བ་བསྒོམ་པར་བྱ་སྟེ། དེ་ནས་བདག་ཉིད ་མར་མའི་རྣམ་པར་བསྒོམ་པར་བྱའོ། །དངོས་པོ་རྣམས་ཐམས་ཅད་ཇི་ལྟར་ཡེ་ཤེས་ཀྱི་བདག་ཉིད་དུ་བསྒོམ་པར་བྱ་བ་དེ་ཇི་ལྟར་གྱུར་པ་ཤེས་སོ། །དེ་ལ་གལ་ཏེ་མར་མེའི་རྣམ་པར་བསམས་པ་ན་མཐོང་བ་དེའི་ཚེ་ཞི་བ་ལ་སོགས་པའི་འབྲས་བུ ་ཡིན་ནོ། །འདོད་ཆགས་ལས་ནི་སོགས་པ་ཞེས་བྱ་བས། མཐོང་བ་ནི། དེ་ལས་འཇིགས་པ་ནི་དེས་མྱོས་པས་རྣམ་པར་ཤེས་པར་འཕོ་བ་ན། བཟང་པོ་འམ་དན་པ་ཅུང་ཟད་ཀྱང་མི་ཤེས་སོ་ཞེས་བྱ་བ་ནི་མན་ངག་གོ། དེའི་འགྲོ་བ་ཞེས་བྱ་བ་ནི་རང་དང ་རང་གི་འགྲོ་བ་སྟེ་དེའི་རྣམ་པར་ཤེས་པའོ། །རྣམ་པ་ལ་ནི་ཐ་དད་པའི་ལྷ་ལ་སོགས་པའི་གཟུགས་ཀྱིས་སོ།། ལྟ་བ་ལྔའི་ཕ་རོལ་འགྲོ་ཞེས་བྱ་བ་ནི། བསོད་ནམས་ཀྱི་ང་རྒྱལ་ལ་སོགས་པའི་ཕ་རོལ་འགྲོ་བ་སྟེ། བསོད་ནམས་ཀྱི་ང་རྒྱལ་གྱིས་ལྷ ་རྣམས་སོ། །དེའི་ཕྱིར་ལྷ་ལ་མཐོང་བའི་ཤེས་པ་གསང་ཞེས་བྱ་བ་གསུངས་ཏེ། མཐོང་བ་ནི་བལྟ་བའོ། །དེ་ཉིད་གསང་བ་ནི་སྤས་པ་སྟེ། བསོད་ནམས་ཀྱི་བློ་ཞེས་བྱ་བའི་དོན་ཏོ།། དེས་ན་ལྷ་ནི་ལྷའི་འགྲོ་བར་སྐྱེ་བ་ཞེས་བྱ་བར་དགོངས་པའོ། །ལྷ་མིན་ཁྲོ་བའི ་ཤེས་པ་ལས་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་འགྲོ་བར་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །སྦྱིན་མེད་ཤེས་པ་ཡི་དགས་ཀྱི་ཞེས་བྱ་བ་ལ། སྦྱིན་པ་མེད་པ་ནི་མ་བྱིན་པའི་ང་རྒྱལ་གྱིས་ཡི་དག་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇིགས་པའི་ང་རྒྱལ ་གྱིས་སམ། ཁྲོ་བའི་ང་རྒྱལ་གྱིས་དམྱལ་བ་པ་ཞེས་བྱ་བ་ནི། དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གནས་པ་ལ་སོགས་སེམས་མེད་དེ་ཞེས་བྱ་བ་ནི། གནས་པ་ལ་སོགས་པ་ལ་སེམས་མེད་པ ་ནི་རྣམ་པར་ཤེས་པ་མེད་པ་སྟེ་དེ་རྣམས་ཀྱི་སེམས་པ་ནི་གང་ཞེས་བྱ་བར་བསམ་པའོ། །མི་རྣམས་ལ་ནི་རྣམ་ཤེས་ལྔ། འདིའི་དབྱེ་བས་ཡིན་ནོ། །རྣམ་པར་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ཁོ་ན་ཉིད་བསྟན ་པའི་ཕྱིར། རྨོངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨོངས་པ་ནི་བློ་དམན་པའོ། །བཀའ་པ་ཉིད་ཅེས་བྱ་བ་ནི་སྨན་ལ་སོགས་པ་རྣམས་ཀྱིས་བཀབ་པའི་ཤེས་པའོ། །ལྐུགས་བ་ནི་?་མི་ཤེས་པའོ། །ཕྱིས?་པའི་ཞེས་བྱ་བ་ནི་བུ་?་ངོ།། ཤེས་? ་ཤེས་པ་ཅན་ཞེས་བྱ་བ་ནི། ང་རྒྱལ་དང་བཅས་ཤེས་བྱ་བའི་དོན་ཏོ། །སེམས་ཅན་ཡོངས་སུ་མ་སྤྱངས་པའི་ཞེས་བྱ་བ་ནི། སྡིག་པ་དང་བསོད་ནམས་ཀྱི་རང་བཞིན་མི་ཤེས་པའོ། །བླ་མའི་ལམ་ཡང་ཚེར་མ་ཉིད་ཅེས་བྱ་བ་ནི་བླ་མའི་གསུང་རབ་ལ་སྨོད? ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལམ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཏེ། དེ་རྨོངས་པར་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱང་གནས་པ་དང་མཚུངས་སོ། །འདི་རྣམས་ཀྱི་མི་ཤེས་པ་དེ་གང་ཞེ་ན། གསང་བ་སངས་རྒྱས ་སྤྱོད་ཡུལ་ཉིད་ཅེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་རྣམས་ལས་ཤིན་ཏུ་རིང་བར་གནས་པའི་ཕྱིར་གསང་བ་ནི་སྦས་པའོ། །གང་ཞིག་དེ་ལྟར་ཁྱད་པར་འཕགས་པའི་གསང་བར་གྱུར་པའི་ཡེ་ཤེས་དེ་བསྟན་དུ་གསོལ་ཞེས་བྱ་བར་དགོངས ་པའོ། །དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་དབྱེ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་ཏེ། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་དབྱེ་བ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིའོ། །རྣམ་པར་བྱེད ་ཅེས་བྱ་བ་ནི། འགྲོ་བ་སྣ་ཚོགས་པ་ལ་སོགས་པའི་གཟུགས་ཡིན་ནོ། །གང་ཏུ་གྱུར་པས་ཀྱང་ཞེ་ན། ཡེ་ཤེས་དེ་ཉིད་ཅེས་བྱ་བ་གསུངས་ཏེ། ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན ་ནོ། དེར་གྱུར་པ་ན། གཉིས་སུ་མེད་པའི་ངོ་བོ་ལ་རྨོངས་པ་ལས་གཉིས་ཉིད་དུས་སོར་འདོད་པས་འགྲོ་བ་སྣ་ཚོགས་ལ་སོགས་པའི་གཟུགས་ལས་བཟློག་པར་དཀའ་བ་ཞེས་བྱ་བར་དགོངས་པའོ། །ལྷ་མིན་ཞེས་བྱ་བ་ནི། གདུལ་བར་དཀའ་བ་རྣམས་སོ། ་ལྷ་མིན་མཆོག་ཅེས་བྱ་བ་ནི། ལྷ་མ་ཡིན་གྱི་དབང་ཕྱུག་གོ། ལྷ་མིན་ཞེས་བྱ་བ་ནི། མཆིལ་མ་ཟ་བ་ལ་སོགས་པའོ། །གནོད་སྦྱིན་ནི་རབ་ཏུ་གྲགས་སོ། །བདེ་མེད་ནི་སྲིན་བུའོ། །གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་ཏེ་ཐམས་ཅད་དུ་དང་པོ་ལ་གསུམ་པའོ། ། ་གསང་བ་ཞེས་བྱ་བ་ནི། མི་མཐོང་བའི་ལྷ་རྣམས་སོ། །འབྲང?་པོའི་གཟུགས་ཀྱི་མིང་གིས་དང་ཞེས་བྱ་བ་ནི། གཟུགས་ན་སྤྱོད་པ་ལ་སོགས་པ་རྣམས་སོ། །ཕྲ་བ་ཞེས་བྱ་བ་ནི་ཆུ་ལ་སོགས་བའི་སྐྱེ་བོ་ཕྲ་མོའོ། །སྒོང་འང་འཛིན་པ་དང་ཞེས་བྱ་བ་ནི། སྒོང་ལS ་སྐྱེ་བ་ལ་སོགས་པའོ། །ཆུ་དང་མེ་དང་ཞེས་བྱ་བ་ལ་སོགས་པས་ནི། ཆུ་ལ་སོགས་པར་སོན་པའི་སེམས་ཅན་མ་ཟིན་པའོ། །ལྷ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གང་ཞིག་སྔར་བསྲུངས་པ་དེ་ཐམས་ཅད་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བ་ནི། ་རང་གི་ངོ་བོའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་ཉིད་ལས་ནི་མི་ཤེས་པ། གང་ཡང་ལ་ལ་ཡོད་མ་ཡིན་ཞེས་བྱ་བ་ནི་རང་རང་གི་སྐྱེ་གནས་སུ་འགྲོ་བ་ཀུན་ཏུ་གནས་པའི་སེམས་ཅན་རྣམས་ཀྱི་རང་རང་གི་བདེ་བའི་ངོ་བོའི་ཡེ་ཤེས་ལྷན ་ཅིག་སྐྱེས་པར་ཤེས་པའོ། །གང་ཞིག་སེམས་ཅན་རྣམས་གང་ལ་ཡང་དེས་ན་མི་ཤེས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདིར་སྔགས་ཀྱི་ཚུལ་ལ་དད་པར་བྱེད་པ་ནི་སྐྱེ་བ་སྟོང་ཕྲག་བྱེ་བ་རུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གང་ཞིག་བསྐུལ་བ་ཞེས ་བྱ་བ་དེ་ཉིད་ནི། དད་པ་ཡང་དག་སྐྱེ་བར་འགྱུར་ཞེས་གསུངས་ཏེ། དང་པ་ཡང་དག་པར་སྐྱེ་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་བསྟན་བཅོས་ཀྱིས་མཚོན་པས་ཤེས་བྱ་བ་ནི། སྔགས་ཀྱི་ཚུལ་ལ་སོ་སོར་དང་པའི་དོན་ཏོ། །ཕྱི་རོལ ་གྱི་བསྟན་བཅོས་ལ་གཟུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཕྱི་རོལ་བསྟན་བཅོས་ལ་སོགས་སྒྲ་ཞེས་བྱ་བ་ནི། སྒྲའི་བསྟན་བཅོས་ལ་སོགས་པ་ཡང། གར་མཁན་གྱི་ཁ་དོག་དང་འདྲ་བའི་དོན་ཏོ། །སྒྲ་དང་སྒྲ་མ་ཡིན་པ་ངག་ཀྱང་གཟུང ་བར་མི་བྱའོ་ཞེས་ཟུར་གྱི་བརྙེག་སོ། །བཟའ་དག?་ཞེས་བྱ་བ་ནི་ལོངས་སྤྱོད་དོ། །གྲོལ་བ་ནི་ཞེས་བྱ་བ་ནི་ཐར་པའོ། །འདོད་པ་ནི་ཞེས་བྱ་བ་ནི་འདོད་པའི་བདེ་བའོ། །རྣལ་འབྱོར་བསྟན་བཅོས་རྗེས་བཙལ་བས་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་སེམས ་དཔའ་ཞེས་བྱ་བ་ནི། མི་ཕྱེད་པའི་འོ། །རྣམ་པར་མཛེས་པ་ཞེས་བྱ་བ་ནི། འགྲོ་བ་སྣ་ཚོགས་པའི་སྐྱེ་བ་ལ་སོགས་པའི་ཚུལ་ལོ། །དེའི་འབྱུང་བ་ནི་གང་ལ་ཡེ་ཤེས་དེ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་མཛད་པ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་སུམ ་ཅུ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་པའོ།། །།རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང་།དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དབྱངས་ཀྱི་རང་བཞིན་གྱི་ཕྱིར་དེ ་རྣམ་པར་དག་པ་རྡོ་རྗེ་དང་བྲིལ་བུ་རྣལ་འབྱོར་པས་གཟུང་བར་བྱའོ་ཞེས་བྱ་བ་དེ་དག་གི་མཚན་ཉིད་ཀྱི་ཚར་རབ་ཏུ་བསྟན་པར་བྱ་བའི་དོན་དུ་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་དེ་ཁོ་ན་གསུངས་མ ་ཐག་ཏུའོ། །རྡོ་རྗེ་དྲིལ་བུའི། མཚན་ཉིད་ཅེས་བྱ་བ་ནི། རྡོ་རྗེ་དང་དྲིལ་བུའི་རང་གི་ངོ་བོའོ། །རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་བར་དག་པའི་རྩེ་མོ་ལ་སོགས་པའི་ངེས་པར་ཤེས་པར ་བྱའོ། །རྡོ་རྗེ་བློ་ལྡན་ཞེས་བྱ་བ་ནི་བློ་དང་ལྡན་པས་སོ། །ཐམས་ཅད་ཀྱི་ཞེས་བྱ་བ་རྡོ་རྗེ་ཐམས་ཅད་དུ་ཞི་བ་ལ་སོགས་པའི་དོན་ཏོ། །གསེར་སོགས་བྱས་པ་བཟང་པོ་ཉིད་།རྡོ་རྗེ་ཐམས་ཅད་མཚན་ཉིད་ལྡན་ཞེས་བྱ་བ་ནི། ཆུ་སྲིན་གྱི? ་ཁ་ལ་སོགས་པའི་སྦྱོར་བ་ལས་ཐམས་ཅད་དུ་འདི་མཛེས་པའོ། །གང་ཡང་ཤིང་ལ་སོགས་པ་ལས་བྱས་བ་ཤིན་ཏུ་མཛེས་པ་ནི། རི་མོ་དང་ལྡན་པའོ། །སུམ་ཆ་གཟུང་བའི་ཞེས་བྱ་བ་ནི། ཆ་གསུམ་མཉམ་པས་གཟུང་པའོ། །རིང་པོས ་ཞེས་བྱ་བ་ནི། རྡོ་རྗེ་འདིར་ལུས་ཞེས་བྱ་བ་སྟེ། དེ་དེ་བཞིན་ནོ། །གསལ་བ་ཞེས་བྱ་བ་ནི། སོ་སོར་ཡན་ལག་དང་ཉིང་ལག་མངོན་པའོ། །སྐ་རགས་ཀྱིས་ནི་རྣམ་པར་བརྒྱན་ཅེས་བྱ་བ་ནི་།རྩེ་མོའི་འོག་ཏུ་སྟེ་དེ་ཡང་ཟླ་བའི་སྟེང་དུ་བསྐོར་བའི ་གཟུགས་ཀྱི་རི་མོ་ནི་སྐ་རགས་སོ། །གང་གི་མིང་མུ་ཁྱུང་ཅེས་བྱ་བའོ། །ཡང་ན་གསུམ་པ་ནི་ཆ་གསུམ་སྟེ། སུམ་ཆ་ཡང་ཕྱིས་ན་གསུམ་གྱི་སྒྲ་ཡང་གསུམ་གྱི་རྣམ་པར་གྱུར་པའི་ངོ་བོ་འདི་ནི་སྟེ་དེ་ནི་སུམ་ཆར་གཟུང་ངོ། གང་གི་དབུ་མའི ་ཁུ་ཚུར་དེ་ནི་དེ་བཞིན་ཏེ། ཁུ་ཚུར་ལ་སྐ་རགས་ཀྱི་བསྐོར་བའི་རི་མོའོ། །ཇི་ལྟར་ཕྱོགས་བརྒྱད་ཅེས་བྱ་བ་ནི། གང་གི་ཕྱོགས་གང་ཞིག་སྟེ། འདི་ལྟ་སྟེ་ཕྱོགས་ནི་འདི་ལྟར་ཡིན་ནོ། །དེ་བཞིན་དུ་ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས ་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན། རྩེ་བརྒྱད་ཅེས་བྱ་བ་གསུངས་པ་ནི། རྩེ་མོ་བརྒྱད་པོ་རྣམས་ལའོ། །དབུས་སུ་དགུ་བ་སངས་རྒྱས་ཞེས་བྱ་བ་ལ། སངས་རྒྱས་ནི་རྡོ་རྗེ་འཛིན་པ་སྟེ། རྩེ་མོ་དགུ་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དགུ་པ་ཞེས ་བྱ་བ་གསུངས་སོ། །ཕྱི་རོལ་གྱི་རྩེ་མོ་ཤར་ལ་སོགས་པ་རྣམས་ལ་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་།ཀུན་ཏུ་བཟང་པོ་དང། འཇམ་དཔལ ་དང། བྱམས་པ་ལ་སོགས་བ་རྣམས་སུ་བལྟ་བར་བྱའོ། །དེའི་ཕྱིར་ལྷ་དགུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ལྷ་དགུ་རྣམ་པར་དག་པའི་རྩེ་མོ་དགུ་པོ་རྣམས་ལའོ། །ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས་ཞེས་བྱ་བ་ནི། ལྷག ་པར་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ་།དེའི་ཕྱིར་ལྷ་དགུ་ཞེས་གསུངས་སོ།། ཆུ་སྲིན་ཁ་བྱུང་རྩེ་མོ་ནི་ཞེས་བྱ་བ་ནི་ཆུ་སྲིན་གྱི་ཁ་རྣམས་ལས་བྱུང་བ་སྟེ། ཕྱོགས་བརྒྱད་དུ་རྩེ་མོ་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། པདྨར་ཟླ་བ་རྣམ་པར་གནས་ཞེས། ་གསུངས་པ་ནི། པདྨའི་སྟེང་དུ་ཟླ་བ་གནས་པ་སྟེ། པདྨར་ཟླ་བ་གནས་པ་ནི་འདི་ལྟར་ཡིན་ནོ། །དེ་བཞིན་དུ་ཆུ་སྲིན་གྱི་ཁ་ལས་བྱུང་བའོ། །འགྲོ་བ་འདོན་ཞེས་བྱ་བ་ལ། རྡོ་རྗེ་ནི་འགྲོ་བ་འདོན་པར་བྱེད་པ་སྟེ། གཉི་གའི་ཁར་སོན་པ་ནི། རྩེ་མོ་དགུ་བའོ། །ཆ་གསུམ་གྱི ་ནི་ཚད་ཀྱིས་ནི་ཞེས་བྱ་བ་ནི་གོ་སླའོ། །དབུ་མ་ཞེས་བྱ་བ་ནི་དབུས་སུའོ། །རིང་པོ་ཞེས་བྱ་བ་ནི། གཉི་གའི་དག་གོ། འདི་ལྟར་ཆ་གསུམ་གྱི་ཚད་ཀྱི་གང་ཞིག་ཡིན་པ་དེས་དེ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྣམས་ཀྱི་ཆ་གསུམ་དུ་མཉམ་པ་འདི་ཐམས་ཅད ་ཀྱི་སྤྱིའི་མཚན་ཉིད་ནི། རྩེ་མོ་དགུ་པ་འདིའོ། །དེའི་ཕྱིར་དེ་ལྟར་སྤྱིའི་མཚན་ཉིད་དེ། རྩེ་མོ་ཀུན་གྱི་ཞེས་བྱ་བ་གསུངས་སོ། །འདི་ལྟར་འདིའི་སྤྱིའི་མཚན་ཉིད་ཅེས་བྱ་བ་བསྟན་པའི་ཕྱིར་རྩེ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོའི་དབུས་ཟླུམ་པོ་སྟེ། ་རྩེ་མོ་བཞིའི་ཆའོ། །དབུ་མ་ཟུར་བརྒྱད་བྱ་ཞེས་བྱ་བ་ནི། ལྟེ་བ་ཆ་བརྒྱད་ཅེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་རྩེ་མོ་དབུས་མ་ཟླུམ་པོ་ཞེས་ཟེར་རོ། །མཁས་པས་ཞེས་བྱ་བ་ནི། དེ་ལྟར་ཤེས་པར་བྱ་ཞེས་བྱ་བ་ནི། ལྷག་མའོ། །ཕྱོགས་སོགས་ཆ་ནི་བཅུམ་པར ་གནས་ཞེས་བྱ་བ་ནི། གང་ཕྱོགས་ཀྱི་རྩེ་མོ་དེ་དང་དེ་དང་པོའི་རྩེ་མོ་ལའོ། །བཅུམ་པར་ཞེས་བྱ་བ་ནི་བཏུད་པས་ཞེས་བྱ་བའི་དོན་ཏོ།། གནས་ཞེས་བྱ་བ་ནི། སྟེང་དུ་གྱུར་པ་སྟེ། ངོས་ཀྱི་རྩེ་མོ་ཞེས་བྱ་བའི་ཚིག་གིས་ནི་དབུ་མའི་རྩེ་མོ་ནི་དྲང་པོའི་རྩེ ་མོའོ། །དབུས་ཀྱི་ཆ་ཞེས་བྱ་བ་ནི་དབུས་ཀྱི་ཆའི་དབུ་མ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཡང་ལྟེ་བ་ཞེས་བྱ་བར་ཡང་དག་པར་བརྗོད་དོ། །གང་གིས་ཤེ་ན། ཚད་ཀྱིས་ཞེས་བྱ་བ་གསུངས་ཏེ། སུམ་ཆའི་སུམ་ཆའི་ཚད་ཀྱིས་ནི་ལྟེ་བ་ནི། འདིའི་ཆ་བརྒྱད་ཉིད ་བསྟན་པའི་ཕྱིར། མརྐཏ?་རིན་ཆེན་ལྟ་བུར་ནི། ཆ་བརྒྱད་ཅེས་བྱ་བ་ནི། དེའི་ལྟེ་བའི་ཆ་བརྒྱད་པ་སྟེ། རིན་པོ་ཆེ་མར་ཀ་ཏ་སྟ་བུའོ། །སོ་སོར་གསུམ་དུ་ཞེས་བྱ་བ་ནི། རྩེ་མོ་རྣམས་ཀྱི་འོག་ཏུ་ཅུང་ཟད་ཕྲ་བ་དང་དབུ་མའི་མ་ནི་སྡོམ་པ་དང། སྟེང་དང་འོག་གི་ཆ་ཕྲ་བ་སྟེ། ་དབུ་མའི་ཆའི་དབུ་མ་སྦོམ་ཞིང་མཛའ་གཉིས་དེས་ན་ཕྲ་བའོ། །ཆུང་དུ་ལ་སོགས་པའི་དབྱེ་བས་སོ་སོར། འོག་དང་དབུས་དང་སྟེང་གི་ཆ་རྣམས་ལ་རྣམ་པ་གསུམ་ཁོ་ནའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ནི། སུམ་ཆའི་ཆའི་གང་ཞིག་སུམ་ཆའོ། །དེའི་ཡང ་གང་ཞིག་ཆ་དྲུག་ཏུ་ཞེས་བྱ་བ་ནི། དེའི་ཚད་ཀྱི་པདྨའི་སྟེང་དུ་ཟླ་བའི་སྟེང་གི?་ཚད་གིས་ཚང་ངོ། །དཀྱིལ་འཁོར་ཀུན་ཏུ་ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་རོ། །སེང་གེའི་སྣ་ཞེས་བྱ་བ་ནི། ཆུ་སྲིན་གྱི་སྣ་སྟེ། དེ་འབྲས་ཀྱི་སོ་པའི་ཕུ་བ་མའི་ཕྱེད་ཀྱིས་སྟེང་གི་ཚང་ངོ།། ་སོའི་བར་གནས་པ་ཞེས་བྱ་བ་ནི་སོའི་བར་དུ་གནས་པ་སྟེ། དེ་ནི་སྔར་གྱི་ཆ་དྲུག་གི་ཚད་གྱིས་ཞེས་བྱ་བའི་དོན་ཏོ། །འདི་ཡང་སྤྱིའི་ཚད་ཀྱི་མཚན་ཉིད་དེ། རྩེ་དགུ་པའི་ཚད་ཀྱི་ཉེ་བར་བསྡུ་བ་ནི། བདུན་ཚད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་།གཉི་གའི ་མཛའ་ཨི་རྩེ་མོ་ནི་བཅོ་བརྒྱད་དེ། ཆ་གསུམ་གྱི་ཚད་རྣམས་སོ།། དབུ་མ་ཡང་སུམ་ཆའི་ཚད་དེ། ལྟེ་བའི་སུམ་ཆའི་ཡང་སུམ་ཆའི་ཚད་རྣམས་ཏེ། ཆ་བརྒྱད་པ་ཞེས་བྱ་བའོ། །ཉི་ཤུ་རྩ་བདུན་ཚད་ཅེས་བྱ་བ་ནི། རེ་ཡང་སོ་སོར་དགུ་རུ་བརྗོད་པ་ཉིད་ཅེས་བྱ་བ་ནི ་ཚད་དོ། །སུམ་ཆ་ཕྱི་མའི་མཛའ་རུ་ནི་ཞེས་བྱ་ནི། འདིས་ཡང་སྤྱིའི་མཚན་ཉིད་གསུངས་པ་གང་ཞིག་རྡོ་རྗེ་དང་འབྲེལ་པ་ཅན་གྱི་ཆ་གསུམ་པོ་དེ་ཡང་གང་ཞིག་སུམ་ཆ་པོ་དེའི་འོ།། ཕྱིན་མ་ནི་སྔན་མའི་རྗེས་སུ་ཕྱིན་མ་སྟེ། མཛའ་ཞེས་བྱ་བར་དགོངS་ ་བའོ། །དེའི་ཕྱིར། སྟེང་གི་ཆ་གཉིས་སྤངས་ནས་ནི། མཛའ་ཨི་ཞེས་བྱ་བ་གསུངས་སོ། །སྟེང་ནི་མཛའ་ཨི་ཡིན་ནོ། །ཅི་བྱས་པས་ཤེ་ན། ཆ་གཉིས་ཞེས་གསུངས་པ་ནི་འོག་ཏུ་སོན་པ་སྤངས་པའོ། །ནང་དུ་སོན་པའི་ཡང་རྩེ་མོ་དེ་ལྟ་བུ་ནི། ་ནང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་ཕྱི་མའི་མཛའ་སྒྲས་ནི་མཚམས་ཀྱི་གནས་རྣམས་ཀྱི་མཛའ་ཨི་བཞི་པོ་རྣམས་ཀྱིའོ། །དབུས་སུ་སོན་བའི་འདབ་མ་དང་རྩེ་མོའི་ཆུ་སྲིན་གྱི་ཁ་ཞེས་བྱ་བ་ནི། རྩེ་མོ་བཞིའི་ཆ་ཡིས་སོ། །ཆུ་སྲིན་ཁ་ལས་ཏེ། ་དེ་ཕྱེད་དེ་བཞིན་མུ་ཁྱུད་ཉིད་ཅེས་བྱ་བ་ནི། རྡོ་རྗེ་སྟེང་དུ་བསྐོར་བ་ཡང་ཞེས་བྱ་བའི་ཚིག་ནི་འདིར་ཡང་སྤྱད་བར་བྱའོ། །དེའི་སྲིད་ནི་ཤེས་བར་བྱ་ཞེས་བྱ་བ་ནི། གང་ཞིག་གཉིས་ཀྱིས་དཀྲིས་པའི་ཚད་དེ་སྲིད་ནི་རིང་པོའོ། །རྡོ་རྗེ་ཐམས་ཅད་ཉིད་ཀྱི་སྟེ། ་བློ་ལྡན་ཞེས་བྱ་བ་ནི། བློ་དང་ལྡན་པས་སོ། །གཞན་དུ་འང་འོད་ལ་སོགས་པ་ཇི་ལྟར་ལུང་ལ་བལྟ་བར་བྱའོ། །རྡོ་རྗེ་རྩེ་ལྔ་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པར་བལྟ་བར་བྱའོ། །རྡོ་རྗེའི་ཚད་ནི་ཇི་ལྟར་གཞན་དུ་གསུངས་པ། དེ་བཞིན ་དུ་འདིར་མ་གསུངས་སོ།། རྡོ་རྗེ་སོར་དྲུག་པ་ལ་སོགས་པར་བྱས་ནས་ཇི་སྲིད་སོར་ཉི་ཤུ་བར་གྲགས་པའོ། །ཁ་ཅིག་ན་རེ་འདིར་བྱེ་བྲག་མེད་པར་ཇི་ལྟར་འདོད་པའོ་ཞེས་ཟེར་རོ།། གཞན་དག་ན་རེ་རྩེ་དགུ་པ་འདི་འབའ་ཞིག་གི་ཡིན་ནོ་ཟེར་རོ། །དམ ་ཚིག་རྡོ་རྗེའི་ཞེས་བྱ་བ་ལ། དམ་ཚིག་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་ནི་དེའི་མཚན་ཉིད་དོ། །དེ་ཡང་རྩེ་ལྔ་བ་སྟེ། ལྷག་མ་ནི་གོ་སླའོ། །ཆུ་སྲིན་སོའི་རྣམ་པར་ནི་ཞེས་བྱ་བ་ནི། ཆུ་སྲིན་གྱི་སོའི་རྣམ་བའི་རྩེ་མོ་ཞེས་བྱ་བའི་དོན་ཏོ ་དབུས་སུ་ཞེས་བྱ་བ་ལ་སོགས་པས་རྩེ་ལྔ་པ་ལྷ་རྣམ་པར་དག་པར་བསྟན་པའོ། །རྩེ་དགུ་པའི་ཕྱོགས་ལ་ཡང་ཡེ་ཤེས་ལྔ་རྣམ་པར་དག་བའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བསྟན་བའོ། །པདྨར་ནི་འདབ་མ་བརྒྱད་པ་རྣམས་ལའོ།། ་བྱང་ཆུབ་ཡན་ལག་བརྒྱད་ཅེས་བྱ་བ་ནི། ཇི་ལྟར་གྱུར་བའི་གནས་ཤར་ལ་སོགས་པ་རྣམས་སུ་དགའ་བ་ལ་སོགས་བའི་ས་བརྒྱད་པོ་རྣམས་ཀྱི་གཟུགས་ཏེ། པདྨའི་ལག་པ་ལ་སོགས་པའོ། །གནོད་སྦྱིན་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །དབུས་སུ ་ཞེས་བྱ་བ་ནི་ལྟེ་བ་ལིའོ། །ཡེ་ཤེས་སེམས་དཔའ་ཨི་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །བཅུ་གསུམ་གྱིས་ནི་ཐིམ་པར་བྱ་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་སྟེ། དེ་ཡིས་ཀྱང་འདིར་ནང་དུ་ཆུད་པ་ཡིན་ནོ། །ཞེས་བྱ་བར་དགོངས་པའོ། །པདྨར་ལྷ་མོ་བརྒྱད ་ཡིན་ཏེ་ཞེས་བྱ་བ་ནི། འོག་གི་རྩེ་མོ་དང་འོག་གི་པདྨ་ལ། ཇི་ལྟར་གནས་སུ། ཉིད་ཀྱི་ཚད་ཀྱང་དེ་དག་གི་ཆོ་གའི་དེ་རྗོད་པར་བྱེད་པ་སྟེ་སུམ་ཅུ་རྩ་གཅིག་པའོ། །རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་གཅིག་པའོ།། །།འདི་ལྟ ་བུའི་རྡོ་རྗེ་དང་དྲིལ་བུ་ཡང་རྡོ་རྗེ་སློབ་དཔོན་གྱིས་གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བ་དང། དེ་ཉིད་ཀྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་ལེའུ་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྡོ་རྗེ་ནི་མི་ཕྱེད་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལ་སློབ ་དཔོན་ནི་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་སྟེ། དེ་དག་ནི་གཉིས་སུ་མེད་པའི་ཕྱིར་རོ། །དུལ་ཞིང་ཞེས་བྱ་བ་ནི་དབང་པོ་ལས་རྣམ་པར་རྒྱལ་བའོ། །སྤྱོད་ལམ་ཞི་བ་དང་ཞེས་བྱ་བ་ནི། སློབ་དཔོན་གྱི་གསང་བའི་སྤྱོད་ལམ་སྟེ། དེ་ངེས་བར ་ཞི་བའི་གོ་འཕང་ངེས་བར་རྙེད་པའི་ཕྱིར་དེ་ལ་གནས་སྐབས་སུ་ཇི་ལྟ་བུ་འམ་དེ་ལྟ་བུ་འདི་སྤྱོད་ལམ་མོ། །སེམས་ཅན་ཀུན་ལ་མི་འཇིགས་སྟེར་ཞེས་བྱ་བ་ནི་བྱམས་བ་བསྒོམས་པས་སོ། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས་ཞེས་བྱ་བ་ལ། སྔགས་ནི་རྐང་པ་བརྒྱད་བ་ལ་སོཌ ་པའོ།། རྒྱུད་ནི་སྨན་ནོ། །དེ་དག་གི་སྦྱོར་བ་ནི་བྱ་བ་སྟེ་དེ་ཤེས་པའོ། །བཟོའི་ཆའི་སྦྱོར་བ་མཁས་ཞེས་བྱ་བ་ལ། བཟོའི་ཆའི་སྦྱོར་བ་ནི། དཀྱིལ་འཁོར་འདྲི་བ་ལ་སོགས་པ་སྟེ། དེ་མངོན་པར་རིག་པའི་ཕྱིར་དེ་ནི་དེ་བཞིན་ནོ། །ཀུན་ལ་སྙན་པར་སྨྲ་བ་དང་ཞེས་བྱ་བ་ནི། ་དགྲ་དང་བཤེས་དང་བཏང་སྙོམས་བྱ་བ་རྣམས་ལ་སྟན་པར་སྨྲ་བ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་ལ་བུ་ལྟ་བུ་ཞེས་བྱ་བ་ནི། དཔེར་ན་བུ་ཕལ་གུས་པར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལའང་ཞེས་བྱ་བར ་དགོངས་པའོ། །ཡང་ན་སེམས་ཅན་ཐམས་ཅད་ལ་གང་གི་བུ་ལྟ་བུ་དེ་ནི་སེམས་ཅན་ཐམས་ཅད་ལ་བུ་ལྟ་བུ་ཞེས་བྱ་བའི་དོན་ཏེ། འདི་ལ་གཟུང་ངོ། །སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་སྟེ། དེའི་བསམ་པ་ནི་དེ་ལ་ཡང ་ནས་ཡང་དུ་བརྩོན་པའོ། །མཉམ་བའི་ཞེས་བྱ་བ་ལ་སོགས་པས་ནི། བཏང་སྙོམས་བསྟན་ཏོ། །མགོན་གྱུར་པས་ཞེས་བྱ་བ་ནི། མགོན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། བསྐྱོབ?་པའི་བསམ་པས་འཇུག་པའི་ཕྱིར་རོ། །སེམས་ཅན་བསམ་པའི་ཁྱད་པར ་ཤེས་ཞེས་བྱ་བ་ནི། རྟགས་དང་རྣམ་པ་དག་གིས་གཞན་གྱི་སེམས་ཞེས་བྱ་བའི་དོན་ཏོ། །མགོན་མེད་རྣམས་ཀྱི་གཉེན་བ་ཤེས་ཉིད་ཅེས་བྱ་བ་ནི། སྡུག་བསྔལ་བ་དང་སྐྱོབ་པ་མེད་པ་ལ་ཁྱད་པར་དུ་གཉེན་བཤེས་ཤེས་བྱ་བའི་དོན་ཏོ། །དེ་བཞིན ་དུ་ཡང། ཇི་ལྟར་དུ་ཡི་འདོད་པ་ཡིས། མ་ཡིས་འདོད་པའི་ཁྱད་པར་འགྱུར། སེམས་ཅན་འདོད་པས་དེ་བཞིན་དུ། །བྱང་སེམས་སྙིང་རྗེ་ཁྱད་པར་འགྱུར་ཞེས་གསུངས་སོ། །མཐོང་ནི་དགའ་ཞིང་ལེགས་པ་དང་ཞེས་བྱ་བ་ལ། མཐོང་ན ་དགའ་བ་ནི་འདི་ལྟ་སྟེ། དེ་ཡང་འདི་ལེགས་པ་དང། གཞན་ལ་རིམ་འགྲོ་བྱེད་པ་དེ་ནི་དེ་བཞིན་ནོ། །?་པོ་དང་མདངས་ཀྱིས་གང་ཞིག་ལྟ་བ་དེའི་མཐོང་ན་ཞེས་བྱ་བ་ནི་བལྟ་བྱའོ། །ཞེས་བྱ་བར་དགོངས་པའོ། །སྔགས་ཀྱི་?་གོམས་པ་དང་ཞེS ་བྱ་བ་ནི། སྔགས་ཀྱི་ཚུལ་ལ་ལྷག་པར་ཡང་གམས་པར་བྱ་པའི་དོན་ཏོ། །དམ་ཚིག་སྤྱོད་པའི་ཞིབ་པ་དང་ཞེས་བྱ་བ་ནི། ཤིན་ཏུ་གསང་བར་དེ་བྱེད་པའི་ཕྱིར་རོ། །ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ། །གཉིས་མེད་ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའོ། །མ ་བཅོམ་པ་དང་ཞེས་བྱ་བ་ལ་བཅོམ་པ་ནི་དལ་པ་སྟེ། དེ་ལས་བཟློག་པ་མ་བཅོམ་པ་དང་དགེ་བ་ལ་སྤྲོ་བ་ཞེས་བྱ་བའི་དོན་ཏེ། །སྔགས་ཀྱི་འཁོར་ལོ་སྟེ། དེའི་སྦྱོར་བ་ནི་དེའི་སྤྲུལ་པ་དང། དེ་ལ་ཞིབ་བ་སྟེ་རིམ་པ་བཞིན་དུ་རིག་གའོ། །དབང་དོན་ཡོན་ཏན་འབྱུང ་བ་དང་ཞེས་བྱ་བ་ནི་དབང་ཉིད་ཀྱིས་དོན་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ཞེས་བྱ་བ་ནི་དེ་ཉིད་བགྲང་བར་བྱེད་བའོ། །དེའི་འབྱུང་བ་དང་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ནི་དེ་བཞིན་ཏེ། དབང་ཞེས་བྱ་བའི་དོན་ཏོ། །གནས་ཀྱི་ཞེས་བྱ་བ་ནི་གནས་ལ་སོཌ ་པའོ། །དེ་ཉིད་བཅུ་ནི་ཞེས་བྱ་བ་ནི། དཀྱིལ་འཁོར་རང་གི་ཏིང་འཛིན་དང། །ཕྱག་རྒྱ་བྱེད་པ་གདན་དང་ནི། །བཟླས་པ་སྦྱིན་སྲེག་དེ་བཞིན་མཆོད། །ལས་དང་རྣལ་འབྱོར་ཉེར་བསྡུས་པ་ཞེས་བྱ་བ་ནི། དེ་ཉིད་བཅུ་པོ་རྣམས་སོ། །དེ་ལྟར་གྱུར་པའི་སློབ་དཔོན་གྱི ་སྐུ་ལ་སོགས་པ་ཇི་ལྟར་བལྟ་བར་བགྱི། དེ་བཞིན་དུ་གསུངས་པ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀུན་ནི་རྡོ་རྗེ་འཛིན་པའོ། །བྱང་ཆུབ་ཡན་ལག་ཅེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི ་འདོད་ཆགས་དང་བྲལ་བ་རྣམས་སོ།། རིགས་ལྔ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའོ། །འཇིག་རྟེན་པ་ནི་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ། །དེ་ལྟར་ཡོན་ཏན་བདག་ཉིད་ལུས་ཤེས་བྱ་བ་དང། རྟག་ཏུ་སློབ་དཔོན་རྣལ་འབྱོར་པས་ནི ་དེ?་ལྟ་ཞེས་བྱ་བ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་འདིའི་མཚན་ཉིད་རྣལ་འབྱོར་དང་རྣལ་འབྱོར་པས་ཤེས་པར་བྱ་བའི་མཚན་ཉིད་དེའི་བླ་མ་བསྟེན་པར་བྱའོ་ཞེས་བྱ་བ་ནི། གང་གི་མཚན་ཉིད་སྦྱར་བྱ་ག་ཡེ་ཤེས་ཅན་གྱི་ཤེས ་བྱའི་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་བླ་མའི་སྦྱོར་བ་ཡོད་པ་མ་ཡིན་པ་དེ་གསུངས་སོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བ་ནི་འབྲལ་དུ་གནོད་པ་བྱེད་པ་ལ། གནས་ཏེ་སེམས་རྩུབ་པའོ། །ངོ་གཉིས་དང་ཞེས་བྱ་བ་ནི་སྡིག་པ་འབྱུང? ་པ་སྟེ། ཕྱི་རོལ་གྱི་འཇིག་རྟེན་པ་ལ་རིམ་གྲོ་བྱེད་པའོ། །གང་གིས་ཤེ་ན། སྦྱིན་པ་ལ་སོགས་བའི་ང་རྒྱལ་ལ་སོགས་པ་རྣམས་ཀྱིས་ཀྱང་བྱེད་པ་མཐོང་ངོ། །འདི་ཉིད་ནི་ཚིག་རྩུབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ ་མའི་མཚན་ཉིད་ཉེ་བར་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྲོ་ཞིང་ཞེས་བྱ་བ་ནི་གནོད་པ་བྱས་པ་དྲན་ཞིང་ཡོན་ཏན་མ་ཡིན་པ་ནི་ཁྲོ་བཅས་སོ། །རྟོག་གེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལ་འདོད་པའོ། །འདི་སྲུང ་དུ་སྨྲ་བ་འམ་ཞེས་བྱ་བ་ནི། རྟོག་གེ་པའོ། །རྒན་དང་ཞེས་བྱ་བ་ནི། ལོ་མང་བས་རྫས་ཉུང་བ་ཞེས་བྱ་བའི་དོན་ཏོ།། ཡོངས་ཞེས་བྱ་བ་ནི་ཡོངས་པར་མ་སྡུག་བསྔལ་བའོ།། རྒྱལ་པོས་བཀྲབས?་པ་འམ། མ་ནིང་ལའོ། །མི་བཤད་ཅེས་བྱ་བ་ལ། དེ་ཅི་ཞེ ་ན། རིན་ཆེན་རིན་ཐང་མེད་ཅེས་བྱ་བ་གསུངས་ཏེ། རིན་ཐང་ཡོད་པ་མ་ཡིན་པ་ནི། འདིའི་ཚད་མེད་པའི་ཕྱིར་དེ་རིན་ཐང་མེད་པ་སྟེ། དེ་ཡང་རིན་ཆེན་ཞེས་བྱ་བ་ནི་དེ་དེ་བཞིན་དུ་?། །གསང་བའི་དབང་ནི་སྦྱིན་ཞེས་པའི་དོན་ཏོ། །དེ་སྦྱིན་པའི ་སྣོད་དེ་གང་ཞེ་ན་།གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་རྒྱལ་ཞེས་བྱ་བ་ནི་ཁེངས་པ་སྟེ། དེ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་ང་རྒྱལ་མེད་པའོ། །དེ་ཉིད་ན་ང་རྒྱལ་མེད་པ་ཉིད་དོ། །?་མེད་ཅིང་ཞེས་བྱ་བ་ནི་རློམ་པ་དང་བྲལ་པའོ། །རློམ་སེཾས ་ཀྱི་ཆེ་བ་དེ་ནི་གང་ལ་ཡོད་པ་མ་ཡིན་པ་དེ་བཞིན་དུ་རློམ་སེམས་མེད་པའོ། །ཆོས་ལ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མངོན་པར་འདོད་པའམ། ཆོས་འདི་ནི་ཆོས་ཉིད་ངོ། །གང་ཞིག་ཁྲོ་བ་ལ་སོགས ་པར་མ་གྱུར?་པ་དེའི་འང་གང་ང་རྒྱལ་མེད་པ་ལ་སོགས་པར་གྱུར་པ་དེ་རྣམས་ཀྱི་ཕྱིར་རོ། །མན་ངག་ནི་དེ་ཁོ་ན་རིག་པས་སྦྱིན་ནོ་ཞེས་བྱ་བ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དུ་ལྟུང་བར་བྱེད་ཅེས་བྱ་བ་ནི། ལྟུང་བར་བྱེད་པའོ། །ཁྲོ་བ་ཞེས ་བྱ་བ་ལ་སོགས་པ་དང། ང་རྒྱལ་དང་བཅས་པ་ལ་སོགས་པས་ཀྱང་དེ་མི་གཟུང་ངོ། སྡིག་པ་མེད་པ་རྣམས་ལ་ཞེས་བྱ་བ་ནི། སྡིག་པ་ཅན་ནི་སྡིག་པའོ། །སློབ་དཔོན་ལ་སོགས་པ་རྣམས་ལ་སྨོད་བར་བྱེད་པ་རྣམས་ཀྱི་སྐྱོན་ཆེན་པོ་ཞེས་བྱ་བ་ནི། སྐད་ན་ནི་ཞེས་བྱ་བ་ལ་སོཌ ་པ་གསུངས་ཏེ། སྨོད་བ་ནི་སྨོད་པར་བྱེད་པའོ། །སློབ་དཔོན་གསང་བ་ནི་ལུས་ལ་སོགས་པ་རྣམས་སོ། །ཐམས་ཅད་དུ་ནི་དམ་ཚིག་གིས་ཞེས་བྱ་བ་ནི། ཇི་ལྟར་འདོད་པའི་དམ་ཚིག་གིས་སོ། །བླ་མའི་གནས་མལ?་ལ་སོགས་བ་?་འགོམས་པའི་སྐྱོན་ནི། གནས་མལ་ལ་སོགས ་པ་གསུངས་སོ། །སྟན་དང་ཞེས་བྱ་བ་ནི་གདན་ནོ། །གྲིབ་མ་བགོམ་དང་ཞེས་བྱ་བ་ནི། དེ་ལམ་རེག་པར་དེའི་སྟེང་ནས་འགྲོ་བའོ། །གནོད་བ་ནི་རྐང་པ་དེས་དེའི་?་གནོན་པའོ། །ཡིད་བཅུགས་ཐུགས་ཐུབ་དཀའ་མེད་པས་ཞེས་བྱ་བ་ལ། ཡིད་བཅུགས་ཞེས་བྱ་བ་ནི་བླ་མ ་གང་གིས་གསུང་དུ་གྱུར་བ་དེ་རྣམས་ཀྱི་དུས་ལ་དེའི་གདུང་བར་འགྱུར་རོ། །དེའི་གདུང་བ་གང་ཞེ་ན། དོན་ཉམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། གྲིབ་མ་བགོམ་ཞིང་གནོན་པས་ནི་ཞེས་བྱ་བ་ལ། བླ་མའི་གྲིབ་མ་བགོས་ན་མཆོད་རྟེན་འཇིག་པ་ཡིན་ནོ།། ་དེ་ལྟར་ལས་ནི་རྣམ་གསུམ་དང་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་རྣམས་སོ། །ལས་ཞེས་བྱ་བ་ནི་བྱ་བའོ། །དཀར་པོས་ཞེས་བྱ་བ་ལ་སོགས་པ་ལ། དཀར་པོ་ནི་བདེ་འགྲོའི་རྙེད་པ་སྟེ། དེའི་དོན་ནི་དཀར་པའི་ལས་སོ། །ལམ་དུ་ཞེས་བྱ་བ་ནི་ཤུའོ། །ནག་བོ་ནི་ངན་འགྲོའི ་སྙེད་བ་སྟེ། ནག་པོ་ལས་ཀྱི་ལམ་མོ། །དཀར་པོ་ཉིད་ཀྱི་ལས་ཇི་ལྟ་ཞེ་ན། ཆོས་ཀྱི་རང་བཞིན་དག་པ་ཉིད་ཅེས་གསུངས་པ་ནི་ཆོས་ཀྱི་རང་བཞིན་དག་པ་ཡང་ཕུང་པོ་ལ་སོགས་པ་ནི་རང་བཞིན་ཁོ་ནའོ། །གང་ཞེ་ན་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་བྱ ་བ་ནི་དེའི་ཕུང་པོ་ལ་སོགས་པའི་རང་བཞིན་ནོ། །དངོས་པོ་མེད་ཕྱིར་ཞེས་བྱ་བ་ནི། རང་བཞིན་མེད་པའི་ཕྱིར། རང་བཞིན་མེད་པ་ཉིད་ནི། ཕུང་པོ་ལ་སོགས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་རང་བཞིན་གྱི་ཞེས་བྱ་བ་ནི། རང ་བཞིན་གྱི་རང་བཞིན་མེད་པ་ཉིད་ཀྱི་དངོས་པོའི་འདོད་པ་དོན་དམ་པར་ཡོད་བ་མ་ཡིན་པས། དེ་ནས་ཡང་དག་བར་རྫོགས་པར་བྱང་ཆུབ་པར་འགྱུར་རོ།། ཇི་ལྟར་ཞེ་ན། རྫོགས་པའི་བྱང་ཆུབ་རིམ་པ་ཞེས་བྱ་བ་གསུངས་པ་ནི་ཐབས་ཏེ། ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པར་བྱ་བའོ། །དམ་ཚིག་གི་སྤྱོད་པ་དང། བཟའ་བ་དང་བཏུང་བ་དང། དགའ་བའི་བྱ་བ་དང། གཏོར་མའི་བྱ་བའི་དམ་ཚིག་གོ། ཅིའི་ཕྱིར་ཞེ་ན་།སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པས ་སེམས་ཅན་ལ་གསོལ་བ་གདབ་པར་བྱའོ། །འདི་ནི་དངོས་པོའི་ཆོས་ཉིད་དེ་བག་མེད་ན་སེམས་ཅན་གྱིས་སྨོད་པར་བྱེད་པ་སྟེ། དེ་པས་ན་གྲུབ་བར་མི་འགྱུར་རོ།། ལྟར་ཆོ་གས་བླ་མས་འདི་ལྟར། སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་འཛིན་དུ་གཞུག་པོ་ཞེས་བྱ ་བ་བསྟན་པའི་ཕྱིར། སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བླ་མའི་དམ་ཚིག་ཅེས་བྱ་བ་ནི། བླ་མའི་དམ་ཚིག་ལས་ཤིན་ཏུ་མི་འདའ་བའ་ཨོ།། ཐོབ་རྒྱུ་དང་འབྲས་བུ་འབྱུང་བའི་ཞེས་བྱ་བ་ནི། ཐོབ་བའི་རྒྱུ་དང་འབྲས་བུ་དག་འབྱུང་བ་སྟེ། འདིར་ཞེས་བྱ་བ ་དེ་ནི་དེ་བཞིན་ནོ། །བླ་མའི་ཡང་དམ་ཚིག་གོ། མདོར་བསྟན་ལོངས་སྤྱོད་ལྡན་པར་ཞེས་བྱ་བ་ནི། ལོངས་སྤྱོད་རྫོགས་པའི་སྐུ་སྟེ་བསྡུས་པའོ། །རྒྱས་བསྟན་མྱ་ངན་འདས་ཞེས་བྱ་བ་ནི། སྒྲིབ་པ་ཐམས་ཅད་ཟད་པའི་མྱ་ངན་འདས་པ་རྒྱས་པར་བསྟན་? ་སྔགས་རིམ་དེ་ཉིད་ཅེས་བྱ་བ་ནི། སྔགས་བྱིན་ནས་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སློབ་མ་ལ་སྦྱིན་པར་བྱའོ། །མིང་གི་ཡང་དབང་བསྐུར་ཞེས་བྱ་བ་ནི། ཚུལ?་སོགས་པ་གནས་མིང་གི་མཛའ་དབང་བསྐུར་བ་བྱིན་ནས་དེ་ནས་སློབ་དཔོན་ལ་སོགས་པར ་དགོངས་པའོ། །བདག་གི་ལུས་དང་གཞན་གྱི་ལུས། རང་གི་མཐོ་རིས་མཆོག་དུ་བདེ་ཞེས་བྱ་བ་ནི། བདག་གི་ལུས་ཉིད་ནི་གཞན་གྱི་ལུས་དང་།གཞན་གྱི་ལུས་ཀྱང་བདག་གི་ལུས་སོ་ཞེས་བྱ་བར་རྟོགས་པར་བྱའོ། །འདི་ཡང་བདག་དང་གཞན་ཡོངས་སུ་བརྫེ?་བའོ། ། ་མཐོ་རིས་ནི་རང་ཉིད་ཀྱི་རང་གི་སེམས་ཙམ་དུ་རྟོགས་པ་ཉིད་དུ་བྱང་ཆུབ་པ་སྟེ། དེ་བཞིན་དུ་ཡང། རང་གི་སེམས་ཙམ་སོ་སོར་རྟོགས། །སངས་རྒྱས་ཞེས་བྱ་བ་དང། སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད་ཅེས་གསུངས་སོ། །བརླབ?་བྱའི་བདག?་ཉིད་ནི? ་མཆོག་ཏུ་བདེ་ཞེས་གསུངས་ཏེ། ཐམས་ཅད་དུ་ཁྱད་པར་འཕགས་པའི་བདེ་པ་ཉིད་དོ་ཞེས་བྱ་བར་དགོངས་པའོ། །འདི་ནི་ཇི་ལྟར་ཐམས་ཅད་དུ་སྐབས་དབང་གི་དུས་ལ་སློབ་མའི?་བསྟན་པར་བྱའོ་ཞེས་བྱ་བར་དགོངས་པའོ། །བླ་མ་ལ་གསོལ་བ་འདེབས ་པའི་དམ་ཚིག་གི་ཆོ་ག་དང་དེའི་ཆོ་གའི་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་གཉིས་པའོ།། །།སྔགས་བྱིན་མ་ཐག་ཏུ་ཤེས་བའི་དབང ་སྦྱིན་པར་བྱ་ཞེས་པའི་སྔགས་ཀྱི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། བླ་མ་ལ་གསོལ་བ་བཏབ་མ་ཐག་ཏུའོ། །དེ་ལ་ཞེས་བྱ་བ་ནི། གང་གི་ཕྱིར་སྔགས་གསང་བའི་དཔང་ལས་མངོན་དུ་སྦྱིན་པར་བྱ་བའོ། །འདི་རྣམས་ཀྱི་སྔགས་ནི ་?་དགོངས་པ་ལ་གནས་སུ་བསྟན་པའོ། །སྔགས་རྣམས་ཐམས་ཅད་སྐྱེད་པར་བྱེད་ཅེས་བྱ་བ་ནི། ཨ་ལ་སོགས་པ་དང། ཀ་ལ་སོགས་པ་ཐམས་ཅད་ཀྱི་སྔགས་སོ། །སྐྱེད་པར་བྱེད་པ་ནི་བརྩ་བའོ། །རྒྱུད་ཅེས་བྱ་བ་ནི་སྒྲའི་བདག་ཉིད་དོ། །སྔགས་ཀྱི་ཚིག་ཞེས ་བྱ་བ་ནི། སྔགས་རྣམས་ཀྱི་བསྟན་པའོ། །དེ་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་གསུམ་པོའོ།། །།གསང་བའི་དམར་གི་དེ་མ་ཐག་ཏུ། ཤེས་རབ་དང་བཞི་བ་སྦྱིན་པའི ་ཕྱིར་དེ?་བརྗོད་པར་བྱེད་པའི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྔགས་གསུངས་མ་ཐག་ཏུའོ། །དེ་ནས་ཞེS་བྱ་བ་ནི་གང་གི་གསང་བའི་མཐར་ཤེས་རབ་ལ་སོགས་པའི་དབང་སྦྱིན་པར་བྱའོ། །སྲས་པའི་རྒྱུད་དུ། གཏན་ལ་པས?་པ་ཞེS ་བྱ་བ་ལ། གཏན་ལ་ཕབ་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཐོབ་པ་སྟེ་མ་ལུས་པར་ཁྱེར་བའོ། །ཡང་ན་གཏན་ལ་ཕབ་པ་ནི། ལྷན་ཅིག་སྐྱེས་པ་འདིས་གཏན་ལ་འབེབས་པར་བྱེད་པ་ནི། དབང་བཞི་པ་སྟེ། དེར་བ་བཤད་བྱ་ཞེས ་བྱ་བ་དང་སྦྱར་རོ། །སྤས་པ་ཞེས་བྱ་བ་ནི་གསང་བ་སྟེ། རྒྱུད་དུ་ཞེས་བྱ་བ་ན་ཐམས་ཅད་དུའོ། །དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་བ་རྟོགས་མ་ཐག་ཏུའོ། །ཐམས་ཅད་ཆོས་འབྱུང་བའི་ཞེས་བྱ་བ ་ལ། བྲི་བ་ནི་མྱང་བར་བྱ་བའི་དོན་ཏོ། །ཆོས་ནི་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་ཡིག་འདྲུ་རྣམས་སོ། །ཐམས་ཅད་ཆོས་འབྱུང་བའི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཏེ་གང་གི་ཕྱིར་ཆོས་ཐམས་ཅད་འབྱུང་བའོ། །གང་དུ་ཞེ་ན། སྣ་ཚོགས་ལྟེ་བ ་ཞེས་བྱ་བ་ལ། སྣ་ཚོགས་ནི་གནས་ཀྱི་གཟུགས་སོ། །ལྟེ་བ་ནི་གང་གི་དཀྱིལ་འཁོར་དེ་ནི་སྣ་ཚོགས་ལྟེ་བའོ། །དེ་ལ་ལྷན་ཅིག་སྐྱེས་པ་མྱོང་ནས་བྱང་ཆུབ་ཀྱི་སེམས་ལྕེས་མྱང་བར་བྱའོ། མིག་པས་ཐམས་ཅད་རྟོགས་པ་སྟེ་དེ་ལས་བཟློག་པའི་མི་ཤིགས་པ་ནི། ་སོ་སོ་སྐྱེ་བོའི་སྤྱིའི?་ཡུལ་མ་ཡན་པའི་ཕྱིར་རོ། །རེག་པ་ནི་བསྟེན་པ་སྟེ། དམ་པའི་དགེ་བ་འབབ་པར་བྱེད་པའི་ཕྱིར་རོ། །མྱང་བར་བྱ་ཞེས་བརྗོད་པ་ནི། ཇི་ལྟར་ཞེ་ན། བྲི་ཞེས་བྱ་བར་སེམས་པ་སྟེ། བྱང་ཆུབ་ཀྱི་སེམས་ཉིད་དཀྱིལ་འཁོར་དང་སྔགས་ལ་སོཌ ་པའི་གཟུགས་ཉིད་ལ་བརྙེག་སོ། །ཆོ་ག་བཞིན་ཞེས་བྱ་བ་ནི། རྣམ་པར་སྦྱར་བས་སོ། །སྔགས་པས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །ཆོས་ཀུན་གཅིག་ཏུ་བསྡུས་ནས་ནི་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་དུས་སུ ་ཕུང་པོ་དང་ཉོན་མོངས་པ་ལ་སོགས་པའི་ཆོས་ཐམས་ཅད་བསྡུས་ནས་ལེན་པའི་ཕྱིར་རྣལ་འབྱོར་པ་དེ་དེ་བཞིན་ནོ། །ཱ་ལི་ཞེས་བྱ་བ་ལ་སོགས་པ་ནི། ཨ་ལ་སོགས་པའི་སྡེ་ཚན་གྱི་གཟུགས་ཀྱིས་ཡོངས་སུ་གྱུར་པས་སོ། །མཉམ་པ་ནི་གཅིག་ཏུ་གྱུར ་པ་འོད་པ་དེ་བཞིན་དུ་དེ་ཉིད་ལ་བསམ་བར་བྱའོ་ཞེས་དགོངས་པའོ། །འདོད་དོན་ཐམས་ཅད་སྒྲུབ་པ་པོ། །དེར་གནས་དཔའ་པོ་བཏུ་བར་བྱ་ཞེས་བྱ་བ་ནི། དེའི་བྱང་ཆུབ་ཀྱི་སེམས་སོ། །དཔའ་བོ་ནི་རྣམ་པར་རྟོག་པའི་དགྲ་ལས་རྒྱལ་པ་སྟེ། ་ཆོས་ཀྱི་འབྱུང་གནས་སུ་གནས་པའོ། །བཏུ་བར་བྱ་ཞེས་བྱ་བ་ནི། ལྕེས་བླངས་བར་བྱ་བ་སྟེ་ཉ་ཕྱིས་ལ་སོགས་པས་བླངས་ནས་མྱང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་བ་པོ་ནི ་རྣལ་འབྱོར་པ་ཡིན་ནོ་ཞེས་བྱ་པར་དགོངས་པའོ། །ཁ་ཅིག་ན་རེ་དཔའ་བོ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའོ། །བཅུ་བར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །དེར་གནས་ཞེས་བྱ་བ་ནི། བྱང་ཆུབ་སེམས་ལ་གནས་པ་སྟེ། དེར་གྱུར་པས ་གང་གི་ཕྱིར་ཤེས་པ་དེ་ནི། དེས་ན་རྒྱུད་ཐམས་ཅད་ལས་བཏུས་པ་ཡིན་ནོ། །ལྷག་མ་ནི་གོང་མ་བཞིན་ནོ་ཞེས་ཟེར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པ་རྣམས ་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་ནི། རྣལ་འབྱོར་འདིས་ནི་ཆོས་ཀྱི་སྐུ་ལ་སོགས་པ་འཐོབ་བོ། །ཞེས་བྱ་བར་དགོངས་པའོ། །སྟེང་དང་འོག་ཏུ་རྟག་གྲུབ་སྟེང་ཞེས་བྱ་བ་ལ། འོག་ནི་ཤེས་རབ་འོ། །སྟེང་ནི་ཐབས་སོ། །དེ་དག་གི་གྲུབ་པ་ཞེས་བྱ་བ ་ནི། སངས་རྒྱས་ཀྱི་མཚན་ཉིད་སྟེང་བའི་ཕྱིར་དེ་ལྟ་བུའི་ལྷའོ། །བདག་གི་ཕོ་ཉ་ཞེས་བྱ་བ་ལ། བདག་གི་ཕོ་ཉ་ནི་ཤེས་རབ་སྟེ། ཕྱི་དང་ནང་གིས་བདག་ཉིད་ཅན་ཞེས་བྱ་བར་སེམས་སོ། །དེའི་བདག་གི་ཕོ་ཉ་ཞེས་བྱ་བ་ནི་།དྲུག་པའི་དོན་ལ ་གཉིས་པའོ། །དེ་ལྟར་གྱུར་པའི་ཤེས་རབ་ཀྱི་མཐོང་བ་ལ་སོགས་པ་བྱའོ་ཞེས་བྱ་བར་ཞེས་པར་བྱའོ།། ནང་གི་ཤེས་རབ་ཀྱི་གཏུམ་མོའི་གཟུགས་ཀྱིས་མཐོད་དང་ཞེས་བྱ་བ་ནི། ཟླ་བ་ཕྱེད་པ་དང་རྗེས་ཀྱི་དབྱངས་ལ་སོགས་པ་དང་བཅས་ ་པའི་གཟུགས་ཀྱིས་རྣམ་པར་གཟིགས་པའོ་།རེག་པ་ནི་འོད་ཟེར་གྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་ལ་སོགས་པར་འགྲོ་བའོ། །འོ་ནི་འོད་ཟེར་གཉིས་ཀྱི་རྣལ་འབྱོར་གྱིས་གནས་པའོ། །འཁྱུད་པ་ནི་ཞེས་བྱ་བ་ནི། སྒོམ་པ་ཁྱད་པར་དུ་གྱུར ་པ་རོ་གཅིག་པའི་གཟུགས་ཀྱིས་གནས་པའོ། །རྟག?་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཇི་ལྟར་དེ་ལྟར་བྱ་ཞེ་ན། རྣལ་འབྱོར་གྱི་གནས་ཁྱད་པར་གྱིས་ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་གྱི་གནས་ནི་ཆོས་ཀྱི་འབྱུང་གནས་ཏེ། དེ་ལ་གནས་པའི་མཐོང་བ་ལ ་སོགས་པ་བྱེད་པ་ནི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཁ་ཅིག་ན་རེ་ནང་གི་ཤེས་རབ་ཀྱི་རྣལ་འབྱོར་གནས་ནི་ལྟེ་བ་སྟེ། དེ་ཉིད་ཀྱི་རྣལ་འབྱོར་གྱི་གནས་ཀྱི་མཐོང་བ་ལ་སོགས་པ་བྱའོ་ཞེས་ཟེར་རོ། །སྔགས་བྱིན་ནས་ལྷའི་ཏིང་ངེ་འཛིན ་ཇི་ལྟར་སྦྱིན་ཞེན། །ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་གྲུབ་ཐམས་ཅད་བྱེད་པ་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། དམ་པའི་དངོས་པོ་ཐམས་ཅད་སྦྱིན་ཞེས་བྱ་བ་ནི། ལེར?་སྣ་མེད་པས་རྣལ་འབྱོར་བྱིན་པའི་སློབ་མས་ཀྱང་བླངས་པས་དེ་འགྲུབ?་པོ་ཞེས་བྱ ་པར་དགོངས་པའོ། །ཡང་ན་རྣལ་འབྱོར་གྱི་ཚིགས་ཇི་སྙེད་པ་དེ་སྙེད་ཀྱིS་འགྲུབ་པར་བྱེད་དོ། །འདི་ལྟར་ཡང་རྣལ་འབྱོར་མ་རྣམས་ཀྱི་དམ་པའི་དངོས་པོ་ཐམས་ཅད་དུ་སྦྱིན་པ་དེ་མ་བཏོགས་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཤེས་རབ་ཉིད་དེ ་གང་ཞེ་ན། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གིས་རྣལ་འབྱོར་གྱིས་སྙོམས་པར་འཇུག་ཅེ་ན་གང་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། གང་གི་སྔགས་དེ་ཉིད་ཀྱི་རྣལ་འབྱོར་རོ། །ཐོད་པ་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་འཛིན་པ་ཉིད་བསྟན ་ཏོ། །ཐོད་པའི་ཕྲེང?་པའི་དབུ་རྒྱན་དང་ཞེས་བྱ་བ་ནི། དོན་ཇི་ལྟ་བའི་མིང་ངོ། །སངས་རྒྱས་བཙུག་ཕུད་ནོར་བུ་ནི་ཞེས་བྱ་བའང་རྡོ་རྗེ་འཛིན་པའོ། །འདི་ཡང་དབུ་རྒྱན་གྱི་དབང་ལ་རྙོགས་སོ། །དཔལ་གྱི་པདྨའི་ནགས་ཚལ་ཆོགས། །ཤེས་བྱ་བའི་སྒྲས་ནི་དེ་ཉིད་དོ། །སངས ་རྒྱས་ཕྱག་རྒྱས་ནི་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་སྟེ་བརྡའོ། །དེ་ཉིད་ནི་བཅོམ་ལྡན་འདས་གཟུགས་སྣ་ཚོགས་པ་ཉིད་ཐོབ་པ་ནི། དབང་པོ་གང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དང་གང་ནི་མིག་ལ་སོགས་པའི་ལམ་ལས་འོངས་པའི་དེ ་དང་དེ་ནི་སངས་རྒྱས་ཐམས་ཅད་དེ་རྡོ་རྗེ་འཛིན་པ་རང་ཉིད་ཡིན་ནོ། །རང་བཞིན་ཞེས་བྱ་བ་ནི། རང་གི་ངོ་བོ་ལས་གང་གིས་དམ་པའི་རང་བཞིན་ཆོས་ཀྱི་རྣལ་འབྱོར་དེ་དང་འབྲེལ་ཏོ། །ཀླ་བློ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་བརྡ་དང། དབང་དག་གི་?་པར་བྱེད་པའི་ལེའུ་སྟེ་སུམ ་ཅུ་རྩ་བཞི་བའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་བཞི་པའོ།། །།བོང་བུའི་རྣམ་པའི་མཁའ་འགྲོ་མའི་བསྒོམ་པ་ལས་ལྐོག་རྩ་གྱུར་པ་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་རྗོད་པར་བྱེད་པའི་ལེའུ་ནི། དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དབང་གསུངས་མ་ཐག་ཏུའོ། །ཡེ་ཤེས་མཁའ་འགྲོ་མའི་ཕྱག་རྒྱ་ཞེས་བྱ་བ་ནི། གང་ཕྱིར་བོང་བུའི་རྣམ་པའི་རྣལ་འབྱོར་ཏེ། དེ་ནི་དེ་བཞིན་ནོ། །གྲུབ་ཀུན་རབ་སྒྲུབ་ཅེས་བྱ་བ་ནི། ལྐོག་ཏུ་གྱུར་པ་ཐམས་ཅད ་མཐོང་བ་བསགས་པ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་དེ་ནི་དེ་བཞིན་ནོ། །ཅིའི་དོན་དུ་གསུངས་ཤེན། ཁུང་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོང་བུའི་རྣམ་པའི་རྣལ་འབྱོར་བདག་ཅེས་བྱ་བ་ནི་རྣལ་འབྱོར་པའོ། །ཡིད་ཀྱི་ཤུགས་ནི་ལྡོག་བྱའི ་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་ཡིད་ནུབ་པ་ཐམ་ཅད་མཐོང་བོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་སྟེ། གོང་དུ་གསུངས་པའི་ཨིམ་པས་གཞུལ་མེད་ཁང་བརྩེགས་མ་བལྟས་ནས་བདེ་བ་ཆེན་བོའི་འཁོར་ལོར་རྡོ་རྗེ་ཕག་མོ་ལ་སོཌ ་པ་གཟུགས་ཅན་མའི་མཐར་རྣལ་འབྱོར་མ་ལྔ་པོ་རྣམས་དང་དེ་བཞིན་དུ་རབ་གཏུམ་ལ་སོགས་པ་དང། ཁྲ་གདོང་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་རྡོ་རྗེ་ཕག་མོ་དང་དུས་མཉམ་པར་སྐྱེས་པ་དང། དེའི་ས་བོན་ལས་སྐྱེས་པ་ཐམས་ཅད་གོ་བུའི་རྣམ་པར ་བསྒོམ་བར་བྱའོ་ཞེས་བསྟན་པའི་ཕྱིར། ལཱ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་དང་དེ་བཞིན་དུ་ལཱ་མ་དང་དུམ་སྐྱེས་མ་དང། གཟུགས་ཅན་མ་རྣམས་ནི། རིམ་པ་བཞིན་དུ་ཤར་ལ་སོགས་པར་བསྒོམ་པར་བྱའོ། །ཁ ་ཅིག་ན་རེ་བདེ་བ་ཆེན་པོའི་འཁོར་ལོར་རྣལ་འབྱོར་མ་ལྔ་བོང་བུའི་རྣམ་པར་ཞེས་ཟེར་རོ། །འདི་རྣམས་ཀྱི་གཟུགས་ལ་སོགས་པ་ནི་འདོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བོང་བུའི་དབྱིབས། ཁྲག་གི་ཁ་ཞེས་བྱ་བ་ནི་གོ་སྨའོ། །མཁའ་འགྲོ་མ་རྣམས་ཞེས་བྱ་བ ་ནི་མཁའ་འགྲོ་མ་རྣམས་སོ། །རྩེ་གསུམ་སྤྲུལ་གྱིས་དཀྲིས་པ་དང། ཞེས་བྱ་བ་ནི་གང་རྣམས་ཀྱི་གཡོན་ན་རྩེ་གསུམ་སྤྲུལ་གྱིས་དགྲིས་བ་དེ་རྣམས་ནི་དེ་བཞིན་ནོ། །ཁ་?་ག་སྟེང་ཞེས་ཞེས་བྱ་བ་ནི། གང་རྣམས་ཀྱི་གཡས་པའི་སྟེང་ན་ཁྭ་ཊཝཱཾ་ག་དེ་རྣམས་ནི་སྟེང་ཁ་ཊཝཱཾ་ག་ཞེས ་བྱ་བའི་དོན་ཏོ། །ཐོད་པ་ཡིས། ལག་པ་བྲེལ་ཞེས་བྱ་བ་ནི། གཡོན་པར་ཐོད་པས་བྲེལ་བས་ཤེས་བྱ་བའི་དོན་ཏོ། །སྟེང་སྐྱེས་ནི་སྐྲའོ། །རོལ་པས་གྲི་གུག་འཕྱར་བས་ནི་ཞེས་བྱ་བ་ནི། གང་རྣམས་ཀྱི་གཡས་པའི་རོལ་པས་གྲི་གུག་འཕྱར་བདེ?་རྣམས་ཤེས་བྱ ་པའི་དོན་ཏོ། །གྲི་གུག་གི་སྒྲས་ནི་གཅོད་པ་ཅན་ཏེ་འདིའི་ཕྱིར་དེ་རྣམས་ཐམས་ཅད་ནི་ཕྱག་གཞི་པའོ། །རྩེ་མོར་ཞེས་བྱ་བ་ནི། གཞས་མེད་ཁང་རྩེག་མར་བལྟ་བར་བྱའོ། །རིན་ཆེན?་ཞེས་གསུངས་ཏེ། རི་རབ་རིའི་སྟེང་གི་གནས་སུ་སྣ་ཚོགས་མེ་ཏོག་ཅེས་བྱ་བ་ནི ་ཡོངས་སུ་བརྟེལ་དང་འབྲས་བུ་སྣ་ཚོགས་པ་དང། དེ་བཞིན་མཐོ་བ་དང། བསམ་ཞེས་བྱ་བ་ནི་བསྒོམ་པའོ། །མེ་ཏོག་དང་འབྲས་བུ་སྣ་ཚོགས་པའི་ཚོགས་ཀྱི་རི་བོ?་ལ་གཞལ་མེད་ཁང་རྩེག་མའི་ནང་དུ་བསྒོམ་ཞེས་བྱ་བར་དགོངས་པའོ། །འདིས་ཅིར་འགྱུར ་ཞེ་ན། ཚེ་ཟད་པའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་ཟད་པ་ནི་ཤི་བར་བལྟ་བའོ། །འང་ཚེ་ནི་རིང་དུ་འཚོ་བཅས་འགྱུར་ཞེས་བྱ་བ་ནི། ཚེ་རིང་བར་ཡང་འཚོ་བ་དང་བཅ་པར་བལྟ་བར་བྱའོ་ཞེས་བྱ་བ་དགོངས་བའོ། །མདོར་བསྡུས་པས། བོད?་བུའི ་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །ལག་པའི་མཐིལ་དུ་ཞེས་བྱ་བ་ནི་ལག་པའི་མཐིལ་དུ་སོན་པ་བཞིན་དུ་འཇིག་རྟེན་གསུམ་མཐོང་ངོ་ཞེས་བྱ་བར་དགོངས་པའོ། །ཧེ་རུ་ཀའི་བྱེད་པ་ཞེས་བྱ་བ་ནི། ཧེ་རུ་ཀའི་མཛད་པ་སྟེ། ཧེ་རུ་ཀའི་རྩིས་སོ། །དེའི་ཆོ་ག་ནི་བྱ་བའོ། །དེའི་རྗོད ་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་བར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་ལྔ་པའོ།། །།ཉི་མ་རེ་རེ་ལ་སོགས་པར་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་གྱི་སྡོམ་པ་གཟུང་བ་ཞེས་བྱ་བ་བསྟན་པའི་ཕྱིར་དེའི་ལེའུ་ནི། དེ་ནས་ཞེས་བྱ ་བ་ལ་སོགས་པ་གསུངས་བ་ནི། བོང་བུའི་རྣལ་འབྱོར་གསུངས་མ་ཐག་ཏུའོ། །དེས་ཞེས་བྱ་བ་ནི་གང་གི་སྡོམ་པ་ཉམས་པ་མ་ཡིན་པ་དེས་ན་འཇིག་རྟེན་པ་འདུ་བྱ་བའི་དོན་ཏོ། །སྒྲུབ་པ་པོའི་ཆོ་ག་།ཇི་ལྟར་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱི་ཆོ་ག་ནི་བྱ་བ་སྟེ། ཇི ་ལྟར་གྱུར་པ་དེ་རབ་བཤད་བྱ་ཞེས་བྱ་བ་དང་སྦྱར་རོ། །ཉི་མ་རེ་རེ་འམ་ཟླ་བ་རེ་རེ་འམ་ལོ་རེ་རེ་ལ་བྱ་བ་ནི། ཉིན་རེ་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །ཇི་ལྟར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ། བྱིན་གྱིས་བརླབས་པ་ནི་དུར་ཁྲོད་ལ་སོགས་པའི་གནས་ཏེ། དེ་ཤིན་ཏུ ་མི་འདའ་བས་པདྨའི་སྣོད་དང་བསྒོམ་པར་བྱའོ་ཞེས་སོགས་པའོ། །མཉེན་ཞིང་ཞེས་བྱ་བ་ནི། ལུས་ཀྱིའོ། །བརྟན་པར་སོན་པ་ཉིད་ཅེས་འབྱུང་བ་ནི་ཤིན་ཏུ་མཉེན་པ་མ་ཡིན་པ་ཉིད་དོ། །གང་བས་སྐྱེ་མཆེད་རྣམ་པར་དག་ཅེས་བྱ་བ་ནི། ཡོངས་སུ་གང་པས་དགུག ་པ་ཞེས་བྱ་བའི་དོན?་ཏོ། །སྐུའི་ཕྱག་རྒྱ་ཤིན་ཏུ་མཛེས་ཞེས་བྱ་བ་ནི། ལུས་ཀྱིས་གཞུ་གང་པའི་དོན་གྱི་ཕྱག་རྒྱ་སྟེ། ཤིན་ཏུ་མཛེས?་པ་གཉིས་ཀྱིས་མཛེས་ཤིང་ཤིན་ཏུ་མཛེས་པའི་དོན་ཏོ། །འདིས་ན་རིམས་ལ་སོགས་པ་བསལ་བའི་ཕྱིར། རིམས་ཞེས་བྱ་བ་ལ་སོཌ ་བ་གསུངས་སོ། །རང་སྙིང་འགུགས་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། གཡོན་དུ་གཞུ་གཟུང་ནས་ལག་པ་གཡས་པས་རང་གི་སྙིང་གར?་བཞག་ཅིང་དེ་ལས་བཀུག་པའི་རྣལ་འབྱོར་གྱིས་བསྐོར་བར་བྱའོ། །དེ་ཉིད་ནི་གཡས་སུ་རབ་ཏུ་བསྒྱུར་བ་དང་ཞེས་བྱ་བ་གསུངས་སོ། ། ་མངའ་ནི་བཅུག་ན་ཞེས་བྱ་བ་ནི། འདི་ལྟར་གཟུང་བ་ལ་སོགས་པས་མདའ?་འཕངས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷ་ཉིད་ཀྱི་རྣལ་འབྱོར་ལས་འདི་ཡང་བྱའོ། །ཞེས་བྱ་བར་ཤིན་ཏུ་མཛེས་པར་གསུངས་པ ་གང་ཞིག་མཛེས་པ་རྣམས་ཀྱི་ལྷ་རྣམས་ཀྱི་ཤིན་ཏུ་མཛེས་པ་དེ་ནི་འདི་ལ་ཡོད་པའི་ཕྱིར་རྣལ་འབྱོར་པའོ། །དེ་ལྟར་གཡོན་པས་ཀྱང་ཞེས་བྱ་བ་ནི། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་གྱི་སྒྲས་ནི་གཡོན་པའོ། །ནུབ་ཏུ་དཔུང་པ ་བསྐུམས་ནས་ནི་ཞེས་བྱ་བ་ལ། ནུབ་ཀྱི་སྒྲས་མི་འདིར་གཡས་པ་སྟེ། ལག་པ་གཡས་པའི་དཔུང་པ་བསྐུམས་པ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །གྲུ་བཞི་པ་ཞེས་བྱ་བ་ནི། སྤུ་གྲིའི་རྣམ་པའོ། །རྣོན་པོ་ཞེས་བྱ་བ་ནི་ལྕགས་མདའོ། །ཡོངས་བསྐོར ་ཞེས་བྱ་བ་ནི། ཉ་གང་བཟླ་བའི་དབྱིབས་སོ། །ཁ་ཅིག་ན་རེ་མལླི་ཀཱའི་ཁ་མ་བྱེ་བའི་རྣམ་པ་ཞེས་ཟེར་རོ། །འོག་དང་སྟེང་དུ་འགྲོ་ཞེས་བྱ་བ་ནི། འོག་དང་སྟེང་དུ་མངའ་འཕང་ངོ་ཞེས་བྱ་བའི་དོན་ཏོ། །རིམ་པས་མནན་ཅིང་ཞེས་བྱ་བ་ནི། གཞུ་སྙི་མ་བདུངས་པས་འཇིག ་རྟེན་གསུམ་ཉེ་བར་ཟ་བའི་ཕྱིར་ཉེ་བར་ལོངས་སྤྱོད་པའོ། །བཅུའི་ཕྱག་རྒྱས་བྱང་ཆུབ་མཆོག་ཅེས་བྱ་བ་ནི། གཞུ་བདུངས་པའི་གཟུགས་ཀྱི་ཞེང་དུ་སོར་བཅུ་པའི་ཕྱག་རྒྱས་བྱང་ཆུབ་ཀྱི་མཆོག་སྟེ་ཁྱད་པར་དུ་འཕགས་པ་དས། འདི་སྐད་དུ་གཞུ་ས་པའི་མནན ་པའང་གཞུ་གཟུང་བའི་གཟུགས་ཀྱིས་ཞེང?་དུ་བཅུ་སྟེ་ཕྱག་རྒྱས་བྱང་ཆུབ་ཀྱི་མཆོག་གོ་།ཀླ་ཀློའི་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་བྱེད་པ་འཛིན་པའོ། །ཡེ་ཤེས་ཀྱི་ཞེས་བྱ་བ་ནི། སོ་སོར་རྟོག་པའོ། །བརྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་བདུན་པའོ།། །།ཕོ་ཉ་འདུལ་བར་གྱུར་པ་ན་མངོན་པར་འདོད་པ་སྒྲུབ་པར་བྱེད་པའི་ཕྱིར། དེ་རྣམས་ཀྱི་འདུལ་བའི་ལེའུ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་མཚོན ་ཆའི་ཡེ་ཤེས་གསུངས་མ་ཐག་ཏུའོ། །དེས་ཞེས་བྱ་བ་ནི་གང་གི་ཕྱིར་ཕོ་ཉ་འདུལ་བ་མ་བཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ། །འདུལ་བ་ཉིད་ནི་འདུལ་བའོ། །དེའི་སྒྲུབ་པ་ནི་ཐབས་སོ། །དེ་རབ་བཤད་བྱ་ཞེས་བྱ་བའོ། །ཕོ་ཉ་དེ་གང་ཞེ་ན། སྔགས་ཀྱིས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་ལུས་དང་ཞེས་བྱ་བ་ནི། སྔགས་སྐྱེས་མ་ཞེས་བྱ་བའི་དོན་ཏོ། །ཕལ?་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ཞིང་སྐྱེས་ཞེས་བྱ་བ་ནི་ཞིང་སྐྱེས་མ་རྣམས་སོ། །གང་རྣམས་དེ་རྣམས་ཞེས་བྱ་བ་ནི་འདི ་རྣམས་ཀྱི་ནང་ནས་གང་ཞིག་གང་ལ་ལ་བསྒྲུབ?་པར་བྱ་བའོ་ཞེས་བྱ་བར་དགོངས་པའོ། །འདི་རྣམས་ཐམས་ཅད་ཅེས་བྱ་བ་ནི། འདི་རྣམས་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱི་བདེ་བས་བསྒྲུབ་པ་སྟེ། དེ་མངོན་པར་འདོད་པའི་དངོས་གྲུབ་ཡིན་ནོ། །གལ་ཏེ་ཡང ་རྣལ་འབྱོར་མ་རྣམས་ཀྱི་མཆོད་པ་དེ་བཞིན་དུ་ཡང་རིམ་གྲོ་བྱེད་པ་མ་གཏོགས་པར་ཉེ་བར་ལོངས་སྤྱོད་པ་ལས་བདེ་བ་ཐོབ་པར་འགྱུར་རོ། །ཅི་ཞེ?་ན་འདི་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་རྣམས་སྐྲ?་ནས་དགུག་པ་ལ་སོགས་པས་ལོངས་སྤྱད་པའོ ་གང་གི་ཕྱིར་དེ་རྣམས་རིམ་གྲོའི་སྣོད་མིན་པས་ཞེས་བྱ་བ་ནི། དེ་རྣམས་རིམ་གྲོའི་སྣོད་མ་ཡིན་ཏེ། རིམ་གྲོ་བྱེད་པ་ཉེ་བར་ལོངས་སྤྱད་པ་ལས་དེ་རྣམས་ཀྱིས་བདེ་བརྙེད་པར་དཀའ་བའི་ཕྱིར་རོ། །ཤིན་ཏུ་དགའ་བ་ནི་མཆོད་པ་མེད་པ་ཉིད་མཆོད་པ་ཞེས་བྱ་བར་དགོངས ་པའོ། །སྲ་ཞིང་ཞེས་བྱ་བ་ལ་སོགས་པས་ནི་རི་མོ་ཅན་གྱི་མཚན་ཉིད་ནི། རིགས་ཀྱི་བཀྲ་ཤིས་སྤྱོད་བཅས་ནི་ཞེས་བྱ་བ་ནི། རིགས་ཀྱི་བཀྲ་ཤིས་ཀྱི་ལྷན་ཅིག་ཏུ་སྤྱོད་པས་འཇུག་པའོ།། །།འོ་མ་འཛིན་པ་རྒྱས་ཤིང་སྦོམ་ཞེས་བྱ་བ་ལ། སྦོམ་པ་ནི་གང་གི ་འོ་མ་འཛིན་པ་ཏཱ་ལའི་འབྲས་བུའི་རྣམ་པ་དེ་ནི་དེ་བཞིན་ནོ། །དེ་ཉིད་རྒྱས་པ་ནི་པདྨ་ཅན་ཞེས་བྱ་བའི་དོནྟེ། ནུ་མ་ནི་ཏཱ་ལའི་འབྲས་བུའི་རྣམ་པ་འམ། ཡང་ན་དཔལ་གྱི་འབྲས་བུའི་རྣམ་པའི་དབྱིབས་སོ། །དུང་ཅན་དུང་གི་ལྟེ་བ་ཞེས་བྱ་བ་ནི། དུང་གི་ལྟེ་བ་ཞེས་བྱ་བའི་དོན། ་ཏོ་?་འབྱུང་བོའི་ཤིང་གི་ཞེས་བྱ་བ་ནི་ཨུ་དུམ་བཱ་རའི་ཤིང་གིའོ། །བཎུ?་ཥ་ཞེས་བྱ་བ་ནི་ཐལ་མོ་སྦྱ་རྦར་བྱས་པའོ། །མཚན་ཉིད་ཀྱི་ཅེས་བྱ་བ་ནི་མཚན་ཉིད་ཀྱི་རྩི་བའོ། །པཱ་ཌཱ་ནི་རྣ་བ་མ་ཕིག་པའོ། །གལ་ཏེ་འདོད་ན་ཞེས་བྱ་བ་ནི། ཇི་ཙམ་གྱི་ཚད་དུ ་འདོད་པ་ཡིན་པ་དེ་ཙམ་ཉིད་དུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟེ་བ་ནི་ནཱ་ག་གེ་སར་རོ། །ནང་དུ་གཞུག་ཅེས་བྱ་བ་ནི། འདིར་རྡོ་རྗེ་ནང་དུ་གཞུག་པ་དང། འཛུད་པར་བྱེད་པའི་ཕྱིར་ནང་དུ་བཛུད་པ་ནི་བྷ་གའོ། །ཕྱག་རྒྱ་ཞེས་བྱ་བ་ཡང་བྷ་ག་སྟེ། སྦྱོར་བས་ཕྱག་རྒྱ་ཞེས་བྱ་བ་ནི་རྟཌ ་ཀྱི་ཕྱག་རྒྱས་འདེབས་པའི་ཕྱག་རྒྱའོ། །ལིང་གའི་དོན་ཞེས་བྱ་བ་ནི། རྟགས་ཀྱི་དོན་བྱེད་པའི་ཕྱིར་ལིང་གའི་དོན་ཏེ། དེ་ཉིད་ནི་བྷ་བའོ། །ཐིམ་པའི་ཕྱིར་ཞེས་བྱ་བ་ནི། ལིང་ག་ནི་རྩ་བའི་དོན་ཏེ། ནུབ་པ་ནི་ཐིམ་པའོ། །འདིས་སེམས་ཅན་ཐིམ་པར་བྱེད་བའི་ཕྱིར་ལིང་ག་སྟེ། ་ཨི?་ཐུང?་དུ་ཉིད་དོ། །བྷ་ག་ཡང་ནི་ཞེས་བྱ་བ་ནི་འདིས་བདེ་བ་བསྟེན་པའི་ཕྱིར་བྷ་ག་སྟེ། ཆོས་ཀྱི་འབྱུང་གནས་སོ། །དེའི་ཕྱིར་བོད་པ་ནི་བདེ་བ་སྦྱིན་ཞེས་གསུངས་ཏེ། བྷ་གའི་སྦྱོར་བ་ཡས་བདེ་བ་སོ་སོར་སྐྱེས་བུ་ལ་སྟེར་བའི་ཕྱིར་བདེ་བ་རབ་ཏུ་སྦྱིན་བ་ཉིད་དོ་ཞེས་བྱ་བར་དེ་ལྟར་དགོངས ་པའོ། ། ཞེས་བྱ་བ་ཤེས་རབ་བོ། །བྷ་ནི་ཐབས་སོ། །དེ་དག་གི་རྣལ་འབྱོར་ནི། བྷ་ག་དང་ལིང་ག་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ན་རེ་ཨ་ནི་ཨཱ་ལི་སྟེ། ལྟེར་བར་གནས་པའོ། །བྷ་ནི་ཀཱ་ལི་སྟེ་སྤྱི་བོར་གནས་པའོ། །དེ་ཡང་ཧེ་སྟེ་དེ་དག་གི་རྣལ་འབྱོར་ནི་བྷ་ག་དང་ལིང་ག་ཞེས་ཟེར་རོ།། ་བུང་སོགས་རིམ་པ་ཇི་བཞིན་གྱིས་ཞེས་བྱ་བ་ནི། བུང་བའི་སྒྲ་ནི་བུང་བ་སྟེ། གང་དག་གི་བུང་བའི་སྒྲ་ལ་སོགས་པ་དང། ཁྱེགས་ལ་སོགས་པ་དེ་རྣམས་ཀྱི་བུང་བའི་སྒྲ་ལ་སོགས་པའི་འཆིང་བ་རྣམས་སོ། །དེ་རྣམས་ཀྱི་གོ་རིམས་ལས་འདའ་བར་མི་བྱ་སྟེ། བུང་བ་ལ་སོཌ ་པའི་འཆིང་བ་ལས་འདའ་བར་མི་བྱ་བར་མཁའ་འགྲོ་མ་བསྒྲུབ་པར་བྱའོ་ཞེས་སྦྱར་རོ། །གང་ལ་སྒྲུབ་ཐབས་ལ་འདུག་པའི་སྐྱེས་མ་བྱེད་བ་པོར་གྱུར་བས་བུང་བ་ལྟ་བུར་སྒྲོགས་པས་རྐེད་པ་ཡང་འཁོར་ལོ་ལྟ་བུར་བསྐོར་བར་བྱ་སྟེ། དེ་ནི་བུང་བའི་སྒྲའོ། །མདུན་དང་རྒྱས ་ཏུ་སྐྱེས་མ་?་པས་རྐེད་པ་བསྐོར་བར་བྱ། གསང་བའི་སྟེང་དུ་གནས་པས་ཕྱོགས?་ལྟ་བུར་ཡོངས་སུ་གྲགས་སོ། །སྐྱེས་པའི་བརླང་སྐྱེས་མའི་པུས་མོ་བསྐུམ་ནས་བཞག་པ་ནི། པུས་མོ་དང་བརླ་ཞེས་བརྗོད་དེ། །དག་པའི་ཆོ་ག་བརྗོད་པ་ཞེས་བྱ་བ་ལ་སོགས་པའི ་དགའ་བའི་བསྟན་བཅོས་གཙོ་བོས་གཞན་དུ་ཡང་ཤེས་པར་བྱའོ། །ཕོ་ཉ་འདུལ་བའི་ཆོ་ག་དེ་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་བརྒྱད་པའོ།། །། ་དམན་པའི་དངོས་གྲུབ་འདོད་པ་རྣམས་ཀྱི་ལྷག་པར་ཡང་སྔགས་ཀྱི་བཟླས་པ་ལ་སོགས་པ་སྤངས་པ་རྣམས་ཀྱི་བསོད་ནམས་ཆུང་བ་རྣམས་ཀྱི་སྣ་ཚོགས་པའི་ཁས་བསྟན་པའི་ཕྱིར་དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་བ་ནི། འདུལ་བ་གསུངས་མ་ཐག་ཏུའོ ་བཅོམ་ལྡན་འདས་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་དགོངས་པའོ། །དེ་ཉིད་ནི་བསོད་ནམས་ཆུང་བ་ཞེས་གསུངས་སོ། །བསྲུང་བ་སྔགས་ཀྱིས་རྣམས་སྤང་པ་ཞེས་བྱ་བ་ནི། གང་ཞིག་བསྲུང་པ་དང་སྔགས་དང་བྲལ་བ་དེ་རྣམས་ཀྱི་ཇི ་ལྟར་འགྲུབ་ཅེས་བྱ་བ་དང་སྦྱར་རོ། །བཟང?་བོའི་སྨན?་ཞེས་བྱ་བ་ནི་གྲུབ་པའི་གཟུགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེས་གཟུང་བ་ཞེས་བྱ་བ་ནི། ཇི་ལྟར་དེ་རྣམས་ཀྱི་སྨན་འཛིན་པ་ནི་དེ་འཛིན་པ་སྟེ། དེའི་རྣམ་པས་སོ། །བརྗོད་པར་བྱ་ཞེས་བྱ་བ་ནི་ལྷའི་བདག་ཉིད་དུ་གྱུར ་པས་ས་བོན་བྱུག་པ་ཞེས་བྱ་བ་ལ་སོགས་པ་བྱའོ་ཞེས་བྱ་བ་སྟེ། ལྷ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་བོན་བསྒོམ་ཞེས་བྱ་བ་ནི་ཁྲག་ལ་སོགས་པས་བཅུ་པའོ། །སྣ་ཚོགས་ཞེས་བྱ་བ་ནི། མཚོན་ཆ་སྣ་ཚོགས་པ་འཛིན་པ་ལ་སོགས་པའོ། །དེའི ་འབྱུང་བ་ཞེས་བྱ་བ་ནི་ལྕུག་མ་འབྱུང་བའོ། །ས་བོན་ལ་སོགས་པ་གསུངས་པ་དེ་གང་ལགས་ཞེས་བྱ་བ་དེ་ནི། འདི་ཇི་ལྟར་ལགས་ལགས་ཞེས་བྱ་བར་དགོངས་པའོ། །དེ་རྣམས་ཇི་ལྟར་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཤིང་ཚོགS ་ཞེས་བྱ་བ་ནི། ཤིང་གི་ཚོགས་རྣམས་ལས་ས་བོན་དང་ལྕུག་མ་ལ་སོགས་བ་ལས་འབྱུང་བ་ཞེས་བྱ་བར་དགོངས་སོ། །གང་རྣམས་ལས་ཤེ་ན། ཤིང་གི་ཚོགས་རྣམས་ལས་ཞེས་བྱ་བ་ནི། ཨེ་རཎྜ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འདི་ལ་ཆོ་ག་ནི་འོག་ནས་འཆད་དོ། །ད་ནི་ལྕུག་མ་བླང་བ་ལ་སོགས་པའི་ཆོ་ག་ནི། དཀར་མིན་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །མེ་ཏོག་ནི་རྡུལ་ལོ། །དབང་པོ་ནི་མར་ཁུ་ཆེན་པོའོང། དུར་ཁྲོད་ཀྱི་ཐལ་བ་ལྡན་ཞེས་བྱ་བ་ནི་དུར ་ཁྲོད་ཀྱི་ཐོད་པའོ། །གང་གི་ཐོད་པར་བཏབ་པ་དེ་ཉིད་ཀྱི་སྣུམ་གྱིས་བསྐུ་བ་དང། ཁྲག་གིས་བསིད?་བ་དང་ཤ་དང་རུམ་པས་བདུག་པར་བྱའོ། །གང་ལ་འདི་འདུ་བྱེད་པ་དེའི་ས་དང་དུར་ཁྲོད་ཀྱི་ཐལ་བ་ལ་རྒྱལ་ལ་བཏབ་སྟེ། གཏོར་མ་དང་བསྲུང ་བ་བྱ་ཞིང་འདི་ལྟར་ལྕུག་མ་གཞུག་པར་བྱའོ། །པ་ཐཱ་ནི་རྣ་བ་ཕིག་པའོ། །རྒྱལ་བ་ཞེས་བྱ་བ་ནི། གཉིས་པའི་དོན་ལ་དང་པོའོ། །གཞན་གྱིས་མི་ཐུབ་པ་ནི་རིའི་སྙིང་པོའོ། །འཁོར་ལོས་མཚན་པ་ནི་ལེགས་པར་མཐོང་བའོ། །རྨོངས་བྱེད་ཅེས་བྱ་བ་ནི ་ད་དུ་ར་གའོ། །མཚོན་ཆ་ཐམས་ཅད་ཟློག་པར་བྱེད་ཅེས་བྱ་བ་ནི། འདི་རྣམས་ཐམས་ཅད་ཀྱི་མཚོན་ཆ་རྣམས་ཟློག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་བརྡའི་མིང་ནི་ལག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོ་ལོས་མཚན་པ་ནི། ་འཁོར་ལོ་ལ་སོགས་པ་ཟློག་པར་བྱེད་པ་རྣམས་སོ། །མདའ་ཟློག་པར་བྱེད་པའོ། །བ་ཐཱའོ། །ཞགས་པ་ལ་སོགས་པ་ཟློག་པར་བྱེད་པ་ནི། རྒྱལ་བའོ། །གཞན་གྱིས་མི་ཐུབ་པ་ནི་ལག་པའི་མཐེབ་མོ་ཟློག་པར་བྱེད་པའོ། །རལ་གྲི་ལ་སོགས་པ་ཟློག་པར་བྱེད་པ ་ནི་རྨོངས་པའོ།?་།ཇི་ལྟར་འདི་རྣམས་འཛིན་ཅེ་ན། གཡོན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀུན་གྱི་རྩ་བ་རྣམས་ནི་གཡོན་སྐོར་དུ་བཀལ་པའི་སྲད་བུ་ལ་མདུད་པ་དམ་པོར་བྱས་ནས་མགུལ་ལམ་སྤྱི་བོར་བཏགས་ན་དེ་ཡང་བསྲུང་པར ་འགྱུར་རོ། །དེའི་ཕྱིར་མགྲིན་པའམ་ཞེས་བྱ་བ་གསུངས་ཏེ། དེ་རྣམས་ཀྱིས་འདི་ལྟར་འཛིན་པ་དེ་རྣམས་ཀྱི་སྨན་རྣམས་ཀྱིས་བསྲུང་ངོ་ཞེས་བྱ་བར་དགོངས་པའོ། །ཁ་ཅིག་ན་རེ་སྨན་གྱི་རྩ་བའི་སྲད་བུ་དེ་བཞིན་ཏུ་བདགས་པར་བྱའོ་ཞེས་ཟེར་རོ། །སྨེ་ཤ་ནག ་མོའི་ཞེས་བྱ་བ་ནི་གདོལ་པ་ནག་མོའོ། །དེའི་པད་སྐྱེས་ནི་མེ་ཏོག་ཅེས་བྱ་བའི་དོན་ཏོ། །དེ་དང་ཞེས་བྱ་བ་ནི་རྨོངས་པའོ། །འདིར་བརྗོད་དེ་ད་ཏུ་ར་ཀའི་ས་བོན་སྨིན་པ་དང། སྨེ་ཤ་ཅན་ནག་མོའི་རྡུལ་དང་བཅས་པར་བཏགས་ན། ཡང་བདུད་རྩི་ལྔས་མཉེས ་ཏེ་ཉི་མ་ལ་བསྐམ་པར་བྱའོ་དཀར་མིན་ནི་ནག་པའོ། །ཁྱི་ནི་ཤྭ་སྟེ་དེའི་ཐོད་པའོ། །དེ་ལ་རོ་བསྲེགས་ས་ཡིས་ཡོངས་སུ་དགང་ཞེས་བྱ་བ་ནི་བདུན་པ་ལ་དང་པོའོ། །པའི་སྐྱེད་མོས་ཆལ་དུ་ཐོད་པ་ལ་ས་བོན་གདབ་པར་བྱའོ། །དུར་ཁྲོད་ཀྱི་ཅིས་མཆོད་ཅེ་ན་ཤ་ཆེན ་གྱི་བདུག་པ་ལ་སོགས་པའོ། །ཐོད་པ་རྣམས་ཀྱིས་གདབ་བྱ་ཞིང་ཞེS་བྱ་བནི། མཚན་གྱིས་བསྣུན་བའི་འམ། གསལ་ཤིང་གི་རྩེ་མོས་བསྣུན་པའི་སྐྱེ་གཉིས་ཀྱི་པདྨར། པདྨའི་ས་བོན་བླངས་ནས་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་རྨོངས་པའི་ས་བོན་གྱི ་གཟུགས་ལྕགས་གསུམ་གྱིས་དགྲིས་ནས་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་བཟླས་ནས་མགྲིན་པ་ལ་བཅིངས་ན་འཛིན་པ་ཤིན་ཏུ་མི་སྣང་བར་བྱེད?་དོ། །བཞག་པར་བྱ་ཞེས་བྱ་བ་ནི་མགྲིན་པ་ལ་ཕོག་ན། དེ་མཐོང་པར་འགྱུར་རོ?་ཞེས་བྱ་བའི་དོན་ཏོ། །དེ་ཉིད ་ཁྱི?་ཕྱིར་གྲོལ་བ་ནི་དེ་ཐར་བས་ཤིན་ཏུ་མཉམ་པར་བཞག་པའོ། །གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི། འདི་སྐད་དུ་ཁྭ་རྒན་པོའི་ཐོད་པར། ད་དུ་རའི་ས་བོན་གདབ་པར་བྱ་བ་རྣམས་དང་བོར་དེ་རྣམས་སྤྲུལ་ནག་པོའི་ཚིལ་བུས་བསྐུ་བར་བྱའོ། །རྩེ་གསུམ་མཚོན ་གྱིས་བསྣུན་པ་བླང་ཞེས་བྱ་བ་ནི་གསལ་ཤིང་གི་རྩེ་མོས་བསྣུན་པའི་འམ། མཚོན་གྱིས་བསྣུན་པའི་ཐོད་པར་བསྐྱེད་པ་སྨིན་པའི་དུས་སུ་བླང་བར་བྱ་ཞིང་ཡང་ས་བོན་ཞེས་བྱ་བ་ནི་དོན་ཏོ། །གྲོགས་མོས་ལ་གདབ་པར་བྱ་ཞེས་བྱ་བ་ནི། དེ་ལ་ཁྭ་ནག་པོའི་ཐོབ་བར ་གྲོག་མོའི་ས་བཞག་ནས་དེའི་ས་བོན་གཞུག་བར་བྱའོ་ཞེས་བྱ་བར་དགོངས་པའོ། །རྒོངས་ཀ་ཞེས་བྱ་བ་ནི་རྒོངས་རེ་རེ་ཁྭ་ནག་པོའི་ཁྲག་གིས་བསིང་བའོ། །གང་ལ་ཞེ་ན་རོ་བསྲེགས་ལ་སོགས་པས་གདབ་པའོ། ་འདི་ལྟར་ཡང་གང་དང་གང་གི་གཟུགས་འཛིན་པར་འདོད་པ་དེ་དང་དེའི་ཐོད་པར་གཞུག་པ་དང། ཚིལ?་ལ་སོགས་པས་བྱུག་པ་དང་རུས་པ་དང་ཤ་ལ་སོགས་པས་བདུག་པ་དང། ཁྲག་གིས་བླུགས་པ་དང། འཆི་བའི་གནས་ཀྱི་སས་དགང ་བར་ཡང་བལྟ་པར་བྱའོ། །གང་ལ་གཞན་དུ་ཞེས་བྱ་བའི་ཚིག་གིས་དེ་ལ་འདི་ཞེས་བྱ་བར་རྟོགས་པར་བྱའོ། །འཕེལ་བའི་དུས་སུ་ཡང་གྲག་མ་ལ་སེགས་པ་སྦྱིན་ནོ། །དེ་ཞེས་བྱ་བ་ནི་ལྕགས་གསུམ་གྱིས་དཀྲིས་པའོ། །རྣལ་འབྱོར་པ་ཞེས ་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་དང་ལྡན་པའོ། །བསྲུང་བས་མེ་ཏོག་འབྲས་ཞེས་བྱ་བ་ནི། མེ་ཏོག་དང་འབྲས་བུ་བསྲུང་ངོ་ཞེས་བྱ་བར་ང?་གངས་པའོ། །མ་བསྲུངས་ན་ཡང་འཆིལ་མཟབ?་ལ་སོགས་པ་རྣམས་ཀྱིས་ནུས་པ་ལ་སོཌ ་པ་ཕྲོགས་ནས་སྨན་དེ་ཁྱེད་པ་ཉིད་དོ། །གཏོན་ཞེས་བྱ་བ་ནི། བར་ཆད་བྱས་བས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡང་མ་རུངས་པའི་གཟའི་རྣམ་པ་དང་བྲལ་བ་སྡེ་དེ་བྱའོ། །དེ་ལྟ་བུའི་གཟུགས་སུ་ཞེས་བྱ་བ་ནི། གང་གི ་གཟུགས་བློ་ལ་གནས་པར་བྱས་ནས་རིལ་བུ་ཁར་གཞུག་པར་བྱེད་ན་དེའི་གཟུགས་སུ་བྱེད་པར་འགྱུར་རོ། །མི་སྣང་བར་བྱ་བ་ལ་ནི་སྨན་འདི་མགུལ་བར་གདགས་པར་བྱའོ། །འུག་སོགས་ཀྱིས་ནི་དེ་མི་མཐོང་ཞེས་བྱ་བ་ནི། དམ་པ་མི་མཐོང་པ་སྟེ། དེ ་ནི་རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན?་ས་བོན་དུས་ན་མིག་ཚོད་དེ་ཞེས་བྱ་བ་ལ། ས་བོན་ནི་རྒྱུ་རྣམས་ཏེ་ཐོད་པ་ལ་སོགས་པའོ། །གལ་ཏེ་མིག་ཆོད་ཅེས་བྱ་བ་ནི། ཆ་དང་བྲལ་བ་མེད་པར་ཆོ་ག་རྣམས་ཡིན་ནོ། །རྣ་བ་མ་ཕིག་པ་ལ་སོཌ ་པ་རྣམས་ཀྱི་རྩ་བ་ཉི་མ་གཟས་ཟིན་པ་ན་ཤར་ཕྱོགས་སུ་སོང་བ་བླང་བར་བྱའོ། །བྱང་ཕྱོགས་སུ་སོན་པའི། སྐར་གཟའ་ལ་ཞེས་བྱ་བ་ནི། ཟླ་བ་གཟས་ཟིན་པ་ནའོ། །དེ་ཡང་མགུལ་པ་ལ་སོགས་པར་བཏགས་བ་ན། མཚོན་ཆ་ཐམས་ཅད། བློག་པར་བྱེད་པ་ཡིན ་ནོ། །དེའི་ཞེས་བྱ་བ་ནི་ཉི་མ་གཟས་ཟིན་པ་འམ་ཟླ་བ་གཟས་ཟིན་པ་ནའོ། །ང་ཀོ་ཐའི་རྩ་བའམ་ཉི་མ་གཟས་ཟིན་པ་ནའམ་ཟླ་བ་གཟས་ཟིན་པ་ནའམ། རྒྱལ་གྱི་ཉི་མ་འམ་འབྱུང་པོའི་ཉི་མ་ལ་བླང་བ་བྱའོ། །པི་ཌི་ཞེས་བྱ་བ་ནི། གང་ལ་བེ་ཌ་ཞེས་རབ་ཏུ ་གྲགས་པའོ། །ལོ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པས་ནི། བཏུས་པཱི་སྟན་གྱི་མཐུ་ལོ་གཅིག་གིས་ཉམས་སོ་ཞེས་བྱ་བར་རྟོགས་པར་བྱའོ། །ཚངས་པའི་དབྱུ་གུ་ཞེས་བྱ་བ་ནི། ཚངས་པའི་སྡོང་བུའོ། །བདམ་སྐྱེས་འདམ་ཞེས་བྱ་བ་ནི། པདྨའི་རྩ་བའི ་འདམ་སྟེ། ཉི་མ་གཟས་ཟིན་པ་སོགས་པས་སོ། །ལིང་ག་གཅིག་པའི་ཞེས་བྱ་བ་ནི། ཁ་ནུབ་ཏུ་བལྟས་པའི་རྟགས་ཏེ། དེའི་ཕྱོགས་གཅིག་གི་སའོ། །འདི་དག་ཐམས་ཅད་གཅིག་ཏུ་བྱས་པ་ནི་དབང་ཕྱུག་གི་འདམ་ཞེས་བརྗོད་དོ། །དེ་དེས་བྱུགས་པ་ན་ཇི་སྲིད་དུ ་ལུས་གནས་པ་དེ་སྲིད་དུ་ཚོན་གྱིས་ཕྱེད་པ་ལ་སོགས་པར་བྱེད་པར་མི་འགྱུར་ཏེ། བསྔགས་པ་ནི་གོང་མ་བཞིན་ནོ། །གཞོན་ནུ་མ་ནི་རབ་ཏུ་གྲགས་སོ། །གཞན་ནུ་མའི་རྐང་རྗེས་རྡུལ་ཞེས་བྱ་བ་ནི། གཞོན་ནུ་མ་རྣམས་ཀྱི་རྐང་པའི་རྡུལ་རྣམས་སོ། །དེའི་ཞེས་བྱ་བ་ནི། ་དེའི་ཉིད་ཀྱི་སྟེ། གཅི་བའི་གནས་ཀྱི་སའོ། །ལུག་གི་རྭ་ཞེས་བྱ་བ་ནི། དོན་ཇི་ལྟ་བའོ། །འདིར་འདམ་ལུས་ལ་བྱུགས་ན་སུམ་ཅུ་རྩ་གསུམ་པས་ཀྱང་མཆོད་དོ་ཞེས་བྱ་བ་ནི་ལྷག་མའོ། །ཁྱབ་འཇུག་མའི་འདམ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཉི་མ་གཟས་ཟིན་པ་ལ་སོགས་པས་སོ། །དགས་ཀྱི་ཕྲེང་བ་བྱ་བ་ནི། ཟླ་བའི་ལྕུགས་མ་སྟེ་བཏུ་བར་བྱའོ། །འཁོར་ལོ་བཟློག་པས་བརྐིས?་པའི་ས་བླང་བར་བྱ་བ་དེ་ཉིད་དེ། འཁོར་ལོས་མཚན་མ་བླང་བར་བྱའོ་ཅེས་བྱ་བར་དགོངས་སོ། །འདས་འདི་རྣམས་ལུས་ལ་གནས ་ན་སྔར་གསུངས་པ་བྱེད་དོ་ཞེས་བྱ་བར་དགོངས་པའོ། །ཕག་མོའི་འདམ་ནི་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕག་མོ་ནི་ཏཱ་ལའི་གཏུན་ཤིང་ངོ། །ཕག་ནི་སྣས?་བརྐོ?་བའོ། །གཏུམ་བོ་ནི་མ་ཧའོ། །རིའི་རྩེ་མོ་གཞི་བདོར་ནི ་ཞེས་བྱ་བ་ཡང་ས་དང། གླང་པོ་ཆེའི་ས་ལ་ཆགས་པ་ཡང་བླང་བར་བྱའོ། །དབང་པོའི་ཤིང་ཞེས་བྱ་པ་ནི། ལྷའི་ཤིང་སྟེ། དེའི་རྩ་བ་ནི་རྐང་བའོ། །འདི་ནི་དབང་པོའི་འདམ་ཞེས་བྱ་བའི་མིང་ངོ། །སུམ་ཅུ་རྩ་གསུམ་དབང་ཕྱུག་འདམ་ཞེས་བྱ་བ་ནི། སུམ ་ཅུ་རྩ་གསུམ་པས་མཆོད་དོ་ཞེས་བྱ་བའི་དོན་ཏོ། །གཏུམ་མོ་ཞེས་བྱ་བ་ནི། གཏུམ་མོའི་འདམ་བག་གོ་།གཏུམ་མོ་ཞེས་བྱ་བ་ནི། སྨན་ཆེན་པོར་རབ་ཏུ་གྲགས་སོ། །འདི་ནི་གཏུམ་མོའི་འདམ་ཞེས་ཤེས་པར་བྱའོ། །ལྐོག་མ་དྲལ?་ནས་ནི་ཞེས་བྱ་བ་ནི། ་དེའི་བྱིས་པ་ཤི་བའི་རྒྱབ་ཀྱི་སྟེང་དུ་སེང་ལྡེང་གི་ཕུར་བས་མགྲིན་པ་དྲ་ལ་ནས་རོ་མ་བླང་བར་བྱའོ། །དི་ལུ་ཞེས་བྱ་བ་ནི། ལྕགས་གསུམ་གྱིས་དཀྲིས་པའོ། །ཁ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཆུ་ནི་ཞེས་བྱ་བ་ནི་མི་བསྐྱོད་པའོ། །མཚན་མོའི་ཀུན་ཏུ་ཞེས ་བྱ་བ་ནི། ཡུང?་བའི་དུམ་བུའོ། །བྱིས་པ་ཟླ་བ་བརྒྱད་པ་ཤ་དེའི་ཁོང་བར་དེ་གཞུག་པར་བྱའོ། །སྔར་བཞིན་ཞེས་བྱ་བ་ནི། ཟླ་བའི་གཟའ་ལ་སོགས་པས་སོ། །དེས་ནི་ལུས་བཅུག་ཅེས་བྱ་བ་ནི། དེས་བྱུགས་པའི་ལུས་སོ། །དེ་འདྲའི་མིང་དུ་ཞེས་བྱ་བ་ནི། ་དབའ་བོའི་མཚན་དུ་སྐད་ཅིག་གིས་འགྱུར་བའོ། །དཀར་བ་མིན་པའི་མཚན་མོ་ལ་ཞེས་བྱ་བ་ནི། ཡུང་བ་ནག་པོའོ། །བྱིས་པའི་ལྕེ་ཞེས་བྱ་བ་ནི། བུ་ཆུང་གི་རོ?་མའོ། །མེ་ཏོག་ཅེས་བྱ་བ་ནི། དང་པོའི་རྡུལ་འཛག་པའི་ཁྲག་གོ་།སུམ་སྒྲིལ་སུམ་འགྱུར ་བྱས་ནས་ནི་ཞེས་བྱ་བ་ནི། སྲད་བུ་གསུམ་གཅིག་ཏུ་བཀལ་བ་སྟེ། དེ་ཉིད་ཀྱང་སུམ་འགྱུར་བྱས་ནས་བཀལ་བར་བྱའོ། །རྐད་པ་བརྒྱད་པའི་སྔགས་བརྒྱ་རྩ་བརྒྱད་སྲས་བུ་ལ་བཟླས་པས། ཡོན་ཏན་རིན་ཆེན་མང་བའི་ཕྱིར་བརྒྱ་མཚོའི་རྣམ་པར་མདུད ་པ་དེ་དེ་བྱའོ། །དེ་ལ་ཞེས་བྱ་བ་ནི་མདུད་པར་འགྱུར་རོ། །མ་མོ་ཞེས་བྱ་བ་ནི། ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་བརྟག་པར་བྱའོ། །དེས་ཀྱང་མདུད་པ་བཞི་པོ་ཉིད་བྱ་ཞིང། རྒྱ་མཚོའི་རྣམ་པ་ཉིད་དེ། རྒྱ་མཚོའི་མདུད་པ་ཞེས་བྱ་བའི་ཚིག་གི་དོན་ཏོ། ་བུ?་མོའི་གཅི?་བའི་ས་བདག་ནི་ཞེས་བྱ་བ་ལ། གཅི་བ་ནི་མི་བསྐྱོད་པའོ། །གང་ལ་བུ་མོས་གཅིས་པའི་དེ་ནས་ས་བླངས་པ་འདབ་མ་བྱས་ནས། བཀལ་བར་བྱའོ་ཞེས་དགོངས་པའོ། །སོ་སོ་སོ་སོར་རེ་ཞེས་བྱ་བ་ནི། མདུད་པ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་དང ་བཅས་བར་རྐང་པ་བརྒྱད་པའི་སྔགས་བཟླ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྷེལླ་ཁི་ནི། རྒྱུ་སྐར་རྒྱལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་བུ་གཉིས་བླངས་ནས་གོང་དུ་གསུངས་པའི་སྔགས་ཀྱིས་བརྗོད ་ཅིང་རླུང་དང་མཐུན་པར་དཔུང་ལ་མངོན་པར་ཁ་བལྟས་ཤིང། སྡེ་དཔོན་གྱི་མིང་ནང་དུ་བཅུག་ནས་རྩེ་མོ་གཉིས་དག་གི་ཕན་ཚུན་དུ་བརྡུང་པར་བྱའོ། །དེ་ནས་ཕན་ཚུན་དུ་འཐབ་པར་འགྱུར་རོ། །གཞན་ཡང་བྷེལླ་ལི་བཀའ་སྩལ་པ། ཇོ?་རྗེ་ཆུ་ནི་ཞེས་བྱ་བ་ནི། ་མི་བསྐྱོད་པའི་ཆུའོ། །མ་རུངས་ཞེས་བྱ་བ་ནི་སྡིག་མཛུབ་པོ། །འདིར་སྨྲས་པ། མ་རུངས་བས་རྡོ་རྗེའི་ཆུ་མཉེས་ནས་དཔྲལ་བར་གཟུང་བར་བྱའོ། །སྔགས་ནི་རྐང་པ་བརྒྱད་པའོ། །སྟོབས་ནི་སྨན་གྱི་མཐུའོ། །དེའི་ལྷག་པར་བྱེད་པ་ནི་གང་ལ་དེ་སྟོབས་ཀྱི་ལྷག ་པར་བྱེད་པ་དེ་ལྟ་བཱུང་ཡིན་ལ་ལེའུ་ཡང་ཡིན་པ་དེ་ལྟ་བུ་ནི། དེ་བཞིན་དུ་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་དགུ་པའོ།། །།གཞན་པའི་ལས་རྒྱས་བ་ཡང། དེ་ནས ་ཞེས་བྱ་བས?་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི། ཧེ་རུ་ཀའི་རྣལ་འབྱོར་དང། རྐང་བ་བརྒྱད་པའི་སྔགས་བཟླས་པ་དག་གསུངས་མ་ཐག་ཏུ་བཤད་པར་བྱའོ། །གང་གིས་སྒྲུབ་པོ་འགྲུབ་འགྱུར་བ་ཞེས་བྱ་བ་དེ་དང། བཤད་ཅེས་སྤྱད་བར ་སྦྱར་རོ། །རས?་སྦྱིན་ཞེས་བྱ་བ་ནི་རས་བལ་ལོ། །ལྕུག?་མའི་སྤྱི་གཙུག་གནས་ཞེས་བྱ་བ་ནི། ས་བོན་རྣམས་ཤིང་ལ་གནས་པ་རྣམས་ཏེ། རྩེ་མོ་ཉིད་ལས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྤྱི་གཙུག་ཅེས་བྱ་བ་ནི་ཐོད་པ་སྟེ། ་ལྕུག་མ་ལས་བླངས་ནས་ཐོད་པ་བཞག་པར་བྱ་བ་ཡང་ཤེས་པར་བྱའོ། །གནས་ཞེས་བྱ་བའི་སྒྲས་སོ་སོར་མངོན?་བར་སྦྱར་བའི་ཕྱིར་རོ། །ཡི་དགས་ཉི་མར་ཞེས་བྱ་བ་ནི། ནག་པོའི་བཅུ་བཞི་བའོ། །མཆོད་ཅེས་བྱ་བ་ནི། ཧེ་རུ་ཀ་དཀར་མོ་ལ་སོགས་པ་དང ་ལྡན་པའི་ཧེ་རུ་ཀའི་རྣལ་འབྱོར་པས་མདུན་དུ་མཆོད་པ་ཐམས་ཅད་བྱའོ་ཞེས་བྱ་བ་ན་ལྷག་མའོ། །གཡོན་པའི་རྡུལ་གྱིས་ཞེས་བྱ་བ་ལ། གཡོན་པ་ནི་བུད་མེད་དེ། དེའི་རྡུལ་ལོ། །དེས་དེའི་ས་བོན་རྣམས་ཀྱིས་རྣམ་པར་བསྒོས་པ་ནི་བྱུགས་པ་ཉིད་དོ། ། ་ཡང་ནས་ཡང་དུ་རྣམ་པར་བསྒོས་ཞེས་བྱ་བ་ནི། ཡང་ནས་ཡང་དུ་བསྒོས་པ་རྣམས་ཞེས་བྱ་བའི་དོན་ཏོ། །ཡང་ན་བུད་མེད་གྱི་ཐོད་པ་ལ་སྔར་གྱི་ཐོད་པ། ལས་བླངས་ནས་བཞག་པར་བྱའོ། །མཚོན་གྱིས་བསྣུན?་པས་སམ་འགིགས་པའི་བུད་ཀྱི ་ཚེལ་གྱིས་བསྒོས་པ་རྣམས་སོ། །དེའི་ཕྱིར་རོ། ཀང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀང་ཞེས་བྱ་བ་ནི་མགོ་བོའི་གླད་པའོ། །ཅེ་སྤྱང་སྤངས་ཞེས་བྱ་བ་ནི། ཅེ་སྤྱང་གིས་མ་ཟོས་པ་ཞེས་བྱར་དགོངས་པའོ། །དེས་ཡང་བུད་མེད་ཀྱི་གཟུགས་དེ་རྣམས་བསམS ་ནས་བསྒོས་པའོ། །རྔ་མོའི་འཁྲུལ་འཁོར་ཞེས་བྱ་བ་ནི། རྔ་མོ་ཞོན་ནས་འགྲོ་བས་འགེགས་ནས་ཤི་བ་འམ། མཚོན་གྱིས་བསྣུན་པའི་བུད་མེད་དག་གི་ཚིལ་བླང་བར་བྱའོ་ཞེས་བྱ་བར་དགོངས་པའོ། །བུད་མེད་ཐོད་པར་གཞུག་པར་བྱ་ཞེས་བྱ་བ་ནི། ་བུད་མེད་ཀྱི་ཐོད་པ་ལ་གཞག་པ་ཉིད་དེ། དེ་རྣམས་ཀྱིས་ཀྱང་བསྒོས་ནས་གཏོར་བར་བྱའོ། །བུད་མེད་ལས་བྱུང་བསྐོལ་བ་སྦྱིན་ཞེས་བྱ་བ་ལ། བུད་མེད་ནས་བྱུང་བ་ནི་རྡུལ་ལོ། །དེ་ཉིད་ཀྱིས་གླད་པ་དང་ལྡན་པར་བསྐོལ་བ་སྦྱིན་ཞེས་བྱ་བར་དགོངས་པ་སྟེ། དེས ་ན་གཏོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་མེད་རོ་བསྲེགས་ས་ཐལ་གྱིས་ཞེས་བྱ་བ་ནི། བུད་མེད་ཀྱི་རོ་བསྲེགས་པའི་དུར་ཁྲོད་ཀྱི་སས། དེ་ཐོང་པ་བཀང་ནས་ས་བོན་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མངོན་པར་བསྔགས་པར་བྱ་ཞེས་བྱ་བ་ནི ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྔགས་ཀྱིས་མངོན་པར་བསྔགས་ནས་གཞུག་པར་བྱ་ཞེས་བྱ་བའི་དོན་ཏོ། །བསྲུང་བར་བྱ་ཞིང་ཞེས་བྱ་བ་ནི། སྤྱན་ལ་སོགས་པའི་སྔགས་ཀྱིས་སོ། །འདི་ཉིད་ནི་ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཀལ ་པར་བྱ་ཞེས་བྱ་བ་ནི། ཐོད་པ་ལ་གཞག་པ་ཉིད་དུ་དེ་བཀལ་བ་ནི་དོག་པ་ཞེས་བྱ་བའི་དོན་ཏོ། །གཞོན་ནུའི་ཟླ་མཚན་འཛག་པ་ཉིད་ཅེས་བྱ་བ་ནི། དང་པོའི?་མེ་ཏོག་དང་ལྡན་པའོ། །སྐྲ་ཡིས་ཤེས་བྱ་བ་ནི། འགེགས་ནས་ཤི་པ་ཉིད་ཀྱི་སྐྲ་དང་ལྷན་ཅིག་ཏུ ་འདེའི་སྐུད་པ་བཀལ་བར་བྱའོ། །འགེགས་ནས་ཤི་བའི་ཁྲག་གིས་ནི་ཞེས་བྱ་བ་ནི། ངེས་ཡུངས་ཀར་བསྒོ་བར་བྱ་བ་ཉིད་དོ། །དེ་དེ་ཉིད་ཀྱི་ཚིལ་བུས་བྱུག་པར་བྱ་བ་ཉིད་དོ། །བརྒྱད་པར་རྒྱལ་གྱི་ཉི་མ་ཡིས། །གསང་ནས་ཞིང་ལ་ཞེས་བྱ་བ་ནི། ་གདབ་པར་བྱ་ཞེས་བྱ་བ་དགྲོད་དོ། །གདབ་པར་བྱ་ལེགས་སྨིན་ས་བོན་ཞེས་བྱ་བ་ནི། ལེགས་པར་སྨིན་པའི་ཡུངས་ཀར་བསྡུབ་ཨར་བྱ་ཞེས་བྱ་བར་དགོངས་པའོ། །ཅི་འགྱུར་བ་ཞེས་བྱ་བ་ནི། མེ་ལ་བསོ་བའོ། །དེ་རྣམས་ཞེས་བྱ་བ་ནི། དེ་ལྟ ་བུ་ཉིད་བུ་འཁྲུལ་འཁོར་གྱིས་ཡུངས་ཀར་བ་ཅིང་བར་བྱའོ། །དེའི་རབ་ཏུ་སྦྱོར་བ་རྫོགས་ནས་འདི་ཉིད་ཀྱི་བསྒོམ་པས་བསྐྲད་པ་ལ་སོགས་པའི་ལས་ཀྱང། སྐྲོད་པའི་ལས་ལ་སོགས་པ་བྱེད་ཅེས་བྱ་བ་ནི། དང་པོའི་རབ་ཏུ་སྦྱོར་བར་དམ་བཅའ་པ ་ཉིད་དོ། །ས་བོན་གདབ་པའི་གནས་ནི། རོ་བསྲེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རོ་བསྲེགས་ས་ཞེས་བྱ་བ་ནི། རོ་བསྲེགས་པའི་ས་རྡུལ་ལོ་།ལམ་ཞེས་བྱ་བ་ནི། བཞི་མདོར་རོ། །རོ་ཞེས་བྱ་བ་ནི་ས་བོན་གྱི་འདུ་བྱེད་པ་སྟེ། རོ་ལ་ཉི་མ་གཅིག? ་བཞག་ནས་དེ་བླངས་ནས་ཁྲག་གིས་བསྒོ་ཞིང་ཚིལ་གྱིས་ཡང་བྱུག་པར་བྱའོ་ཞེས་བྱ་བར་དགོངས་པའོ། །དང་བོའི་རིགས་ཤེས་བྱ་བ་ནི། དང་པོའི་རིགས་ཏེ་སྐྱེ་གཉིས་ཏེ། དེའི་ཐོད་པར་ཤེས་པར་བྱའོ། །དེའི་ཐོད་པར་? ་ཁྲོད་ཀྱི་སས་བཀད་ལ་བཞི་མདོའི་གནས་སུ་སྔར་གསུངས་བས་འདུ་བྱ་ཞིང་ཡུངས་ཀར་གདབ་བར་བྱའོ་ཞེས་བྱ་བར་དགོངས་པའོ། །ཁ་ཅིག་ན་རེ་རོ་བསྲེགས་ཀྱི་ས་ལ་འམ་བཞི་མདོ་རུ་རོལ་གནས་པའི་རྣལ་འབྱོར་བ། བྲམ་ཟེའི་ཐོད་པར་རོ་བསྲེགས ་པའི་སས་བཀང་བ་ལ་གདབ་པར་བྱའོ་ཞེས་ཟར་རོ། །ཕྱོགས་སུ་བཟང་པོ་རྙེད་ནས་ནི་ཞེས་བྱ་བ་ལ། ཕྱོགས་ནི་ཉི་མ་བཟང་པོའོ། །རྙེད་ནས་ནི་ཞེས་བྱ་བ་ནི། རྣལ་འབྱོར་བས་ཐོབ་པའོ། །བརྒྱད་པ་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བསྟན་པའོ། །སྐྲོད་པར ་བྱེད་པ་ལ་སོགས་པའི་མདོར་བསྟན་པ་ཡང་རྒྱས་པར་བསྟན་པའི་ཕྱིར། ལྔ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ཕྱིར། ལྔ་ཤིང་ཕ་རོལ་ནི་ཧཱུཾ་ངོ། །རླུང་གི་ས་བོན་ལས་ཕྱུང་ན་ཞེས་བྱ་བ་ནི། རླུང་གིས་བསྐུལ་བའི་ས་བོན་ཏེ། ཨཾ ་གི་ས་བོན་དེ་ལས་ཕྱུང་བའི་སྒྲའི་ཚུལ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཨའི་ས་བོན་གྱི་སྒྲ་ཧཱུཾ་དང་ལྡན་པ་ངེས་ཕྱི་རོལ་ཏུ་ཕྱུང་ནས་བསྐུལ་བས་བསྒྲུབ་བྱ་མགྲིན་པ་རིང་པོའི་རྒྱབ་ཏུ་གནས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པ་ལྟོ་ཕྱོགས་སུ་འགྲོ ་བསམ་པར་བྱས་ན་སྐྲད་པར་བྱེད་དོ། །འདི་སྐད་དུ་བསད་པ་ལ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པའི་བསྒྲུབ་བྱ་དེ་ཉིད་ཧཱུཾ་དང་བཅས་པའི་སྒྲས་འབར་བ་ཕྱུང་ནས་ཕྱི་རོལ་བསྲེགས་པར་བསམ་མོ། །རངས་པར་བྱེད་པ་ཡང་འདི་སྐད་དུ། འདི ་ལྟར་ཡང་དབང་ཆེན་གྱི་དཀྱིལ་འཁོར་ལ་ཞན་པའི་བསྒྲུབ་བྱ་དེ་ཉིད་སྒྲ་ཡིས་ཀྱང་དེས་རེངས་པར་བསམ་པར་བྱའོ། ད་ནི་དེའི་འབྲུ་མར་གྱི་ཉེ་བར་དགོས་པ་ཡང། སྟེང་བཅིངས་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །རྣལ་འབྱོར་ཆེན་པོས ་གཞོམ་ཞེས་བྱ་བ་ནི། དེའི་དུས་སུ་རོ་དེས་ཉེ་བར་འཚེ་བ་ཆེན་པོ་བྱེད་དེ། ཉེ་བར་འཚེ་བ་ནི་ཧེ་རུ་ཀའི་རྣལ་འབྱོར་གྱིས། རྣལ་འབྱོར་བས་སུན་འབྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་འང་བར་ཆད་སྐྱེའོ་ཞེས་བྱ་བ་ནི། སྣ་ཚོགས ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གྲུབ་པའི་རྫས་ནི་རྣམ་གཅོད་པ་ཞེས་བྱ་བ་ནི། བར་ཆད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་གླེང་གཞིའི་ཆོ་ག་ནི། སྐྱེ་གནས་ཀྱི་ཕྱག་རྒྱ་ཞེས་གསུངས་པ་ནི། རྡོ་རྗེའི་བཅིངས་པ་བྱས་ནས་སྡིག་མཛུབ ་གཉིས་དང་མཐེ་བོང་གཉིས་བསླང་ནས་གང་གི་སྡིག་མཛུབ་ཀྱི་རྩེ་མོ་ཁ་འོག་ཏུ་བལྟས་པར་དཔྲལ་པར་གཟུང་བར་བྱའོ། །བར་ཆད་ཞི་བར་བྱ་བའི་ཕྱིར། ཧེ་རུ་ཀའི་རྣལ་འབྱོར་དང་རྐང་པ་བརྒྱད་པའི་བཟླས་པ་དང། གཏོར་མ་ལ་སོགས་པ ་བྱའོ་ཞེས་བྱ་བ་བསྡུས་པའོ། །དེ་ལ་དང་པོར་འཇོག་པའི་ཞེས་བྱ་བ་ནི། མར་ཁུ་དང་པོར་གང་ཞིག་རོའི་ཡན་ལག་ལ་གོས་དེ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྐུ་སོགས་རྣམས་ཀྱིས་བླངས་ནས་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། སྐྱེས་པའི་ཉ ་ཕྱིས་ལ་སོགས་པ་རྣམས་ཀྱིས་སོ། །དེས་བྱུགས་པས་མཁའ་སྤྱོད་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དེར་རོ་གྲུབ་པར་གྱུར་ན་རང་ཉིད་ཀྱིས་འབྲུ་མར་འཛག་པར་འགྱུར་ཏེ། དེ་ཡང་གྲུབ་པའི་རོལ་རལ་གྲི་ལ་སོགས་པ་བསླང་པར་བྱའོ། །དེའི་ཕྱིར ་?་གྲི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་བའི་སྒྲས་ནི་མཆིལ་ལྷམ་ལ་སོགས་པའོ། །རོའི?་ཞེས་བྱ་བ་ལ་སོགས་པ་ལ། རེའི་ཁར་བཞག་ནས་བཏུས་ཏེ་རྨ་སྐྱེས་ཀྱིས་བསྒོ་བར་བྱའོ། །དེའི་མར?་ཁུས་ཞེས་བྱ་བ་ནི། མར་ཁུ་ཆེན ་པོས?་བྱུག་ཅིང། དེ་བཞིན་དུ་བྱུགས་པས་དེ་ལས་བྱུང་བའི་སྨིན་པ་བླང་ཞིང་དེ་རྣམས་ཀྱིས་གང་ལ་བསྣུན་པ་དེ་ཇི་སྐད་དུ་གསུངས། ཡང་དབང་དང་དགུག་པའོ། །སྲིད་པའི་སྡོམ་པ་ཞེས་བྱ་བ་ནི། ཡིའི་རྣམ་ཕ་སྟེ་སྲིད་པ་ལས་རྣལ་འབྱོར ་པ་རྣམས་ཀྱི་སྡོམ་པར་བྱེད་པའོ། །བསྒྲུབ་བྱ་བསྐོར་བར་ཞེས་བྱ་བ་ནི་ལའི?་རིང་བོས་བསྒྲུབ་བྱ་བསྐོར་བར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཀུན་ལ་མི་སྡུག་ཅིང། འབའ་ཆ་མར་སྤངས་ལྟ་པུའོ། །ཞེས་བྱ་བ ་ནི། ཇི་ལྟར་སྣུམ་པ་ནི་མར་ཁུ་སྟེ། དེ་དང་བྲལ་ཞིང་ངེས་པར་སྣུམ་གྱི་སྣོད་ཅེས་བྱ་བའི་དོན་ཏོ། །མར་དང་བྲལ་བ་ནི་མར་ཁུའི་སྣོད་དེ། དེ་བཞིན་དུ་འཇིག་རྟེན་པའི་སྡུག་པའི་སྣོད་མ་ཡིན་པ་འདི་ཡང་ཞེས་བྱ་བའི་དོན་ཏོ། །མཐེ་བོང་ཡོངས་སུ ་དཀྱིལ་འཁོར་ཉིད་ཅེས་བྱ་བ་ནི། འཇིག་རྟེན་གསུམ་པོ་དེའི་མཐེ་བོང་གིས་མནན་ཞེས་བྱ་པའི་དོན་ཏོ། །ཁ་ཡིས་ཤེས་བྱ་བ་ལ་སོགས་པ་ནི། བདག་གི་སྙིང་ལ་སོགས་པར་བཀོད་པའི་ཡི་གེ་རྣམས་རང་གི་དབུགས་ཀྱི་རེ་ཁཱ་ལ་བཀོད་བར ་བསམས་ནས། སྣ་ཁུང་གཡས་པ་ནས་བཏོན་ཅིང། བསྒྲུབ་བྱའི་གཡོན་བའི་སྣ་ཉི་ཁུང་དུས་སྙིང་ཀར་བཅུག་ཅིང་?་ནས་རང་གི་སྙིང་ལ་གཡོན་པའི་སྣའི་ཁུང་བུ་ནས་འཇུག་པར་བསམ་པར་བྱ་སྟེ། དེ་ཡང་སྙིང་ལ་གནས་པ་སྙིང་ལ་འམ། ་ཁ་ལ་གནས་པ་ཁ་ལ་འམ། དཔྲལ་བས་ལས་ཀྱང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མ་མོའི་ལྕུག་མས་ངེས་པར་པ། མ་མོའི་དམ་ཚིག་དབང་ཕྱུག་གནས་ཤེས་བྱ་བ་ནི། རང་གི་མ་མོའི་ལྕུག་མ་རྣམས་ཀྱི་བསྒྲུབ་བྱའི་སྙིང་ལ་ཞུགས་ནས ་བསྒྲུབ་བྱའི་སྙིང་བླངས་ནས་འོངས་ཏེ། སྙིང་ལ་ཞུགས་པ་རྣམས་ཀྱིས་ནང་ཀུན་དུ་སྣང་བར་བསམ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་འདིའི་དོན་ཏོ། །མ་མོ་ཉིད་ནི་ལྕུག་མ་ཐམས་ཅད། མ་མོའི་ལྕུག་མའོ། །དམ་ཚིག་དབང་ཕྱུག་ཅེས་བྱ ་བ་ནི། སེམས་ཏེ་སྙིང་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཟླ་ཕྱེད་ཐིག་ལེས་བརྒྱན་པ་ཡིས། ཨ་ནི་དབྱངས་ཀྱི་རྣམ་པ་གསུངས་ཞེས་བྱ་བ་ནི། ཨའི་དབྱངས་ཀྱི་གང་ཞིག་གསུངས་བ་དེ་ཟླ་བ་ཕྱེད་དང་ལྡན་པའང་ཡིན་ཏེ། ཨཾ?་ཞེས་བྱ་བའང་དེའི་ལས་ཤིང ་བྱ་བའི་དོན་ཏོ། །དབྱངས་ཀྱི་སྒྲ་གང་གི་གཉིས་པའི་ཁྱད་པར་བརྗོད་པའི་ཕྱིར། ཟླ་བ་གཉིས་དང་གཤེགས་གསོལ་བའི་ཞེས་བྱ་བ་ནི། ཐིག་ལེ་གཉིས་ནི་གཤེགས་སུ་གསོལ་བ་སྟེ། ཇི་ལྟར་ཨ(རྒྱུད་འགྲེལ་ཡི་གེ་དམ་པ་ཉིད་ཅེས་བྱ་བ་ལ་ཡང། འདིའི་འང་ལས་ནི་ཨ་དང་འབྲེལ་བའོ། །སངས་རྒྱས་རེ་ཁཱ་རབ་ཏུ་གནས་ཤེས་བྱ་བ་ནི། སྟེང་དུ་འབར་བའི་རེ་ཁཱ་ནི། འོག་ཏུ་འཛག་པར་བྱེད་པར་རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཕྱག་རྒྱ་རབ་ཏུ ་གནས་པ་ནི། ཨཾ་ཉིད་ཡིན་ཏེ། རེ་ཁཱ་ནི་རྩ་སྟེ་གང་ཞིག་བདུད་རྩི་འབབ་པ་དེའི་རབ་ཏུ་གནས་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི། དེ་ཉིད་འཆད་དོ། །ཱ་ལི་ཀཱ་ལི་ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོར་སོན་བའི། ཨའི་ངོས་གཉིས་སུ་འབབ་པའི་རྩ་གཉིས་ཏེ ་འདི་ཡང་ཐབས་དང་ཤེས་རབ་རྣམ་པར་དག་པ་དང་དབྱངས་དང་གསལ་བྱེད་རྣམ་པར་དག་པ་དང། ཨཱ་ལི་དང་ཀཱ་ལི་སྦྲས་བརྗོད་དེ། དེའི་ཕྱིར་ཡང་བཅུད་ཀྱི་ལེན་ཐམས་ཅད་ཀྱི་སྒྲ་རྣམས་ཀྱི་སྐྱེ་མཆེད་དམ་གྲུབ་པའི་སྨན་ནོ། །རྡོ་རྗེ་སེམས་སོགས་སྦྱོར་བ ་ནི། ཁ་རུ་ཡོངས་སུ་གྱུར་པར་ཞེས་བྱ་བ་ནི། ཨཾ་ཁར་ཡོངས་སུ་གྱུར་པར་བྱ་བ་ཡང་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཁྱད་པར་དུ་འཕགས་པའི་ཧཾ?་གི་ཐིག་ལེ་འཛག་པ ་བསམ་པར་བྱའོ། །སྦྱར་བ་ནི། ཨཾ་གི་ཐིག་ལེའི་འོད་ཟེར་གྱིས་ཤེས་རབ་ཀྱི་རང་གི་ངོ་བོས་རྣལ་འབྱོར་ལས་འཇོག་གོ་བྱ་བར་དགོངས་པའོ། །དེའི་ཞེས་བྱ་བ་ལ་སོགས་བས་ནི། འོག་ཏུ་ཡི་གེ་ཐམས་ཅད་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཧཾ་ཉིད་དོ། །དགོང ་པར་བྱ་ཞེས་བྱ་བ་ནི། བརྗོད་པའོ། །ཡང་རྡོ་རྗེ་སེམས་སོགས་ཤེས་བྱ་བ་ནི། ཀ་ལ་སོགས་པ་སྟེ། དེ་དེའི་ཀུན་དར་ཞེས་བྱ་བར་རྩ་ཡོངས་སུ་གྱུར་པ་གཉིས་སུ་མེད་པའི་རྣམ་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། ཨོཾ་ལ་སོགས་པའི ་ལས་གསུངས་ཏེ། དེ་ཡང་གོ་སླའོ། །དཀར་དམར་ཏིང་འཛིན་གནས་ནས་ནི་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་ཏེ། ཨ་ལ་སོགས་པ་དང་ཀ་ལ་སོགས་པ་རྣམས་ཀྱི་ལས་རྣམས་བྱེད་དོ། ་དེའི་ཕྱིར། ཀ་ལ་སོགས་པ་ཞེས་གསུངས་ཏེ། དེ་ལྟར་གྱུར་པའི་རྣལ་འབྱོར་པས་ཀ་ལ་སོགས་པ་སྦྱར་བར་བྱའོ་ཞེས་དགོངས་པའོ། ། ལ་སོགས་པ་ནི་སྔར་གསུངས་སོ། །དེའི་ཕྱིར། འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། འདི་དག་ཅེས་བྱ ་བ་ལ་སོགས་པ་བརྗོད་པའི་ལས་ཏེ། འདི་ལྟར་ཡང་ཐམས་ཅད་ལྡན་པར་བྱེད་པ་སྔོན་དུ་གསུངས་པ་ཅན་བཤད་པར་བྱའོ་ཞེས་སྨྲས་པ། དེ་ནས་ཞེས་བྱ་བ་གསུངས་པ་ན། དབྱངས་ཀྱི་ལས་གསུངས་མ་ཐག་ཏུ་སྟེ། ཐམས་ཅད་དང་ལྡན་པར་བྱེད ་པའི་གོ་ཆ་དབྱངས་ཀྱི་དབྱེ་བས་ལུས་ལ་དགོད་པར་བྱའོ་ཞེས་བྱ་བ་ཇི་སྙེད་པའོ། །དེ་ཡང་བཤད་པ་ཡིན་ཞེས་བྱ་བར་བལྟ་བར་བྱའོ། །དེ་ཉིད་ནི། ཨ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་ཞེས་བྱ་བ་ནི་མཚན་གྱི་རྩ་བའོ། །དེ་ནས་ལས་ཀྱི་ཞེས་བྱ་བ ་ལ་སོགས་པ་ལ། དེ་ནས་ནི་ཨ་ལ་སོགས་པ་རྣམས་ཀྱིས་ཐམས་ཅད་དང་ལྡན་པར་བྱེད་པའི་དེ་མ་ཐག་ཏུའོ། །རིག་མའི་དེ་ཉིད་ལས་བྱུང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་ལུས་ལ་འཛིན་བྱེད་པ་ཞེས་བྱ་བ་ནི། ཇི ་སྲིད་དུ་ལུས་ལ་འཛིན་པ་དེ་སྲིད་དུ་བསྒྲུབ་བྱ་དབང་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནོར་སྦྱིན་དང་ནི་ཞེས་བྱ་བ་ནི། ཇི་སྲིད་འཚོ་བར་ནོར་སྦྱིན་པར་གྱུར་པ་ནི། ནོར་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱང་ཞེས་བྱ་བ་ནི། བདག་ཉིད་ཀྱང ་འབུལ་ལོ་ཞེས་བྱ་བར་དགོངས་པ་སྟེ། དེ་ཡང་དབང་དུ་བྱེད་པ་ཞེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི། མགུལ་པ་དང་གསད་བར་ཞེས་བྱ་བར་ཡང་དགོངས་པའོ། །རང་གི་ལྷ་ནི་སྡོམ་པ་ཉིད་ཅེས་བྱ་བ་འདི་ནི། ག་སྟེ་རང་གིས་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། ་ཁང་བ་ཡིས་ཞེས་བྱ་བ་ལ་ཁང་པ་ནི་ཁྱིམ་སྟེ། ལུས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ལ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱིས་བསྒྲུབ་བྱའི་ལུས་ལ་དེའི་བསམ་གཏན་གྱིས་འཇོམས་སོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཡན་ལག་ཚིགས་ཀུན་ཏུ་ཞེས་བྱ་བ་ནི། ་དངོས་པོ་ཐམས་ཅད་ཀྱི་སྣ་ཚོགས་ཀྱིས་ཡན་ལག་ཐམས་ཅད་ཀྱི་ཚིགས་སུ་འཇུ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རླུང་གི་གནས་ཤེས་བྱ་བ་ནི། རླུང་གི་གནས་ནི་རྩ་འམ་རླུང་གི་དཀྱིལ་འཁོར་ལ་ཞོན་པའོ། །གཉིས་པ་ཞེས་བྱ་བ་ནི། རྩ་ལས་གཉིས་པ་སྟེ། སྡེ ་ཚན་ལ་ལྟོས་པས་རྩའོ། །མ་མོ་ལྷན་ཅིག་ཏུ་ཞེས་བྱ་བ་ནི། གཤེགས་སུ་གསོལ་བ་དང་ལྷན་ཅིག་པའོ། །ཕྱེ་བས་མཐར་བྱེད་ཁུ་བ་ཞེས་བྱ་བ་ནི། ཛཧ་ཡིས་ཕྱེ་བས་ལྷག་པར་ཡང་ཁུ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏམ། མཐར་བྱེད་ཀྱི་ཁུ་བ་ལྟ་བུ་ནི་འདྲ་པར ་འགྱུར་རོ་ཞེས་བྱ་བའོ། །གང་གི་ཕྱིར། འདིས་སྐྲོད་པར་བྱེད་པའམ། གསོད་པར་བྱེད་པའོ། །དེས་ན་ཞེས་བྱ་བ་ནི་ཛཧའི་རྣམ་པས་སོ། །བདུད་རྩིའི་ཁ་ཡིས་ཐིག་ལེ་ཞེས་བྱ་བ་ནི། ཟླ་བ་སྟེང་དུ་ཐིག་ལེ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཐིག་ལེ་ཁོ་ནའི ་བདུད་རྩིའི་ཁྲའི་བདུད་རྩི་འཛག་པ་སྟེ། ཌའི་བདུད་རྩིའི་ཁ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐམས་ཅད་སྦྱིན་བར་འགྱུར་ཞེས་བྱ་བ་ནི། དེའི་སྒྲུབ་པ་པོ་ལ་བསྒྲུབ་བྱས་ཐམས་ཅད་སྟེར་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དབང་ཆེན་ལྟ་བུར་ཞེས་བྱ་བ་ནི་སེར་པོ་སྟེ། ་མགོ་པོར་ཐིག་ལེ་སེར་པོས་བརྒྱན་པའོ། །ཌའི་རྒྱལ་པོས་ཏ་གསུམ་པ་ཞེས་བྱ་བ་ནི། ཏ་ལས་སྔར་གྱི་ཎ་སྟེ། དེ་ལས་བཟློག་པའི་གསུམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཌའོ། །དེ་ནས་ཌའོ་རྒྱལ་པོ་ནི་ཞེས་བྱ་བའི་ཚིག་ཀྱང་གོ་སླའོ། །རྡོ་རྗེའི་རྣམ་པ་ཞེས་བྱ་བ་ནི། རྡོ་རྗེ ་རྩེ་གཅིག་པའི་རྣམ་པའོ། །གཉིས་ཀྱིས་ཕྱེ་ནས་བསྒྲུབ་བྱའི་ཞེས་བྱ་བ་ནི། འོད་ཟེར་དང་རྡོ་རྗེས་བསྒྲུབ་བྱ་ཕྱ་བར་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཕྱུགས་ནི་ཇི་སྲིད་འཚོའི་བར་ཞེས་བྱ་བ་ནི། ཇི་སྲིད་འཚོ་བ་དེ་སྲིད་དུ་སྒྲུབ་པ་པོ་ལ་ཕྱུགས་ལྟ་བུར་གནས་སོ་ཞེས་བྱ ་བའི་དོན་ཏོ། །མྱོས་བྱེད་རོ་ཞེས་བྱ་བ་ནི། ཆང་གི་རོ་ལྟ་བུས་རྨོངས་པར་བྱེད་པའི་ཕྱིར་རོ། །དེའི་ནི། སྟོང་པའི་ལས་ཀྱི་ཆོ་ག་ཉོན་ཞེས་བྱ་བ་ནི། དྲན་པ་མེད་པར་བྱེད་པའི་ཕྱིར་སྟོང་པའོ། །ཤེས་ཀྱང་ཅུང་ཟད་ཀྱང་མི་ཤེས་པ་དང ་སྤོ?་བ་དན་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉི་མ་བརྒྱད་ཀྱི་ཆུ?་ཡིས་ནི་ཞེས་བྱ་བ་ནི། ཉི་མ་བདུན་པའི་མཐར་ཉི་མ་བརྒྱད་པ་ནི་ཆ་བརྒྱད་དེ། འདི་ནི་དྷའི་རབ་ཏུ་སྦྱོར་བའོ། །གྲུ་བཞི་པ་ནི་ཞེས་བྱ་བ་ནི། ཟླུམ་པོ་དེ་ལྟ་བུའི་བའི་ནང་དུ་བསྒྲུབ་བསམ ་བར་བྱ་ཞེས་བྱ་བའི་དོན་ཏོ། །རྒས་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། གང་གང་གི་ཚེ་སྤྱི་པོའི་ཚིམ་པའི་ཚོགས་བསམས་ནས་དེའི་ཚེ་ཇི་སྐད་གསུངས་པར་འགྱུར་རོ། །དེ་ནི་ཉི་ཟླ་ལྷན་ཅིག་ཅེས་བྱ་བ་ནི། ལོངས་སྤྱོད་རྫོགས་པའི་འཁོར ་ལོར་གནས་པའི་ཕྱག་འཚལ་བ་སྟེ། དེའི་ཐིག་ལེའི་འོད་ཟེར་གྱིས་སྤྱི་བོར་སོན་པའི་ཁུ་བར་གྱུར་པས་ཡན་ལག་ཐམས་ཅད་གཤེར་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉི་མ་ནི་སྤྲུལ་པའི་འཁོར་ལོར་གནས་པ་ཟླ་བ་ཐིག་ལེ་དང། བཅེས ་པའི་དང་པོའི་དབྱངས་ཏེ། དེས་ལྷན་ཅིག་ཏུ་ཆོས་ཀྱི་འཁོར་ལོར་སོན་པའི་ཧཱུཾ་དང་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བཟླས་ནས་ཞེས་བྱ་བ་ནི། འདི་ལྟར་བསྒོམས་ན་བདུད་རྩི་འཐོབ་པོ་ཞེས་བྱ་བར ་དགོངས་པའོ། །ཁ་ཅིག་ན་?་རཾ?་བཟླས་པ་ཞེས་བྱ་བ་ནི། ཁ་ཅིག་ཏུ་བྱས་པ་ཞེས་ཟེར་རོ། །དེ་ལས་གནས་སུ་རྣམ་པར་བརྟགས་ཅེས་བྱ་བ་ལ། གནས་སུ་ཨཾ་བརྟག་པར་བྱ་བ་སྟེ་སྤྲུལ་པའི་འཁོར་ལོ་ལ་ཨཾ་དང་ཧཱཾ་དག་གིས་ཀྱང་ཡང་དག་པར་སྦྱོར་བའི་རྣལ་འབྱོར ་གྱིས?་ཚིམ་བར་བའི?་ཞེས་བྱ་བར་དགོངས་པའོ། །དབང་པོའི་མཚོན་ཆ་ནི་རྡོ་རྗེའོ། །ཇི?་ཉིད་ཀྱིས་ཞེས་བྱ་བ་ནི། བྷ་ཡིས་སོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་ནི་མ་ཡིས་ཡོངས་སུ་བསྐིར་བར་བསྒྲུབ་བྱ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཆེན་པོ་ཞེས་བྱ་བ ་ནི། ཡའོ། །བདུན་པོའི་ཞེས་བྱ་བ་ནི། སྲོག་དང་བཏུང་བ་མིན་པ་དང། གླེང་གཞི་དང། མཉམ་པ་དང། བསམ་གཏན་དང། ལྷ་སྦྱིན་དང་ནོར་ལས་རྒྱལ་བ་སྟེ། རླུང་གི་གཙོ་བོ་བདུན་པོ་རྣམས་ཀྱི་གནས་ནི་ཡའོ། །རླུང་གི་གཙོ་བོ་བདུན་པོ་འདི ་རྣམས་ཀྱི་ཡན་ལག་བདུན་ནི། འབྱིན་པ་ཅན་དང། འབྱིན་པ་དང་འཚེད་པ་དང། འཕོ་བ་དང་བསྐོར་བ་དང་སྐེམ་པ་དང། འཛིན་པ་སྟེ། ཡན་ལག་འདི་རྣམས་ལུས་ལ་བལྟ་བར་བྱའོ། །ཀ་ལ་སོགས་པའི་སྡེ་ཚན་བདུན་དག་པ་ནི། སྲོག་ལ་སོཌ ་པའོ། ། གཉིས་ཡོངས་སུ་སྤངས་ནས། ཡི་གེ་གཉིས་གཉིས་རྣམ་པར་དག་པ་ནི་ཡན་ལག་བདུན་དུ་རྣམ་པར་བལྟ་བར་བྱའོ། །སྒོ་གཞི་དང་ནི་ཡང་དག་ལྡན་ཞེས་བྱ་བ་ནི། ཁ་དང་སྣ་དང། རྣ་བ་དང། མིག་དང་ལྡན་པ་སྟེ། རྨོངས་དང། ་རྡེབས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་སྒོ་བཞི་ནི། ཡ་གྲ་བཞི་པའི་ཕྱིར་རོ་ཞེས་ཟེར་རོ། །རེ་ཕའི་མཐར་ནི་ཞེས་བྱ་བ་ནི། རང་ཉིད་དོ། །སྤྱི་བོར་འཛིན་ཅེས་བྱ་བ་ནི། ཁྲིད?་ག་ཌ་ཀའི་རྣམ་པ་སྤྱི་བོར་འཛིན་ཏོ། །ཞེས་བྱ་བའི་དོན་ཏོ།། ་ལ་ནི་ས་དང། ཞེས་བྱ་བ་ནི། སའི་ས་བོན་ཞེས་བྱ་བའི་དོན་ཏོ། །དབང་པོའི་མཆོན་ཆ་ཞེས་བྱ་བ་ནི། ནུས་པ་སྟེ། ཁ་དོག་ལྔའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་ལའི་འོ། །སྟེང་ཆུའི་ཡིག་འབྲུ་ནི་ཞེས་བྱ་བ་ནི་ཝའོ། །དེ་ཉིད་ནི་ཡ་ལས་བཞི་པའོ། སྟེང་མ ་རྒྱས་པར་བསྟན་བ་ནི། ལའི་མགོ་བོར་ཞེས་བྱ་བ་ནི། དེ་བས་ན་ལ་དང་བ་ཞེས་བྱ་བ་ཡིན་ནོ། །ཆུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆུའི་དཀྱིལ་འཁོར་ནི། ནང་དཱུང་གནས་པ་སྟེ། དེ་བས་ན་དབང་ཆེན་གྱི་དཀྱིལ་འཁོར་གྱིས་བསྐོར་བའོ། །གཉིས་ཞེས་བྱ་བ་ནི། ་གཉིས་ཀྱིས་གཟུགས་ཀྱི་ཕྱི་རོལ། དེ་ཞེས་བྱ་བ་ནི། ལ་དང་ཝ?་དག་གོ་།འོག་གི་གཟུགས་ཤེས་བྱ་བ་ནི། འོག་གི་ཀླུའི་རྒྱལ་པོ་དེའི་གཟུགས་ནི་ལུས་ཏེ། དེ་ཡང་དཀར་པོའོ། །ིའི་བདུད་རྩི་ཞེས་བྱ་བ་ནི། ཨི་གཉིས་མངོན་པར་འདོད་པ་དེའང་དཀར?་? ་ཕྱི་ནས་སྣ་ཚོགས་པའི་ཁ་དོག་གི་རྣལ་འབྱོར་གྱི་ཕྱིར། དབང་པོའི་མཚོན་ཆ་ཞེས་གསུངས་སོ། །གྲོང་གི་མཐར་ནི་ཞེས་བྱ་བ་ལ། གྲོང་ནི་ལུས་སོ། །དེའི་མཛའ་ནི་འཆི་བ་སྟེ། དེ་དུག་ལ་སོགས་པས་ཁྱབ་པས་འཇིག་པར་འགྱུར་རོ། ། ་བསྒྲུབ་བྱའི་སྟེང་དུ་བཀོད་པ་ཞེས་བྱ་བ་ནི། མིག་གཉིས་ལས་འོད་ཟེར་གྱི་གཟུགས་ཀྱིས་བསྒྲུབ་བྱའི་ལུས་ཐམས་ཅད་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །མཛོད་སྤུར་ཞེས་བྱ་བ་ལ་སོགས་པ་ནི། མཛོད་སྤུའི་སྒྲ་སྟེ་དེ་རྣམས་ཀྱི་སྐྲ་དཀར་གྱི་རྣལ་འབྱོར་ནི། རྒྱུའི ་གསུམ་པའོ། །ཡིག་འབྲུའི་དཀྱིལ་འཁོར་ནང་གནས་པ་ཞེས་བྱ་བ་ནི། དེ་དག་ལ་དང་ཝ་དག་སྟེ། དབང་ཆེན་དང་ཚུལ་དཀྱིལ་འཁོར་ལ་གནས་པའོ། །བུད་མེད་དབང་ཕྱུག་ཡང་འགྱུར་ནས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱིས་ཞེས ་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གཡོན་པ་ནི་ཤེས་རབ་བོ། །ཧེ་ལྷན་ཅིག་ཏུ་བསྐོར་བ་ནི་བྱིན་གྱིས་རློབ་པའོ། །ཡང་ནི་གཡོན་ནས་བསྐོར་བ་ནི། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་ལ་སྐྱེས་པ་རྣལ་འབྱོར་པས་བཟའ་བར་བྱའོ། །བཞི་བཞི་གཙོ་བོའོ་ཞེས་བྱ་བ་ནི ་རྣལ་འབྱོར་མ་བཞི་སྟེ། དེ་རྣམས་ཀྱི་ལས་བཞི་པོ་རྣམས་སོ། །དེ་ཡང་ཤ་ཥ་ས་ཧའོ། །རླུང་དང་ཞེས་བྱ་བ་ནི། ཤའོ། །མེའི་ཥའོ། །བདུད་རྩི་ནི་སེའོ། །རོ་ནི་ཏའོ། །མེ་ལས་བྱུང་བ་ཞེས་བྱ་བ་ལ། མེ་ནི་ཤ་སྟེ་དེ་ལས་བྱུང་བའོ། །ཤ་དེའི་འོག་དང་སྟེང་དང་ཕྱོགས་སུ ་ཝའོ། །སྙིང་ཁར་གང་གིས་སེམས་བྱེད་ཅིང་ཞེས་བྱ་བ་ནི། ཤ་དང་ཝ་དག་གོ། དེ་ཉིད་ནི་ཤའི་ཡི་གེ་དང་ཕྱོགས་བཞིར་གནས་པའི་ཝ་དང་ལྡན་པའོ། །མཆེ་མའི་འཁྲུལ་འཁོར་ཞེས་བྱ་བ་ནི། གཤིན་རྗེ་མཆེ་བ་མའི་འཁྲུལ་འཁོར་གྱི་རབ་ཏུ་སྦྱོར་བའོ། །ཤའི་ལS ་གསུངས་ནས་ཥའི་ལས་ནི། གཤིན་རྗེ་ཕོ་ཉ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སའི་ལས་ནི་དུ་བའི་ཁ་དོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མཆེ་བ་གཙིགས་མ་ཞེས་བྱ་བ་ནི། གཤིན་རྗེ་མཆེ་བ་གཙིགས་མའོ། །གཤིན་རྗེ་སྲུབ་མའི་ལས་ནི། ཐིག ་ལེ་ལྡན་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ཧ་ཐིང་ལེ་དང་ལྡན་པ་ལྕེ་ལ་བསམས་ན་ཕུར་བུ་དང་མཉམ་པར་སྒྲུབ་པ་པོ་བྱེད་དོ། །ས་དང་རྔོན་པའི་ཆོ་གར་ནི་ཞེས་བྱ་བ་ལ། ས་ནི་ཟླ་བ་ཕྱེད་པ་སྟེ་དེ་དང་ལྡན་པའོ། །རྡོན་པ་ནི་ཧ་སྟེ། ཧ་ཟླ་བ་ཕྱེད་པ་དང་ཐིག་ལེར ་ལྡན་པའི་ལས་ད་ནི་བསྟན་པར་བྱའོ་ཞེས་དགོངས་པའོ། །ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི། གང་ཞིག་གསུངས་པའི་རབ་ཏུ་སྦྱོར་བ་དེ་ལ་ལས་ཀྱི་རྗེས་སུ་མཐུན་པ་ཞེ་སྡང་ལ་སོགས་པ་ལམ་ཧེ་དང་རྟ་ལ་སོགས་པའི་རབ་ཏུ་སྦྱོར་བ་ཤེས་པར་བྱའོ་ཞེས་བརྗོད་དོ།། ་ཡི་གེ་ལྔ་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོའི་ཕྱིར། ཡི་གེ་ལྔ་ནི་ཧའོ། །ཡང་ན་ཡི་གེ་ལྔ་ཞེས་བྱ་བ་ནི། ཡི་གེ་ལྔ་སྟེ། ཝ་ལ་སོགས་པ་ནས་ཧའི་མཐར་ཡི་གེ་ལྔ་པོ་རྣམས་སོ། །ཀྵ་གང་མ་མོ་མེད་པ་ཞེས་བྱ་བ་ནི། རྐན་དུ་བསམ་པར་བྱ་བ་ཐིག་ལེ་དང་ལྡན ་པ་སྣའི་དུག་པ་ནས་རེ་ཁཱའི་རྣམ་པའི་སྟེ། དེའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་དག་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །རེ་ཁཱ་མར་མེའི་རྩེའི་དབྱིབས་ཞེས་བྱ་བ་ནི། བདུད་རྩི་ལ་སོགས་པའི་རྣལ་འབྱོར་བཞིས་གསལ་བར་བྱེད་པ་ཅན་ནོ། ། ་མཚུངས?་པ?་ལྟ་བུ་ཡོད་མ་ཡིན་ཞེས་བྱ་བ་ནི། འདྲ་བ་གཞན་དུ་ཡོད་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །འདོད་པའི་གཞན་གྲོང་རྒྱལ་བར་འགྱུར་ཞེས་བྱ་བ་ནི། གཞན་གྱིས་ལུས་པ་འགྲོ་བ་པའི་རང་གི་འདོད་པ་ཤེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྡེ་ཚན ་སོ?་སོའི་ཡི་གེ་ནི། ཡི་གེ་སོ་སོའི་རྣལ་འབྱོར་གྱིས་ཤེས་བྱ་བ་ནི། ཡི་གེ་སོ་སོ་དང། སྡེ་ཚན་སོ་སོས་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་རྟོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། ཀྵ་གཅིག་གིས་ཀྱང་ལས་བཞི་པོ ་རྣམས་ཀྱི་རྣལ་འབྱོར་རོ། །དེས་ན་བཞིའང་ཞེས་བྱ་བ་ནི་རྣལ་འབྱོར་རོ། །གཅིག་གིས་ནི་ཡི་གེ་འང་དབང་ཆེན་ལ་སོགས་པ་ཡིན་ནོ། །ཇི་ལྟར་འདི་དག་ཐམས་ཅད་བྱ་ཞེ་ན། ཨཱ་ལཱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། བཤད་ཟིན་པ་དང་འདྲའོ། །གང་ལ ་ཨཱ་ལི་དང་ཀཱ་ལི་གཟུགས་ཀྱི་སྔགས་ཀྱི་འབྱུང་བ་དེ་དེ་བཞིན་དུ་དགོད་པ་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་ཡིག་འབྲུ་དགོད་པ་དེ་ཉིད་ཀྱི་ཆོ་ག་སྟེ། དེ་རྗོད་པར་བྱེད་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །། ་རྡོ་རྗེ་མཧའའགྲོའི་རྣམ་པར་འགྲེལ་བ་ལས་ལེའུ་བཞི་བཅུ་རྩ་གཅིག་པའོ།། །།གསང་བ་ལ་སོགས་པའི་ཚིག་སྡོམ་པ་དང་གང་ཞིག་འདིར་གསུངས་པ་དེ་བཤད་པའི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བཤད་པ་ཉིད་དོ། ། ་ཁྱོད་ཀྱིས་གསང་བ་སྔར་གསུངས་དང། ཐམས་ཅད་བདག་ཉིད་རྟག་བཞུགས་པ་ཞེས་བྱ་བ་ལ། གསང་བ་ནི་བདུན་པའི་དོན་ལ་དང་པོ། དེ་ཡང་གསང་བ་ཞེས་བྱ་བ་ལ་སོགས་པ་ནས། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བའི་མཐར་གཞུང་ཁྱོད ་ཀྱིས་སྟེར་གསུངས་སོ་ཞེས་བྱ་བ་ནི། དང་པོ་དང་ཐ་མ་གཟུང་བའི་ཕྱིར་རོ། །ཡི་གེ་བཅུ་དྲུག་པ་ཉིད་ཀྱི་གཞུང་གཟུང་བ་དེའི་ཕྱིར། བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡི་གེ་བཅུ་དྲུག་ཀྱང་ཡིན་ལ་རིག་མ་ཆེན་པོ་ཡང་ཡིན་པ་དེ་ནི་དེ་བཞིན་དེ། བཅུད་ཀྱིས་ལེན ་ཆེན་པོ་འདི་བཅུ་དྲུག་གི་རྫས་ཞེས་བརྗོད་པའི་ཕྱིར་རོ། །རིག་མ་ཡང་ཚིག་གཉིས་ཀྱི་རྐང་པའི་བདག་ཉིད་ཀྱི་ཕྱིར་རོ། །གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ། །ཅིར་གྱུར་པས་ཤེ་ན། ཁམས་གྱུར་ཅེས་གསུངས་པ་ནི། ལུས་འཚོ་བར་བྱེད་པ་འཛིན་པའི་ཕྱིར ་ཁམས་རྣམས་ཏེ། རྫས་བཅུ་དྲུག་པ་རྣམས་སོ། །དེ་གང་ལ་ཡོད་པར་གྱུར་པ་དེ་ནི་ཁམས་གྱུར་པའོ། །ཐུང་དུ་ནི་འདོད་རིས་ཀྱི་ཕྱིར་རོ། །འདི་ཡང་ཉེ་བར་མཚོན་པའི་ཕྱིར། །མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པའོ། །གང་གི་དོན་ཏུ་འདི་གསལ་བར ་བལྟ་ཞིན?། དེ་བཞིན་?་ཞེས་བྱ་བ་ལ་སོགས་པ་ནི། ནང་ལ་རྣམ་པར་?་གནས་པ་སྟེ། དབྱེ་བ་གསུངས་ཞེས་བྱ་བར་སྦྱར་རོ། རྫས་བཅུ་དྲུག་པོ་འདི་རྣམས་ནི། མ་ལྟར་འདི་རྣམས་ཀྱི་ནང་དུ་གྱུར་པའི་རྫས་རྣམས་ཀྱིས་ཡང་དག་པར་འཕེལ་བར་བྱེད་པའི་ཕྱིར ་ཡོངས་སུ་བཤད་པ་རྣམས་སོ། །ནང་གི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། ལུས་ཡིན་ཏེ་བརྟན་པོར་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་འདི་རྣམས་ཀྱི་ནང་གི་རྫས་རྣམས་ཀྱི་ལྷའི་དག་པའི་དཀྱིལ་འཁོར་ཡིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་པའི་ཞེས་བྱ་བ་ནི་སངས་རྒྱས་རྣམས ་ཀྱིའོ། །རྣལ་འབྱོར་གྱི་ཡང་བདུད་རྩི་ལ་སོགས་ཞེས་བྱ་བ་ནི་འདིའོ། །འདིའི་ཆར་ཡང་ཞེས་བྱ་བ་ནི་ཡོན་ཏན་ནོ། །བཅུ་དྲུག་ནི་གཞན་པའི་རྣལ་འབྱོར་གྱི་མི་ཕོད?་དོ་ཞེས་བྱའོ། །ཁམས་རྣམས་ཀྱི་སོ་སོའི་ཡི་གེ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། ཁམས་ཀྱི ་རྫས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བ་ནི་ཡོན་ཏན་གསུངས་པ་ཐག་ཏུའོ། །སྤྱི་བོར་ཞེས་བྱ་བ་ནི། སྐྲ་ལས་བཀུག་པའི་མར་ཁུའོ། །ལན་ཚྭ་གཉིས་ནི་གཅིག་གོ། ལག་པའི་བཅུ་སྐྱེས་ཞེས་བྱ་བ་ནི། རྡུལ་གྱི་རིགས་གཅིག་པའོ། །དེ་ལྟར ་རྫས་བཅོ་བརྒྱད་པོ་རྣམས་བཅུ་དྲུག་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་སོ། །གང་གི་སྒྲས་འདི་བརྗོད་ཅེ་ན། ཆེས་མཆོག་ཅེས་གསུངས་ཏེ། མཆོག་གི་སྒྲས་ནི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །མཆོག་ཉིད་ནི་ཆེས་མཆོག་གི་ངོ་བོ་སྟེ། མཆོག ་ཏུ་བདེ་ཞེས་བྱ་བ་ནི་འདིའི་རྣམ་པར་འགྲེལ་བའོ། །ཅིར་ཡང་དག་པར་གྱུར་པའི་ཡེ་ཤེས་ཤེ་ན། བྱང་ཆུབ་སེམས་ལས་ཡང་དག་བྱུང་ཞེས་གསུངས་ཏེ། བྱང་ཆུབ་ནི་ལྷའོ། །སེམས་ནི་དེ་བཞིན་ཉིད་དེ། དེ་དག་གིས་ཀུན་ཏུ་བཟང་པོར་འགྱུར་རོ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། ་རྩ་རྣམས་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ནི། རྩ་ཐམས་ཅད་རྣམས་ལས་འདུ་པ་དང། སྙོམས་པར་འཇུག་པ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ། །གསང་བའི་སྒྲེས་བདུད་རྩི་ལ་ཞེས་བྱ་བ་འང། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཤད་པ་ཤ་སོགས ་ལྔ་པོ་ནི་ཞེས་བྱ་བ་ནི་ལྔ་ཞེས་བྱ་བའི་དོན་ཏོ། །ཆགས་པ་སྟེ་ཞེས་བྱ་བ་ནི། འདིས་སེམས་ཅན་རྣམས་འཆེད་པར་བྱེད་པ་སྟེ། མཁའ་འགྲོ་ཀུན་དངོས་ཞེས་བྱ་བའོ། །དེ་ཅི་ཞེ་ན། སེམས་དཔའ་ཞེས་གསུངས་སོ། །འདི་འང་ཅི་ཞེ་ན། ་རྡོ་རྗེ་ལས་བྱུང་བ་ཞེས་གསུངས་ཏེ། རྡོ་རྗེ་ལས་ཞེས་བྱ་བ་ནི་མི་ཕྱད་པ་ལས་ཏེ་སྙོམས་པར་འཇུག་པའོ། །བྱུང་བ་ནི་བྱང་ཆུབ་སེམས་ཞེས་བྱ་བའི་དོན་ཏོ། །འདིའི་ཕྱིར་མཁའ་འགྲོ་ཀུན་དངོས་སོ། ། ་སེམས་དཔའ་ཞེས་བྱ་བའི་ཚིག་བཤད་ཟིན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་འཁོར་ལོ་སྒྱུར་བ་དྲུག་ནི། པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟེང་དུ་སྤྲོས་པའི་ཕྱིར་ཞེས་བྱ་བ་ནི། སྤྲོས་པ་ལས་ཕྱི་ནས་སོ། །དགའ་བྲལ་མཐར་ནི་རྟ་མཆོག་ཉིད་ཅེས་བྱ་བ ་ནི། མཐར་བྱེད་པ་དང་འཆིང་བར་བྱེད་པ་འདི་ལས་ལྷན་ཅིག་སྐྱེས་པ་མཆོག་གོ་ཞེས་བྱ་བའི་དོན་ཏོ། །དགའ་བྲལ་ཉིད་ཀྱི་མཛའ་ནི། དགའ་བྲལ་མཛའ་ཨོ། །དེ་ལ་རྟ་མཆོག་ཉིད་ཅེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །ཅི་དང་ཞེ་ན། རླུང་ལས་སྣ་ཚོགས ་འབྱུང་བའི་ཕྱིར་ཞེས་གསུངས་པ་ནི། རླུང་གི་རང་གི་ངོ་བོ་སྟེ། དོན་ཡོད་གྲུབ་པའི་རང་གི་ངོ་བོ་འབའ་ཞིག་ནི་མ་ཡིན་ཞིང། རླུང་གི་རང་བཞིན་ཡང་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྣ་ཚོགས་ཞེས་བྱ་བ་ནི། འབྱུང་བ་ལ་སོགས་པ་ཐམས་ཅད ་དོ། །བྱུང་བའི་ཕྱིར་ཞེས་བྱ་བ་ནི། འདི་ཉིད་ལས་མ་གཏོགས་པ་མེད་པའི་ཕྱིར་རོ། །འདིའི་ཕྱིར་ཡང་རྡོ་རྗེ་སེམས་དཔའ་ནི་དགའ་བ་ལ་སོགས་པའི་རང་བཞིན་ཏེ། པདྨ་གར་གྱི་དབང་ཕྱུག་ནི་དགའ་བ་དང། རྡོ་རྗེ་ཉི་མ་མཆོག་ཏུ་དགའ་བ་དང། རྣམ་པར་སྣང ་མཛད་ནཾ་གཉིས་ལས་སྐྱེས་བ་དང། དོན་ཡོད་གྲུབ་པ་ནི་དགའ་བྲལ་གྱི་དགའ་བ་དང། མི་བསྐྱོད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །པདྨ་གར་གྱི་དབང་ཕྱུག་དང་རྡོ་རྗེ་ཉི་མ་དག་ནི། མེ་དང་རྣམ་པར་སྣང་མཛད་ནི་ས་དང། དོན་ཡོད་གྲུབ་པ་ནི་རླུང་དང། ་མི་བསྐྱོད་པ་ནི་ཆུ་དང། ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའ་ཨོ། །འདི་དག་ཐམས་ཅད་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་རྣམ་པར་བཞག་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཚུན་དུ་མི་ཕྱེད་པའི་ངོ་བོས་དངོས་པོ་ཐམས ་ཅད་ཀྱི་རང་བཞིན་ནོ། །དེ་པས་ན། གང་ཞིག་རྣམ་པར་ཤེས་པ་གནས་བ་དེ་མི་བསྐྱོད་པ་ཞེས་བྱ་བར་དགོངས་པའོ། །མཁའ་འགྲོ་ཀུན་དངོས་ཞེས་བྱ་བའི་ཚིག་བཤད་པ་ནི། དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་སྒྲས་ནི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་དང ་རྡོ་རྗེའོ། །ནུབ་པ་ནི། སྟན་ལ་རབ་ཏུ་གཞུག་པ་དང་འཇུག་པ་ཞེས་བྱ་བ་ཇི་སྙེད་པ་སྟེ། ཆོས་ཀྱི་འབྱུང་གནས་དང་རྡོ་རྗེ་དག་འཇུག་པའོ། །གྱུར་ན་ཞེས་བྱ་བ་ནི་ཐོབ་ནའོ། །ཉི་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེ་ཉི་མ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པའི་ཕྱིར་རོ། །སྤྲུལ་པའི་རྣམ་པའི་གཟུགས ་སུ་ནི་ཞེས་བྱ་བ་ནི། སྤྲུལ་པའི་སྐུ་ལྟ་བུའི་གཟུགས་སོ། །གང་ཡིན་ཞེ་ན། ལྟ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་དང་མི་ལ་སོགས་པ་དག་གི་བདེ་བའོ། །གོང་བུར་གྱུར་བ་ནི་རོ་གཅིག་ཏུ་གྱུར་པའོ། །རྙོག་པ་མེད་པ་ནི་ཟག་པ་མེད་པའི་ཕྱིར་རོ། །འཁོར་བའི་ལམ ་ནི་རྣམ་གཅད་ཅིང་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པ་མངོན་པར་ཞེན་པ་ལས། དེ་ཉིད་ཀྱི་ཕྱིར་ཐ་དད་པར་གྱུར་པའོ། སྤྲོས་པ་ཉེར་ཞི་དགེ་པ་ཞེས་བྱ་བ་ནི་ཡེ་ཤེས་ཏེ། དེ་མཁའ་འགྲོ་ཀུན་དངོས་ཞེས་བརྗོད་དོ། །དེ་ཉིད་ནི་རྡོ་རྗེ་སེམས་དཔའ་དང། དེ་ཉིད་ནི་ཧེ་རུ་ཀའོ།། ་མཁའ་འགྲོ་ཀུན་ཅེས་བྱ་བའི་སྒྲ་ཡིས་ཅི་བརྗོད་ཅེ་ན། མཁའ་འགྲོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །སེམས་དཔའ་ཨི་སྒྲ་གོང་དུ་གསུངས་པ་དེ་ཉིད་བརྗོད་པའི་དོན་དུ། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་རྡོ་རྗེའི་སྐྲ་བསྟན་པའི ་ཕྱིར། མི་ཤེས་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཡེ་ཤེས་ངོ་བོ་སྟེ་ཞེས་བྱ་བ་ལ། ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ། དེའི་རང་གི་ངོ་བོ་ནི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་ཀྱི་འཇིག་རྟེན་དང། སྐལ་བ་བཟང་པོ་དང། སྐལ་བ་ངན ་པ་དང། འདི་དག་ཐམས་ཅད་རྣམ་པ་བཞིའི་ཚུལ་གྱིས་རྣམ་པ་བཞི་ནི། ས་དང་ཆུ་མེ་དང་རླུང་རྣམས་ཞེས་གསུངས་སོ། །འབྱུང་ཆེན་ཉིད། གཞལ་མེད་ངོ་བོ་ཉིད་ཕྱིར་རོ་ཞེས་བྱ་བ་ནི། དེ་ལྟར་གྱུར་པའི་རྣམ་པར་ཤེས་པའི་རང་བཞིན་འདིར་ཡོད་པའོ། ། ་ཇི་ལྟར་ཤེས་ཤེ་ན། གསལ་བར་སྨྲས་པ། ནམ་མཁའ་ངོ་བོའི་ཕྱིར། འབྱུང་བ་གནས་པ་ལས་གཞན་དུ་སྐྱེ་བ་མེད་པ་ལ་སོགས་པའི་ནམ་མཁའ་ཨི་ནི་གཞལ་དུ་མེད་པ་སྟེ། འདི་ལྟར་དམིགས་པ་མེད་པའི་ཡེ་ཤེས་ནི་ནམ་མཁའ་ཨོ།། །། ་ཉོན་མོངས་ལ་སོགས་བདུད་འཇོམས་པའི་ཕྱིར་ན་ཞེས་བྱ་བ་ནི། ཉོན་མོངས་བ་ལ་སོགས་པའི་བདུད་བདུད་བཅོམ་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ཉིད་ཅེས་བྱ་བ་ནི་གང་གི་ཕྱིར་འདིས་ཉོན་མོངས་པ་བཅོམ་པ་དེའི་ཕྱིར་རང་འབྱུང་སྟེ། ཉོན་མོངས ་པ་གཞན་གྱི་རྒྱུད་ལས་གཞན་དུ་གཉིས་སུ་འགྱུར་རོ། །ལྷ་དང་མཚུངས་པས་ལྷ་ཉིད་དེ། ཞེས་བྱ་བ་ནི། ལུས་ལ་གནས་པའི་ཕྱིར་ལྷ་དེ་ཉིད་ནི་ལྷ་སྟེ། སྐྱེས་བུ་ལ་སོགས་པ་བསྟན་པ་ནི་འདོད་རིས་ཀྱི་ཕྱིར་རོ། །ལྷག་པའི་དོན་ལ་ལྷག་པའི་ལྷ་ཞེས་བྱ་བ་ནི། ་ལྷག་པ་ཉིད་ཀྱི་མཚན་ཉིད་ཀྱི་དོན་ལ་ལྷག་པའི་སྒྲའོ། །ལྷ་ལྷག་པའི་ལྷ་ཞེས་བྱ་བ་ལ། ལྷ་ཉིད་ན་ལྷག་པའི་ལྷའོ། །ལྷག་པའི་དོན་གསལ། བྱ་བའོ། །ཅིའི་ཕྱིར་དེ་ལྟར་ཞེ་ན། མངར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པའི་ནུས་པ་ནི ་འདིའོ་ཞེས་དགོངས་པའོ། །དེ་ལྟར་གྱུར་བའི་ཡེ་ཤེས་ཐམས་ཅད་ཀྱི་ཡོན་ཏན་དེ?་ཞིག་བསྟན་པར་མི་ནུས་ཀྱང། འོན་ཀྱང་ཡོན་ཏན་གྱི་ཆ་བསྟན་པར་མི་ནུས་པ་ནི། དེ་ཞིག་ཞོག་ལ་འང་ཞེས་བྱ་བ་གསུངས་ཏེ། རེ་ཞིག་ཡོན་ཏན་ཐམས་ཅད་བསྟན་པར་མི ་ཅུས་ཤིང། དེའི་ཆ་ཡང་རྡོ་རྗེ་ལྟ་བུའོ། །ཅི་དང་ཞེ་ན། ཕྲ་མོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་གྱི་ལྷག་མའང་རྡུལ་ཕྲ་རབ་ཀྱི་ཕྲ་མོའང་བསྟན་པ་དེ་མི་ནུས་པའི་ཕྱིར་རྡོ་རྗེ་ལྟ་བུའོ། །རྡོ་རྗེའི་བྲིལ?་པ་བསྟན་བའི་ཕྱིར་ཟིལ་བ་རྣམས་ནི་ཞེས་བྱ་བ་ལ ་སོཌ་པ་ལ། ?་པ་ནི་སྤྲོས་པ་ལས་ན་ཁྱབ་པར་བྱེད་པ་སྟེ། བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་ཅན་དེའི་ཕྱིར། དེ་རྡོ་རྗེ་ཞེས་བྱ་བར་དགོངས་པའོ། །དེའི་ཟིལ་བ་ཞེས་བྱ་བར་ཤེས་པར་བྱའོ། །འདིའི་ཡེ་ཤེས་ཀྱི་བཅུ་དྲུག་ཆ་ནི། ཆ་ཤས་ཏེ། ཕྱི་རོལ ་གྱི་རྣལ་འབྱོར་ལ་དགའ་བས་ཀྱང་འཐོབ་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀླ་གློའི་སྐད་ཀྱིས་གནས་གསུངས་པ། གསང་བ་ཞེས་བྱ་བ་ནི། འཇམ་པ་དང། འབྲིང་དང། ལྷག་པ་ཙམ་དང། ལྷག་པ་ཙམ་ལས་ལྷག? ་ཙམ་གྱི་དབྱེ་བས་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པར་དག་པའི་ཤེས་རབ་ལྔ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། མེ་ལོང་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་སྟེ། ཀུན་རྫོབ་ཀྱི་བྱ་བའི་དངོས ་བོས་སོ་སོ་ཉིད་དུ་བྱིན་གྱིས་བརླབས་པ་ནི་གནས་ལྔ་པོ་རྣམས་སོ། །ཤེས་རབ་ལྔ་ནི་འཇམ་པོ་ལ་སོགས་པའི་དབྱེབས་ཤེས་པར་བྱ་བ་ནི། བར་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཆོག་གི་སྒྲས་ནི་ལྷག་པ་ཙམ་ལས་ལྷག་པ་ཙམ་གྱི་དབྱེ་པའོ། །དབུགས་འབྱིན ་ཅེས་བྱ་བའི་སྒྲས་ན། འཇམ་པོའི་དྲིའི་ཆུས་ནི་ཞེས་བྱ་བ་ལ། དྲི་ནི་རྣམ་པར་སྣང་མཛད་དོ། །ཆུ་ནི་མི་སྐྱོང་པ་སྟེ། རིན་ཆེན་འབྱུང་གནས་ལ་སོགས་པའང་བལྟ་བར་བྱའོ། །འདིས་ནི་བདུད་རྩི་ལྔས་སྐལ་པ་དང་ལྡན་པར་བྱས་པས་མཆོད་པར་བྱའོ་ཞེས་བྱ་བར་དགོངས ་པའོ། །དེ་དག་གི་ཞེས་བྱ་བ་ནི། དེ་རྣམས་ཀྱི་མེ་ཏོག་དང་བདག་གི་བྱང་ཆུབ་ཀྱི་སེམས་རྡུལ་ཆུ་དང་ལྡན་པས་སྣ་ཚོགས་པས་ཉི་མ་ཤར་ན། བཟའ་བར་བྱའོ་ཞེས་བྱ་བར་དགོངས་པའོ། །གཞན་ཡང་ཞེས་བྱ་བ་ནི། སྔགས་ལ་སོགས་པ་དང་བྲལ་བའི་ཕོ་ཉ་རྣམས་ཀྱི ་མེ་ཏོག་ལ་སོགས་ལས་སངས་རྒྱས་ལ་སོགས་པ་མཆོད་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བ་ནི་དྲུག་པའོ། །ནགས་ཚལ་ཆེན་པོ་ལ་སོགས་པའི་དོན་ཏོ། །བཅོམ་ལྡན་འདས་ཉིད་ཀྱིས་ཕྱོགས་གཞན་བསྟན་པའི་ཕྱིར། ཡང་ན ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་རྣམ་པ་སྣ་ཚོགས་ཏེ། པདྨ་འཛིན་མ་ཞེས་བྱའོ་ཞེས་བྱ་བ་ལ། སྣ་ཚོགས་ནི་འཇིག་རྟེན་གསུམ་མོ། །དེ་དང་རྣམ་པ་སྣ་ཚོགས་ནི་བརྟན་པ་ལ་སོགས་པའི་གཟུགས་སོ། །དེ་ཉིད་ཀྱི་པདྨ་ནི་བདེ་བ་ཆེན་པོའོ། །དེ་ཉིད ་ཀྱི་འཛིན་མ་ནི། འཛིན་པར་བྱེད་པ་ཞེས་བྱ་བའི་དོན་ཏེ། ཡོན་ཏན་མཛའ་ལས་བའི་རྣལ་འབྱོར་གྱི་ཕྱིར་རོ། །ཡང་ན་པདྨ་ནི་ཐབས་དང། འཛིན་མ་ནི་ཤེས་རབ་བོ། །དེ་དག་གི་སྦྱོར་བ་ལས་གང་ཞིག་སྐྱེས་པ་ནི་གཉིས་སུ་མེད་པ་སྟེ། དེ་འཛིན་ ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྲི་སྐུ་མ་ཕྱེ་བ་ཞེས་བྱ་བ་ནི། མ་ཕྱེ་བའི་ཕྱིར་དང་སྦས་པའི་ཕྱིར་གསང་བ་སྟེ། དེས་ན་ཡང་འདིའི་དོན་ཏོ། །བྲི་སྐུ་ཞེས་བྱ་བ་ནི་གསུམ་པའོ། །བྲི་སྐུ་ནི་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པས་མ་ཕྱེ་བ་སྟེ། དེ་ནི་ཡེ་ཤེས་སོ། འདི་ལྟར ་ཡང་གལ་ཏེ་རྒྱས་པར་བྱེད་པ་ཞེས་བྱ་བ་ནི། རྒྱ་ཆེ་བར་བྱེད་པའོ། །སྟན་ནི་ཤེས་རབ་ཀྱི་པདྨའོ། །མཆོད་བྱེད་ཞི་ཞེས་བྱ་བ་ནི། རྗེས་སུ་ཆགས་པར་གྱུར་པ་ལས་སོ། །གང་རྣམས་ཀྱི་ཞེ་ན། གོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་མཚན་མཚན ་མའི་པདྨ་ཅེས་བྱ་བ་ནི། ཆོས་ཀྱི་འབྱུང་གནས་ཏེ་མིང་གི་རྣམ་གྲངས་སོ། །འཇམ་པོ་མཛེས་པས་ཞེས་བྱ་བ་ནི། པདྨའི་ཁྱད་པར་གཉིས་སོ། །སྡོམ་པའི་བདེ་བ་མཆོག་ཏུ་ཞེས་བྱ་བ་ནི། རྫོགས་པའི་རྣལ་འབྱོར་བའོ། །སྡོམ་པ་ནི་འདི་ལྟ་བུའི་པདྨ་དང་རིགས ་ཀྱི་བདག་པོའི་སྦྱོར་བ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའོ། །དམར་པོ་ཞེས་བྱ་བ་ནི། དགའ་བར་བྱེད་པའི་ཕྱིར་པདྨ་དམར་པོའོ། །ཁྲག་ནི་བཅུད་ཀྱིས་ལེན་ཞེས་བྱ་བ་ནི། སེམས་ཅན་རྣམས་ཡོན་ཏན་གྱིས་འཚེད་པར་བྱེད་པའི་ཕྱིར། ཁྲག་ནི་བཅུད ་ཀྱིS་ལེན་དུ་བརྗོད་དེ། དེ་ཡང་བདེ་བ་ཆེན་པོའི་རྣམ་པའོ། །སེམས་ཀྱི་འཕེལ་བ་མཉམ་ཤེས་ནས། འདི་དག་བཅུད་ཀྱིས་ལེན་དུ་བརྗོད་ཅེས་བྱ་བའི་ཚིག་ལས་སོ། །བཤད་པ་ལ་སོགས་པའང་ཁྲ་ལ་སོགས་པའི་སྒྲའི་ཚིག་ནི། པདྨ་དམར་པོ་ཞེས་བྱར་གསུངS ་བཤད་བ་ཤ་སོགས་བཅུད་ཀྱིས་ལེན་ཞེས་གསུངས་པ་ནི། བཤད་བ་ལ་སོགས་པའང། པདྨ་དམར་པོ་ནི་བཅུད་ཀྱིས་ལེན་དུ་བརྗོད་དོ། །ཐམས་ཅད་མཆོག་གི་བཅུད་ཀྱིས་ལེན་ཞེS་བྱ་བ་ལ། ཐམས་ཅད་ལ་ཁྱད་པར་འཕགས་པ་ནི་རྐང་སྐྱེས ་ཏེ། དེ་ཡང་བཅུད་ཀྱིས་ལེན་ནོ། །དབང་པོ་ཀུན་ལ་ཞེས་བྱ་བ་ནི། མིག་དང། རྣ་བ་དང། སྣ་དང། ལྕེ་ལ་སོགས་པའོ། །གྲོལ་བ་ནི་དྲི་མ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་མང་པོའི་ཕྱིར་ཚོགས་སོ། །མར་ཁུ་ཐམས་ཅད་བཅུད་ཀྱིས་ལེན་ཞེས་བྱ་བ་ནི ་ཐམས་ཅད་མཆོག་གི་བཅུད་ཀྱིས་ལེན་ཞེས་བྱ་བ་འདི་བཤད་པའོ། །བཞི་ཞེས་བྱ་བ་ནི། རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ། བཞི་ཡིས་སོ། ཡང་ན་སྟོང་པ་ཉིད་ལ་སོགས་པའི་ང་རྒྱལ ་ལ་སོགས་པ་བཞི་ནི་བཞི་པའོ། །དེ་ཡང་དང་པའི་ལས་ཅན་གྱི་བསྒོམ་པ་སྟེ། ཐུན་ཚོད་བཞི་ཞེས་བྱ་བའི་མཐར་ཐུག་པར་བལྟ་བར་བྱའོ། །སྙམས་འཇུག་ཅེས་བྱ་བ་ལ་སོགས་པ་ནས། མགུ་བ་བསྒོམ་པར་བྱ་ཞེས་བྱ་བའི་མཐར་ཡོངས་སུ་རྫོཌ ་པའི་རྣལ་འབྱོར་བའི་བསྒོམ་པའོ། །ཐ་མ་ཞེས་བྱ་བ་ལ་སོགས་པ་ནི། མན་ངག་ལས། ཐ་མ་དང། འབྲིང་དང། མཆོག་གི་བསྒོམ་པའི་ཡེ་ཤེས་སོ། །དང་པོའི་བསྒོམ་པ་ནི་གཞན་གྱི་དེ་ཁོ་ནའོ། །དེ་ནས་བདག་གི་དེ་ཁོ་ནའོ། །བདག་གི་ཞེས་བྱ་བ་ལ ་སོགས་པ་ནི། བདག་གི་སེམས་སོ། །ནང་དུ་སོན་ཞེས་བྱ་བ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྦྱིན་པའོ། །བྱས་ནས་ནི། འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི། སངས་རྒྱས་ཐམས་ཅད་དོ། །བསྡུ་བར་བྱ་ཞེས་བྱ་བ་ནི། འདིར་སངས་རྒྱས་དང་མཉམ་བ ་ཉིད་དུ་བདག་ཉིད་བྱས་པས་ཏེ། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གསུམ་བདག་དང་མཉམ་པར་བསྒོམ་པར་བྱའོ། །དེ་ཕང་བདེ་བ་ཆེན་པོའི་རྣམ་པས་སམ། སྟོང་པ་ཉིད་ལ་སོགས་པའི་ཚུལ་གྱིས་བསྒོམ་པར་བྱ་བ་ནི་བདག་གི་དེ་ཁོ་ན་ཉིད་དོ། ། ་རྡོ་རྗེ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་ནི། འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ནང་དུ་ཕྱིན་པར་བྱས་ནས། དེའི་ཚེ་པདྨ་དང་རིགས་ཀྱི་བདག་པོ་སྦྱོར་བའི་དུས་སུའོ། །བྱང་ཆུབ་ཅེས་བྱ་བ་ནི། བསྒོམ་པར་བྱ་ཞེས་བྱ་བ་ནི། ཉམས་སུ་མྱོང ་ཞེས་བྱ་བའི་དོན་ཏོ། །ཡང་རྡོ་རྗེ་ཀུན་དངོས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། འགྲོ་བ་དེ་དག་རོ་གཅིག་པའི་ཕྱིར་རོ། །ཀུན་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་?་མའི་གཟུགས་སོགས ་ཀུན། སྒྱུ་མ་ཡོན་ཏན་ཞེས་བྱ་བ་ནི། གཞན་ལ་བརྟེན་པའི་ཕྱིར་རོ། །ཡོན་ཏན་ཞེས་བྱ་བ་ནི། གོམས་པར་བྱེད་པ་དང། ཡོན་ཏན་དུ་བྱེད་པའོ། །ཁ་ཅིག་ན་རེ། ཀུན་རྫོབ་ཏུ་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི། སྒྱུ ་མའི་ཡོན་ཏན་ཉིད་ཀྱང་དེ་རྣམས་ཀྱི་རང་གི་གཟུགས་སོ། །སྐུ་ལ་སོགས་པར་དག་གནས་ཞེས་བྱ་བ་ནི། དེ་ནི་སྒྱུ་མའི་རང་བཞིན་ཏེ། དེ་རྣམས་ཀྱི་སྐུ་ལ་སོགས་པ་ལ་ཡང་དག་པར་གནས་པའོ། །དེ་ཅིའི་དོན་དུ་བརྗོད་ཅེ་ན། སྒྱུ་མའི་ཡོན་ཏན་རྒྱུ་བྱེད་ཆེ་ཞེས་ ་བྱ་བ་ནི། ལྷན་ཅིག་སྐྱེས་པའི་གནས་སྐབས་སུ་རྟོགས་པར་བྱ་བར་སྒྱུ་མའི་ཡོན་ཏན་གྱི་རྒྱུ་བྱེད་པ་ཆེན་པོའོ། །སྒྱུ་མ་ཐམས་ཅད་ཅེས་བྱ་བ་ནི། གང་ཞིག་འགྲོ་བ་སྒྱུ་མ་བརྫུན་པ་འདི་ཡང་ཞེས་བྱ་བའི་དོན་ཏེ། དེ་ནི་རབ་ཏུ་གྲགས་པའི་མན་ངག་གོ་། ་ཆ་དང་བཅས་པ་ནི་དངོས་པོའི་ཆ་བྲལ་ནི་གཅིག་ལ་སོགས་པ་དང་བྲལ་བ་ཉིད་དེ། དེ་དག་གི་རྣལ་འབྱོར་གྱིས་བསྒོམ་པས་སོ། །ཡོན་ཏན་ཅན་ཞེས་བྱ་བ་ནི། མིག་ལ་སོགས་པ་རྣམས་སོ། །ཡོན་ཏན་གྱིས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་རྣམས ་ཀྱིས་སོ། །སྦྱར་ཞེས་བྱ་བ་ནི། གཅིག་ཏུ་བྱས་པ་སྟེ། རང་བཞིན་དང་བྲལ་བ་ནི་བསྒོམ་པར་བྱ་བའོ། །དེ་ནས་ཆ་དང་བྲལ་བ་ནི་བསྒོམ་པར་བྱ་བའོ། །ཡང་ན་ཡོན་ཏན་ནི་གཟུགས་ལ་སོགས་པ་དང། མིག་ལ་སོགས་པ་རྣམས་སོ། །ཡོན་ཏན་ཞེས་བྱ་བ་ནི ་དེའི་རྣམ་པར་ཤེས་པ་རྣམས་སོ། །སྦྱར་ཞེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་ཐམས་ཅད་གཅིག་ཏུ་བྱས་བའི་རྣལ་འབྱོར་བྱའོ་ཞེས་བྱ་བར་དགོངས་སོ། །ཱ་ལི་ཀཱ་ལི་ཡོན་ཏན་གསུངས་ཞེས་བྱ་བ་ལ་ཨ་ལཱི་ནི་ཆ་དང་བྲལ་བའོ། །ཀཱ་ལི་ནི ་ཆ་དང་བཅས་པའོ། །འདི་ཉིད་ནི་ཡོན་ཏན་ཏེ། དེས་བརྗོད་པ་ནི་ཡེ་ཤེས་སུ་རབ་ཏུ་གྲགས་སོ། །མཉམ་བ་ནི་རོ་མཉམ་པ་ཉིད་དོ། །དམ་ཚིག་ནི་བླ་མ་ཉིད་སོགས་བ་འདི་གཉིས་ཏེ། གང་གི་སྤྱོད་ཡུལ་དེ་ནི་དེ་བཞིན་ནོ། །ཡང་ན་ཨཱ་ལི་ནི་ཤེས་རབ་གོ་།ཀཱ་ལི་ནི ་ཐབས་སོ། །ཡོན་ཏན་གསུངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །མཉམ་པ་ནི་ཐབས་དང་ཤེས་རབ་དག་རོ་མཉམ་པའོ། །དམ་ཚིག་ནི་ཐ་སྙད་དེ། འདིས་ནི་ཐབས་དང་ཤེས་རབ་དག་རོ་གཅིག་པའི་ཐ་སྙད་གང་གི་སྤྱོད་ཡུལ་དེ་ནི་དེ་བཞིན་ནོ། །དེ་ཉིད་མཚན ་ཕྱིར་ཕྱག་རྒྱ་སྟེ་ཞེས་བྱ་བ་ནི། དེ་ཉིད་ཀྱི་བུད་མེད་ཀྱི་མཚན་མའི་ཕྱིར་དང། མཚོན་པར་གྱུར་པའི་ཕྱིར་ཕྱག་རྒྱ་སྟེ། འདི་ནི་ཕྱག་རྒྱ་ཞེས་བྱ་བའོ། །གང་ཞིག་གསུངས་པ་དེ་ལ་འདིར་འདིའི་དོན་ཏོ། །འདི་ཞེས་བྱ་བ་འཛིན་པས་ནི། བློར་གནས་བྱས་པ་དེ་ལྟར ་གསུངས་ཞེས་བྱ་བ་ནི། བློས་འཛིན་པ་བླངས་པར་བརྗོད་དོ་ཞེས་བྱ་བར་དགོངས་པའོ། །པ་ཊ་ལིའི་རིམ་པས་དེ་རྟོགས་པར་བྱ་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་ཡོན་ཏན་གྱིས་ཞེས་བྱ་བ་ནི། ཨ་ལ་སོགས་པ་རིང་པོའི་དབྱངས ་རྣམས་སོ། །ཡོན་ཏན་ལྡན་པ་ཞེས་བྱ་བ་ནི། ཨ་ཐུང་དུ་ལ་སོགས་པའོ། །དེའི་ཕྱིར་ཡང་རིང་བོ་ལ་སོགས་པ་དག་གཉིས་སུ་མེད་པའི་རྣམ་པས། སྤྲུལ་བའི་འཁོར་ལོ་ལ་སོགས་པ་རྣམས་སུ་སྦྱར་བར་བྱའོ། །ཕྱི་རོལ་གྱི་ཕྱག་རྒྱལ་ཡང་རིང་ལ་སོགས་པའི་ཡོན་ཏན་རྣམS ་སོ། །ནམ་མཁའ་ཨི་སྒྲས་ནི་སེམས་སུ་གསུངས་ཞེས་བྱ་བ་ནི། དམིགས་སུ་མེད་པའི་ཡེ་ཤེས་ནི་ནམ་མཁའ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲུབ་ཅེས་བྱ་བ་ནི། ཌཻ་བཻ་ཧཱ་ཡེའི་འགྲོ་བའི་སྐད་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ། བཅོམ་ལྡན་འདས་ཀྱིས་སྐད ་ཀྱིས་དབྱིངས་གསུངས་སོ། །གསུངས་པ་དེ་ཉིད་ཀྱི་ཕྱིར་བྷོ་བ་ལ་སོགས་པའི་སྐད་ཀྱི་བྱིངས་ཀྱིས་ནི་མ་ཡིན་ནོ། །དམ་ཚིག་དཀྱིལ་འཁོར་དུ་ཞེས་བྱ་བ་ལ་སོགས་པ་ནི། ནང་གི་རྣལ་འབྱོར་པ་བསྙེགས་སོ། །རང་གི་པདྨའི་བྲེ་འབྲུད་ཧཱུཾ། ཟླ་གནས་ཤེས་བྱ་བ་ནི ་སྙིང་གི་པདྨར་སོན་པའོ། །སྔགས་པས་སྲས་བུ་མདུད་བྱ་ཞིང། །བཅུ་དྲུག་ལྟེ་བའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། དཀྱིལ་འཁོར་ཀྱི་སྲས་བུས་འདི་ཉིད་དུ་ཡང་རྟོགས་བར་བྱའོ། །ཐིག་ལེ་ནི་ལྟེ་བའི་དཀྱིལ་འཁོར་དུ་ཨཾ་དུ ་བརྗོད་དོ། །དེའི་ཕྱིར་བཅུ་དྲུག་སྲས་བུ་ཞེས་བྱ་བ་ནི། ཐག་པ་ཞེས་བྱ་བ་རྣམས་ཏེ། ཨ་ལ་སོགས་པའི་ཡེ་གེ་རྣམས་དང། ངོས་སུ་གནས་པའི་ཀ་ལ་སོགས་པ་རྣམས་ཏེ་སུམ་ཅུ་རྩ་བཞིའོ། ཕྱི་ནས་ཐ་མར་གྱུར་པ་ཞེས་བྱ་བ་ནི། ཧའོ། །དེར་སྤང ་པར་བྱ་ཞེས་བྱ་བ་ནི། ཨ་ལ་སོགས་པ་དང་ཀཱ་ལ་སོགས་པ་ནས་ཀྵའི་མཛའ་ཨི་ཡི་གེ་རྣམས་སོ། །སྤངས་བྱ་ཞེས་བྱ་བ་ནི། བསྲེ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདིའི་ཕྱིར་ཡང་ཐབས་དང་ཤེས་རབ་ཉིད་དུ་གསུངས་སོ། །ཀྵ་མཛའ་ཞེས་བྱ་བ་ནི། ཁ་ཅིག ་ན་རེ། ཀཱ་དེ་ཉིད་དེ་ལ་ལྟེ་བའི་འོག་ཏུ་སྤྲུལ་པའི་འཁོར་ལོའི་འོག་ཏུ་ཀྵ་བཤད་བ་དང་གཅི་བའི་གཟུགས་ཅན་བསམ་པར་བྱའོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །སོ་སོའི་གནས་སྐབས་ལེའུ་འདིའི་དོན་ཁ་ཅིག་གིས་ལ་ལར?་ཕྱེ་བ་དེ་བཞིན་དུ་མ ་ཕྱེའོ། །གསང་བ་ལ་སོགས་བའི་དེ་ཁོ་ནའི་འབྱུང་བ་ཞེས་བྱ་བ་ནི། འདིར་གསང་བ་ལ་སོགས་བའི་དེ་ཁོ་ན་ཉིད་འབྱུང་བའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཞི ་བཅུ་རྩ་གཉིས་པའོ།། །།སྦྱིན་བསྲེག་ལ་སོགས་པས་སྙིང་པོའི་སྔགས་ཀྱི་ལས་བསྒྲུབ་བའི་ཕྱིར། ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕོ་ཉའི་སྟེང་དུ་ཞེས་བྱ་བ་ནི། ཕོ་ཉ་དང་སྙོམས་པར་ཞུགས་བའོ། །ཆང་དང་འོ་མས་བཏཌ ་ནས་ནི་ཞེས་བྱ་བ་ནི། ལས་དང་རྗེས་སུ་མཐུན་པར། །བཱ་ཧི་ཁཱ་ཧི་སརྦ་པཱ་བཾ?། དེ་ཧ་ན་བྷསྨིཾ?་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བས་སྡིག་བ་ཟ་བ་ཉིད་དོ། །སཾ་ལས་ཀུན་ཏུ་བཟང་པོའི་ལྟ་ཉིད་ཀྱི་གཟུགས་སུ་བསྐྱེད་ནས། དེས་དེའི་སེམས་བསྲུང་བའི་ཕྱིར་ཡང་ཁྭ ་གདོང་མའི་སྟོང་ཁྲོ་བོའི་རྣམ་པ་དང། སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བསམས་པས། དེའི་སེམས་ཀྱི་བར་ཆད་ལ་ཕུར་པས་བཏབ་ནས། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་གདུགས་པ་ཅན་བསྲེགས་ཤིང། དང་པོའི་དབྱངས་ལས་སྐྱེས་པའི་ཟླ ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་དེ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་དབུས་སུ་ཧཾ་གིས་བྱིན་གྱིས་བརླབས་པ་དེའི་སྟེང་དུ་བསམ་བར་བྱའོ་ཞེས་བྱ་བ་ནི། སློབ་མ་ཡོངས་སུ་གཟུང་བའོ། །དེ་ནས་རིག་པ་ཤིན་ཏུ་ཟློས་པས་འཁོར་བཟང་པོ་དང ་དཀྱིལ་འཁོར་གྱིས་ཡོངས་སུ་གཟུང་བར་བྱའོ། །གྲོང་ལ་སོགས་པའི་ཤར་དང་བྱང་གི་ཕྱོགས་ཀྱི་ཆ་ལས་གཟུང་ངོ། །དེ་བཞིན་དུ་ཡང་ལྷ་ཁང་?་དུས་སྐྱེད་མོ་ཆོལ། གྲོང་ངམ་གྲོང་ཁྱེར་དག་གི་ལང། །ཤར་དང་བྱང་གི་ཕྱོགས་ཆ་ལ། མདོར ་བསྡུས་པ་ནི་གཟུང་བར་བྱ། ཞེས་གསུངས་སོ། །ནགས་ཚལ་ལ་སོགས་པའམ་གང་ལ་ཡིད་ལ་འདོད་པས་དམན་པའི་དངོས་གྲུབ་ལ་སོགས་པའི་དབྱེ་བས། བུས་མོ་ལ་སོགས་པ་ཙམ་དུ་བརྐོས་ཞིང། ཕུབ་མ་ལ་སོགས་པའི་སྐྱོན་བསལ་ནས ་?་ལ་མཐོ་གང་ཙམ་དུ་བཀོས་ཏེ། ཁུད་བུ་བྱས་ནས་ཆུས་དགང་བར་བྱའོ། །དེ་ནས་གོམ་པ་བརྒྱད་སོང་སྟེ། ཡང་ལོངས་ནས་བརྟག་པར་བྱའོ། །གལ་ཏེ་ཆུ་གནS་ན་བཟང་པོ། ཆུ་སྟོངས་ན་ངན་ནོ། །དེ་ནས་དྲི་ཞིམ་པའི་སོ་དང?་བདུད་རྩི ་ལྔ་ལྡན་པ་དང་དྲི་དང་ལྡན་པས་དE?་ས་དགད་བར་བྱའོ། །ོཾ་བཛྲ་?་ཀི?་ནི་ཞེས་བྱ་བའི་སྔགས་བཟླས་པའི་ཆུས་གཏོང་ནས་བརྡུང་བར་བྱའོ། །དེ་རྣམས་གཞལ་མེད་ཁང?་རྩག་མའི་ནང་འདུ་སན་བར་བསྒོས་ནས། རིན་པོ་ཆེ་ཐམས་དང། སྨན་དང་འབྲུ་ཐམ་ཅད་དང། སྨན་དང་འབྲུ་ཐམ་ཅད་དང་ཕྱོགས ་བཞིར་རྟ་བབས་དང། དྲིལ་བུ་དང་འཕན་ལ་སོགས་པ་དང་ལྡན་བར་བདུད་རྩི་ལྔས་བྱུགས་པར་བརྗོད་ཅིང་བདུག་པ་ལ་སོགས་པ་བྱས་བ་དང། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་གཡོན་དང་གཞན་དུ་བལྟས་པས་གདུག་བ ་བསྐྲད་པ་ལ་སོགས་པ་དང། ཕྱོགས་བཅིང་བ་ལ་སོགས་པ་བྱའོ། །དེ་ལ་བྱས་ནས། དེ་ནས་མི་བསྐྱོད་པའི་རྣལ་འབྱོར་པས་ལཾ་ཞེས་བྱ་བ་ལ་སོགས་པ་ནི། གང་ཞིག་ཁྱད་པར་དུ་བྱས་པའི་ས་ལ་རེག་སྟེ་འདིས ་བསྐུལ་བར་བྱའོ། །ོཾ་ཨེ་ཧཡེ་ཧི་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་དྲི་ལ་སོགས་པས་མཆོད་པར་བྱས་ནས། དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །ཁང་བཟངས་ལ་སོགས་པར་བརྐོ་བར་མི་བྱ་ཞིང་དེ?་ལ་ལག་པ་གཞག་ནས་ཡི་གེ ་གསུམ་བཟླས་པར་བྱ་སྟེ། ས་ཡོངས་སུ་གཟུང་བའོ། །དེ་ལྟར་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་གཞལ་མེད་རྩེག་མའི་ནང་དུ་གནས་པར་དཀྱིལ་འཁོར་གྱིས་གཞི་ལྷག་པར་མོས་པས་དཀྱིལ་འཁོར་བ་ཐམས་ཅད་ཀྱི་ལྷ་རྣམས་གནས་སུ། ་བསམས་ནས་དེའི་དབུས་ཀྱི་གདན་ལ། བདག་ཉིད་གནས་པར་རངས་པར་བྱའོ། །དེད་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བ་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པར་ནི། །འགྱུར་པ་འདི་ལ་ཐེ་ཚོམ་མེད། ། ་ཕྱིར་ནི་ལྡོག་པར་འགྱུར་བ་ཡི། །བྱང་ཆུབ་སེམས་དཔའ་སེམས་གཅིག་གིས། །དེ་བཞིན་གཤེགས་པའི་རིགས་སྐྱེ་བར། །དེང་བདག་ཐེ་ཚོམ་ཡོད་པ་ཡིན། །དི་རིང་བདག་གི་ཉི་མ་མཆོག་།དེང་བདག་མཆོད་སྦྱིན་བླ་ན་མེད། ། ་སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དི་རིང་བདག་གི་ཚོགས་ནི་མཆོག་ཅེའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བཙལ་ནས། བདུག་པའི་སྡོད་བུའི་ལག་པས་དེ་ལྟར་སངས་རྒྱས་ཐམས་ཅད་སྙན་གསན་དབབ་པར་བྱའོ ་མ་?་ཕྱོགས་སུ་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་ཆེ་གེ་རྡོ་རྗེ་ཅན་།བདག་ནི་དཀྱིལ་འཁོར་བཞེང་བར་འཚལ། །སངས་རྒྱས་ཀུན་སོགས་གཤེགས་ནས་ནི། དངོས་གྲུབ་འདི་ནི་རབ་ཏུ་སྩོལ ་ཞེའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ལྷག་པར་མོས་པ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར། རྡོ་རྗེ་དང་དྲིལ་བུ་འཛིན་པའི་སློབ་མས་གསོལ་བ་འདེབས་པ་ན། རྡོ་རྗེ་དང་དྲིལ་བུ་འཛིན་པས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། མིག་གཡོན་པ་ཊ་ལས་ཟླ་བ་ཅན་དུ་བྱས ་ཤིང། མིག་གཡས་པར་མ་ལས་ཉི་མ་བཀོད་བས་རྡོ་རྗེ་འཛིན་པའི་ང་རྒྱལ་བྱས་ནས། དཀྱིལ་འཁོར་གྱི་སའི་ཆ་བཅག་པར་བྱའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་བཛྲི་བྷ་ར་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་རྡོ་རྗེ་མཁའ་འགྲོ་དཀྱིལ་འཁོར་བ་སུམ་ཅུ་རྩ་དྲུག་དང་ལྡན་པ་དང་?་གདོད་མ་ལ་སོགས་པའི་སྐུ་སྡོད?་?་པོའི་གཟུགས་དང། སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བསམས ་ནས། དེ་རྣ?་ནས་ཀྱིS་དབང་པོ་ལ་སོགས་པ་ལ་ཕུར་པས་གདབ་པར་བསྒོམ་པར་བྱ་སྟེ། དེ་རྣམས་ཀྱི་སྙིང་བྲལ་ཞིང་སྔགས་འདི་ང་རྒྱལ་དང་བཅས་པས་བརྗོད་པར་བྱའོ། །ོཾ་བཛྲ་ཌཱ་ཀི་ནི་སརྦ་བིགྷཱ?་ནུ་?་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱའོ། །རྡོ་རྗེ་འཛིན་པའི་རྣལ ་འབྱོར་པ་འམ་ཐམས་ཅད་ནམ་མཁའ་དང་མཉམ་པར་བསམ་པར་བྱའོ་ཞེས་བྱ་བ་ནི། མཆོག་གི་བསྲུང་བའོ། །དེ་ནས་རྡོ་རྗེ་མདའ་དང། གུར་ལ་སོགས་པ་བྱེད་པ་ན་དཀྱིལ་འཁོར་གྱིས་བཞིར་བཀོད་ནས། སྣ་ཚོགས་རྡོ་རྗེ་རྐང་པའི་འོག་ཏུ་རོལ ་པ་དང་བཅས་པས། རྡོ་རྗེའི་རྐང་པས་གར་གྱིས་བཅག་པར་བྱའོ། །དེ་ནས་ཙན་དན་ལ་སོགས་པ་དང་བཅས་པའི་བདུད་རྩི་ལྔས་བྱུག་པའི་ས་ལ། ཙན་དན་ལ་སོགས་པས་གྲུ་བཞི་པ་རྣམས་སུ་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི ་རྣལ་འབྱོར་མ་ལྔ་པོ་རྣམས་ཀྱི་དཀྱིལ་འཁོར་ལྔ་པོ་རྣམས་སོ། །ལྷག་མ་དཀྱིལ་འཁོར་པ་རྣམས་ཀྱི་ནི་ཟླུམ་པོར་ཇི་ལྟར་གནས་སུ་བྱ་བ་རྣམས་སོ། །དེ་ལ་ཇི་ལྟར་གནས་པའི་རྡོ་རྗེ་ཕག་མོས་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་ལ ་སོགས་པའི་ལྷའི་འཁོར་ལོ་མྱུར་བར་བསམས་ནས་ནམ་མཁའ་ལ་བཞུགས་པས་དེ་དང་གཅིག་ཏུ་བྱས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་རིན་པོ་ཆེ་ལ་སོགས་པའི་རང་བཞིན་ནམ། འཇིམ?་པའི་རང ་བཞིན་ལ་ཡལ་འདབ་དང་བཅས་ཤིང་མགྲིན་བ་གོས་ཀྱིས་བཅིངས་པ་འབྲུའི་ལྟོ་བ་དང་རྩ་བ་ནག་པོ་ལ་སོགས་པ་སྤངས་པ་ལས་སྐྱེས་པའི་བུམ་པ་ལྟ་བུའི་སྟེང་དུ་བཞག་ནས། ཇི་ལྟར་གནས་སུ་གནས་པའི་རང་རང་གི་ལྷའི་མཚན་མ་བྲི་བར་བྱས ་ནས། རྣམ་པར་རྒྱལ་བའི་བུམ་པར་སྨན་ལྔ་ལ་སོགས་པ་དང་བདུད་རྩི་ལྔའི་སྙིང་པོའི་ནང་དུ་རྡོ་རྗེ་མཁའ་འགྲོ་བསྒོམས་ནས། མེ་ཏོག་གི་ཕྲེང་པ་ལ་སོགས་པས་ཡང་དག་པར་མཆོད་དེ། དེའི་ཁར་མེ་ཏོག་གི་ཕྲེང་བ་ཅིངས་པའི་རྡོ་རྗེ་བཞག་ནས ་དེ་ལ་ལས་ཀྱི་རྡོ་རྗེས་གཟུང་ཞིང་ཕྱི་མའི་ཕྲེང་བའི་མཐར་ཡང་རང?་གིས་གཟུང་བར་བྱའོ། །ཧཱུཾ་བརྒྱ་རྩ་བརྒྱད་བཟླས་ནས་ནི། དེ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །བུམ་པ་གཞན་རྣམས་ལའང་དེ་ལྟར་ལྷ་རྣམས་ཀྱི་གྲངས་རྣམS་ནི? ་ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་?་བ་བྱ་ཞིང་མཆོད་པར་བྱའོ་ཞེས་བྱ་བ་ནི་བུམ་པའི་ལྷག་པར་གནས་པའོ། །དེ་ནས་ཕྱི་རོལ་གཏོར་མ་བྱིན་ནས་བར་ཆད་གཞོམ་པའི་ཕྱིར་སྦྱིན་སྲེག་བྱ་བ་དང། དཀྱིལ་འཁོར ་བ་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བ་ཅན་གྱི་བསྟོད་པ་བྱས་ནས་སྟ་གོན་ལ་གནས་པ་བྱའོ། །བདུག་སྤོས་བསྲེག་ཅིང་བུས་མོ་གཡས?་པའི་ལྷ་ངས་ལ་བཙུགས་ཏེ་ཐལ་མོ་སྦྱར་བར་བྱས་ནས་ལྕེའི་རྩེ་མོ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ ་བསམ་ཤིང། ཨོཾ་པདྨ་ཤ་ར་སྭ་ཏི་ས་ཏྱ་རྨཱ་བརྟ་ཡ་ཤོདྷ་ཡ་ཧཱུཾ་དྷྲི(རྒྱུད་འགྲེལ་གནས་པའི་ཆོ་གའོ། །དེ་ནས་དེར་བཀོད་པའི་དཀྱིལ་འཁོར་མཆོད་ནས་བཀུག་སྟེ་དེའི་དཀྱིལ་འཁོར་གྱི་སྟེང་དུ་ནམ་མཁའ་ཨི་ཕྱོགས་སུ་གསོལ་ཏེ་བདུད་རྩི་ལྔ་དྲི་ཞིམ་བོ་དང་ལྡན་པ་དང་ཡུངས་ཀར་གྱི་ཕྱེ་མ་དང་བསྲེས་པ་རྣམས་ཀྱིས། དཀར་པོ་དང་སེར་པོ་དང། ་དམར་པོ་དང་ལྗང་གུ་དང། ནག་པོའི་ཁ་དོག་རྣམས་ཀྱིས་།སོ་སོར་རྩེ་མོ་བརྩེས་པ་རྣམས་ཀྱི་སྲད་བུ་ལྔ་པོ་རྣམས་ཏེ། དེ་ཉིད་ཀྱིས་གོ་རིམS་བཞིན་དུ་བྲུཾ་ཨཾ་ཛྲི་ཁཾ་ཧཱུཾ་ཞེས་བྱ་བའི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དེ་བཞིན་གཤེགས་པའི་ཐུགས་ཀར་སོན་པའི ་འོད་ཟེར་གྱིས་སྲད་བུ་རྣམས་དང་འདྲེས་པར་བྱས་ནས་ལག་པ་གཉིས་ཀྱིས་བླངས་ནས། ཆོས་ཐམས་ཅད་ནི་གཞན་དང་གཞན་གྱི་རྗེས་སུ་འགྲོ་བ་དང། ཆོས་ཐམས་ཅད་ཕན་ཚུན་དུ་རྗེས་སུ་འཇུག་པ་དང། ཆོས་ཐམས་ཅད་ཤིན་ཏུ་རྗེས་སུ་རབ་ཏུ་འཇུག་པ ་ཞེས་བརྗོད་པ་དང། ཡི་གེ་གསུམ་བཟླས་ནས་བཀལ་བར་བྱའོ། །དེ་ཡང་ཐིག་སྐུད་ཀྱི་སྲིད་ནི་དཀྱིལ་འཁོར་གྱི་ཉེས་འགྱུར་རོ། །སྦོམས་སུ་ནི་སྒོའི་ཉི་ཤུ་ཆའོ་སྲད་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་ལྔའི་ངོ་བོའི་ཡོན་ཏན་ལྔའི་ཕྱིར་ཉི་ཤུ་རྩ་ལྔའི་དབྱེ་བས་ཕྱེ་ནས ་བསྒྲིལ་པར་བྱའོ། །མ་ཊ་དག་གིས་ཟླ་བ་དང་ཉི་མ་དག་མིག་དག?་ལ་དགོང་པ་ནི་རྡོ་རྗེའི་ལྟ་སྟངས་ཏེ། མཊ་ཞེས་བྱ་བར་གནས་པར་བྱས་ནས་གསེར་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔས་བྱུགས་པས་བཞག་སྟེ། མེ་ཏོག་ལ་སོགས་པས་མཆོད་ཅིང། སྔགས་སུམ་བརྒྱ་རྩ ་བརྒྱད་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་གཞི་གོང་མ་བཞིན་དུ་བྱུགས་ནས་མཆོད་དེ། བར་སྣང་ལ་བཞུགས་པའི་ལྷ་རྣམས་ཡང་དག་པར་མཆོད་པ་དང། ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པར་གྱུར་པ་དང། ཕྱི་མའི་ལས་མཁན་ཡང་རྣམ་པར་སྣང ་མཛད་དུ་བྱས་ནས། གཡོན་བ་དང་གཡས་པའི་མིག་དག་ལ། ཛ(རྒྱུད་འགྲེལ་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་གཟུང་སྟེ།། ཨོཾ་ཛ(རྒྱུད་འགྲེལ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས། །ཚངས་པའི་ཐིག་གཉིས་ས་ལ་བདབ་པར་བྱའོ། །གནོད་སྦྱིན་ཡི་དགས་དང། དབང་པོ་དང་ཀླུའི་ཕྱོགས་སུ་ཁ་བལྟས་པ་དང། མེ་དང་རླུང་དུ་གནས་པའི་བླ་མས། སྟོན་དང་ཟློས་པ་དང། ་བྱང་དང་ཚིག་ངན་གྱི་ཕྱོགས་སུ། ཐིག་གདབ་པར་བྱས་པ་ཉིད་དང། ཡང་མེ་ལ་གནས་ནས་རླུང་གི་མཚམས་དང། བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམས་སུ་ཇི་སྲིད་པར་སྲད་བུ་བརྐྱང་བར་བྱའོ། །ཤར་དང་ནུབ་དང་བྱང་ལྷོའི་ཕྱོགས་སུ་ཐིག་བཏབ ་པས་དཀྱིལ་འཁོར་བརྒྱད་དུ་འདི་རིམ་པས་ཡི་གེ་གསུམ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ?་མཱ་ཏི་ཧྲ་མ་ཧཱུཾ་ཞེས་བཟླས་བས། ཐིག་བཏབ་པའི་སྒྲ་ཡིས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་གྱི ་དུས་ལ་བབ་པས་ཁྱེད་རྣམས་འདིར་གཤེགས་ཤིག་ཅེས་བསྐུལ་བས་ཐིག་གདབ་པར་བྱའོ། །བླ་མ་དང་སློབ་མ་དག་གི་བསྐོར་ཞིང་འགྲོ་བར་བྱའོ། །འཁོར་ལོ་ནི་གྲུ་བཞི་པ་ལ་སོགས་པ་དང་ལྡན་པའོ། །ཐིག་གི་མཐར་ཡེ་ཤེས་ཀྱི་ཐིག་གཤེགས་སུ ་གསོལ་བར་བྱའོ། །དེ་ནས་བྱམ?་ལ་སོགས་པའི་ས་བོན་ལས་བསྐྱེད་པའི་དཀར་པོ་ལ་སོགས་པ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསམས་ནས། ཧཱུཾ་གིས་མངོན་པར་བསྔགས་པར་བྱ་ཞིང། ཛ(རྒྱུད་འགྲེལ་ཚོན་འབར་བར་བྱའོ། །ཧཱུཾ་དབུས་ཀྱིས་ཕུར་པ་བཏོན་ལ། དེའི་ཁུང་བུ་རྡུལ?་ཚོན་ལྔས་བཀང་ནས། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་དྲིལ་བུའི་སྒྲ་ཡིས་མཚན་མ་ངན་པའི་ཡན་ལག་བསལ་བར་བྱ་ཞིང། ཆོས་ཀྱི་དབྱིངས་རྣམ་པར་དག་པར་ལྷག་པར ་མོས་པས། གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས། ཤར་དུ་ཁ་བལྟས་ཏེ་ནང་དུ་གནས་ནས། ཨོཾ་བཛྲ་ཅི་ཏྲ?་ས་མ་ཡ་ཧཱུཾ་ཞེས་བརྗོད་པས། གཡས་སྐོར་གྱིས་རྡུལ་ཚོན་ལྔས་བྲི་བར་བྱ་ཞིང་ཕྱི་ནས་ཇི་ལྟར་འདེབས་སོ། །ཆའི་ཚ་དང ་རྟ་བབས་ཕྱོགས་སུ་སོན་པ་ནི་གོ་སླའོ?། །འདི་ཉིད་དུ་དཀྱིལ་འཁོར་བྲི་བ་ཟིན་ནས། རང་ཉིད་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་ལྷའི་འཁོར་ལོ་ཅན་ཐོང་པ་རྣམས་ལ་ལྷ་འམ་མཚན་མ་ཇི་ལྟར་གནས་སུ་བྲི་བར་བྱའོ། །དེའི་དབུས་སུ་རྡོ་རྗེ ་མཁའ་གྲོར་གྲུབ?་པའི་ལྔ་རྣམས་ཀྱི་འཁོར་ལོར་གྱུར་པའི་སྒྲུབ་ཐབས་ཀྱི་རིམ་པས་བསམས་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་མཆོད་ཅིང། གནོད་མཛེས་ཀྱི་བརྒྱལ?་གྱིས་མེ་ཏོག་མངོན་པོའི་ཕྲེང་བ་བླངས?་ལ། ཨོཾ་སུཾ ་བྷ་ཞེས་བྱ་བའི?་སྔགས་བརྗོད?་པར་བྱ་ཞིང། གང་ཞིག་རྡུལ་ཚོན་གྱི་རེ་ཁཱའི?་འོག་ཏུ་འགྲོ་བའི་བསམ་པས་དཀྱིལ་འཁོར་ཞུགས་ནས་དྲིལ་བུ་དཀྲོལ་ཞིང་སྐོར་བ་གསུམ་བྱས་ནས་ཆད་པ་དང་ལྷག་པའི་སྐྱོན་གཞོམ་པའི་ཕྱིར། འཁོར་ལོ་བརྟག་པར་བྱའོ། །ཕྲེང ་བཅོམ་ལྡན་འདས་ལ་ཕུལ་ནས་གར་གྱི་སྦྱོར་བས་ཡང་བླངས་ཏེ་རང་གི་སྤྲི་བོར་གནོད་མཛོས་ཀྱི་སྔགས་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་ཡི་གེ་གསུམ་བརྗོད་པས་ཡིད་ཀྱི་སྒོ་རྣམས་དབྱེ་བར་བྱའོ། །འདི་ཉིད་བཞན་དུ་ཡང་སྐྲས?་པ་སྒོ་རྣམས་སྔོན་དུ་འགྲོ་བ་ཞེས་བྱ་བ ་ལ་སོགས་པས་ནི། ནུབ་ལ་སོགས་པར་རྣམ་པར་གནས་པ་སྟེ། རིམ་པས་དབྱེ་བར་བྱའོ་ཞེས་བྱ་བ་ཉིད་དོ། །དེ་བཞིན་གཡས་བརྒྱད་པ་ལ་སོགས་པ་རྣམས་ཀྱིས་སོ། །བུམ་པ་ཡང་རྣམ་པར་རྒྱལ་བ་ལ་སོགས་པ་ལྷའི་གནས་ལས་འོག་ཏུ་ལྷག་པར་མོས་པས་འོད་ཀྱི་འཁོར ་ལོའི་ནང་དུ་གཞག་པར་བྱའོ། །ཡང་ན་ཕྱི་རོལ་ཉིད་དུའོ། །རྣམ་པར་རྒྱལ་བ་ནི། ཤར་གྱི་སྒོའི་སྔོན་དུ་གཞག་པར་བྱའོ། །ོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་འདིས་ནི། བརྒྱ་རྩ་བརྒྱད་བཟླས་པས་ལས་ཐམས་ཅད་པའི་བུམ་པ་ཤར་གྱི་སྒོའི་ཕྱི་རོལ ་ཏུ་བཞག་པར་བྱའོ། །དེའི་ཆུས་སློབ་མ་ལ་གཏོར་བ་ལ་སོགས་པ་བྱའོ། །ད་ནི་དཀྱིལ་འཁོར་གྱི་མཆོད་པ་ལ་སོགས་པ་བྱས་ནས་སློབ་མ་རིག་མ་དང་ལྷན་ཅིག་ཏུ་གཞུག་པའི་ཚོགས། དེར་ཞུགས་པས་བཅོམ་ལྡན་འདས་ཀྱི་ཞལ་སྔར་ཆུ་ལ་སོགས་པའི་དབང་བླང ་བར་བྱའོ། །གོང་མ་བཞིན་དུ་སློབ་མ་འདུས་བྱས་ཤིང་ཁས་བླངས་ནས། དམ་ཚིག་དང་སྡོམ་པ་གཟུང་བ་དང་ཡོན་ཕུལ་བ་ལ་དེའི་སྙིང་ཁར་ཨཱ(རྒྱུད་འགྲེལ་གོས་བྱའོ། །གནོད་མཛེས་ཀྱི་སྔགས་ཀྱིས་གོས་དམར་པོ་ལ་བཟླས་ནས་མིག་བསྡམ་པར་བྱའོ། །རང་གི་དབང་གི་རྒྱལ་བས་བྱིན་གྱིས་བརླབས་པའི་གོས་དམར་པོ་ལ་སོགས་པ་ལ་གཙུག་གཏོར་བྱས་ནས། དེ་ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར ་བྱའོ། །དེ་ལྟར་སི་ཏཱ་རུ་ཎ་ཞེས་བྱ་བ་ལ་སོགས་པའི་ཀླུ་ཡིས་ཕྱག་བཞི་འཚལ་བར་བྱའོ། །ཡོལ་བའི་ཕྱི་རོལ་ཉིད་དུ་སྙིམ་པས་མེ་ཏོག་གི་ཕྲེང་བ་བླངས་པ་ལ་དྲི་བར་བྱའོ། །ཀྱེ?་ཤིན་ཏུ་དགའ་བ་ལ་འདོད་པ་ཁྱོད་སུ། དེས་རྐྱང་སྨྲས་པ། བདེ་པ་ཆེན་པོ་བདག་ནི ་སྐལ་པ་བཟང་པོའོ། །དེ་ནས་བསང་གཏོར་བས་ནས། ཨཱ:ཁ་པཱི་ར་ཧཱུཾ་ཞེས་བྱ་བའི་ཡི་གེ་ལྔས་དཀྱིལ་འཁོར་དུ་ཉེ་བར་གཞུག་པར་བྱ་སྟེ། དེ་ལ་འདི་སྐད་དུ་སྨྲ་བར་བྱའོ། །དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་རིགས་སུ་ཞུགས་པ། དེའི་ཕྱིར་ཁྱོད་ལ ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་གིས་ཁྱོད་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། །ཁྱོད་ཀྱིS་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་མ་བྱེད་ཅིག ་ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི། །སྙིང་ལ་ཡང་དག་ཀུན་ཏུ་གནས། །གལ་ཏེ་རིམ་པ་འདི་སྨྲས་ན། །བཀས་ནས་དེ་ཡི་སྐད་ཅིག་གཤེགས། །སྦྱངས་བ་དང་ནི་བཟའ་བ་ཉིད། །ཡེ་ཤེས་འབར་བའི་འོད་འཁྱིལ་པ། །བདུད་རྩི་ལྔ་ནི་དུང་ཆེན་དུ། །འཁོར་ལོར ་གནས་གྲུབ་སྒྲུབ་པ་པོས། །ལྔ་དང་གསུམ་གྱི་ས་བོན་དགོས། །བླངས་ནས་སློབ་མ་འཐུང་དུ་གཞུག། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ནི་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་ཡང་དག་འགྲུབ། །རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག་།ོཾ ་བཛྲོ?་ད་ཀ་ཋ། ཞེས་བྱ་བས་དམ་ཚིག་གི་བདུད་རྩི་སྦྱིན་པར་བྱའོ། །དེ་ནས་གཟུང་སྟེ་ཁྱོད་ཀྱི་ད་ཕྱག་ན་རྡོ་རྗེ་ཡིན་པས། ངས་གང་སྨྲས་པ་འདི་གྱིས་ཤིག་དེ་ཁྱོད་ཀྱིས་བྱ་སྟེ། ཁྱོད་ཀྱིས་འདའ་བར་མི་བྱ་ཞིང་ཡང་པ་མ་སྤངས་པས། དུས་ཀྱི་བྱ་བ་བྱས་ནS ་དམྱལ་བར་ལྷུང་འགྱུར་རོ། །དེ་ནས་སློབ་མ་ལ་སྨྲོས་ཤིག་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་ཆུག་ཅིག་ཅེས་ཞུ་བར་བྱའོ། །ོཾ་བཛྲ་སཏྭ?་དྲི་ཌཧཾ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ་ཧྲི་ད་ཡཾ ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམམེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་དང། དཔྲལ་བ་ལ་ར?་བསམས་ནས། ཡི་གེ་ལྔ་ཡིས་སམ། ཨོཾ། རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ལ། །དི་རིང་མིག་འབྱོར་རྩོན་པར་མཛད། །ཕྱེ་ནས་མིག་ནི་ཐམས་ཅད་ཀྱང། །རྡོ་རྗེ་མིག་ནི་བླ་མེད་ཅེས་ཚིག་བཅད་ཀྱིས། །གདོང་བཅིངས་པའི ་?་བཀབ་བཀྲོལ་ནས་དཀྱིལ་འཁོར་བསྟན་ནས། འདི་སྐད་དུ་བརྗོད་དེ། ཀྱེ་ཡི་རྡོ་རྗེའི་འདི་དེ་ལྟོས། །དཀྱིལ་འཁོར་བལྟས་ནས་དང་པ་བསྐྱེད། །དེ་རིང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད ་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་འགྱུར་པ་ཉིད། །རྡོ་རྗེ་པདྨའི་རྩེ་མོ་མཛེས། །སྔགས་ལ། ཅིང་བླངས་ནས་དྲིལ་སོགས་པས་ཡང་དག་པར་མཆོད་ནས་གཞག་པར་བྱ་བ་སྟེ། སློབ་དཔོན་གྱི་དབང་ཐམས ་ཅད་དོ། །དེ་ནས་སྔགས་དང་རྒྱུད་ལེགས་པར་བསླབས་པའི་དེ་བཞིན་ཉིད་སློབ་དཔོན་ལ་དབུལ་བར་བྱའོ། །སློབ་དཔོན་གྱི་གཡོན་པའི་ངོས་སུ་བཞག་པ་ངེས་བསྐྱེད་པའི་མཆོད་པ་སྣ་ཚོགས་པ་དང། བཟའ་བཅའ་ལ་སོགས་པ་རྣམS ་ཀྱིས་མཆོད་ནས། པུས་མོ་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་གསང་བའི་དབང་གི་དོན་དུ་འདིས་གསོལ་བ་གདབ་པར་བྱའོ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་འཚལ། །ད་ལྟར་དབང་གི་རིན་ཆེན་གྱིས། ། ་མགོན་པོ་བདག་ནི་རྗེས་གཟུང་མཛོད། །དཔལ་ལྡན་བདེ་ཆེན་མགོན་པོས་སམ། །ཇི་ལྟར་དཔལ་ལྡན་རྡོ་རྗེ་ཆོས། །དག་པའི་དེ་ཉིད་ཅེས་བྱ་བསྟན། །དེ་བཞིན་མགོན་བདག་བཀའ་དྲིན་སྐྱོབས། །སྡུག་བསྔལ་ཀུན་གྱི་གནས་རྣམས་ནི ་དམྱལ་པ་ལས་ནི་གཙོ་པོས་སྒྲོལ། །མགོན་མེད་རྣམས་ལ་སྙིང་རྗེ་མཛོད། །སྡུག་བསྔལ་ཐམས་ཅད་གཅོད་མཛད་པ། །ཁྱོད་ཞབས་འདམ་སྐྱེས་སྤངས་ནས་ནི། །ཁྱབ་བདག་གཞན་ན་བདག་སྐྱབས་མེད། །འགྲོ་བའི་དཔའ་པོ་བདེ་ཆེན ་དེས། །སངས་རྒྱས་མཆོག་གི་བཀའ་དྲིན་སྐྱོབས་ཞེས་ཞུས་མ་ཐག་ཏུ། སྡོམ་པ་བསྒྲགས་པས་སྡོམ་པ་བཟང་པོ་བསྒྲགས་པར་བྱ་བ་དང། །གསང་བ་ལས་ཆེས་གསང་བ་ནི། །བུ་ཁྱོད་སྲོག་ཆགས་གསང་བར་གྱིས། །རྫུན་གྱི་ཚིག་ཀྱང་སྨྲ ་བར་གྱིས། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །ཕ་རོལ་བུད་མེད་བསྟེན་པར་གྱིས། །སྡོམ་པ་བཞིན་ནི་དམ་པ་ཉིད། །ཁྱོད་ཀྱིས་བརྟུལ་ཞུགས་བསྐྱང་བར་གྱིས། །བཤང་གཅི་ཤ་དང་ཁྲག་ལྡན་པས། །ལྔ་པ་སེམས་ལས་བྱུང་བ་ཉིད།། ་ཤྭཱ་དང་མཱ་ཤྭ་ཧ་གོ་ཤ་།སྦྱངས་པ་ལ་སོགས་ཆོག་ལས། །རྟག་ཏུ་ཁྱོད་ཀྱིས་བཟའ་བར་བྱ། །དམ་ཚིག་འདི་ནི་རྨད་བྱུང་ཆེ་ཞེའོ། །དེ་ནས་དེ་དང་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཐུ་བོ་སྲིན་ལག་གིས། །རྡོ་རྗེ་ནོར་བུ་བླངས?་ནས? ་སློབ་མའི་ཁ་རུ་འདིས་སྦྱིན་པར་བྱའོ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི། །དབང་གི་གོ་འཕང་མཆོག་གྱུར་པ། །ལS་ཀྱི་མཆོག་ནི་རབ་རྒྱས་པ། །སྔགས་རྣམས་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ནི་གསང་བའི་དབང་ངོ། །དེ་ནས་པདྨ་ལ་གནས་པ ་བླངས་ནས་མེ་ཏོག་དང་བཅས་པ་དང་སེམས་ལས་བྱུང་བ་རང་གི་ཁས་དེ་མཆོད་པར་བྱ་བའི་དོན་དང་རིག་མའི་ཁས་སྦྱིན་པར་བྱའོ། །དེ་ནས་དེ་བཞིན་ཉིད་གཞན་ཡོན་ཏན་ཐམས་ཅད་དང་ལྡན་པ་དང་སྙོམས་པར་ཞུགས་པའི་སློབ་མ་ཏིང་ངེ་འཛིན་ལ་གནS ་པ་ན། སློབ་དཔོན་རང་རྡོ་རྗེ་སེམས་དཔའ་དང་བཅས་པའི་གཟུགས་སུ་ལྷག་པར་མོས་པས་རང་གི་བ་སྤུའི་ཁུད་བུར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ཞུགས་ཤིང། དེ་ནས་ཡང་བཏོན་པས་སློབ་མའི་ལུས་ཀྱི་བ་སྤུའི་ཁུང་བུར ་བཅུག་ནས་ཞུ་བར་གྱུར་པས་བཏོན་ནས་དེའི་ལུས་ཁྱབ་པ་རྣམས་ཀྱིས། ཉོན་མོངས་པའི་དྲི་མ་དཀྲུས་པ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། ཤེས་རབ་ཀྱི་དབང་པོ། །དེ་ལ་སློབ་མ་ལའང་དགའ་པ་ལ་སོགས་པའི་དབྱེ་བས་ལྷན་ཅིག་སྐྱེས་པའི་རང་རིག ་པ་དང་རང་གི་ཚིག་གིས་བསྟན་པར་བྱའོ་ཞེས་བྱ་བ་ནི་དབང་རིན་པོ་ཆེ་བཞི་པའོ། །དེ་བཞིན་དུ་གནས་པ་ཉིད་ཀྱི་ལག་པ་བྱིན་ནས་དེ་བཞིན་གཤེགས་པ་དབང་པོར་བྱས་ནས། འདི་ནས་བརྩམས་ཏེ། བདག་གིས་བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར་འདིའི ་སྒྲུབ་པ་པོ་ལ། བུ་མོ་ཡང་དག་པར་སྩལ་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་པར་མཛོད་ཅིག་ཅེས་པའོ། །དེ་ནས་དེ་ལ་འདི་སྐད་དུ་སྨྲས་ཏེ། འདི་ཁྱོད་གཟུངས་མ་ཉམས་དགའ་བ། །ཁྱོད་ཀྱིས་དི་རིང་བསྒྲུབ་པར་གྱིས། །སློབ་མའི་?་སྔོར? ་ལག་བཞག་ནས། །རྣམ་རྡོ་རྗེ་ཅན་གྱིས་དོར། །ཐབས་གཞན་དག་གིས་འཚང་མི་རྒྱ། །དེ་ཕྱིར་འདི་ནི་རིག་ན་མཆོག། གཉིས་སུ་མེད་པའི་ཆོས་རྣམས་ནི། །གཉིས་ཀྱི་དངོས་པོས་མཆོན་པ་ཉིད། །དེ་ཕྱིར་འཁོར་བར་སྦྱོར་བྲལ་བ། ། ་རྟག་ཏུ་ཁྱོད་ཀྱིས་བྱ་བ་མིན། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རིག་མའི་བརྟུལ་ཞུགས་བླ་ན་མེད་ཅེས་བྱའོ། །རིག་མའི་བརྟུལ་ཞུགས་བྱིན་ནས་ནི། །བཀའ་ཡི་གནང་བ་སྦྱིན་པར་བྱའོ། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་དུ ་ཐམས་ཅད་ལས། །ཇི་ལྟར་འདུལ་བར་སྣ་ཚོགས་པའི། །ཆོས་ཀྱིས་འཁོར་ལོ་རབ་ཏུ་བསྐོར། །དེ་སྐད་དུ་རིན་པོ་ཆེ་དང་པདྨ་དང་ལས་དང་རྡོ་རྗེ་དང། འཁོར་ལོ་བསྐོར་བྱའོ་ཞེས་བྱ་བའི་ཚིགས་བཅད་ལྔས་བཀའ་གནང་བ་སྦྱིན་པར་བྱའོ། །ུར་ག་ཏའི? ་ལུང་བསྟན་པས། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ལས། སྙིང་ཁར་དེ་བཞིན་གཤེགས་པའི་གཡོན་པའི་ཁུ་ཚུར་ཆོས་གོས་ཀྱི་ཟེ་འབྲུ་འཛིན་པའི་ཚུལ་གྱིས་དང། །གཡས་པ་མཆོག་སྦྱིན་གྱིས་མིང་གི་དབང་གིས་བྱའོ།། ་ཨོཾ།། སྲིད་པའི་ངན་འགྲོ་ལས་བཏོན་ཅིང། །ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་རྡོར་སེམས་ཀྱིས། །ད་ཡིས་འདི་ལྟར་ཁྱོད་ལུང་བསྟན། །མཐོ་རིས་མི་ཡུལ་ས་འོག་ཏུ། །ཀྱེ་ཁྱོད་ཀྱི་གྲུབ་དུས་སུ། །དེ་བཞིན་གཤེགས་པའི་རྡོ་རྗེ ་མིང་ཞེའོ?། །གང་གི་འདིས་ཨུད་ག་ཏ་ཡིས་ཕྱག་རྒྱ་ཆེན་པོར་ལུང་བསྟན་པ་མཆོག་ཏུ་གསང་བའི་ཆོ་ག་འདིས་བྱའོ། །དེའི་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་དང། རྡོ་རྗེ་འཛིན་པ་དང་བཅས་པ་དང། བྱང་ཆུབ་སེམས་དཔའ་འཁོར་གྱི ་དཀྱིལ་འཁོར་དང་བཅེས་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉིད་ཀྱི་དམ་ཚིག་དང། རྡོ་རྗེ་སློབ་དཔོན་མགྲིན་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་ཀྱིས་དང་བར?་གྱིས་ཤིག་ཅེས་སོ?་འམ? ་རྣམས་ལ་བརྗོད་པར་བྱའོ། །དེ་ནས་གསང་བ་སྨྲ་བར་བྱ་སྟེ་ཆགས་བྲལ་ལྟ་བུའི་སྡིག་པ་ནི། །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་ཕྱིར་འདོད་པའི་ཆགས་བྲལ་བ། །ཁོད་ཀྱིས་ཀྱང་ནི་བྱ་བ་མིན། །མ་ཧཱ་མ་ཡ་ཧ་ན་ཕཊ། དེའི་རྗེས་སུ་གཡས་པའི་མཐེ་བོང་ནས ་མཁས་པས་གཟུང་སྟེ། ལག་པ་གཡོན་པས་སློབ་མ་གཙོ་བོའི་མེད་དུ་ཞུན་མར་གྱི་སྲེག་བླུགས་བརྒྱའི་སྲག་བླུགས་དབུལ་ལོ། །སྤྲང་རྩི་དང་འབྲས་ཀྱི་པ་ག་དང། ཞ་དང་བསྲེས་པ་དང། ཏིལ་གྱི་སྲེག་བླུགས་བརྒྱ་དང། གསང་གཏོར་དང། སྙིང་གར་རེག་པས་རིཌ ་ཀྱི་རིག་མས་ཐམས་ཅད་བྱས་ཞིང་བདུད་རྩི་འཁྱིལ་པ་བཟླས་པས་ལག་པ་ལག་དུ་བུ་བཅིང་པ་དང། སྤྱི་པོར་གདུགས་འཛིན་པར་བྱེད་ཅིང་སྐོར་བ་བྱེད་པ་དང་ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་སྒོམ་གདུགས་དང་ལྡན་ཅིག་ཕྱག་བྱའོ། །སློབ་མ་?་འདི་བརྗོད་པར་བྱ་སྟེ། ་རྒྱུད་འཛིན་པར་འགྱུར་རོ། །སློབ་དཔོན་གྱིས་གདུགས་དོར་ནས་དེ་ལ་གཟེངས་བསྟོད་པ་སྨྲས་ཏེ། ད་ལྟར་དཀྱིལ་འཁོར་སློབ་དཔོན་ཉིད། །ཁྱོད་ཀྱིས་སྔགས་དང་རྒྱུད་རྣམས་ཟུང། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། ལྟ་རྣམས་དང་ནི་མཉམ་པ་ཉིད། །སེམས ་?་རྣམས་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཁྱོད་ཀྱིས་ཆོ་ག་ཡིས། །རབ་ཏུ་འབད་པས་བྲི་བར་བྱ། །རྒྱུད་ལ་སྒྲུབ་པ་པོ་ཡིས་སྦྱོར། །དེ་ནས་ཇི་ལྟ་པ་བཞིན་དུ་མན་ངག་བྱིན་ནས། །དྲང་པའི་དོན་ལ་སོགས་པ་དང། །སྤས་པའི་དོན་བསྟན་པར་བྱའོ། །དེ་ནས་དབུགས ་འབྱུང་བ་སྦྱིན་པར་བྱ་སྟེ། གསང་བའི་དཀྱིལ་འཁོར་དམ་པ་ནི། མཆོག་ཏུ་ཞུགས་ཤིང་མཐོང་བས་ན། །སྡིག་བ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱོད་ནི་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཁྱོད་ལ་འཆི་འགྱུར་ཡོད་མ་ཡིན། །བདག་ཉིད་ཆེན ་པོས?་ཐམས་ཅད་རྟོགས། །གང་ལའང་འཇིགས་མེད་བརྩེ་བར་གྱིས། །ཞེས་སྨྲས་ནས། འདི་བརྗོད་དེ། བྱང་ཆུབ་སེམས་ནི་ངེས་མི་སྤང། །རྡོ་རྗེ་ཞེས་བྱ་སླབ?་རྒྱ་གང། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་མཚམ་མེད་དམ་པའི་ཆོས་ལ་སྨད་ཀྱིས་ ་ནམ་ཡང་སྤང་བར་མི་བྱའོ། །མི་ཤེས་ཡང་ན་རྨོངས་པས་ཀྱང། །གང་ཞིག་དེ་ནི་བཤགས་པར་བྱ། །རང་གི་བདག་ཉིད་སྤངས་བ་དང། །བཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཇི་ལྟར་བདེ་བ་བདེ་གཟུང་ནས། །འདི་ནི་སངས་རྒྱས་མ་བྱོན་པ། ་རྡོ་རྗེ་?་བུ་ཕྱག་རྒྱ་ཡང། །ནམ་ཡང་སྤང་པར་མི་བྱའོ། །སློབ་དཔོན་ཡང་ནི་སྣད་མི་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། གང་ཞིག་སློབ་དཔོན་?་པ་ནི། །བླ་མ་སངས་རྒྱས་ཀུན་མཉམ་ལས། །སངས་རྒྱས་ཐམས་ཅད་སྨད་པས་ན། །ངེས་ནི་རྟག་ཏུ་སྡུག་བསྔལ ་འཐོབ། །དེ་རིང་སྐྱོབ་འབྲས་བུར་བཅས། །གོ་འཕང་འདིར་ནི་ལེགས་རབ་གནས། །ལྷ་རྣམས་དང་ནི་དམ་ཚིག་མཉམ། །གནས་པར་འགྱུར་བར་ཐེ་ཚོམ་མེད། །ཡིད་ནི་རབ་ཏུ་དགའ་བར་བྱིས། །རྡོ་རྗེ་རང་གི་དམ་ཚིག་ལ། །མི་ཟད་བདེ་བ་འདི་དག་བསྟན། །འགྲོ་བ་བདེ ་པ་ཆུང་པ་སྟེ། །དེ་རིང་རྡོ་རྗེ་སེམས་དཔའ་ལྟར། །རྟག་པ་ཉིད་དུ་ཁྱེད་རྣམས་འགྲོ། དེ་ནས་བླ་མའི་ཞབས་ལ་སློབ་མས་གུས་པ་དང་སྡུག་པས་ཕྱག་འཚལ་ནས། །ཁྱབ་བདག་ཇི་ལྟར་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བགྱིའོ་ཞེས་སྨྲའོ། །དེ་སྐད་དུ་དམ་བཅས ་པ་བྱས་པས། །སློབ་མ་རྣམས་ཀྱི་ཚིག་འདིས་ཞི་བར་དོན་དུ་ཆད་པར་འགྱུར་བའི་ཆོགས་སྦྱིན་སྲེག་བྱའོ། །དེ་ནས་གཡོན་པའི་ལག་པས་སློབ་མ་རེ་རེའི་གཡས་པའི་མཐེ་བོང་གཟུང་ནས། མཁས་པས་ཞུན་མར་གྱི་སྲེག་བླུགས་བདུན་གྱིས་སོ། །བླུགས་གཟར་སྟེང ་དུ་བཞག་ནས་བསྐོར་པའི་རིམ་པས་སྦྱིན་སྲེག་བྱས་ནས། དེ་ནས་ཐམས་ཅད་རྣམས་ལས་བླ་མས་ཡོན་དང་གསེར་དང་དངུལ་དང་རིན་པོ་ཆེ་རྣམས་དང། རྟ་དང་གླང་པོ་ཆེ་དང། དེ་བཞིན་དུས་རྣམས་བླང་པར་བྱའོ། །བླངས་ནས་དེ་ནས་སྔགས་ཀྱི་ལྷག་མའི་ཆོ་གས་སྦྱིན་པར ་བྱ་སྟེ། དེ་ནས་སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་གཟའ་པར་བྱའོ། །དེ་ནས་དཀྱིལ་འཁོར་མཆོད་ནས། སློབ་མ་འདི་སྐད་དུ། ཐམས་ཅད་ཇི་ལྟར་ནུས་པས། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱའོ་ཞེས་སྨྲ?་བར་བྱའོ། །མྱོས ་བྱེད་དང་བཅས་པ་དང་མྱོས་བྱེད་མ་ཡིན་པའི་བཏུང་བ་དང་ལྡག་པ་དང་བཟའ་བ་དང་བཅའ་བ་རྣམས་ཀྱིས་ཡང་དག་པར་མཆོད་དེ། འདི་དག་ནི་སངས་རྒྱས་ཐམས་ཅད་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཡང་རྡོ་རྗེའི་བརྟུལ་ཞུགས་བྱིན་ནས། དེ་རྣམས་དང་ལྷན་ཅིག་ཏུ ་མཚན་མོ་འདུག་པས་མཆོག་ཏུ་རངས་པའི་ཆོ་ག་དང་དཔལ་བདེ་བ་ཆེན་པོའི་བསྒོམས་པས་ཀླུ་ལ་སོགས་པ་གནས་པ་དང་བཟླས་པར་བྱའོ། །དེ་ནས་ཡི་གེ་གསུམ་མུ:ཱི་མཛའ་དང་བརྗོད་ནས་དཀྱིལ་འཁོར་རང་གི་སྐུལ་གཞུག་པར་བྱའོ། །ོཾ་ཨ ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གཤེགས་སུ་གསོལ་ནས། གསང་བའི་དཀྱིལ་འཁོར་ཡང་གོང་མ་བཞིན་དུ་གཤེགས་སུ་གསོལ་ནས་རྡུལ་ཚོན་ལ་སོགས་པ་ཀླུའི་མཚོར་གཏོར་བར་བྱའོ། །ཧཱུཾ་གིས་ཕུར་ལ་བཏོན་ནས་ཞི་བའི་སྦྱིན་སྲེག་བྱས་ནས ་གནས་པར་བྱའོ། །གལ་ཏེ་འདི་ལ་དབབ་པར་འདོད་པ་དེའི་ཚེ། དཀྱིལ་འཁོར་དུ་འཇུག་བའི་མཐར་ཇི་སྐད་དུ་བརྗོད་པའི་ཆོ་གས་དབབ་པར་བྱའོ། །རབ་ཏུ་གནས་པ་ལ་སོགས་པ་ཡང་རང་གིས་ཤེས་པར་བྱའོ། །སའི་ལྷག་པར་གནས་པ་དང། ཐིག ་གདབ་པའི་ཆོ་ག་རྗོད་པར་བྱེད་པའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཞི་བཅུ་རྩ་དྲུག་པའོ།། །།ད་ནི་ལེའུ་བཅུ་བདུན་པར་མདོར་བསྟན་པ་རྒྱས་པར་བསྟན་པ་ནི། དེ་ནས ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅུ་བདུན་པར་ནི་ཁྱོད་གསུངས་པ་ཞེས་བྱ་བ་ནི། ཁྱོད་ཉིད་ཀྱིས་བཤད་དོ་ཞེས་བྱ་པར་དགོངས་པའོ། །དེ་ཡང་རྫས་ལས་སྐྱེས་པའི་ཕྱི་དང་ནང་གི་དབྱེ་བས་ཕྱེ་བ་བཤད་པ་ཡང་གོང་མ་ཉིད་དོ། །བཅུད་ཀྱིས ་ལེན་གྱི་རྫས་གྱི་སྡེ་ཚན་ཏེ་དེའི་ལྷག་པར་བྱེད་པ་ནི་གནས་སྐབས། །དེ་ཉིད་ཀྱི་ཆོ་ག་ཞེས་བྱ་བ་ནི། ཆོ་གར་བྱེད་པའོ། །གང་ལ་རྗོད་པར་བྱེད་པ་དེ་ཡང་འདིའི་ལེའུ་ཞེས་བྱ་བ་དེ་ནི་དེ་བཞིན་ཏེ། བཞི་བཅུ་རྩ་བདུན་པའོ།། །།རྡོ་རྗེ་མཁའ་འགྲོ་ནི ་རྣམ་པར་འགྲེལ་པ་ལས་ལེའུ་བཞི་བཅུ་རྩ་བདུན་པའོ།། །།སྦྱིན་སྲེག་གི་ཐབ་ཁུང་གི་ཚད་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ལས་ཇི་ལྟ་བུའི་ཐབ་ཁུང་གི ་ཚད་དང་གདན་དང། ཡམ་ཤིང་ལ་སོགས་པ། དེ་ངེས་པར་བྱེད་པའི་དོན་གྱི་ལེའུ་འདི་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོཌ་པའི་རྫས་རྣམས་ཀྱི་གསང་བའི་དོན་གྱི་ཡུལ་ཧེ་ཐབས་ཁུང་ལ་སོགས ་གི་མཚན་ཉིད་དེ། དེས་སྦྱིན་སྲེག་གི་ཆོ་གའོ། །དེ་རྗོད་པར་བྱེད་པའི་ལེའུ་སྟེ། བཞི་བཅུ་རྩ་བརྒྱད་པའོ།། །།རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཞི་བཅུ་རྩ་བརྒྱད་པའོ།། །།ཤིན་ཏུ་རྒྱས་པར་བསྟན ་པས་བཅུད་ཀྱིས་ལེན་རྟོགས་པར་བྱ་བའི་ཕྱིར། གར་མཛད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཞེས་བྱ་བ་ལ། རྫས་རྣམས་ཀྱི་ཞེས་བྱ་བ་ནི། ཞུ་བས་སེམས་ཅན་གྱི་རིམ་གྲོ་བྱེད་པའི་ཕྱིར་རྫས་རྣམས་ཏེ། སྨན་རྣམས་སོ། །སྐྱེས་བུ་དང ་བུ་མེད་རྣམས་ཀྱིས་གཟུང་བ་ནི་སེམས་ཅན་ནོ། །མཚན་ཉིད་ནི་འཇམ་པ་ལ་སོགས་པའོ། །རང་བཞིན་ཞེས་བྱ་བ་ནི། སྐམ་ལས་སྐྱེས་པ་དང་ཆུ་ལས་སྐྱེས་པ་ལ་སོགས་པའི་དབྱེ་བས་རྣམ་པ་སྣ་ཚོགས་པའོ། །རྫས་ཀྱིས་མཚན་ཉིད ་ཡོན་ཏན་ལྡན་ཞེས་བྱ་བ་ནི། རྫས་རྣམས་ཀྱི་མཚན་ཉིད་ཀྱི་ཡོན་ཏན་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཡང་ནི་ཞེས་བྱ་བ་ནི། མདོར་བསྡུས་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །བྱའོ་ཞེས་བྱ་བ་ནི། རྫས་ཀྱི་སྦྱོར་བའོ། །སྣུམ་པའི་ཞེས་བྱ་བ ་ལ་སོགས་པ་ནི་གོ་སླའོ། །སྐྱ་བོ་དྲོད་དམ་སྣུམ་པ་ཉིད་ཅེས་བྱ་བ་ནི། བུད་མེད་དང་སྐྱེས་བུ་དག་གི་རང་བཞིན་ནོ། །གཟིངS་ལྟ་བུ་ཞེས་བྱ་བ་ལ། གཟིངས་ནི་གྲུའོ། །འཁྱུང་པ་ཞེས་བྱ་བ་ནི་འོ་ལ་སོགས་པར་ཤེས་པར་བྱའོ། །རྗེས་སུ ་མཐུན་པར་འཁྱུད་བས་གཟུང་ཞེས་བྱ་བ་ནི། གང་གི་གང་ཞིག་འཁྱུད་པ་དེ་ནི་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འཁྱུད་པ་དང། འོ་དང། སེན་མོ་དང། སོས་གཅོད་པ་དང། འདར་བ་དང། སིཏ་བྱས་པ་དང། སྐྱེས་བུའི་བྱ་བ་དང། སྟེང་དུ ་གནས་པ་ཅན་རྣམས་ཏེ། རྣམ་པ་བརྒྱད་དུ་བརྟགས་པའི་དབྱེ་བས། །བརྒྱད་བརྒྱད་དེ་དྲུག་བཅུ་རྩ་བཞི་ཞེས་ཟེར་རོ། །དེ་ལ་གདོང་དང་པོས་འགྲོ་བས་ལུས་ལ་རེག་པ་ན། རེག་པ་ཅན་ཞེས་བྱ་བའི་ཁྱུད་པའོ། །དེ་བཞིན་དུ་གདོང་དྲང་པོས་འགྲོ་བ་ན ་རབ་ཏུ་སྦྱར་བར་བྲུར་གྱིས་ལུས་ལ་རེག་པ་ཙམ་གྱིས་རེག་པ་ཅན་ཞེས་ཟེར་རོ། །ཉེ་བར་འདུག་གནས་བདག་པོ་ལ་ནུ་མ་དག་གིས་འབིག?་པར་བྱ་བ་དང། བདག་པོས་ཀྱང་དེ་གཟུང་བར་བྱའོ་ཞེས་བྱ་བ་ནི་འབིགས་པ་ཅན་ནོ། །དེ་བཞིན་དུ་ཡང། རབ་ཏུ ་སྦྱར་བ་འམ་ཉེ་བར་འདུག་པ་དབེན་པར་ཅུང་ཟད་བཟུང་ནས། འོ་མ་འཛིན་པས་ཡང་དག་པར་གཟིར་བར་བྱ་བ་དང། བདག་པོས་ཀྱང་དེ་ཀུན་ཏུ་གཟིར་བྱའོ་ཞེས་བྱ་བ་ནི། འབགས་པ་ཅན་ཞེས་ཟེར་རོ། །ཕུན་ཚུན་དུ་ལུས་ཉེ་བར་འདར་བ་ཅན། ཉེ་བར ་འདར?་བ་ཅན་ནོ། །དེ་བཞིན་དུ་ཡང། དེ་གཉིས་ཤིན་ཏུ་ཡུན་རིང་བ་མ་ཡིན་པར་འཇུག་པ་དང། སྨྲ་བ་དག་དེ་དང་ཡོད་དེ། །སྐྱེ་བོའི་ཚོགས་སམ་དབེན་པར་ངལ?་གྱིས་འགྲོ་པ་ན། ཤིན་ཏུ་ཐུང་བ་མ་ཡིན་པའི་དུས་སུ། ཕན་ཚུན་ཀྱི་ལུས་རྣམས་ཀྱི་ཉེ་བར ་བདར་བ་ནི། ཉེ་བར་བདར་བ་ཅན་ཞེས་ཟེར་རོ། །དེ་ཉིད་རྩིག་པ་ལ་སོགས་པ་ལ་སོས་འདེབས་པར་བྱེད་པའི་ཕྱིར་གཟིར་པ་ཅན་ནོ། །དེ་བཞིན་དཱུང་དེ་ཉིད་རྩིག་པ་ལ་སོགས་པ་ལ་སོས་ཀ་བ་ལ་སོས་མཉམ་པར་སྦྱོར་བ་ལྟ་བུར་གཟིར་བར་བྱེད་པའི ་ཕྱིར་གཟིར་བ་ཅན་ཞེས་ཟེར་རོ། །འཁྲིག་ཤིང་འཁྲིལ་པ་ལ་སོགས་པ་བཞི་བསྟན་པར་བྱ་སྟེ། ཤིང་ལ་འཁྲིལ་ཤིང་ལྟ་བུར་བདག་པོ་ལ་འཁྱུད་པ་དང?། དེའི་ཁ་ལོའི་འདོན་ཧུ་མི་ཏ་དང་བཅས་པར་དགུགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། འཁྲིལ་ཤིང་དུ?་? ་བ་ཅན་ནོ། །དེ་བཞིན་དུ་ཡང་འཁྲིག་ཤིང་ས་ལ་འཁྲིལ་བར་བྱ་བ་དང་འོའི་དོན་དུ་བདག་པོའི་ཁ་དགུག་པར་བྱ་དང། སི་ཏ་ཆུ་རུ་བྱས་པའམ་།དེ་ལ་གནས་ནས་ཅུང་ཟད་ཞུ་བ་ཅན་དུ་བལྟ་བར་བྱ་བ་ནི། འཁྲིལ་ཤིང་འཁྲིལ་བཅན ་ཞེས་ཟེར་རོ། །རྐང་པ་གཅིག་གིས་རྐང་བ་མནན་ནས་བདག་པོའི་གཉིས་པའི་བརླའི་ཕྱོགས་ཅིག་མནན་པར་བྱ་བ་དང། མཆོག་གི་སིཏ་དང་ལག་པ་གཅིག་གིས་ལྟག་ཁུང་ནས་འཁྱུད་པ་དང་གཉིས་བས་ལོའི?་དོན་དུ་ཡན་ལག་ནས་འགུགས་བར་བྱེད་པ ་ནི། ལྷག་པར་ཞོན་པའི་ཕྱིར་ཤིང་ལྟག་པ་ཞོན་བའོ། །དེ་བཞིན་དུ་ཡང་རྐང་པས་རྐང་པ་མནན་ནས་གཉིས་པས་བརླའི་ཕྱོགས་ཅིག་གནོན་པར་བྱེད་པ་དང། ཅུང་ཟད་རྔམ་པ་རྒོད་པ་དང་གྲང་བ་དང་སི་ཏ་བྱས་པ་དང་སྒྲ་མི་གསལ་བ་དང། འོའི་དོན་ལོ ་ནར?་ཞོན་པར་འདོད་པའི་ཕྱིར་ཤིང་ལ་ལྷག་པར་ཞོན་པ་ཅན་ཞེས་ཟེར་རོ། །མལ་དུ་ཕྱིན་པས་མཚམས་མེད་པར་ཉལ་བའི་ཕྱིར་ཏིལ་དང་འབྲས་ལྟ་བུའོ། །དེ་བཞིན་དུ་ཡང་མལ་དུ་ཕྱིན་པས་བྱང་འཛིན་ཅིང་?་པ་དང། བསྐྱོད?་པ་དང་བཅས་པ་དང། ་རངས་པ་དང་བཅས་པ་ལྟ་བུར་གང་ཞིག་དམ་པར་ཉལ་བ་དེ་ནི་ཏིལ་དང་འབྲས་ལྟ་བུ་ཅན་ནོ། །འདོད་ཆགས་ཀྱིས་ལྡོངས་པས་ཕན་ཚུན་རྗེས་སུ་ཞུགས་པ་ལྟ་བུའི་ཕྱིར་ཆུ་དང་འོ་མ་ཅན་ནོ། །དེ་བཞིན་དུ་ཡང། འདོད་ཆགས་ཀྱིས་ལྡོངས་པ་ལྟོས་པ ་མེད་པས་གང་དང་གང་ཞིག་ཕན་ཚུན་དུ་རྗེས་སུ་ཞུགས་པ་ལྟ་བུར་ཉེ་བར་འདུས་པའི་ཕྱིར། བདེ་བ་ལ་འདུག་པ་ན། མལ་དུ་ཕྱིན་པའི་ཕྱིར་ཆུ་དང་འོ་མ་ཅན་ན་ཞེས་ཟེར་རོ། །འཁྱུད་པའི་རྣམ་པ་གཞན་ནི། གཞུང་མང་སུ་དོགས་པས་མ་བྲིས་སོ། །དྲིས་པ ་དེ་བཞིན་དུ་བསྟན་པ་ཡང་ཉོན་ཅིག། འཁྱུད་པའི་ཚིག་ཐམས་ཅད་མི་རྣམས་ཀྱི་ཡུན་རིང་པོས་དེ་སྐྱེ་བར་འགྱུར་བའོ། །ཡོངས་སུ་བརྩམ་པའི་ཆོ་ག་བྱ་སྟེ། ཕུ?་རོན་ལྟ་བུར་བ་དང་མ་མཆུ་དང། སྐྲ་ནས་གཟུང་བ་དང་འཇིབ་པ་ཞེས་བྱ་བ་ལ། ཕུ་རོན་ལྟ ་བུར་ཞེས་བྱ་བ་ནི་ཕུ་རོན?་ཉིད་ལྟ་བུར་ཡང་དང་ཡང་བྱེད་པའི་ཕྱིར། མགྲིན་པའི་ནང་དུ་ཕུ་རོན་གྱི་སྒྲ་ལྟ་བུར་སྐད་ཅིག་ལ་བྱེད་པའི་ཕྱིར་དང། ཕུ་རོན་ལྟ་བུར་འོ་བྱེད་པ་ཞེས་བྱ་བར་རྟོགས་པར་བྱའོ། །མ་མཆུ་གཟུང་བའི་མཛའ་རུ་ལྗོན་ཤིང་བཞིབ་པ། ་དང། སྐྲ་ནས་གཟུང་བ་ཁོ་ན་འབའ་ཞིག་ཅེས་བྱ་བའི་དོན་ཏོ། །སེན་མོའི་རྨ་ཞེས་བྱ་བ་ནི། འདོད་ཆགས་འཕེལ་བའི་དོན་དུ་དེ་ཡང་ཁྱད་པར་དུ་དང་པོ་འོང་བ་ལ་སོགས་པ་ན་སེན་མོས་བི་བར་བྱའོ། །དེ་བཞིན་དུ་ཡང་འདོད་ཆགས་འཕེལ་བའི་ཕྱིར་དངོས་པའི ་བདག་ཉིད་དང་བཅས་པས་དེའི་དང་པོར་མཉམ་པར་སྤྱོད་པ་ན་སེན་མོས་བྲི་པར་བྱའོ། །འགྲོན་དུ་འགྲོ་བ་དང། ཕྱིར་ལོག་པ་དང། ཁྲོས་པ་དང། དགའ་བ་དང། བཟའ་བ་ན་རབ་ཏུ་སྦྱར་ཞེས་ཟེར་རོ?། །རྟག་ཏུ་མ་ཡིན་པ་དང། གཏུམ་པའི་ཤུག་མ་ཡིན ་པ་ངག་ཏུ་དེ་བཞིན་དུ་དེ་བདག་གི་དབང་དུ?་གྱུར་པ་ན་སོས་གཅོད་པས། དྲལ་པ་མ་ཡིན་པ་ལ་སོགས་པ་དང་སེན་མོ་འདེབས་པ་ལ་སོགས་པ་རྣམ་པ་བརྒྱད་དོ། །བྲལ་བ་མ་ཡིན་པ་དང་ཟླ་བ་ཕྱེད་པ་དང་དཀྱིལ་འཁོར་དང་རི་མོ་དང། སྟག?་གི?་སྡེང་མོ་དང། ་རྨ་བྱའི་རྐང་པ་དང། རི་བོང་གི་ཤུགས་དང། ཨུཏཔ་ལའི་འདབ་མ་ཅན་ཞེས་བྱ་པའོ། །འགྲམ་པའི་ཕྱོགས་གཅིག་གམ། ནུ་མ་དག་གམ། མཆུ་ལ་ཆུང་དུན་དུ་བྱེད་བ་དང། རི་མོ་མི་གསལ་བར་ངག་པ་རྩམ་གྱིས་སྐྱེད་པ་དང། བ་སྤུ་ལྡར?་བྱེད་པ་དང། སྔར ་རང་སེན་མོའི་ཚོགས་ཀྱིས་བུ་མོ་ལ་སྦྱོར་བ་ན། འབྲས་ཀྱིས?་བའི་ཕྱེད་ཀྱི་ཚད་ཀྱིས་སྐྲས?་དྲལ་པ་མ་ཡིན་པ་ཅན་ནོ། །དེའི་མགོ་བོར?་འཕྲུག་པ་དང། འཇོག་པ་དང། ཕུང་པོ་འབྱེད་པ་དང། ཕུང་རྣམ་པར་དཀྲུགས་པ་དང། འཇིགས་པ་ལ་རབ་ཏུ?་སྦྱར་རོ?། །མགྲིན ་པ་དང་ནུ་མའི་སྟེང་དུ་ཡོན་པོར་སེན་མོ་གནས་སུ་བཏབ་པ་ནི། ཟླ་བ་བྱེད་པའོ། །དེ་དག་གཉིས་ཕན་པུ་ཁ་སྤྲད་པ་ནི་དཀྱིལ་འཁོར་རོ། །ལྟེ་བའི་རྩ་བ་དང། ནུ་མ་དང། ཀུན་ཏུ་དུ་དང། བྲག་གི་གནས་རྣམས་དང་ཐམས་ཅད་ཀྱི་གནས་སུ་རིང་བོ་མ་ཡིན་པ་ནི་རི་མེའོ།། ་དེ་ཉིད་ཡོན་པ་ནི་སྟག་གི་སེན་མོའོ། །ནུ་མའི་སྟེང་དུ་ཆ་ཤས་རྣམས་ཀྱིས་ཀྱང་སེན་མོ་རྣམས་ཀྱིས་རྗེས་མཆན་ཁུང་ནས་ཁ་བལྟས་པ་རྨ་བྱའི་རྐང་པ་ཅན་ནོ། །དེའི་ཡང་དག་པ་རབ་ཏུ་སྦྱོར་བ་འདོད་པ་ལ། ནུ་མ་དང་མཚན ་ཁུང་གི་གནས་སུ། སེན་མོ་ལྔ་ཅུང་ཟད་བྱས་པ་ནི་རི་བོང་གི་ཤུགས་ཅན་ནོ། །ནུ་མའི་སྟེང་དང་སྐ་རགས་ཀྱི་ལམ་དུ་ཨུཏཔལའི་འདབ་མའི་དབྱི་བས་ནི། ཨུཏཔལའི་འདབ་མ་ཅན་ནོ། །གཞན་ཡང་བྲང་དང་ནུ་མའི་སྟེང་དུ་འགྲོན་དུ་འགྲོ་བ་ན་དྲན་པར་བྱེད་པ་ཅན་གྱི ་ཚོགས་ཀྱི་རི་མོ་གསུམ་དང་བཞིའོ། །སེན་མོའི་ཁྱད་ཀྱི་དགོས་པ་ནི། རིང་པོ་ནའོ་འཛིན་པ་ལ་སེན་མོའི་རྗེས་ཀྱི་ལང་ཚོ་ལ་བབ་མ་མཐོང་ན་མང་དུ་ནི་གཞན་གྱི་ཡང་འདོད་ཆགས་ཀྱི་སྦྱོར་བ་སྐྱེ་བར་འགྱུར་ཏེ། སྐྱེས་བུའི་ཡང་ཕྱོགས་ཅིག་ལ་སེན་མོ་དང ་སོ་ཡིས་བཏབ་པ་ན་བཙུན་མོ་སེམས་གནས་པ་ཡང་ཕལ་ཆེར་སེམས་གཡོ་བའོ། །དྲལ་བ་ཞེས་བྱ་བ་ནི། སོ་སྟེ་དེ་རྣམས་ཀྱིས་བསྣུན་པའོ། །དེས་དྲལ་བ་མ་ཡིན་པ་ཞེས་བྱ་བ་ནི། དྲལ་བ་མ་ཡིན་པ་ཅན་ཏེ། དེའི་ཉེ་བར་མཚོན་པའི་ཕྱིར་སྐྱི ་ཤུས་པ་ཡང་ངོ། །དེ་བཞིན་དུ་ཡང། སྐྱིད?་ཤུས?་པ་དང་ཅུང་ཟད་སྐྲངས་པ་དང། བྱུར་རུའི་ནོར་བུ་དང་ནོར་བུའི་ཕྲེང་པ་དང། ཐིག་ལེ་དང། ཐིག་ལེའི་ཕྲེང་བ་དང། སྤྲིན་གྱི་དུམ་བུ་དང། ན་ཆུང་མཛེས་པས་བཏབ་པ་ཞེས་ཟེར་རོ། །དྲལ་བར་བརྟཌ ་པའོ། །འདོད་ཆགས་ཙམ་གྱིས་བསྒོམས་པས་ཤིན་ཏུ་དམར་བར་གྱུར་པ་ན་སྐྱི་ཤུས་པ་ཅན་ཞེས་བྱའོ། །དེ་ཉིད་གཟིར་པ་ལས་ཅུང་ཟད་སྐྲངས་པ་སྟེ། དེ་གཉིས་ཀྱི་ཐིག་ལེ་མ་མཆུའི་དབུས་སུ་ཅུང་ཟད་སྐྲངས་པ་ཅན་ནོ། །བྱུ་རུའི་ནོར་བུ་ཡང་མཁུར ་པའི་ལྐོག་ཏུ་མཆུ་དང་སོའི་ཡང་དག་པར་སྦྱོར་བདག་ལས། རྐེད་པ་ནི་བྱུ་རུའི་ནོར་བུ་ཞེས་བྱ་བར་གྲུབ་པོ། །ནོར་བུའི་ཕྲེང་བ་ནི། ཉུང་དུའི་ཕྱོགས་གཅིག་ཀྱང་སོ་གཉིས་ཀྱིས་ཟིན་པའི་ཐིག་ལེར་གྲུབ་པོ། །ཐམས་ཅད་ཀྱིས་ཐིག་ལེ་ཕྲེང་བ་ལ་སྟེ། པའོ། །གནས་རྣམས་ནི། མཆན་ཁུང་དང་ཞེས་བྱ་བ་ལ་སོཌ ་པ་དང། བྲང་གི་ཕྱོགས་ཅིག་དང་དཔྲལ་བའི་སྟེང་དུ་ཐིག་ལེའི་ཕྲེང་བའོ། །སྤྲིན་གྱི་དཀྱིལ་འཁོར་ལྟ་བུར་ནུ་མའི་སྟེང་དུ་དེ་མི་མཉམ་པར་བརྩེགས་པ་དང། ལྡན་བ་ནི་སྤྲིན་དུམ་བུ་ཅན་ནོ། །མཆན་ཁུང་གི་གནས་སུ ་སོས་རབ་ཏུ་རིང་པོ་ལ་སོགས་པའི་ཚོགས་ཀྱི་ཆར་ནང་དུ་ཟངས་ལྟ་བུ་ནི་ན་ཆུང་མཛེས་པས་མནན་པས་སོ། །ནུ་མའི་སྟེང་ཉིད་དུ་དེ་གཉིས་ཀྱིའང་གཏུམ་པའི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །གནས་རྣམས་ནི། མཆན་ཁུང་དང་ཞེས་བྱ་བ་ལ་སོཌ ་པ་གསུངས་ཏེ། འདི་ཡང་ཇི་ལྟར་འབྱུང་བའོ། །མཇུག་མ་དང་ཞེས་བྱ་བ་ནི། རོ་སྨད་དོ། །ནུ་མ་ཉེད་པ་ལ་སོགས་པ་ཞེས་བྱ་བ་ནི། །སི་ཏ་ལ་སོགས་པ་སྟེ་དེ་ཡང་སྔོན་དུ་འགྲོ་བ་ཅན་ནོ། །དེའི་ཞེས་བྱ་བ་ནི། གང་ཞིག་གང་གིས་ཤིན་ཏུ་གནས ་པ་དེའི་ཞེས་བྱ་བའི་དོན་ཏོ། །སོ་སོར་རྣམ་པ་བརྒྱད་ཅེས་བྱ་བ་ནི། འཁྱུད་པ་དང། འོ་དང་སོ་དང། སེན་མོས་གཅོད་པ་དང། འདར་བ་དང་སི་ཏ་བྱས་པ་དང། སྐྱེས་བུའི་བྱ་བ་དང། སྟེང་དུ་གནས་པ་རྣམས་སོ། །སོ་སོར་རྣམ་པ་བརྒྱད་དེ། དེ་ནས་དྲུག་ཅུ ་རྩ་བཞི་རྣམ་པའོ། །གཞུང་མངས་སུ་དོགས་པས་མ་བྲིས་སོ། །ཡ་མཆུ་ལ་སོགས་པ་སྤངས་ནས། འོའི་ཇི་སྙེད་པའི་གནས་དེ་སྙེད་སོ་རྣམས་ཀྱི་ཡང་སྟེ། དེ་བཞིན་དུ་ཡང་ཡ་མཆུ་ནས་ནང་གི་བཞིན་མིག་གི་བར་དུ་སྤངས་ནས་འོ་བཞིན་དུ་སོའི་གནས་རྣམས་སོ ་འདོད་ཆགས་ཀྱི་སྦྱོར་བ་ལས་འོ་ལ་སོགས་པ་སྔོན་མ?་དང་ཕྱི་མ་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་ཡང་འོ་དང་སེན་མོ་དང། སོས་གཅོད་པ་རྣམས་ཀྱི་འདོད་ཆགས་ཀྱི་སྦྱོར་བ་ལས་སྔོན་མ་དང་ཕྱི་མ་ཡོང་པ་མ་ཡིན་ནོ། །སྔར་གྱི་ཡང་དག་པར་ཏུ་སྦྱོར་བ་ལS? ་འདི་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི་གཙོ་བོའོ། །རྡེག་པ་དང་སི?་ཏ་བྱས་བ་དག་ནི་རབ་ཏུ་སྦྱོར་བ་ལ་ཐམས་ཅད་ཐམས་ཅད་དུ་འདོད་ཆགས་ཀྱི་བལྟོས་པ་མེད་པའི་ཕྱིར་རོ་ཞེས་འདོད་པའི་བསྟན་བཅོས་ཀྱི་གཞུང་ལས་ཟེར་རོ། །འདི་དག་ཐམས་ཅད་ཀྱང་ཡུལ་གྱི་རང་བཞིན ་དང་མཐུན་པར་ཤེས་པར་བྱ་སྟེ། དེ་ཡང་མ་སྨྲས་ཏེ་གཞུང་མང་སུ་དོགས་བའི་ཕྱིར་རོ། །རྨ་དང་རྨ་མེད་པ་ཇི་སྙེད་པའོ་ཞེས་བྱ་བ་ནི། རྨ་དང་རྨ་མེད་པས་སེན་མོའི་རྗེས་ཇི་སྙེད་པ་དེ་སྙེད་པའི་འོ་ལ་སོགས་པ་བརྒྱད་བརྒྱན་ནོ། ། ་འཇམ་པོའི་རྨ་དང་ཞེས་བྱ་བ་ནི། ཅུང་ཟད་དོ། །གང་ཞིག་ལྕགས་སྐྱུའི་རྣམ་པ་དེ་ནི། དྲལ་པ་མེད་པ་ཅན་དུ་སྦྱར་བར་བྱའོ། །མཇུག་མ་དང་མཚན་འཇམ་པའི་རྨ་བྱ་ཞེས་བྱ་བ་དེ་ནི་དྲལ་བ་མ་ཡིན་པ་ཞེས་བྱ་བའོ། །ཁུང་དང་རྒྱབ་རྣམས་སུ་ཞེས་བྱ་བ་ནི ་འདི་རྣམས་སུ་འམ་གཞན་རྣམས་སུ་ཤེས་པར་བྱའོ་ཞེས་དགོངས་པའོ། །བྷ་ག་དང་སྤྱི་བོ་ལ་སོགས་པར་རྨ་མི་བྱའོ་ཞེས་བྱ་བ་ནི། འོ་ལ་སོགས་པ་དང་བྷ་གདང་མིག་གི་མཛའ་དང། ཁ་རྣམས་སུ་ཞེས་བྱ་བར་དགོངས་པའོ། །ལྷག་མ་ནི་གོ་སླའོ།། ་རྡེག་པས་བསྒྲུབ་པར་བྱ་བ་ཡང་གསེར་ལ་སོགས་པ་ལས་བརྡུངས་པའི་རྡོ་རྗེས་ཡུལ་གྱི་རང་བཞིན་དང་མཐུན་པར་ཤེས་པར་བྱས་ནས་བསྒྲུབ་པར་བྱའོ། །འདོད་པས་སེན་མོ་དང་ཁའི་ལས་དང་འཆེ་བའི་ཁྱད་པར་ཡང་རིག་པ་ཅན་རྣམས་ཀྱིས ་དགའ་བའི་བསྟན་བཅོས་ལ་ལྷག་པར་བསླབ་པར་བྱའོ། །འདི་རེ་ཞིག་སྨྲས་པ། ཁྱོགས་དང་ཞེས་བྱ་བ་ལ་སོགས་པས་བཤད་དོ། །ཇི་སྙེད་པ་སྟེ། བསྟན་བཅོས་ཐམས་ཅད་དུ་བྱེད་པའི་ལུགས་ཞེས་བྱ་བ་ནི། དགའ་བའི་བསྟན་བཅོས ་རྣམས་ལ་བྱེད་པ་ཇི་སྙེད་པ་དེ་དཔལ་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཀྱིས་རབ་ཏུ་སྦྱར་བར་བྱའོ་ཞེས་བྱ་བར་དགོངས་པའོ། །དེ་བཞིན་དུ་ཡང་ཕྱེ་བ་ཅན་དང། གནོན་པ་དང་དབང་མོ་ཞེས་ཟེར་ཏེ། གསུམ་དུ་ཤེས་པར་བྱའོ། །ཕལ་ཆེར ་ནི་མགོ་པོ་སྨད་པས་སྟེང་དུ་བྱིན་པ་གཉིས་བྱས་པ་ཞེས་བྱ་བ་ནི། ཕྱེ་བ་ཅན། །དེ་ལ་དོར་བ་ལས་དམན་པ་མ་ཡིན་པ་དང། སྟོབས་དང་ལྡན་པ་བྱོལ་སོང་གི་ཉལ་བས་འཛིན་པ་ཞེས་བྱ་བ་ནི། གནོད་པ་ཅན་ནོ། །ངོས་དག་ཏུ་བར་མཉཾ? ་པར་བཀོད་ནས། ངོས་དག་ཏུ་པུས་མོ་བཞག་པ་ལས། གོམས་པའི་རབ་ཏུ་སྦྱོར་བའི་ཕྱིར་དེ་ནི་དབང་པོ་མའོ། །དེ་དག་གིས་ཆེས་དམན་པའི་དགའ་བ་ཡང་ཡོངས་སུ་གཟུང་ངོ། །མཉམ་པར་སྦྱོར་བས་དམན་པའི་འདོད་པ་ཡོངས་སུ་གཟུང་ངོ། ། ་འདིས་ནི་ཆེས་མནན་པའི་དགའ་བའང་ཞེའོ། །མཉམ་པར་སྦྱོར་བ་ཅན་དང་གཟིར་བ་ཅན་དང། རྒོད་མ་ཅན་ཞེས་བྱ་བ་ནི། གླང་བ་ཅན་རྣམས་ཀྱིའོ། །གཉིས་ཀྱི་རྐང་པ་གཉིས་དྲང་པོར་བརྐྱང་བ་ནི་མཉམ་པར་སྦྱོར་བ་ཅན་ཏོ། །དེ་ནི་རྣམ ་པ་གཉིས་ཏེ། ངོས་ཀྱི་མཉམ་པར་སྦྱོར་བ་དང་ཞེའོ། །དེ་བཞིན་དུ་ལས་ཀྱི་སྦྱོར་བ་ལས་ངོས་ཀྱི་མལ་གཡས་པར་སྐྱེས་མ་ཉལ་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་སྙད་དོ། །མཉམ་པར་སྦྱོར་བས་རབ་ཏུ་ལྡན་པ་འདི་ཉིད་དུ་བརྟན་པར ་བརླ་གཟིར་བར་བྱའོ་ཞེས་བྱ་བ་ནི། གཟིར་བཅན་ཏེ། བརླ་ལྟ་བུར་བལྟ་བར་བྱའོ་ཞེས་བྱ་བ་ནི་གཟིར་བ་ཅན་ནོ། །རྒོང་མ་ལྟ་བུར་དམ་དུ་འཛིན་པར་བྱེད་པའི་ཕྱིར་རྒོད་མ་ཅན་དུ་གོམས་པར་བྱེད་དོ་ཞེས་བྱ་བར་དགོངས་པའོ། །འདི་ལྟར་ཡང་ཅ་ཅོའི ་ཚུལ་གྱིས་ཤིན་ཏུ་དགའ་བ་བཤད་པར་བྱ་སྟེ། དེའི་ཡང་རྩོད་པའི་བདག་ཉིད་ཀྱི་ཕྱིར་དང། འདོད་པའི་གླུའི་རང་བཞིན་གྱི་ཕྱིར་རོ། །དེའི་བརྡེག་པའི་ཡན་ལག་དེའི་གནས་རྣམས་ནི། རྒྱ་པ་དང་མགོ་བོ་དང་ནུ་མའི་ནང་དང། རྐང་པའི་ངོས་སུ་ཞེས་བྱ་བ་སྟེ། དེ་ཡང ་རྣམ་པ་བཞིའོ། །ལག་པ་ཕྱིན་གཡོག་དང་བརྐྱང་བཅན་དང་ཁུ་ཚུར་དང། ཐལ?་མོ་མཉམ་པར་བརྡེགས་པའོ། །དེ་ལས་བྱུང་བའི་སི་ཏ་བྱས་པ་སྟེ། དེའི་འདོད་པའི་གཟུགས་ཀྱི་ཕྱིར་རོ། །དེ་ནི་རྣམ་པ་དུ་མ་སྟེ། སྒྲ་རྣམས་ནི་ཉཱི?་བརྒྱད་དོ། །སྒྲོགས་པ་དང ་མི་གསལ་བ་དང་དུ་བ་དང། ཕཱུ?་ཏ་བྱས་པ་དང་ནཱུ་ཏ་བྱས་པ་དང། རང་གི་སི་ཨམ་བཱའི་དོན་དང། བཟློག་པའི་དོན་དང། འགྲོལ་བའི་དོན་དང། ཨ་ལཾ་གི་དོན་ཏོ། །ཡང་དག་པར་སྦྱོར་བ་ལས་དེ་དང་དེའི་དོན་ཏོ། །ལུ?་རོན?་ལྟ་བུ་དང། གཞན་གྱིས་གསོས?། ་པ་དང། ཧ་རི་ཏ་དང། དང?་པ་ནག་པོ་དང། སྦྲང་རྩི་བྱེད་པ་དང། དང་པ་དང། དཱ་ཏྱ་ཧ་དང། ལྔ་བ་ཀའི་སྒྲ་རྣམས་དང། སི་ཏ་བྱས་པ་སྟེ། ས་ལ་འདུག་གནས་རྣམ་པར་རྟོག་པ་རབ་ཏུ་སྦྱར་བར་བྱའོ། །ཉེ་བར་འདུས་པ་ན་འདུག ་པའི་རྒྱབ་ཏུ་ཁུ་ཚུར་གྱིས་བརྡེགས་པའི་ཁུ་ཚུར་དེ་ལ་ངེས་ཐབས་དང་འདྲ་བར་འཁྲུལ་འཁོར་བཀྲོལ་ནས་སྦྲོགས་པ་དང། དུ་བ་དང། སི་ཏ་དང། མི་གསལ་བ་དང། ཕྱིར་བརྡེག་པ་ཞེས་བྱ་བ་ལ་སོགས་པའོ། །འཇམ་པ་མ་ཡིན་པའི་དངོས་པོར་གྱུར་པ་ལS? ་དེ་ནས་འཁྲུལ་འཁོར་སྦྱར་བར་བྱའོ། །ཉེ་བར་འབྱིན་པ་ཅན་དང། བསྲུབ་པ་དང་བསྐོར་བ་དང་ཀུན་ཏུ་ཉེད་པ་དང། གཟེར་བ་ཅན་དང། དེས་པ་ར་བསྣུན་པ་དང། །ཕག་གིས་བསྣུན་པ་དང། གླང་གིས་བརྡུང་བ་དང། མཆིས་པའི་སྒེག་པ་དང། མཉཾ? ་པར་སྦྱོར་བ་ཞེས་བྱ་བའོ། །ཉེ་བར་འབྱིན་པ་ཅན་ནི། སྐྱེས་བུས་ཉེ་བར་འབྱིན་པ་སྟེ། གཞན་དུ་དྲང་པ་མ་ཡིན་པར་ཡང་དག་པར་འགྲེས་པའོ། །བསྲུབ་པ་ཞེས་བྱ་བ་ནི། ལག་པས་རྟགས་ཐམས་ཅད་དུ་བསྐོར་བར་བྱེད་པའོ། །བརླ་དྲང་པོར་བྱས་ནས་འདུག་སྟེ ་དཀྲུག་པར་བྱེད་པ་ནི་སྐོར་བར་བྱེད་པའོ། །དེ་ཉིད་བཟློག་བ་ལས་དགའ་བ་དང་བཟློག་པ་ལས་དགའ་བ་དང་བཅས་པ་ནི་རྣམ་པར་ཉེད་པའོ། །གཟེར?་བ་ཅན་ནི་རྟགས་ཀྱིས་མཉམ་པར་བསྣུན་ནས་གཟིར་ཞིང་ཡུན་རིང་དུ་གནས་པའོ། །ཤིན་ཏུ་རིང་བར་དྲངས་ཏེ། ་ཤུགས་ཀྱི་རྐང་པ་ཀུན་ཏུ་བསྐྱར་བ་ཞེས་བྱ་བ་ནི། ངེས་པར་བསྣུན་པའོ། །དེ་ཉིད་གཉིས་ལས་རིམ་པས་ནི་གླང་གིས་བརྡུངས་པའོ། །ཡུན་རིང་པོས་ལྟུང་བར་བྱ་བའོ་ཞེས་བྱ་བ་ནི། ཕག་གིས་བསྣུན་པའོ། །ལན་ཅིག་ཡང་དག་པར་འདྲེས་པས་མ་བཏོན་པར་ཡང ་དེ་ལའམ་དེ་ཉིད་ལ་གཉིས་དང་གསུམ་དང་བཞི་ཞེས་བྱ་བར་དཀྲུག་པར་བྱའོ་ཞེས་བྱ་བ་ནི་མཆིལ་པའི་སྒེག་པའོ། །འདོད་ཆགས་མེད་པ་ཅན་གྱི་བཤད་པའོ། །མཉམ་པར་སྦྱོར་བ་ནི་བྱེད་པ་སྟེ། དེ་རྣམས་ཀྱི་བུད་མེད་དང་མཐུན་བ་ལས་རྣམ་པར་རྟོག་པས ་རབ་ཏུ་སྦྱོར་བའོ། །སྐྱེས་བུའི་བྱ་བ་དང་སྐམ་པ་དང། བུད་པ་ཅན་དང། གར་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་དུ་མ་རྣམས་སོ། །སྐམ་པ་ནི་རྒོད་མས་ཀུན་ཏུ་འཛིན་པ་ལྟར་འདར་བ་དང། གཟིར་ཞིང་ཡུན་རིང་པོར་གནས་པའོ། །བུང་བ་ཅན་ནི་འཁྲུལ་འཁོར་དང ་ལྡན་པར་འཁོར་ལོ་ལྟར་འཁོར་བར་བྱེད་པ་དང་གོམ་པར་བྱེད་པའོ། །དེ་ལས་གཞན་དུ་གར་དང་ལྡན་པར་རང་གི་རྗེ་དར?་སྟེང་དུ་བཅིང་བར་བྱ་ཞིང་རྐང་པས་ཁྱོགས་ལྟ་བུར་བྱེད་པ་དང་ཐམས་ཅད་དུ་འཁོར་བར་བྱེད་པའོ། །སྐྱེས་བུའི་བྱ་བ་ཞེས་བྱ་བ་ནི་འཁྲུལ ་འཁོར་དང་ལྡན་པ་ཉིད་དུ་དཔྲལ་བ་ལ་དཔྲལ་བ་བཞག་ནས་ངལ་སོ་བར་བྱའོ། །ཤིན་ཏུ་ངལ་ན། སྐྱེས་བུའི་ཡང་སྒྱུར་བའོ། །འདོད་པ་ཅན་གྱི་རབ་ཏུ་བཀབ་པ་དང་རང་བཞིན་གྱིས་ཀྱང་སྦས་པའི་ཡང་དངོས་པོའི་འང་འདི་དངོས་པོ་འགྲེལ་ཅིང། རང་གི་འདོད་ཆཌ ་ལས་སྟེང་དུ་མཏར?་བ་རྣམས་སོ། །ཇི་ལྟར་བུད་མེད་ཡོད་པར་གྱུར་པ་དང། ཇི་ལྟར་རྩེ་བལ་སྤྱོད་པ་དེའི་འདི་སྙམ་དུ་སེམས་པ་རྣམས་ཀྱིས་དེ་ཐམས་ཅད་ཉེ་བར་མཚོན་པར་བྱའོ། །འདོད་པས་གཡེངས་པ་ལ་མི་བྱ་བ་དང། རབ་ཏུ་བཙས་པ་ལ་མི་བྱ་བ་དང། རི ་དགས་མ་ལ་མི་བྱ་བ་དང། སྦྲུམ?་མ་ལ་མི་བྱ་བ་དང། བུད་མེད་ཤིན་ཏུ་བྱ་བ་མང་བ་ལ། སྐྱེས་བུའི་བྱ་བ་སྦྱོར་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པའོ། །མང་པོའི་རྣམ་པ་ནི་རང་ནི་རང་ཉིད་ཀྱིས་བསྟན་བཅོས་ལས་ཤེས་པར་བྱའོ། །དགའ་བའི་འཁོར་ལོར་ཞུགས་པ ་ན་ཞེས་བྱ་བ་ལ། དགའ་བའི་འཁོར་ལོ་ནི་དགའ་བའི་སྡེ་སྟེ། དགའ་བའི་ཚོགས་སམ་དགའ་བའི་འཁོར་ལོའོ། །དེ་ལ་ཞུགས་པའི་རྣལ་འབྱོར་མ་རྣམས་ཀྱི་བསྟན་བཅོས་སུ་མཛད་པ་དེ་ལས་གསུངས་པ་ཡང། འོལ་སོགས་པའི་རིམ་པ་གང་ལS་ཤེ་ན། དེ་བཞིན་དུ ་ཡང། དགའ་བའི་འཁོར་ལོར་ཞུགས་པ་ན། གནས་ན་ཡོང་མ་ཡིན་ཞེས་གསུངས་སོ། །ལྷག་མ་ནི་བཤད་པ་དང་འདྲའོ། །རྫུ་འཕྲུལ་དག་གི་ཆ་ཞེས་བྱ་བ་ནི་གསོལ་ལོ། །ཆ་ནི་དུམ་བུའི་ཞེས་བྱ་བ་ནི། སྨན་ལ་སོགས་པ་རྣམས་ཀྱི་ཆུར་འཁྲུལ་འཁོར་ལོར?་རབ? ་སྔོན་དུ་གསུངས་པའི་དངོས་པོ་དང་མཚུངས་པའི་སྦུ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནང་དུ་སྦུ་བུའི་རྣམ་པ་སྟེ། དེའི་དབུས་སུ་ཀྱོང་བུའི་ངོས་ཐམས་ཅད་དུ་ཆུ་སྟེ། སྦུ་བུ་ལང་སའི་བདག་ཉིད་ཅན་ནོ། །གོང་དུ་བཅུད་བཅིང་བར ་གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་འདིའི་གནས་སྐབས་སུ་བཤད་པར་བྱའོ། །གླང་པོའི་བུམ་པ་ཞེས་བྱ་བ་ནི། གླང་པོའི་སྣའི་ཁུ་བ་ཞེས་བྱ་བ་སྟེ། དེའི་ཁུ་བ་སེང་གེའི་རྩེ་བ་ལ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །བཅུད་བཞི་ཞེས་བྱ་བ་ནི། བཅུད་རྣམ ་པ་བཞི་ཞེས་བྱ་བའི་དོན་ཏེ། །རྣམ་པ་སྨྲས་པ། ཕ་རོལ་སྦྱིན་བ་ནི་དངུལ་ཆུའོ། །མུ་ཟིལ་ནི་རིའི་དྲིའོ་ཞེས་བྱ་བ་ནི། དྲི་དང་ལྡན་པ་རྣམས་ལ་ནི་རིའི་དྲིའི་སྐྱོན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོང་རོས་ལ་ནི་དཀར་བ་འདུག་པའོ། །མུ་ཏིག་ལ་ནི་སེར་སྐྱ་སྙིང་པོ་མེད་པའོ ་ཞེས་བྱ་བ་ནི། བཞུ་བའི་ཞེས་བྱ་བའི་དོན་ཏོ་དུའོ། །བྱུ་རུ་ལ་ནི་སྣུམ་པ་མེད་པའོ་ཞེས་བྱ་བ་ནི། གང་ཞིག་འཚེར་བ་མེད་པ་དེ་ནི་སྙིང་པོ་མེད་པ་ཞེས་བྱ་བའི་དོན་ཏོ། །མཁར་བའི་སྐྱོན་ནི་ལྷའི་ཕྲ་བང་གི་ཆོ་ལོང་ངོ་ཞེས་བྱ་བ་ནི། ཕྱེ་མར་འགྱུར་བའི་སྦྲང་བུ ་ཅན་ནམ་མཁའ་བའི་སྐྱོན་ཅན་ཞེས་བྱ་བའི་དོན་ཏོ། །མུ་མེན་ལ་ནི་ཤི་བ་ཉིད་དོ་ཞེས་བྱ་བ་ནི། མུ་མེན་རིན་པོ་ཆེ་སྣུམ་པ་མེད་པ་སྟེ། དེ་ནི་ཤི་བ་ཞེས་བརྗོད་དེ། དེ་ཉིད་ནི་སྙིང་པོ་མེད་པའོ། །ནོར་བུ་ལ་ནི་མིག་ཕུག་པས་ཕུང་བར་བྱེད་དོ་ཞེས་བྱ་བ་ནི། ནོར ་བུ་ཕིག་བྱས་པས་ནི་ཕུང་བར་བྱེད་པ་སྟེ། བཞུ་བ་ལ་སོགས་པ་ཞེས་བྱ་བའི་དོན་ཨོ། །གསེར་ལ་ནི་ལྷན་ཅིག་པཱཾ་བདག་ཉིད་ཅན་ཞེས་བྱ་བ་ནི། དངུལ་དང་ཟངས་དང་ལྡན་པས་གསེར་ཕུང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དངུལ་ནི་འགས་བ་དང་སྲ་བའོ ་ཞེས་བྱ་བ་ནི། དངུལ་འགས་པ་དང། སྲ་བ་ནི་སྙིང་པོ་མེད་པའོ། །ཞན་ནེ་དཀར་པོ་ལ་ནི་ཡན་ལག་རླག་པར་བྱེད་པའོ་ཞེས་བྱ་བ་ནི། བང་ག་དེ་བཞིན་དུ་བརླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། ཀླུ་ལ་ནི་ལྟོ་འཕྱིའི་རྩེ་བ་ཞེས་བྱ་བ་ལ། ཀླུ་ནི་ཞན་ནེ་སྟེ། དེ་དེ ་ལྟ་བུ་ཉིད་ཀྱི་ལྟོ་འཕྱེའི་རྩེ་བ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཞེ་ན། མི་ཕན་ནོ། །དྲི་མ་མེད་པ་ཞེས་བྱ་བ་ནི། དྲི་མ་མེད་པ་ལ་མི་ཕན་ནོ། ཞེས་བྱ་བའི་དོན་ཏོ། །གཡུ་ལ་ནི་དཀར་པོ་ཞེས་བྱ་བ་ནི། གཡུ་དཀར་པོ་སྟེ། འདི་གཉིས་ཀྱིས་ཀྱང་བརླག་པར་བྱེད་དོ་ཞེས་བྱ ་བའི་དོན་ཏོ། །མཁར་བ་ལ་སོགས་པས་ཆ་དང་བྲལ་བར་བྱེད་དོ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མཁར་བའི་སྦྲང་བུ་ཅན་ལ་སོགས་པ་རྣམས་སོ། །སྔོན་དུ་གསུངས་པའི་སྐྱོན་བཅོམ་བས་ནི། འདི་དག་ཐམས་ཅད་འབྲས་བུ་སྦྱིན་བ་ཞེས་བྱ་བ་ལ་སོགས་པ་ནི། དེ ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱོན་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ། །ཆོ་ག་ཞེས་བྱ་བ་ལ་སོགས་པ་ནི་འཇུག་ལ་སོགས་པའི་ཆོ་ག་སྟེ། བཟང་པོ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །མ་ལུས་པ་ཞེས་བྱ་བ་ནི། འདི་དག་ཐམས་ཅད་ལུས་པ་མེད་པ ་ཞེས་བྱ་བའི་དོན་ཏོ། །ཞེས་བྱའོ་ཞེས་བྱ་བའི་སྒྲས་ནི་རིན་པོ་ཆེ་བརྟག་པར་རྫོགས་པའོ། །འཚོ་བའི་རྩ་བ་ལ་སོགས་པ་ནི་ཞེས་བྱ་བ་ལ། འཚོ་བ་ནི་ཤཱ་ལི་ལས་སྐྱེས་པ་ལ་སོགས་པའོ། །རྩ་བ་ནི་སྒྲ་ཅན་ལ་སོགས་པའོ། །འདབ་མ་དྲི་མ་མེད་པ་ནི། དྲི་མ་མེད་པའི ་ཕགས་པ་སེར་པོར་བྱས་པའོ། །དེ་ཅི་ཞེ་ན། ཧཱ་ལ་ལས་སྐྱེས་པ་ནི་ཞེS་བྱ་བ་གསུངS་པ་ནི། དབྱི་ཞེས་བྱ་བའི་དོན་ཏོ། །ཕག་གི་རྣ་བའི་དཔྱིབས་ཞེས་བྱ་བ་ནི། ཕག་གི་རྣ་བའི་དབྱིབས་སོ། །སེན་མོ་ལ་ཞེས་བྱ་བ་ནི། སེན་མོ་ཅན་ཏེ། སྦངས་པར་བྱ་བའོ། །ཉ་དང་རྗེས ་སུ་དྲི་བབ?་དང་ཞེས་བྱ་བ་ནི། ཉའི་དྲི་དང་དྲི་ང?་པའོ། །བསྲེགས་པའི་ཐལ་བར་འགྲོ་བ་ཞེས་བྱ་བ་ནི། བསྲེགས་པར་གྱུར་པ་ན་ཐལ་བར་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རི་དགས་ཀྱི་སྐྱོན་འདི་ཞེས་གསུངས་ཏེ། རི་དགS་ནི་ཀླ་རྩིའོ། །སྐྱོན་ནི་ཆེན་པོ་འདི་ཞེS ་བྱ་བའི་དོན་ཏོ། །ལས་ཐམས་ཅད་ལས་སྐྱེས་པ་ཕན་པ་མ་ཡིན་ནོ་ཞེས་བྱ་བ་ནི། ལས་ཐམས་ཅད་ལ་ཕན་པ་མེད་ཞེས་བྱ་བའི་དོན་ཏོ། །ཁ་དོག་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་ནི། ཡུད་བའི་སྐྱོན་གསུངས་ཏེ། ཁ་དོག་དང་བྲལ་བ་ནི་ཁ་དོག་སྣ་ཚོགས ་ཀྱིས་སྦྱོར་བའི་ཕྱིར་རོ། །རྭ་ལ་ནི་ཞེས་བྱ་བ་ནི་རུ་རྟའོ། །ཀཀྐོ་ལ་ཞེས་བྱ་བ་ལ་སོགས་བས་ནི། ཀཀྐོ་ལའི་སྐྱོན་གསུངས་སོ། །ཛཱ་ཏི་ཞེས་བྱ་བ་ལ་སོགས་པས་ནི། ཛཱ་ཏི་ཕ་ལ་སོགས་གཱི?་སྐྱོན་གསུངས་སོ། །ེ་ལཱའི་སྐྱོན་ནི། ཨེ་ལཱ་ཞེས་བྱ་བ་ལ་སོཌ ་བ་གསུངས་སོ། །སྐྱོན་གསུམ་བྱེད་པའོ་ཞེས་བྱ་བ་ནི། རླུང་དང་འཁྲིས་པ་དང་བད་ཀན་བྱེད་པའོ། །ཕོ་བ་རིས?་ཀྱི?་རྣམ་པ་དང་སྟེང་དུ་འགྲོ་བ་ཞེས་བྱ་བ་ནི། ཆུ་ལ་གང་ཞིག་སྟེང་དུ་འགྲོ་པ་དེའི་མ་ནུབ་པར་འགྲོ་བའི་དེ་ཎུ་ཀཱ་ནི་འགལ་བའོ། །སྔོ་བསངས་མ་ལ་ནི་ལྗང་གུ ་ཆ་དང་བྲལ་བ་ཞེས་བྱ་བ་ནི། དྲི་བར་ཀུ་ལྗང་གུ་ཆ་དང་བྲལ་བ་ནི་འགལ་ལ་ཞེས་བྱ་བའི་དོན་ཏོ། །ཕྲ་བ་ཞེས་བྱ་བ་ལ་སོགས་བས་ནི། གུར་གུམ་གྱི་སྐྱོན་གསུངས་སོ། །དམང་པོ་ལས་སྐྱས་པ་ནི་གུར་གུམ་སྟེ་དེ་ལྟ་བུ་ནི་ཐ་མའོ་ཞེས་བྱ་བར་མཁས་པས་ཤེས ་པར་བྱའོ་ཞེས་བྱ་བ་ལྷག་མའོ། །འཁོར་ལོ་ཞེས་བྱ་བ་ནི་ཤིན་ཏུ་བལྟ་བའོ། །སྲིན་བུ་ཞེས་བྱ་བ་ནི་སྲིན་བུ་ལས་སྐྱེས་པ་སྡེ?་སྦྲང་རྩིའི་དོན་ཏོ། །མཛེ་ཅན་སྤྲིན་ཞེས་བྱ་བ་ནི་མུ་སྟ་དང་འཁོར་ལོ་ལ་སོགས་པའོ། །བུམ་པ་ཞེས་བྱ་བ་ནི། ཤུན་པའི་མཐར་སྨན ་བསྒྲུབ་པ་སྟེ་ཁུ་བར་བྱེད་པ་ཡིན་ནོ། །ཡང་དེ་ནི་མྱུང?་བར་སྤག་པའོ། །རྫ་སྦྱང་བར་བྱ་བ་ནི། སྤྲིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སིངས་པོ་ནི་སྐྱུར་པོ་སྟེ་བཏགས་པར་གྱུར་པས་དག་པའི་སྤྲིན་ནོ། །དུས་ཇི་ཙམ་དུ་བཏག་པ་ཡིན་ཞེ་ན། ཉི་མ་གསུམ ་གྱིས་ཞེས་བྱ་བ་ནི་ཉི་མ་གསུམ་ཞེས་བྱ་བ་ནི་ཉི་མ་གསུམ་ཞེས་བྱ་བའི་དོན་ཏོ། །དེའི་དེ་མ་ཐག་ཏུ་སྦྱང་པར་བྱ་བ་ནི། རྙེད་ནས་ཡལ་ག་དང། བཙེས་ནས་ཞེས་བྱ་བ་ནི། ཛམ་བཱུ་དང་ཙཱ?་ཏ་དང་ག་པིཏྠ?་དད?། མ་དུ་ལུང་ག་དང། དཔལ་གྱི་འབྲས་བུ་གྲུབ་བོ། །བརྩེ ་བ་ཐོབ་པ་ནི་སྤྲིན་དག་པར་འགྱུར་བ་ཞེས་བྱ་བར་དགོངས་པའོ། །སིཧུ་ཛ་ལ་ཞེས་བྱ་བ་ནི། སི་གྲུ་ཛ་ལའོ། །གཅི་བ་ཞེས་བྱ་བ་ནི་རིའི་གཅིན་ནོ། །ཕྱི་ནས་དེ་དག་གིས་ཏེ་འདྲེས་པར་གྱུར་པ་དག་གིས་བཏགས་པས་དག་པར་འགྱུར་རོ། །ཅིར་གྱུར་པས་ཤེ་ན། ་བུ་རམ་སྐམ་པར་བྱ། བཅག་པའི་ཕྱེ་མ་ཞེས་བྱ་བ་ནི། གང་ལ་བུ?་སྐམ་པོ་དང། འབྲས་ཀྱི་སོ་བ་ཆག་པའི་ཕྱེ་མ་དེ་ནི་དེ་བཞིན་ནོ། །དེ་ཅི་ཞེ་ན། དང་པོ་ཞེས་གསུངས་པ་ནི། དང་པོ་ཞེས་བྱ་བའི་དོནྟོ། །དེ་ཡང་སྦྲིན་ཉིད་དོ། །ནུ་མ་ནི་ཨ་བ་ཀུ་ཙའོ། ? ་ཞེས་བྱ་བ་ནི་མཚན་མོའི་ཡུང་བའོ། །པིཙྪ་ལ་ཞེས་བྱ་བ་ནི། སྒོག་སྐྱའོ། །འདི་རྣམས་ཀྱང་སོ་སོ་སོ་སོར་སྔ་མ་བཞིན་དུ་བསྒོས་པའོ། །ཕྱི་ནས་མིག་སྣན་མཛེས་པ་དང། གླ་རྩི་དང་རའི་གཅིན་འདི་རྣམས་ཆ་མཉམ་པའི། ?་བ་དེས་བསྒོས་པ་དེ་ནི་འཇིག?་བར། ་འགྱུར་ཏེ་འཇིག་པར་མི་འགྱུར་རོ། །འདོད་ཆགས་ཀྱི?་སྐྱོན་སི་གྲུའི་ཆུ་དང། རའི་གཅིན་གྱིས་བསྒོས་པའི་བུ་རམ་སྐམ་པོ་དང། འབྲས་ཀྱི་ཆག་པའི་ཕྱེ་མ་ཡང་སྡངས་ནས། མིག་སྨན་མཛེས་པ་དང་རི་དགས་དང་རའི་གཅིན་ཀྱི་ཁུ་བས་བསྒོས་པས་ཨ་བ་ཀུ་ཙ་ལ ་སོགས་པ་གསུམ་པོ་རྣམས་ལ་བྱའོ། །དེ་ཉིད་ནི་མིག་སྨན་མཛེས་པ་རི་དགས་སར། །ཁུ་བའི་ཆས་ནི་ལྷན་ཅིག་བསྒོ། །འདི་དག་གསུམ་པོ་འདུས་པས་ནི། །འདོད་ཆགས་འཇིག་པར་མི་ནུས་སོ་ཞེས་བྱ་བ་སྟེ། སི་གྲུའི་ཚུལ་སོགས་པ་གསུམ་པོ་འདི་དག་ནི་མི་འཐད་དོ? ་ཞེས་བྱ་བའི་དོན་ཏོ། །དང་པོར་ཞེས་བྱ་བ་ལ་སོགས་པས་ནི། ཁཊཊ་སིའི་སྦྱང་པ་གསུངས་པ་ནི། རྣོན་པོས་དང་པོར་ཤཱ་ཡི་ཙའི་སྤུ་གཞོན་མོ། །ཁྱོགས་ཞོན་པ་ལག་ཐབས་པ་གདུང་ཞེས་བྱ་བ་ནི། ཡལ་གའི་ཆུ་རྣམས་ཀྱིས་སྟེང་དུ་ཁྱོགས་ལྟ་བུར་རླངས ་པས་གདུང་བར་བྱའོ། །རྩ་བའི་ཆུ་ཞེས་བྱ་བ་ནི། མཛེས་པའི་མིག་སྨན་གྱི་རྩ་བའི་ཆུའོ། །ར་ཞེས་བྱ་བ་ནི། རིའི་ཆུ་སྟེ། ཛ་ཕྱིས་པའི་ཕྱིར། དེ་དང་དེའི་གཅིབ་དག་གིས་བསྒོས་པའོ། །ལྟག་མ་ཞེས་བྱ་བ་ནི། ཕྱི་མའོ། །རྩར་སོན་ཞེས་བྱ་བ་ནི། མིག་སྨན ་མཛེས་པའི་རྩ་བར་ཕྱིན་པ་སྟེ། གྱིས?་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཅི་ཞེ་ན། ཀེ། ཀི་ཁ་སྦྱོར་ཞེས་བྱ་བ་ནི། ཀེ་ཏ་ཀིའི་ཁ་སྦྱོར་རོ། །བློའི་ཁྱད་པར་གྱིས་ཞེས་བྱ་བ་ནི། བློའི་ཁྱད་པར་གྱིས་ཀ་ཏ་ཀའི་ཁ་སྦྱོར་དུ་སོན་པས་ཤཱའི་ཛ་བྱས་ནས་མིག་སྨན་མཛེས?་བཱི? ་རྩ་བས་ཀེ་ཏ་ཀའི་ཁ་སྦྱོར?་དཀྲ?་བར་བྱའོ་ཞེས་དགོངས་པའོ། །དེ་ལྟར་བྱས་ནས་འབྲུ་མར་རྣོན་པོ་ལ་སོགས་པར་བཙེ་བར་བྱའོ་ཞེས་བྱ་བ་ནི། རྣོན་པོ་ཞེས་བྱ་བ་ལ་སོགས་པS་གསུངས་ཏེ། རྣོན་པོའི་མར་ཁུ་ནི་ཚ་བའི་འབྲུ་མར་རོ། །སིངས? ་པོ་ནི་རབ་ཏུ་གྲགས་སོ། །རྡོ་རྗེ་ནི་སྣུ་ཧིའོ། །དེའི་འོ་མ་ནི་དེའི་ཞོའོ། །རྫས་འདི་ཞེས་བྱས་པ་ནི། འདི་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །བ་ཙཱའི་སྦྱང་བ་ནི་ཡུང་བ་སྦྱང་བ་ལྟ་བུ་སྟེ་དེ་ཉིད་ཀྱི་ཕྱིར། བ་ཙཱ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟླ་བ་ཞེས་བྱ་བ ་ནི་ཤེ་ཕཱ་ལི་ཀཱའོ། །མང་ཞེས་བྱ་བ་ནི་བྲག་ཞུན་ནོ། །ཡུ་དཱ་ལ་ཀེ་ཞེས་བྱ་བ་ནི། ཨེ་རཎྜའོ། །འདིས་ནི་འདི་བརྗོད་དེ། ཤེ་ཕཱ་ལའི་ཡུ་བ་དང་བྲག་ཞུན་གྱིས་བསེངས་ནས། ཨེར་ཎྜའི་འདབ་མ་ཁ་སྦྱར་དུ་བྱས་པ་ཉིད་བ་ལང་གི་ལྕི་བས་འདབ་མ་ཁ་སྦྱོར་གྱི་ཕྱི ་རོལ་བྱུགས་ནས་ས་ལ་བཞག་ཅིང་འཚེད?་པར་བྱེད་ན་དེ་དག་པར་འགྱུར་རོ། །དབྱིག་བསྣུན་ཞེས་བྱ་བའི་སྒྲས་ནི་དར་བའོ། །བཀྲ་ཤིས་ཞེས་བྱ་བ་ནི་དཔལ་གྱི་འབྲས་བུའོ། །པཱུ་ཀ་ཞེས་བྱ་བ་ནི། ཀུ་སུ་མ་བྷའོ། །འབྲས་བུ་ཞེས་བྱ་བ་ནི། བཀྲ་ཤིས་ཀྱི་འབྲས ་བུ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་བརྗོད་དེ། དབྱིག་པ་བསྣུན་པས་བསྒོས་པ་དང་དེའི་རྗེས་སུ་བཀྲུས་པ་དང། བཀྲ་ཤིས་ཀྱི་འབྲས་བུའི་ཁོང་དུ་སོན་པའི་ཀུ་སུམ་བྷ་བཅེས་ན་དག་པར་འགྱུར་རོ། །མར་ཁུས་མུ་ཟི་ཞེས་བྱ་བ་ནི། དྲི་ལྡན་འབྲུ་མར་གྱིས ་བསྐོལ་བས་དག་པར་འགྱུར་རོ། །བ་ལང་ཀི་ཤས། །ལྡོང་རོས་ཞེས་བྱ་བ་ནི། བ་ལང་གི་ཤས་ལྡོང་རོས་སོ། །བ་ལང་ལྕི་བས་ནི་ཞེས་བྱ་བ་ནི། བྱ་གྷི་སེན་མོར་རྟོགས་པ་ཡིན་ནོ། །སིངས་པོར་ནི་བྲག་ཞུན་ནོ། །ཀུ་སུ་མ་དང་མར་བཅས་ཤིང་ཞེས་བྱ་བ་ལ་ཀུ་སུམ ་ནི་གུར་ཀུམ་མོ། །དེ་དང་མར་དུ་ལྡན་པས་དག་པར་འགྱུར་ཏེ། བཙེ་བ་ཐམས་ཅད་ཉིད་ལའང་བལྟ་བར་བྱའོ། །མདུང་པ་ཞེས་བྱ་བ་ནི་མདུང་པ་ཅན་གྱི་འདབ་མ་སྟེ། པ་ཡང་གི་གཅིན་གྱིས་བཅོམ་ལ་བསྐོལ་ལོ་ཞེས་བྱ་བའི་དོན་ཏོ། །ཁྲག་གིས་བྱ་རོག་ཅེས ་བྱ་བ་ནི། ཨ་ཀ་རུའོ། །བ་ལ་བ་གས་ཞེས་བྱ་བ་ནི་སིཧལའོ། །མེ་ཏོག་ཅེས་བྱ་བ་ནི། སྦྲང་རྩི་སྟེ་བསྒོས་ན་འགྲུབ་བོ་ཞེས་བྱ་བར་དགོངས་པའོ། །སྦོམ་པོ་རྣམ་པ་དགུ་ཞེས་བྱ་བ་ནི། སྒོ་དགུ་ལས་བྱུང་བའོ། །རྫས་རྣམས་ཁུ་བར་བྱེད་བ་པོ་ཞེས་བྱ་བ་ནི། དེ་ནི་རྣམ་པ་དགུ་སྟེ ་རྫས་རྣམས་ཞེས་བྱ་བ་ནི། སྙིང་སྟོབས་རྣམས་སོ། །ཁུ་བ་ཞེས་བྱ་བ་ནི། རྡུལ་དུ་བྱེད་པའི་ཕྱིར་དེ་ནི་དེ་བཞིན་ཏེ། བྱང་ཆུབ་སེམས་ཀྱི་བྱེད་པ་པོ་ཞེས་བྱ་བར་ཡང་བལྟ་བར་བྱའོ། །གང་གི་ཕྱིར། རྡུལ་དང་རྫས་དག་གིས་སེམས་ཅན་རྣམས་བསྐྱེད་པ་དང་གནས་པ ་ཡིན་ནོ། །བཅུད་ལས་སྐྱེས་བ་ལྷག་མ་ཉིད་ཅེས་བྱ་བ་ནི། དེའི་བཅུད་ལས་སྐྱེས་པའི་ལྷག་མ་ནི་རྡུལ་ཏེ། མེ་ཏོག་ཅེས་བྱ་བའི་དོན་ཏོ། །ལེན་ནི་སྙིང་སྟོབས་སྡུད་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཏེ། སྙིང་སྟོབས་སྡུད་པ་ཞེ་བྱ་བ་ཆོ་གནས་པར་འོང་བ་དང་འདིས ་ལེན་པར་བྱེད་པས་སེམས་ཅན་རྣམས་ཀྱི་ལེན་པ་ནི་སྙིང་སྟོབས་སོ། །བཅུད་ཀྱང་ཡིན་ལ་ལེན་པ་ཡང་ཡིན་པ་དེ་ནི་བཅུད་ཀྱིས་ལེན་ཡིན་ཏེ། འདིར་ཡང་བཅུད་ཀྱིས་ལེན་གྱི་སྒྲར་བརྗོད་དོ། །སྦོམ་པོ་བཤད་ནས་ཕྲ་མོ་བཤད་པའི་ཕྱིར། མུན་པ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །བཅུད?་གྱི་བཅིང་དང་སད་པ་ནི་ཞེས་བྱ་བ་ནི། བཅུད་ཕྱིར་གསོ་བའོ། །དང་པོར་ཡོངས་སུ་བཙེ་ཞེས་བྱ་བ་ནི། དང་པོར་སྦྱངས་པའོ། །བཅིང་སོགས་སྐྱོན་ནི་བརྒྱད་ཅུ་རྣམས། །བྱེ་བྲག་ཕྱེད་པའི་བློས་ནི་ཞེས་བྱ་བ་ནི། སྐྱོན་བརྒྱད་ཅུ་བཅིངས་ནས་ཤེས་པར ་བྱས་ནས་དང་པོར?་སྦྱང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅུད་དཀའ་བར་གནས་པ་ཡིན་ཏེ། སྐྱོན་སྣ་ཚོགས་པའི་ཕྱིར་རོ། །ཁ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། །འཁྲུལ་འཁོར་ཁ་ཆེན་པོ་རྣམས་ཀྱི་ནང་དུ་གང་ཞིག་རྒོད་མ་དང། ཀཱ་རཎྜ་ཞེས་བྱ་བ་རྣམས་སོ། །རྫ ་?་རྣམ་མའི་ནང་དུ་འགྲོ་བ་དེ?་ནི། བོང་བུ་དང་རྫུ?་?་གདོང་ཡིན་ནོ། །ད་ནི་འཁྲུལ་འཁོར་ཁ་ཆེན་པོ་རྟོགས་པར་བྱ་པའི་ཕྱིར། །པ་ཆེན་པོ་ནི་རོང་པ་དང་མཉམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་འཁྲུལ་འཁོར་འཇིམ་པའི་རང་བཞིན་གྱི ་སྦུ་གུ་ནང་དུ་གནས་པ་དེ་ནི་ཁ་ཆེན་པོ་ཞེས་བརྗོད་དོ། །ཀཱ་རཎྜ་ཞེས་བྱ་བ་ལ་སོགས་པས་ནི། ཀཱ་རཎྜ?་ཞེས་བཤད་དོ། །ནང་དུ་རལ་གྲི་ཤུབས་ཀྱི་རྣམ་པའི་སྦུ་གུ་དང་ལྡན་པ་སྟེ། ག་རཎྜཱའི་འཁྲུལ་འཁོར་གྱི་ཁྱད་པར་རོ། །བོང་བུའི ་གདོང་ནི་ཀང་ཀའི་མགྲིན་པའི་སྦུ་གུས་མཛེས་བའོ། །རྔ་མོའི་གདོང་ཡང་ཕོ་རོག་གི་གདོང་གི་རྣམ་པའི་སྦུ་གུས་གང་ནང་དུ་མཛེས་པའོ། །སྦལ་པའི་དབྱེ་བ་ནི་ཚར་གཅད་པའོ། །ཞེས་བྱ་བ་ནི་སྦལ་པའི་དབྱེ་བའི་རྣམ་པའི་ཀྱོང་བུས་བཅུད་ཚར་གཅད་པར ་བྱའོ་ཞེས་བྱ་བའོ། །སྦྲང་རྩིའི་བཅོ་བ་ནི་དོང་པའི་ཁྱོགས་སོ་ཞེས་བྱ་བ་ནི། དོང་པ་དང་འདྲ་བའི་སྦུ་གུའིའ་ཁྲུལ་འཁོར་དུ་ཁྱེགས་ལ་ཆུས་མ་རེག་པར་བླངས་པས་སྦྲང་རྩི་བཅེ་བ་ནི་བཅིང་བའོ། །བུད་པའི་གཙེ་བ་ལ་ནི། །ཕོ་རོག་གི་མཆུ་ལྟ་བུ་སྦུ་གུ་ཅན་དུའོ་ཌ? ་གླང་བོའི?་བཅོ་བ་དང་སེང་གེའི་བཅོ?་བ་དག་ལ་ནི། འཁྲུལ་འཁོར་རལ་གྲི་ཤུབས་ཀྱི་རྣམ་བའི་སྦུ་གུའི་འཁྲུལ་འཁོར་རོ། །བསྲེགས་བ་དང་ཚར་བཅད་པ་དང། ཡིབ་པ་དང་སའི་འཁྲུལ་འཁོར་དུ་ནུབ་པ་ཞེས་བྱ་བའོ། །བཅུད་བསད་པ་རྙེད་པ་ནི་ཕྱིར་གསོ ་བའི་དོན་དུ་གླང་པོའི་སྣ་ལ་སོགས་པའི་ཁུ་བ་བྱིན་ནས་སྣ་ལ་གཞག་པར་བྱ་ཞིང། དེ་ནས་ཕྱིར་འཚོ་བར་འགྱུར་རོ། །ཤིན་ཏུ་ཡང་བཅས་ན་ཡང་ཡིབ་པ་དང་ཁྲོ་བ་དང་དོགས་པ་ཉིད་ལ་སོགས་པ་དང་བ?་དེ་རྣམས་ཉིད་ཀྱི་ཁུ་བ་བླུགས་ནས་བཙེ ་བར་བྱའོ། །རྩིབས་མ་ཡང་ཏ་གར་ལ་སོགས་བ་རྣམས་ཀྱི་ཆ་ཡིས་སྦྱིན་པར་བྱའོ། །ཆ་སོ་སོར་དེས་པ་བཅིང་ངོ་ཞེས་བྱ་བ་ནི། བཅུད་ཀྱི་ཆ་གཅིག་དང་སྨན་རྣམས་ཀྱི་ཆ་ལྔའི་ཁུ་བ་དང། རྩིགས་མ་ཡང་ཞེས་བྱ་བའི་དོན་ཏོ། །དང་པོ་ཞེས་བྱ་བ ་ལ་སོགས་པས་བཙུད་སྦྱང་བ་གསུངས་ཏེ། ལྷག་མ་ནི་བཤད་ཟིན་ཏོ། །ཀླུའི་འདབ་མ་ནི་བཎྜཱ་སའོ། །མར་དཀར་ནི་དྲི་ལྡན་ཏེ། བཅུད་བྱང་གང་གིས་སམ་སུ་ཡིས་ཀྱང་རྒྱལ་བའོ། །མཚོ་སྐྱེས་ཞེས་བྱ་བ་ནི་ལན་ཚ?་སྟེ། སེན་དུ་ནས་བྱུང་ཞེས་བྱ་བའི ་དོན་ཏོ། །གང་ཞིག་བསྐུམ་ཏེ་བྱས་པས་མཛེ་ནད་འཇིག་བར་བྱེད་པའོ། །འཛག་པ་དང་ཞེས་བྱ་བ་ལ་སོགས་པས་ནི། སྨན་དག་གོ་།རྨོངས་པར་བྱེད་པ་ནི་བཅུད་རྒྱལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཀ་ན་ཀའི་ཁུ་བ་ནི་རང་གི་ཡོན་ཏན་ཐམས་ཅད་སོ་སོར ་བྱེད་པ་སྟེ། བཅུད་ཀྱི་རྒྱལ་བ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ནི། འབྲས་བུ་གསུམ་སྟེ། ཇི་ལྟར་འབྲུ་མར་བླང་བ་དེ་བཞིན་དུ་སྔོན་དུ་གསུངས་པ་ཉིད་དོ། །འཛིན་མ་ཕྱོགས་བཅུས་གཏོར་ཞིང་ཡུག་ཅེས་བྱ་བ་ནི། ཏིལ་ནག་བོ་རྣམས་སྐྱུ་རུ ་རོའི་རྩ་བའི་ཆུས་བསིང་བ་དང་དེའི་རྩ་བ་བཏགས་པས་བྱུག་པར་བྱ་བའོ། །ཕྱི་ནས་འཛག་པའི་བདུག་བ་སྦྱིན་པར་བྱ་ཞིང་དྲིའི་ལོ་མ་ལ་སོགས་པ་རྣམས་ཀྱི་རྩིགས་མ་ཡོང། །ཀླུ་ཞེས་བྱ་བ་ནི་ནག་གེ་ཤ་རའོ། །མེ་ཏོག་ཅེས་བྱ་བ་ནི་ཛ་ཏིའི་མེ་ཏོག་གོ་།ཆུ་ནི ་བཱ་ལ་ཀའོ། །རལ་པ་ནི་སྤང་སྤོས་སོ། །ཏིལ་ལས་སྐྱེས་པ་ནི་འབྲུ་མར་རོ། །གནདྷ་བ་ཏྲཱ་ལ་སོགས་པའི་ཕྱེ་མར་འབྲུ་མར་བཅོ་བར་བྱའོ་ཞེས་བྱ་བར་དགོངས་པའོ། །ཆུ་ནི་མར་ཁུའི་བཞི་འགྱུར་དང་ཞེས་བྱ་བ་ནི། བཞི་འགྱུར་ཁོ་ནའོ། །ོ་ཀ་རུ་ནི་སྲང་ཕྱེད་དང་ཞེས ་བྱ་བ་ནི། ཨ་ཀ་རུ་སྲང་བྱེད་དོ། །བཞི་ཞེས་བྱ་བ་ནི། རྩིགས་མ་གཞན་པའི་བཞི་ཆ་ཡིས་ཞེས་བྱ་བའི་དོན་ཏོ། །རྩིགས་མའི་བཞི་འགྱུར་ནི་འབྲུ་མར་ཞེས་བྱ་བར་དགོངས་པའོ། ། ཀ་རུའི་སྲང་ཕྱེད་ཀྱི་གྲངས་ཀྱིས་ནི་ཐམས་ཅད་དུ་གཟུང་བར་བྱའོ། །ཡང་ནི ་རྫ?་ཊི?་ཞེས་བྱ་བ་ལ་སོགས་པས་ནི། འབྲུ་མར་གཉིས་པ་གསུངས་སོ། །ཛ་ཌི་ལཱ་ནི་སྤང་སྤོས་སོ། ། བུ་ནི་བཱ་ལ་ཀའོ། ། སི་ཏ་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཏེ། ཨཾ་སྦྱ་བུ་ཞེས་གང་ལ་རབ་ཏུ་གྲགས་པའོ། །གོང་མའི་ཚད་ཉིད་དོ། །ཡ་ལམ་ལའི་ཆུ་སྲང་གཅིག ་ཅེས་བྱ་བ་ནི། བསྲེས་པའི་རྫས་ཀྱི་ཕྱིར་སྲང?་གཅིག་ཆུ་ལ་བླུགས་པར་བྱའོ། །ལྷ་མོ་ནི་སྤྲི་ཀྐའོ། །ཧ་ནུ་ནི་ས་ཧཱའོ། །དེ་ཉིད་དུ་ལྷ་མོ་ལ་སོགས་པ་གཞུག་པར་བྱའོ། །དོང་པོའི་སྦྱོར་བར་གཞུག་པར་བྱ་ཞེས་བྱ་བ་ནི། ཉི་མ་ལ་བསྲོ་བས་དོང་པའི་སྦྱོར་བ་ལ་གཞུག་ཅིང་ ་བསྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་པའོ། །ཁ་ཅིག་ན་རེ། བཅོས་པའི་མར་ཁུའི་ངལ་གསོ་དང་བདུག་པ་དང་ལྷག་པར་གནས་པའི་ཕྱིར་དོང་པའི་སྦྱོར་བར་གཞུག་པར་བྱའོ་ཞེས་ཟེར་རོ། །ཙ་ལ་ནི་སོ?་སླེའོ?། །འདི་རྣམས་བཞི་ཡིན?་ཆ ་གཅིག་གོ་།ལྔ་པའི་ནི་དྲུག་པའི་གྲངས་ཀྱི་ཆའོ། །དྲུག་པའི་ནི་བདུན་པའི་གྲངས་སོ། །བདུན་པའི་ནི་བཅུ་གཉིས་ཀྱི་གྲང་སོ། །བཏོན་ཅིང་ཐར་སྦྱིན་བཙུན་མོ་ཉིད་ཅེས་བྱ་བ་ནི། གང་གི་ཚེ་ཚངས་པར་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པ་དེའི་ཚེ་ཐར་པ་སྦྱིན་པའི་ཞེས ་བྱ་བ་ནི། བྱང་ཆུབ་སེམས་ཀྱིའོ། །བཏོན་ཞེས་བྱ་བ་ནི། འབྱིན་པའོ། །བཙུན་མོ་ཉིད་ཅེས་བྱ་པ་ནི་གཟུངས་མ་ཞེས་བྱ་བའི་དོན་ཏོ། །ཞེ་པ་དང་ཞིབ་པ་མ་ཡིན་པ་དང་སྦྲང་རྩིས་བཟའ་བར་བྱའོ། །རྐུན་མ་ཞེས་བྱ་བ་ནི། རྒན་མོ་གཞོན་ནུད་བྱེད་པའོ། །?གི་ཞེས ་བྱ་བ་ནི། བུང་བའི་རྒྱལ་པོའོ། །མཚན་མོ་ཞེས་བྱ་བ་ནི་ཡུང་བའོ། །འབྱུང་མགོན་ཞེས་བྱ་བ་ནི། འགི་ཝང་ངོ། །དུས་ཀྱི་རླུང་དང་ཉི་མ་ཉིད་ཅེས་བྱ་བ་ལ། དུས་ནི་ཤིན་ཏུ་དགའ་བ་སྟེ། འདིར་བྱ་བ་བྱེད་པ་ན། ཐསྐེ?་ཐན་ཀེ་ཏ་?་ཏ་རུ?་བེན་?་ཀེ་པ་ལ་ལུས་སུ་ཧི?་ལ་མ་ཀཱི?་ཏེ་སེ? ་?་ལི་ཀེ་ལི?་ཨ་ཐེ་བ་ཐེན་ཀུ་ན་ཐེ་ཨ་ན་པ་ཏི་དྷ་ན་ཏི་ཀ་སེ་ཀ་སེ་གྷ་སེ་གྷ་སེ་མཧཱ་གྷ་སེ་གྷ་སེ་གྷ་སེ་སྭཱ་ཧཱ། ཨོཾ?་པིངྒ་ལཱཀྵཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། མིག་སེར་པའོ། །གང་དུ་རྟོགས་པར་བྱ་ཞེ་ན། ན་ཨ་མོ་ཊེ་ཞེས་བྱ་བ་ལ་སོགས་པར་རོ། །ཧི་མ་བྷནྟ་སས?་ཞེས་བྱ་བ ་ལ་སོགས་པའི་སྔགས་འདིའི་ཆོག་ནི། ཁྲུ་གང་ཙམ་བརྐོས་ནས་དེའི་འོག་གི་ས་ལ་ལན་བདུན་དུ་བསྔགས་པར་བྱས་ནས་དབུགས་མི་འབྱིན་པས་ཁྱིམ་གྱི་སྟེང་དུ་གཏོར་ན། ཇི་སྐད་དུ་གསུངས་པར་འགྱུར་རོ། །བ་ས་བྷ་ཏོ་ལེ་ཨ་ནཊཐི་ཨ་ཞེས་བྱ་བ་ལ ་སོགས་པས་ནི། སྔགས་ཀྱི་ལྷག་མར་གང་ཞིག་གསུངས་པ། བ་ལང་གི་གདོང་གི་ཆོ་ག་ཞེས་བྱ་བ་དང། གླང་གི་རྭེས་མདག་གཏོར་བ་བར་སྣང་ལས་བླངས་ཏེ་ཞེས་བྱ་བ་ནི། རང་གིས་གང་གི་ཚེ་རྒྱས?་གཏོར་བ་དེ་ཉིད་ཀྱི་ཆ་བླང་བར་བྱའོ། །འདི་ལ་ངེས ་པར་འཆོལ་བ་ཐམས་ཅད་རིམ་པའི་རབ་ཏུ་སྦྱོར་བས་རྟོགས་པར་བྱ་སྟེ། སྔགས་ཀྱང་དེ་བཞིན་ནོ། །འདི་སྐད་དུ་ཐམས་ཅད་གོ་སླའོ། །བཀས་སྤྲིན་བཟློག་པ་ཡང་འགྲུབ་པོ་ཞེས་བྱ་བ་ནི། ཨིརྠ་སས་ཏིཎྞ་ཛཧི་ཨཱ། །ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས། ཀ་ར་གཱི ་རའི་ལྕུག་མ་སྤུངས་པ་ཙམ་གྱིས་རླུང་དང་སེར་བ་ལ་སོགས་པ་བཟློག་པར་བྱེད་དོ། །ཆོ་ག་འདིས་རྟོགས་པར་བྱའོ། །བཅད?་ཏི་ཞེས་བྱ་བ་ནི། ཨོཾ་རཏན་ར་ཏི་སྭཱ་ཧཱ། འདིའི་སྔགས་ཀྱི་རབ་ཏུ་སྦྱོང་བ་ནི། བསྒྲུབ་བྱའི་བུད་མེད་ཀྱི་གཅིས་པའི་ས་བདག་ཉིད་ཀྱིས་གཅིས ་བའི་ས་གཅིག་ཏུ་བྱས་པ་ལ་སོགས་པ་དང། གཞན་ཡང་སྐྱེས་པའི་ཐོད་པ་ལ་བ་ལང་གི་འགི་ཝང་དང། ཨ་ལ་ཀ་ཏ་དག་གིས་བསྒྲུབ་བྱའི་དབྱིབས་ཕྲི་བར་བྱ་བ་ལ་སོགས་པ་ནས་དེ་ལྟར་ལས་ཀྱི་ཆོ་ག་ལང?་བྱའོ་ཞེས་བྱ་བའི་བར་དུ་གསུངས་པའོ། །དཔའ་བོ་ཁ ་བལྟས་པ་ཤི་བའི་རས་ལ་རི་མོ་བྲིས་པས་གང་སྤྲས་པའི་ཡན་ལག་ཅན་ཞེས་བྱ་བ་ནི། ཨོཾ་ཛམྦྷི་མོ་ཏེ་ཞེས་རྟོགས་པར་བྱའོ། །རྐང་པ་བརྒྱད་པའི་སྔགས་ནི་རིག་པའི་རྒྱལ་པོ་སྟེ། དེའི་ཁྱད་པར་དང་སྤྱིའི་ལས་རྣམས། གཟུངས་བརྒྱད་པ་ནི་གང་ཞིག་རྟག་ཏུ་ཟློས ་བདེ་ནི་འཆི་བ་ལས་རྒྱལ་བར་འགྱུར་རོ། །?་སེར་མའི་རབ་ཏུ་སྦྱོར་བ་ཡང་འགྱུར་རོ། །ཀཔྤཱ་རི་དཥྚཱི་ཅི་ཞེས་བྱ་བ་ནི། གཤིན་རྗེ་མཆེ་བ་གཙིགས་མ་སྟེ་སའོ། །ཀུམམཱ?་ས་ཎ་སུ་སཾ་ནྡྲི?་ཨོ་ཞེས་བྱ་བ་ནི། ཨུའི་སྟན་ལ་ལེགས་པར་གནས་པའོ། །མཛཛ་ཏྟསས?་ཞེས་བྱ་བ་ཙ། ་གྲངས་ཀྱི་འཁོར་ལོའི་དབུས་སུ་གནས་བ། པའི་སྡེ་མཚན་ཏེ། དེའི་མཛའ་ནི་མའོ། །མཛཛི་བུ་ནོ?་བི་ཙ་ཨུཏྭ་ཐི་ཨོ་ཞེས་བྱ་བ་ནི། དེ་ཉིད་ཀྱི་ཤའི་སྡེ་མཚན་གྱི་དབུས་སུ་གནས་པ་སྟེ། བཞི་པ་ནི་བྷའོ། །རབ་ཏུ་སྦྱོར་བས་དེ་ལ་གནས་པའོ། །ཛ་མ་དཾ་ཨ་ཨནྟོ ་ཞེས་བྱ་བ་ནི། གཤིན་རྗེའི་ཕྱོགས་སུ་གནས་པའི་ཧའི་སྡེ་ཚན་ཏེ། དེའི་མཛའ་ནི་ནའོ། །བྷ་དྷ་ཨུ་ཨ་རི་ཨེ་སི་ཨོ་ཞེས་བྱ་བ་ནི། བཟང་པོ་སྟེ་ཨའོ། །དེས་སྟེང་དུ་ལྡན་པའོ། །པུ་ཎོ་བི་ཀུམམོ་ཡ་མ་དཾ?་ས་པ་སཱ་ཨཾ?་ཨོ?་ཞེས་བྱ་བ་ནི། ཡང་དུ་སྦལ་ནི་ཨུ་སྟེ། ? ་ཏུ་བསྒྲུབ་པ་ནི་ལྡན་ཞེས་བྱ་བའི་དོན་ཏོ། །མྦྷོཙྪི་ཨ་བ་ཨ་ཎ་སཾ་ཛུཥཾ?་ཞེས་བྱ་བ་ནི་མྦྷའི་སྒྲས་ནི་ཡང་དག་པར་ལྡན་པའོ། ། གྒི་ཀུམམཱ་ས་ཎོ་ཎ་ཧོ་ཞེས་བྱ་བ་ལ། མེ་ནི་གཤིན་རྗེ་སྲུབ་མ་སྟེ་ཧའོ། །མགོན་པོའི་གདན་ནི་ཨུའོ། །བེ་ཎི་?་?ལོ ་སི་ཞེས་བྱ་བ་ནི། ཨོ་ཡིས་ཉེ་བར་འབར་བ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །པ་ཎི་པ་ཎི་བ་ཨ་ཎོ་ཛཝ་མོ་ཎ་ཡ་ཨོ་ཞེས་བྱ་བ་ནི། ཕཊ་ཕཊ་ཀྱིས་མགོན་པོའི་ཞལ་ཉེ་བར་འབར་བ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ། འདི་ནི་འདིའི་སྔགས་ཀྱི་བཏུ་བའོ། །འདི ་ནང་དུ་བཅུག་པ་ལས་ལས་ཐམས་ཅད་བྱེད་དོ། །དེ་ལ་རབ་ཏུ་སྦྱོར་བ་ནི། ཁྭ་གདོང་མ་ཞེས་བྱ་བ་ནི། །ཐཱི་གདོང་དང་ལྡན་པའི་བུད་མེད་བྲི་བར་བྱའོ། །སྐྲ་གྲོལ་མ་ཞེས་བྱ་བ་ནི། སྐྲ་གྲོལ་བ་ཅན་ནོ། །གཅེར?་བུ་མ་ཞེས་བྱ་བ་ནི། དེ་ཡང་གཅེར་བུ་མའོ། །ཟླ་བ ་ཕྱེད་པ་ཅན་ཞེས་བྱ་བ་ནི། དེའི་སྙིང་ཁར་ཟླ་བ་ཕྱེད་པ་བྲི་བར་བྱའོ། །རེ་མིག་ཏུ་བསྒྲུབ་ཅིང་ཞེས་བྱ་བ་ནི། དེ་ལ་ཟླ་བ་ཕྱེད་བར་མིག་དང་ལྡན་པར་བྱའོ། །སྣམ་བུ་གཉིས་པར་སྙིང་ཁར་ཡོངས་སུ་མཛེས་པ་ཞེས་བྱ་བ་ནི། སྙིང་ཁར་སྣམ་བུ་གཉིས་པ་དང་ལྡན་པར་དེ་ལྟར ་བྱ་སྟེ། དེ་ལ་འདི་བྲི་བར་བྱའོ། །ལས་ཀྱི་དོན་འདི་གང་ལ་བསྒྲག་པར་བྱ་བ་ནི། ལས་ཀྱི་དོན་དུ་འབྲས་བུ་སྟོར་བར་བྱེད་པའི་ཕྱིར་ཡང། གང་དུ་ཡང་དོན་འདི་བསྒྲག་པར་མི་བྱའོ། །ཇི་ལྟར་ལས་རྗེས་སུ་བཅོས་བས་རྒྱུད་ལས་གསུངས་པའི་ཆོགས་སྭ་བར་བྱའོ།། ་གལ་ཏེ་དབང་པོ་དང་ཚངས་པ་དང། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་རྣམས་ཀྱང་མངོན་སུམ་དུ་དཔུང་དང་གཞོན་པར་བཅས་པར་གྱུར་ཀྱང། །ཐག་དོང་མའི་སྙིང་གར་ཡང་དག་པར་གནས་པའི་འཁོར་ལོས་འཇིག་པར་འདོད་བ་ཡང་འཇིག་པར་འགྱུར་རོ།། ་བྷི་བྷི?་དྷུ?་ཨ་ཅེ་སར་ཁཎྜེ་ནུ་པི་ནུ་སོ་ཧི་ཨོ་ཞེས་བྱ་བ་ལ། བྷི་དྲི་ཀ་ནི་སའི་དབང་ཕྱུག་སྟེ་ཨོའོ། །བཅུ་གཉིས་པོ་འདི་རྣམས་ནི་སའི་དབང་ཕྱུག་ཅེས་བྱ་བའི་ཐ་ཚིག་གོ་།ཁཎྜེ་ནུ་བི་སོ་ཧི་ཨོ་ཞེས་བྱ་བ་ནི། ཨོ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། ་བུ་ཎོ་བ་མཛཛཧ?་ཛནདྷ?་ས་ཏི་ཨཾ་ཞེས་བྱ་བ་ལ། དབུ་མ་ནི་བའི་སྡེ་ཚན་ཏོ། །དེའི་བར་མ་ནི་བའོ། །ུཏྟ་ར་ཛཛ་ཧ་ཞེས་བྱ་བ་ནི། བྱང་གི་ཕྱོགས་སུ་གནས་པ་ནི་ཙའི་སྡེ་ཚན་ཏེ། དེའི་དབུ་མ་ནི་ཛའོ། །ར་བི་ཙཾ་ར་ཎ་ཀ་མ་ལ་སཾ་ཛུཏྟ་ཨོ་ཞེས་བྱ་བ་ནི། དེའི་འོག་ཏུ་ར་དང་ལྡན ་བའོ། །ཎྞོ?་རཏྟི?་མི་ཀི་རཱངཀ་སོ་ཧི་ཨོཾ་ཞེས་བྱ་བ་ནི་བདེན་བྲལ་གྱི་ཕྱོགས་སུ་གནས་པའི་ཝ་སྟེ། མི་ཀཱ་རིའི་མཚན་མ་ནི་ཨ་ཡིས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །ཛ་ལ་ཎ་ཧ་བྷི་དྷི་བ་རི་སི་ཨོཾ་ཞེས་བྱ་བ་ནི། འབང་བ་སྟེ་རའོ། །འབྱེད་པ་ནི་ཨོ་སྟེ་དེས་བརྒྱན?་ཅེས་བྱ་བའི ་དོན་ཏོ། །ུཏྟ་རསས་བ་ཏི་ཨཾ་ཞེས་བྱ་བ་ནི། བྱང་གི་དང་པོ་སྟེ་ཙའོ། །ཡང་མསས་ཨ་ནཏྟོ་ཞེས་བྱ་བ་ནི་ནའོ། །བས་ཧ་ཨུ་ཨ་རིཊཋ?་ཨིཾ་ཞེས་བྱ་བ་ནི་གླང་སྟེང་དུ་གནས་བ་སྟེ། ཨི་ཞེས་བྱ་བའི་དོན་ཏོ། །པ་བ་ནོ་ཞེས་བྱ་བ་ནི་ཡའོ། །རཎྜ་པ་སཱ་ཧི་ཨོ་ཞེས་བྱ་བ ་ནི། ཨེ་ལ་སེ་རབ་ཏུ་བསྒྲུབས་སོ་ཞེས་བྱ་བའི་དོན་ཏོ། །ཡ་མ་དཾཥཏི་ཎི་ཞེས་བྱ་བ་ནི་སའོ། །ཎེ་རི་ཨི་བ་ཨཾཊཋི་ཞེས་བྱ་བ་ནི། བདེན་བྲལ་དུ་གནས་པའི་ཝ་སྟེ། དེ་ལ་ཞེས་བྱ་བའི་དོན་ཨོ། །མོ་ཏཱ་བྷ་ཎ་བྷ་རཾ་ཨཾ་ཀུམམཾ་ཞེས་བྱ་བ་ལ། གཏི་མུག་མ་ནི་ཨའོ། །དེ་ཉིད་རྒྱན ་ཏེ་དེས་གང་པའོ། །ཡ་མ་མ་ཧི་ཎི་མོ་ཧ་བ་རི་ཨོཾ་སི་ཨཾ། ཞེས་བྱ་བ་ནི་གཤིན་རྗེ་སྲུབ་མ་སྟེ་ཧའོ། །གཏི་མུག་ཅེས་བྱ་བ་ནི་ཨ་སྟེ། དེས་ཡོངས་སུ་བརྒྱན་པའོ། །དེ་ལ་འདིའི་སྔགས་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། པ་ཧི་ཨཾ་ཀུམམཾ་ཞེས་བྱ་བ་ནི། དང་པོར་རུ་སྦལ ་ཏེ་ཨུའོ། །ུཏྟ་རསས་པ་ཊ་མཏྟ་བེཎྞི་སཾ་ཛུཏྟཾ་ཞེས་བྱ་བ་ནི། བྱང་གི་ཕྱོགས་སུ་གནས་པ་སྟེ་དང་པོ་ནི་ཙའོ། །དེ་ཉིད་ཀྱིས་གཉིས་པ་ནི་ཚ་སྟེ་དེ་དང་སྤེན?་པའོ། །བྷ་དྷ་ཨུ་ཨ་རི་སཾ་ཏཋི?་ཞེས་བྱ་བ་ནི་བཟང་པོ་སྟེ། ཨི་སྟེང?་དུ་གནས་པའོ། །ཡ་མ་དཱུ་ཨ་བ་བ་ཎཱ་ས་ཎཾ ་ཞེས་བྱ་བ་ནི། གཤིན་རྗེའི་ཕོ་ཉ་མ་སྟེ་ཥའོ། །དེའི་སྟན་ནི་ཆུ་བདག་ཅེས་བྱ་བ་སྟེ་ཊའོ། །ར་ཨི་མོ་ཧ་བྷ་བི་ཨཾ་ཞེས་བྱ་བ་ནི་རའོ། །གཏི་མུག་གིས་བསྒོམས་བ་ནི་ཨ་ཡི་བསྒོམས་པ་ཞེས་བྱ་བའི་དོན་ཏོ། །པུ་ཎུ་ཀ་ཥཱཀྑ་ཧི་ཨཾ་ཞེས་བྱ་བ་ནི། ཡང་ཀ་ཥ་ཞེས ་བྱ་བ་ནི། ཀྵར?་བསྒྲགས་པའོ། །པ་མ་དཱཾཥྚཱི?་ཌི་ཞེས་བྱ་བ་ནི་སོ?། །བྷ་དྷ་སི་ར་སོ་ཧི་ཨཾ་ཞེས་བྱ་བ་རི་ཡི་ཡིས་མཛེས་པའོ། །པུ་ཎོ་བི་དཾཥྚི་ཎི་ཞེས་བྱ་བ་ནི་སའོ། །ཎྞཻ་རི་ཏེ་ཨཱ་ས་ཎཾ་ཞེས་བྱ་བ་ནི། བདེན་བྲལ་དུ་གནས་པ་སྟེ། ཝའི ་སྟན་ནོ། །མོ་ཏ་ས་ཏ་སཾ་ཛུཏྟཾ་ཞེས་བྱ་བ་ནི་ཨཱ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཏ་ཏ་ས་བ་ར་མོ་ཧ་ས་ཏ་ཨ་པ་རེ་ཨོ་སི་ཨོ་ཞེས་བྱ་བ་ནི་དེ་བཞིན་དུ་ས་ཕ་རོལ་ནི་ཧའོ། །གཏི་མུག་ཅེས་བྱ་བ་ནི་ཨའོ། །དེ་ཉིད་?་དང་སྟེ། དེའི་ཡོངས་སུ་མཉེས་པའོ། ་གོ་སླ་བའི་ཕྱིར་ཐམས་ཅད་ནི་མ་བཀྲལ་ལོ། །དེ་ལ་འདིའི་སྔགས་ནི་ཨུཙྪི་བྷ་རཱོ་ཀྵ་སི་སྭཱ་ཧཱ། པུ་ཐསྨ་ཨཊཋ་ག་ཧི་ཨ་ཞེས་བྱ་བ་ནི། ཤར་གྱི་ཕྱོགས་སུ་གནས་པའི་ཀའི་སྡེ་ཚན་ཏེ། དེའི་བརྒྱད་པ་ནི་ཛའོ། །མཛཛ་ཨ་ཙེ་ཤུ?་རྟ་སཾ་ཛུཏྟཾ་ཞེས་བྱ་བ་ལ། དབུ་མ་ནི་པའི་སྡེ་ཚན་ཏེ་དེའི ་བཞི་པ་ནི་བྷའོ། །དེའི་ཡང་མཛའ་ནི་མ་སྟེ་དེ་དང་ལྡན་པའི། །ཏེ་ཧ?་རཎྜཱ་སི་ས་ལ་གྒི་ཞེས་བྱ་བ་ལ། དེའི་ནི་མྦྷའི?་འོ། རཎྜཱ་ནི་ཨེ་སྟེ། དེའི་སྤྱི་བོར་ལྷག་པའོ། །པུ་ཎོ་བ་མིཛཛཧནྟ་ག་ཧི་ཨཾ?་ཞེས་བྱ་བ་ལ། ཡང་དབུ་མའི་མཛའ་བླངས་པ་ནི། པའི་སྡེ་ཚན་གྱི་མཛའ་སྟེ་མ་ཞེས ་བྱ་བའི་དོན་ཏོ། །བྷི་དྷི་མ་ཨ་མཏྟོ་ཞེས་བྱ་བ་ནི་འབྱེད་པར་བྱེད་པའི་ཆད་གིས་མྱོས་བ་སྟེ། ཨོ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཛ་མ་མ་ཧཱ་ཎི་སཾ་ག་ཉི་མ་ཞེས་བྱ་བ་ནི། གཤིན་རྗེ་སྲུབ་མ་སྟེ། ཧ་གཟུང་བར་བྱའོ། །རཎྜཱ་ཀཎྜཱ་ཨབྷར་ཎོ་ཞེས་བྱ་བ་ནི། ཨེ་རྣ་བའི་རྒྱན་ནོ ་ཞེས་བྱ་བའི་དོན་ཏོ། །ོ་ཨནྟ་ས་ཧཱ་ཨོ་བི་ཧི་པ་རི་ཨོ་སི་ཨོ་ཞེས་བྱ་བ་ནི། ཆོ་གས་ཡོངས་སུ་མཉེས་པའོ། །དེ་ལ་འདིའི་ཆོ་ག་ནི། དང་པོར་ཨོཾ་དང་མཐར་སྭཱ་ཧཱ་ཞེས་བྱ་བའི་དོནྟོ། །ཐོད་པའི་ནང་དུ་གནས་པས་རྒྱལ་བར་འགྱུར་རོ་ཞེས་བྱ་བ་ནི། ཐོད་པ་ཁ ་སྤྱོར་ལ་བྲིས་ནས་གནས་པ་ལ་གྲོག་མོ་རི་ས་ལ་གཟུགས་བརྙན་བྱས་པའི་སྙིང་གར་གཞན་པའི་རབ་ཏུ་སྦྱོར་བའི་ཆོ་གས་མིང?་ནང་དུ་བཅུག་ན་རྱལ་བར་འགྱུར་རོ། །དེ་ལ་འདིའི་སྔགས་ནི་ཨོཾ་ཛམྦྷེ་མོ་ཧེ་སྭཱ་ཧཱ། ཡི་གེ་རེ་རེའི་བར་དུས་བྱས་པས་སྔགས་གཉིས་པོ ་འདི་གླང་གི་གཅིན་གྱི་འཆིང་བར་བྱེད་པའི་རིགས་པས་བཅུ་བར་བྱའོ། །འདི་ལ་?་གཉིས་སུ་བ་སྟེ། དེ་ལ་མུ་ཨོཾ་ཎི་ཀཱ་ཀ་ཀཱ་ས་ཁི་ཞེས་བྱ་བ་ལ་སོགས་བའོ། །དེ་ལ་འདིའི་སྔགས་ནི་མུན་གི་སརྦ་ཨི་མུན་གི་སརྦ་ཨི་མུ་ཎི་སརྦ་ས་ཨི་མུ་ཎི་ཧ་ལངྒ་ལེ་ཧི་པཱ་ད་མི་ཆེ་གེ་མོའི་ནུ་ཏ་ཏཱ་ཋ་བམྦྷཱ? ་མཾ?་སྭཱ?་ཧཱ། ཚར་གཅིག་གོ་།གཞན་ཡང་བརྗོད་པར་བྱ་སྟེ། ཨོཾ་ཀཱུ?་ཀཱུ?་ཀྵི་ཀཱ་ཀ་རུ་ཏེ་ཀ་པི་ཎོ་པ་ཧཱ་རི་ནི་ཆེ་ག་མོའི་ཛི་པི་ཏ་གི་ཧཡ་གཙྪ་ཀཱ་ཀི་ཡ་ཐཱ་སུ་ཁཾ་ཕཊ། སྔགས་འདི་ཉིས་ནི་རེ་ངས་པ་དང་སྐྲོད་པ་ལ་རབ་ཏུ་སྦྱོར་བར་བྱའོ། །ོཾ་ན་མོ་བྷ་ག་བ་ཏི་ཙཱ་མུཎྜ་ཞེས ་བྱ་བའི་སྔགས་སོ། །གཏུ་མོའི་གདོད་གི་རབ་ཏུ་སྦྱོར་བའི་སྔགས་འདི་ནི་སྦྱོར་བ་གང་དང་གང་ལ་སྔགས་མ་གསུངས་པར་ཆོ་ག་ཇི་ལྟར་བར་རྟོགས་བར་བྱའོ། །གྲངས་ཀྱི་འཁོར་ལོ་ལས་འདི་བཏུ་བར་བྱའོ། །བཞག་པའོ།། །།ཉི་ཁྲི་དང་ནི་སྟོད ་དག་དང། །དྲུག་བརྒྱ་ཞེས་བྱ་ལོ་ལེན་ཞེས་བྱ་བ་ནི། ཉིན་དང་མཚན་གྱི་དབུགས་རྣམས་འབྱུང་བར་འགྱུར་རོ། །ཉི་ཁྲི་ཆིག་སྟོང་དང་དྲུག་བརྒྱ་ཞེས་བྱ་བ་ནི། དྲུག་བརྒྱའོ། །ཇི་ལྟར་གྲངས་བྱ་ཞེ་ན། ཉིན་མཚན་ལ་དཔྱིག་གུ་དྲུག་ཅུ་སྟེ། སུམ་ཅུ་དང་ཆུ་ཚོད་དང ་ན་བྱུ་གུ་ཞེས་བྱ་བ་དོན་གཞན་མ་ཡིན་ནོ། །ལོ་ལ་ཡང་ཉི་མ་སུམ་བརྒྱ་དང་དྲུག་ཅུ་ལྷག་པར་འགྱུར་ཏེ། དེ་རྣམས་ཀྱི་གངས་རྣམས་ཀྱིས་ནི་ཕུམ་བུ་གཅིག་ལ་ཡིན་ནོ། །དགོངས་པ་ཅི་ཞེ་ན། བུམ་བུ་གཅིག་པ་ཡན་དབུགས་སུམ་བརྒྱ་དང་དྲུག་ཅུ་ལྷག་པའོ། ་དེ་རྣམས་ཀྱི་ཕུམ་བུ་དྲུག་ཅུ་རྣམས་ཀྱིས་ནི་ཉིན་མཚན་ལའོ། །གང་གི་ཚེ་སུམ་བརྒྱ་དང་དྲུག་ཅུ་ལྷག་པ་དང་དྲུག་ཅུའི་གྲངས་བྱིན་ནས་བརྩི་བར་འགྱུར་བ་དེ་རི་ཚེ་གསུམ་དྲུག་ཏུ་བྱས་ན་བཅོ་བརྒྱད་དང། དྲུག་དྲུག་ཏུ་བྱས་ན་སུམ་ཅུ་རྩ་དྲུག་ཅེས་བྱ་བའི ་རིམ་པས་ཇི་སྐད་དུ་གསུངས་པར་འགྱུར་རོ། །འབྱིན་དང་རྡུབ་པ་ཉིད་ཅེས་བྱ་བ་ནི། འཇུག་པ་དང་ཕྱིར་རྒྱུ་བའི་རླུང་ངོ། །དེ་བཞིན་ས་ནི་བཅུ་གཉིས་ཉིད། ཕྱི་རོལ་ཏུ་ནི་མཚན་བས་བཞག་ཅེའོ། །རྩིས་ཀྱིས་ཤེས་པར་བྱ་བའི་འཁོར་ལོ་གསུངས་པ་ནི། ་རྟོགས་པའི་བདག་ཉིད་ཅན་ཏེ། འདི་ཡང་རྒྱུད་ཉིད་ལས་གསལ་ལོ། །ཕྱི་ནས་འདི་ཉིད་ལས་གསལ་བར་འགྱུར་རོ། །དེ་ནས་དུས་ཀྱི་འགྲོ་བཤད་པ་ཞེས་བྱ་བ་ནི། དེ་རྣམས་སུ་རེ་མིག་བཅུ་གཉིས་པོ་རྣམས་སུ་གོང་མ་བཞིན་དུ་ཐམས ་ཅད་བྲི་བར་བྱའོ། །རོ་ཧི་ཏ་ལ་ནོར་རྒྱས་བུ། གཏི་མུག་འཇོག་པོ་དེ་བཞིན་ཏེ། །བཟང་པོའི་གཟུགས་ནི་སྟོབས་ཀྱི་རྒྱུ། །གླང་ནི་པདྨ་ང?་ཤེས་པར་བྱ། །དེ་བཞིན་དུ་སྤལ་ཆུ་སྐྱེས་ཆེ། །ཆུ་སྲིན་དྲུང་དུ་བརྗོད་པ་སྟེ། །ར་ཎ་ཌཱ་མཛའ་ཡས་སུ་ནི་བརྗོད ་རིག་ལྡན་གྱིས་ནི་མི་ཀི་རེ། །མགོ་པོ་བརྒྱ་པ་འབྱེད་པ་ཉིད། །བྱུ?་ཀུ་ལིས་ནི་ཡིད་འགྲོ་སྟེ། །རྨི་ལམ་ནས་ནི་གཙིགས་པ་ཉིད། །ས་ལ་ས་ལ་ཆར་འབེབས་ཏེ། རྟེན་ཅིང་འབྲིལ་འབྱུང་རང་བཞིན་ལས། །འདི་དག་བཅུ་གཉིས་ལྷ་མོ་ཆེ་ཞེའོ། ། ་གང་ལ་བཟའ་རྣམས་ཡིན་པ་དེ་ལ་ཀླུ་རྣམས་ཞེས་གསུངས་པ་དས?་འདི་དེ་ལ་ཡང་སྐྱེ་བ་དང་ཚེས་དང་ཕུང་པོ་བགྲངས་པས་སྐར་མ་རྣམས་དང་ཕུང་པོ་རྣམས་ཀྱང་ངོ། །དེ་སྐད་ས་ནི་མཉམ་ཞེས་ནས་ཞེས་བྱ་བ་ནི། གནས་མཉམ་པར་ཤེས ་པར་བྱས་ནས་ཇི་སྐད་དུ་གསུང་སྤའི་རིམ་པས། ཧོ་རཱ་ཞེས་པས་ལག་པས་རེག་པས་སམ་མེ་ཏོག་བསྒྱུར་པས་སམ། །བརྩི་བས་དགེ་བ་དང་མི་དགེ་བསྒྲག་པར་བྱ་སྟེ། འཁོར་ལོ་ཐམས་ཅད་ལ་འདིའི་རིམ་པས་ཏེ། དེས་གཅིག་ཏུ་བསྟན་པར ་བྱའོ། །དགའ་དང་ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་བཞིའོ། །སྐད་ཅིག་མ་ཉིད་ཅེས་བྱ་བ་ནི་བཞིའོ། །འབྲས་བུ་ཡན་ལག་འགྲོ་བ་དང་དབྱེ་བ་ཞེས་བྱ་བ་ནི་འགྲོ་བ་དྲུག་གོ་།འདི་ལ་སུམ་འགྱུར་མྱུར་བ་ནི། ཐམས་ཅད་ཚིག་རྐང་བཞི་ཡིས་དགང་ཞེས་བྱ ་བ་ནི། བཞི་པོ་རྣམས་ཀྱི་ཚིག་རྐང་ཡོངས་སུ་དགང་ངོ་ཞེས་བྱ་བའི་དོན་ཏོ། །གང་གི་དགེ་བ་དང་མི་དགེ་བ་ཤེས་པར་བྱ་བ་དེའི་མིང་གཞུག་པར་བྱས་པའོ། །མདུད་པ་སྤངས་པ་འབྱུང་བ་ཉིད་ཅེས་བྱ་བ་ལ། འཁོར་ལོ་བཅུ་གཉིས་ཀྱི་མདུད་པ་སྤང་པ ་ཉིད་དེ། །དབྲི་ཞེས་བྱ་བའི་དོན་ཏོ། །ལྷག་མའི་དུས་འབྱུང་བ་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་སྟེ། ངེས་ན་རོ་ཧི་ཏ་བ་སོགས་པ་རྣམས་ཀྱི་བསྔགས་པ་རྒྱུད་ལས་ཇི་སྐད་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཐམས་ཅད་ཀྱི་ལྷག་མར་གྱུར་བ་ནི་གོ་སླའོ ་ལེའུ་དགུ་པ་ལས་གང་ཞིག་གསུངས་པ། རྩུགས?་རྣམས་ཀྱི་ནི་རྒྱུ་བྲལ་ཕྱིར། །རྒྱུ་བྲལ་གྱིས་ནི་བསྣུན་བར་བྱ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་རྒྱུ་དང་རྐྱེན་དང་དགེ་པ་དང་མི་དགེ་བའི་ལས་རྣམས་ལས་འོངས་པ། དེས་སོན་བ་གང་ཞིག་སྲོག་སོང་བ་ཞེས་བྱ་བ ་ཇི་སྙེད་པ་སྟེ། དེ་རྣམས་ལ་བསྣུན་ལ་བ་ལང་གླང་བར་བྱའོ། །རྒྱུ་བྲལ་གྱིས་ནི་ཞེས་བྱ་བ་ནི། བདག་དང་བདག་གི་གཞན་དུ་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཁོ་ན་ཉིད་རིག་པ་དང་ཇི་ལྟ་བ་བཞིན་དུ་སྔོན་མ་དང་ཕྱི་མ་ཡོངས་སུ་དག་པའི་དོན་ཤེས ་པ་མཁས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་རྒྱུད་གཞན་རྣམས་སུ་ཡང་རྟོགས་པར་བྱའོ། །འདི་ཇི་ལྟར་ངེས་པར་ནུས་ཤེས་སྙམ་པ་ལ། མ་དང་ཡང་ནི་ཕ་དང་ཡང། །རྒྱལ་པོ་བྲམ་ཟེ་གཙང་གཉིས་དང། །ཡུལ་འཁོར་འཁོར་དང་བཅས ་བཅོམ་ན། །བྲམ་ཟེ་སྡིག་པ་མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །འདུལ་བ་ལ་སོགས་པ་ལས་ཀྱང་དེ་བཞིན་དུ་བསྟན་པའི་ཕྱིར། ཇི་ལྟར་འདི་ལ་སྲེད་པ་དང་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་བཅོམ་པའི་དོན་དུ་གསུངས་པ་དེ་བཞིན་དུ་འདི་ལ་ཡང ་ལུང་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་བའི་ཕྱིར་རོ་ཞེས་སེམས་པའོ། །ཡིན་མོད་ཀྱི་དེ་ལྟར་བདག་ལ་ཡང་བལྟ་བར་བྱ་སྟེ། ནོར་བཟངས་ནི་འཇིག་རྟེན་པ་གསེར་ལ་སོགས་པར་བརྗོད་དེ། གལ་ཏེ་ནོར་བཟང་ཞེས་བྱ་བའི་མིང་ཙམ་དུ་རྣམ་པར་བཤད་དེ། འདིར་འགྲོན ་དུ་གཅིག་ཙམ་ཡང་ཡོད་བ་མ་ཡིན་ནོ། །དེ་བས་ན་བདེན་པ་མེད་པའི་རྟོག་གེ་ལ་ཞུགས་པའི་ཕྱིར། བདག་ཉིད་ཉམས་པར་བྱེད་པའི་ཕྱིར་རོ། །བརྡའི་དོན་གྱི་ཕྱིར་སྒྲའི་དོན་དག་གི་ཁྱད་པར་ནི་མ་མཐོང་ངོ། །གཞན་ཡང་སྐྲོད་པར་བྱེད་པ་ལ་སོགས་པ་དེའི་ཡང། ་གདུལ་བར་བྱ་བའི་ཕྱིར། གསལ་བར་ནུས་པས་བྱའོ། །དེའི་ཉམས་སུ་མྱོང་བ་རབ་ཏུ་བསྟན་པ་སྟེ། ཡང་གསང་བར་བྱ་བ་མ་ཡིན་ཞིང་སྙིང་རྗེས་ཐམས་ཅད་དུ་བྱ་བའི་ཕྱིར་རོ། །བཅས་པའོ། །གཏོར་མའི་སྣོད་དུ་ཨོཾ་ཧཱ?་ར་ཞེས་བྱ་བ་ལ ་ཨོཾ་ཧཱ་ར་ནི་གཟའ་བའ་ཨི་རྫས་ལ་སོགས་པ་རབ་ཏུ་མང་པོར་གྱུར་པ་རྣམས་ཀྱིས་ཁ་ཟས་ལ་རྣལ་འབྱོར་མདུ?་མ་རྣམས་ཀྱི་གཅིག་ཏུ་འདུས་པས་གྱུར་པ་ཉིད་དོ། །གཏོར་མའི་སྣོད་དུ་ཞེས་བྱ་བ་ནི་དེའི་སྣོད་ཐ་དད་པར་རོ། །ཤ་རློན་ལ་སོགས་ཉ་ཤ་དང་ཞེས་བྱ་བ་ལ ་སོགས་པས་ནི་དེ་ཉིད་རབ་ཏུ་བསྟན་ཏོ། །གཡོན་པའི་ཆ་ལ་སྣོད་ཀྱི་དང། གཡས་པའི་ཁྲོ་བ་བསྟན་པར་བྱ་ཞེས་བྱ་བ་ནི། གཡོན་པའི་ངོས་སུ་སྣོད་དེ་མཆོད་ཡོན་གྱི་སྣོད་བཞག་པར་བྱའོ། །དེ་ལ་གནས་པའི་མེ་ཏོག་ལ་སོགས་པ་གཡས་པའི་ཁྲོ་བོ་དང་མཐེ་བོང ་དག་གིས་བསྐོར་བས་མཆོད་ཡོན་དབུལ་པར་བྱ་ཞེས་བྱ་བའི་དོན་ཏོ། །གཞན་ནི་གོ་སླའོ། །བཅོ་བརྒྱད་པ། དུས་ཀྱི་འཁོར་ལོའི་གནས་སྐབས་སུ་རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི་ཞེས་བྱ་བ་ནི། གཙོ་བོའོ་ཁ་ཅུ་ཕྱེད་ནི་ཞེས་བྱ་བ་ནི། རྩ་ལྔ་པོ་རྣམས་ཤེས་བྱ་བའི་དོན་ཏོ།། ་དབྱངས་ཀྱི་འགྲོ་བའི་མཚན་ཉིད་དེ་ཞེས་བྱ་བ་ཡང་གསུངས་སོ། །དཀར་དང་གནག་པའི་ཆ་ཡིས་ནི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བས་དབྱངས་ཉི་ཤུ་རྩ་བཞིའོ། །ལུས་ཀྱི་མཚན་མ་ཞེས་བྱ་བ་གསུངས་སོ། །དབུགས་ཀྱི་སྦྲོས་པ་ཙམ་གྱིས་ནི། དྲུག་གཉིས ་ལུས་ཅན་རྣམས་ཀྱི་འཆོར་ཞེས་བྱ་བ་ནི། དབུགས་སོར་བཅུ་གཉིས་པ་རྣམས་སོ། །འཚོར་བ་ནི་འབྱིན་པའོ། །ལུས་ཅན་རྣམས་ཀྱི་འོད་ནི་རང་བཞིན་དུ་གནས་པ་སྟེ། རྟས་པར་གནས་པའིའོ། །དེ་བས་ན་གཞན་དུ་འགྲོ་བ་དེའི་ཚེ་དུས་འདི་དག་རྟོགས་པར་བྱའོ།། ་ཉི་ཤུར་རོ་ཧི་ཏ་ཆ་ལ། ཞེས་བྱ་བ་ནི། པུན?་ཆེད་ཕྱེད་བྱེད་ལ་ངེས་པར་རླུང་འཕོ་བར་འགྱུར་བ་དེ་ལ་རོ་ཧི་ཏ་ལ་སོགས་པ་ཉི་མ་བཅུ་གཉིས་རྣམ་པར་དབྱེ་པར་བྱའོ། །དེས་ན་འདིའི་དོན་ནི། ཉི་མ་གཅིག་ཁོ་ན་ལ་ཆོས་བཅུ་གཉིས་ཏེ། དེས་ཐས་ན་རོ་ཧི་ཏའི་ཆ་ལ ་དེའི་མཚན་ཉིད་མཚོན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དབུགས་ནི་འཆང་ཅིང་ཆད་པ་ན་ཞེས་བྱ་བ་ནི། དགུའི་མཚན་མ་བསྟན་པར་བྱ་སྟེ། རྐང་གི་ཚེ་རྩ་ཆད་པར་འགྱུར་པ་དེའི་ཆེ་ཆད་པར་གྱུར་བ་ཞེས་བྱ་བའི་དོན་ཏོ། །གང་ཚེ་ཉི་མ་དྲུག་རྒྱུ་ཞིང ་གཅིག་ཏུ་ཉེ་བར་རྒྱུ་མཛེས་པས་ཞེས་བྱ་བ་ནི། གང་གི་ཚེ་རྒྱུན་མི་འཆད་པའམ་རྟག་ཏུ་རླུང་རྒྱུ་བར་གྱུར་པ་དེའི་ཚེ་དེ་ལ་ལོ་གསུཾ་པ་རྩི་བར་བྱའོ། །དེ་བཞིན་སུམ་བརྒྱ་དྲུག་ཅུས་ནི་ཞེའོ། །དགོངས་པ་གང་ཞེ་ན། འཁོར་ལོའི་ཕྱི་རོལ་གྱི་གྲངས་ལ་ཉི་མ་ལྔ་པ ་རྒྱུན་ཚེ་ལོ་གསུམ་ཏུ་གསུངས་སོ། །དེའི་རྗེས་སུ་ལྔའི་མཐར་བཅུར་འཔེལ་ཞིང་གང་གི་ཚེ་རྒྱུ་བར་གྱུར་པ་དེའི་ཚེ་ལོ་གཉིས་སུ་འཆོ་བར་འགྱུར་བ་གསུངས་སོ། །དེ་དག་གི་ནང་དུ་སོན་པའི་ཉི་མ་རྣམས་ཀྱི་གཏན་ལ་དབབ་པ་སྟེ། དེ་ལ་འདི་ལོ་གསུམ་ནི་མ་ཡིན་ཏེ། ལོ ་གསུམ་གྱི་བགྲངས་པའི་ཆག་གཟུང་བར་བྱའོ། །དེ་བས་ན་ལོ་གཉིས་ཀྱི་ཆ་དང་ཟླ་བ་དྲུག་དང་དེ་བཞིན་དུ་ཉི་མ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་མཐར་སོན་པའི་ཉི་མ་རྣམས་ཀྱི་འམ་གཞན་པ་རྣམས་ཀྱི་ཡང་རྟོགས་པར་བྱའོ། །སུམ་བརྒྱ་དྲུག་ཅུ་ནི་ཞེས་བྱ་བ་ནི། འདི ་ཉིད་ཀྱི་ལོའི་ཆ་ཡོངས་སུ་བརྟགས་པའི་ཕྱིར་ལོའི་གྲངས་སུ་བྱས་པའོ། །འདི་དག་ཐམས་ཅད་ནི་ནང་དུ་ཉི་མ་གང་ཞེས་བྱ་བ་ལ་སོགས་པས་བཤད་པར་བྱའོ། །དེ་ལ་ཇི་ལྟར་རྙེད་ཅེ་ན། བདུན་པའི་ཆ་ཡོངས་སུ་བརྟགས་པ་ལས། གང་གི་ཚེ་ལོ་གཉིས་སུ་ནི་ཡང་དག ་གསུངས། །དུས་ཀྱི་གྲངས་ཀྱིས་ཟླ་བ་རྣམས་ཤའོ། །ཉི་མ་བདུན་པ་སྤངས་ན་ནི་ཞེ་བྱ་བ་ནི། ཉི་མ་བདུན་པ་སྤངས་ནས་བརྒྱད་བ་ཞེས་བྱ་བའི་དོན་ཏོ། །གང་ཚེ་རླུང་ནི་རྒྱུ་གྱུར་ན། །ལོ་གཉིས་སུ་ནི་ཡང་དག་གསུངས། །ཟླ་བ་དེ་རྣམས་རིག་བྱེད་གྲངས་ཞེས་བྱ་བ་ནི། ་ཟླ་བ་བཞི་ཞེས་བྱ་བའི་དོན་ཏོ། །ཉི་མ་རྣམས་ནི་དུས་ཀྱི་སྒྲས་བརྗོད་པར་བྱའོ། །ཉི་མ་ཉི་ཤུ་རྩ་བཞི་ཡི། །དུས་གྲངས་སུ་འཚོ་བར་འགྱུར་ཞེས། །དེ་ལྟར་གཞན་ཐམས་ཅད་གོ་སླའོ། །ནང་དུ་ཉི་མ་གང་གསུངS་པ། །ཞལ་མཆོག་མ་ཉིད་བཅུ་གཉིས་འདི། །ལོ་ ་རིམ་པས་དེ་སྦྱངས་པས། །རིམ་བའི་རྗེས་སུ་བདུན་ཅུ་གཉིས། །སུམ་ཅུ་རྩ་དྲུག་བཅོ་བརྒྱད་དང། །ཟླ་སོགས་རིམ་པ་ཇི་བཞིན་གྱིས། །ཤེས་པ་སྟེ་ལོའི་རིམ་པས་གྲངས་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །གཅིག་དང་གཉིས་དང་གསུམ་གྱི་ཉི ་མས་སམ། འོ་དུ་གནས་པས་སྦྱངས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོའི་འོག་དང་སྟེང་གི་ཁ་ཡིས་ལོའི་རིམ་པས་ནི་སྟེང་གི་ཁ་ཡིས་སོ། །ཟླ་བ་དང་ཉིད་པར་གྱི་རིམ་པས་འོག་གི་ཁ་བོ། །དལ་གྱི་དབང་གྱིས་ཇི་ལྟར་ཕྲི་བ་དེ་བཞིན་དུ་དགང་བས་འཚོ་བའི ་བསྡུས་པར་ཤེས་པར་བྱའོ། །ཇི་ལྟར་དབྲི་བ་དེ་བཞིན་དགའ་བའོ། །འདིས་ནི་ནང་གི་རེ་མིག་བཅུ་དྲུག་རྣམས་ཀྱི་གཏན་ལ་དབབ་པ་བྱས་ནས། ནང་གི་མིག་གསུམ་གྱི་ཡང་གོ་སླ་བ་ཉིད་དོ། །འདིའི་མཚན་ཉིད་ཀྱིས་ནི་འཆི་བའི་དུས་ངེས་པར་བྱས་ནས་ཕྱིར་བཟོག་པའི་ཆོ་ག ་བྱའོ། །དེའི་འཆི་བ་ཡང་དག་པར་འཚོ་བ་ལ་སོགས་པ་གོང་མ་ལྟ་བུར་རྟོགས་པར་བྱའོ། །ཁ་?་ག་ནི་ཡན་ལག་སྦྱར་ཞེས་བྱ་བ་ལ་སོགས་པ་ནི། ཀེང་རུས་ཀྱི་གཟུགས་སུ་པགས་པ་དང། ཤ་དང་ཁྲག་དང་ཁུ་བ་བྲལ་བར་བདག་ཉིད་བསྒོམ་པར་བྱའོ། །དུམ་སྐྱེས ་ས་ཁ་ཊཝཱཾ་ག་དང་ལྡན་པའི་ཕྱག་གི་ཐོད་པས་དབྱུང་བདག་སྒོམ་པ་གོམས་པའི་རྣལ་འབྱོར་པS་ཡན་ལག་བསམ་ཅད་བསྲུང་བར་བྱས་ནས་སྒོ་ལ་སོགས་པར་བདུད་རྩི་ལྔས་ཁ་བཀང་ནས་བདུད་རྩིའི་བསམ་གཏན་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང། མཆོད་བ་སྔོན་དུ ་འགྲོ་བ་ཅན་ཞེས་བྱ་བ་ལ་སོགས་པ་གོང་ཉིད་དུ་བསྟན་ཏོ།། །།ད་ནི་མུ་སྟེགས་པའི་ལྷག་པར་བྱས་པ་སྨྲས་པ། རླུང་རྣམ་པར་བཅིངས་པ་ལ་སོགས་པ་དེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བྱའོ། །དེ་ངེས་པར་རླུང་དང་བདུད་རྩི་ལ་སོགས་པའི ་དེས?་ན་རྟོགས་པར་བྱ་སྡེ་དེས་དེ་རྣམས་ཀྱི་རྟོགས་པར་བྱ་བའི་ཕྱིར་བདག་ཅག་ལ་ཡང་ཡོན་དོ། །ཕུང་པོ་ལ་སྐུ་དོན་པར་ཞེན་པས་འཇུག་པ་རྣམS་ཀྱི་མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་དགའ་བ་རྣམས་ཀྱི། གཞན་གྱི་གྲོང་ཁྱེར་དུ་འཇུག་པ་འཇུག་འཕོ་བ་ཡང་བསྟན ་པར་བྱའོ། །ངེས་པར་འདི་གང་དུ་རྟོགས་པར་བྱ་ཞེ་ན། མདོ་ལ་སོགས་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཡང་གང་གི་ཚེ་བྱུང་བ། བྲམ་ཟེ་དང་དྲང་སྲོང་དང་འོད་སྲུངས་ཀྱིས་དེའི་ཚེ། དགེ་སྦྱོང་གོ་ཏམ་འདི། གལ་ཏེ་བདག་དོན་དམ་པའི་དེ་ཁོ་? ་ཉིད་དུ་སྨྲ་ན། དེའི་ཆོས་མཉན་པར་བྱའོ་ཞེས་བགྲོས་ནས་བཅོམ་ལྡན་འདས་ལ་ཞུ་བར་བརྩམས་པ་དང། དགེ་སྦྱོང་གོ་ཉམ?་བདག་མཆིས་སམ། བྲམ་ཟེ་ཆེན་པོ་ཇི་ལྟར་ཁྱོད་ཀྱིས་ཤེས་པའི་བདག་ཡོད་དེ་བདེན་ནོ། །ཡིད་དགའ་ཞིང་མགུ་ནས་ལེགས་སོ ་ཞེས་གསོལ་ཏེ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ལྟར་འདིའི་དཔེ་གཞན་དཱུང་རྟོགས་པར་བྱའོ། །ཡང་ན་སྙིང་རྔའི་བདག་ཉིད་ཅན་གྱི་བསྒོམ་པའི་བདག་ཉིད་ཅན་རྣམས་ཀྱི་སེམས་ཅན་གྱི་དོན་དང་ལྡན་པར་ངན་འགྲོའི་ལམ་དགག་པར་བྱ་བའི་ཕྱིར་འཕོ ་བར་བྱའོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་ཕྱིར་རམ། ངན་འགྲོ་དེ་ལས་ཀྱང་གཞན་ཀྱི་སེམས་བསྲུང་བའི་ཕྱིར་གཞན་གྱི་གྲོང་ཁྱེར་དུ་འཇུག་པར་བྱ་སྟེ། བསྒོམ་པའི་བདག་ཉིད་ཅན་གྱི་ནུས་པས་འདི་བྱའོ། །དང་པོར་ཉིད ་དུ་ཡོངས་སུ་དག་པ་བསྟན་པར་བྱ་སྟེ་ཕྱི་ནས་སེམས་ཀྱི་ལས་སོ། །གཞན་ནི་གོ་སླའོ། །སྔོན་བཞིན་འཁོར་ལོ་གང་གསུངས་པ། རྣ་བ་དག་ཏུ་གཞུག་པར་བྱ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིS་ནང་དུ་འཁོར་ལོ་བཞིའི་བདག་ཉིད་ཅན་བསམས ་ནས་ཐིག་པ་དང་ལྡན་པར་སྤྲོ་སྟེ། འབར་བ་འཛིན་པར་ཞུགས་ཤིང་རྣ་བ་དག་ཏུ། འཇིག་རྟེན་གསུཾ་དང་འདྲེས་པར་གྱུར་པས་མེ་སྟག་ལྟ་བུར་འཁོར་ཞིང་གཞུག་བར་བྱའོ། །འཇིག་རྟེན་གསུམ་དུ་སོན་ཞེས་བྱ་བའི་སྒྲས་ནི་འདྲེས་པའོ། །མེ་ནཾ ་རླུང་གིས་བསྐྱོད་ནས་ནི་ཞེས་བྱ་བ་ནི། སྒྲོས་པའི་བདག་ཉིད་ཅན་ཏེ། ཤེས་རབ་དང་ལྡན་པས་མེ་སྟག་ལྟ་བུར་རྣ་བ་དག་ཏུ་གཞུང་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣལ་འབྱོར་པ་རིང་པོ་ཐོས་པས་ཤེས་པར་འགྱུར་རོ། །འདི་སྐད་དུ་མིག་གི་སྤྱོད་ཡུལ? ་དུ་བྱས་ནས་འཇིག་རྟེན་གསུམ་བལྟ་བར་བྱའོ། །འདི་སྐད་དུ་སྔོན་གྱི་གནས་དང་འཇིག་རྟེན་གསུམ་པོ་ཐམས་ཅད་དེ་སྣང་བར་བྱས་ནས་ཡོད་ཀྱིས་གཞན་གྱི་སེམས་ཏེ། གཞན་གྱི་ཡིད་ལ་འཇུག་པ་དང་རྫུ་འཕྲུལ་བྱེད་པའོ། །ཇི་སླད ་དུ་གསུངས་པའི་དཀྱིལ་འཁོར་ལ་ཞོན་ནས་འབར་ཞིང་གསལ་བར་བྱེད་པར་རོ། །གཞན་གྱི་གྲོང་ཁྱེར་དུ་འཇུག?་པ་དང། འཕོ་བའི་མཚན་ཉིད་ལ་གོམས་པས་མྱུར་བར་འདི་ལྟ་བུ་སྐྱེ་བར་འགྱུར་རོ། །ལྟ་མོ་སྒྱུ་མ་ཆེན་མོ་ཉོན། །འགྲོ་བའི་སྒོ་ནི་མཛེས་པ་ཉིད? ་ཅེས་བྱ་བ་ལ་སོགས་པ་ནི། སྒོ་དགུ་ལས་རྣམ་པར་ཤེས་པ་འཕོ་བ་ན་མཆོག་དང་ཐ་མའི་དབྱེ་བས་འགྲོ་བའི་དབྱེ་བ་བསྟན་པར་བྱའོ། །ཐིག་ལེས་གཟུགས་ཀྱི་ལུས་ཅན་ཉིད། །ལྟེ་པ་མཐོ་རིས་འདོད་པ་ཅན། །ཞེས་བྱ་བ་ནི་གང་གི་ཚེ་སྤྱོའི་དང་བསྡུ་བའི་? ་པས་ཐིག་ལེའི་གཟུགས་ཀྱི་སེམས་ཏེ། རྣམ་པར་ཤེས་པ་ལུས་ཅན་རྣམས་ཀྱི་ལྟེ་བའི་སྒོ་ནས། བྱུང་པ་དེའི་ཚེ་མཐོ་རི་སུ་སྐྱེ་བར་འགྱུར་རོ། །སྟེང་ནས་སྟེང་དུ་འགྲོ་ཞེས་བྱ་བ་ལ། སྟེང་ནི་གང་གི་ཚེ་འབར་བ་འཛིན་པ་ནས་རྣལ་འབྱོར་པ་བྱུང་བ་དེའི་ཚེ་། ་མཐོ?་རིས་ལས་ལྟེང་ཅུ་འོག་མིན་ལ?་སོགས་པར་སྐྱེ་བར་འགྱུར་རོ། །དེས་ཕྱེ་པS་མྱུར་བ་ཉིད་དུ་འགྱུར་རོ། །སྣ་ལས་གནོད་སྦྱིན་ཉིད་དུ་འགྱུར། །རྣ་བ་དག་ལས་མི་འམ་ཅི། །ལྷ་མོ་གང་?་གནས་འགྲོ་།མི་རྣམས་ཀྱི་ནི་རྒྱལ་པོར་སྐྱེ། །ཞེས་བྱ་བ་?་མི ་རྣམས་ཀྱི་འཁོར་ལོ་སྒྱུར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་ཞེས་བྱ་བ་ནི། གང་ཞིག་སྔར་དབྱངས་བཅུ་གཉིས་གསུངས་པ་སྟེ། རོ་ཧི་ཏ་ལ་སོགས་པའོ། །འཆར་བ་དང་ནི་ནུབ་པར་གནས་ཞེས་བྱ་བ་ལ། དེའི?་ཕྱིར ་གསུངས་པ། ?་མཆེན་མ་བཅུ་གཉིས་འདི། །སྲོག་གི་ཚུལ་དང་ཆ་རུ་བརྗོད། །དེ་རྣམས་ཕུང་པོར་ཡང་དག་བཤད། །སྐར་མ་ཐམས་ཅད་ཡང་དག་ལྡན། །ཟླ་བ་ཉི་མའི་རྣམ་ཆ་ཡིས། །འོག་དང་དེ་བཞིན་སྟེང་དུ་ཁ་ཞེས་བྱ་བ་ནི། ལུས་ལ་ཁ་སྟེང་དུ ་བལྟས་བ་ནི་ཡལ་སོགས་པའོ། །ཀ་ལ་སོགས་པ་ནི་ཁ་འོག་ཏུའོ། །གནས་པ་དང་ནི་གཡོ་བ་ཉིད། །གཉིས་གཉིས་སུ་ནི་བརྗོད་པ་དང་ཞེས་བྱ་བ་ནི། རེ་རེ་ཡང་གནས་པ་དང་གོལ་བའི་རང་བཞིན་ཞེས་བྱ་བའི་དོན་ཏེ། འདི་དག་གི་འགྲོ་བའི་རིམ་པས་ནི ་མི་དགེ་བ་དང་འཇུག་པའི་རིམ་པས་ནི་དགེ་བ་ཞེས་བྱ་བ་ནི་སོ་སོར་སྦྱར་རོ། །ལྷ་མོ་འོད་ཟེར་ཟུང་དེ་བཞིན། །རིང?་ཡང་རྒྱལ་དང་རྒྱལ་མིན་ཉིད་ཅེས་བྱ་བ་ནི། སྔར་གསུངས་པའི་འཁོར་ལོ་ལ་པར་འབྲས་བུ་རྒྱས་པར་བསྟན་པར་བྱའོ། །འོད་ཟེར་ཟུང་ཞེས ་བྱ་བ་འདི་ནི་ཡི་གེ་ཟུང་སྟེ། སྡེ་ཚན་གྱི་རིམ་པས་གང་ཞིག་གསུངས་པ། དེ་རིང་པོ་དང་ཡང་བ་ནི་རྒྱལ་བ་དང་རྒྱལ་བ་ཡིན་པའོ། །དགོངས་པ་གང་ཞེ་ན། སྟོང་དུ་དེའི་རྒྱལ་བ་ཉིད་ཅེས་བྱ་བ་ནི། དང་པོའི་ཡི་གེས་ཉེ?། ཡང་བས་ནི་རྒྱལ་བའོ། །འོག་ཏུ་འཆི་བར་ཡང་དག ་འགྲོ་ཞེས་བྱ་བ་ནི། གཉིས་པས་ནི་འཆི་བར་ཡང་དག་པར་འགྲོ་བ་སྟེ། འགལ་བ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་ཐམས་ཅད་སྡེ་ཚན་ལ་ཧོ་ར་བྲིས་ནས་ཨ་སོགས་པའི་སྡེ་ཚན་རྣམས་ཀྱིས་རྩིས་གང་ཞིག་ལྷག་མར་གནས་པའི་ཡི་གེ་དེ་བླངས་ནས་དེའི ་འཁོར་?་རྩིབས་བཅུ་གཉིས་པར་གང་ཞིག་གསུངས་པའི་དགེ་བ་དང་མི་དགེ་བ་མཚོན་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་རྒྱུད་ལས་རྟོགས་པར་མཛད་དོ། །ཉི་མའི་རྒྱུ་བ་ཐམས་ཅད་ཀྱི་སྐར་མ་དང། ཕུང་པོ་དང་གཟའ་དང་ཀླུ་རྣམས་ཀྱི་འབྱུང་བ་ལ་སོཌ ་བའི་གོ:?་?། །?་བླ་བ་རྣམ་གནས་པའི། །དང་པོར་སྐར་མ་བརྩི་བར་བྱ། ཞེས་བྱ་བ་ནི། སྐྱེ་བོ་སྐྱེས་པར་གྱུར་པའི་སྐར་མ་དང་པོར་བརྟན་པར་བྱས་ནས་བརྩི་ཞེན། ཕྱི་ནས་དེའི་ཚེས་གྲངས་ཀྱི་ཟླ་བ་ཞེས་བྱ་བ་བརྟག་པར་བྱ་ཞིང། གང་དུ་སྐད ་མ་ཟླ་བ་གནས་པ་དེ་བགྲངས་ནས་མཚན་མ་བཞག་པར་བྱའོ། །དེ་ནས་དྲུག་ཅུས་བརྡུང་བར་བྱ་ཞིང། ཡང་གང་དུ་ཉི་མ་ལ་སྐྱེས་པ་དེའི་དུས་ཀྱི་བུམ་བུ་ཤིན་ཏུ་གང་ཞིག་འདས་པ་དེ་བཞུག་བར་བྱའོ། །དེ་ལ་ཟླ་བ་གཞུག་བྱ་སྟེ་ཞེས་བྱ་བ་འདིའི་ཡང་འདི་ཉིད་དོ ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཟོས་བའི་དུས་གཞུག་པར་བྱ་ཞིང། ཡང་དྲུག་ཅུའི་གྲངས་རྣམས་ཀྱིས་བདུང་བར་བྱའོ། །དེ་ནས་གླང་པོ་མེ་རོ་དབང་པོས་ནི་ཞེས་བྱ་བ་ནི། གླང་པོ་སྟེ་ཕྱོགས་ཀྱི་གླང་པོ་བཅུའོ། །མེ་ནི་གསུལ?་? ་ནི་དྲུག་གོ། དབང་པོ་ནི། གཅིག་གོ། བསྡུས་པས་ཉི་ཤུར་འགྱུར་ཏེ། འདི་རྣམས་ཀྱི་ཆ་བྲི་བར་བྱས་ནས་གང་ཞིག་ལྷག་མ་ཐོབ་པ་ད་བཞིན་དུ་དེའི་ཡང་ཆ་བླང་བར་བྱའོ། །བཅུ་གཉིས་ཀྱི་ནི་བཟང་པོའི་ནང་ཞེས་བྱ་བ་ནི། བོད་?་།ལྷག་བའི ་ཞེས་བྱ་བ་ནི། གང་ཞིག་ལྷག་མ་བཏུས་པ་དེའི་གནས་སྐབས་སུ་ཟ་བར་བརྗོད་དོ། །ཉིན་དང་མཚན་མོའི་རབ་སྦྱོར་བས། ལྷག་མའི་པུམ?་བུར་བརྗོད་པ་ཉིད་ཅེས་བྱ་བ་ནི། དེ་ཉིད་ཀྱི་རྣམ་པར་འགྲེལ་པའོ། །གང་དུ་ཟླ་བ་རྣམས་གནས་པ། རབ་ཏུ་གནས ་པར་ཕམ་པར་འགྱུར་ཞེས་བྱ་བ་ནི། དེ་ལ་སྐྱེ་བའི་སྐར་མ་ལ་གལ་ཏེ་ཟླ་བ་དང་པོ་ལ་ལྟེ་བར་གནས་པར་གྱུར་པ་ན་ཕམ་པ་སྟེ། འཚི་བ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྟས་པས་ཞེས་བྱ་བ་ནི། གལ་ཏེ་ཟླ་བ་གཉིས་རྟས་པར ་ཤེས་པར་བྱ་བ་ཡིན་ནོ། །ཤི་བར་བརྩི་བར་འགྱུར་ཞེས་བྱ་བ་ནི་འཆི་བའི་གནས་སྐབས་སུ་སོན་པ་སྟེ། ཟླ་བ་སྐྱོབས་གསུམ་པ་ལ་འཆི་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒོད་པ་ནི་ཟླ་བ་བཞི་པ་ལ་མཉེས་པའོ་།ལྔ་པ་ལ་ནི་ནོར་འོད་པའོ་།དྲུག་པ་ལ་རིམS ་ཀྱིས་མུས་འཇིག་པའོ། །དགའ་བྱེད་ནི་ཟླ་བ་ལ་དེ་བཞིན་དུ་མཉེས་པ་དང། ཡང་དག་འབྱུང་ན་བདུན་པ་ལ་ཡིན་ནོ། །བརྒྱད་པར་ཞིག་བ་ན་ཟླ་བ་ལ་འཇིག་པའི་གཟུགས་སོ། །ཉེ་བར་གནས་པ་ནི་ཞེས་བྱ་བ་ནི། དགུ་པ་ལ་གནས་པ་ན་དགྲ་བོ་དང ་འཐབ་པར་འགྱུར་རོ། །བཅུ་པར་བརྩེ་བར་བྱེད་པ་ནི་མཉེས་པར་གྱུར་པ་སྣ་ཚོགས་པར་བརྗོད་དོ། །བཅུ་གཅིག་ཆེ་བར་ཞེས་བྱ་བ་ནི་ཟླ་བ་ལ་འཇིགས་པ་སྣ་ཚོགས་སོ། །བཅུ་གཉིས་ཟ་བ་ལ་ཞེས་བྱ་བ་ནི། བདེ་བ་ཆེན་པོ་ཟླ་བ་ལ་དེ་བཞིན་དུ་སྐྱེ་བའོ།། ་དྲུག་ལ་སོགས་བ་ནི་ཟླ་བའི་རྒྱུ་བའི་ཆོ་གའི་རིམ་པ་སྟེ། འདི་ཡང་ཁྱོགས་ཀྱི་འཁོར་ལོ་ལ་རྟོགས་པར་བྱའོ། །ཉི་ཤུ་རྩ་ལྔ་པའོ། །རུང་དང་དགེ་པ་ཡང་དག་གནས་ཞེས་བྱ་བ་ནི། གང་ལ་ཉ་དང་སྟོང་གི་དབྱུ་གུའི་ནང་དུ་དེ་ལ་ཞེས་བྱ་བའི་དོན་ཏོ། །ཉི་? ་ལས་བྱུང་རེ་ཁཱ་ནི། །མཉམ་པར་བལྟས་པས་ཡང་འོངས་ཞེས་བྱ་བ་ལ་སོགས་རྣམས་ཀྱིས་རྒྱུད་ལས་རྟོགས་པར་མཛད་དོ། །ཉི་ཤུ་རྩ་བརྒྱད་པའོ།། །།དམ་པའི་མན་ངག་རྙེད་པར་དཀའ་པ་རིག་པས་དེ་ངལ་བ། །བླ་མ་འདིར་ནི་དེ་ནས་དམ་པའི་སྙིང་རྗེ? ་བཅིངས་པའི་ཐུགས། །དེ་ཉིད་བཟང་པོ་བརྟན་པའི་རྒྱུར་ནི་ཁྱོད་ཀྱིས་དེ་རྟོགས་པ། །ཡང་ནི་འདིར་ནི་རིག་པའི་ང་རྒྱལ་ཆ་ནི་བདག་པ་མེད། །བདེ་གཤེགས་སྲས་དང་བཅས་པའི་ཚོགས་དང་ཡེ་ཤེས་བཙུན་མེ་རྣམས། །མཁའ་སྤྱོད་མ་དང་ས་སྤྱོད་མ་དང་ས་འོག ་གཤེགས་པ་རྣམས། །འགྲོ་བ་ཀུན་ལ་ཕན་པ་རྣམས་ཀྱིས་ནོར་བཟངས་བྱས་པ་ལ། །འཕགས་པས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བཟོད་པར་མཛོད། །རྡོ་རྗེ་མཁའ་འགྲོའི་བཀའ་འགྲེལ་སློབ་དཔོན་ནོར་བགྲངས་ཀྱིས་མཛད་པ་རྫོགས་སོ།། །། ་རྒྱ་?་མཁན་པོ་ཀཱ་ཡ་སྠ་པཱ་ག་ཡ་དྷ་རའི་ཞལ་སྔ་ནས་དང། བོད་ཀྱི་ལ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྐྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། *། །དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བསྟན་པར་བྱེད་པ་ཞེས་བྱ་བའི་བཀའ་འཕྲེལ།། །། ་