| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། གུཧཡ་བཛྲ་ཏ་ནཱ་རཱ་ཛ་པྲིཏྟི། བོད་སྐད་དུ། གསང་བ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ། དཔལ་ཀུན་ཏུ་བཟངས་པོ་ལ་ཕྱག་འཚལ་ལོ། །དུས་བཞི་ལས་ཀྱང་བྱེ་བྲག་ཏུ། །རྩོད་ལྡན་དུས་ཀྱི་རྣལ་འབྱོར་པ། །འཁྲུལ་པའི་ལམ་འདི ་དགག་པའི་ཕྱིར། །ཡང་དག་ལམ་སྟོན་བདག་གིས་བཤད། །དཔལ་ལྡན་འཁོར་ལོ་སྡོམ་པ་རུ་ཞེས་པ་ནི། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། །ཐམས་ཅད་རང་རིག་པ་ཡི་སྣང་བ་དང། ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་ཡེ་ནས་ཤེས་པ་སྟེ ་བུམ་པའི་དབང་དང་འབྲེལ་བ་དང། གསང་བའི་དབང་དང་འབྲེལ་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་པའོ། །བུམ་པའི་དབང་དང་འབྲེལ་བ་ནི་བསྐྱེད་པའི་རིམ་པ་ལ་སེམས་གནས་པ་སྟེ། རྟེན་དང་བརྟེན་ཅན་ཐ་མི་དད་པ་དང། ཡུམ་དང་ཡབ ་ཐ་མི་དད་པ་སྟེ། གཙོ་བོ་སངས་རྒྱས་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་ཐ་མི་དད་ཅིང། སྒྱུ་མའི་རང་བཞིན་དུ་ཤེས་པ་དང། དེ་བཞིན་དུ་གཙོ་བོའི་ཡོན་ཏན་གྱི་ཆ་ཡིན་པས་ཐ་མི་དད་ཅིང་སྒྱུ་མའི་རང་བཞིན་ནོ། །ཡེ་ཤེས་བཞིའི་སྣང་བ་ཡིན ་པ་དང། ཡབ་ཀྱི་ཕྱག་གིས་ཕར་འཁྱུད་པས་ཡེ་ཤེས་བཞི་ཡིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་དུ་བྱས་པ་དང། ཡུམ་གྱི་ཞབས་ཀྱིས་ཚུར་འཁྱུད་པས་ཡེ་ཤེས་བཞི་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ། གོ་རིམ་བཞིན་དུ་སྦྱར་བར་བྱའོ།། ་གསང་བའི་དབང་དང་འབྲེལ་བའི་རྟེན་དང་བཅས་པའི་རྫོགས་པའི་རིམ་པ་ལ་སེམས་གནས་པ་སྟེ། སྲོག་དང་རྩོལ་བ་ཐ་མི་དད་པ་དང། སིཧལ་དང་ག་བུར་ཐ་མི་དད་པ་དང། ལ་ལ་ནཱ་དང་ར་ས་ནཱ་ཐ་མི་དད་པ་དང། རྩ་དང་བྱང་ཆུབ་སེམས་ཐ་མི་དད ་པ་དང། ཐིག་ལེ་དང་མན་ཏྲར་ཐ་མི་དད་པ་སྟེ། གཉིས་ནི་ཐ་དད་པ་དང། དེ་སྤང་བ་ནི་བླ་མ་དམ་པ་ལས་ཤེས་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་ནི་ཁྱད་པར་གྱི་རྟེན་དང་བཅས་པའི་རྫོགས་པའི་རིམ་པ་སྟེ། རྟེན་ཐ་མི་དད་པ ་དང། པདྨ་དང་རྡོ་རྗེ་ཐ་མི་དད་པ་དང། ཆོས་དང་ཆོས་ཅན་ཐ་མི་དད་པ་དང། དགའ་བ་དང་མཆོག་དགའ་དང་བྲལ་བའི་དགའ་བ་དང་ཐ་མི་དད་པ་སྟེ། དབང་གི་དུས་སུ་ཉམས་སུ་མྱོང་བ་དེ་དག་ཀྱང་བསམ་གྱིས་མི་ཁྱབ་ཅིང་སྒྱུ་མའི་རང་བཞིན ་ནོ། །དེ་ཁོ་ནའི་དབང་དང་འབྲེལ་བ་ནི་རྟེན་མེད་པའི་རྫོགས་པའི་རིམ་སྟེ། ཐབས་ཀྱི་ཆ་ཡེ་ཤེས་བཞི་དང། ཤེས་རབ་ཀྱི་ཆ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐ་མི་དད་ཅིང་རང་རིག་པའི་ཡེ་ཤེས་ཏེ། ནམ་མཁའ་བཞིན ་ནོ། །དེ་ཡང་ལུང་ལས་གསུངས་པ་དང། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་གློག་གི་རྣམ་པ་སྟེ། །བཞི་པ་མར་མེ་ལྟ་བུ་ཡིན། །ལྔ་པ་ནམ་མཁའ་ལྟ་བུའོ། །དང་པོ་ལ་ནི་བུམ་པ་སྟེ། །གཉིས་པ་གསང་བའི་དབང ་དུ་བཤད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་བཞིན་དེ་ལྟར་བཞི་པོའོ་ཞེས་འབྱུང་བས། དང་པོ་ལ་གཉིས་ཏེ་གོ་རིམ་བཞིན་དུ་ཤེས་པར་བྱའོ། །དབང་ནི་རྣམ་པར་རྟོག་པ་འཐོར་ཞིང་འཁྲུལ་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་འོག་མ ་འོག་མའི་རྣམ་པར་རྟོག་པར་འགྱུར་རོ། །འབྲེལ་པ་ནི་སྣོད་དུ་རུང་བའི་དབང་དང། བཅུད་དུ་རུང་བའི་གདམས་ངག་གཉིས་དང་འབྲེལ་པའོ། །ལྡན་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་རང་རིག་པའི་སྣང་བ་སྟེ། རྟག་པ་མ་ཡིན་ཆད་པ་མ་ཡིན་པ། ་ཡོད་པ་ན་མ་ཡིན་པ། མེད་པ་མ་ཡིན་པ། བརྫུན་པ་མ་ཡིན་པ། འདུས་མ་བྱས་མ་ཡིན་པ། དག་པ་མ་ཡིན་པ། མ་དག་པ་མ་ཡིན་པ་སྟེ། མཛའ་དང་བྲལ་བའི་ཐ་དད་པ་མེད་པ་སྟེ། དོན་དབུ་མ་དང་ལྡན་པའོ། །དེ་ཡང་ལུང་ལས ་གསུངས་པ། གཟུང་འཛིན་ཐ་དད་ཀུན་སྤངས་ཏེ། །རྟག་ཆད་ལ་སོགས་མཛའ་དག་བྲལ། །ལྟ་བའི་དབུས་ན་གནས་པ་ལ། །ཤེས་རབ་ཕ་རོལ་ཕྱིན་པའི་མིང་ཞེས་གསུངས་སོ། །ཙཀྲ་ནི་དྷརྨའི་ཙཀྲ་དང། མཚོན་ཆའི་ཙཀྲ་དང། སྲིད་པའི ་ཙཀྲ་དང་རྣལ་འབྱོར་པ་འཁྲུལ་པའི་ལམ་ཡང་དག་པར་སྟོན་པར་བྱེད་པའི་ཕྱིར་དང། རྣམ་པར་རྟོག་པ་ཐམས་ཅད་གཅོད་པ་དང། ལས་དང་ལས་ཀྱི་རྣམ་པར་སྨིན་པ་སྟེ། གོ་རིམ་བཞིན་དུ་ཤེས་པར་བྱའོ། །སྡོམ་པ་ནི་དེ་ཐམས་ཅད་ཀྱི ་སྙིང་པོ་གྱུར་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ། རང་རིག་པའི་ཡེ་ཤེས་སོ། །གཞན་ཡང་འཁོར་ལོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། བྱ་བ་ནན ་ཏན་གྱི་ཡེ་ཤེས་ཏེ། སྡོམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འཁོར་ལོ་ནི་མཁའ་འགྲོ་ལ་སོགས་པ་སྟེ། སྡོམ་པ་ནི་ཧེ་རུ་ཀའོ། །འཁོར་ལོ་ནི་སུམ་ཅུ་རྩ་གཉིས་ལ་སོགས་པ་སྟེ། སྡོམ་པ་ནི་ཧཾ་ལ་སོགས་པའོ། །འཁོར་ལོ་ནི་ཞབས ་ཀྱུ་དང་ཟླ་ཚེས་དང། ཐིག་ལེ་དང། ཉི་མ་དང་ཟླ་བ་དང། སྔགས་ཀྱི་ཕྲེང་བ་སྟེ། སྡོམ་པ་ནི་ཧའི་རྣམ་པ་ཡོངས་སུ་ཤེས་པའོ། །འཁོར་ལོ་ནི་དགའ་བ་དང། མཆོག་དགའ་དང་བྲལ་བའི་དགའ་བ་སྟེ། སྡོམ་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། ་འཁོར་ལོ་ནི་མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང། དོན་ཡོད་གྲུབ་པ་སྟེ། སྡོམ་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །འཁོར་ལོ་ནི་སངས་རྒྱས་སྤྱན་དང་མཱ་མ་ཀཱི་དང། གོས་དཀར་མོ་དང། དམ་ཚིག ་སྒྲོལ་མ་སྟེ། སྡོམ་པ་ནི་པདྨའི་དྲ་བ་ཅན་ནོ། །འཁོར་ལོ་ནི་ས་དང་ཆུ་དང་མེ་དང་རླུང་སྟེ། སྡོམ་པ་ནི་ནམ་མཁའ་ཨོ། །འཁོར་ལོ་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་མཐོང་བའི་ལམ་དང། སྒོམ་པའི་ལམ་མོ། །སྡོམ་པ་ནི་མཐར་ཕྱིན ་པའི་ལམ་མོ། །འཁོར་ལོ་ནི་མོས་པ་སྤྱོད་པའི་ས་གཉིས་དང། བྱང་ཆུབ་སེམས་དཔའ་ཨི་ས་བཅུའོ། །སྡོམ་པ་ནི་རྡོ་རྗེ་འཆང་གིས་ས་གསུམ་མོ། །འཁོར་ལོ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །སྡོམ་པ་ནི་ཨ་བ་དྷུ་ཏཱིའོ། །གཞན་བྱེ་བྲག་གི་འཁོར ་ལོ་དང་སྡོམ་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱ་སྟེ། གཞུང་མངས་པའི་འཇིགས་པས་མ་གསུངས་སོ། །འཁོར་ལོ་དང་སྡོམ་པའི་དཔེ་ལས་གསུངས་པ། ཆུ་དང་ཆུ་བྲན་ཆུ་བོ་རྣམས། །སྣ་ཚོགས་དུ་མར་འབབ་བྱེད་ཀྱང། །རྒྱ་མཚོ་ཆེན་པོར ་རོ་གཅིག་འགྱུར་ཞེས་གསུངས་སོ། །རུ་ཞེས་པ་ནི་རྩ་བའི་རྒྱུད་འཁོར་ལོ་སྡོམ་པ་རུ་ཞེས་པའོ། །གསང་བའི་འཁོར་ལོ་གསུངས་པ་ཞེས་བྱ་བ་ནི། གསང་བ་ནི་སྤྱིའི་སྒྲ་སྟེ། སྐབས་ཀྱི་སྟོབས་ཀྱིས་སྤྱིའི་སྒྲ་བྱེ་བྲག ་ལ་འཇུག་པས། པདྨ་དང་རྡོ་རྗེ་དེ་ཉིད་ཚད་དང་དབྱིབས་གསང་བ་སྟེ། ཚད་མེད་ནི་ཚད་མེད་པ་བཞི་རྣམ་པར་དག་པ་སོང་བཞི་དང། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་སོར་བརྒྱད་དང། སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པའི་སོང ་བཅུ་གཉིས་ཏེ། དེ་ཡང་རྣམ་པར་དག་པ་དང་ཐ་དད་པ་ཚུལ་ཐ་དད་པ་ལས། མཚན་ཉིད་ལ་ཐ་དད་པ་མེད་དོ། །དབྱིབས་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་པས་བུམ་པ་ལྟ་བུ་ལ་སོགས་པ་དང། ཆོས་ཐམས་ཅད་འབྱུང་བའི་གནས ་ཡིན་པས་ཨེ་ལྟ་བུ་ལ་སོགས་པ་སྟེ་ཐམས་ཅད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །འཁོར་ལོ་ནི་རྡོ་རྗེའམ་པདྨ་དེ་ལ་བརྟེན་པ་བཞི་སྟེ། འོག་ནས་རྒྱས་པར་སྟེན་པས་རྩིག་པ་དང་རི་མོའི་ཚུལ་དུ་རྟེན་དང་བརྟན་པར་ཤེས་པར་བྱའོ།། ་མི་གསུང་བ་ནི་རྩ་བའི་རྒྱུད་དུ་མི་གསུང་བའི། །གཞན་ཡང་གསང་བའི་སྒྲས་ནི་བསྒྲུབ་པར་བྱ་བ་ཐམས་ཅད་ལ་ཁྱབ་སྟེ། དེ་ཉིད་དུ་མའི་ཚུལ་ལམ་བསྐོར་བས་ན་འཁོར་ལོ་ཞེས་གསུངས་སོ། །མི་གསུང་བ་ནི་གོ་སླའོ། །ཡང་ན་གསང ་བའི་པདྨ་དང་རྡོ་རྗེ་ལ་གསུང་སྟེ། ཉོན་མོངས་པའི་ཚུལ་གྱིས་མ་གོས་པའི་པདྨ་དེ་ཉིད་གསང་བས་གསང་བར་འགྱུར་ཏེ། དཔེའི་ཕྱོགས་ནས་བསྟན་པ་མེ་ཏོག་པདྨ་འདབ་ནས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན ་ནོ། །དེ་ཉིད་ཀྱི་ཕར་ནི་རྣམ་པར་རྟོག་པ་འཇོམས་ལ་ཚུར་མི་རྫི་བས་ན་རྡོ་རྗེ་སྟེ། དེ་ཉིད་གསང་བས་གསང་བར་འགྱུར་རོ། །དེ་ཡང་དཔེའི་ཕྱོགས་ནས་བསྟན་པ། འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་ངེས་པར་ནི་རྫས ་ཐམས་ཅད་འབིགས་ཤིང་འཇོམས་ལ་ཚུར་ནི་གང་གིས་ཀྱང་མི་རྫིབས་དེ་བཞིན་དུ་ཤེས་པར་བྱའོ། །བདག་གིས་ཟབ་མོའི་དོན་མ་རྟོགས་ཞེས་བྱ་བ་ནི། བདག་གི་སྒྲ་ནི་རྡོ་རྗེ་ཕག་མོ་བདག་གིས་ཏེ། མ་འོངས་པའི་སེམས་ཅན་ཀུན་ང་རྒྱལ ་བཅག་ཅིང་ཟབ་མོའི་ལམ་ལ་ཞུགས་པར་བྱ་བའི་ཕྱིར་གསུངས་ཀྱི། རྡོ་རྗེ་ཕག་མོ་ཉིད་ནི་རྡོ་རྗེ་འཆང་གི་སྤྲུལ་པ་སྟེ། དེ་ཡང་ལུང་ལས། འཆད་པ་པོ་ད་ཆོས་ཀྱང་ངོ། །རང་གི་ཚོགས་ལྡན་འཁོར་ཡང་ང། །ཞེས་བྱ་བ་ལ་སོགས་པ་གསུངས ་པས་སོ། །ཟབ་པ་ནི་ཕུར་པོ་མ་ཡིན་པའི་ཐབས་ཏེ། འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་དག་པར་བྱེད་པ་སྟེ། བླ་མའི་ཞལ་ནས་ཤེས་པར་བྱའོ། །ཞེ་སྡང་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་བ་ནི། ཐབས་ཁྱད་པར་ཅན་ནོ། ། ་དོན་ནི་དོན་བྱ་བས་ན་སྟེ་བསྒྲུབ་པར་བྱ་བ་དང། རྟོགས་པར་བྱ་བ་དང། ཐོབ་པར་བྱ་བས་ན་དོན་ཏོ། །མ་རྟོགས་པ་ནི་ཟབ་མོའི་དོན་དེ་ཉིད་ཁོང་དུ་མ་ཆུད་ཅིང་ཐེ་ཚོམ་དང་བཅས་པ་དང། འཁྲུལ་པ་དང་བཅས་པ་དང་ལྷའི་བུའི་བདུད་དང་བཅས་པ ་སྟེ། བླ་མེ་དམ་པ་ལ་རག་ལས་ཤེས་བྱའོ། །གཞན་ཡང་བདག་གིས་ནི་ཞུ་བ་པོ་སྟེ། རྡོ་རྗེ་ཕག་མོའོ། །ཟབ་མོའི་དོན་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ། རྣམ་པར་རྟོག་པ་མ་བྲལ་བར་གཙང་བ་དང་མི་གཙང་བ་ལ་སོ་སོར་རྟོག ་པ་དང་སྒྲ་མཁན་དང། མཁན་པོ་དང། སོ་སོར་ཐར་པའི་དགེ་སློང་ལ་སོགས་པས་རྟོགས་པར་མི་འགྱུར་བས་ན་ཟབ་པ་དང་ཕྲ་བ་དང་གཏིང་དཔག་དཀའ་བའོ། །མ་རྟོག་པ་ནི་ཐམས་ཅད་གཅིག་གི་ངོ་བོར་མ་རྟོགས་པའོ། །དེ་ཕྱིར་ཁྱོད་ཀྱིས ་བདག་ལ་གསུངས་ཞེས་བྱ་བ་ནི། དེའི་ཕྱིར་སྒྲ་ནི་གཏན་ཚིགས་མ་ངེས་པའི་ཚིག་ཡིན་ཏེ། གང་གི་ཕྱིར་ན་ཟབ་ཅིང་གྲ་བ་སྟེ། དེའི་ཕྱིར་རྟོགས་ཤིང་ཁོང་དུ་ཆུད་ཅེས་བྱ་བར་གསུངས་སོ། །ཁྱོད་ཀྱི་ཞེས་པ་ནི་འཆད་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན ་པོའོ། །བདག་ལ་ཞེས་བྱ་བ་ནི་ཞུ་བ་པོ་སྟེ། མ་འོངས་པའི་སྐྱེ་བོ་ཀུན་ཚོགས་བསགས་པའི་དོན་དུའོ། །གསུངས་ཞེས་པ་ནི་ཟབ་པའི་ལམ་སྟེ། དེ་ཉིད་དུ་སེམས་ཅན་ཀུན་བཞུགས་པའི་ཕྱིར་གསུངས་ཞེས ་བྱའོ། །གཞན་ཡང་སྣོད་དུ་མི་རུང་བ་ཀུན་ལ་ཟབ་མོའི་དོན་མ་བསྟན་པ་དེའི་ཕྱིར་རོ། །འཆད་པ་པོས་ཞུ་བ་པོ་ལ་དོན་ཕྱིན་ཅི་མ་ལོག་པ་བསྟན་པའམ། འཆད་པ་པོ་ཆེ་བར་འགྱུར་བའི་ཕྱིར་དང། ཞུ་བ་པོ་ཆེར་དང་པ་དང། སྣོད་དང་ལྡན་པའི ་ཕྱིར་དང། རྒྱུད་ཀྱི་དོན་ཤིན་ཏུ་དཀོན་པའི་ཕྱིར་ཁྱོད་ཀྱིས་བདག་ལ་གསུངས་ཞེས་བྱ་བར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། བཅོམ་པ་ནི་བདུད་བཞི་བཅོམ་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང ་བྲལ་བས་ཕུང་པོའི་བདུད་བཅོམ་པ་དང། འདོད་ཆགས་སྐུ་རུ་རྣམ་པར་དག་པ་དང། ཞེ་སྡང་ཐུགས་སུ་རྣམ་པར་དག་པ་དང། གཏི་མུག་གསུང་དུ་རྣམ་པར་དག་པས་ཉོན་མོངས་པའི་བདུད་བཅོམ་པ་སྟེ། ལོངས་སྤྱོད་རྫོགས ་པའི་སྐུས་བཅུའི་རྡོ་རྗེ་འཛིན་ལ་སྐུའི་སྒོ་ནས་ཆོས་འཆད་པ་དང། ཐུགས་ཡང་དག་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་སྟེ། ཀུ་ལ་ཁྱབ་པའི་ཚུལ་ཏེ་ཡང་དག་པའི་སངས་རྒྱས་འབའ་ཞིག་གི་སྤྱོད་ཡུལ་ལོ། །སྤྱལ་པའི་སྐུ་ནི་གསུང་གི་སྒོ ་ནས་ཆོས་འཆད་པ་སྟེ། ཉན་ཐོས་དང་རང་རྒྱལ་བ་དང། མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བའོ། །དེ་དག་ཀྱང་འདོད་ཆགས་ལ་སོགས་པ་དང་གོ་རིམ་བཞིན་དུ་སྦྱར་བར་བྱའོ། །ལུང་ལས་ཀྱང། འདོད་ཆགས ་སྐུ་ལ་གཏི་མུག་གསུང་ཡིན་ཏེ། །ཞེ་སྡང་ཐུགས་སུ་ཤེས་པར་བྱ། །ཐམས་ཅད་དུ་ནི་སྤྲུལ་པའི་སྐུ། །ཉན་ཐོས་ལ་སོགས་པ་ཡིས་མཐོང། །བྱང་ཆུབ་སེམས་དཔའ་ཨི་རྫོགས་ལོངས་སྤྱོད། །ཆོས་སྐུ་སངས་རྒྱས་སྤྱོད་ཡུལ་ཏེ། །ཞེས ་གསུངས་སོ། །ཚངས་པ་ལ་སོགས་པ་ལམ་འཁྲུལ་པ་སྟོན་པ་དང། ཉན་ཐོས་ལ་སོགས་པ་རང་འདོད་ཀྱི་བྱང་ཆུབ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་བུའི་བླ་མ་ཡོངས་སུ་སྤངས་པ་སྟེ། ཡང་དག་པའི་ལམ་ལ་ཞུགས་ནས། ་ཡང་དག་པའི་འབྲས་བུ་ཐོབ་པས་ལྷའི་བུའི་བདུད་བཅོམ་པ་སྟེ། དེ་ཡང་ལུང་ལས། ཕ་མ་དག་གམ་བླ་མ་དང། བཙུན་མོ་དག་གམ་ལྷའི་བུར། །བདུད་ཀྱིས་ཡང་དག་སྤྲུལ་ནས་ཀྱང། །ལོག་པའི་ལམ་དང་འབྲས ་བུ་སྟོན་ཞེས་གསུངས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་ཞིང་སྐྱེ་བ་མེད་པས་འཆི་བདག་བདུད་བཅོམ་པ་སྟེ། འཆི་འཕོ་བ་ནི་རྣམ་པ་གཉིས་ཏེ། རྣམ་པར་ཆད་པའི་འཆི་འཕོ་བ་དང། བསམ་གྱིས་མི་ཁྱབ་པའི་ཡོངས་སུ་གྱུར ་པའི་འཆི་འཕོ་བའོ། །དེ་ཡང་གཉེན་པོ་ནི་བྱེ་བྲག་གིས་ཡེ་ཤེས་བཞི་དང། དགའ་བ་བཞི་དང། ཚད་མེད་པ་བཞི་དང། བསྡུ་བའི་དངོས་པོ་བཞི་དང། སྐད་ཅིག་མ་བཞི་དང། འབྱུང་བ་བཞི་དང། ཡུམ་བཞི་དང། སྐུ་བཞི་དང། འཁོར་ལོ་བཞི་དང། ་ཐིག་ལེ་བཞི་ལ་སོགས་པ་དང་ལྡན་པས་ན་ལྡན་པའོ། །ཡང་ན་རིགས་ལྔ་དང། སྐུ་ལྔ་ལ་སོགས་པ་དང་ལྡན་པ་སྟེ། དེ་ཡང་ལུང་ལས། ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས་དང། །དེ་བཞིན་གཞན་ན་སྤྲུལ་སྐུ་དང། །ཆོས་སྐུ་མཛད་དང ་བཅས་པ་དང། །ཚད་མེད་ལ་སོགས་དེ་བཞིན་ནོ། །ཡང་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་།སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་སོ། །འདས་པ་ནི་རྣམ་པ་གཉིས་ཏེ། ཤེས་རབ་ཀྱི་འཁོར ་བ་ལ་ནི་གནས་པར་ལྷག་པ་མེད་པའི་མྱ་ངན་ལས་འདས་པས་འབྲས་བུ་མཐར་ཕྱིན་པ་ཐོབ་པ་དང་སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པ་སྟེ། ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་དེའི་བྱིན་གྱིས་བརླབས་ལས། ལོངས་སྤྱོད་རྫོགས་པའི་སྐུ ་སྤྲིན་དང་འདྲ་བ་འབྱུང་བ་དང། ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་ལྟ་བུ་དེའི་བྱིན་གྱིས་བརླབས་པ་ལས་སྤྲུལ་པའི་སྐུ་ཆར་གྱི་རྒྱུ་ནི་ལྟ་བུ་འབྱུང་བར་འགྱུར་རོ། །དེ་ཡང་ལུང་ལས་དང་པོ་རབ་དགའ་ཆུར་ན་འོ་མ ་འདྲེས་པ་འབྱེད་པ་ལྟར། །ཤེས་རབ་ཀྱིས་ཀྱང་ཆོས་རྣམས་རྣམ་པར་འབྱེད། །ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལས། །སྐུ་གཉིས་སྐྱེ་བའི་ཆོ་འཕྲུལ་སྤྲིན་དང་ཆར་ཞེས་གསུངས་སོ། །བཀའ་ནི་འཆད་པ་པོའི་རྒྱུད་ཀྱི་དོན་ཏོ། །སྩལ་པ་ནི་རྒྱུད་ཀྱི ་དོན་སྟོན་པའོ། །ཉོན་ཅིག་ལྷ་མོ་སྤྱན་བཟངས་རིང་ཞེས་པ་ནི། ཉོན་ཅིག་ཅེས་པ་ནི་རྣམ་པར་རྟོག་པ་དང་གཡེང་བ་ཐམས་ཅད་སྤངས་ཏེ་ཡིད་གཞུང་བས་ཉོན་ཅིག་ཅེས་པའོ། །ལྷ་མོ་ནི་བོད་པའི་སྒྲའོ། །སྤྱན་ནི་ཤིན་ཏུ་གཅེས་པ་དང། ་གསལ་བར་བྱེད་པས་སྤྱན་ནོ། །བཟང་བ་ནི་རིགས་ཀྱི་ཁྱད་པར་དང། ལོངས་སྤྱོད་ཀྱི་ཁྱད་པར་དང། ལང་འཚོའི་ཁྱད་པར་དང། རྒྱན་གྱི་ཁྱད་པར་དང། རྟེན་གྱི་ཁྱད་པར་དང་ལྡན་པའོ། །རིང་བ་ནི་སེམས་ཅན་གྱི་དོན་ལ་རྟག་ཏུ་གནས ་པའོ། །དེ་ཡང་ལུང་ལས་སོ། །རྟོག་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་བདེ་བར་གཤེགས་སོགས་པའི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་མི་བརླབ། ། ་ཡང་དག་དོན་ལྟ་ཁྱད་པར་རྟག་ཏུ་འཕགས། །ཞེས་གསུངས་སོ། །གསལ་བའི་འཁོར་ལོ་ཤིན་ཏུ་ཟབ་ཅེས་བྱ་བ་ནི། རྣམ་པ་གཉིས་ཏེ་སྤྱི་དང་ཁྱད་པར་རོ། །དེ་གཉིས་ལས་ཀྱང་ཁྱད་པར་གྱི་གསང་བ་སྟེ། བུམ་པའི་དབང་དང་འབྲེལ་པ ་ལས་ཀྱང་གཞན་པ། གསང་བའི་དབང་དང་འབྲེལ་པ་ལས་ཀྱང་གཞན་པ། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་པ་སྟེ། ཚིག་གི་དབང་དང་གཟུགས་བརྙན་གྱི་དབང་ཡང་ཐ་དད་པ། མངོན་པར་རྟོགས་པའི་དོན་གྱི་དབང་དང་འབྲེལ་བ་ནི ་གསང་བའོ། །འཁོར་ལོ་གསང་བ་བདེ་སྐྱོང་དང། རྟ་མགྲིན་དབང་གི་འཁོར་ལོ་དང། གསང་བའི་འཁོར་ལོ་དང། རིག་པའི་འཁོར་ལོའོ། །གཞན་ཡང་གསང་བ་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་གསང་བའི་འཁོར་ལོ་སྟེ། གང་ལ་གསང་ཞེ་ན། ་དབང་དང་མི་ལྡན་པའི་སྐྱེ་གནས་ཀྱི་སྐྱོན་ཡོངས་སུ་མ་དག་པ་དང། སྐལ་བ་དང་མི་ལྡན་པ་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་པ་དང། རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་པ་དང། རྐྱེན་གྱིས་སྐྱེ་གནས་རྒྱུན་ཆད་པ་དང། ཡང་དག་པའི་བླ་མའི་ཞལ་ནས ་མ་ཐོས་པ་དང། གཉེན་པོའི་སྟོབས་དང་མི་ལྡན་ཞིང་འདོད་ཆགས་ཀྱི་དབང་དུ་གྱུར་དེ་ལ་གསང་ཞེས་གསུངས་སོ། །གང་གསང་ན་དགའ་བ་བཞི་ལ་སོགས་པ་སྐྱེ་བའི་རྟེན་དུ་གྱུར་པ། འཁོར་ལོ་བཞི་པ་དེ་དག་གསང་བའོ། །དེ་ཡང་ལས་དང ་པོ་པ་ལས་ཀྱི་ཕྱག་རྒྱ་ལ་རྟེན་པའི་དབང་དུ་མཛད་པ་སྟེ། ལས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱའི་ཡན་ལག་གོ་།དེ་ཡང་གང་ཟག་གི་བྱེ་བྲག་གིས་གཉིས་ཏེ། སྐལ་བ་དང་མི་ལྡན་པའི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང། ལས་ཀྱི་ཕྱག ་རྒྱ་དངོས་ལ་བརྟེན་པ་དང། ལས་ཀྱི་ཕྱག་རྒྱའི་གཟུགས་བརྙན་ལ་བརྟེན་པའོ། །སྐལ་བ་དང་མི་ལྡན་པ་ལ་ནི་ལས་ཀྱི་ཕྱག་རྒྱའི་ཡན་ལག་བཅོ་བརྒྱད་ལ་བརྟེན་ཏེ། ལག་གི་འདུ་བྱེད་དང། བཟོར་བྱས་པ་དང། སྔགས་དང་སྨན་ལ་སོགས ་པ་གསུངས་སོ། །དེ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཀྱང་གཞན་པ། དམ་ཚིག་གིས་ཕྱག་རྒྱ་ལས་ཀྱང་གཞན་པ། ཆོས་ཀྱི་ཕྱག་རྒྱ་ལས་ཀྱང་གཞན་པ་སྟེ། གཞན་པ་བཞི་པོ་འདིས་ནི་གང་ཟག་མཆོག་གི་དབང་དུ་གསུངས་པའོ། །དེ་ཉིད་ལས་ཐ ་དད་པའི་དོན་དེ་གསང་བའོ། །གང་གིས་གསང་ཞེ་ན། གསང་བའི་དོན་དང་ལྡན་པ་འམ། དབང་དུ་དད་མན་ངག་ཏུ་འབྲེལ་བའི་བླ་མ་དམ་པ་དེས་གསང་ངོ། །གཞན་ཡང་རོ་བརྒྱད་མའམ། མཚོན་མ་ལྔའམ། ས་ནོན་པའམ། གཟི་བྱིན་དང ་ལྡན་པའི་བླ་མ་ངེས་གསང་ངོ། །གང་གི་ཕྱིར་གསང་ཞེ་ན། གསང་སྔགས་ཀྱི་རྒྱུ་འམ། རྟེན་ནི་དམ་ཚིག་ཡིན་པས། དམ་ཚིག་སྲུང་ཞིང་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བ་དེའི་ཕྱིར་གསང་བའོ། །གཞན་ཡང་བློ ་དམན་ཞིང་སྣོད་དུ་མི་རུང་བ། སྒྲོ་འདོགས་ཤིན་སྐུར་པ་འདེབས་པའི་ཕྱིར་གསང་བའོ། །གང་ཞེས་པ་དང་དེ་ཞེས་པ་ནི་རང་ན་འདུག་ཀྱང་འབྲེལ་བར་འགྱུར་རོ། །དེ་དག་ལུང་ལས་གསང་བ་དེ་ཉིད་འཁོར་ལོ་སྟེ། འཁོར་ལོ་དེ་ཉིད་གསང་བ་ཡིན། ་གང་ལ་གསང་བ་གང་གསང་དང། །གང་གིས་གསང་དང་གང་ཕྱིར་གསང། །གང་ཞེས་པ་དང་དེ་ཞེས་པ། །རིང་ན་འདུག་ཀྱང་འབྲེལ་བར་འགྱུར་ཞེས་གསུངས་སོ། །ཤིན་ཏུ་ཟབ་པ་ནི་མཛའ་མེད་པའི་ཕྱིར་ན་ནམ་མཁའ་དང་མཉམ་པར་གསུངས་སོ།། ་ཐམས་ཅད་གསལ་བྱེད་པས་ན་ཉི་མ་ལྟར་གསུངས་སོ། །གསིལ་བར་བྱེད་པས་ཟླ་བ་ལྟར་གསུངས་སོ། །རྟེན་པ་དང་སྡུད་པ་དང་སྲེག་པ་དང། གཡོ་བ་དང། གོ་འབྱེད་པའི་ཕྱིར་ན། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ལྟར་གསུངས་སོ། །ཟབ་ཅིང ་དཔག་དཀའ་བས་རྒྱ་མཚོ་ལྟར་གསུངས་སོ། །ཤིན་ཏུ་ལྷུན་སྟུག་ཅིང་གཞན་གྱིས་བསྐྱོད་པར་མི་ནུས་པས་རི་རབ་ལྟར་གསུངས་སོ། །རྒྱུད་འདི་ནི་ཤིན་ཏུ་འབྱུང་བ་དཀོན་པའི་ཕྱིར་ཨུ་དུམ་བ་རའི་མེ་ཏོག་ལྟར་གསུངས་སོ། །སྐྱེ་བ་མེད་པ་ལས་མ ་ལུས་པ་སྐྱེས་པས་རྡུལ་ཕྲ་རབ་ལྟར་གསུངས་པ་ལ་སོགས་པ་དང། སོ་སོའི་ཤིན་ཏུ་ཟབ་པ་ནི་བླ་མའི་ཞལ་ནས་ཤེས་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་ཚུལ་དུ་གསུངས་པས་ཤིན་ཏུ་ཟབ་པའོ། །དེ་ཡང་ལུང་ལས། ཇི་ལྟར་ནད་པ་སོ་སོ ་ལ། །སྨན་པས་སྨན་རྣམས་སྟེར་བ་བཞིན། །དེ་བཞིན་སྣ་ཚོགས་གཅིག་གི་དོན། །དེ་ཕྱིར་ཤིན་ཏུ་ཟབ་པ་གསུངས། །ཤེས་གསུངས། །རྒྱུད་རྣམས་ཀུན་ཏུ་མ་གསུངས་པ་ཞེས་བྱ་བ་ནི། རྒྱུད་ནི་རྩ་བའི་རྒྱུད་དང། བཤད་པའི་རྒྱུད་དང་མན་ངག་གི་རྒྱུད ་དོ། །རྣམས་ནི་དུ་མའི་སྒྲ་སྟེ། དཔལ་གསང་བ་འདུས་པ་དང། དཔལ་ཀྱེ་རྡོ་རྗེ་ལ་སོགས་པའོ། །ཀུན་ཏུའི་སྒྲས་ནི་གོང་དུ་གསུངས་པའི་རྒྱུད་ཏུའོ། །མ་གསུངས་པ་ནི་དོན་གཞན་མ་གསུངས་པའོ། །གཞན་ཡང་རྒྱུད་ནི་རྒྱུའི་རྒྱུད་དང། ཐུགས་ཀྱི་རྒྱུད་དང། འབྲས་བུའི ་རྒྱུད་དོ། །གཞན་ཡང་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་དང། གཉིས་སུ་མེད་པའི་རྒྱུད་དེ། དེ་ཡང་བརྗོད་པར་བྱ་བའི་རྒྱུད་དང། རྫོང་པར་བྱེད་པའི་རྒྱུད་གཉིས་སོ། །བརྗོད་པར་བྱ་བའི་རྒྱུད་ནི་སེམས་ཅན་ཀུན་ལ་རང་བཞིན་གྱིས་གནས་པའི་རྩ་དང་འཁོར ་ལ་རྣམས་སོ། །རྗོད་པར་བྱེད་པའི་རྒྱུད་ནི་རྩ་དང། འཁོར་ལོ་དེ་བརྗོད་པར་ནུས་པའི་ཡི་གེ་འདུས་པ་སྟེ། རྒྱུའི་རྒྱུད་ཀྱིས་ནི་བརྗོད་བྱའི་རྒྱུད་དང། རྗོད་བྱེད་ཀྱི་རྒྱུད་དོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་བྱའི་རྒྱུད་དང་རྗོད་བྱེད་ཀྱི་རྒྱུད་བླ་མའི་ཞལ་ནས་ཤེས ་པར་བྱའོ། །རྣམས་ནི་མདོ་སྡེ་དང་འདུལ་བ་དང་མངོན་པ་སྟེ། སྟོན་པའི་ཞལ་ནས་གསུངས་པའོ། །ཀུན་ནི་སྡེ་སྣོད་གསུམ་པ་ཀུན་ཏུའོ། །མ་གསུངས་པ་ནི་རྩ་དང་འཁོར་ལོ་ལ་སོགས་པ་སྡེ་སྣོད་གསུམ་དུ་མ་གསུངས་པའོ། །དེ་ཡང་ལུད? ་གཞན་ལས་ཇི་ལྟར་མར་དང་ཁ་ར་དང། མར་གྱི་སྙིང་པོ་ལ་སོགས་པ། འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་ན་ནི་དུག་ཏུ་འགྱུར། །དེ་བཞིན་ང་ཡིས་གསུངས་པའི་བཀའ་། །སྐལ་དང་ལྡན་ན་ལམ་དུ་འགྱུར། །སྐལ་མེད་སྐྲག་ཅིང་སྒྲོ་སྐུར ་འདེབས། །དེ་ཕྱིར་ཀུན་ཏུ་གསུངས་པ་མེད་ཅེས་གསུངས་སོ། །ཁྱོད་ཀྱི་བོར་མཛད་དང་ཡིས་བཤད་ཅེས་བྱ་བ་ནི། ཁྱོད་ཀྱི་ནི་ཞུ་བ་པོ་སྟེ། རྡོ་རྗེ་ཕག་མོ་ཁྱོད་ཀྱིའོ། །ངོར་མཛད་པ་ནི་ཞུ་བ་པོ་ལ་ཆེར་དགོངས་ནས་རྒྱུད་ཀྱི་དོན་མཛད་པའོ། །ང་ཡིས་བཤད ་ཅེས་པ་ནི་ཞུ་བ་པ་ལ་སོགས་པ་འཁོར་འདུས་པ་ཀུན་ལ་རྒྱུད་ཀྱི་དོན་བཤད་པར་ཞལ་གྱིས་བཞེས་པའོ། །གཞན་ཡང་ཞུ་བ་པོའི་ངོར་མཛད་པ་ནི་ཡིན་ཏེ། མ་འོངས་པའི་སེམས་ཅན་སྲིད་པའི་སྲིད་བུས་དམ་པོར་བཅིངས་དེ་གྲོལ་བར ་བྱ་བའི་ཕྱིར་མཛད་དེ་བཤད་པ་སྟེ། སྟོན་པ་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱས་པ་དང་འདྲ་བའོ། །མ་འོངས་པའི་སེམས་ཅན་ནི་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པས་རི་དགས་རྒྱང?་ཆུང་བ་དང་འདྲའོ། །དེ་ཡང ་ལུང་ལས་སྲེད་པའི་སྲད་བུས་དམ་པོ་བཅད་པར་བྱ་བའི་ཕྱིར། །ཤེས་རབ་ལ་བརྟེན་རལ་གྲི་བདག་གིས་བཤད། །འགྲོ་བ་འཁྲུལ་པ་རི་དགས་རྒྱར་ཆུང་འདྲ། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་འགྲོ་ཞེས་གསུངས་སོ། །གསང་བ་རྡོ་རྗེའི་རྒྱུད ་ཀྱི་རྒྱལ་པོའི་འགྲེལ་པ་ཡང་དག་པའི་ལམ་སྟོན་པ་ལས་གླེང་སློང་བའི་ལེའུ་སྟེ་དང་པོའོ།། །།དེ་ན་འབྲས་བུ་ཐབས་གཞན་འབྱུང་བར་བྱ་བའི་ཕྱིར། ལྷ་མོས་གསོལ་བ་བཅོམ་ལྡན་འདས་ཅེས་པ་ནི། ལྷ་མོ་ནི་ཞུ་བ་བོ་སྟེ། ་སྟོན་པའི་ཚིག་གོ་།གསོལ་པ་ནི་བྱེ་བྲག་གི་དོན་བཤད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་ནི་འཆད་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོ་སྟེ། བཅོམ་ལྡན་འདས་ཀྱི་བྱེ་བྲག་ནི་གོང་དུ་བཤད་པ་དང། འོག་ནས་འཆད་པར་འགྱུར་བའོ། །གསང ་བ་ཞེས་པ་ནི་ཇི་ལྟར་ལགས་ཞེས་པ་ནི། གསང་བ་ནི་བཞི་བྱེ་བྲག་དབྱེ་བ་དང། བཞི་པོ་དེའི་དོན་གསང་བའོ་ཞེས་པ་ནི་ཚིག་གི་ཕྲད་དོ། །ཇི་ལྟར་ལགས་པས་ནི་ཞུ་བའི་ཚིག་སྟེ། འཆད་པ་པོ་ཆེ་བར་འགྱུར་བའི་ཡན་ལག་དང། རྒྱུད་ཀྱི་དོན་དཀོན ་པར་གྱུར་པའི་ཡན་ལག་དང། རྒྱུད་མཛེས་པར་གྱུར་པའི་ཡན་ལག་སྟེ། ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ཡི་འཁོར་ལོ་ཇི་ལྟར་ལགས། །དེ་ཡི་རྡོ་རྗེ་ཇི་ལྟར་ལགས། །དེ་ཡི་པདྨ་ཇི་ལྟར་ལགས། །ཅེས་པ་ནི་འཁོར་ལོ་དང་རྡོ་རྗེ་དང་པདྨ ་ནི་གོང་དུ་བཤད་ཟིན་ཏེ། འོག་ནས་ཀྱང་འཆད་པར་འགྱུར་བས་སྐབས་འདིར་མ་བཤད་དོ། །ཇི་ལྟར་ལགས་པ་ནི་གོང་དུ་གསུངས་པའི་ཡན་ལག་གསུམ་དང། འཁྲུལ་པ་དང་བཅས་ཤིང་ཐེ་ཚོམ་དང་བཅས་པའི་ཕྱིར། ཞུ་བ་པོའི ་ཚིག་གོ་།དེ་རེ་རེའི་བྱེ་བྲག་ཞལ་ནས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཅེས་པ་ནི། བཅོམ་པ་དང་ལྡན་པའི་བྱེ་བྲག་ནི་བཤད་ཟིན་ཏོ། །ཡི་གེ་གསུམ་གྱིས་འཆད་པ་པོ་སྟོན་ཏོ། །ཡི་གེ་གསུམ་གྱིས་ཞུ་བ་པོའི་དོན་བཞི་པོ་སྟོན་ཏོ། །ཡི ་གེ་གཉིས་ཀྱིས་དོན་བཞི་པོ་གསུངས་ཤིག་པར་བསྟན་པའོ། །གཞན་ཡང་གང་བཀའ་སྩལ་ན། ཞུས་པའི་དོན་བཞི་བཀའ་སྩལ་ཏོ། །གང་ལ་བཀའ་སྩལ་ན་ལྷ་མོ་ལ་སོགས་པའི་འཁོར་འདུས་པ་ལ་བཀའ་སྩལ་ཏོ། །གང་གིས་བཀའ་སྩལ་ན། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གང་གི་ཕྱིར་བཀའ་སྩལ་ཅེ་ན། འཁྲུལ་པ་དང་ཐེ་ཚོམ་ཡོངས་སུ་བཅད་པའི་ཕྱིར་བཀའ་སྩལ་པ་སྟེ། གཞན་དག་ཏུ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །གསང་བ་ཞེས་བ་རྣམ་པ་བཞི་ཞེས་པ་ནི། གྲངས ་ཀྱི་དབྱེ་བ་སྟོན་པ་སྟེ། ཨ་དང་ཕཊ་དང་ཨེ་དང་བཾ་དང། ཐིག་ལེ་རྣམས་བསལ་བའོ། །གསང་བའི་ཕོ་བྲང་དང་པོ་སྟེ་ཤེས་པ་ནི། རྡོ་རྗེ་སྣ་རྩེ་ནས། གནས་གསུམ་ན་གནས་པ་སྟེ། འཁོར་ལོ་བཞིའི་དང་པོ་ཡིན་པས་དང་པོ་ཞེས་བྱའོ། །ཀུན་རྫོབ་སྟེང ་སྒོ་སྣ་རྩེ་ལས་ཐ་དད་པར་ཤེས་པར་བྱའོ། །གཞན་ཡང་གསང་བའི་ཨ་ནི་རྣམ་པའི་རྩེའི་མདུད་བ་དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པ་དེ་ཉིད་གསང་བས་ན་གསང་བར་གནས་པའོ། །ཕོ་བྲང་ནི་བདེ་བའི་རྟེན་དང། གནས་དང། ་གཞལ་ཡས་ཁང་དང་འཁོར་ལོ་སྟེ་མིང་གི་རྣམ་གྲངས་སོ། །དང་པོ་ནི་བདེ་བ་རྟེན་བརྟེན་པའི་གནས་ཀྱི་དང་པོའི་གནས་ཀྱི་དང་པོ་ཁོ་ན་ཡིན་པས་དང་པོའོ། །རྟེན་ནི་ཚིག་གི་ལྷག་མ་སྟོན་པ་ཡིན་ནོ། །དེ་ནས་གསང་བའི་དབང་བསྐུར་ཕྱིར ་ཞེས་བྱ་བ་ནི། གསང་བའི་འཁོར་ལོ་དེ་ནས་སོ། །གསང་བའི་དབང་ནི་ཤེས་རབ་སྟོན་པའི་རང་བཞིན་ཡིན་ལ། ཐབས་ཡེ་ཤེས་བཞིའི་རང་བཞིན་ག་པུར་གཉིས་ཐ་མི་དད་པ་ནི་གསང་བའི་དབང་ངོ། །བསྐུར་བ་ནི་སློབ་མའི་རོ་མའི་འཁོར་ལོར ་སྟེང་ལོངས་སྤྱོད་མཉམ་པར་སྦྱར་བ་ནི། ཕྱིར་ནི་གསང་བའི་ཕོ་བྲང་ལ་བརྟེན་ནས་གསང་བའི་དབང་བསྐུར་བའི་གཏན་ཚིགས། ཡང་ན་ངེས་པའི་ཚིག་ཏུ་ཤེས་པར་བྱའོ། །དེ་ཡང་རྒྱུད་གཞན་ནས་གསུངས ་པ། གནས་གསུམ་འདས་ནས་གནས་གསུམ་གསུངས། བདེ་བའི་གོ་བཟློག་སྦྱར་བ་ནི། །དང་པོའི་བདེ་བ་ཐ་མ་སྟེ། །ཐ་མ་དེ་བཞིན་དབང་པོར་འགྱུར་ཞེས་གསུངས་སོ། །གཉིས་པ་རིག་པའི་ཕོ་བྲང་སྟེ་ཞེས་པ་ནི། སྟེང་གི་སྣ་རྩེ་ལས་ཐ་དད་པ་ ་གསང་བའི་རྡོ་རྗེའི་སྣ་རྩེ་ནས་དྲུག་ན་གནས་པ་སྟེ། གཉིས་པའི་ཅིག་སྔོན་དུ་སོང་བ་ལས་འབྱུང་བ་སྟེ། གསང་བ་ཕོ་བྲང་ལ་བལྟོས་ནས་གཉིས་པ་འབྱུང་བའོ། །རིག་པ་ནི་ཁྱད་པར་གྱི་དོན་རིག་པར་བྱེད་པའོ། །ཕོ་བྲང་སྟེ་ཞེས་པ་ནི ་བཤད་ཟིན་ཏོ། །བཞི་པའི་དོན་ནི་རིག་པའི་ཞེས་པ་ནི། བཞི་པ་ནི་གསུམ་ལ་བལྟོས་ནས་འབྱུང་བ་སྟེ། གསུམ་པའི་དོན་ནི་ཤེས་རབ་ཡེ་ཤེས་ཏེ་མེ་ཏོག་ལྟ་བུའོ། །མེ་ཏོག་ལས་བྱུང་བའི་དྲི་ལྟ་བུ་ནི་བཞི་པའོ། །དོན་ནི་རང་རིག་པའི ་ཡེ་ཤེས་ཏེ། དེ་ཉིད་རིག་པའི་ཕྱིར་ན་རིག་པའི་ཕྱིར་ཞེས་གསུངས་སོ། །དྲི་དེ་ཉིད་མེ་ཏོག་ལས་ཐ་དད་པ་ཡང་མ་ཡིན། མེ་ཏོག་ཉིད་ཀྱང་དྲི་མ་ཡིན་པ་དེ་བཞིན་དུ། བཞི་པ་ཡང་གསུམ་པ་ལས་ཐ་དད་པ་ཡང་མ་ཡིན་ཏེ། གསུམ་པ་ཉིད ་ཀྱང་མ་ཡིན་ནོ། །གསུམ་པ་ལས་ཐ་དད་ན་ནི་གསུམ་པ་དོན་མེད་པར་འགྱུར་ལ། གསུམ་པ་ཉིད་ཡིན་ན་བཞི་པ་དགོས་པ་མེད་པར་འགྱུར་རོ། །དེའི་ཕྱིར་གསུམ་དེ་ཉིད་རང་བཞིན་མེད་པར་གྱུར་པ་ནི་བཞི་པའོ། །དེ་ཡང་ལུང་ལས་སྟོང་ཉིད ་རྣམ་པར་ཤེས་པ་སྟེ། །རྣམ་པར་ཤེས་པའང་སྟོང་ཉིད་ཡིན། །མེ་ཏོག་དང་ནི་དྲི་ཡི་ཚུལ། །ཕན་ཚུན་རྟེན་པའི་མཚན་ཉིད་ཅན་ཞེས་གསུངས་སོ། །གསུམ་པ་རྟ་མགྲིན་འཁོར་ལོ་སྟེ་ཞེས་པ་ནི། གསུམ་པ་རྡོ་རྗེའི་རྩེ་མོ་ནས། སོ་སོར་གཉིས ་ནས་རྟེན་ཡོད་དེ། གཉིས་ལས་བལྟོས་ནས་གསུམ་འབྱུང་བའོ། །རྟའི་མགྲིན་བ་ལྟ་བུའི་རྩའི་འདབ་མའོ། །འཁོར་ལོ་ནི་བསྐོར་བའི་དོན་ཏོ། །དེའི་མགྲིན་པར་གནས་པའི་ཕྱིར་ཞེས་བྱ་བ་ནི། དེའི་མགྲིན་པ་ནི་ཀུན་རྫོབ་སྟེང་གི་མགྲིན་པ་ལས་ཐ་དད་པ། ་རྡོ་རྗེ་བ་གམ་གྱི་མགྲིན་པ་ན་གནས་པས་ན་གནས་པའོ། །ཕྱིར་ནི་བཤད་ཟིན་ཏོ། །བཞི་པ་གསང་བ་བདེ་སྐྱོང་སྟེ་ཞེས་པ་ནི། བཞི་པ་ནི་གསུམ་ལ་བལྟོས་ནས་འབྱུང་བ་སྟེ། སྣ་རྩེ་ནས་སོར་བཞི་ན་གནས་པའོ། །གསང་བ་བདེ་སྐྱོང་ནི་བདེ་བའི་ག ་བཟློག་སྦྱོར་བ་ཡིས། །ཁྱད་པར་གྱི་བདེ་བ་སྐྱེས་པས་སོ། །སྡིག་པ་སྦྱོང་ཕྱིར་བདེ་སྐྱོང་སྟེ་ཞེས་བ་ནི། སྡིག་པ་ནི་མཚན་མ་ལ་སོགས་པ་སྟེ། དེ་ཉིད་སྦྱངས་ཏེ་བདེ་བ་ལ་སེམས་གནས་པས་བདེ་སྤྱོད་དོ། །གཞན་ཡང་འཁོར་ལོ་བཞི་པོ་དེའི ་ཉམས་སུ་མྱོང་བ་དང། ལས་གསུངས་པ། གསང་བའི་ཕོ་བྲང་དུ་སེམས་ཟིན་ན། ལྟེ་བ་མན་ཆད་བདེ་བས་གང་སྟེ། རྩའི་སྙིགས་མ་ཀུན་འོད་དུ་ཞུ་བ་སྟེ། རྡོ་རྗེ་སྣ་རྩེ་འགགས་པ་སྙམ་བྱེད་པ་ལ་སོགས་པ་རྟགས་དྲུག་བྱུང་བ་ནི། ཐུར་སེལ་གྱུར ་རླུང་འབེབས་པ་སྟེ། ཁམ་གྱི་ཟས་ཀྱི་སྲེད་པ་ཆུང་བར་འགྱུར་ཏེ། ཁ་ཟས་ཀྱི་ཚོད་གཟུང་བ་ལ་སོགས་པ་བསྲུང་བ་བཅུའོ། །དེ་ལས་ཀྱང་བདེ་བ་ཁྱད་པར་ཅན་རིག་པའི་ཕོ་བྲང་དུ་སྐྱེ་སྟེ། སྙིང་ག་མན་ཆད་གང་བར་འགྱུར་རོ། །རྩའི་དངས་མ་འོད་དུ ་ཞུ་སྟེ། ལུང་པ་དང་སྣབས་ལ་སོགས་པ་རྒྱུན་འཆད་དོ། །དེ་ཡང་སྲོག་གི་རླུང་དང་མཉམ་པའི་རླུང་ཁེགས་པའོ། །སྙིང་འདར་བ་ལ་སོགས་པའི་རྟགས་དྲུག་དང། སྙིང་གར་སྨན་དང་སྣུམ་དང་དྲི་བཟང་པོ་བྱུག་པ་ལ་སོགས་བསྲུང་བ་བརྒྱད་དོ། །དེ་ལས ་ཀྱང་ཁྱད་པར་ཅན་གྱི་རྟེན་བདེ་བ་རྟ་མགྲིན་གྱི་འཁོར་ལོར་སྐྱེ་སྟེ། མགྲིན་པ་མན་ཆད་གང་བར་འགྱུར་ཏེ། རྩ་བའི་རྩ་དང་རྐང་དང་རུས་པ་ཡང་འོད་དུ་བཞུ་སྟེ། བྱང་ཆུབ་སེམས་སུ་འགྱུར་རོ། །དེ་ཡང་གྱེན་དུ་སེལ་བའི་རླུང་ཁེགས་པའོ། །སྐད ་ཤིན་ཏུ་སྙན་པ་ལ་སོགས་པའི་རྟགས་དྲུག་འབྱུང་ངོ། །སྒྲ་མི་འདོན་པ་ལ་སོགས་པ་བསྲུང་བ་བདུན་ནོ། །དེ་ལས་ཁྱད་པར་གྱི་བདེ་བ་གསང་བ་བདེ་སྐྱོང་དུ་སྐྱེ་སྟེ། ཤ་ལ་སོགས་པ་ཀུན་འོད་དུ་ཞུ་སྟེ། དེ་ཡང་ཁྱབ ་བྱེད་ཀྱི་རླུང་ཁེགས་པ་ཡིན་ནོ། །ཐམས་ཅད་བདེ་བའི་ངོ་བོར་སྣང་སྟེ། དཔེར་ན་མིག་སེར་གྱིས་བཏབ་པ་ལས། ཐམས་ཅད་སེར་པོར་སྣང་བ་དེ་བཞིན་དུ་ཐམས་ཅད་བདེ་བའི་ངོ་བོར་སྣང་བ་ལ་སོགས་པ་ལྔ་འབྱུང་ངོ། །བདེ་བ་དེ་ལ་ཤེས་པར་མི་བྱ ་བ་ལ་སོགས་པ་བསྲུང་བ་གསུམ་མོ། །གཞན་ཡང་ཕྱིར་རྟགས་གསུམ་འབྱུང་སྟེ། སྐུའི་རྟགས་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དྲུག་དང། གསུང་གི་རྟགས་ལྷའི་སྐད་འབྱུང་བ་ལ་སོགས་པ་བདུན་དང། ཐུགས་ཀྱི་རྟགས་ཐོས་བསམ་ལས ་མ་བྱུང་བའི་ཚོགས་ཞེས་པ་ལ་སོགས་པ་བདུན་ནོ། །གཞན་ཡང་སྐྱོན་བརྟག་པའི་རིམ་པ་ནི། ནད་བཞི་དང་གདོན་ལ་སོགས་པའི་སྐྱོན་བརྟག་པར་བྱའོ། །དེ་ཡང་ལུང་གཞན་ལས། ཕྱི་རྟགས་ནང་དུ་ཞུགས་པ་དང། །ནང་རྟགས་ཕྱིར་བྱུང་བ ་དང། ནད་བཞི་གདོན་གྱི་བྱེ་བྲག་རྣམས། །མཁས་པས་བརྟགས་ན་ཁྱད་པར་འབྱུང་ཞེས་གསུངས་སོ། །དེ་རྣམས་དོན་ནི་གསང་བ་སྟེ་ཞེས་པ་ནི། དེ་རྣམས་ནི་འཁོར་ལོ་བཞི་པོ་རྣམས་སོ། །དོན་ནི་བདེ་བའི་ཁྱད་པར་དུ་མའོ། །གསང་བ་ནི་སྣོད ་དུ་མི་རུང་བ་སྟེ་སྐལ་བ་མེད་པ་ལ་གསང་བའོ། །འོ་ན་ཐམས་ཅད་ལ་གསང་ངམ་ཞེ་ན། བརྟུལ་ཞུགས་བྱེད་ཅིང་གཏོང་ཕོད་ཆེ་ཞེས་པ་ནི། བརྟུལ་ཞུགས་ནི་རྣམ་པ་གསུམ་སྟེ། རྒྱན་འཆང་བ་དང། ཕྱག་རྒྱ་འཆང་བ་དང། བདུད་རྩི་མྱང་བའི ་བརྟུལ་ཞུགས་ཏེ། རིགས་སུ་འཛིན་པ་དང། གཙང་བ་དང་མི་གཙང་བ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་བྱེད་པའོ། །གཏོང་ཕོད་ཆེ་བ་ནི། རྟ་དང་གླང་པོ་དང། རིན་པོ་ཆེ་དང་བང་མཛོད་དང། རང་གི་བུ་དང་ཆུང་མ་ལ་སོགས ་པས་མཉེས་པར་བྱེད་པའོ། །ེ་བཾ་ཟབ་ཅིང་ཆགས་ལ་དགའ་ཞེས་པ་ནི། ཨེ་ནི་ཤེས་རབ་པདྨ་སྟེ། ཟབ་པ་ནི་ཡོན་ཏན་མངའ་མཁྲད་བའོ། །བཾ་ནི་ཐབས་ཀྱི་རྡོ་རྗེ། ཟབ་པ་ནི་སྐྱེ་གནས་ཀྱི་སྐྱོན་དང་བྲལ་བའོ། །ཆགས་པ་དང་དགའ་བ་ནི ་རང་རིག་པའི་འོད་གསལ་བ་དེ་ནི་ཆགས་པ་སྟེ། དེ་ཐོབ་པས་བྱེད་པའི་ཐབས་ལ་དགའ་བའི། །གཞན་ཡང་ཨེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཤེས་རབ་པོ། །བཾ་ནི་ཡེ་ཤེས་བཞི་སྟེ་ཐབས་སོ། །ཟབ་པ་ནི་གཉིས་སུ་མེད་པ་སྟེ་ཉན་ཐོས་ལ ་སོགས་པས་རྟོགས་པར་དཀའ་བས་སོ། །ཆགས་པའི་འབྲས་བུ་མཐར་ཐུག་པ་དེ་ཐོབ་པར་འདོད་པའོ། །དགའ་བ་ནི་དེ་ཐོབ་པར་བྱེད་པའི་ཐབས་ལ་དགའ་བ་དང་མགུ་བ་དང། རངས་པའོ། །གཞན་ཡང་ཐབས་དང་ཤེས་རབ་ཀྱི་ཆ་ནི། ཡབ་དང་ཡུམ་ ་དང། སྦོམ་པོ་དང་ཁྲ་མོ་ལ་སོགས་པ་བཅུ་དྲུག་གི་ཆའོ། །དེ་ཡང་ལུང་གཞན་ལས། ཐབས་དང་ཤེས་རབ་གཉིས་མེད་ཚུལ། །སྣ་ཚོགས་དུ་མར་སྣང་བས་ན། །དེ་ཉིད་ངེས་པར་བྱ་བའི་ཕྱིར། །སྟོང་པ་བཅུ་དྲུག་ངེས་པའོ། །ཞེས་གསུངས་པའོ། །ཁུ་བ་འཛག་ཅིང་རཀྟ་འབབ་ཅེས་པ ་ནི། ཁུ་བ་འཛག་པ་ནི་བྱང་ཆུབ་སེམས་ཁ་བ་ལྟ་བུ་དང་ལྡན་པའོ། །འཛག་པ་ནི་བདེ་བ་སྐྱེ་བའོ། །རཀྟ་འབབ་པ་ནི་བྱང་ཆུབ་སེམས་དམར་ལ་དང་བ་སྟེ། མཚལ་ཆེན་དང་ལྡན་པའོ། །དེ་ཡང་འཇིག་རྟེན་གྱི་གཡའ་བ་སེལ་ན་འཛག་པའི་བདེ་བ་སྐྱེའོ། ་གཞན་ཡང་ཁུ་བ་འཛག་པ་ནི་ཡེ་ཤེས་བཞི་ཡུལ་ལ་འཇུག་པའོ། །རཀྟ་འབབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་དུ་འགྱུར་ཞིང་རྒྱུན་མི་འཆད་པར་འབབ་པའོ། །གཞན་ཡང་སྐྱེས་པའི་རིམ་པ་ལ་སོགས་པ་བླ་མའི་ཞལ་ནས་ཤེས ་པར་བྱའོ། །འདི་ལ་བསྟན་གྱི་གཞན་ལ་གསང་ཞེས་པ་ནི། འདི་ལ་བསྟན་གྱི་བྱ་བ་ནི་གོང་དུ་གསུངས་པའི་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་ཡོན་ཏན་དང་ལྡན་པའོ། །གཞན་ལ་གསང་བ་ནི་གོང་གི་ཡོན་ཏན་དང་མ་ལྡན་པ་ལ་གསང ་བའོ། །རྡོ་རྗེ་པདྨ་ཞེས་བྱ་བ་ཞེས་པ་ནི། རྡོ་རྗེ་ནི་ཐབས་ཀྱི་ངོ་བོ། །པདྨ་ནི་ཤེས་རབ་ཀྱི་ངོ་བོ། །འོག་མ་ནི་ཚིག་གི་ཕྲད་དོ། །བཞི་པོ་རྣམས་ཀྱི་རྟེན་ཡིན་ཏེ་ཞེས་པ་ནི། བཞི་པོ་ནི་གསང་བའི་འཁོར་ལོ་ལ་སོགས་པའོ། ། ་གནས་དང་རྟེན་དང་འདུག་ས་ནི་མིང་གི་རྣམ་གྲངས་ཏེ། དེར་གནས་ཞེས་བྱའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །བཞི་པ་རྣམས་ཀྱི་རྟེན་ཡིན་ཏེ་ཞེས་པ་ནི་དཔེའི་སྒོ་ནས་སྟོན་པའོ། །ཁང་པ་ནི་ཐོག་གཡོགས་པ ་ལ་བྱ་སྟེ། གདུང་དང་ཕྱམ་དང་གྲལ་བུ་ལ་སོགས་པ་ཀུན་ཀྱང་ཀ་བ་ལ་བརྟེན་པ་དང་འདྲ་བར་འཁོར་ལོ་བཞི་པོ་ཀུན་ཀྱང་རྡོ་རྗེ་དང་པདྨ་ལ་བརྟེན་པར་ཤེས་པར་བྱའོ། །དེ་ཡང་ལུང་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན་ཞེས་བྱ ་པ་ལ་སོགས་པ་གསུངས་སོ། །རྒྱུད་ཀྱི་དོན་ནི་རྒྱུན་ཡིན་ནོ་ཞེས་པ་ནི། རྒྱུད་ཀྱི་དོན་ནི་བརྗོད་པར་བྱ་བ་ལམ་དང་འབྲས་བུ་ཚོགས་པ་ལ་བྱའོ། །རྗོད་པར་བྱེད་པ་ནི་རྡོ་རྗེ་འཛིན་པའི་ཞལ་ནས་གསུངས་པའི་མིང་གི་ཚོགས་དང་ཚིག་དང་ཡི་གེའི ་ཚོགས་ལའོ། །རྒྱུན་ཡིན་བྱ་བ་ནི་དེ་གཉིས་རྒྱུན་ཏུ་གནས་པའོ། །གཞན་ཡང་རྒྱུད་ནི་ཐབས་དང་ཤེས་རབ་དང། གཉིས་ཀའི་རྒྱུད་དོ། །ཡང་རྒྱུད་ནི་རྒྱུ་དང་འབྲས་བུ་དང། ཐབས་ཀྱི་རྒྱུད་དོ། །རྒྱུད་ནི་བཤད་ཟིན་ཏོ། །གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ ་པོའི་འགྲེལ་པ་ཡང་དག་པའི་ལམ་སྟོན་པ་ཞེས་བྱ་བ་ལས་དཀའ་བའི་རྟོགས་པ་སེལ་བའི་ལེའུ་གཉིས་པའོ།། །།དེ་ནས་དེ་ཉིད་བྱེ་བྲག་བཤད་ཟིན་པའི་ཕྱིར། ལྷ་མོས་གསོལ་པ་བཅོམ་ལྡན་འདས་དེ་ཡི ་དབྱེ་བ་མ་འཚལ་བ་སྐྱེ་ཞེས་པ་ནི། ཚིག་གོང་མ་ནི་རྒྱས་པར་བཤད་ཟིན་ཏོ། །དེ་ཡི་དབྱེ་བ་ནི་འཁོར་ལོ་རེ་ལ་རྩའི་གྲངས་དང་རིམ་པའོ། །མ་འཚལ་བ་ནི་མི་ཤེས་པ་དང་མ་རིག་པ་དང་འཁྲུལ་པ་དང། མ་རྟོགས་པའོ། །འཇིག་རྟེན་ཀུན ་རྫོབ་ཉིད་དུ་ལྟུང་ཞེས་པ་ནི། འཇིག་རྟེན་ནི་སྔ་མ་འཇིག་ཅིང་ཕྱི་མ་རྟེན་པའམ་འཇིག་རྟེན་ཕལ་བའོ། །ཀུན་རྫོབ་ནི་སླུ་བའི་ཆོས་སོ། །ཉིད་དུ་ལྟུང་བ་ནི་སླུ་བ་དང་གསོག་དང་གསོབ་ལ་སོགས་པ་འགྲོའོ། །འཁྲིག་པའི་ཟུག་རྔུ་མི་བཟད་པས་ཞེས་པ་ནི། ་འཁྲིག་པ་ནི་ཐ་མལ་པའི་འདོད་ཆགས་ཏེ། ཟུག་རྔུ་ནི་དེས་གདུངས་པའོ། །མི་བཟད་པ་ནི་ཤིན་ཏུ་སྡིག་དང་ལྡན་པའོ། །བདག་ནི་འདི་ཉིད་དུ་ནི་འགུམ་ཞེས་པ་ནི། བདག་ནི་མ་འོངས་པའི་སེམས་ཅན་ཀུན་ཏེ། དེ་ཉིད་དུ་ནི་འདོད་ཆགས་སྐྱེས་པའི་དུས་དེ ་ཉིད་དོ། །འགུམ་པ་ནི་འདོད་ཆགས་ཀྱི་ཀུན་ནས་བསླང་བའི་ཞེ་སྡང་ལ་སོགས་པས་སྡུག་བསྔལ་བ་དང། ཆེ་འཕོས་ནས་ཀྱང་བསྐལ་པ་གྲངས་མེད་པར་སྡུག་བསྔལ་ཉམས་སུ་མྱོང་སྟེ། དེ་ཡང་ཐ་མལ་པ་དང། ལམ་འཁྲུལ་པ་ལས་ཁྱད་པར་རྙེད་པར ་བྱ་བའི་ཕྱིར་ཞུས་པའོ། །དེ་ཡང་ལུང་གཞན་ལས་དཔེའི་སྒོ་ནས་གསུངས་པ། དང་པོ་དེ་ཉིད་རང་བཞིན་ཏེ། །གཉིས་པ་སྨིག་རྒྱུ་ཆུང་འཁྲུལ་དང། །གསུམ་པ་སྨིག་རྒྱུ་ཉིད་དུ་སྣང། །བཞི་པ་སྨིག་རྒྱུ་མེད་སྣང་བའོ་ཞེས་བྱ་བ་གསུངས་སོ། །སྒྲ་ཇི་བཞིན་མ་ཡིན ་པ་ནི་བླ་མའི་ཞལ་ནས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། འཆང་པ་པོ་ཐ་མལ་པ་དང། འཁྲུལ་པའི་ཁྱད་པར་བཀའ་སྩལ་པའོ། །གསང་བའི་ཕོ་བྲང་རིམ་པ་དྲུག་ཅེས་བྱ་བ་ནི། ཨ་དང་པོ་ནི་ཨ་སྟེ་ཆོས་ཐམས་ཅད་སྐྱེ་བ ་མེད་པའི་སྣང་བ་བརྡར་གྱུར་པའོ། །གཉིས་པ་ནི་འབྱུང་བའི་ཡི་གེ་བཞི་སྟེ། སྲ་ཤིང་ཤེས་པའི་རྟེན་དུ་གྱུར་པའོ། །འདོད་ཆགས་ཀྱི་མེ་ཆེན་པོ་དེ་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་གྱིས་བརླན་པར་བྱེད་པ་དང། དབང་པོ་སྒོ་ཐམས་ཅད་ནང་དུ་སྡུད་པ་དང་། ་ཡེ་ཤེས་ཀྱི་མེས་ཧཾ་འཛག་པ་དང། རྟོག་པ་བསྲེག་པ་དང། ལུས་ཡང་བ་དང། མེ་ཏོག་པ་ལ་གཡོ་བ་རྣམས་རིམ་པ་བཞིན་དུ་སྦྱར་བར་བྱའོ། །གསུམ་པ་ནི་སྡེ་ཚན་གྱི་དང་པོ་བརྒྱད་དེ་གསང་བའི་གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །བའི? ་དབྱངས་ཡིག་བཅུ་དྲུག་གོ་།ལྔ་པ་ནི་དབྱངས་ཀྱི་གཡས་སྐོར་སུམ་ཅུ་རྩ་གཉིས་སོ། །དྲུག་པ་ནི་ཀཱ་ལི་གཡས་སྐོར་གཡོན་སྐོར་དྲུག་ཅུ་བཞི་དེ་ཐམས་ཅད་ཀྱང་རྩའི་རང་བཞིན་ནོ། །དེ་དག་ཆོས་ཐམས་ཅད་སྐྱེ་བ ་མེད་པ་དང། ཡེ་ཤེས་བཞི་དང། རྣམ་པར་ཐར་པ་བརྒྱད་དང། སྟོང་པ་བཅུ་དྲུག་དང། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་རུ་གོ་རིམ་བཞིན་རྣམ་པར་དག་པར་ཤེས་པར་བྱའོ། །འདབ་མའི་གྲངས་ནི་ཉིས་འགྱུར་རོ ་ཞེས་བྱ་བ་ནི། བཞི་པའི་ཕྱིན་བརྒྱད་དང། བརྒྱད་ཀྱི་ཕྱི་ནི་བཅུ་དྲུག་ལ་སོགས་པའོ། །རྟ་མགྲིན་གྲངས་ནི་དགུ་རུ་ཤེས། ཞེས་བྱ་བ་ནི། འདབ་མའི་གྲངས་ནི་དགུ་སྟེ་རྟའི་མགྲིན་པ་ལྟ་བུའོ། །ཐིག་ལེ་སུམ་ཅུ་བདུན་གྱིས་བརྒྱན་པ་སྟེ་བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །གསང་བ་བདེ་སྤྱོད་རིམ་པ་གཉིས་ཤེས་བྱ་བ་ནི། འཁོར་ལོ་ནང་དང་ཕྱིའི་གཉིས་ཏེ་ཕྱི་ནང་གི་རིམ་པ་ནི་དབང་དང་ཡེ་ཤེས་ཀྱི་བྱེ་བྲག་ཏུ་ཤེས་པར་བྱའོ། །བརྒྱད་དང་ལྔ་བཅུའི་གྲངས ་ཡིན་ནོ་ཞེས་བྱ་བ་ནི། རྩའི་གྲངས་དང་ཐིག་ལེའི་གྲངས་སྟོན་པ་སྟེ། ། ཀ་ཙ་ཊ་ཏ་པ་ཡ་ཤ་བཤད་དང། ཨ་ཨཱ་ཨི་ཨའི་ཨུ་ཨའུ་རི་རཱི་ལི་ལཱི་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་བྷ་མ་ཡ་ར་ལ་ཝ། ཤ་ཥ་མ་ཧ་ཀྵ(རྒྱུད་འགྲེལ་ས་ལྔ་ནི། ཡེ་ཤེས་ལྔ་དང་རིག་པ་ལྔ་ལ་སོགས་པའོ། །རིགས་ནི་མེ་ཏོག་ལྟ་བུའོ་ཞེས་བྱ་བ་ནི། དཔེའི་ཕྱོགས་ནས་སྟོན་པ་སྟེ། སྤེན་པའི་མེ་ཏོག་ལྟ་བུའོ། །ད་ནི་རྟེན་གྱི་བྱེ་བྲག་དང། སྒྲ་ཇི་བཞིན་མ་ཡིན་པ་བཤད་པར་བྱ་བའི་ཕྱིར། ་བྷ་ག་རབ་འབྲིང་གསུམ་ཡིན་ཏེ་ཞེས་བྱ་བ་ནི། བྷ་ག་ནི་འཇོམས་པའི་དོན་ཏེ། རྣམ་པར་རྟོག་པ་འཇོམས་པས་སོ། །རབ་ནི་ཀུན་དར་གྱི་རྩ་རང་བཞིན་གྱིས་ཡོངས་སུ་རྒྱས་པའོ། །འབྲིང་ནི་ཧེ་རུ་ཀ་མ་གཤེགས་ཤིང་རྡོ་རྗེ་མདའ་ཡིས་མ་ཕོག་པ་སྟེ། ་ཆ་ཕྲ་བའི་རྐྱེན་གྱིས་ཡོངས་སུ་རྒྱས་པའོ། །ཐ་མ་ནི་སྐྱེ་ཤིང་དང་སྨན་དང། སྔགས་ལ་སོགས་པ་འོག་ནས་འབྱུང་བའི་སྦྱོར་བས་ཡོངས་སུ་རྒྱས་པར་འགྱུར་རོ། །གཞན་ཡང་བྷ་ག་ནི་གཉེན་པོ་སྟེ། ཐ་མས་འདོད་ཆགས་དང་ཞེ་སྡང ་གཏི་མུག་གིས་ཀུན་ནས་བསླང་བའི་ཉོན་མོངས་པ་མགོ་གནོན་པ་དང། འབྲིང་པོས་ཀྱང་མངོན་དུ་རྒྱུ་མགོ་མནན་པའོ། །རབ་ཀྱིས་ནི་མངོན་དུ་རྒྱུ་དང་བག་ལ་ཉལ་སྤོང་བར་བྱེད་པས་ན་བྷ་གའོ། །རྣལ་འབྱོར་མཁས་པས་བཙལ་བར་བྱ ་ཞེས་བྱ་བ་ནི། རྣལ་བ་ནི་རྩ་དེ་ལ་བརྟེན་པའི་དོན་ཕྱིན་ཅི་མ་ལོག་པ་སྟེ་དེ་ལ་སེམས་འབྱོར་པས་རྣལ་འབྱོར་ཏོ། །མཁས་པས་ནི་སྒྲ་ཇི་བཞིན་དང། ཇི་བཞིན་མ་ཡིན་པའི་དོན་མཛའ་དག་ཤེས་པའོ། །བཙལ་བ་ནི་རྩ་དེ་འམ་དེའི ་དོན་བཙལ་བར་བྱའོ། །སྨན་དང་སྣུམ་གྱི་རི་ལུ་ཡིས་ཞེས་བྱ་བ་ནི། །སྨན་ནི་ལྕ་བ་དང། ཉེའུ་ཤིང་དང། ར་མ་ཉ་བ་དང། བ་སྤྲུ་བ་དཀར་པོ་དང། གཟེ་མ་ནི་རྩ་བ་ལྔའོ། །གཞན་ཡང་ཡན་ལག་གི་སྨན་ནི་དྲུག་ཅུ་རྩ་བདུན་ཏེ་ཤིན་ཏུ་ཞིབ་པར ་བཅག་གོ་།སྣུམ་ནི་ཏིལ་ལ་སོགས་པ་བཅུ་གཅིག་གོ་།རི་ལུ་ནི་སྨན་སྣུམ་གྱི་རེ་ལུ་བྱ་བ་སྟེ་བྱའི་སྒོ་ང་ཙམ་དང། སྲན་མ་ཙམ་མོ། །རྣལ་འབྱོར་སོར་མོ་ལ་བསྡུས་ལ་ཞེས་བྱ་བ་ནི། རྩ་དེའི་དོན་ལ་ཤེས་པ་འབྱོར་པས་ན་རྣལ་འབྱོར་རོ། །སོར་མོ ་ནི་དང་འོག་གི་རྩེ་མོའོ། །བསྡུས་པ་ནི་སོར་མོའི་རྩེ་མོར་རི་ལུ་ནན་ཏན་བྱའོ། །གཞང་ཁ་ནས་ཀྱང་ཕྱེ་བས་བདུག་ཅེས་བྱ་བ་ནི། རླུང་གི་སྒོ་དེ་ཉིད་ནས་སྨན་དང་སྣུམ་གྱི་ཕྱེ་མས་དྲོད་དང་ལྡན་པས་འདུག་གོ་།དེ་ཡང་ཚད་ཤེས་པར་བྱ་སྟེ། ཁ་དོག ་དང། དབྱིབས་དང་ངག་གི་བྱེ་བྲག་ལ་ཤེས་པར་བྱའོ། །དེའི་ཚད་མ་ཤེས་ན་ནད་བཞི་སྐྱེ་བ་དང། གདོན་འཇུག་པ་དང། ལུས་སྨད་འཇིགས་པ་ལ་སོགས་པ་སྐྱོན་བཅུ་དྲུག་འབྱུང་ངོ། །ཚད་ཀྱང་དེ་ཉིད་ཀྱི ་གྲངས་སུ་ཤེས་པར་བྱའོ། །གསང་བ་ནས་ཀྱང་སྣུམ་གྱིས་འདུག་ཅེས་བྱ་བ་ནི། པདྨ་དེ་ཉིད་སྣུམ་གྱིས་བདུགས་བྱ་དུགས་ཚད་དུ་ཕྱིན་ནས་རི་ལུའི་སྦྱོར་བ་བྱ་སྟེ་མཚན་བདུན་ནོ། །དེ་ནས་རྣལ་འབྱོར་ཕོ་འམ་མོས་ཞེས་བྱ་བ་ནི། དུགས ་བྱས་པ་དེ་ནས་རྩའི་མན་ངག་ཤེས་པ་ནི་རྣལ་འབྱོར་ཏེ་ཕ་འམ་མ་ནི་སྐྱེ་གནས་གང་འབྲེལ་པའོ། །རྩ་དེ་སོར་མོས་ལེགས་པར་བཙལ་ཞེས་བྱ་བ་ནི་རྩ་ནི་ཀུན་དར་མ་སྟེ་གསུམ་འདུས་པའི་མཚན་ཉིད་དེའོ། །སོར་མོས་ནི་མི་བསྐྱོད ་པ་སྟེ། ཁྲོ་བོའི་མཛུབ་མོའི་རྩེ་མོ་ལ་རི་ལུའི་ནན་ཏན་བྱས་ཏེ། ལེགས་པར་བཙལ་ཏེ་ཐབས་དང་ལྡན་པས་རྟེན་ལས་སོར་བཞི་དྲང་བའོ། །རིང་ཐུང་ཚད་ནི་སོར་གཉིས་ནས་ཞེས་བྱ་བ་ནི། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའི ་བརྒྱད་པ་ནི་སོར་གཉིས་ན་གནས་སོ། །སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པ་བཅུ་གཉིས་པ་ནི་སོར་བཞི་ན་གནས་སོ། །སྟོང་པ་བཅུ་དྲུག་རྣམ་པར་དག་པའི་བཅུ་དྲུག་པ་ནི་སོར་དྲུག་ན་གནས་སོ། །སོར་བརྒྱད་པར་དུ་བྷ་གར ་གནས་ཞེས་བྱ་བ་ནི། ཁམས་བཅོ་བརྒྱད་རྣམ་པར་དག་པའི་སོར་བརྒྱད་ན་གནས་སོ། །འདམ་ཁ་མ་དང། ཡང་བ་སྤོང་བ་སྟེ་ཉི་ཤུ་མ་དང་ཉི་ཤུ་ལྔ་མ་ནི་ལྟེ་བ་དང། སྙིང་ག་སྟེ་དེ་ཡང་ཆོས་ཅན་ནི་དང་པ་ཁོ་ན་ན་གནས་པ་སྟེ། ཆོས་ལང ་ཚོའི་རིམ་པས་གནས་འཕོ་བའོ། །གཞན་ཡང་སྨན་དང་སྣུམ་ནི་བརྟེན་པ་དང། རྟེན་དེ་ལྷ་དང་གཞལ་ཡས་ཁང་དང། རྩ་དང་དབུགས་དང། རྩ་དང་བྱང་ཆུབ་ཀྱི་སེམས་དང། བདེ་བ་དང། སྟོང་པ་ཉིད་དེ་ཅི་རིགས་པར་སྦྱར་བར་བྱའོ། ་གཞན་ཡང་སྒྲ་ཇི་བཞིན་མ་ཡིན་པ་ནི་བླ་མའི་ཞལ་ནས་ཤེས་པར་བྱའོ། །ཤེས་རབ་བྷ་ག་ཆེ་ཆུང་དང་ཞེས་བྱ་བ་ནི། ཤེས་རབ་ནི་སྐྱེ་གནས་དང་ལྡན་པའི་རྣལ་འབྱོར་མའོ། །བྷ་ག་ནི་པདྨ་སྟེ་དེ་ལ་བརྟེན་ནས་དུག་རྣམས་འཇོམས་པ་སྟེ། ཟུར ་གསུམ་ཨེ་ལྟ་བུ་ཡིས་སོ། །ཆེ་བ་ནི་རྟེན་དེ་ཉིད་ཆེ་བ་སྟེ་ཁྱད་པར་གྱི་བདེ་བ་སྐྱེ་བར་མི་ནུས་སོ། །ཆུང་བ་ནི་རྟེན་དེ་ཉིད་ཧ་ཙང་ཡང་ཆུང་བས་བདེ་བ་སྐྱེ་བར་མི་འགྱུར་བར་ནད་ཀྱི་ཟུག་རྔུ་བསྐྱེད་པའོ། །གཞན་ཡང་ཤེས་རབ་ནི་བལྟ་བར ་བྱ་བ་དང། ལྟ་བར་བྱེད་པ་སྟེ་སོ་སོར་རྟོག་པའི་ཤེས་རབ་དང། དེའི་ཡུལ་ལོ། །བྷ་ག་ནི་གཉེན་པོའོ། །ཆེ་བ་ནི་རྟག་པའི་མཛའ་འོ། །ཆུང་བ་ནི་ཆོད་པའི་མཛའ་ཨོ། །དེ་བཞིན་བྷ་ག་གྲང་དྲོ་དང་ཞེས་བྱ་བ་ནི། དེ་བཞིན་གྱི་སྒྲ་ནི་གང་གི་སྐྱོན་དེ ་བཞིན་ནོ། །བྷ་ག་ནི་འདུག་སྟངས་ཀྱིས་ཟུར་གསུམ་པ་དེ་ཉིད་དོ། །གྲང་བ་ནི་ཆུ་དང་རླུང་ཤས་ཆེ་བ། ཕ་ལས་ཐོབ་པ་གསུམ་པོ་ནི་ཞེ་སྡང་ཆུའི་ཁམས་སོ། །མ་ལས་ཐོབ་པ་གསུམ་ནི་འདོད་ཆགས་རླུང་གི་ཁམས་ཏེ་གཏི་མུག་ནི་གཉི་གའི ་རྒྱུ་སྟེ་གྲང་བ་ནི་སྐྱོན་དང་ལྡན་པའོ། །དྲོ་བ་ཕ་ལས་ཐོབ་པ་གསུམ་དང། མ་ལས་ཐོབ་པ་གསུམ་པོ་མེའི་ཁམས་ཤས་ཆེ་བ་འབྲས་བུ་འབྱིན་པ་སྔ་ན་སྐྱོན་དང་ལྡན་ནོ། །དེ་མ་ཡིན་པའི་ཡོན་ཏན་དང་ལྡན་ནོ། །གཞན་ཡང་བྷ་ག་ནི་བུཾ་པའི་དབང་ལ་སོགས་པ་བཞིའོ། །གྲང ་བ་ནི་དམ་ཚིག་དང་ནི་མི་ལྡན་པའོ། །དྲོ་བ་ནི་དམ་ཚིག་དང་ལྡན་ཞིང་ཡེ་ཤེས་ཀྱི་མེས་རྣམ་པར་རྟོག་པ་བསྲེག་པའོ། །དེ་ཡང་ལུས་ལས་གསུངས་པ། འགྲོ་བའི་ཆོས་རྣམས་ཡེ་ཤེས་ཀྱི། །མེ་ཡི་བུད་ཤིང་སྲེག་པར་འདོད་ཅེས་གསུངས ་སོ། །དེ་ལ་རྣལ་འབྱོར་མཁས་པ་ཡིས་ཞེས་བྱ་བ་ནི། དེ་ལ་ནི་གོང་གི་སྐྱོན་དེ་ཉིད་ལའོ། །རྣལ་བ་ནི་དོན་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དོ། །དོན་དེ་ལ་ཤེས་པ་འབྱོར་པས་ན་རྣལ་འབྱོར་རོ། །མཁས་པའི་སྒྲས་ནི་དོན་མ་འཁྲུལ་བ ་མཛའ་དག་ལ་སྦྱར་བར་བྱའོ། །བྷ་ག་ཆེ་ན་བདེ་བ་ཆུང་ཞེས་བྱ་བ་ནི། བྷ་ག་ནི་འཇོམས་པས་ན་བྷ་ག་སྟེ་ཐ་མལ་པའི་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །ཆེ་བ་ནི་ཐ་མལ་པའི་འདོད་ཆགས་ལ ་སོགས་པ་ཤིན་ཏུ་ཡང་ཆེ་བའོ། །བདེ་བ་ཆུང་བ་ནི་གཉེན་པོའི་སྟོབས་ཤས་ཆུང་བ་སྟེ། གཞན་ཡང་ཆེ་བ་ནི་རྣམ་པར་རྟོག་པ་ཆེ་བའོ། །ཆུང་དུ་བྱ་བ་ནི་བླ་མ་ལ་བརྟེན་པའི་གདམས་ངག་གི་སྟོབས་ཀྱིས་རྣམ་པར་རྟོག་པ་དེ་ཉིད ་སྤང་བར་བྱའོ། །དཔེར་ན་ལན་ཚྭའི་རྒྱ་མཚོའི་ནང་དུ་སྐྱུ་རུ་ར་ཐིག་པ་གཅིག་བླུགས་པ་དང་འདྲ་བའོ། །བྷ་ག་ཆེ་ན་ཆུང་དུ་བྱ་ཞེས་བྱ་བ་ནི། བྷ་ག་ནི་གོང་དུ་བཤད་ཟིན་ཏོ། །ཆེ་ན་ཆུང་དུ་བྱ་བ་ནི་སྦྱོར་ཐབས་ཀྱི་བྱེ་བྲག་དང། སྔགས ་དང་སྨན་དང་རིན་པོ་ཆེའི་སྦྱོར་བས་ཆེ་བ་སེལ་བར་བྱའོ། །ཆུང་ན་དེ་བཞིན་བསྐྱེད་པར་བྱ་བ་ནི། ཆུང་བ་ནི་པདྨ་དེ་རྡོ་རྗེའི་མདས་བསྣུན་དུ་མི་རུང་བའོ། །བསྐྱེད་པ་ནི་རིགས་དང་མཐུན་པའི་ཤིང་བུ་ལ་སྲོག་ཆགས་ཀྱི་རྒྱུད་མས་བསྲུང ་བ་བྱ་སྟེ། སྨན་དང་སྣུམ་གྱིས་ནད་ཀྱི་ཟུག་རྔུ་སེལ་བར་བྱས་ལ་དེ་ཡིས་བསྣུན་པས་ཚད་དང་ལྡན་པའི་ཆེ་བར་འགྱུར་རོ། །གཞན་ཡང་ཆུང་བ་ནི་གཉེན་པོའི་སྟོབས་ཆུང་བ་སྟེ་ཐ་མལ་པའི་འདོད་ཆགས་ཀྱི་སྤྱོད་པ་ལ་སོགས་པའོ།། ་བསྐྱེད་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མ་ཆགས་པའི་སྤྱོད་པ་ལ་སོགས་པ་བསྐྱེད་པའོ། །གྲང་ན་དེ་བཞིན་བསྲོ་བར་བྱ་ཞེས་བྱ་བ་ནི། གྲང་བ་ནི་པདྨ་དེ་མེའི་ཤས་ཆུང་བ་སྟེ་ཧཾ་འཛག་པའི་ཡོན་ཏན་དང་མི་ལྡན་པའོ། །གོང ་གི་སྐྱོན་གསལ་བ་དེ་བཞིན་དུ་བསོ་བར་བྱ་སྟེ། བཅུ་དང་ལྡན་པའི་ཤ་དང། བསྐ་བའི་ཆང་དང། འབྲས་བུའི་སྨན་ཉི་ཤུ་རྩ་བདུན་དང། ཆེ་བ་ལྔ་ཡིས་ལུས་ལ་དྲོད་བསྐྱེད་དོ། །གཞན་ཡང་གྲང་བ་ནི་མཛའ་དང་མ་བྲལ་བའོ།། ་དྲོ་བ་ནི་མཛའ་དང་བྲལ་བས་ནམ་མཁའ་ལྟ་བུའོ། །ཆུ་རྣམས་ཆེ་ན་ཆུང་དུ་བྱ་ཞེས་བྱ་བ་ནི། ཆུ་ཆེ་བ་ནི་སྐྱོན་མདའ་ལྟར་དྲང་བ་སྟེ། དེ་གསལ་བའི་ཐབས་བྱ་བ་ནི་འདོད་པའི་རྩོལ་བ་དགུ་འམ། བཅུ་གཅིག་གམ། བཅོ་ལྔ་འམ། ཉི་ཤུ ་རྩ་གཅིག་གམ། སུམ་ཅུ་རྩ་བདུན་གྱིས་ཆུ་དེ་སེལ་བར་བྱའོ། །འདི་འདྲ་བའི་བྷ་ག་གང་ལ་ཡོད་ཅེས་བྱ་བ་ནི། འདི་འདྲའི་ཁྱད་པར་ཅན་ནོ། །བྷ་ག་ནི་ཐབས་དེས་འཇོམས་པའོ། །གང་ལ་ཡོད་པ་ནི་གང་ཟག་གི་རྒྱུད་ལ་ཡོད་པའོ། །བུད་མེད་འདི་ལ་བྷ་ག ་མང་ཞེས་བྱ་བ་ནི། བུད་མེད་ནི་ངོ་ཚ་དང་བྲལ་ཞིང་ཁྲེལ་དང་བྲལ་བ་སྟེ་འཇིག་རྟེན་པའི་ངོ་ཚ་མེད་པ་ནི་འཇིག་རྟེན་ལས་འདས་པའི་ངོ་ཚ་དང་ལྡན་པ་སྟེ་གཞན་དུ་ཡང་སྦྱར་བར་བྱའོ། །འདི་ལ་ནི་འཇིག་རྟེན་པའི་ངོ་ཚ་མེད་པ་ལ་སོགས་པ་དང་ལྡན ་པས་འདི་ལའོ། །བྷ་ག་ནི་བདུད་བཞི་ལ་སོགས་པ་འཇོམས་པའོ། །མང་བ་ནི་དེ་དང་ལྡན་པའོ། །དེ་ཕྱིར་བུད་མེད་བཅོམ་ལྡན་འདས་ཞེས་བྱ་བ་ནི། དེའི་ཕྱིར་ནི་གོང་གི་ཡོན་ཏན་དེ་དང་ལྡན་པའི་ཕྱིར་རོ། །བུད་མེད་ནི་ངོ་ཚ་མེད་ཅིང་ཁྲེལ་མེད་པ་སྟེ། ་འཇིག་རྟེན་པའི་ཁ་ན་མ་ཐོ་བ་མེད་པར་དགོན་པ་འམ། དུར་ཁྲོད་དག་ཏུ་བདུད་རྩི་ལྔ་དང། ཤ་ལྔ་དང། རུས་པའི་རྒྱན་ལ་སོགས་པ་དང། ཕྱག་རྒྱ་ལ་རོལ་པར་བྱེད་ན་ཡང་འཇིག་རྟེན་པའི་ངོ་ཚ་མེད་པའོ། །ཁྲེལ་མེད་པ་ནི་རྣལ་འབྱོར་སྟོབས་དང་ལྡན་པས ་དུས་སུ་གྲོང་ཁྱེར་ཆེན་པོའི་དབུས་སུ་སོང་སྟེ་བདུད་རྩི་ལ་སོགས་པས་སྤྲུལ་པ་སྟོན་པའོ། །དེ་ཡང་དང་པོ་ནི་བདག་གི་དོན་དེ་རིགས་སུ་འཛིན་པ་དང། བཙང་བ་རླུང་འཛིན་པ་དང། འཇིག་རྟེན་པའི་སྤྱོད་པ་ཀུན་སྤངས་ཏེ། མཁའ་འགྲོ་མའི་སྤྱོད་པས ་དངོས་གྲུབ་ཐོབ་པས་སོ། །འོག་མ་ནི་གཞན་གྱི་དོན་ཏིང་ངེ་འཛིན་གྱི་ཟས་དང། ལྡན་པ་ནི་ཁམ་གྱི་ཟས་དང་བྲལ་བ་སྟེ་མ་འོངས་པའི་རྣལ་འབྱོར་པ་སྤྲུལ་པ་དང། བསྒྱུར་བ་དང་མི་ལྡན་པ་ཟབ་མོའི་སྤྱོད་པ་དང། ལྟ་བ་བྱེད་པ་ལ་སྒོ་འདོགས་པ་དང། ་སྐུར་བ་འདེབས་དེ་བསལ་བས་ནའོ། །བཅོམ་པ་ནི་བསྐྱེད་པའི་རིམ་པས་འཇིག་རྟེན་པའི་རྣམ་པར་རྟོག་པ་བཅོམ་པའོ། །ལྡན་པ་ནི་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང། གཞལ་ཡས་ཁང་དང་ལྡན ་པའོ། །འདས་པ་ནི་འཇིག་རྟེན་པའི་སྤྱོད་པ་ལས་འདས་པའོ། །གཞན་ཡང་བཅོམ་པ་ནི་བསྐྱེད་པའི་རིམ་པ་འདི་ཉིད་དོ། །ལྡན་པ་ནི་རྩ་དང་འཁོར་ལོ་ཡིན་ཏེ། འདས་པ་ནི་བསྐྱེད་པ་དེ་ཉིད་ལ་མི་གནས་པས་སོ། །གཞན་ཡང་གོང་མ་གོང་མས ་འོག་མ་བཅོམ་པ་དང། འོག་མ་འོག་མ་ལ་མི་གནས་པ་དང། གོང་མ་གོང་མ་ཡོན་ཏན་དང་ལྡན་པ་སྟེ། ཅི་རིགས་པར་སྦྱར་རོ། །ཐབས་ཀྱི་རྡོ་རྗེ་ཕྲ་སྦོམ་དང་ཞེས་བྱ་བ་ནི། ཐབས་ནི་ཡེ་ཤེས་བཞི་པའི་རང་བཞིན་ཏེ་ཧེ་རུ་ཀའོ། །རྡོ་རྗེ་ནི་བཞི་སྟེ ་དོན་རྡོ་རྗེ་དང་རྫས་ཀྱི་རྡོ་རྗེ་གསུམ་ལས་ཐ་དད་པ་སྟེ་གསང་བའི་རྡོ་རྗེ་དེ་ཉིད་དོ། །ཕྲ་བ་ནི་ཕྲ་མ་ཎའི་ཚད་དང་མི་ལྡན་པ་སྟེ། གླང་པོ་ཆེའི་རྩེ་མོ་ཙམ་མོ། །དེ་ཉིད་ཀྱང་ཅི་རིགས་པར་བླ་མའི་ཞལ་ནས་པྲ་མ་ཎ་དང་ལྡན་པར་བྱའོ། །སྦོམ་པ་ནི་སྟོབས ་དང་མི་ལྡན་པ་ལ་སོགས་པ་དབྱེ་བ་ལྔ་སྟེ་དེ་ཉིད་ཀྱང་སྟོབས་དང་ལྡན་པ་ལ་སོགས་པར་ཤེས་པར་བྱའོ། །གཞན་ཡང་ཐབས་ནི་གང་ཟག་གི་རྒྱུད་དོ། །རྡོ་རྗེ་ནི་དེའི་སེམས་སོ། །ཕྲ་བ་ནི་རྟོག་པ་ཕྲ་བའོ། །སྦོམ་པ་ནི་རྣམ་རྟོག་ཆེ་བ་སྟེ། དེ་ཉིད ་སྤངས་ཤིང་མི་རྟོག་པ་བསྐྱེད་པར་བྱའོ། །རིང་བ་དང་ནི་ཐུང་བ་ཞེས་བྱ་བ་ནི། རིང་བ་ནི་ཚད་ལས་ཐ་དད་པ་སྟེ། བདེ་བ་མི་བསྐྱེད་པར་ནད་ཀྱི་ཟུག་རྔུ་བསྐྱེད་པའོ། །ཐུང་བ་ནི་ཚད་དང་མི་ལྡན་པ་སྟེ། བདེ་བ་ཡང་མི་བསྐྱེད་ནད་བཞི་ཡང་མི་བསྐྱེད་པ་སྟེ། ་དེ་གཉི་གའི་སྐྱོན་བླ་མའི་ཞལ་ནས་ཤེས་པར་བྱའོ། །གཞན་ཡང་རིང་བ་དང་ནི་སྐལ་པ་གྲངས་མེད་པར་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། དེ་ཉིད་ལས་ཐར་བར་བྱའོ། །ཐུང་བ་ནི་བདག་གི་དོན་འབའ་ཞིག་དང། ཚེ་འདིའི་གྲགས་པའི་དབང ་དུ་རྣལ་འབྱོར་སྤྱོད་པ་སྟེ། དེ་བསལ་ལ་འཕེན་པ་རིང་བར་བྱའོ། །ཤེས་རབ་ཇི་བཞིན་ཐབས་ལའོ། །ཞེས་པ་ནི། གོང་དུ་གསུངས་པའི་རྩ་དྲང་བ་ལ་སོགས་པ་དང། སེམས་ཅན་ཀུན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་སོ། །གཞན ་ཡང་ཤེས་རབ་ལ་གསང་བའི་འཁོར་ལོ་བཞི་ཡོད་པ་དེ་བཞིན་དུ་ཐབས་ལ་ཡང་ཡོད་པར་གསུངས་པའོ། །དེའི་གནས་སུ་གཟུང་བར་བྱ་ཞེས་བ་ནི། དེའི་གནས་ནི་རྩའི་མདུད་པ་བཞི་པོ་དེའོ། །གཟུང་བ་ནི་དབུགས་དང་ཏིང་ངེ་འཛིན་གྱིས་བྱང་སེམས ་བདེ་བ་དང་བཅས་པ་རྩའི་མདུད་པ་དེར་གཟུང་བའོ། །གཞན་ཡང་གནས་ནི་ཆོས་འབྱུང་པའི་གནས་ཏེ། རང་རིག་པའོ། །གཟུང་བ་ནི་རང་རིག་པ་དེ་ལ་སེམས་གཟུང་བ་སྟེ། དབང་པོའི་སྒོ་གཞན་དགག་པ་ནི་སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱའོ།། ་གསལ་བའི་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་ཡང་དག་པའི་ལམ་སྟོན་པ་ལས། གསང་བ་རྟོག་པའི་ལེའུ་སྟེ་གསུམ་པའོ།། །།ལྷ་མོས་གསོལ་པ་བཅོམ་ལྡན་འདས་ཞེས་པ་ནི། ལྷ་མོ་ནི་ཞུ་བ་པོའོ། །གསོལ་པ་ནི་འཇིག ་རྟེན་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་དོན་འོག་ནས་ཞུ་བའོ། །བཅོམ་ལྡན་འདས་ནི་སྟོན་པ་པོ་སྟེ། ཐེ་ཚོམ་ཞུ་བའི་གནས་སོ། །ེ་བཾ་རྣམ་པའི་དབུས་གང་དུ་ཞེས་པ་ནི། ཨེ་ནི་ཡུམ་གྱི་པདྨའོ་བཾ་ནི་ཡབ་ཀྱི་རྡོ་རྗེའོ་རྣམ་པ་ནི་སྐྱེ ་གནས་དེ་ལ་བརྟེན་པའི་རྩའི་གྲངས་དང་འཁོར་ལོའོ། །དབུས་གང་དུ་ནི་དབུས་ཀྱི་རྩ་ཐིག་ལེ་བཞི་པ་རུའོ། །བདེ་བའི་ཁྱད་པར་ཚོལ་བ་ལ་ཞེས་པ་ནི། བདེ་བ་དགའ་བ་བཞི་པོའི་དོན་ཏེ་ཐིག་ལེ་ལ་བརྟེན་ནས་སྐྱེ་བའོ། །ཁྱད་པར་ནི་ཐ ་མལ་པས་བྱེ་བྲག་ཏུ་དབྱེ་བ་སྟེ། དགོངས་པ་དང་བཅས་པའོ། །འདི་ལ་ཁྱད་པར་མེད་དམ་ཅི་ཞེས་པ་ནི། འདི་ལས་ནི་གོང་དུ་གསུངས་པའི་ཐབས་འདི་ལས་སོ། །ཁྱད་པར་ནི་གཉེན་པོའི་སྟོབས་སོ། །མེད་དམ་ཅི་ནི་ཞུ་བའི་ཚིག་གོ་།བཅོམ ་ལྡན་འདས་ཀྱིས་དཀའ་སྩལ་པ། ཤིན་ཏུ་དབེན་པའི་གནས་བཙལ་ལ་ཞེས་པ་ནི། ཚིག་གོང་མའི་འོག་ཏུ་བཤད་ཟིན་ཏོ། །འཇིག་རྟེན་པའི་ཁ་ན་མ་ཐོ་བ་མེད་པའི་གནས་བཙལ་བར་བྱའོ། །བཟའ་བ ་བཅུད་ཅན་སྣ་ཚོགས་དང་ཞེས་པ་ནི། རོལ་པའི་རྣལ་འབྱོར་གྱི་རྐྱེན་ཁ་བའི་ཆང་དང། བསྐ་བའི་སྨན་དང། ཚོ་བའི་ཤ་དང། མངར་བའི་བཏུང་བ་བརྒྱད་དང། རོ་དྲུག་གོ་།བཏུང་བ་དྲི་ཞིམ་མང་པོ་དང། ཞེས་པ་ནི། བདུད་རྩི་ལྔ་རྒྱུན ་ཏུ་བཏུང་བར་བྱའོ། །གུར་ཀུམ་ལ་སོགས་དྲི་ཞིམ་དང་ཞེས་པ་ནི། གུར་ཀུམ་དང། ཙན་དན་དང། ག་པུར་དང། ཧུ་ལུ་ཀ་དང། གི་ཝང་ཆ་མཉམ་པར་སྦྱར་ཏེ། ལུས་ཁྲུས་བྱས་ལ་དྲིས་བྱུག་གོ་།གཞན་ཡང་དབུ་རྒྱན་དང། སྟོད ་གཡོགས་ལ་སོགས་པས་ལུས་བརྒྱན་པར་བྱའོ། །དེ་དག་ཀུན་ཀྱང་ཞག་ཏུ་དམ་ཚིག་བྱ་བར་གསུངས་སོ། །ཤིན་ཏུ་འཇམ་པའི་སྟན་བཏིང་ལ་ཞེས་པ་ནི། སྟན་ནི་ནང་ཚངས་ཅན་དང། སྟན་ཆེན་པོ་དང། སྟག་གི་སྟན་གོ་རིམ་བཞིན ་དུ་བཏིང་སྟེ། གོང་དུ་གསུངས་པ་དེ་དག་ཀྱང་རྣམ་པར་དག་པ་དང་བཅས་པར་ཤེས་པར་བྱའོ། །རྣལ་འབྱོར་མའི་གནས་དགུ་རུ། དྲི་ཞིམ་ཐིག་ལེ་རེ་རེ་བྱ་ཞེས་པ་ནི། ནུ་མ་དང། ལག་རྩེ་དང། མགྲིན་པ་དང། མགྲམ་པ་དང། མིག ་དང། རྣ་བའི་རྩ་བ་དང། སྤྱི་བོ་དང། ལྟེ་བ་དང། གསང་བའི་གནས་དང་དགུ་སྟེ། གོང་དུ་གསུངས་པའི་དྲི་ལྔ་པོ་དེས་ཐིག་ལེ་ཆ་མཉམ་པོ་དགུ་རྣལ་འབྱོར་པ་ཡི་གནས་ལྔ་རུ། དེ་བཞིན་ཐིག་ལེ་ལྔ་ཡང་བྱ། །ཞེས་པ་ནི། པདམོ་འཛུམས ་པ་དང། ཚིག་འཇམ་པ་དང། ཞེན་པར་བལྟ་བ་དང། སེན་མོ་གདབ་པ་དང། བྱེད་པ་བསྡམ་པ་དང། ལྔ་སྟེ་རང་བཞིན་གྱི་ཐིག་ལེ་ཆ་མཉམ་པར་བྱ་བའོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབ་ཅེས་པ་ནི། མཁའ་ནི་པདྨ་སྟེ་དེ་བྱིན ་གྱིས་བརླབ་བོ། །གསང་བ་ནི་རྡོ་རྗེ་སྟེ་དེ་བྱིན་གྱིས་བརླབ་པར་བྱའོ། །ེ་ལས་གྲུ་གསུམ་གཏིང་རིངས་བསམ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐུ་གསུམ་པོ་དེ་ཉིད་རྟོགས་པར་དཀའ་བར་བསམ་མོ། །དེ་ཡི་ནང་དུ་པཾ་ལས་ནི?།། ་པདྨ་འདབ་མ་བརྒྱད་དུ་བསམ། །ཞེས་པ་ནི། པདྨ་དེའི་ནང་དུ་པདྨ་འདབ་མ་བརྒྱད་དེ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་དང། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའི་རང་བཞིན་དུ་བསམ་མོ། །དེའི་དབུས་སུ་འཁོར་ལོ་བསམ་ཞེས་པ་ནི ་པདྨ་ནས་སྤྱི་བོ་གཙུག་ཏོར་གྱི་བར་དུ། རྩ་དང་འཁོར་ལོར་ཡིད་ལ་དྲན་པར་བྱའོ། །འཁོར་ལོའི་དབུས་སུ་རེག་མི་བཟོད་ཅེས་པ་ནི། འཁོར་ལོ་དེ་རྣམས་ཀྱི་དབུས་སུ་ཐིག་ལེ་རྣམ་པར་རྟོག་པར་མི་རེག་པར་བསམ་མོ། །དེ་ནས་ཐབས་ཀྱི་རྡོ་རྗེ ་ཡང་ཧཱུཾ་ལས་རྡོ་རྗེ་རྩེ་ལྔར་བསམ་ཞེས་པ་ནི། ཡུམ་གྱི་པདྨ་བྱིན་གྱིས་བརླབས་དེ་ནས། ཡབ་ཀྱི་གསང་བ་ལ་རྡོ་རྗེ་རྩེ་ལྔ་པར་བསམ་མོ། །དེ་ཡང་ཡེ་ཤེས་ལྔའི་རང་བཞིན་ནོ། །ོཾ་ལས་རྡོ་རྗེའི་མགོ་བོར་བསམ་ཞེས་པ་ནི། རྡོ་རྗེའི་རྭའི ་གང་དུ། སཾ་གི་ཆོས་ཀྱི་སྐུའི་ངོ་བོར་གྱུར་པ་སྟེ། ཡུམ་ལྔའི་རང་བཞིན་ནོ། །དེ་ནས་དྲུག་པ་བཤད་པའི་ཕྱིར། ཕཊ་ལས་རྡོ་རྗེ་ཕ་གམ་བསམ་ཞེས་བྱ་བ་སྨོས་ཏེ། བ་གམ་དེ་ཉིད་རིགས་ཀྱི་དྲུག་པ་འམ། ཡེ་ཤེས་དྲུག་པ་འམ། དབུགས ་ཀྱི་དྲུག་པའི་རང་བཞིན་ནོ། །དེ་ནས་བདེ་བའི་སྟན་ཐོག་ཏུ་ཞེས་པ་ནི། པདྨ་རྡོ་རྗེ་གཉིས་སྐྱེ་གནས་མི་དམིགས་པར་བྱས་པ་དེ་ནས། སྦྱོར་བའི་གནས་བསྟན་པ་སྟེ། ཤིན་ཏུ་འཇམ་པའི་སྟན་དང། ནང་ཚངས་ཅན་གྱི་སྟན་གྱི་སྟེང་དུ། སྟག ་གམ་ཞིང་གི་སྟན་བཏིང་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་པའི་རྟགས་དང། དབང་པོ་ཐམས་ཅད་ནང་དུ་བསྡུས་པའི་རྟགས་སོ། །སྦྱོར་བ་རྣམ་པ་གསུམ་བྱ་སྟེ། ཞེས་པ་ནི་འཇིག་རྟེན་པ་ལས་ཁྱད་པར་བསྟན་པའི་ཕྱིར། ་མོས་པ་སྤྱོད་པའི་ས་ལ་སྦྱོར་བ་དང། སངས་རྒྱས་ཀྱི་ས་ལ་སྦྱོར་བར་གསུམ་མོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། ཡན་ལག་ཐབས་དང་སྦྱོར་བ་དངོས་ཞེས་གསུངས་པ་སྟེ། སྦྱོར་བའི་ཡན་ལག་ནི་གནས ་ཉི་ཤུ་རྩ་དགུ་ལ་སོགས་པར་འདོད་པའི་མཚོན་ཆ་འབེབས་པའོ། །སྦྱོར་བའི་ཐབས་ནི་གན་རྐྱལ་དང། ཁ་སྦུབ་དང། ཅོག་བུ་དང། འཕྲེད་དང། ལངས་པ་ལྔ་སྟེ། རིགས་ལྔ་དང་ཡུམ་ལྔའི་རང་བཞིན་ཏེ། དེ་ལས་ཕྱེ་བས་རིགས ་བརྒྱའི་དབྱེ་བ་དང་སྟོང་ལ་སོགས་པར་འགྱུར་རོ། །སྦྱོར་བ་དངོས་ནི་རྟགས་གསུམ་འབྱུང་བ་ལ་སོགས་པའོ། །འཁོར་ལོ་ཉི་ཤུ་རྩ་དགུ་འམ། ཆགས་པ་སྐྱེ་བའི་དྲི་ཡིས་བྱུག་ཅེས་པ་ནི། གནས་ཉི་ཤུ་རྩ་དགུ་འམ་བཅུ་དྲུག ་ཏུ་གུར་ཀུམ་མམ། ག་པུར་རཾ་ཁྱད་པར་གྱི་དྲི་དྲུག་སྦྱར་བའི་ཐིག་ལེ་བྱས་ལ། དེ་ནས་ཁ་རུ་ཡང་ཏམ་པོ་ལ་དང། གུར་ཀུམ་ལ་སོགས་པ་བཅུག་སྟེ། ཕར་བུད་པ་ནི་ཨོཾ་གྱི་ངོ་བོའི་དབུགས་སོ། །ཚུར་རྡུབ་པ་ནི་ཧཱུཾ་གི་ངོ་བོའི་དབུགས ་ཏེ། ཐུན་མོང་གི་མཚོན་ཆ་བསྟན་པའོ། །བདེ་བ་བསྐྱེད་པའི་ཟས་ཟོས་ནས་ཅེས་པ་ནི། འབྲས་བུ་ནི་བདེ་བ་ཡིན་ལ། དེའི་རྒྱུ་ནི་ཁ་བའི་ཆང་དང། ཚོ་བའི་ཤ་དང། བཅུད་དང་ལྡན་པའི་ཁ་ཟས་ཀྱི་བྱེ་བྲག་ཁམས་ཀྱི་ཚེ་དང་སྦྱར་ཏེ། ་ཆུ་ཚོད་དང་ཐུན་ཚོད་ཀྱིས་བཏང་ངོ། །དེའི་དུས་སུ་ཡང་ཆུ་རླུང་བསྲུང་བ་དང། སྤྱོད་ལམ་ཀུན་ཏུ་བཟབས་ན་བདེ་བ་བསྐྱེད་དོ། །བདེ་བའི་སྟན་ལ་འདུག་ནས་ནི་ཞེས་པ་ནི། གོང་དུ་གསུངས་པའི་སྟན་དེ་ཉིད་ལ་བག་དང་བཅས་པར་འདུག་པར ་བྱའོ། །ཐབས་ཀྱི་གནས་དགུ་པར་འོ་ཡང་བྱ་ཞེས་པ་ནི། ཤེས་རབ་མའི་གནས་གོང་དུ་གསུངས་པར་མཚོན་ཆ་དགུར་ཤེས་པར་བྱའོ། །ཤེས་རབ་ཀྱིས་ཀྱང་གནས་པར་བྱ་ཞེས་པ་ནི་གོ་སླའོ། །ཐབས་ཀྱིས་ཤེས་རབ་པདྨ་ལ། །འོ ་བྱ་པདྨ་རྒྱས་སུ་བཞུག་ཅེས་པ་ནི། ཐབས་ཀྱི་ལྕེའི་རྩེ་མོ་ལ་རྩ་རྒྱས་པར་བྱེད་པའི་སྨན་གྱི་ནན་ཏན་བྱས་ལ། པདྨའི་སྐྱོན་དག་པར་བྱེད་པའི་ནུས་པ་རྩལ་ཏེ། ལྕེའི་རྩེ་མོས་ལེགས་པར་གཡོས་ན་ངེས་པར་རྒྱས་སོ། །ཤེས་རབ་ཀྱིས ་ཀྱང་དེ་བཞིན་ནོ་ཞེས་པ་ནི། ཤེས་རབ་མའི་ལག་པ་ལ་རྡོ་རྗེ་ཟབ་པའི་སྨན་དང། རྩ་རྒྱས་པར་བྱེད་པའི་སྨན་ནན་ཏན་བྱས་ཏེ། ལག་པས་རྡོ་རྗེ་སྐྱོན་དང་བྲལ་བར་བྱས་ལ། ལེགས་པར་བསྐྱོད་ན་དུས་གསུམ་དུ་ཟབ་པར་ངེས་སོ།། ་ཆགས་པ་སྐྱེ་བའི་རྟགས་འབྱུང་སྟེ། ཞེས་པ་ནི། གོང་གི་སྦྱོར་བའི་ཡན་ལག་ནུས་པའི་སྟོབས་ལས་བྱུང་བ། ཆགས་པའི་ཟིལ་དང་ལྡན་པ། ཁ་དོག་དམར་བ་དང། ཁ་སྐམ་པ་དང། མིག་གི་རྫི་མ་ལོག་པ་ལ་སོགས་པ་རྟགས ་བཅུ་གསུམ་འབྱུང་ངོ། །དེ་ནས་སྦྱོར་བ་དང་སྦྱོར་བའི་ཐབས་བརྩམ་པའི་ཕྱིར། གཅིག་གིས་གཅིག་འཁྱུད་དེ་ཞེས་གསུངས་ཏེ། གཅིག་གོང་མའི་སྒྲས་ནི་ཡབ་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་སྟེ། ཡེ་ཤེས ་བཞིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་དུ་བྱས་པའོ། །འོག་མའི་སྒྲས་ནི་ཡུམ་གྱི་ཞབས་གཉིས་ཀྱིས་ཡབ་ལ་འཁྱུད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་ཡེ་ཤེས་བཞི་པོ་རང་གི་རིག་པའི་ངོ་བོར་གསལ ་བར་གྱུར་པའོ། །ཧེ་རུ་ཀ་དང་ཕག་མོར་བསམ་ཞེས་པ་ནི་དེ་གཉིས་ནི་རྟེན་མི་དམིགས་པར་སྟོན་པ་སྟེ། ཧེ་ནི་རིག་དང་བྲལ་བར་སྟོན་ཏོ། །རུ་ནི་གཟུགས་ལས་འདས་པར་སྟོན་ཏོ། །ཀ་ཡིས་གང་ལ་མི་གནས་པ་སྟེ། དེ་ཡང་སྣོད ་ཀྱི་བྱེ་བྲག་གིས་ཤེས་པར་བྱའོ། །དྲུག་ཞེས་པ་ཐམས་ཅད་དང་བྲལ་བའོ། །མོ་ནི་ཞེས་པ་མེད་པའི་སྲས་བསྐྱེད་པའོ། །གཞན་ཡང་ཐབས་དང་ཤེས་རབ་དེ་གཉིས་ཀྱི་བྱེ་བྲག་ས་དང་ལམ་དང། དབང་བཞི་ལ་སོགས་པ་ཧཱ་མའི ་ཞལ་ནས་ཤེས་པར་བྱའོ། །སྦྱོར་ཐབས་དང་བསྐྱེད་པའི་བྱེ་བྲག་བསྟན་པའི་ཕྱིར། ཤེས་རབ་རྐང་པ་གཉིས་བརྐྱང་ནས། ཐབས་ནི་ཐབས་ལྡན་གྱིས་བསྐྱོད་པས་ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་འབྲེལ ་པར། རྐང་པ་གཉིས་འཕྲེས་ཀྱིས་ཚུལ་དུ་སྐྱོན་དང་བྲལ་བའོ། །རླུང་བཅུ་པོ་གཅིག་གི་ངོ་བོར་བསྡུས་ཏེ། གཏུམ་མོའི་མེ་ཉེས་པ་མེད་པར་སྤང་བར་བྱ་བ་ནི། ཐབས་དང་ལྡན་ཞིང་བསྐྱོད་པའོ། །ནང་རྟགས་ཕྱི་རུ་བསྟན་པའི་ཕྱིར། །ཤེས་རབ ་མ་ལ་རྟགས་གསུམ་འབྱུང་ཞེས་པ་ནི། རྒྱུད་དེ་ལས་བྱུང་བའི་འབྲས་བུ་སྐུ་གསུམ་སྟོན་པའོ། །དེ་ཉིད་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་ལུས་འདར་འཕར་པ་སྐུ་ཡི་རྟགས་ཞེས་པ་ནི། དེ་ཉིད་ཀྱི་ལུས་ཆེར་འདར་བ་དང། འཕན་པ ་འོང་སྟེ། ཁམས་ཀྱི་སྐྱོན་དང། གདོན་དང། འདོད་ཆགས་ཀྱི་སྐྱོན་ཀུན་བྲལ་ནས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ། །གཞན་ཡང་འོག་མ་གཉིས་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ངོ་བོ་བཤད་པར་བྱ་བའི ་ཕྱིར། འདི་ནི་གསང་བའི་དཀྱིལ་འཁོར་ལོ་ཞེས་བྱ་བར་གསུངས་སོ། །དེ་ཉིད་ལས་ཐུན་མོང་གི་ཡོན་ཏན་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་བསྟན་པའི་ཕྱིར། འདི་ཡིས་སྐྲ་དཀར་གཉེར་མ་སྤོང་ཞེས་གསུངས་ཏེ། གསང་པའི་བཅུད ་ལེན་གྱིས་ཕྱི་དང་ནང་གི་སྐྲ་དཀར་བ་དང། གཉེར་མ་སྤོང་བར་བྱེད་པའོ། །ནད་ཀྱི་ཟུག་རྔུ་ཐམས་ཅད་འཇོམས་ཞེས་པ་ནི་སྒྲ་ཇི་བཞིན་པ་དང། ཇི་བཞིན་པ་མ་ཡིན་པའི་དོན་ཏོ། །འདི་ནི་ཞེས་པའི་ཚིག་གཅིག་ནི་གོང་དུ་བཤད་ཟིན་ཏོ།། ་ཕྱིའི་དཀྱིལ་འཁོར་བསྒོམ་པ་མིན་ཞེས་པ་མ། གསང་བའི་དཀྱིལ་འཁོར་ཉིད་ལ་སེམས་གནས་ན། གཡེང་བའི་རྒྱུ་རྡུལ་ཚོན་དང་ཐིག་ལེ་ལ་སོགས་པ་སྤང་པའོ། །དེའི་བྱེ་བྲག་བསྟན་པའི་ཕྱིར། སྦྱིན་སྲེག་ལ་སོགས་བྱ་བ་མིན ་ཞེས་གསུངས་ཏེ། ཕྱིའི་སྦྱིན་སྲེག་དང། གཏོར་མ་དང་མཆོད་པ་ཀུན་སྤང་ཞེས་གསུངས་སོ། །ད་ནི་རྒྱུད་ཀྱི་ཆེ་བ་དང། གནས་དང་ཚད་བསྟན་པའི་ཕྱིར། གསང་བ་རྡོ་རྗེའི་རྒྱུད་འདི་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུད་འདི་ནི་ཐུན་མོང ་མ་ཡིན་པའི་དོན་བསྟན་པར་བྱེད་པ་དང། ཀུན་གྱིས་ཐོས་པར་མི་འགྱུར་ཞིང། །རྟོགས་པར་དཀའ་བ་སྟེ། འདོད་ཆགས་རྣམ་པར་དག་པར་བྱེད་པའོ། །གཞན་ཡང་གླེགས་བམ་གྱི་ཚད་ནི་སོར་བཅུ་གཉིས་ཏེ། སྐྱེ་མཆེད་བཅུ་གཉིས ་དང། འཁོར་ལོ་བཅུ་གཉིས་དང། སྐུ་བཅུ་གཉིས་ཀྱི་རང་བཞིན་ནོ། །གནས་ནི་གཞན་གྱི་མི་མཐོང་ཞིང་མི་རིག་པར་བྱ་བའི་ཕྱིར། གསང་བའི་གནས་ཏེ། ལྟེ་བ་འམ། སྤྱི་བོར་ཐབས་མཁས་པས་ཁ་ན་མ་ཐོ་བ་མེད་པར་སྦ་བར་བྱའོ། །དེ ་ནི་རྒྱུད་དེ་བཤད་པའི་གང་ཟག་བསྟན་པའི་ཕྱིར། ཡོངས་སུ་སྨིན་པའི་རྣལ་འབྱོར་མ། །འགའ་ཡིས་མཐོང་ན་གཞན་ལ་སྦ། །ཞེས་པ་སྟེ། ཤིན་ཏུ་རྣམ་པར་དག་པ་དང་བྲལ་ཞིང། །བརྟུལ་ཞུགས་སྤྱོད་པ་ལ་ཡ་ང་བ་མེད་པ་ནི། ཡོངས་སུ ་སྨིན་པའི་རྣལ་འབྱོར་མ་སྟེ། འབྲས་བུ་སྨིན་པ་དང་འདྲའོ། །དེ་ནི་ཤིན་ཏུ་སྣོད་དང་ལྡན་པའོ། །གཞན་གོང་དུ་གསུངས་པའི་ཡོན་ཏན་དང་མི་ལྡན་ཞིང། ཉོན་མོངས་པའི་དབང་དུ་གྱུར་པ་ཀུན་ལ་གསང་བ་དང་སྦས་པའི་དོན་ཡིན་ཏེ། ་ལྷ་དྲངས་པ་ལ་ཁ་ཟས་ཀྱི་གཏམ་དང་འདྲའོ། །དེ་ནས་བླ་མ་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར་རོ། །གསང་བ་སྟོན་པའི་བླ་མ་ནི། །སངས་རྒྱས་ཉིད་པས་བཙུན་པ་ཡིན། །ཞེས་པ་སྟེ། ཡ་ང་པ་དང་ཡ་ང་པའི་གཞི་གཉིས་ཏེ། དེ་ཉིད ་ཀྱང་གང་ཞེ་ན། ཡ་ང་བའི་གཞི་ནི་འཇིག་རྟེན་པའི་ལྟ་སྤྱོད་དོ། །ཡ་ང་བ་ནི་གསང་བའི་དོན་འཁྲུལ་པ་སྟེ། དེ་ཉིད་ལ་ཐ་དད་ཅིང་མ་འཁྲུལ་པའི་དོན་སྟན་པ་ནི། ཡང་དག་པའི་བླ་མ་སྟེ། འཚང་རྒྱ་བའི་འབྲས་བུ་སྟེར་བར་བྱེད་? ་སངས་རྒྱས་ཉིད་པས་བཙུན་ཞེས་བྱ་བའོ། །བླ་མ་ནི་འོག་མ་ལས་ཁྱད་པར་དུ་འཕགས་པའོ། །མ་ནི་ཐུན་མོང་མ་ཡིན་པའི་སྲས་སྐྱེད་པར་བྱེད་པའོ། །ད་ནི་སྦྱོར་ཐབས་ཀྱི་བྱེ་བྲག་རྒྱས་པར་བསྟན ་པའི་ཕྱིར། གཞན་ཡང་འདོད་པའི་བསྟན་བཅོས་སུ། །གསུངས་པའི་སྦྱོར་ཐབས་ཀུན་བྱས་ནས། །ཞེས་པ་སྟེ། སྦྱོར་ཐབས་ཀྱི་བྱེ་བྲག་གིས་ཀུན་དར་གྱི་རྩ་ཁ་འབྱེད་པ་དང། པདྨ་ཆེ་བའི་སྐྱོན་དང། ཆུང་བའི་སྐྱོན་སྤང་བ་བསྟན ་པ་དང། རྡོ་རྗེ་རིང་བ་དང་ཐུང་བ་དང། ཕྲ་བ་དང་སྦོམ་པ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར། དབུ་རྒྱན་དང། སྙན་ཆ་དང། དཔུང་རྒྱན་དང། སོ་མོ་དོ་དང། ཁྱོགས་དང། བརླ་བ་དང། བུང་བ་དང། རྐང་གཅིག་དང། ཀུན་ཙ་འདྲེན ་པ་དང། ཁྱུང་ལྡིང་དང། དུང་ལ་སོགས་པ་ཉིས་བརྒྱ་དང། དྲུག་ཅུ་ཤེས་པར་བྱས་ན། ཁྱད་པར་གྱི་བདེ་བ་སྐྱེ་བའོ། །བདེ་བ་དེ་གང་ལས་སྐྱེ་སྙམ་པ་ལ། ལྔ་བཅུ་ནས་གཟུང་སྟོང་གི་བར་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། རྣལ་འབྱོར་པ་ནི་དྲུག་ཅུ་ན་དྲོད་དང་བྲལ་ཏེ་བདུན་ཅུ་ན་བདེ་བ་དང་འབྲལ་ལོ། །རྣལ་འབྱོར་མ་ནི་ལྔ་ཚན་བཅུ་ན་དྲོད་དང་འབྲལ་ཏེ་ལྔ་ཚན་བཅུ་གཉིས་ན་བདེ་བ་དང་འབྲལ་ལོ། །དེ་བདེ་བ་དང་ལྡན་པར་བྱ་བའི་ཕྱིར། སྔགས ་ཀྱི་སྦྱོར་ཐབས་དང། སྨན་གྱི་སྦྱོར་ཐབས་མཁས་པ་དང། ཨ་བ་དྷུ་ཏཱིའི་རྩའི་རྣམ་པ་ཡོངས་སུ་རྒྱས་པར་བྱ་སྟེ། སྐྱོན་དང་བྲལ་བའི་བདུག་པའི་སྦྱོར་ཐབས་ཀྱི་བསྐྱོད་པར་བྱས་ན་ཁྱད་པར་གྱི་བདེ་བ་རྟེན་ནི་ལྷན་ཅིག་སྐྱེས ་པའི་བཅུ་གཉིས་མ་སྟེ། བཅུ་གཉིས་མ་དང་བདེ་བ་མཉམ་པས། སྔགས་སྐྱེས་མ་ལ་ལང་ཚོ་མེད་ཅེས་གསུངས་སོ། །ད་ནི་སྦྱོར་བའི་སྐྱོན་བཤད་པར་བྱ་སྟེ། སྦྱོར་ཐབས་མི་ཤེས་སྦྱོར་བྱས་པ། །རླུང་མཁྲིས་པད་ཀན་ཀུན་ནས་སྐྱེ།། ་ཞེས་གསུངས་ཏེ། སྔགས་ཀྱི་སྦྱོར་ཐབས་དང། སྨན་གྱི་སྦྱོར་ཐབས་དང། བདུག་པའི་སྦྱོར་ཐབས་མི་ཤེས་པས་བདེ་བ་མེད་པར། ནང་གཞིའི་གཞིར་འགྱུར་རོ། །དེ་ནི་སྒྲ་ཇི་བཞིན་པའོ། །སྒྲ་ཇི་བཞིན་མ་ཡིན་པ་ནི། ཏིང་ངེ་འཛིན་གྱི་སྦྱོར་ཐབས་མི་ཤེས་པས ་འོད་གསལ་གྱིས་འབྲས་བུ་མེད་པར། མནར་མེད་པའི་འབྲས་བུ་འབྱིན་པའོ། །དེ་ནས་ཐབས་དང་ཤེས་རབ་གཉིས་ཕན་ཚུན་ཐུན་མོང་དུ་བསྟན་པའི་ཕྱིར། ཤེས་རབ་ཀྱིས་ཀྱང་ཐབས་ལ་སྟེ་ཞེས་བྱ་བ་གསུངས་ཏེ། སྦྱོར་ཐབས་བཞི་པོ ་ལ་མཁས་པའི་ཤེས་རབ་མས། ཐབས་ལ་རྟག་ཏུ་བདེ་བ་སྦྱིན་པའོ། །ད་ནི་དམ་ཚིག་བསྲུང་ཞིང་དུས་གསུམ་དུ་དམ་ཚིག་དང་ལྡན་པར་བྱ་བའི་ཕྱིར། སྦྱོར་ཐབས་མཁས་པའི་ཤེས་རབ་མ། །ཐབས་ཀྱིས་རྟག་ཏུ་བརྟེན་པར་བྱ་ཞེས ་གསུངས་སོ། །སྦྱོར་བའི་ལམ་ཁྱད་པར་ཅན་ལ་ཤེས་པས་སྦྱོར་བྱེད་དོ། །ལམ་དེ་ཉིད་ཐབས་ཀྱང་ཡིན་ལ། དེ་ལ་མཁས་པའི་ཤེས་རབ་མ་དྲུག་སྟེ། ལམ་གྱི་རིག་མ་དང། རྒྱུན་གྱི་མ་དང། གཉེན་པོ་མ་དང། སྐབས་ཀྱི་མ་དང། ཡེ་ཤེས ་མ་དང། ཤེས་རབ་མ་རྣམས་སོ། །ལམ་ནི་དབང་བཞི་དོན་ཐ་དད་ཅིང་འབྲེལ་པར་ཤེས་པ་སྟེ། དེ་རྣམས་དུས་གསུམ་དུ་ཡིད་ལ་དྲན་ཞིང་མ་བརྗེད་པའི་དམ་ཚིག་དང་ལྡན་པའི་ཐབས་སུ་གསུངས་སོ། །དེ་ལས་བཟློག་པ་ནི་དམ་ཚིག་དང ་ལྡན་པའོ། །དམ་ཚིག་དེ་ཉིད་ཐུན་མོང་དུ་བསྟན་པའི་ཕྱིར། སྦྱོར་ཐབས་མཁས་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ཡིས་གསུངས་པ་བསྟན་ཞེས་གསུངས་ཏེ། སྦྱོར་བ་ནི་ཤེས་རབ་དང་བྲལ་བའི་ཐབས་ལ་ཤེས་རབ་སྦྱོར་བ་དང། ་ཐབས་དང་བྲལ་བའི་ཤེས་རབ་ལ། ཐབས་སྦྱོར་བར་བྱེད་པ་ནི་སྦྱོར་བ་ཡིན་ཏེ། དེ་ཉིད་གཉིས་སུ་མེད་པར་ཤེས་པ་ནི་མཁས་པ་སྟེ་ཐབས་སོ། །ཐབས་དང་ཤེས་རབ་ཀྱང་སྟེ་འོག་དང། གཡས་གཡོན་དང། ཁ་དོག་དང། དབྱིབས་དང། ་སྐྱེ་གནས་ལ་སོགས་པར་གསུངས་སོ། །ད་ནི་གསང་བ་ལ་བརྟེན་པའི་ཐེ་ཚོམ་ཡོངས་སུ་བཅད་པ་དང། གསང་བའི་ཐབས་བསྟན་པའི་ཕྱིར། གསང་བ་ལ་བརྟེན་པ་ཇི་ལྟར་ལགས་ཞེས་པ་དང། དེའི ་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་གསུངས་ཏེ་གོ་སླའོ། །ད་ནི་གསང་བ་བསྟེན་པའི་ཐབས་སམ་ཚུལ་བསྟན་པའི་ཕྱིར་གསུངས་པ། མིང་སྲིད་ཚུལ་ལམ་ཞེས་པ་ལ་སོགས ་པ་གསུངས་ཏེ། མིང་སྲིང་གི་ཚུལ་འཇིག་རྟེན་པའི་ཁ་ན་མ་ཐོ་བ་སོགས་པ་མི་འབྱུང་བ་སྟེ། ངོ་ཚ་མི་ལྡན་པའི་ཕྱིར་རོ། །རྗེ་འབངས་ཀྱི་ཚུལ་ནི་དབང་གི་ཁ་ན་མ་ཐོ་བ་མེད་པ་སྟེ། གཞན་ཡང་རྒན་གཞོན་དང་ངོ་ཚ་བཀུར་བའི ་རིམ་པའི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བ་མེད་པའོ། །ད་ནི་ཁ་ན་མ་ཐོ་བ་མེད་པའི་གནས་སུ་སྦྱོར་བ་བསྟན་པའི་ཕྱིར། དཔེན་པའི་གནས་སུ་སྦྱོར་བ་བསྟན་པའི་ཕྱིར། དབེན་པ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དེ་ཉིད་གནས་ཀྱང་ཡིན ་ལ་དབེན་པ་ཡང་ཡིན་པས་དབེན་པའི་གནས་སོ། །ཕྱག་རྒྱ་དང་མི་ལྡན་ན་དམ་ཚིག་ཉམས་པའི་ཕྱིར། གལ་ཏེ་མ་བསྟེན་དམ་ཚིག་ཉམས། ཚེ་འདི་ཉིད་དུ་དམྱལ་བར་ལྟུང་ཞེས་གསུངས་ཏེ། དབང་དང་ལྡན་ཞིང་ངམ ་ཚིག་དང་ལྡན་པའི་ཕྱག་རྒྱ་མ་བསྟེན་ན། གསང་པའི་དམ་ཚིག་ཉམས་ཏེ་ཚེའི་དུས་བྱས་ཏེ། དམྱལ་པར་སྐྱེ་བའོ། །གོང་དུ་གསུངས་པ་དེ་ཉིད་ཀྱི་ཐེ་ཚོམ་ཡོངས་སུ་ཞི་བར་བྱ་བའི་ཕྱིར། ལྷ་མོས་གསོལ་པ་ཞེས་བྱ་བ་ལ ་སོགས་པ་ཞུ་བའི་ཚིག་གསུམ་གསུངས་ཏེ། མན་ངག་མེད་པའི་རྣལ་འབྱོར་པ་སྤང་བ་དང། བདེ་བ་ཁྱད་པར་མེད་པ་སྤང་བ་དང། ཕྱག་རྒྱ་མ་བསྟེན་ནས་ཉེས་པ་ཇི་ལྟར་འབྱུང་ཞེས་ཞུས་པའོ། །དེའི་ལན་བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་ཞེས་གསུངས་སོ། །ལན་དེ་ཉིད་ཞུ་བ་པོ་ཉིད་ཀྱི་ངོར་མཛད་དེ་གསུངས་པའི་ཚིག་གསུང་བའོ། །བདེ་བ་ལ་གནས་གསང་བའི་དོན། །ཁྱོད་ཀྱི་ངོར་མཛད་ང་ཡིས་བཤད། ཅེས་གསུངས་ཏེ། ལམ་ཁྱད་པར ་ཅན་དེ་ཉིད་ཀྱི་ཉེས་པ་སྤངས་ཏེ། ལམ་ལ་གནས་པ་བསྟན་པའོ། །ད་ནི་དྲི་བའི་ཚིག་གི་བྱེ་བྲག་བསྟན་པ་དེའི་ལན་བྱེ་བྲག་ཏུ་གསུངས་པ། སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང། །སྟན་ཡང་གཅིག་ལ་མི་འདུག་སྟེ་ཞེས་གསུངས ་ཏེ། ཐབས་ཁྱད་པར་ཅན་དང་མི་ལྡན་པའི་རྣལ་འབྱོར་པ་དང། སྟན་དང་གནས་དང་ཡུལ་གཅིག་ཏུ་གནས་པར་མི་བྱའོ། །དེ་དང་གཉིས་ཉོན་མོངས་པའི་བདེ་བ་མི་བཙལ་བའི་ཕྱིར། འདོད་ཆགས་བསམ་པ་ཡང་མི་བཏང་ཞེས་གསུངས་སོ། ་བསམ་པ་ཙམ་ཡང་མི་བྱའོ། །ཉོན་མོངས་པའི་དབང་དུ་བྱས་ཏེ་སྦྱོར་བ་བྱེད་པའི་ཉེས་པ་བསྟན་པའི་ཕྱིར། གལ་ཏེ་དེ་འདྲ་བསྟེན་གྱུར་ན། །འཇིག་རྟེན་ཕལ་པའི་འདོད་ཆགས་ཏེ། །ཞེས་གསུངས་ཏེ། སྦྱོར་ཐབས་ཀྱི་བྱེ་བྲག་གིས ་འཁྲུལ་པའི་ལམ་སྤོང་བ་སྟེ། དེ་དང་མི་ལྡན་པའི་གྲོགས་བསྟེན་ན་ནི། འཇིག་རྟེན་པའི་འདོད་ཆགས་ཉིད་དུ་འགྱུར་བའོ། །འཇིག་རྟེན་པའི་འདོད་ཆགས་ལས་འབྲས་བུ་སེམས་ཅན་དམྱལ་བར་སྐྱེ་བར་གསུངས། ཤི་ནས་སེམས་ཅན ་དམྱལ་བར་སྐྱེ་ཞེས་བྱ་བ་ལ་སོགས་པ་ཚིག་ལྔ་གསུངས་ཏེ། ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དང་ལྟ་བས། དུས་མ་ཡིན་པའི་ནད་དང་རིམས་འབྱུང་ཏེ། དེའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། སྡུག་བསྔལ་དཔག་པ་ལས ་འདས་པ། མྱོང་ངོ། །དེ་ནི་འདོད་ཆགས་ཆེན་པོ་ལས་འབྱུང་བའོ། །དེ་ནས་དམྱལ་བ་ངུ་འབོད་དུ་སྐྱེ་སྟེ། ལྕགས་ཀྱི་སོར་བཅུ་དྲུག་པའི་རི་ལ་འཛེག་པ་དང། མར་འབབ་པ་ནི། དགའ་བ་བཅུ་རྟེན་དང་པོ་མི་ཤེས་པ་ལས་འབྱུང་བའོ། ། ་དེ་བཞིན་དུ་ཡང་འཛེག་པ་དང། མར་འབབ་པ་ནི་ཐབས་མེད་པའི་ཕྱག་རྒྱ་བསྟེན་པས། ཉོན་མོངས་པའི་རྫུ་འཕྲུལ་ལས་བྱུང་བའོ། །བདེ་བའི་ཁྱད་པར་བསྟན་པའི་ཕྱིར། །ད་ཕྱིར་སྦྱོར་ཐབས་མཁས ་པ་བསྟན་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་དམན་པ་དེ་དགག་པའི་ཕྱིར་དང། སྦྱོར་ཐབས་གང་ལ་ཡང་མགོ་མ་རྨོངས་པར་བྱ་བའི་ཕྱིར་རྣལ་འབྱོར་པ་བསྟན་ཏེ། དེ་ལས་བདེ་བ་ཁྱད ་པར་ལྔ་དང་ལྡན་པ་སྐྱེ་བར་གསུངས་སོ། །ཁྱད་པར་མེད་པའི་བདེ་བའི་སྐྱོན་བསྟན་པའི་ཕྱིར། བདེ་བ་ཁྱད་མེད་ལུས་ཟུངས་ཉམས། །རླུང་མཁྲིས་བད་ཀན་ཀུན་ནས་སྐྱེ། །ཞེས་གསུངས་ཏེ། ཐབས་ཁྱད་པར་ཅན་དང་མི་ལྡན་ན། ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྣ་ཚོགས་སྐྱེ་བ་དང། རླུང་དང་མཁྲིས་པ་ལ་སོགས་པ་ནད་བཞི་ཀུར་སྐྱེ་བ་དང། ལུས་ཟུངས་ཉམས་པའི་སྐྱོན་བཅུ་གཉིས་འབྱུང་བར་ངེས་སོ། །ཞུ་བའི་ཚིག་ཐ་མའི་ལན་བསྟན་པའི་ཕྱིར། ལས ་ཀྱི་ཕྱག་རྒྱ་རྟག་ཏུ་བསྟེན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་བླ་ན་མེད་པའི་རྣལ་འབྱོར་ནི་ཐུན་དྲུག་གམ་ཐུན་བརྒྱད་དུ་རྒྱུན་མི་འཆད་པ་རུ་མཆོད་པར་བྱ་བའི་ཕྱིར། ལས་ཀྱི་ཕྱག་རྒྱ་རྟག་ཏུ་བསྟེན་པར་བྱ་བའོ། །ཕྱག་རྒྱ་མ ་བསྟེན་དམ་ཚིག་ཉམས་ཅེས་པ་ནི། དམ་ཚིག་ཉམས་པར་འགྱུར་ཏེ། མཆོད་པ་ལ་སོགས་པ་རྒྱུན་འཆད་པར་འགྱུར་བའི་ཕྱིར་རོ། །གསང་བ་བླ་ན་མེད་པའི་ལྟ་བ་ལ་བརྟེན་ནས་སྤྱོད་ལམ་གྱི་དུས་སུ་ཐ་སྙད་ཀྱི་ལམ་ལ་འཇུག་པའི ་ཕྱིར་རོ། །ཕྱག་རྒྱ་བསྟེན་པའི་དུས་སུ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛུབ་མོ་བསྟོན་པ་ནི་འོངས་སམ་ཞེས་འདྲི་བའོ། །སྲིན་ལག་སྟོན་པ་ནི་ལེགས་པར་འོངས་སམ་ཞེས་དྲིས་པའོ། །མཐོ་བོང་དྲང་པོར་སྟོན་པ་ནི་རྡོ་རྗེ ་ཟབ་པའོ། །དེ་བཞིན་སྲིན་ལག་དྲང་པོར་སྟོན་པ་ནི་པདྨ་ཡོངས་སུ་རྒྱས་པའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །དེ་ནི་སེམས་གཟུང་བའི་གནས་བསྟན་པར་བྱ་བའི་ཕྱིར་ཞུས་པ། ལྷ་མོས་གསོལ་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ཚིག ་གསུམ་གྱིས་ཞུས་ཏེ། དེའི་ལན་འདོར་བསྡུས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་དང་རྡོ་གཉིས་ཀྱི་འཁོར་ལོར་གཟུང་སྟེ། དེ་ལ་ཡང་གཉིས་ཏེ། རབ་ཀྱིས་སྲོག་དང་རྩོལ་བའི་རླུང་བཀག་ལ། ཏིང ་ངེ་འཛིན་དང་དབུགས་ཀྱིས་གཟུང་ངོ། །འབྲིད་དང་ཐ་མས་བཙན་ཐབས་ཀྱི་སྦྱོར་བ་བཅུས་གཟུང་སྟེ། འགྲོན་བུའི་སྦྱོར་པ་དང། ཏང་ཀུ་ལའི་སྦྱོར་བ་དང། ཀེར་ཀོའི་སྦྱོར་བ་དང། ཀྲུ་སྣའི་སྦྱོར་བ་དང། འཕྲེས་ཀྱི་སྦྱོར་བ་དང། ཨེ་རའི་སྦྱོར་བ་དང། དུང ་ལའི་སྦྱོར་བ་དང། སྡོམ་པོ་ཁྲོ་མོའི་སྦྱོར་པ་དང་བཅུ་སྟེ། བླ་མ་དམ་པའི་ཞལ་ནས། ཤེས་པར་བྱ་བའོ། །གཟུང་བའི་རྟེན་ནི་གསང་བའི་འཁོར་ལོ་བཞི་མན་ངག་གཉེན་པོའི་སྟོབས་བརྗོད་པར་བྱ་བའི་ཕྱིར། གལ་ཏེ་དེ་རུ་མ་ཟིན་ན་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་སྐད་ཅིག་མ་སྔ་མ་ལ་པདྨར་འཕྲོས་པའི་དུས་ན་གོང་བུར་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བསམ་མོ། །དེ་ནས་ཕྱོགས་བཅུར་འཕྲོས་པ་སྤྲུལ་པའི་སྐུར་བསམ་མོ། །དེ་ནས་སྤྲུལ ་པའི་སྐུ་པར་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྡུ་སྟེ། དེ་ཉིད་ཆོས་ཀྱི་སྐུར་བསྡུ་སྟེ། རང་གི་རིག་པའི་འོད་གསལ་བར་བསྒོམ་མོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཐིག་ལེ་པདྨ་ལས་ལྕེས་བླངས་ཏེ། རོ་མའི་འཁོར་ལོ་བསྟིམ་མོ། །ལྕེ་དང་བྱང་ཆུབ ་ཀྱི་སེམས་དང། རོ་མ་ཀུན་བྱིན་གྱིས་རློབ་པོ། །དེ་ལྟར་བྱས་ན་གསང་བའི་དམ་ཚིག་དང་ལྡན་པར་ངེས་སོ། །ང་ནི་ཐབས་དང་ཤེས་རབ་གཉིས་བསྐྱོད་པ་དང། སྦྱོར་ཐབས་ཐུན་མོང་དུ་གཉིས་ཀས་བྱ་བ་དང། བདེ་བའི་ཁྱད་པར་དང་ངོ་བོ ་བསྟན་པར་བྱ་བའི་ཕྱིར། ལྷ་མོས་གསོལ་པ་ཞེས་པ་ལ་སོགས་པས་ཞུས་པ་དང། དེའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མས་ཀྱང་ ་གཏུམ་མེའི་མེ་སྦར་བར་བྱ་བའི་ཕྱིར་རླུང་གིས་བསྐྱོད་པར་བྱའོ། །རྣལ་འབྱོར་པས་ཀྱང་རྩ་ཁ་དབྱེ་བའི་ཕྱིར་སྦྱོར་ཐབས་བྱ་བའོ། །དེ་ལྟར་གཏུམ་མོའི་མེ་སྤར་བ་དང། དབུས་ཀྱི་རྩ་ཁ་དབྱེ་བ་ལས་བདེ་བ་ཁྱད་པར་དུ་འཕགས་པ་སྐྱེ་བའོ། ་རྣལ་འབྱོར་མ་དང། རྣལ་འབྱོར་པའི་བདེ་བའི་ཁྱད་པར་ནི། དར་དང་དར་གྱི་སྣལ་མའི་དཔེས་སྟོན་ཏེ། རྣལ་འབྱོར་པས་བདེ་བ་ཤས་ཆུང་བ་ལས་མེད་པར་དར་གྱི་སྣལ་མའི་དཔེས་སོ། །ཛོ་གིས་ཆེར་ཉམས་སུ་མྱོང་བ་སྟེ། ཤེས་པ ་བ་རྒྱལ་བ་དང། སྐད་འདོན་པ་དང། འདར་བ་ལ་སོགས་པའི་རྟགས་ཀྱང་འབྱུང་སྟེ། དར་གྱི་ཤམ་བུ་ཙམ་གྱི་དཔེའོ། །ཛོ་གི་ལ་སུ་ཁ་མ་ཧཱ་ར་སྐྱེ་བའི་ཕྱིར། ཛོ་གི་ཁོ་ན་བསྒྲུབ་པར་གསུངས་སོ། །ད་ནི་ཞུ་བའི་ཚིག་ཐ་མ་བསྟན་ཏེ། ་སུ་ཁའི་ས་བོན་གསལ་བའི་འབྲས་བུ་བསྐྱེད་པའི་རྒྱུའི་ནང་ནས་འདི་མཆོག་ཏུ་གསུངས་ཏེ། ཕྱིའི་རབ་གནས་སྦྱིན་སྲེག་དང། །དབང་བསྐུར་དང་མཆོད་པ་དང། བཟླས་པ་ལ་སོགས་པ་ཀུན་ནི། གཡེང་བས་ན་དམན་པའོ། །ཡེ ་ཤེས་ལྔ་ནི་འོད་གསལ་ཉིད་དོ། །ད་ནི་ཐེ་ཚོམ་ཡོངས་སུ་ཟད་ནས་ཚོགས་བསགས་པ་བསྟན་པའི་ཕྱིར། དེ་ནས་ལྷ་མོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་རྣམ་པར་དག་ནས་སྟོང་པ་ཉིད་ཀྱི་རང་བཞིན་འཁྱུད་དེ། གསང ་བའི་མཆོད་པས་མཆོད་ནས། རང་རང་གི་རྫུ་འཕྲུལ་གྱིས་མི་སྣང་བར་གྱུར་ཏོ། །ད་ནི་རྒྱུད་ཀྱི་ཆེ་བ་བརྗོད་པར་བྱ་སྟེ། གསང་བའི་ཡང་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་དང་པོ་ནི་ཐབས་ཀྱི་རྒྱུད་དོ། །གཉིས་པ་ནི ་ཧེ་བཛྲ་ལ་སོགས་པའོ། །གསུམ་པ་ནི་ཙཀྲ་ས་མ་བ་རའོ། །བཞི་པ་ནི་འདི་ཉིད་དུ་ཤེས་པར་བྱའོ། །ཤིན་ཏུ་འཁྲུལ་པའི་མུན་པ་ལྟ་བུ་ལ། །ཡང་དག་ལམ་སྟོན་མར་མེ་ལྟ་བུ་བརྩམས། །མར་མེ་འདྲ་བ་བརྩམས་པའི་དགེ་བ་གང་ཐོབ་པས། །ཚེ ་འདི་སེམས་ཅན་ཐམས་ཅད་བདེ་ཐོབ་ཤོག་།གསང་བ་རྡོ་རྗེ་རྒྱུད་ཀྱི་འགྲེལ་བ་ཡང་དག་པའི་ལམ་སྟོན་པ་ལས། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དཔལ་འཁོར་ལོ་སྡོམ་པ་ལས། བླ་མ ་ཌོམ་པི་ཧེ་རུ་ཀ་ཞེས་བྱ་བ་བརྟུལ་ཞུགས་བརྙེས་པས་མཛད་པ་རྫོགས་སོ།། །།གྷུ་རུ་ར་ཊཱ་བཛྲ་དང། ལོ་ཙ་བ་བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། ་