CLOSE WINDOW

N921: rgyud kyi rgyal po chen po dpal rdo rje mkha' 'gro shes bya ba'i rnam par bshad pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མཧཱ་ཏནྟྲ་རཱ་ཛ་སྱ་བི་བྲིཏྟི། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་ལས་ཤར་བའི་ཟླ་བ་ལྟར། །མི་ཤེས་སེལ་བའི་འོད་བྱེད་ཅིང། །དངོས་གྲུབ་བདུད ་རྩི་འཛག་བ་ཡི། །རྡོ་རྗེ་མཁའ་འགྲོའི་སྐུ་ལ་འདུད། །གསེར་དང་རིན་ཆེན་རང་བཞིན་ལས། །བསྒྲུབས་པས་རི་རྒྱལ་ལྷུན་པོ་ལྟར ་རྒྱུད་འདིའི་ཡན་ལག་ལས་བྱུང་བ། །ཐམས་ཅད་སྙིང་པོ་འབའ་ཞིག་སྐུས། །རྒྱུད་འདི་ཡི་ནི་དོན་ཆེན ་རྣམས། །གང་ཡིན་གསལ་བའི་བློ་གྲོས་ཀྱིས། །གློག་ལྟར་ཚིམ་བྱེད་ལྗགས་བསྐྱོད་ནས། །སྐད་ཅིག་གིས་ནི་གསལ་མཛད ་པ། །གང་ཡིན་དེ་འདིར་བདག་གིས་ནི། །བླ་མས་ཇི་ལྟར་བསྟན་པ་རྣམས། །བློ་ཡིས་ཇི་ལྟར་དྲན་པ་བཞིན། །གསལ་བར་བྱ་ཕྱིར ་བརྗོད་པར་བྱ། །རྒྱུད་དུ་སྦས་པའི་དོན་ཆེན་རྣམས། །མན་ངག་ལས་རྙེད་མ་ལུས་པར། །བདག་གིས་བྲི་བར་མི་ནུས་ཀྱང། །ཅུང ་ཟད་ཙམ་ཞིག་བྲི་བར་བྱ། །འདིར་བརྗོད་པར་བྱ་བ་ལ་སོགས་པ་མ་མཐོང་བར་རྟོག་པ་སྔོན་དུ་གཏོང་བ་རྣམས་སུ་ཡང་འཇུག་པར་མི་འགྱུར་ལ། །དེ ་དག་(ཀྱང་དང)་པོར་ཚིག་ཏུ་བརྗོད་པ་མ་གཏོགས་པར་མངོན་དུ་མི་འགྱུར་བ་དང། འབྲས་བུ་དོན་དུ་གཉེར་བས་སྒྲུབ་ཐབས་ལ་འཇུག་པ་རྣམས་ཀྱང་སྒྲུབ ་པ་བོ་བདག་ཉིད་ཀྱི་མངོན་པར་འདོད་པའི་འབྲས་བུ་དེ་དང་རྗེས་སུ་མཐུན་པའི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ཏེ། གཞན་དུ་ན་གལ་ཏེ་དེ་དག་བདག ་ཉིད་ཀྱི་འདོད་པ་མ་ཡིན་པ་དང། ཉམས་སུ་བླང་བར་མི་ནུས་པ་ནི་མཐོ་རིས་འདོད་པ་རྣམས་ར་སྐྱེས་དཀར་པོ་ལ་བརྟེན་ནས་བསྒྲུབ་པ་སངས་རྒྱས་པ ་སྙིང་རྗེ་ཅན་གྱི་འདོད་པའི་ཐབས་མ་ཡིན་པ་དང། གལ་ཏེ་ར་སྐྱེས་དཀར་པོ་བསད་པའི་མཆོད་པས། མཐོ་རིས་ཐོབ་ཏུ་ཟིན་ཀྱང་སྙིང་རྗེ་ཅན ་གྱི་མངོན་པར་འདོད་པའི་འབྲས་བུ་མ་ཡིན་པ་ལ་སོགས་པ་དེ་དག་ལ་བརྗོད་པར་བྱ་བ་ལ་སོགས་པའི་ཁྱད་པར་ཚིག་ཏུ་བརྗོད་པ་མ་གཏོགས ་པར་འཇུག་པར་མི་འགྱུར་བས་གནས་ཕུན་སུམ་ཚོགས་པ་ལ་སོགས་པ་བརྗོད་པའི་སྒོ་ནས་བརྗོད་པར་བྱ་བ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། གསང་བ་མཆོག ་གི་ཞེས་བྱ་བ་ནས། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།ཅེས་བྱ་བ་ནི་བར་གྱི་ཚིག་རྣམས་དང་པོར་སྡུད་པར་བྱེད་པ་རྡོ་རྗེ་ཕག ་མོས་གསུངས་ཏེ། དེ་ཡང་བཅོམ་ལྡན་འདས་གཅིག་བུ་ཉིད་གར་མཁན་ལྟར་སེམས་ཅན་རྣམས་འདུལ་བའི་ཕྱིར་འཆད་པ་པོ་དང་སྡུད་པར་བྱེད་པ་དང། འཁོར་ཞེས ་བྱ་བ་དཀྱིལ་འཁོར་བ་དང། གཙོ་བོ་ཞེས་བྱ་བ་དཀྱིལ་འཁོར་ཉིད་དང། དངོས་གྲུབ་དང་སྒྲུབ་ཐབས་ལ་སོགས་པའི་བརྗོད་པར་བྱ་བའི་རང་བཞིན་འཛིན་པར་མཛད ་དེ། འདི་ལྟར་བཅོམ་ལྡན་འདས་ཉིད་འཆད་པ་པོ་ལ་སོགས་པར་གནས་མོད་ཀྱི། ལས་དང་པོ་པ་འཇུག་པའི་ཕྱིར་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་ཐ་དད་པར་བསྟན་ནས། གསང་བ་མཆོག་གི ་དགྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་མཆོག་གིས་དགྱེས་པར་བཞུགས་ནས། བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ་ཞེས་བྱ་བ་ནི་སྔར་བསྟན་པའི་བརྗོད ་པར་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ཚིག་གི་གཞུང་རྣམས་གསུངས་ཀྱི། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་བདག་ཉིད་ཀྱི་རང་བཟོ་སྤོང་བར་མཛད་ཅིང་འདི་ལྟར་བཅོམ་ལྡན་འདས་ལས ་ཐོས་ནས་རྒྱུད་ཐོས་སོ་ཞེས་པར་དགོངས་སོ། །གསང་བ་ཞེས་བྱ་བའི་སྒྲས་ནི་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འཁྲུངས་པས་གསུངས་པ་ནི་ཆོས་ཀྱི ་འབྱུང་གནས་སོ། །དེར་བཞུགས་པ་ནི་དེར་རབ་ཀྱི་སྟེང་དུ་ཁང་པ་བརྩེགས་པར་གནས་པའོ། །ཇི་ལྟ་བུར་གྱུར་པའི་གསང་བ་ཞེ་ན། གསུངས་པ་མཆོག་ཅེས་པ་སྟེ། ཡེ་ཤེས་པའི་ཡུལ་དུ་གྱུར་པས་ན། ་མཆོག་གོ་།དགྱེས་པ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ་བསྐྱེད་པའི་ཡུལ་དུ་གྱུར་པས་སོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ཐམས་ཅད་བདག ་ཉིད་དེ་གསང་བའོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་པས་ཐམས་ཅད་བདག་ཉིད་དོ། །ཡང་ཐམས་ཅད་ཀྱི་སྒྲས་ནི་རྡོ་རྗེ་འཛིན་པ་ལ་བྱ་ལ། དེའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བྱ་སྟེ། དེ་དག་གིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །རྟག་ཏུ་བཞུགས་ཞེས་བྱ་བས་ནི་སྟོན་པ་ཕུན་སུམ་ཚོགས་པའི་ཁྱད་པར་སྟོན་པར་མཛད་དོ། །སྣ་ཚོགས་དེའི་རང་བཞིན་གྱིས་ཐོག་མ་མེད་པའི་དུས་ནས ་གར་ཡང་མ་བཞུད་པའོ། །དེ་ཡང་ཆོས་ཀྱི་སྐུ་ལ་སོགས་པའི་གཟུགས་ཀྱིས་རྟག་ཏུ་དེ་ལྟར་བྱུང་བ་ཉིད་དུ་རང་བཞིན་རྒྱུད་རྒྱུན་ཆགས་པར་འདིར་བཞུགས་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅེ་ན། ་མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་ཀུན་གྱི་སྒྲས་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་ལ་བྱ་ལ་དེ་རྣམས་ཀྱི་རང་བཞིན་གང་ལ་ཡོད་པ་དེ་མཁའ་འགྲོ་ཀུན་གྱི་དངོས་སོ། །འདིས ་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་ཀུན་གྱི་འཁོར་གྱིས་བསྐོར་བ་ལ་གསུངས་སོ་ཞེས་བསྟན་པར་འགྱུར་རོ། །དེས་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །བཅོམ་ལྡན་འདས་དེ་ཉིད་སེམས་ཅན་གྱི་དོན ་ལ་ནུས་པ་དང་ལྡན་པས་ན་སེམས་དཔའ་ཡིན་ལ། མི་ཤེས་པའི་རི་བོ་བཅོམ་པས་ན་རྡོ་རྗེའོ། །མི་ཤེས་པ་ཡང་འདིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཤེས་བྱ་རྣམས་ལ་གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་ཞེས་བྱ་བའི་སྒྲིབ་པ་གང་ཡིན་པའོ ་དེས་ན་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ་ཤེས་རབ་བོ། །མཁའ་འགྲོ་ཞེས་བྱ་བ་ནི་སྤྲུལ་པ་རྣམས་ཀྱི་ནམ་མཁའ་ཀུན་ཏུ་ཁྱབ་པར་འགྲོ་བས་ནམ་མཁའ་འགྲོའོ། །སྤྲུལ་པ་ཡང་མཁའ་འགྲོ་མའི་གཟུགས་ཀྱི་དངོས་པོའོ། །དེ་ལྟར་ན་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བས་ཐབས ་དང་ཤེས་རབ་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་བསྟན་ཏེ། རྡོ་རྗེ་ཡང་ཡིན་ལ་མཁའ་འགྲོ་ཡང་ཡིན་པས་ན་རྡོ་རྗེ་མཁའ་འགྲོ་སྟེ། སྙིང་རྗེ་དང་སྟོང་པ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེ་ཉིད་བདེ་བའི་རང་བཞིན ་དུ་བསྟན་པའི་ཕྱིར་བདེ་བའི་མཆོག་ཅེས་གསུངས་ཏེ། བདེ་བའི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ་ཡང་བསྒྲུབ་པར་བྱ་བའི་དམ་པ་ཞེས་བྱ་བའི་བར་དུའོ། །འདིར་འགྲོ་བ་རིགས་དྲུག་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་བདེ་བ་ཉིད་ཡིན་ཏེ། དེ་ཡང་བྱིས་པ་རྣམས ་ཀྱི་ནི་ཟག་པ་དང་བཅས་པ་ཡིན་ལ། འཕགས་པ་རྣམས་ཀྱི་ནི་ཟག་པ་མེད་པའོ། །དེ་ལྟ་མོད་ཀྱི་བདེ་བའི་དོན་དུ་ཐབས་སྣ་ཚོགས་དོན་དུ་གཉེར་བས་བདེ་བ་ལས་གཞན་པའི་སྒྲུབ་པར་བྱ་བ་གཞན་ཡོད་པ་མ་ཡིན་ལ། ཇི་སྙེད་དུ་བདེ་བ་དེ་རྙེད་རང་བཞིན་རྣམ་པར་དག་པ ་ཡིན་ཡང་བྱིས་པ་རྣམས་ཇི་ལྟར་སྣང་བཞིན་པ་ལ་མངོན་པར་ཞེན་པས་ཟག་པ་དང་བཅས་པ་ཞེས་བྱ་སྟེ། བདེ་བ་དེའི་རང་བཞིན་ཉིད་འདི་ནི་ཞེས་བྱའོ། །དེ་ཡང་བདེ་པས་བདེ་བ་བསྒྲུབ་པར་བྱ་ཞེས་གསུངས་སོ། །བདེ་བས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །བདེ་བ་ཞེས ་བྱ་བ་ནི་ཟག་པ་མེད་པར་རོ། །དེ་ལྟར་ན་རྟག་ཏུ་བཞུགས་ཞེས་བྱ་བ་ནས། བདེ་བའི་མཆོག་ཅེས་བྱ་བའི་བར་འདིས་སྟོན་པ་པོའི་ཁྱད་པར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པར་འགྱུར་རོ། །འདི་ནི་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས ་པ་ཉིད་དེ་དེ་ཅི་འདྲ་ཞེ་ན། རབ་བྱུང་ཞེས་གསུངས་ཏེ། རང་ཞེས་པ་གདུལ་བྱ་རྣམས་ཀྱི་རང་བཞིན་དེ་དང་དེ་གདུལ་བར་བྱ་བའི་ཕྱིར་རོ། །བྱུང་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་སྤྲུལ་པའི་གཟུགས་སུ་འབྱུང་ཞིང་གསལ་བར་མཛད་པས་ན་རང་བྱུང་ངོ། །དེ་ཡང་ ་སེམས་ཅན་གཅིག་ཏུ་དེ་ཉིད་ནི་རྣམ་པ་ལྔ་རུ་མཚོན་པ་ཡིན་ཞེས་གསུངས་ཏེ། སེམས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་ཉིད་སྐལ་པ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པས་སོ། །ལྷག་པའི་ནི་ལྷ ་གཅིག་པུ་ཉིད་ཅེས་བྱ་བ་ལ་ལུས་ལྷག་པར་བྱིན་གྱིས་རློབ་པས་ན་ལྷག་པ་ཡིན་ལ། ཎའི་རང་གི་རྐྱེན་ཅན་དུ་བྱས་པས་གསལ་ཞིང་རིག་པ་དང་སྤྲུལ་པ་རྒྱས་པར་བྱེད་པས་ན་ལྟ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་བྱུང་བ་ཀུན་རྫོབ་ཀྱི་བདེན་པར་ཤེས ་པར་བྱའོ། །གཅིག་པུ་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དོན་དམ་པའི་བདེན་པས་ཏེ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ལྷག་པའི་དོན་ཉིད་དུ་ལྟ་བར་བྱའོ། །ཡང་ནམ་མཁའ་ ་འགྲོ་ཀུན་གྱི་ཚིག་གིས་རྣམ་པར་སྣང་མཛད་ལ་སོགས་པ་ལ་བྱ་སྟེ། དེ་ཉིད་ཀྱིས་ན་རང་བྱུང་ངོ། །དེ་ཡང་རང་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བྱུང་ཞིང་བདེན་པ་གཉིས་ཀྱི་ཚུལ་དུ་བཅོམ་ལྡན་འདས ་སྟོང་པར་མཛད་དོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་བཅོམ་ལྡན་འདས་ཀྱི་བསྐྱེད་པའི་རིམ་པའི་ཚུལ་བསྟན་པར་བཞེད་ནས་འགྱུར་གནས་སྒྲ་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དངོས་པོ་ཐམས་ཅད་རྣམ་པར་ཕྱེ་ནས་བསྟན་པས་ན་འབྱུང་གནས་ ་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེ་བ་མེད་པའི་སེམས་སོ། འབྱུང་གནས་ལས་ཞེས་བྱ་བ་ནི་རྒྱུའི་དོན་གྱི་ལྔ་པ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ལས་ངེས་འབྱུང་རྣམས་ཞེས་བྱ་བར་འབྲེལ་ཏོ། །དེ་ཅི་ཞིག་ཅེ་ན། སྒྲ་ཚུལ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྒྲ་ནི་སྒྲར་གྲག་པའི་རང་བཞིན་གང་དག་ཡིན་པ་རྣམས་ཏེ། ཨ་ལ་སོགས་པ་དང། ཀ་ལ་སོགས་པ་དང། གཞན་ཡང་སྔགས་རྣམས་སོ། །དམ་ཚིག་ནི་ཟླ་བ་གཉིས་སོ། །སྤྱོད་པ་ནི་ས་བོན་ནོ། །སྤྱོད་ཡུལ་ནི་མཚན་མའོ། །དེ་དག་ངེས་པར་འབྱུང ་ཞེས་བྱ་བར་སྦྱར་ཏེ། རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་ངེས་པར་བྱུང་བ་སྟེ། བསྒོམ་པ་དང་བཟླས་པ་ཞེས་བྱ་བའི་བར་དུའོ། །འདིས་འདི་སྐད་སྟོན་པར་འགྱུར་ཏེ། སངས་རྒྱས་དང་བླ་མའི་མཆོད་པ་སྔོན་དུ་འགྲོ་བས་འདི་ལྟར། འགྲོ་ཀུན་སེམས་ཀྱི་སྤྲུལ་པ་སྟེ། སེམས་ལས ་གཞན་དུ་ཡོང་མ་ཡིན་ཞེས་བྱ་བ་འདིའི་དོན་ཡིད་ལ་བྱས་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། ཨ་ནུཏ་པནྣ་སརྦ་དྷརྨཱ:པྲ་ཀྲིཏྟ་པྲ་བྷ་སྭ་ར:སརྦ་དྷརྨཱ(རྒྱུད་འགྲེལ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཨ་ལ་སོགས་པའི་གཟུགས་ཀྱིས་ཞུགས་པར་བསྒོམས་ལ་ཡང་འོད་ཟེར་གྱིས་བསྐུལ་ཏེ། དེ་བཞིན་གཤེགས་པའི་ཚོགས་རྣམས་སྐར་མདའ ་འཕྲོ་བའི་ཚུལ་དུ་ཞུགས་པར་བསྒོམས་ནས་སླར་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ཏེ། ཨོཾ་བོ་དྷི་ཙིཏྟོ་ཏཔཱ་ཏ་ད་ཡཱ་མི་ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་དེར་ཀ་ལ་སོགས་པ་ཡི་གེ་དེ་བཞིན་བསམས་ལ། དེའི་སྟེང་དུ་བདག་ཉིད་ས་བོན་ལས་མཚན་མའི ་གཟུགས་སུ་བསྒོམས་ཏེ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ནས་སླར་ཡང་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཨཏྨ་ཀོ་ཧཾ་ཞེས་བྱ་བའི་ང་རྒྱལ་བྱ་སྟེ། ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་རང་གི་ལྷར་བསྒོམས་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཨ་ཧཾ ་ཞེས་བརྗོད་པ་འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བཅོམ་ལྡན་འདས་ཀྱི་སྐུར་བསྒྲུབ་པ་བསྟན་ཏོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་བྱ་བ་ལ་སོགས་པ་ལ། རྙེད་དཀའ་བ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་སོ། །གང་ནས ་ཞེ་ན་འཇིག་རྟེན་གསུམ་ནས་ཏེ། སེང་གེ་དང་འཕྲོག་བྱེད་དང། དབྱིག་གི་སྙིང་པོ་ཞེས་བྱ་བ་མིང་གི་རྣམ་གྲངས་གཞན་འདོད་པ་ལ་སོགས་པ་དག་ལས། དེ་ཡང་སེང་གེ་འདོད་པ་ཞེས་བྱ་སྟེ། འཕྲོག་སེམས་ཞེས་བྱ་བར་གྲགས། ཚངས་པ་གྲོལ་བར་རབ་ཏུ་བཤད།། ་འདི་དག་འཇིག་རྟེན་གསུམ་ཞེས་བརྗོད། །ཅེས་གསུངས་སོ། །ཕོའི་དོན་ལ་མ་རིང་གི་རྟགས་སུ་གསུངས་པ་ནི་ལུང་སྟེ། འཛེམ་པ་མེད་པས་སོ། །ཡང་ན་བུད་མེད་ཆགས་པ་སྐྱེས་པ་སྡང། གཉིས་ཀ་སྤངས་པ་གཏི་མུག ་གོ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་པོ་འདི་དང་སྦྱར་ཏེ། འདིའི་དོན་ནི། ཆགས་པ་རྣམ་དག་བུད་མེད་དེ། སྡང་བ་དེ་བཞིན་སྐྱེས་པ་ཡིན། གཉིས་ཀ་སྤངས་པ་གཏི་མུག་གོ་།ཞེས་བྱ་བས་བཤད་ལ། དེ་ལྟ་བུའི་ཁྱད་པར་གྱི་སེམས་ནི་འདོད་པ་ཡིན་ཏེ། དེ་ཡང ་ཆགས་སྡང་གཏི་མུག་ལྡན་པ་ཡི། །སེམས་ནི་འདོད་པར་རབ་ཏུ་བཤད་ཅེས་གསུངས་ལ། དེ་ལྟ་བུའི་ཁྱད་པར་ཅན་གྱི་སེམས་ནི་བལྟ་བར་བྱ་བས་ན་འཇིག་རྟེན་ནོ། །གཉིས་པ་ནི་འདིས་སེམས་ཅན་གྱི་དོན་ལ་བལྟ་ཞིང་དམིགས་པས་ན་འཇིག་རྟེན་ཏེ་སྙིང་རྗེའོ། ། ་གསུམ་པ་ནི་བཅོམ་ཞིང་ཞིག་པས་ན་འཇིག་རྟེན་ཏེ་ཆོས་ཀྱི་དབྱིངས་སོ། །ཇི་ལྟར་ན་བཅོམ་པ་ཡིན་ཞེ་ན། འདིར་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བུལ་བས་ངོ་བོ་ཉིད་མེད་པར་གྱུར་པའོ། །དེའི་ཚེ་འཇིག་རྟེན་གསུམ་པོ་དེ་དག་ཉིད་རྙེད་པར་དཀའ་བའོ་ཞེས་གོང་དུ ་འདུད་པའོ། །འདིས་ནི་བཅོམ་ལྡན་འདས་རང་རིག་པ་ཙམ་དུ་བསྟན་ཏེ། དེ་ཡང་རྟག་ཏུ་འདོད་པ་བསྟེན་པར་བྱ། །ཆུ་ཡི་མཆོག་ནི་འཐུངས་ནས་སུ། །ཆོས་མིན་པས་ནི་ཚེས་བསྟན་བྱ། །སྐྱེས་པ་བུད་མེད་བརྟུལ་ཞུགས་ཡིན་ཞེས་གསུངས་སོ། །ཡང་ན་རིམ་པ་གཞན་དུ ་བསྒྱུར་བའི་བདུན་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བཅོམ་པས་ན་འཇིག་རྟེན་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་བདག་ཉིད་ཀྱི་བཅོམ་ལྡན་འདས་དེ་ཉིད་འཇིག་རྟེན་ནོ། །རྙེད་དཀའ་བ་ནི་སླ་བར་རྙེད་པ་མ་ཡིན་ནོ། །འདིར་སྨྲས་པ། གཟུགས་ལ་སོགས་པའི ་ཡུལ་བཅོམ་པ་ནི་རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ལ། དེས་ཇི་ལྟར་ན་སྐུ་ལ་སོགས་པ་རྡོ་རྗེ་ལྟ་བུ་ཐོབ་པར་འགྱུར་ཞེ་ན། སྨྲས་པ། འདིར་བཅོམ་པ་ནི་སྦྱང་བ་བྱས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་ཏེ། དེ་བས་ན་དཀའ་བའི་སྒྲས་དགག་པ ་མ་ཡིན་པའི་དཀའ་བ་ཉིད་ལ་བྱ་བར་བལྟའོ། །ཐོག་མ་དབུས་མཐར་ཡང་དག་གནས་ཞེས་བྱ་བ་ལ། ཐོག་མ་ལ་སོགས་པའི་སྒྲས་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་དང། གཉིས་དང། མང་པོ་ལ་སོགས་པའི་མཚན་ཉིད་གང་དུ་འཇུག་པ་སྟེ། དེ་དག་རང་བཞིན་གྱིས ་རྟག་པས་ན་གནས་སྐབས་གསུམ་པོ་དེ་དག་མཐར་གཏུགས་ཤིང་བརྟན་པར་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་གནས་ཞེས་བྱ་བ་ནི་ཐོག་མ་ལ་སོགས་པ་དེ་དག་ཡང་དག་པ་སྟེ། རང་བཞིན་གྱིས་བརྟན་པར་སྟོན་པའི་ཚིག་གི་ཕྲད་དོ། །ཐམས་ཅད་དུ་ཁྱད་པར ་དུ་བྱ་བའི་བཅོམ་ལྡན་འདས་དེ་ཉིད་དབུ་མའི་དོན་རྟོགས་པས་ཁྱད་པར་གྱུར་པ་བསྟན་པའི་ཕྱིར་འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདོད་ཆགས་ནི་འཁོར་བའོ། །ཆགས་བྲལ་ནི་མྱ་ངན་ལས་འདས་པ་སྟེ། དེ་དག་མི་དམིགས་སོ་ཞེས ་བྱ་བ་དང་སྦྱོར་རོ། །དབུ་མ་ཞེས་བྱ་བ་ནི་འདོད་ཆགས་དང། ཆགས་བྲལ་ལས་གྲོལ་བ་ཡང་དངོས་པོར་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་བཅོམ་ལྡན་འདས་དབུ་མའི་ལམ་ཐུགས་སུ་ཆུད་པར་བསྟན་ཏེ། དེ་ལྟ་བུའི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད ་བརྗོད་པར་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དེ་ཁོ་ན་ཉིད་ཀྱི་ཤེས་རབ་རྒྱུད་འདི་ལ་གཙོ་བོ་ཡིན་པ་དང། དེ་ཉིད་བུད་མེད་ཀྱི་གཟུགས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བུད་མེད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ཀུན ་ནི་ལྷ་མོ་ཐམས་ཅད་དོ། །དེ་དག་གིས་སྒྱུ་མ་ནི་རང་བཞིན་ཏེ། རང་བཞིན་དེར་སྤྲུལ་པའོ། །དེ་དག་ཉིད་ཀྱི་བརྟན་པ་དང་གཡོ་བའི་འགྲོ་བ་ཀུན་ལ་འདེབས་པས་ན་རྒྱ་སྟེ། རིགས་ཀྱིས་ན་མང་པོ་ལ་གཅིག་གི་ཚིག་ཏུ་བྱས་པ་ཡིན་ནོ། །འཛིན་ཞེ་བྱ་བ་ནི་རབ་ཏུ་གྲགས་པར་ཟད་དོ། །དེ་དག་གིས་བཅོམ་ལྡན་འདས་དེ་ཉིད་བདེ་བས ་བདེ་བ་ཆེན་པོ་སྒྲུབ་ཅིང་རྟོགས་པར་བྱ་བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་སྤྲུལ་པར་སྟོན་ཏོ། །བུད་མེད་ཀུན་གྱི་སྒྱུ་མའི་ཕྱག་རྒྱ་དེ་ཉིད་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱི་ཕྱག་རྒྱ་དབྱེར་མེད་པ་ནི་གཉིས་མེད་དེ་དེ་ཉིད་ཕུལ་དུ་བྱུང་བའི་ཡེ་ཤེས་པས་ན་ཡེ་ཤེས་མཆོག་གོ་། ་རྙེད་དང་བདེ་བ་ཀུན་མོས་པས་ཞེས་བྱ་བ་ལ་རྙེད་པ་ལ་སོགས་པས་འགྲུབ་པར་འགྱུར་ཞེས་པར་སྦྱར་ཏེ། ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། ཀུན་མོས་པས་ཞེས་བྱ་བ་གསུངས་ཏེ། ཀུན་ནི་ཕུང་པོའོ། །དེ་རྣམས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རང ་བཞིན་དུ་རྙེད་པ་དེ་ནི་རྙེད་པ་ཀུན་ཏེ། དེས་ཡིད་བདེ་བར་གྱུར་པ་དེ་ནི་བདེ་བའོ། །མོས་པ་ནི་ཕུལ་དུ་བྱུང་བ་སྟེ། ཤེས་རབ་དང་ཐབས་ཀྱི་སྙོམས་པར་ཞུགས་པས་ཀུན་ཏུ་བཅིངས་པའི་རྒྱུ་ལས་གང་ཐོབ་པའི་བླ་མའི་ཡང་བླ་མར་གྱུར་པའི་བདེ་བ་ཆེན་པོས་འགྲུབ་པར་འགྱུར་རོ ་ཞེས་བྱ་བར་དགོངས་སོ། །སུ་ཞིག་ཅེ་ན། ངན་པར་སྤྱོད་པ་ཞེས་བྱ་བ་ལ་སྨད་པས་ན་ངན་པ་སྟེ་ཉོན་མོངས་པ་རྣམས་སོ། །རེ་དག་བདོ་བ་ངན་པར་སྤྱོད་པ་སྟེ་སྒྲུབ་པ་པོ་གང་གི་རང་བཞིན་ཉོན་མོངས་པ་བདོ་བ་ཡིན་ཀྱང་དེ་དག་ལ་རྣལ་འབྱོར་མ་རྣམས་ཀྱིས་དོན་དམ་པའི་ཡེ ་ཤེས་ཀྱི་དངོས་གྲུབ་སྟེར་བར་འགྱུར་བའོ། །འང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་མ་རྣམས་ལ་ཡང་དེ་དག་གིས་དོན་དམ་པའི་ཡེ་ཤེས་སྟེར་བར་འགྱུར་རོ་ཞེས་བལྟ་བར་བྱ་སྟེ། དེ་ལྟར་ལམ་འདིས་སྐྱེས་པ་དང། བུད་མེད་དག་ཀྱང་ཚེགས་མེད་པར་འགྲུབ་པར་འགྱུར ་རོ་ཞེས་བྱ་བར་དགོངས་སོ། །ལྷ་མོ་རྣམས་ཀྱི་ཐ་སྙད་གཞན་གྱི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀུན་ནི་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་བྱ་ལ་དེ་རྣམས་ཀྱི་སྐབས་འབྱེད་པས་ན་ནམ་མཁའ་སྟེ། རྣམ ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་བསྒྱུར་བ་དྲུག་གོ་།རྒྱུ་བ་ནི་དེ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་སྟེ། དེ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་ལ་དེ་སྐད་ཅེས་བྱའོ། །རིགས་ཀྱིས་ན་གཅིག་གི་ཚིག་ཏུ་བལྟ་བར་བྱ་སྟེ། འདི་དག་ཉིད་གྲུབ་མཐར་འདྲེན་པས་ན་དངོས་གྲུབ་ཡིན ་ལ་དེས་ནམ་མཁའ་འགྲོ་མའོ། །ཡང་ནམ་མཁའ་འགྲོ་མ་ཞེས་བྱ་བ་ནི་གང་དག་གི་རང་བཞིན་སྟོང་པ་ཉིད་ཀྱིས་ཁྱབ་པར་འགྲོ་བའི་དང་ཚུལ་ཅན་དེ་ལ་དེ་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཞེས་བྱ་བའི་བར་དུའོ། །དེ་ལྟར་ཡང། དེ་ནི་མཁའ་འགྲོ ་མ་ཞེས། །བ་ལས་འདིར་ནི་བརྟགས་པའོ་ཞེས་གསུངས་ཏེ། དེ་ནི་མཁའ་འགྲོ་མ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་དུ་བྱ་བའོ། །དེ་ཡང་གཟུང་པ་ལ་སོགས་པའི་མངོན་པར་ཞེན་པ་ལས་བཟློག་སྟེ། ཡང་དག་པར་དྲོ་ལ་དེ་ལ་དེ་སྐད་ཅེས་བྱ་བ་ནི་མཁའ་འགྲོ་མ་ཞེས་གྲགས་པ་སྟེ། ་རྣམ་པར་བསྒྱུར་བ་མེད་པས་གྲགས་པའི་ཚིག་ཡིན་ནོ། །ཁ་ཅིག་ནི་བརྡ་འདི་ནི་ཐ་མལ་པའི་བུད་མེད་རྣམས་ཀྱི་ཡིན་ཏེ། དེའི་ཚེ་རབ་ཏུ་གྲགས་ཞེས་བྱ་བ་ལ་རབ་ཏུ་ཞེས་པ་ནི་ད་ལྟ་ཉིད་དུ་གྲགས་ཞེས་བྱ་བ་ཐབས་དང་བཅས་པས་དངོས་གྲུབ་ཏུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས ་ན་མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་བྱ་བར་དགོངས་སོ་ཞེས་ཟེར་རོ། །སྣ་ཚོགས་ཀུན་ཏུ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཕྱོགས་བཅུ་ཀུན་ན་གནས་པའི་ཆོས་རྣམས་ལ་ཕྱག་རྒྱས་འདེབས་པས་ན་སྣ་ཚོགས་ཀུན་ཏུ་ཕྱག་རྒྱ་སྟེ་ལྷ་མོ་རྣམས་སོ། །དེས་འདི་སྐད་དུ་རབ ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས། འཁོར་ལོ་སྒྱུར་བ་དྲུག་གི་རིམ་གྱིས་བལྟ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །ནི་ཞེས་བྱ་བ་ནི་སྤགས་པ་སྟེ། ཐ་མལ་པའི་བུ་མོ་རྣམས་ལྷ་མོའི་གཟུགས་ཀྱིས་ཁྱད་པར་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཐབས་རྣམས་ལ། ་གཏོགས་པར་མཁའ་འགྲོ་མ་རྣམས་ཀྱིས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་སྣ་ཚོགས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱིས་ཞེས་བྱ་བ་ནི་ཆོ་ག་ཁྱད་པར་ཅན་རྣམས་ཀྱིས་རྣལ་འབྱོར་བ་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། ། ་ཇི་ལྟ་བུ་ཞིག་གིས་ཤེ་ན། སྣ་ཚོགས་ཀྱིས་ཏེ། གཟུགས་ཉེ་བར་སྤྱོད་པ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་ལུས་དང་སེམས་བདེ་བ་ཆེན་པོར་འགྲུབ་པའོ། །ཇི་ལྟ་བུར་གྱུར་ནས་ཤེ་ན། མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་ཀུན་ནི་འཁོར ་ལོ་སྒྱུར་བ་དྲུག་གི་དཀྱིལ་འཁོར་པའི་ལྷ་མོ་རྣམས་སོ། །མཉམ་པར་སྦྱོར་བ་ནི་དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་སྟེ། རྡོ་རྗེ་མཁའ་འགྲོ་གང་མཉམ་པར་སྦྱོར་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མཁའ་འགྲོ་ནི་ཉེ་བར་མཚོན་པ་སྟེ། རྡོ་རྗེ་འཛིན་པ་ལ ་སོགས་པ་གཞན་ཡང་རང་རང་གི་འཁོར་གྱི་མཁའ་འགྲོ་མའི་ཚོགས་དང་ལྷན་ཅིག་ཏུ་འགྲུབ་པ་སྟེ། བདག་ཉིད་རྫོགས་པར་འགྱུར་བའོ། །ད་ནི་ཕྱི་རོལ་ཏུ་དམིགས་པ་ལ་སོགས་པ་བྱ་བའི་རྒྱུད་ཀྱི་ཚོགས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པ་མེད་པ་བསྟན་པའི ་ཕྱིར། དེ་ཉིད་མེད་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ནི་དོན་དམ་པར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ལ། དེ་མེད་པ་ནི་དེ་ལས་བཟློག་པ་སྟེ་གཟུང་བ་ལ་སོགས་པར་མངོན་པར་ཞེན་པའོ། །སེམས་ནི་གནས་ཏེ་གང་ལ་སྤྱོད ་ཡུལ་དེ་མོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། སེམས་རྩེ་གཅིག་པའོ། །དེ་ལྟར་ན་རྣལ་འབྱོར་པ་གང་རྣམས་ཀྱིས་སེམས་ལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷ་ནི་འདོད་པའི་ལྷ་སྟེ། དེ་དམིགས་པ་ནི་སེམས་ཀྱིས ་བཀོད་པའོ། །བྱེད་པ་ནི་དེར་འདོད་པའོ། །ཀུན་ཏུ་གཟུགས་བརྙན་ཞེས་བྱ་བ་ལ་རང་གི་གཟུགས་དང་འདྲ་བ་གཞན་ནི་གཟུགས་བརྙན་ཏེ། དེའི་རང་བཞིན་གྱི་རྣལ་འབྱོར་ཞེས་བྱ་བར་སྦྱར་རོ། །དེ་གང་ཞེ་ན། ལུགས་མ་ལ་སོགས་པ་སྟེ། ལུགས་མ་དང་བྲིས་པ་དང་བརྡུངས་མ ་ལ་སོགས་པའོ། །སྐྱེ་བ་མིན་ཞེས་བྱ་བ་ནི་དེ་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་པའོ། །འོ་ན་གང་གིས་འགྲུབ་པར་གྱུར་ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་གཟུགས་ཀྱིས་ཕྱག་རྒྱ་ཆེན་པོ་རྫོགས་པར ་འགྱུར་ཏེ། དེ་ཉིད་གསུངས་པ་བྱང་ཆུབ་སེམས་ཞེས་བྱ་བ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སེམས་ནི་བྱང་ཆུབ་སེམས་སོ། །དེ་ཉིད་ལྷར་སྦྱོར་བའི་ཐབས་ཆེན་པོ་སྟེ། འདི་ནི་བྱང་ཆུབ་སེམས་ཆེན་རྣལ་འབྱོར་རོ། །དེར་གཙོ་བོར་གྱུར་པས་ན་དབང་ཕྱུག་སྟེ་གཉིས་སུ ་མེད་པའི་ཡེ་ཤེས་ཡིན་ལ་ལྷག་པར་དབང་བས་ན་གཙོ་བོའོ། །ཇི་ལྟ་བུ་ཅེ་ན། རང་ཉིད་ཅེས་བྱ་བ་གསུངས་ཏེ། བདག་ཉིད་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ལྷའི་གཟུགས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང ་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལྷའི་གཟུགས་བསྒོམ་པར་བསྟན་ཏོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་བདག་ཉིད་པས་ན་རྡོ་རྗེ་ཡང་ཡིན་ལ། རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད། ་ཀྱང་ཡིན་ཏེ། དེ་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འགྲོ་བའི་རྩ་ལག་ཅེས་བྱ་བ་ནི་རྩ་ལག་ལྟར་བརྟན་པ་དང་གཡོ་བ་སྣ་ཚོགས་ལ་ཁྱབ་པར་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་སྟེ། དེ་ཉིད་མཆོད ་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་དེ་དང་དེས་བདག་དང་གཞན་གྱི་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་རོ། །འབད་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཡུན་རིང་དུ་གུས་པ་དང་བཅས་པས་གོམས་པས ་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་མངོན་དུ་བྱ་བའོ། །དེ་དག་གིས་ནི་འདི་སྐད་དུ་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ནི་བརྗོད་པར་བྱ་བ་ལ་ཡིན་ལ་བརྗོད་པར་བྱ་བ་ཤེས་ནས་མངོན་སུམ་དུ་བྱེད་པ་ནི་དགོས་པ་ཡིན་ཏེ། དེ་མངོན་སུམ་དུ་བྱས་པ་ལས་བདག་དང་གཞན་གྱི་དོན ་ཕུན་སུམ་ཚོགས་པའི་དངོས་གྲུབ་ནི་དགོས་པའི་ཡང་དགོས་པའོ་ཞེས་བསྟན་པར་འགྱུར་རོ། །དེ་ཉིད་གསལ་བར་བསྟན་པར་བསྟན་པར་བྱ་བའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་རྟོགས་པས་ན་སངས་རྒྱས་སོ། །ཕྱིན་ཅི་མ་ལོག་པར་གྲུབ་པས་ན ་དཔའ་བོ་སྟེ། གང་གིས་ཅི་ཞིག་ཅེ་ན། རང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་བདག་ཉིད་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་གྱི་དོན་གསུངས་པ་འདི་ཡིས་ཞེས་བྱ་བ་ལ་སོགས་པ་ཨགསུངས་ཏེ ་བརྗོད་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱས་པ་འདི་ཡིན་ཞེས་བྱ་བར་སྦྱར་རོ། །གསང་བ་ཞེས་བྱ་བ་ལ་སོགས་པའི་དོན་འདི་དག་གི་ཁྱད་པར་གཞན་ནི་བཅོམ་ལྡན་འདས་ཉིད་ཀྱིས་ལེའུ་བཞི་བཅུ་རྩ་གཉིས་པ་ལས་གསལ་བར་སྟོན་པར་མཛད་ལ་དེ་ཉིད་དུ་བདག ་གིས་ཀྱང་སླར་བཤད་པར་བྱའོ། །བརྗོད་པར་བྱ་བ་ལ་སོགས་པ་དེ་དག་ནི་བཅོམ་ལྡན་འདས་ཉིད་མངོན་པར་བཞེད་པ་ཡིན་པར་བསྟན་པའི་ཕྱིར་སྡུད་པ་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པར་བྱ་བ་ལ་སོགས་པ་དེ་སྐད ་ཅེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་འདིར་འཆད་པ་པོ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་རྡོ་རྗེ་འཛིན་པ་ཉིད་དུ་སྟོན་ཏོ། །ད་ནི་རྒྱུད་ཀྱི་བརྗོད་པར་བྱ་བའི་དོན་གྱི་རབ་ཏུ་དབྱེ་བ་རབ་ཀྱི་ཆ་བསྟན་པར་བྱ ་བའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཞེས་བྱ་བ་ནི་གང་གི་མཚན་ཉིད་རང་བཞིན་མེད་པའི་ངང་ཚུལ་ཅན་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། གང་དག་གི་ཞེ་ན། ཐམས་ཅད་ཅེས་བྱ་བ་སྟེ་ཕུང་པོ་ལ་སོགས་པའིའོ། །ཇི་ལྟར་ནམ ་མཁའ་ཐོགས་པར་བྱེད་པའི་རག་བྱ་དང་བྲལ་བའི་མཚན་ཉིད་ཙམ་ཡིན་པས་ན་མཚན་ཉིད་མེད་པ་ཡིན་ཏེ། མིང་ཙམ་དུ་ཀུན་ཏུ་བརྟགས་པ་ལྟར་བལྟ་བར་བྱའོ། །དེ་ཡང་ཕུང་པོ་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། བཞན་ཁམས་གསུམ་པ་མ་ལུས་པ ་ཡང་ཡིན་ཏེ། ཆོས་གང་དག་མ་ལུས་ཤིང་ལྷག་མ་མེད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འི་ཞེས་བྱ་བ་ནི་དང་པོའི་དོན་གྱིས་དྲུག་པའི་རྐྱེན་ཅན་ནོ། ཅི་སྟེ་ཕུང་པོ་ལ་སོགས་པ་ངོ་བོ་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྒྱུ་མ་ངོ་བོ་ཉིད་མེད་ཀྱང་གཟུགས་སུ་སྣང་ཞིང་དོན་བྱེད་པར་སྣང་བ་ལྟར་བལྟ་བར་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་མཐོང་བ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཙམ་མོ། དེ་ཅི་ཞིག་ཅེ་ན ་རེག་པའི་དངོས་ཞེས་བྱ་སྟེ། བརྟན་པ་དང་གཡོ་བའི་འགྲོ་བ་ཇི་ལྟར་གྲགས་པ་རྣམས་དབང་པོ་རྣམས་ཀྱིས་གཟུང་བར་གྱུར་པས་ན་རེག་པ་སྟེ། དེ་དག་གི་རྣམ་པའི་དབྱེ་བ་ཐམས་ཅད་སྣང་མོད་ཀྱི། གཅིག་དང་དུ་མ་དང་བྲལ་བའི་སྦྱོར་བས་སྤྱད་ན་དམིགས་སུ་མེད་པ་ཡིན་ཏེ། ཅི་འདྲ་ཞེ་ན ་སྒྱུ་མ་ཇི་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་སྒྱུ་མ་གཅིག་དང་དུ་མར་སྣང་བ་ཡང་དེ་ཁོ་ན་ཉིད་དུ་མ་ཡིན་པ་ལྟར། འགྲོ་བའི་དངོས་པོ་རྣམས་ཀྱང་རང་བཞིན་མེད་པར་དགོངས་སོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ། བླུན་པོ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་ལྡན་པ་རྣམས་ཏེ། དེ་དག་གང་གིས ་ཞེས་བྱ་བ་ནི་དངོས་པོའི་ཆ་ཕྲ་མོ་ཙམ་གྱིས་ཏེ། དེས་འཆིང་བ་ནི་སྡུག་བསྔལ་གྱིས་འཆིང་བར་འགྱུར་པའོ། །ངེས་ཞེས་བྱ་བ་ནི་དངོས་པོའི་ཆ་ཕྲ་མོ་ཙམ་དེས་ཞེས་བྱ་བར་དགོངས་སོ། །མཁས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཤིན་ཏུ་ཕྲ་བའི་ཆ་ལ་མངོན་པར་ཞེན ་པ་མེད་པའོ། །བསལ་བ་མང་པོའི་ཉིད་ཀྱིས་ན་མང་པོའི་ཚིག་གོ། །རྣམ་པར་རོལ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེའི་རང་བཞིན་ཡོངས་སུ་ཤེས་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཏེ་རྩེ་བར་མཛད་པའོ། །གང་དུ་ཞེ་ན། འདིར་ཏེ་ཆོས་ཀྱི་དབྱིངས་སུའོ། །ཕྱག ་རྒྱའི་སྦྱོར་བ་འདི་ཡིས་ནི་ཞེས་བྱ་བ་ལ། འདི་ཡིས་ཞེས་བྱ་བ་བསྟན་མ་ཐག་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །རྣལ་འབྱོར་པ་དེས་ཅི་ཞིག་བྱ་ཞེ་ན། ས ་གསུམ་མ་ལུས་བཟའ་བར་བྱ་ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར། གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་བ་ཞེས་བྱ་བ་ནི་སྣང་བ་ལས་འདས་པའོ། །འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའ་བའ་ཨོ། །ཇི་ལྟ་བུར་ཞེ་ན། མར་མེ་ལྟ་བུར་ཏེ། ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ ་མཁའ་ཨི་ངོས་སུ་གསལ་ཞིང་འབར་བ་ལ། གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཆེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པ་བདག་ཉིད་ཀྱང་མི་སྣང་བར་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ། །སྒྱུ་མ་ལྟ་བུའི་སྦྱོར་བ་དེ ་ཉིད་འཁོར་ལོས་སྒྱུར་བ་དྲུག་གི་བྱེ་བྲག་གིས་བསྟན་པའི་ཕྱིར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་འདིར་དབང་པོ་ལྔའི་དོན་རྣམས་སོ། །ཚོར་བ་ནི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རང་བཞིན་ནོ། །རྡོ་རྗེ་ཉི་མ་ནི་རིན་ཆེན ་འབྱུང་ལྡན་ནོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །པདྨ་གར་དབང་ནི་སྣང་བ་མཛའ་ཡས་སོ། །འདུ་བྱེད་ནི་ཆགས་པ་དང་ལྡན་པ་དང་གཏི་མུག་གི་བདག་ཉིད་དོ། །རྡོ་རྗེ་རྒྱལ་པོ་ནི་དོན་ཡོད་གྲུབ་པའོ། །རྣམ་ཤེས་ནི་རྣམ་པར་རིག་པ་ཡིན་ལ་རྡོ་རྗེ་སེམས་དཔའ་ནི་མི ་བསྐྱོད་པའོ། །ཉེ་བར་བསྡུ་བ་གསུངས་པ། འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་ཀུན་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་རྣམས་ཏེ། དེ་དག་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔར་བྱས་པ་འདི་དག་རྡོ་རྗེ་མཁའ་འགྲོའི་རང་བཞིན་དུ་གྲགས་པ ་སྟེ་རབ་ཏུ་གྲུབ་པ་ཡིན་ནོ། །ཡང་དག་ཆེན་པོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཐམས་ཅད་ནི་ཀུན་ཏུ་དགའ་བ་ལ་སོགས་པའོ། །སྒྱུ་མ་ཆེན་མོའི་རང་བཞིན་ནི་སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་དེ། དེའི་བདག་ཉིད་ཀྱིས ་ཉོན་མོངས་པ་དང་བྲལ་པས་ཆགས་བྲལ་ཡིན་ལ། སེམས་ཅན་རྣམས་འཆེད་ཅིང་འཆོས་པས་ན་ཆགས་པའོ། །ལྟུང་བྱེད་མ་ནི་སྙིང་རྗེ་དང་སའི་ཁམས་ཀྱི་རང་བཞིན་གྱི་ལྷ་མོ་སྤྱན་མ་སྟེ། སེམས་ཅན་འདུལ་བའི་ཕྱིར་རོ། །གསོད་བྱེད་མ་ནི་བྱམས་པ་དང ་ཆུའི་ཁམས་ཀྱི་བདག་ཉིད་ཀྱི་མཱ་མ་ཀཱི་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་བྱེད་པའི་ཕྱིར་རོ། །འགུགས་མ་ནི་དགའ་བ་དང་མེའི་ཁམས་ཀྱི་རང་བཞིན་གོས་དཀར་མོ་སྟེ་བདེ་བ་ཆེན་པོར་འདྲེན་པའི་ཕྱིར་རོ། །གར་དབང་ནི་བཏང་སྙོམས་དང་རླུང་གི་ཁམས ་ཀྱིས་རང་བཞིན་སྒྲོལ་མ་སྟེ་འགུགས་པ་དང་ཉོན་མོངས་པ་སྐེམས་པའི་ཕྲིན་ལས་མཛད་པའི་ཕྱིར་རོ། །སྒྱུ་མ་ཆེ་ཞེས་བྱ་བ་ནི་པདྨའི་དྲ་བ་ཅན་ཏེ། རང་ཉིད་འགྲོ་ཞེས་བྱ་བ་རྡོ་རྗེ་མཁའ་འགྲོའི་སྐུ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོ་བའི་ཕྱིར་རོ། །དེ་གཉིས་ཀྱིས་ན ་སངས་རྒྱས་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱུང་བ་ལྔ་ཞེས་བྱ་བ་ནི་གོ་སླའོ། །རྡོ་རྗེ་གཙོ་བོར་གནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་ལྷན་ཅིག་དབྱེར་མེད་པར་གནས་པའི་ཕྱིར་རོ། །མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་གསུངས་པ། མིག་གཉིས ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཞེས་བྱ་བ་ནི་ལྕེ་སྟེ་ལྷག་མ་ནི་གོ་སླའོ། །སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ལ་གང་དུ་སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བ་དེ་ནི་སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བ་སྟེ་ཡིད་དོ། །བདུན་པའི་དོན་གྱིས་ན་དང་པོའི ་ཚིག་ཏུ་བསྟན་པ་ཡིན་ཏེ། དེར་རྡོ་རྗེ་མཁའ་འགྲོ་བལྟ་བར་བྱའོ། །གཟུགས་འདི་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །སྟོང་པའི་ཚུལ་གྱི་མིག་གིས་ཞེས་བྱ་བ་ནི་དེར་དམིགས་པའི་སེམས་ཀྱིས་སོ། །དོགས་པ་མེད་པར་ནི་གཉིས་སུ་མེད་པར་རོ། །རྣམ་པར ་མི་རྟོག་པར་ནི་གཟུང་བ་ལ་སོགས་པའི་རྟོག་པ་དང་བྲལ་བ་སྟེ། མིག་ཅེས་བྱ་བ་དང་སྦྱར་རོ། །ཉེ་བར་བསྡུ་བ་གསུངས་བ། ནམ་མཁའ་ཨི་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་རྡོ་རྗེ་མཁའ་འགྲོའི་བསྐྱེད་པའི་རིམ་པས་ལུས་བསྐྱེད་པ་དེར་ཕུང་པོ་ལ་སོགས་པ ་སྟོང་པ་ཉིད་དུ་ཉམས་སུ་མྱོང་བས་བྱིན་གྱིས་བརླབ་སྟེ། ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་གྱིས་བྱང་ཆུབ་སྒྲུབ་པར་བྱ་ཞེས་བྱ་བར་དགོངས་སོ། །ཞེས་བྱ་བ་ལ་སོགས་པས་ནི་སྡུད་པ་པོ་བདག་ཉིད་ཀྱི་རང་བཟོ་སྤོང་བར་མཛད་དོ། །ད་ནི་བསམ་གཏན་གྱི་གོ་རིམ ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་ཐམས་ཅད་ནི་བྱང་ཆུབ་སེམས་ཤིང་འདོད་པ་རྣམས་ཏེ། དེ་རྣམས་དེ་བཞིན་ཉིད་དུ་གཤེགས་ཤིང་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཐོགས ་པ་མེད་པ་ནི་ཡེ་ཤེས་ཙམ་གྱི་བདག་ཉིད་ཀྱིས་སོ། །གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པའི་ཕྱིར་རོ། །དམ་ཚིག་ནི་སྨོན་ལམ་སྟེ་དེར་དམིགས་པའི་ཏིང་ངེ་འཛིན་དེ་ཉིད་མ་ལུས་པའི་འགྲོ་བ་ཐམས་ཅད་ལ་བདེ་བ་ཆེན་པོ་བསྒྲུབ་པའི་རྒྱུ་ཡིན་པའི་ཕྱིར ་བདེ་བ་ཆེན་པོ་ཡིན་ལ། དེའི་ཁྱད་པར་ནི་རིམ་པས་ཏེ། དེ་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཞེས་བྱ་བ་ནི་སྨོན་ལམ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས། འོག་ནས་འབྱུང་བ་འདི་སྐད་ཅེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཇི ་སྲིད་ཅེས་བྱ་བ་ལ་སོགས་པ་ལ། ལས་དང་ཉོན་མོངས་པའི་དབང་གིས་འགྲོ་བ་ནས་འགྲོ་བ་གཞན་དག་ཏུ་རྒྱུན་ཏུ་འཇུག་པས་ན་འཁོར་བ་སྟེ་ཕུང་པོ་ལྔ་ཡིན་ལ། གནས་དེར་གནས་པ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེ་ལས་གང་ཡང་མི་འགྲོ་ཞིང ་དེར་གནས་པར་དམ་འཆའ་བའ་ཨོ། །སུ་ཞིག་ཅེ་ན་ནམ་མཁའ་མཆོག་སྟེ། བྱང་ཆུབ་སེམས་དཔའ་ཨོ། དེ་ཉིད་གསུངས་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། མི་སྐྱེ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའོ། །བརྩོན་འགྲུས་ནི་བྱང་ཆུབ་ཉམས་སུ་ལེན་པའོ། །ནམ་མཁའ་ཨི་གནས ་ཀྱི་མཐར་ཐུག། ཅེས་བྱ་བ་ལ་ནམ་མཁའ་ཉིད་གནས་པ་སྟེ། དེའི་གནས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཕུང་པོ་ལྔ་ཡིན་ལ་དེ་མཐར་གཏུགས་པ་ནི་ཇི་སྲིད་གནས་ཀྱི་བར་དུའོ། །ཅིའི་ཕྱིར་དེ་ལྟར་མཛད་ཅེ་ན། སྨོན་ལམ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སེམས་ཅན་གྱི་དོན་ནི་དགོས་པའོ། དེ་ཉིད་ཀྱང་གང་ཞེ་ན། འདོད་ཆགས་ཐམས་ཅད་ཅེས་བྱ་བ་དང་སྦྱར་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་སེམས་ཅན་རྣམས་ཀྱི་དོན་དེ་དགོས་པ་ཡིན་ལ་དེ་བྱའོ་ཞེས་སྨོན་ལམ ་གདབ་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། རྟོག་པ་རྒྱས་པར་སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྟོག་པ་འཇོམས་པར་བྱེད་པས་ན་རྟོག་པ་སྟེ་ལམ་གྱི་བདག་ཉིད་ཀྱི་ཆོས་ཡིན་ལ་རྒྱས་པ་ནི་ཚོགས་ཏེ་སྦྱིན་པ་ནི་དེ་དག་བསྟན་པའི་སྒོ་ནས་སོ་ཞེས ་བྱ་བར་དགོངས་སོ། །ཅི་ཞིག་སྦྱིན་པར་བྱ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ལ་སོགས་པ་མེད་པ་ཆོས་ཀྱི་ལམ་ཐམས་ཅད་དེ། དེ་ཡང་བཤད་པས་སྦྱིན་པར་བྱའོ། །ཆོས་བཤད་པའི་སྔོན་དུ་བྱུང་བའི་གཏམ་རྣམས་གསུངས་པ། ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོ་སྐྱེ་བའི་ལོ་རྒྱུས་སོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ནི་རྡོ་རྗེ་མཁའ་འགྲོ་ཡིན་ལ་བདེ་བ་ཆེ་ནི་རྡོ་རྗེ་སེམས་དཔའ་ཨོ། ལྷག་མ་ནི་གོ་སླའོ། དེ་ལས་སེམས་ཅན་ཐམས་ཅད་འབྱུང་བས་ན་སེམས་ཅན་ཐམས་ཅད་འབྱུང་བ ་སྟེ། དེ་དག་གིས་ནི་དཀྱིལ་འཁོར་བའི་ལྷ་རྣམས་བསྐྱེད་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་གཞལ་ཡས་ཁང་བརྩེགས་པ་དང་གདན་དགོད་པའི་མཐར་ཟླ་བ་དང་མཚན་མ་ལ ་སོགས་པ་ཡོངས་སུ་གྱུར་པ་ལས། ཨོཾ་མ་ཧཱ་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བར་བསྒོམས་ལ། བདག་ཉིད་རྡོ་རྗེ་མཁའ་འགྲོའམ། རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཁ་ཅིག་ན་རེ་མངོན་པར་བྱང་ཆུབ་པ་ལྔ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ ་ཞུ་བ་ལས་བསྐུལ་ནས། བདག་ཉིད་རྡོ་རྗེ་མཁའ་འགྲོར་ལྡང་བར་བྱའོ་ཞེས་ཟེར་རོ། །དཀྱིལ་འཁོར་ཆེན་པོ་སྦྱོར་བའི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་སྟེ། དཀྱིལ་འཁོར་གྱི་རིམ་པ་དུ་མ་དང་ལྡན་པའི་ཕྱིར་རོ། སྦྱོར་བ་ནི་དེའི་རིམ་པ་སྟེ ་དེས་བྲིས་པའོ། །དེ་ལ་ཐོག་མ་ཁོ་ནར་རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བསྒོམས་ལ། དེའི་འོད་ཟེར་གྱི་བླ་མ་དང་རྡོ་རྗེ་སེམས་དཔའ་མདུན་དུ་སྣང་བར་བྱས་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཚངས་པའི་གནས་པ་བཞི་ཡིད་ཀྱིས་བསྒོམས་ཏེ། ཨཱདྱ་ནུཏཔནྣ་སརྦབ་དྷརྨཱ(རྒྱུད་འགྲེལ་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ནས། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་བྱ་བའི་སྔགས་ཡིད་ཀྱིས་བརྗོད་པར་བྱའོ། དེ་ནས་ཡང་དེར་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏཔལ་ད་ཡཱ་མི་ཞེས་བྱ་བའི་སྔགས་བརྗོད་པར་བྱ་སྟེ། དེ་ལ་ཟླ་བའི་དཀྱིལ་འཁོར ་དང་པོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན། ཨ་ལ་སོགས་པའི་གཟུགས་ཀྱིས་གཞུག་པར་བྱ་ལ། དེ་བཞིན་དུ་གཉིས་པར་ནི་ཀ་ལ་སོགས་པར་ཞུགས་པར་བསྒོམས། །དེ་ནས་དེའི་སྟེང་དུ་ས་བོན་ཧཱུཾ ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ཉིད་ཀྱི་ལྟེ་བར་བྱིན་གྱིས་བརླབས་པ་བསམས་ལ། ཨོཾ་ཏིཥྛ་བཛྲ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བདག་ཉིད་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ལ། ཨོཾ་བཛྲ་ཨཱཏྨའོ། ཉར་ཧཱཾ་ཞེས་བརྗོད་པར་བྱའོ། ། ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ་པ་ནི་ཟླ་བའི་མདོག་ཅན་འཛུམ་པ་དང་བཅས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་སངས་རྒྱས་ལྔའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་པ་སྤྱན་གསུམ་དང་རལ་པའི་ཅོད་པཎ་དུ་ལྡན ་པ། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་པའི་ཞལ་དཀར་པོ་དང། སྔོན་པོ་དང། སེར་པོ་དང། །དམར་པོའི་མདོག་ཅན་ཏེ། རྩ་བའི་ཞལ་ཞི་བའི་ཉམས་དང་ལྡན་པ། ཞལ་གཞན་རྣམ་པར་འགྱུར་བ་དང་ལྡན་པས་སུམ་ཅུ་རྩ་གསུམ ་པ་འཇིགས་པར་མཛད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་པ་ན་དྲིལ་བུ་དང་ཐོད་པ་སྟེ། ཟླ་བའི་སྟེང་གི་ཐོད་པ་ལ་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པ། འོག་ནས་འབྱུང་བའི་གཞལ་ཡས་ཁང་ན་གནས་པའི་དཀྱིལ་འཁོར་བའི་ལྷ་དང ་བཅས་པར་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་གཟུགས་སྐུ་སྐད་ཅིག་ཙམ་གྱིས་བསྒོམ་པར་བྱ་སྟེ། དེར་ཡང་སྔར་བསྟན་པའི་བདག་མེད་པའི་རྗེས་སུ་ཧཱུཾ་ལས་བྱུང་བ་ཉི་མ་ལས་གནས་པའི་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབས་པ་བསམས་ལ། དེའི ་འོད་ཀྱིས་རྡོ་རྗེ་ར་བ་ལ་སོགས་པ་བསྒོམ་པར་བྱའོ། །དེར་ཧཱུཾ་སུཾ་ཧཱུཾ་ལས་རི་རབ་དེའི་སྟེང་དུ་ཆོས་ཀྱི་འབྱུང་གནས། དེར་སྣ་ཚོགས་པདྨ་དང། རྡོ་རྗེའི་སྟེང་དུ་ཡི་གེ་བྷྲུཾ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དེ་ལས་བྱུང་བ། གྲུ་བཞི་ལ་སོགས་པའི་ཡོན་ཏན ་དང་ཡང་དག་པར་ལྡན་པ། སོ་སོའི་ཐོད་པའི་གདན་གྱིས་མནན་པར་ཁང་པ་བརྩེགས་མ་བསམས་སྟེ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་དེའི་དབུས། པདྨའི་སྟེང་གི་ཟླ་བར་གནས་པའི་ཐོད་པ་ལ་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེར་ཨ་ལ་སོགས་པའི ་དབྱངས་ཀྱི་ཡི་གེ་དང་སངས་རྒྱས་ཐམས་ཅད་བཅུག་ནས། ཨོཾ་ཙིཏྟ་པྲ་ཏི་བྷཡ་དྷཾ་ཀ་རོ་མི་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ཉིད་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམས་ལ། ཨོཾ་བོ་དྷི་ཙིཏྟོཏཔཱ་ད་ཡཱ་མི་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། དེར་ཧཱུཾ་གིས ་བོན་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་བྱིན་གྱིས་བརླབས་པ་བསྒོམས་ནས། ཨོཾ་ཏིཥྛ་བཛྲ་ཞེས་བྱིན་གྱིས་བརླབས་ཏེ། བདག་ཉིད་རྡོ་རྗེ་ཙམ་དུ་མོས་ནས། ཨོཾ་བཛྲ་ཨཏྨ་ཀོ་ཉཧཾ་ཞེས་བྱ་བས་བྱིན་གྱིས་བརླབས། དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲོ་སཏྭ: ་ཛ(རྒྱུད་འགྲེལ་བརླབ་བོ། །དེ་ལྟར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྫོགས་པར་བསྐྱེད་ལ། ཨོཾ་ཧ་ཞེས་བྱ་བ་འདིས་སྙིང་གར་རྡོ་རྗེ་སེམས་དཔའ་ཨི་བསྒོམ་མོ། །དེ་བཞིན་དུ་ན་མ(རྒྱུད་འགྲེལ་དབང་ཕྱུག་།པཽ་ཥྚ་ཧེ་ཞེས་བྱ་བས་ཕྲག་པ་གཉིས་སུ་ཧེ་རུ་ཀ་།ཧཱུཾ་ཧཱུཾ་ཧོ་ཞེས་བྱ་བས་མིག་གཉིས་སུ་རྡོ་རྗེ་ཉི་མ། ཕཊ་ཧཾ་ཞེས་བྱ་བས་ཡན་ལག་ཐམས་ཅད་ལ་མཚོན་ཆར་རྟ་མཆོག་བསམ་པར་བྱ་སྟེ། དེ་དག་གི་མདོག་དང་ཕྱག་མཚན་ལ ་སོགས་པ་ནི་འདི་ཉིད་ཀྱི་དཀྱིལ་འཁོར་དུ་བསྟན་པར་བྱའོ། །དེ་བཞིན་དུ་ཨོཾ་བཾ་ཞེས་བྱ་བས་ལྟེ་བར་རྡོ་རྗེ་ཕག་མོ། །ོཾ་ཧཾ་ཨོཾ་གིས་སྙིང་གར་གཤིན་རྗེ་མ། ཨོཾ་ཧྲཱི་མོཾ་གིས་ཁར་རྨོངས་བྱེད་མ། ཨོཾ་ཧྲཱིཾ་ཧྲཱིཾ་གིས་སྤྱི་བོར་བསྐྱོད་བྱེད་མ། ཨོཾ་ཧཱུཾ་ཧཱུཾ་གིས་སྤྱི ་གཙུག་ཏུ་སྐྲག་བྱེད་མ། ཨོཾ་ཕཊ་ཕཊ་ཀྱིས་ཡན་ལག་ཐམས་ཅད་ལ་མཚོན་ཆར་གཏུམ་མོ་བསམ་པར་བྱ་སྟེ། དེ་དག་གི་མདོག་ལ་སོགས་པ་ཡང། ལེའུ་གཞན་ལས་ཤེས་པར་བྱའོ། །དེ་བཞིན ་དུ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད། ཚོར་བ་ནི་རྡོ་རྗེ་ཉི་མ། འདུ་ཤེས་ནི་པདྨ་གར་གྱི་དབང་ཕྱུག་།འདུ་བྱེད་ནི་རྟ་མཆོག་།རྣམ་པར་ཤེས་པ་ནི་རྡོ་རྗེ་སེམས་དཔའ་། དེ་དག་ཐམས་ཅད་ནི་དཔལ་ཧེ་རུ་ཀ་།མིག་ལ་ནི་གཏི་མུག ་རྡོ་རྗེ། རྣ་བ་ལ་ཞེ་སྡང་རྡོ་རྗེ། སྣ་ལ་སེར་སྣ་རྡོ་རྗེ། ལྕེ་ལ་འདོད་ཆགས་རྡོ་རྗེ། ལུས་ལ་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་། ཡང་ན་རྣམ་པར་ཤེས་པ་ནི་ཧེ་རུ་ཀ་སྐྱེ་མཆེད་ཀུན་ནི་རྡོ་རྗེ་སེམས་དཔར་རོ། །ས་ནི ་སྤྱན་མ། ཆུ་ནི་མཱ་མ་ཀཱི། མེ་ནི་གོས་དཀར་མོ། རླུང་ནི་སྒྲོལ་མ། ནམ་མཁའ་ནི་པདྨའི་དྲ་བ་ཅན་དུ་བསམ་མོ། །དེ་དག་གི་མདོག་ལ་སོགས་པ་ཡང་དཀྱིལ་འཁོར་འདི་ཉིད་དུ་བརྗོད་པར་བྱའོ། །པདྨའི་དྲ་བ་ཅན་ནི་མཱ་མ་ཀཱི་བཞིན་ནོ། །དེ་ལྟར ་གོ་ཆ་ལ་སོགས་པས་བྱིན་གྱིས་བརླབས་ནས། རང་གི་ལུས་ཀྱི་འོད་ལས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱི་དེ་བཞིན་གཤེགས་པ་བཀུག་ནས། དེ་དག་གི་སྐུ་ལས་བྱུང་བའི་ལྷ་མ་ལག་ན་བུམ་པ་ཐོགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བར ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་རལ་པའི་ཅོད་པན་ལ་བརྒྱན་པར་བྱའོ། །དེ་ནས་ཤར་ལ་སོགས་པའི་གནས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་ཚོགས་བསྒོམ་པར་བྱ་སྟེ། དེ་ལ་ཤར་ཕྱོགས་ཀྱི་ཐོད་པའི ་ཟླ་བའི་བྷྲུཾ་ལས་བྱུང་བ་ཁ་དོག་དཀར་ཞིང་ཞི་བ་གཡས་ལ་སོགས་པའི་ཕྱག་བཞིས་འཁོར་ལོ་དང་དྲིལ་བུ་དང་ཐོད་པ་དང་ཞགས་པ་བསྣམས་པའི་རྣམ་པར་སྣང་མཛད་བསྒོམ་མོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཐོད་པའི་ཟླ་བར་ཨཾ་ལས་བྱུང་བའི་རིན ་ཆེན་འབྱུང་ལྡན། ཁ་དོག་སེར་པོ། གཡས་པ་ལ་སོགས་པའི་ཕྱག་བཞིས་རིན་པོ་ཆེ་དང་ལྕགས་ཀྱུ་དང་ཐོད་པ་དང་ཞགས་པ་བསྣམས་པའོ། །དེ་བཞིན་དུ་འོག་ནས་འབྱུང་བ་ཀུན་ལ་ཐོད་པ་དང་ཟླ་བའི་གདན་སྦྱར་རོ། །ནུབ་ཏུ་ཧྲཱི(རྒྱུད་འགྲེལ་གྱི་དབང་ཕྱུག་ཁ་དོག་དམར་པོ་ཕྱག་བཞིས་མདའ་དང་པདྨ་དང་གཞུ་དང་ཐོད་པ་བསྣམས་པའོ། །བྱང་དུ་ཁཾ་ལས་བྱུང་བའི་རྟ་མཆོག་ཁ་དོག་ལྗང་གུ་ཕྱག་བཞིས་རྡོ་རྗེ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཐོད་པ་བསྣམས་པའོ། །དེ་བཞིན་གཤེགས་ལ་དེ་དག་ཐམས ་ཅད་རལ་པའི་ཅོད་པན་ཅན་ཞལ་གཅིག་པའོ། །དབང་ལྡན་མཚམས་སུ་བྷུཾ་ལས་བྱུང་བའི་སྤྱན་མ་ཁ་དོག་དཀར་མོ་ཞལ་གཅིག་སྤྱན་གསུམ་མ་རལ་པའི་ཐོར་ཚུགས་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་བརྒྱད་ཀྱི་འཁོར་ལོ་དང། རྡོ་རྗེ་དང། རལ་གྲི ་དང། མདའ་དང། ཐོད་པ་དང། དྲིལ་བུ་དང། ཞགས་པ་དང། གཞུ་བསྣམས་པའོ། །མེ་མཚམས་སུ་ཧཱུཾ་ལས་བྱུང་བའི་མཱ་མ་ཀཱི་མདོག་སྔོན་མོ་ཞལ་གཅིག་སྤྱན་གསུམ་པ་ཅོད་པན་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་བཅུ་གཉིས་ཀྱིས་མདའ ་དང། རལ་གྲི་དང། རྡོ་རྗེ་དང། །འཁོར་ལོ་དང། རིན་པོ་ཆེ་དང། པདྨ་དང། གཞུ་དང། ལྕགས་ཀྱུ་དང། དྲིལ་བུ་དང། ཞགས་པ་དང། ཐོད་པ་དང། ཁ་ཊཝཱཾ་ག་བསྣམས་པའོ། །བདེན་བྲལ་དུ་ཧྲཱི(རྒྱུད་འགྲེལ་དམར་མོ་ཞལ་ལ་སོགས་སྔ་མ་ལྟ་བུ་ལས་ཕྱག་བརྒྱད་ཀྱིས་མདའ་དང། པདྨ་དང། རལ་གྲི་དང། རྡོ་རྗེ་དང། གཞུ་དང། ཐོད་པ་དང། ཞགས་པ་དང། དྲིལ་བུ་བསྣམས་པའོ། །རླུང་མཚམས་སུ་ཏཱཾ་ལས་བྱུང་བའི་སྒྲོལ་མ་ཁ་དོག་ལྗང ་གུ། ཞལ་ལ་སོགས་པ་སྔ་མ་ལྟ་བུ་ལས་ཕྱག་བརྒྱད་ཀྱིས་སུཏཔ་ལ་དམར་པོ་དང། རལ་གྲི་དང། ལྕགས་ཀྱུ་དང། མདའ་དང། འཁོར་ལོ་དང། ཞགས་པ་དང། ཐོད་པ་དང། གཞུ་བསྣམས་པའོ། །དེ་ནས་རིམ་པ་གཉིས་པའི་ཤར་དུ་ཨཾ་ལས ་བྱུང་བའི་རྡོ་རྗེ་དྲག་མོ་ཕྱག་བཞིས་མདའ་དང། ལྕགས་ཀྱུ་དང། གཞུ་དང། ཁུ་བས་གང་བའི་ཐོད་པ་བསྣམས་པར་བསམ་མོ། །ལྷོ་ཕྱོགས་སུ་ཨཱཾ་ལས་བྱུང་བ་རྡོ་རྗེ་གཟུགས་ཕྱག་བཞིས། རྡོ་རྗེ་དང། མདུང་དང། ཞགས་པ་དང། ་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ནུབ་དུ་ཨིཾ་ལས་བྱུང་བའི་རྡོ་རྗེ་ཆགས་མ་ཕྱག་བཞིས་རྡོ་རྗེ་དང། རལ་གྲི་དང། རྡོ་རྗེ་ཆུས་གང་བའི་ཐོད་པ་དང་དྲིལ་བུ་བསྣམས་པའོ། །བྱང་དུ་ཨའིཾ་ལས་བྱུང་བའི་རྡོ་རྗེ་ཞི་བ་དང། ཕྱག་བཞིས་གཏུན་ཤིང་དང་བ་ངན ་དང། རྡོ་རྗེ་རལ་གྲི་དང། རྡོ་རྗེ་ཆུས་གང་བའི་ཐོད་པ་བསྣམས་པའོ། །དེ་དག་ནི་རིམ་པ་བཞིན་དུ་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུའི་མདོག་ཅན་ནོ། །དབང་ལྡན་དུ་ཨུཾ་ལས་བྱུང་བ་རྡོ་རྗེ་གནོད་སྦྱིན་མ། ཕྱག་བཞིས་རྡོ་རྗེ་དང། ཨུཏཔ ་ལ་དང། ཐོད་པ་དང། རྡེའུ་ཆུང་བསྣམས་པར་བསམ་མོ། །མེ་མཚམས་སུ་ཨུཾ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ་ཕྱག་བཞིན་པདྨ་དང། མེ་ལོང་དང། ཚིལ་གྱི་གང་བའི་ཐོད་པ་དང། དགྲ་སྟ་བསྣམས་པའོ། །བདེན་བྲལ་དུ་ཨཾ་ལས་བྱུང་བའི་རྡོ་རྗེ ་སྒྲ་ཕྱག་བཞིན། བེ་ཅོན་དང། དུང་དང། འཁོར་ལོ་དང། ཁྲག་གིས་གང་བའི་ཐོད་པ་རྣམས་པའོ། །རླུང་མཚམས་སུ་ཨཱཾ་ལས་བྱུང་བའི་རྡོ་རྗེས། ཕྱག་བཞི་ན་རྡོ་རྗེའི་རྫས་ཀྱིས་བཀང་བའི་བུམ་པ་དང། མིའི་པགས་པས་གཡོགས་པའི་ཐོད་པ་དང ་དྲིལ་བུ་བསྣམས་པའོ། །དེ་དག་ཀྱང་རིམ་པ་བཞིན་དུ་དཀར་པོ་དང། སེར་པོ་དང། སེར་པོ་དང། དམར་པོ་དང། །དམར་པོ་དང། སྔོན་པོ་དང། སྔོན་པོ་དང། དཀར་པོ་སྟེ་མདོག་གཉིས་གཉིས་དང་ལྡན་པའོ། །རིམ་པ་གསུམ་པའི་ཤར་ཕྱོགས ་སུ་རིཾ་ལས་གྱུར་བའི་སྒེག་མོ། །ལག་པ་གཡོན་མ་དཀུར་བཙུགས་ཤིང་གཡས་པ་གར་ཐབས་སུ་བསྐྱོད་པའོ། །ལྷོ་ཕྱོགས་སུ་རཱིཾ་ལས་བྱུང་བའི་ཕྲེང་བ་མ། ཕྱག་གཉིས་ཀྱིས་ཕྲེང་བ་བསྣམས་པའོ། །ནུབ་ཕྱོགས་སུ་ལིཾ་ལས་བྱུང་བའི་གླུ ་མཁན་མ། མགྲིན་པ་གླུ་ཡིས་བཀང་སྟེ། ལག་པ་གཉིས་ཀྱིས་ཁ་འགེབས་པ་ལྟར་བྱེད་པའོ། །བྱང་དུ་ལཱིཾ་ལས་བྱུང་བའི་གར་མཁན་མ་ལག་པ་གཉིས་ཀྱི་གར་བྱེད་པའོ། །དེ་དག་ཀྱང་རིམ་བཞིན་དུ་རྡོ་རྗེ་དྲག་མོ་ལ་སོགས་པའི་མདོག་ཅན་ནོ། ། ་དེ་ཉིད་ཀྱི་མེ་མཚམས་ལ་སོགས་པར། ཨོཾ་ཨཽཾ་ཨེཾ་ཨིཾ་གི་ས་བོན་རྣམས་ལས་བྱུང་བ་གླིང་བུ་མ་དང། པི་ཝཾ་མ་དང། བདུག་པ་མ་དང། རྫ་རྔ་མའི་ལྷ་མོ་དག་རིམ་བཞིན་དུ་ཕྱག་གཉིས་ཀྱིས་རང་གི་མཚན་མ་རྣམས་བསྣམས་པ་དྲུག་མོ་ལ། ་སོགས་པའི་མདོག་ཅན་ནོ། །རིམ་པ་བཞི་པའི་སྣམ་བུའི་མེ་མཚམས་ལ་སོགས་པར་ལཱ་སྱེ་ལ་སོགས་པ་བཞིའི་ས་བོན་ལས་བྱུང་བ་མེ་ཏོག་མ་ལ་སོགས་པ་བཞི་རིམ་བཞིན་དུ་ཕྱག་གཉིས་ཀྱི་རང་གི་མིང་གི་མཚན་མ་བསྣམས་པ་དྲག་མོ་ལ་སོགས ་པའི་མདོག་ཅན་ནོ། །རྡོ་རྗེ་དྲག་མོ་ནས་དྲི་ཆབ་མིའི་མཐར་ཐུག་པའི་ལྷ་མོ་དེ་དག་ནི་རལ་པའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ནི་ཕྱེད་ཀྲུངས་བཅས་པའི་གར་གྱིས་བཞུགས། ་ཤིང་ཉི་མའི་འོད་དང་ལྷའི་ན་བཟས་བརྒྱན་པའོ། ལྷོ་ལ་སོགས་པའི་སྒོ་བཞིའི་ཐོད་པར་རིམ་བཞིན་དུ་ཛ(རྒྱུད་འགྲེལ་ནམ་མཁའ་ཨི་ལྟར་སྔོ་བསངས་རྩ་བ་དང། གཡས་དང། གཡོན་གྱི་ཞལ་གསུམ་སྔོ་བསངས་ནག་པོ་དང། དཀར་པོའི་མདོག་ཅན་ཕྱག་དྲུག་ན་ལྕགས་ཀྱུ་དང། རལ་གྲི་དང། འཁོར་ལོ་དང། ཞགས་པ་དང། ་སྡིགས་མཛུབ་དང། དྲིལ་བུ་བསྣམས་པའོ། །ཞགས་པ་མ་ནི་མདོག་དཀར་སེར་རྩ་བ་དང། གཡས་དང། གཡོན་གྱི་ཞལ་དཀར་སེར་དང། སྔོན་པོ་དང། དམར་པོའི་མདོག་ཅན། ཕྱག་དྲུག་ན་ཞགས ་པ་དང། རྡོ་རྗེ་དང། རལ་གྲི་དང། འཁོར་ལོ་དང། དྲིལ་བུ་དང་སྡིགས་མཛུབ་བོ། །རྡོ་རྗེ་ལྕགས་སྒྲོག་མ་ནི་ཁ་དོག་དམར་མོ་རྩ་བ་དང། གཡས་དང། གཡོན་གྱི་ཞལ་དམར་པོ་སྔོན་པོ་དཀར ་པོའི་མདོག་ཅན་ཕྱག་དྲུག་ན་ལྕགས་སྒྲོག་དང། རལ་གྲི་དང། རྡོ་རྗེ་དང། འཁོར་ལོ་དང། དྲིལ་བུ་ལྕགས་ཀྱུའོ། །རྡོ་རྗེ་དྲིལ་བུ་མ་ནི་ཁ་དོག་ལྗང་གུ་རྩ་བ་དང། གཡས་དང་གཡོན་གྱི་ཞལ་ལྗང་གུ་དང། སྔོན་པོ་དང། ་དཀར་པོའི་མདོག་ཅན་ཕྱག་དྲུག་ན་རྡོ་རྗེ་དང་རལ་གྲི་དང། འཁོར་ལོ་དང། དྲིལ་བུ་དང། ལྕགས་ཀྱུ་དང། ཞགས་པ་བསྣམས་པའོ། །དེ་དག་ནི་སྐྲ་ཁམ་པ་གྱེན་དུ་འབར་ཞིང་གཡས་བརྐྱང་བས་བཞུགས་པ། ཉི་མའི ་དཀྱིལ་འཁོར་གྱི་འོད་ཅན། སྟག་ལྤགས་ཀྱི་ན་བཟའ་མནབས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །དེ་ནས་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་གཞུག་པ་དང་བཅིང་བ་དང། དབང་དུ་བྱས་ལ་ལྷ་ཐམས་ཅད་ཀྱི་ཡན་ལག་ལ་གོ་ཆ་གཉིས་པོ་བཀོད་ཅིང་གོ་ཆ་བཞིན་དུ་དབང་བསྐུར་བས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ལྔའི་དབུ་བརྒྱན་བྱས་ནས་སྔགས། ་ཀྱི་ཚོགས་ཀྱིས་བསྟོད་པར་བྱ་སྟེ། དེ་ལ་ཨཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛ:ཧཱུཾ་བཾ་ཧོ:། །སུ་ར་ཏསྟཾ་ཞེས་བྱ་བ་ནི་རྡོ་རྗེ་སེམས་པའི་འོ། །ོཾ་བྷྲུཾ་སྭཱཧཱ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱིའོ། །ོཾ་ཨཾ་སྭཱཧཱ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ ་ཨོཾ་ཧྲཱི:སྭཱཧཱ་ཞེས་པ་ནི་སྣང་བ་མཛའ་ཡས་ཀྱིའོ། །ོཾ་ཁཾ་སྭཱཧཱ་ཞེས་པ་ནི་དོན་ཡོད་གྲུབ་པ་ཡིའོ། །ོཾ་ཧཱུཾ་སྭཱཧཱ་ཞེས་པ་ནི་མི་བསྐྱོད་པའི་འོ། །ོཾ་ཨ་ལཾ་ཧཾ་སྭཱཧཱ་ཞེས་པ་ནི་སྤྱན་མ་ཡིའོ། །ོཾ་ཨ་གཾ་ཧཾ་སྭཱཧཱ་ཞེས་པ་ནི་མཱ་མ་ཀཱིའི་འོ། ། ་ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཏེ་ཀ་ཊངཀ་ཊེ་སྭཱཧཱ་ཞེས་པ་ནི་གོས་དཀར་མོའི་འོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ་ཞེས་པ་ནི་སྒྲོལ་མའི་འོ། །ོཾ་ཨཱ:འཾ་ཧཾ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་དྲག་མོའི་འོ། །ཽ་ཨཱ(རྒྱུད་འགྲེལ་པ་ནི་རྡོ་རྗེ་དྲིའིའོ། །ོཾ་ཨཱ(རྒྱུད་འགྲེལ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་སའིའོ། །ོཾ་ལཱ་སྱེ་རཾ་སྭཱཧཱ་ཞེས་པ་ནི་སྒེག་མོའི་འོ། །ོཾ་མཱ་ལེ་རཱི་སྭཱཧཱ་ཞེས་པ་ནི་ཕྲེང་བ་མའི་འོ། །ོཾ་གཱ་ཏིཾ་ལིཾ་སྭཱཧཱ་ཞེས་པ་ནི་གླུ་མཁན་མའི་འོ། །ོཾ་ནརི་ཏེ་ལཱིཾ་སྭཱཧཱ་ཞེས་པ་ནི་གར་མཁན་མའི་འོ། །ོཾ་ཨཱཾ་རི་ཏཱཾ་སྭཱཧཱ་ཞེས ་པ་ནི་མེ་ཏོག་མའི་འོ། །ོཾ་ཨཱ(རྒྱུད་འགྲེལ་པ་ནི་པི་ཝཾ་མའི་འོ། །ོཾ་ཨཱ:ེ་ཧཾ་སྭཱཧཱ་ཞེས་པ་ནི་རྔ་ཆེན་མའི་འོ། །ོཾ་ཨཱ:འཾ་ཧཾ་སྭཱཧཱ་ཞེས་པ་ནི་རྫ་རྔ་མའི་འོ། །ོཾ་ཨཱ:བཛྲ་ཨཾ་ཀུ་ཤེ་ཛ:ཧཾ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་འོ། །ོཾ་བཛྲ་པཱ་ཤེ་ཧཱུཾ་ཧཾ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་ཞགས་པ་མའི་འོ། ། ་ཨོཾ་ཨཱ:བཛྲ་ཤི་ཁ་ལེ་བཾ་ཧཾ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་ལྕགས་སྒྲོག་མའི་འོ། །ོཾ་ཨཱ:བཛྲ་གྷཎྚེ་ཧོ:ཧཾ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་དྲིལ་བུ་མའི་འོ། །དེ་དག་གིས་དཀྱིལ་འཁོར་ལ་བསྟོད་ནས། བདུད་རྩི་ལྔས་མཆོད་ལ་གཏུམ་མོའི་རྣལ་འབྱོར་བསྒོམས ་ནས། ཨོཾ་མཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པར་བྱ་བ་འདི་ནི་རྡོ་རྗེ་སེམས་དཔའ་བསྒོམ་པའི་མཆོག་གོ་།འོད་ཟེར་དམར་པོ་འཁྲུགས་པ་ལས་ཞེས་བྱ་བ་ནི་ཉི་མའི་འོད་དང་ལྡན་པའོ། །སངས་རྒྱས་ཕྲེང་བས་མཛེས་པ་ནི ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པའོ། །ལྷག་པ་ནི་གོ་སླའོ། །ལྷ་མོ་བཞི་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པ་ཡིན་ལ། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང ་མཛད་ལ་སོགས་པའོ། །གཡས་དཀར་མིན་ཞེས་བྱ་བ་ནི་དཀར་པོ་ལས་བཟློག་པ་སྟེ་ནག་པོའོ། །ཞི་བ་ནི་ཞི་བའི་ཉམས་དང་ལྡན་པ་སྟེ། ལྷག་མ་ནི་བཞིན་རྣམ་པར་འགྱུར་བའོ། །དེ་ཉིད་ཀྱིས་ན་སུམ་ཅུ་རྩ་གསུམ་པ ་འཇིག་པར་མཛད་ཅེས་གསུངས་སོ། །མཁའ་འགྲོ་མའི་འཁོར་ལོ་ནི་རྡོ་རྗེ་དྲག་མོ་ལ་སོགས་པའོ། །སྐྱོབ་པ་སྣ་ཚོགས་ཞེས་བྱ་བ་ནི་རང་གི་ལུས་ལ་སྤྲུལ་པ་སྣ་ཚོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་མཚོན་པར་བྱ ་བ་དང། དེ་བཞིན་གཤེགས་པ་དང་བདག་ཉིད་དབྱེར་མེད་པར་བསྒོམ་པར་བྱའོ། །ཡང་ན་སྐད་ཅིག་ཙམ་གྱིས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་ཁང་བུར་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྐྱེད ་པའི་རིམ་པས་བསྒོམ་པར་བྱ་བའོ། །ཅི་དེ་ཡང་རང་བཞིན་གྱི་གྲུབ་པ་ཞིག་གམ་འོན་ཏེ་མ་ཡིན་ཞེ་ན། འདི་དེ་དག་རང་གི་སེམས་རྣམ་པར་དག་པ་ཉིད་ཀྱིས་སྣང་བ་ཡིན་པས་འོ་མ་ལ་མར་ལྟར་གྲུབ་པ་བསྒྲུབ་པར་བྱའི་ཆུ་ལ ་མར་ལྟར་མ་གྲུབ་པ་སྒྲུབ་པ་ནི་འགྲུབ་པར་མི་འགྱུར་རོ། །དེ་ཡང་ཆུའི་རྙོག་མ་ནོར་བུས་སྦྱངས་པ་ལྟར་བསྐྱེད་པའི་རིམ་པས་བདག་ཉིད་སྔོན་དུ་སྦྱངས་ནས་རྫོགས་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཡིན་པའི ་ཕྱིར་རོ། །གཞན་དུ་སྦྱངས་པ་མ་བྱས་ན་ཡང་འཁོར་བ་ཉིད་ཡིན་པས་རྣམ་པར་དག་པའི་འབྲས་བུ་སྤྲུལ་པར་མི་ནུས་ལ་རང་བཞིན་གྱིས་མ་དག་པའང་ཆོས་འགལ་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྗེས་སུ་མཐུན ་པ་ཉིད་ཀྱིས་ན་དག་པས་རྣམ་པར་དག་པ་བསྒྲུབ་པར་བྱའོ་ཞེས་མན་ངག་ལས་ཤེས་པར་བྱའོ། །རྗེས་སུ་མཐུན་པ་ཡང་རྗེས་སུ་བྱེད་པ་ཡིན་ཏེ། རྒྱུ་ཡང་འབྲས་བུར་འདོད་པ་དང། རྗེས་སུ་མཐུན་པ་ཡིན་ན་སཱ་ལུའི་མྱུ་གུ་སཱ་ལུའི་ས་བོན་ལྟར ་གདོན་མི་ཟ་བར་སྐྱེད་ནུས་ཀྱི། གཞན་དུ་ཀོ་ཊ་བའི་མྱུ་གུ་ལས་སཱ་ལུའི་ས་བོན་ལྟར་ནུས་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་ཡང་རྒྱུར་འདོད་པ་དང་རྗེས་སུ་མཐུན་ན་སྐྱེ་བར་འགྱུར་གྱི། གཞན་དུ་དེ་དག་ཧ་ཅང་ཐལ་ཆེས་པར་འགྱུར་རོ། ། ་དེ་ལྟར་ན་འོ་མའི་ཡོན་ཏན་དཀར་བ་ལྟར་རྣམ་པར་གྲུབ་པ། དེ་དག་ཡང་དང་ཡང་གོམས་པས་བློ་བུར་བའི་དྲི་མ་བཟློག་སྟེ། གཉུག་མ་དེ་ཉིད་གསལ་བར་འགྱུར་བར་དགོངས་སོ། །རྣལ་འབྱོར་པས་གང་དེ་ལྟར་བསྒྲུབ་ཅེ་ན། ་མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ཙམ་གྱིས་རི་རབ་ཀྱི་སྟེང་དུ་གྱུར་པའི་ཁང་བུ་བརྩེགས་པར་གནས་པའི་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པའི་ཚོགས་དང་ལྡན་པར་ཞེས་བྱ་བའི ་དོན་ཏོ། །བདེ་བའི་མཆོག་ཅེས་བྱ་བ་ནི་བདེ་བ་དམ་པའི་རྣམ་པས་ཁྱད་པར་དུ་བྱས་པའོ་ཞེས་བྱ་བ་ལ་སོགས་པས་ནི་སྡུད་པ་པོའི་རང་བཟོ་སྤོང་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། དེ་བཞིན་ནི་ཕྱིན་ཅི་མ་ལོག ་པ་ཡིན་ལ་དེ་གསུངས་པས་ན་གཤེགས་པ་སྟེ། དེས་གཟུང་བའི་འོས་སུ་སྟོན་ཏོ། །ད་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། མ་དང་སྲིད་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །བ་ལང་ཤ་དང་རྟ་ཤ་སོགས་ཞེས ་བྱ་བ་ལ་སོགས་ཀྱིས་ན་གླང་པོ་ཆེ་དང་མི་དང་ཁྱིའི་ཤ་རྣམས་དང། གཞན་རྣམ་པར་སྣང་མཛད་ལ་སོགས་པ་གསུངས་ཏེ། དེ་དག་གི་ངག་གི་དྲི་མ་དང་བཅས་ནས་དམ་ཚིག་གི་རྫས་བཅུ་རུ་འགྱུར་རོ། །དོགས་པ་མེད་ཅེས་བྱ་བ་ནི་ཡིས་གཉིས ་སྤངས་པ་སྟེ། ཐུགས་ཀྱི་རྡོ་རྗེ་སྨད་མི་བྱ་ཞེས་གསུངས་པའི་ཕྱིར་རོ། །བཟའ་བར་བྱ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཆོ་ག་བཞིན་དུ་སྦྱངས་ཏེ་སྤྱད་པའོ། །འཇིག་རྟེན་ལ་རྟག་གཡོན་ལ་སྤྱོད་ཅེས་བྱ་བ་ལ་། ་གཡོན་གྱི་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལུས་ཀྱི་བྱ་བ་ཐམས་ཅད་ལ་གཡོན་དུ་བཟློག་པར་བྱ་བའོ། །དེ་གང་ལས་ཞེ་ན། རྒྱུ་དང་མི་རྒྱུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་ནི་དེ་བཞིན་ཉིད་དོ། །དེ་ལས ་བྱུང་བ་ནི་འགྲོ་བ་མ་ལུས་པ་རྣམས་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། འདི་ལྟར་ཆོས་ནི་ཡོད་མ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་བོས་གཡོན་དུ་འགྱིང་བ་དང ་བཅས་པས་དེ་ཉིད་དེ་ཉིད་བསྟེན་པར་བྱའོ། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ་ཞེས་བྱ་བ་ནི་ལྷ་མོ་རྣམས་ལ་མཆོད་པ་དང། བདག་ཉིད་བཟའ་བ་རྣམས་གཡོན་པས་བྱའོ། །དེ་ཁོ་ན་ཉིད་ཀྱིས་གཡོན་པ་བསྟེན་པ་ལ་དོགས་པ་བཟློག ་པའི་ཕྱིར་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕོ་ཉ་ནི་སྔགས་ལ་སོགས་པ་དང་ཡང་དག་པར་ལྡན་པའོ། །ཡང་ན་ལྷན་ཅིག་སྐྱེས་པ་དང། ཞིང་ལས་སྐྱེས་པ་དང། སྔགས་ལས་སྐྱེས་པ་རྣམས་སུ་གང་གསུངས་པ་དེ་དག་མ ་གཏོགས་པ་ནི་གཞན་ཐ་མལ་པ་སྟེ། དེ་དག་ལ་འདོད་པས་རྨོངས་པ་ཞེས་བྱ་བ་ལ། འདོད་པ་ལ་མངོན་པར་ཞེན་པས་བགྲོད་ན་དེ་དངོས་གྲུབ་ཏུ་མི་འགྱུར་རོ། །ཕོ་ཉ་མོ་རྟག་ཞེན་ཐར་པ་ཞེས་བྱ་བ་ལ། ཕོ་ཉར་གྱུར་པའི་ཤེས་རབ་ལ་རྟག་ཏུ ་རྣམ་པར་རྟོག་པ་སྤངས་ཏེ། བདེ་བ་ཆེན་པོའི་འདུས་པས་གནས་པ་ནི་གྲོལ་བར་འགྱུར་ཏེ་འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ་ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟ་བུ་ཞིག་གིས་ཞེ་ན། སྒྲུབ་པོ་ཞེས་བྱ་བ་གསུངས་ཏེ། སྒྲུབ་པོ་ནི་ཕྱག་རྒྱ ་ཆེན་པོའི་སྒྲུབ་པའོ། །མཆོག་ཏུ་འབད་བྱ་ཞེས་བྱ་བ་ནི་འགྲོ་བའི་དོན་བྱ་བ་སྟེ། འབད་པ་ནི་དེའི་མཐར་གཏུགས་པའོ། །བརྟུལ་ཞུགས་མིན་སྤངས་ཞེས་བྱ་བ་ལ་སོགས་པ་ལ། བརྟུལ་ཞུགས་མིན་ནི་འཇིག་རྟེན་གྱི་བྱ་བ་རྣམས་ཏེ་དེ་དག་སྤངས་པའོ། ། ་བརྟུལ་ཞུགས་རྫོགས་ནི་འོག་ནས་འབྱུང་བའི་དཀའ་ཐུབ་ཡོངས་སུ་རྫོགས་པའོ། །དམ་ཚིག་ནི་རྣལ་འབྱོར་མ་དང་རྣལ་འབྱོར་ཕ་འདུས་པ་སྟེ། དེར་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལ་སྤོད་པ་ནི་གང་ཞིག་འདོད་པར་གྱུར་པ་སྟེ་།དེ ་དང་ལྷན་ཅིག་ཏུ་ཙཱ་རུ་ཞེས་བྱ་བ་ལྷག་མར་གྱུར་པ་དང། མཛེས་པར་གྱུར་པ་རྣམས་བཟའ་བ་དེ་ལ་དེ་སྐད་དུ་ཅེས་བྱའོ། །དེ་དག་ཀྱང་གང་ཞེ་ན། རིགས་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་དང། རྒྱལ་རིགས་དང། རྗེའུ་རིགས ་དང་དམངས་རིགས་དང། མཛའ་ལས་སྐྱེས་པ་རྣམས་སོ། །ཀུན་སྤྱོད་ནི་མཚུངས་པར་གཅིག་ཏུ་བྱས་ཏེ་སྤྱོད་པའོ། །དེ་ཉིད་ཀྱིས་ནི་རིགས་གཅིག་ཏུ་བརྟག་པར་བྱ་ཞེས་གསུངས་ཏེ། འདིར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ལ་བྱེ ་བྲག་སྣ་ཚོགས་མེད་ཅིང་གཅིག་པ་ཉིད་དེ། རིགས་ཞེས་བྱ་བ་ནི་མིང་ཙམ་དུ་དགོངས་སོ། །བདུད་རྩི་ལྔའི་ངེས་པ་བསྟན་པའི་ཕྱིར་སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁུ་བ་ཉིད་དུ་གྱུར་པ་དང། ཆགས་པ་ལས་བྱུང་བས་ན་སྦྲང ་རྩི་ཁྲག་སྟེ་སྣང་བ་མཛའ་ཡས་སོ། །ག་བུར་ནི་དོན་ཡོད་གྲུབ་པ་སྟེ། དེ་དང་ལྷན་ཅིག་ཏུ་གྱུར་པའི་སྦྲང་རྩི་ཁྲག་དེ་ལ་དེ་སྐད་ཅེས་བྱའོ། །ཙན་དན་ནི་རྣམ་པར་སྣང་མཛད་དོ། །དམར་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །རྡོ་རྗེ་ཆུ་ནི་མི་བསྐྱོད་པ་སྟེ། ་དེ་དག་བདུད་རྩི་ལྔར་ནི་འགྱུར་ཞེས་བྱ་བར་འབྲེལ་ཏོ། །དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཏེ། དེ་དག་སྒྲུབ་པར་བྱེད་པ་ནི་བདུད་རྩི་རྣམས་བསྟེན་པས་བགེགས་རྣམས་ཉེ་བར་ཞི་སྟེ ་དངོས་གྲུབ་ཉེ་བར་འགྲུབ་བའོ། །མཐེ་བོ་སྲིན་ལག་ཅེས་བྱ་བ་ནི་གོ་སླའོ། །ཞི་བའི་བཏུང་བ་བཞིན་མྱངས་ཞེས་བྱ་བ་ལ། ཞི་བ་ནི་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་སོ། །བཏུང་བ་ནི་བདག་ཉིད་ཀྱིས་བཏུང་བ་དང་།དེ ་ལ་ཡང་སྦྱིན་པ་སྟེ་སྙོམས་པར་ཞུགས་པའི་འབད་པ་ལས་བྱུང་བ་པདྨའི་གནས་སུ་ལོངས་སྤྱོད་པའོ། །དེ་ལྟར་ཡང་གསང་བའི་མཛོད་ལས། རྣལ་འབྱོར་པ་ཡིས་བདག་ཉིད་འདི། །བྷ་གའི་དབུས་སུ་བསྒོམ་བྱས་ལ། །གང་ཞིག་བདུད ་རྩི་འཇིག་པའི་རྩ། །ལུས་ཀྱི་དབུས་ནས་བལྟ་བར་བྱ། །ཡང་ན་མི་ནུས་བག་མེད་པས། །ལས་ཀྱི་ཕྱག་རྒྱ་ཁྱད་པར་ཅན། །རང་གི་ལྷ་མོར་བྱས་ནས་སུ། །འབད་པ་ལས་བྱུང་ཁུ་བ་ནི། །བཏུང་ཞིང་འཐུང་དུག་བཞུག་པ་ཡིས། །གདོན་མི་ཟ་བར ་ཡངས་རྒྱས་འགྱུར་ཞེས་གསུངས་སོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལས་རྣམས་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་རྣམས་ལ་ཉེ་བར་སྤྱོད་པའི་བརྟུལ་ཞུགས་བསྟན་པ་ཡིན་ཏེ། ལས་རྣམས་ཀུན་ནི་དྲག་པོ ་དང་ཞི་བ་རྣམས་སོ། །ཐབས་ནི་སྒྲུབ་ཐབས་ཏེ་མངོན་པར་སྦྱང་བའོ། །ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་སྟེ། བྱ་བ་ཐམས་ཅད་ལ་མི་རྟོག་པའི་སེམས་ཀྱིས་ཉེ་བར་སྤྱོད་པ་འདི་ནི་སེམས་ཀྱི་སྒོ་ནས་བརྟུལ་ཞུགས་བསྟན ་པའོ། །ཡང་ལས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པས་ནི་དག་གི་སྒོ་ནས་སོ། །ཐེ་ཚོམ་མེད་པའི་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་སྒོ་ནས་བསྟན་པའོ། །སྐྲ་ཟླ་ལ་སོགས་ཞེས་བྱ་བ་ལ་སྐྲའི་ཚོགས་ནི་སྐྲ་ཟླ་སྟེ། སོགས་ཀྱིས་ན་སྒྱུ་མ་ལ ་སོགས་པ་བཟུང་ངོ། །རྗེས་དངོས་ཀྱི་ཞེས་བྱ་བ་ལ་རྗེས་ཀྱི་སྒྲ་ནི་འདྲ་བ་སྟེ། དཔེར་ན་ལྷ་བྱིན་གིས་རྗེས་སུ་བྱེད་དེ་ཞེས་བྱ་བས་འདྲ་བ་བཟུང་བ་ཡིན་ཏེ། དེ་དང་འདྲ་བའི་དངོས་པོ་རྣམས་ལ་དེ་སྐད་ཅེས་བྱའོ། །དཔེར་ན་རབ་རིབ་ཀྱིས་ཉམས་པར་མིག ་གིས་མེད་བཞིན་དུ་ལང་ནམ་མཁའ་ལ་སྐྲ་ཤད་ཀྱི་ཚོགས་མཐོང་བ་ལྟར་གཟུང་བ་ལ་སོགས་པ་མངོན་པར་ཞེན་པའི་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཡུལ་གྱི་དངོས་པོར་སྣང་ངོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་སྐྲ་ཟླ་ལ་སོགས་པ་དེ་ཁོ་ན་ཉིད་དུ ་མེད་པས་དོན་བྱེད་མི་ནུས་པ་ལྟར་ཡུལ་རྣམས་ཀྱང་སྣང་དུ་ཟིན་ཀྱང་དེ་ཁོ་ན་ཉིད་དུ་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། མ་ཡིན་ཏེ། འདི་ལྟར་རྨི་ལམ་ན་སྐྱེས་པ་དང་བུད་མེད་གཉིས་ཀྱི་འདོད་པ་ཉེ་བར་སྤྱོད་པ་ལ་གཉིས་སྤྲོད་པ་མེད ་བཞིན་དུ་ཡང་འདི་ལྟར་སང་པའི་དུས་ན་ཁུ་བ་འབྱིན་པའི་བྱ་བ་བྱེད་པ་ཡོད་དེ་དེ་བཞིན་དུ་འདི་ལྟར་ཡང་བག་ཆགས་ཀྱི་དཀྲུགས་པའི་དབང་གིས་མེད་བཞིན་དུ་ཡང་དོན་བྱེད་པ་ལ་འགལ་བ་མེད་དེ། འདི་ལྟར་གཅིག་དང་དུ་མ་དང་བྲལ ་བའི་རིགས་པས་གནོད་པའི་ཕྱིར་དེ་ཙམ་གྱིས་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཙམ་པོ་དེ་ཉིད་དོན་དུ་སྣང་བར་འབྱུང་གི་ཕྱི་རོལ་དོན་ཡོད་པ་མ་ཡིན་ནོ། །དེ་ཡང་སློབ་དཔོན་དབྱིག ་གཉེན་གྱིས་གསུངས་པ། །འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་བྱ་བ་དང། བཅོམ་ལྡན་འདས་ཀྱིས་ཀྱང་ཀྱི་རྒྱལ་བའི་སྲས ་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །སེམས་དང་རྣམ་པར་རིག་པ་ནི་རྣམ་གྲངས་ཏེ། ཇི་སྐད་དུ་སེམས་དང་ཡིད་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ནི་རྣམ་གྲངས་སོ། ཞེས་གསུངས་པའི་ཕྱིར་རོ། །གལ ་ཏེ་གཟུགས་ལ་སོགས་པ་མེད་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཞེ་ན། དེ་དག་དོན་དམ་པར་མེད་མོད་ཀྱི། སྐྱེ་བོ་རྣམས་འདུལ་བའི་ཕྱིར་གསུངས་པར་གཟུང་སྟེ། ཇི་སྐད་དུ་ཡང། གདུགས་སོགས་སྐྱེ ་མཆེད་ཡོད་པར་ནི། དེས་འདུལ་བ་ཡི་སྐྱེ་བོ་ལ། དགོངས་པའི་དབང་གིས་གསུངས་པ་སྟེ། རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་འདིར་ཅུང་ཟད་ཅིག་དཔྱད་པར་བྱ་སྟེ། གཟུགས་ལ་སོགས་པའི ་ཡུལ་འདི་དག་རྣམ་པར་ཤེས་པ་ལས་མ་གཏོགས་པའི་དངོས་པོར་ཡོད་ན་དེ་ལྟར་བྱེ་བྲག་པ་རྣམས་ཀྱིས་ཡན་ལག་ཅན་གྱི་ངོ་བོར་བརྟགས་པ་རགས་པ་གཅིག་པུ་ཞིག་གམ། ཕྲ་བ་དུ་མར་འགྱུར་གྲང། དེ་དག་ནི་འགལ་བའི་ཕྱིར་དེ་ལས་གཞན་པའི་གསུམ་པ་ནི་མི་སྲིད ་དོ། །དེ་ལ་ཡན་ལག་ཅན་གཅིག་པུ་ནི་ཡུལ་མ་ཡིན་ཏེ། ཡན་ལག་ལས་མ་གཏོགས་པར་ཡན་ལག་ཅན་འཛིན་པ་ནི་མ་མཐོང་སྟེ། འདི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ལ་ལྟོ་དང་མགྲིན་པ་ལ་སོགས་པ་དང། རྒྱུ་དང་སྤུན་གྱི་སྣལ་མ་ལས་མ་གཏོགས་པར ་བུམ་པ་དང་སྣམ་བུ་ལ་སོགས་པའི་ཡན་ལག་ཅན་དུས་ཐམས་ཅད་དུ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཕྲ་རབ་དུ་མ་ཡང་ཡུལ་མ་ཡིན་ཏེ། དེ་ཡང་འདི་ལྟར་ཡུལ་དུ་གྱུར་པ་ན་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་པར་ཉེ་བའི་མཐུ་ཙམ་གྱིས་འཛིན་པ་བྱེ་བྲག ་ཏུ་སྨྲ་བ་རྣམས་ཀྱིས་ཁས་བླངས་པ་ལྟ་བུ་ཞིག་གམ། དེ་དག་ཕན་ཚུན་རེག་སྟེ་འདུག་པ་ཞིག་ཡུལ་དུ་འགྱུར་གྲང། རེག་པ་དང་མ་རེག་པ་འགལ་བས་གསུམ་པ་ནི་མི་སྲིད་དོ། །དེ་ལ་ཕྲ་མོ་ཕྲག་ཅན་རྣམས་ཀྱང་ཡུལ་མ་ཡིན་ཏེ། ཚུལ་རོལ་མཐོང་བ་རྣམས་ཀྱིས ་དེ་དག་མི་འཛིན་པའི་ཕྱིར་རོ། །དེ་ལྟར་ཕ་རོལ་པོ་ཉིད་ཀྱིས་ཀྱང་ཁས་བླངས་ཏེ། འདི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའི་ཕྱིར་རོ། །ཞེས་གང་སྨྲས་པ་ཡིན་ནོ། །དེ་དག་འདུས་པའང་ཡུལ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་རྫས་སུ་མ་གྲུབ་པའི་ཕྱིར་ཏེ། གལ་ཏེ་རྡུལ་ཕྲ་རབ་རྫས་སུ་གྲུབ་ན་ནི་དེ་དག་སོ་སོ་ཐ་དད་པའམ། འདུས་པ་ཞིག་ཡུལ་དུ་འགྱུར་བ་སྲིད་ན་དེ་མ་གྲུབ་ན་དཔྱད་པ་དེ་ཉིད་ག་ལ་འཇུག་།དེ་ལྟར་ཡང། དེ་ནི་གཅིག་ནའང ་ཡུལ་མིན་ལ། ཕྲ་རབ་རྡུལ་དུ་དུ་མའང་མིན། དེ་དག་འདུས་པའང་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར་ཞེས་གསུངས་སོ། །དེ་ཇི་ལྟར་མི་འགྲུབ་ཅེ་ན། འདི་ལྟར་ཡུལ་རྣམས་འདུས་པ་ནི་ཕན་ཚུན་རེག་ཅིང་སྦྱར་པའི་རྣམ་གྲངས་ཡིན་ན་དབུས་ན་གནས ་པའི་རྡུལ་ལ་ཕྱོགས་དྲུག་ན་གནས་པའི་རྡུལ་རྣམས་ཀྱི་སྦྱོར་བས་ན། ཕྱོགས་སོ་སོ་ཐ་དད་པ་ནས་སྦྱོར་རམ། འོན་ཏེ་ཕྱོགས་གཅིག་ནས་སྦྱོར། ཕྱོགས་ཐ་དད་ནས་སོ་ཞེ་ན། དེའི་ཚེ་དབུས་ན་གནས་པའི་རྡུལ་སྦྱོར་བ་པོའི་བྱེ་བྲག་གིས་སྦྱོར་བར་བྱ་བ་ཆ་དྲུག ་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་གི་གོ་གང་ཡིན་པ་དེར་གཞན་མི་འབྱུང་བའི་ཕྱིར་ཏེ། འདི་ལྟར་དབུས་ན་འདུག་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱི་ངོས་ལ་སྦྱར་བའི་རྡུལ་ཕྲ་རབ་གཅིག་གིས་ནོན་པ་གང་ཡིན་པ་དེར་རྡུལ་ཕྲ་རབ་གཞན་གྱི་གོ་སྐབས ་མེད་པས་ཕྱོགས་གཞན་དུ་གནས་པར་བྱ་དགོས་སོ། །དེས་ན་ཆ་དྲུག་ཏུ་གྲུབ་པས་རྫས་སུ་ཡོད་པར་ག་ལ་འགྱུར། །ཕྱོགས་གཉིས་པ་ལྟར་ན་ཡང་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། འདི་ལྟར་རྡུལ་གཅིག་གི་གོ་གང་ཡིན་པ་དང་དྲུག་པོ་རྣམས ་འདུ་བའི་ཕྱིར་ཏེ། གོ་གཅིག་པས་གོང་བུ་ཐམས་ཅད་རྡུལ་ཙམ་དུ་འགྱུར་རོ། །ག་ལས་ཤེ་ན་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་ཏེ། འདི་ལྟར་རྡུལ་ཕྲ་རབ་ཐམས་ཅད་ཐ་དད་པ་མེད་པའི་ཕྱིར་གོང་བུ་རི་རབ་ལ་སོགས་པ་གང་ཡང་སྣང་བར་མི་འགྱུར་རོ། །དེ་ལྟར་ཡང ་གསུངས་པ། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །ཡན་ལག་ཅན་དང་ཡན་ལག་དུ་མའང་རུང། ཅིག་ཅར་ཡུལ་ཉིད་དུ་དགག་པ་དང། ཆོས ་ཐམས་ཅད་རང་བཞིན་མེད་པའི་ལྟ་བ་གཞུང་གཟུགས་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རྩ་བ་རྡུལ་ཕྲ་རབ་ལ་གཏན་ཚིགས་ཀྱི་རྩ་བ་གཅིག་དང་དུ་མ་དང་བྲལ་བ་བསྒྲུབ་པའི་ཕྱིར་དབུ་མ་རྒྱན་གྱི་བསྟན་བཅོས་ལས་གསུངས་པ་འདི་ལྟར་ཅུང་ཟད་ཅིག་བརྗོད ་པར་བྱ་སྟེ། དེ་ལས་ཇི་སྐད་དུ་སྦྱར་བའམ་ནི་བསྐོར་བའམ། པར་མེད་རྣམ་པར་གནས་ཀྱང་རུང། །དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བ་ཡང། །དེ་ཉིད་གལ་ཏེ་ཡིན་བརྗོད་ན།། ་དེ་ལྟ་ཡིན་ན་ཇི་ལྟར་ཡང། །ས་ཆུ་ལ་སོགས་རྒྱས་འགྱུར་རམ། །ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་མོ་རྣམས་ཀྱི་དབུས་ན་གནས་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ ་ལ་བལྟས་པའི་ཆ་དེ་ཉིད་ཀྱི་ཕྱོགས་ལྷག་མ་ན་གནས་པའི་རྡུལ་ཕྲ་རབ་རྣམས་ལ་བལྟས་པ་ཡང་ཡིན་ན་ནི་དེའི་ཚེ་ཆ་དེ་ལ་བལྟས་པ་ཡིན་པའི་ཕྱིར་ཤར་ཕྱོགས་ན་གནས་པའི་རྡུལ་ལྟར་ཕྱོགས་ལྷག་མ་ན་གནས་པ་རྣམས་དོན་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ། །དེས ་ན་ཆ་ཤས་སྣ་ཚོགས་མེད་པའི་ཕྱིར་སའི་དཀྱིལ་འཁོར་ལ་སོགས་པ་ཇི་ལྟར་རྒྱས་པར་འགྱུར། འོན་ཏེ་གཞན་ལ་ལྟ་བའི་ཆ་ཐ་དད་པར་འདོད་དོ་ཞེ་ན། བལྟ་བར་བྱ་བའི་གྲངས་བཞིན་དུ་ལྟ་བ་པོའི་ཆ་བཅུར་གྱུར་པ་ཡིན་ནོ། །དེས་ན་གཅིག་ཉིད་མེད་ལ་དུ་མའང ་མེད་དོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་དེ་ལ་རག་ལས་བའི་ཕྱིར་རོ། །དེ་ལྟར་རྡུལ་ཕྲ་རབ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཡན་ལག་ཅན་གྱི་རྫས་ལ་སོགས་པ་ཕྱི་རོལ་པས་བརྟགས་པ་དང། མིག་དང་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་དང་བྲལ ་བས་ཚེགས་མེད་པར་གྲུབ་སྟེ་དེ་ཡང་གསུངས་པ། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དང། རང་བཞིན་མེད་པར་མངོན་པ་ཡིན་ཞེས་བྱ་བ་སྟེ། འདི་ལྟར་མིག་དང་གཟུགས་ལ་སོགས་པ ་ཡུལ་ལྔ་དང། དབང་པོ་ལྔ་པོ་རྣམས་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པར་བརྗོད་ལ། དེ་མེད་ན་དེ་དག་ཀྱང་མི་རུང་ངོ། །འདི་ལྟར་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལ་བརྟེན་པ། ་དང། དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་དེ་མེད་ན་ཅི་ལ་དམིགས་ཏེ་སྐྱེ་བར་འགྱུར། རྣམ་པར་ཤེས་པའི་ཁམས་ལྔ་མེད་ན་དེ་མ་ཐག་པའི་རྐྱེན་དེས་མངོན་པར་བསྒྲུབས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་འཐད་པ་ཉིད་དོ། །དེ་ལྟར་ཚོགས་དྲུག ་པོ་མ་གྲུབ་ན་རྣམ་པར་ཤེས་པ་དེ་དག་འདས་མ་ཐག་པའི་ཡིད་ཀྱང་མི་འགྲུབ་པ་སྟེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་སེམས་ཀྱི་རང་བཞིན་མ་གྲུབ་ན་ཚོར་བ་ལ་སོགས་པའི་སེམས་ལས་བྱུང ་བ་ཡང་རང་བཞིན་མེད་པ་ཉིད་དེ། འདི་ལྟར་དེ་དང་གྲུབ་པ་དང་བདེ་བ་གཅིག་པས་དེ་ལ་དག་ལས་པའི་ཕྱིར་རོ། །དེ་ལྟར་གཟུགས་དང་སེམས་ལས་བྱུང་བ་རྣམས་མ་གྲུབ་ན་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་རང་བཞིན་མེད་པ་ཉིད་དེ། དེ་དག་ནི་དེ་དག་གི་གནས ་སྐབས་ཡིན་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ཡང་འབྱུང་བ་ཆེན་པོ་རྣམས་ལ་རག་ལས་པའི་ཕྱིར་རང་བཞིན་མེད་པར་གསལ་བ་ཡིན་ནོ། །དེ་བཞིན་དུ་རྡུལ་གཉིས་པ་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་དང། གཟུགས་དང་སྒྲ་ལ་སོགས ་པའི་ཡོན་ཏན་རྣམས་དང། འདེབས་པ་དང་སྡུད་པ་ལ་སོགས་པའི་ལས་རྣམས་དང། སྤྱི་དང་ཁྱད་པར་ལ་སོགས་པ་གཞན་གྱིས་བརྟགས་པའི་དངོས་པོ་རྣམས་རང་བཞིན་མེད་པར་གསལ་བ་ཉིད་དེ། དེ་དག་ནི་དེས་དོང?་དང་བརྒྱུད་དེ་བརྩམས་པ་དང། བརྟེན ་པ་དང་ཉེ་བར་བརྟེན་པ་ལ་སོང་པས་དངོས་དང་བརྒྱུད་དེ་འབྲེལ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་ཡི་རང་བཞིན་དེ་བརྩམས་དང། དེ་ཡི་ཡོན་ཏན་དེ་ལ་བདག་།དེ་ཡི་སྤྱི་དང་ཁྱད་པར་ཡང། །དེ་དག་དེ་དང་ལྡན་པ་ཅན། །ཞེས་གསུངས་པའི་ཕྱིར་རོ། ། ་གཞན་གྱིས་བརྟགས་པའི་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་ལ་སོགས་པ་རྣམས་ཀྱང་གཅིག་དང་དུམ་དང་འགལ་བ་ཉིད་དེ། ཕྱོགས་ཐ་དད་པ་ཅན་གྱི་བུམ་པ་ལ་སོགས་པ་དང་འབྲེལ་པ་དེ་དག་གཅིག་དང་འབྲེལ་པའི་རང་བཞིན་གང་ཡིན་པ ་དེ་གཞན་དང་འབྲེལ་པ་ཅན་ཡང་ཡིན་ན་དེ་གཅིག་པུའི་བདག་ཉིད་ཡིན་པ་བཞིན་དུ་གཞིན་ཡང་དེ་དང་ཐ་དད་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་ཕྱོགས་ཐ་དད་ན་ནི་རང་བཞིན་དེ་ཉིད་གཞན་དང་འབྲེལ་པ་ཅན་ཡང་མ་ཡིན་པར་ཡང ་འགྱུར་ཏེ། དེའི་ཚེ་གཞེད?་བུ་དུ་མར་འདུག་པའི་རྒྱ་ཤུག་གི་འབྲས་བུ་ལྟར་གཅིག་ཉིད་མ་གྲུབ་པའོ། །དེ་སྐད་དུ་ཡང་ཐ་དད་ཕྱོགས་དང་འབྲེལ་བས་ན། ཁྱབ་རྣམས་གཅིག་པུར་ག་ལ་འགྱུར་ཞེས་གསུངས་ཏེ། དེ་ལྟར་གཅིག་ཉིད་མེད་ལ་དེས་ན་དུ ་མ་ཉིད་དང་ཡང་འགལ་ཏེ། དེ་ནི་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་གསུངས་པ་གང་ལ་གཅིག་ཉིད་ཡོད་མིན་པ། དེ་ལ་དུ་མ་ཉིད་ཀྱང་མེད་ཅེས་པའོ། །ཁ་ཅིག་གང་ཟག་ཅེས་བྱ་བ་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་གཉིས་ཀར་བསྟན ་དུ་མེད་པའི་དངོས་པོར་ཁས་ལེན་པ་དེ་དག་ལ་ཡང་དངོས་པོ་གཉིས་མེད་པར་སླ་བ་ཉིད་དེ། འདི་ལྟར་སྐད་ཅིག་པ་ཡིན་ན་ནི་སྔ་མ་ཞིག་ལས་རང་བཞིན་གཞན་དང་གཞན་སྐྱེ་བའི་ཕྱིར་དུ་མ་ཉིད་ཡིན་ལ། སྐད་ཅིག་པ་མ་ཡིན་ན་ནི་སྔ་མ་ཉིད་མ ་ཞིག་པ་དང། གཞན་མི་སྐྱེ་བའི་ཕྱིར་གཅིག་པ་ཉིད་ཡིན་ནོ། །དེ་གཉིས་ཀར་བསྟན་དུ་མེད་པ་ནི་རང་ཉིད་ཀྱིས་གཅིག་དང་དུ་མ་དང་བྲལ་བར་སྨྲས་པ་ཡིན་ནོ། །དེ་ཡང་སྐད་ཅིག་སྐད་ཅིག་མ་ཡིན་པར། གང་ཟག་བསྟན་དུ་མི་རུང་པ། །གཅིག་དང་དུ ་མའི་རང་བཞིན་དང། །བྲལ་བ་ཉིད་དུ་གསལ་བ་ཡིན་ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་རྣམ་པ་གཞན་དུ་དཔྱད་པར་བྱ་སྟེ། འདི་ལྟར་དངོས་པོའི་མཚན་ཉིད་ལ་ཁྱབ་པར་བྱེད་པ་ནི་དོན་བྱེད་ནུས་པ་ཡིན་ལ། ཕ་རོལ་པོས་ཁས་བླངས་པའི་རྟག་པའི ་དངོས་པོ་ཐམས་ཅད་ལ་དེ་སྲིད་དེ། ཡང་དག་པར་ན་རིམ་དང་ཅི་ཅར་གྱིས་དོན་བྱེད་ནུས་པ་མེད་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་རྒྱུ་རིམ་ཅན་མ་ཡིན་པས་རིམ་གྱིས་དོན་བྱེད་པར་མི་འཐད་དེ། རྒྱུ་ནུས་པ་ཐོགས་པ་མེད་པར་ཡོད་པ་ཡང་འབྲས་བུ་རེས་དགའ་ ་མི་བསྐྱེད་པ་མི་སྲིད་ལ་རྒྱུ་མ་ཚང་བ་མེད་པ་ཡང་རེས་འགའ་དེ་ལས་མི་འབྱུང་བ་མི་སྲིད་པས་ཇི་ལྟར་རིམ་གྱིས་དོན་བྱེད་པར་འགྱུར་ཏེ། ཡང་ན་ནི་བསྐྱེད་པར་འདོད་པའི་དུས་བཞིན་དུ་གཞན་དུ་ཡང་ན་ནི་མི་སྐྱེད་པར་འདོད་པའི་དུས་བཞིན་དུ་གཞན་དུ་ཡང་མི་བསྐྱེད་པར་བལྟ ་བར་བྱ་སྟེ། དངོས་པོ་རྟག་པ་གཞན་གྱིས་པོགས་དབྱུང་དུ་མེད་པ་རྣམས་ནི་དེ་ལ་བལྟོས་པ་མི་འཐད་པའི་ཕྱིར་རོ། །ཅིག་ཅར་བྱེད་པ་ཡང་མ་ཡིན་ཏེ། དོན་བྱེད་པའི་རང་བཞིན་དེ་ལྟ་བུ་ཞིག་རྟག་ཏུ་རྗེས་སུ་འབྲང་ན་འབྲས་བུ་བསྐྱེད་པ་དང་མི་འབྲལ་བའི་ཕྱིར་དེས་བསྐྱེད་པར་བྱ་བའི ་འབྲས་བུ་ཐམས་ཅད་དུས་རྟག་ཏུ་སྐྱེ་བའི་ཕྱིར་ནམ་མཁའ་ཨི་ཁམས་སུ་མི་ཤོང་བར་འགྱུར་རོ། །ཅི་སྟེ་མི་འབྲང་ན་ནི་དེ་ཉིད་རྟག་པ་ཉིད་ཉམས་པ་ཡིན་ནོ། །དེ་ལྟར་དོན་བྱེད་པ་ནུས་པ་ཁྱབ་པར་བྱེད་པ་ལོག་ན་དངོས་པོའི་མཚན་ཉིད་ཁྱབ་པར་བྱ་བ་ཡང་ལྡོག་པ་ཁོ་ན་ཏེ། གཞན་དུ་ན་དེས་མ ་ཁྱབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚུལ་དེ་ལྟར་ན་རྟག་པ་དང་མི་རྟག་པའི་དངོས་པོ་ཐམས་ཅད་ལ་གཅིག་པ་ཉིད་མེད་པས་དུ་མ་ཉིད་ཀྱང་མེད་པ་སྟེ། དེ་ནི་དེ་སྔོན་དུ་འགྲོ་བ་མིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དངོས་པོ་གང་གང་རྣམས་དཔྱད་ན། དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ ་གཅིག་ཞིང་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད་ཅེས་གསུངས་སོ། །དེ་གཉིས་ལས་མ་གཏོགས་པའི་རྣམ་པ་གསུམ་པ་དག་ཀྱང་མི་སྲིད་དེ། དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་དངོས་པོའི་རིགས་ལ་ཁྱབ་པར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ་གཅིག་དང་དུ་མ་མེ་གཏོགས ་པར་རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གང་གསུངས་པའོ། །དེ་ལྟར་ཡང་དག་པར་གཅིག་དང་དུ་མའི་རང་བཞིན་ལོག་ན། གཟུགས་བརྙན་ལྟར་དངོས་པོའི་རང་བཞིན་གྱི་ཚོགས་ལྡོག་པ་ཡིན་ཏེ། དེ་དེའི ་རང་བཞིན་ཡིན་པའི་ཕྱིར་རོ། །གཟུགས་བརྙན་ལ་སོགས་པ་ཡང་དངོས་པོར་ཉིད་དུ་རུང་བ་མ་ཡིན་ཏེ། འདི་ལྟར་བཞིན་ཉིད་མེ་ལོང་གི་ནང་དུ་ཞུགས་པའམ། གཟུགས་བརྙན་གཞན་ཞིག་དེར་བྱུང་པའམ། མེ་ལོང་ལ་མིག་གི་འོད་གྲེང་ནས་བཞིན་ཉིད་མཐོང་པ་འམ། རྣམ ་པར་ཤེས་པ་ཉིད་ཡིན་ནོ་ཞེས་བྱ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་གཟུགས་གཞན་ཞིག་དེར་འབྱུང་བ་ནི་མ་ཡིན་ཏེ། ལུས་ཅན་རྣམས་ཐོགས་པ་དང་བཅས་པའི་ཕྱིར་ཡུལ་གཅིག་པ་མི་རིགས་པའི་ཕྱིར་རོ། །མེ་ལོང་ལ་གྲེང་པའི་འོད་ཀྱིས ་བཞིན་མཐོང་བ་ཡང་མ་ཡིན་ཏེ། འདི་ལྟར་བཞིན་ཁ་ཤར་དུ་བལྟས་པ་བཞིན་དུ་གཟུགས་བརྙན་ནུབ་ཏུ་བལྟས་པར་སྣང་བ་དང། བཞིན་ཆེན་པོ་གཟུགས་བརྙན་ཆུང་ངུར་སྣང་བ་དང། ཆུ་འགྲམ་ལ་སོགས་པའི་ལྗོན་ཤིང་གྱེན་དུ་རྩེ་མོ་བལྟས་པར་སྣང་བ་ལ་སོགས་པས ་རྣམ་པར་མི་མཐུན་པར་སྣང་བའི་ཕྱིར་རོ། །རང་གི་བཞིན་ཉིད་ཞུགས་པ་ཡང་མ་ཡིན་ཏེ། གོང་དུ་ཐལ་བའི་སྐྱོན་ཐམས་ཅད་ཡོད་པའི་ཕྱིར་རོ། །གཟུགས་བརྙན་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཤེས་པ་ཉིད་ཀྱང་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཡུལ་ན་མི ་གནས་པའི་ཕྱིར་རོ། །འདིའི་སྤྲོས་པ་དང་བཅས་པའི་སྦྱོར་བ་ནི་དབུ་མའི་བསྟན་བཅོས་སུ་བལྟ་བར་བྱའོ། །དེ་ལྟར་ངོ་བོ་ཉིད་མེད་དེ་སེམས་ཀྱི་སྣང་བ་ཙམ་ཉིད་དུ་བསྟན་པ་འདིས་ཆོས་ལ་བདག་མེད་པ་ཉིད་དུ་འཇུག་པར་འགྱུར་ཏེ། དེ་སྐད་དུ་ཡང་དབྱིག་གཉེན་གྱི་ཞལ ་ནས་རྣམ་པར་རིག་པ་ཙམ་ཉིད་གཟུགས་ལ་སོགས་པའི་ཆོས་སུ་སྣང་བར་འབྱུང་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་གང་ཡང་མེད་པར་རིག་ནས་འཇུག་གོ་།གལ་ཏེ་ཆོས་རྣམས་ཐམས་ཅད་དུ་མེད་ན་རྣམ་པར་རིག་པ་ཙམ་དུ་ཇི་ལྟར ་བཞག་ཅེ་ན། ཆོས་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་གྱི། གང་བྱིས་པ་རྣམས་ཀྱིས་ཆོས་རྣམས་ཀྱི་རང་བཞིན་ཀུན་བརྟགས་པའི་བདག་ཉིད་དེས་དེ་དག་བདག་མེད་ཀྱི། སངས་རྒྱས་རྣམས་ཀྱི་ཡུལ་གང་ཡིན་པ་བརྗོད་དུ་མེད་པའི་བདག་ཉིད་གྱིས་ནི་མེད་པ་མ་ཡིན་ནོ། །དོན ་འདི་གསང་བ་འདུས་པའི་རྒྱུད་ལས་ཀྱང་གསུངས་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་དང་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བ ་དང། ལང་ཀར་གཤེགས་པ་ལས་ཀྱང། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་དུ་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་ལྟར་སྣང་བར་ཡང་དག་འབྱུང་ཞེས་བྱ་བ་དང། ཏཏྟ་སང་གྲ་ལས་ཀྱང་རིགས་ཀྱི་བུ་རང་གི་སེམས་དེ་ནི་རང་བཞིན ་གྱིས་རྣམ་པར་དག་ཅིང་འོད་གསལ་བ་ཡིན་ཏེ། དེ་ལ་ཇི་ལྟ་ཇི་ལྟར་བརྟགས་པ་དེ་ལྟ་དེ་ལྟར་འགྱུར་ཏེ། དཔེར་ན་སྣམ་བུ་དཀར་པོ་ལ་ཚོན་གྱིས་ཁ་བསྒྱུར་བ་བཞིན་ནོ་ཞེས་གསུངས་སོ། །ཤིན་ཏུ་སྤྲོས་པས་ཆོག་སྟེ། ད་ནི་གཉུག་མ་ཉིད་བརྗོད་པར་བྱའོ། །ཡུལ་རྣམས་མ ་ལུས་བསྟེན་བྱེད་པ་ཞེས་བྱ་བ་ནི་རྣམ་པ་དེས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། དེ་ཉིད་གཅིག་ཏུ་ངེས་པའི་དཀའ་ཐུབ་བོ། །འདའ་དཀའ་བ་ནི་འདིར་གཅིག་ཏུ་འདའ་བར་བྱ་བ་མ་ཡིན་པའོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་ཐམས་ཅད ་ནི་ལུས་ལ་སོགས་པའི་ལས་རྣམས་ཏེ། ལས་དེ་དག་ལ་ཤེས་རབ་ཅེས་བྱ་བ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བས་སྦྱར་བ་སྟེ་རྣམ་པར་དཔྱད་དེ་བྱ་བའོ། །དེ་ཡང་སྟོང་པའི་གནས་སུ་སྦྱར་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་སྟོང་པ་ཉིད་དུ་སྦྱར་བ་སྟེ་ཡེ ་ཤེས་ཀྱིས་བསྒོམ་པར་བྱའོ། །བདག་གཞན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ལ་གཟུགས་ཞེས་བྱ་བ་ནི་དངོས་པོ་རྣམས་སོ། །ཤེས་རབ་ནི་སྟོང་པ་ཉིད་དེ་མཚུངས་པ་ནི་གསལ་བའི ་ཡིན་ལ། དེར་རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱར་ཏེ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དོག་མེད་ནི་འཇིགས་པ་མེད་པའོ། །སྤྱོད་པ་ནི་རྣམ་པར་བཞག་པའོ། །ཀུན་སྤྱོད་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། བདག་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ ་པར་བཞག་པ་ཉིད་དཀའ་ཐུབ་བོ། །ཤེས་རབ་ཐབས་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་སེམས་ཏེ། དེ་མ་གཏོགས་པ་ནི་རྣམ་པ་གཞན་དུ་སེམས་གཡོ་བའོ། །དེས་པ་ནི་དཀའ་ཐུབ་ཅེས་བྱ་བ་དེང་སྟེར་བ་ཞེས་བྱ་བ་གཉིས་ཀ་དང་སྦྱར་རོ། །བྱང་ཆུབ་ཆེན ་པོ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། མཆོག་ཏུ་ཟག་པ་མེད་པའི་བདེ་བའོ། །སྟེར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ངེས་པའི་དཀའ་ཐུབ་དེ་ངེས་པར་སྟེར་བའོ། །བྱང་ཆུབ་དེ་ཡང་བརྩོན་འགྲུས་ཀྱིས་འཐོབ་པར་བསྟན ་པའི་ཕྱིར། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པ་ཡིན་ལ། དེས་དངོས་པོ་རྣམས་ཀྱི་རྗེས་སུ་འགྲོ་ཞིང་འཇུག་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་ནི ་དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་སྟེ། མངོན་པར་བརྩོན་པ་ནི་བྱང་ཆུབ་ཏུ་འབད་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །འབྱུང་བ་ནི་ཡང་དག་པའི་མཛའ་སྟེ། དོན་དམ་པའི་རང་བཞིན་ཞེས་བྱ་བའི་བར་དུའོ། །ཅི་ཞིག་ཅེ་ན། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ་བ་ལ། ཤེས་རབ་ཀྱི་ནི་སྟོང་པ་ཉིད་དོ། །ཕ་རོལ་ནི་མཛའ་སྟེ། རང་བཞིན་མེད་པའི་མཛའ་དར་ཕྱིན་པ་ནི་སོན་པའོ། །ཡང་ན་ཕ་རོལ་གྱི་སྒྲས་ནི་སྙོམས་པར་འཇུག་པར་བརྗོད་པར་བྱ་ལ། དེ་ཉིད་ནི་ཤེས་རབ་ཅེས་བྱ་བའི ་དོན་ཏོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་བྱས་ཤིང་བྱུང་བས་ན་འདུས་བྱས་ཏེ་ཕུང་པོ་ལ་སོགས་པའོ། །ཚུལ་ནི་དེའི་རྣམ་པའོ། །རྣམ་པར་མི་རྟོག་སེམས་ཀྱི་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་སེམས ་གང་རྣམས་ཀྱི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མེ་ལོང་ལྟ་བུར་རབ་ཤེས་པ་ཞེས་བྱ་བ་ལ། རབ་ཤེས་ནི་ཤེས་རབ་སྟེ། མེ་ལོང་ནི་མེ་ལོང་ཅན་ནོ། །ལྟ་བུ་ནི་འདྲ་བ་སྟེ། འདི་ལྟར་འདུས་བྱས་ཀྱི་ཚུལ་རྣམས་ཤེས་རབ་ཀྱིས་རྣམ་པར་དཔྱད་ན། གསལ ་ཞིང་རོ་གཅིག་པར་འགྱུར་ཏེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མེད་པ་ཉིད་དོ། །དེས་འདི་སྐད་དུ་ཤེས་རབ་ཀྱི་ཚུལ་གང་གིས་འདུས་བྱས་ཀྱི་ཚུལ་དེ་དང་དེ་གང་ཡིན་པ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་ཤེས་རབ་བསྟན་པ་ཡིན་ཞེས ་བྱ་བ་ལ། ཤེས་རབ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་བློའོ། །བསྟན་པ་ནི་འདུས་བྱས་ཀྱི་ཚུལ་རྣམས་སམ། ཐབས་ཡིན་པར་བལྟ་བར་བྱ་སྟེ། བློ་དེས་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ན་ཐབས་རྣམས་ཀྱིས་ཀྱང་དོན་ཇི་ལྟ་བ་བཞིན ་དུ་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་བློ་དང་ལྡན་པའི་སྒྲུབ་པ་པོ་ཐམས་ཅད་བསྒྲུབ་པར་ནུས་སོ་ཞེས་བྱ་བར་དགོངས་སོ། །ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པར་རྟོགས་པ་འདི་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་གློག་དང་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ལ། གློག་དང་ཆུ་བུར་ཞེས་བྱ་བ་འདིས་ནི་མི་རྟག་པ་ཉིད་བསྟན་པས་སྟོང་པ་ཉིད་ལ་འཇུག་པ་སྟོན་པ་ཡིན་ལ། ལྷག་མས་ནི་དངོས་སུ་སྟོན་ཏོ། །སྨིན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་གཞིར་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པའོ། །སྒྱུ་མ་ཞེས་བྱ་བ་ནི་སྦྱོར་པ ་ལས་བྱུང་མི་བསྐྱེས་དང་གླང་པོ་ཆེ་དང་རྟ་ལ་སོགས་པ་སྟེ། དེ་དག་རྣམ་པ་དུ་མར་སྣང་ཡང་དོན་དམ་པར་ཡོད་པ་མ་ཡིན་པའོ། །མཚུངས་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཅི་ཞིག་ཅེ་ན། འདུས་བྱས་ཀྱི་ཚུལ་རྣམས་སོ། །འདི་དག་གི་དོན་ནི་སྔར་བསྟན་མོད་ཀྱི། འདི་ལྟར ་ཡང་རྒྱུ་དང་འབྲས་བུ་དགག་པར་མཛད་པ་ཡིན་ཏེ། འདུས་བྱས་ཀྱི་ཚུལ་རྣམས་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་དང་བྲལ་ཞིང་རྒྱུ་དང་རྐྱེན་ལ་བརྟེན་ཏེ་སྐྱེས་པའི་མཚན་ཉིད་མེད་པ་ཞེས་བྱ་བའི་བར་དུའོ། ཤེས་རབ་ཅེས་བྱ་བ་ནི་ཐོས་པ་ལ་སོགས་པའི་བདག་ཉིད་ཅན་གྱི་ཤེས ་རབ་སྟེ། རབ་ཀྱི་སྒྲས་ནི་རབ་ཏུ་རྣམ་པར་འབྱེད་པའོ། །བརྟེན་པ་ནི་དེ་ལ་ཉེ་བར་བརྟེན་པའོ། །དེ་ནི་གཙོ་བོ་ཡིན་པར་བརྗོད་ཅེས་བྱ་བ་ལ། འགྲོ་བ་དེ་ལྟར་གང་གིས་མཐོང་བ་དེ་ནི་དོན་ཇི་ལྟ་བ་བཞིན་དུ་ཤེས་པས་བསལ་བར་བྱས་པས་ནས་གཙོ་བོའོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར ་བསྡུ་བ་གསུངས་པ་ཡིན་ཏེ། གང་དཱུང་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་དག་སྟེ། དེ་དག་གང་ལའང་མངོན་པར་ཞེན་པ་མེད་ཅིང་གནས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅི་སྟེ་འདི་དག་རང་བཞིན་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས ་བ་ལ་ཡང་དག་འབྱུང་མོད་ཀྱི་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུར་འབྱུང་བ་སྟེ། མོད་ཀྱི་ཞེས་བྱ་བ་ནི་སྒྲས་མི་མཐུན་པའི་རྐྱེན་དོན་དམ་པར་མེད་མོད་ཀྱི་སྒྱུ་མ་ལྟ་བུར་བྱ་བ་བྱེད་པ་བསྟན་པ་ཡིན་ནོ། །ལོངས་སྤྱོད་ཁྱད་པར་སྐྱེ་འགྱུར་ཞེས་བྱ་བ་ལ་ལས་དང་ཉོན ་མོངས་པ་ལས་འཕགས་པས་ཁྱད་འཕགས་ཏེ། དེ་སེམས་ཅན་རྣམས་ཡང་དག་པའི་སྤྱོད་པ་ནི་ལོངས་སྤྱོད་དོ། །སྐྱེ་འགྱུར་ཞེས་བྱ་བའི་ཚིག་གི་ཕྲད་ནི། དེ་འདིའི་ཡིན་ནོ་ཞེས་མཐར་ཐུག་པའི་དོན་ཏོ། །ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། བདེ་བ་ཞེས་བྱ་བ་ལ་སོགས་པ་ལ། བདེ ་བ་ཆེན་པོའི་ཚུལ་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་དེས་འགྲོ་བ་ཐམས་ཅད་མགྲོན་དུ་གཉེར་བ་དེ་ནི་ཡོངས་སུ་འགྱུར་བཞིན་པའོ། །ཅི་ཞིག་ཅེ་ན། འབྲས་བུ་ཁྱད་འཕགས་ཏེ། བདེ་བ་ཆེན་པོའི་ཚུལ་གྱི་བདག་ཉིད་དོ། །དེ་དག་གིས་ནི་འདི་སྐད་དུ་ཕུང་པོ་ལ་སོགས ་པ་འདི་དག་དོན་དམ་པར་སྙིང་པོ་མེད་པ་ལས་བདག་དང་གཞན་གྱི་དོན་གྱི་འབྲས་བུའི་སྙིང་པོ་ཆུ་ཤིང་ལྟར་འཐོབ་པར་འགྱུར་བ་ཅིའི་ཕྱིར་ན། འདོད་པར་མི་བྱ་སྟེ། འདོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལོངས་སྤྱོད་ཁྱད་འཕགས་ཞེས་བྱ་བ་ནི་འདུས་བྱས་རྣམས ་སོ། །སྐྱེ་འགྱུར་བ་ནི་རྗེས་སུ་མཐུན་པར་སྐྱེ་བ་སྟེ། འབྲས་བུའི་ཁྱད་པར་རྣམས་སོ། །ཁྱད་པར་ནི་ཁྱད་པར་དུ་བྱ་བ་སྟེ་བྱེ་བྲག་གོ་།ཇི་ལྟར་ཞེ་ན། བདེ་བ་ཡོངས་སུ་གྱུར་བཞིན་ཞེས་བྱ་བ་ལ། འདི་ལྟར་ཡོངས་སུ་མ་དག་པའི་ཕུང་པོ་ལས་ནི་སྡུག་བསྔལ ་གྱི་ཕུང་པོ་འབྱུང་སྟེ། འཁོར་བ་སྡུག་བསྔལ་ཕུང་པོ་སྟེ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་བདག་མེད་པས་ཡོངས་སུ་སྦྱངས་པའི་ལྷའི་གཟུགས་ཀྱིས་ནི་བདག་དང་གཞན་གྱིས་དོན་ནུས་པའི་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེ་བར་བལྟ་སྟེ། དཔེར་ན་སྐྱུར ་རྩིའི་ཤིང་འོ་མས་གཅུ་བ་ལ་སོགས་པ་བྱས་ན་འབྲས་བུ་མངར་པོ་ཉིད་དུ་སྐྱེ་བ་ལྟར། མངོན་པར་འདུ་བྱ་བའི་ཁྱད་པར་གྱིས་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་མེད་པ་དེ་ཉིད་བསྟན་པའི་ཕྱིར། བརྟན་གཡོའི ་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒོམ་པ་ཁྱད་པར་ཅན་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། འདི་སྙམ་དུ་གཟུང་བ་ལ་སོགས་པར་མངོན་པར་ཞེན་པས་ནི་སྡུག་བསྔལ་འདི་སྒྲུབ་ལ། དེ་ཉིད་བདག་མེད་པར་སྦྱངས་པས་ནི་ཁྱད་པར་ཅན་གྱི་འབྲས་བུ་བདེ ་བ་ཆེན་པོ་སྐྱེ་བར་འགྱུར་བ་ལ་ཉེས་པ་ཅི་ཞིག་ཡོང་སྙམ་དུ་དགོངས་སོ། །ཡིད་འོང་ནི་ཡིད་ཀྱི་བདེ་བ་ཡིན་ལ་བདེ་བ་ནི་ལུས་ཀྱི་བདེ་བའོ། །རྒྱུ་ནི་ཡུལ་རྣམས་ཏེ། བསྒྲུབས་པ་ནི་བདག་མེད་པའི་ལྷའི་རྣམ་པས་སྤྱད་པ་བྱས་པའོ། །འབྲས་བུ་ནི་བླ་ན་མེད་པའི་བདེ་བ་ཆེན་པོ་སྟེ། ་དོན་དུ་གཉེར་བ་ནི་རྒྱུར་ཉེ་བར་འགྲོ་བའོ། །ལྷ་མོ་ནི་བོད་པའོ། །དེ་བས་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་བསྡུ་བ་བསྟན་ཏེ། འགྲོ་བ་ཐམས་ཅད་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གང་ཡིན་པ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དེ་ནི་ཀུན་ཏུ་འགྲོ་བ ་སྟེ། མཆོད་པ་ནི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱིས་མངོན་དུ་བྱའོ། །དེས་ན་བདེ་བས་བདེ་བ་སྒྲུབ་པར་འགྱུར་རོ། །དེ་མ་གཏོགས་པར་བདེ་བ་ཉིད་མེད་པར་བསྟན་པའི་ཕྱིར་དཀའ་ཐུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀའ་ཐུབ་ནི་མེ་ལྔ་བསྟེན་པ་ལ་སོགས ་པའོ། །སྡོམ་པ་ནི་ཁ་ཟས་སྡོམ་པའོ། །མི་ཟད་པ་ནི་རིའི་ཁ་ནས་མཆོད་པ་ལ་སོགས་པའོ། །ལུས་བསྐམས་པ་ནི་ལུས་ཀྱིས་སྡུག་བསྔལ་ལོ། །སྡུག་བསྔལ་ནི་ཡིད་ཀྱི་སྡུག་བསྔལ་ཏེ། དངོས་གྲུབ་གཞན་དུ་གྱུར་པ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་གྱི་དངོས་གྲུབ་ལས ་ཉམས་པའོ། །རྗེས་སུ་འགྲོ་བའི་སྒོ་ནས་གསུངས་པ། ལུས་དང་སེམས་ནི་བརྟན་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བདེ་བས་བརྟན་པར་བྱས་ན་བདེ་བའི་འབྲས་བུ་མངོན་པར་འདོད་པ་བརྟན་པ་ཉིད་དུ་འགྱུར་རོ། །ལྡོག་པ་གསུངས་པ། སྡུག་བསྔལ་གྱིས་ནི་ཞེས ་བྱ་བ་ལ་སོགས་པ་ལ། གཡོས་པ་ནི་བརྩམས་པའི་དོན་ལ་ཉམས་པའོ། །དེ་ཡང་ཅི་ཞིག་ཅེ་ན། ཤིན་ཏུ་འགོག་པ་སྟེ་འགོག་པའི་འབྲས་བུར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །གཞན་དུས་མིན་འཆི་བ་བཞེས་བྱ་བ་ལ། ཐབས་མ་ཡིན་པས་འབྲས་བུ་དོན་དུ་གཉེར ་པས་གང་གི་ཚེ་མ་གྲུབ་པ་དེའི་ཚེ་དམ་པའི་ཆོས་ལ་བརྙས་པས་དུ་མ་ཡིན་པར་སྲོག་ཟད་པར་འགྱུར་ཏེ། དམྱལ་བར་བསྲེག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་པ་ནི་གདོན་མི་ཟ་བའོ། །མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས ་པས་ནི་སྟོན་པ་པོས་རིམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་དམ་པ་ནི་རྗོད་པར་བྱེད་པ་དང། བརྗོད་པར་བྱ་བའི་བདག་ཉིད་ཆོས་དང་གང་ཟག་ལ་བདག་མེད་པའོ། །སྣང་བ་ནི་ངེས་ཤིང ་གཏན་ལ་ཕབ་པའོ། །ཡུལ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། དེར་འཇུག་པ་ནི་རབ་ཏུ་འཇུག་པའོ། །དེའི་ཡེ་ཤེས་ནི་རྟོག་པ་སྟེ། རིམ་པར་ཕྱེ་བ་ནི་བརྗོད་པར་བྱ་བའི་དོན་དེ་དག་སྟོན་པའི་གཞུང་གི་ཚིག་ཚོགས་ཡིན་ལ་དེ་ཉིད་དང་པོའོ། །རྒྱུད་ཀྱི ་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ་ལས། ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་འོག་ཏུའོ། །བཙུན་མོ་རྣམས ་ཀྱིས་གསོལ་ཏོ་ཞེས་བྱ་བ་ལ། ཤིན་ཏུ་ཡང་ངོ་མཆོད་པའི་ཕྱིར་འབྱུང་བར་བྱ་བ་མ་ཡིན་པའི་དོན་བཙུན་མོ་ཉིད་ཀྱིས་ཞུ་བར་བྱའི། གཞན་གྱིས་ནི་མ་ཡིན་པས་སོ། །མཆོད་པ་ནི་ཕྱི་དང་གསང་པའི་མཆོད་པས་མཉེས་པར་བྱས་པའོ། །ཕྱག་བྱ་བ་ནི་དེའི ་འོག་ཏུ་སེམས་ཀྱིས་ཁྱད་པར་ཅན་དུ་འཛིན་པ་དང། ལུས་ཀྱིས་ལངས་ཏེ་ཡན་ལག་ལྔ་ས་ལ་འདུད་པ་དང། འདུད་དོ་ཞེས་ངག་ཏུ་བརྗོད་པའི་སྒོ་ནས་སོ། །གསོལ་ཏོ་ཞེས་བྱ་བ་ནི་ལན་ཚའི་སྒྲ་ལ་སོགས་པ་ལྟར་དོན་དུ་མ་དང་འབྲེལ་བའི་ཕྱིར་མང་པོའི་ཚིག་ཏུ ་བལྟ་བར་བྱའོ། །ལྷག་མ་ནི་གོ་སླའོ། །གདུག་པ་རྣམས་ཞེས་བྱ་བ་ནི་ལུས་ལ་སོགས་པ་སུན་འབྱིན་པར་བྱེད་པས་ན་གདུག་པ་སྟེ། དེ་རྣམས་སོ་སོར་འཇོམས་པར་བྱེད་པའི་སྙིང་པོ་དེ་ནི་གདུག་པ་ཅན་གྱི་སྙིང་པོ་སྟེ། ཧེ་རུ་ཀའི་སྔགས་སོ། །འདུལ་བ་ལ ་སོགས་པའི་ཚིག་གསུམ་གྱིས་ནི་བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་གསུམ་འཇོམས་པ་དང་སྦྱར་རོ། །ལྷུང་བ་ཞེས་བྱ་བ་ནི་འདིར་རང་གིས་གཏན་ལ་ཕབ་སྟེ་སྦྱར་ཞིང་བཙུད་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་འོག་ཏུའོ། །དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཞེས་བྱ་བ་ནི་རྣམ་པར་བསྒྱུར་བ་མེད་པའོ། །གླུ་བླངས་ཏེ་ཞེས་བྱ་བ་ནི་གླུའི་དོན་གྱི་སྔགས་གཟུང་བར་བྱའོ། །དེ་ལ་རེ་ཞིག་དང་པོར་གོ་ཆའི་སྔགས་གསུངས་པ། དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ ་ལ། རྣམ་པ་བ་སྣང་མཛད་ནི་ཡི་གེ་ཨོཾ་མོ། །དེར་ནི་སྡེ་ཚན་རྣམས་ཀྱི་མཛའ་ཞེས་བྱ་བ་ལ། དེར་ཏེ་དེའི་འོག་ཏུ་སྡེ་ཚན་རྣམས་ཏེ། ཡི་གེ་ཐམས་ཅད་ཀྱི་མཛའ་ཏེ་ཧ་གཟུང་བར་བྱའོ། །ཏ་དང་པོའི་དྷ་བྷའི་མཛའ་ཞེས་བྱ་བ་ལ། ཏའི་སྟེ་ཚན་དང་པོའི་སྡེ་ཚན་གྱི་ཡི་གེ ་བཞི་པ་བྷ་དང་བྷའི་མཛའ་སྟེ་ན་དང་མ་བཟུང་བའོ། །སའི་མཛའ་ཞེས་བྱ་བ་ནི་ཡི་གེ་ཧའོ། །དབྱངས་ཀྱི་གསུམ་པ་ནི་ཡི་གེ་ཨི་སྟེ་དེས་སྟེང་དུ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ། །སའི་མཛའ་ཞེས་བྱ་བ་ནི་ས་ཉིད་མཛའ་སྟེ། ལྕེ་རྩ་ཅན་ལ་སོགས་པའི་སའི ་རིགས་གསུམ་གྱི་མཛའ་མ་ཡིན་པའི་ཕྱིར་རོ། །ལ་སའི་དབུས་ཀྱི་སྟན་བཞུགས་པ་ཞེས་བྱ་བ་ལ། ས་ནི་འདིར་ཤ་སྟེ་རིགས་གཅིག་པ་ཉིད་དང། ཨ་བ་བྷྲཾ་ཤས་བསྟན་པའི་ཕྱིར་རོ། །དེས་ན་ཤ་དང་ལའི་དབུས་ན་གནས་པ་ཡི་གེ་ཝའོ། །དེ་ཡང་ཁྱད་པར ་ཅི་འདྲ་ཞེ་ན། མདའ་གཉིས་ཀྱིས་ནི་རྣམ་པར་སྦྱངས་ཞེས་བྱ་བ་ལ། མདའ་དང་ས་ར་ནི་དོར་ཐབས་ཀྱིས་རྣམ་གྲངས་ཡིན་ལ། ས་ནི་ཤ་སྟེ་རིགས་གཅིག་པ་དང། ཨ་བ་བྷྲཾ་ཤས་བསྟན་པའི་ཕྱིར་རོ། །དེ་ཡང་ཝ་ཕྱི་ནས་ས་ར་འགྱུར་ཏེ། དེ་ལྟར་ན་དབྱངས ་གང་ཡིན་པ་དེ་མདའི་སྒྲས་བསྟན་ཏོ། །སྦྱང་བ་ནི་དེ་དང་སྦྱར་བའོ། །འདིས་སྭཱ་ཞེས་བསྟན་པར་འགྱུར་རོ། ། སྟན་གནས་པའི་ས་མཛའ་ཞེས་བྱ་བས་ནི་ཧ་གཟུང་བར་བྱའོ། །སླར་ཡང་ས་མཛའ་མདའ་ལྔ་བསྟན་ཞེས་བྱ་བ་ལ། མདའ་ལྔ་ནི་སྔར་བསྟན་པའི་ཚུལ་གྱིས་དབྱངས ་ཀྱི་ལྔ་པ་ཨུ་ལ་བྱའོ། །དེ་དག་གིས་ནི་ཧཱུཾ་ཞེས་བསྟན་པར་འགྱུར་རོ། །ལ་སའི་དབུས་གནས་ས་བོན་ནི་ཝའོ། །མདའ་བཅུ་ནི་ཨཽའོ། །སྦྱངས་བ་ནི་སྟེང་དུ་བརྒྱན་པ་སྟེ། དེས་ན་ཝཽ་ཞེས་བྱ་བར་འགྱུར་རོ། །ས་དང་ས་དབུས་གནས་ལ་ཞེས ་བྱ་བ་ལ། ཤའི་གནས་སུ་ས་བསྟན་པ་ནི་སྔར་བཤད་པ་བཞིན་དུ་སྟེ་དེས་ན་ཤ་དང་སའི་དབུ་མ་ཥའོ། །ཞལ་གསུམ་གྱིས་ནི་བརྒྱན་པ་དང་ཞེས་བྱ་བ་ལ། ཞལ་གསུམ་པ་ནི་མདུན་དང་ལོགས་དང་རྒྱབ་སྟེ་གསུམ་ཡིན་ལ། འདིར་གསུམ་རྒྱབ་ཀྱི་ཞལ ་གྱིས་ཊ་གཟུང་ང། །རླུང་གི་ཕྱོགས་གནས་ས་བོན་ནི་ཧ་སྟེ། སྔགས་བཏུ་བ་ལས་རླུང་གི་མཚམས་སུ་བཀོད་པའི་ཕྱིར་རོ། །རུ་ཏྲ་ནི་དབྱངས་ཡིག་བཅུ་གཅིག་པ་ཨེ་སྟེ་དེས་ན་ཧེ་ཞེས་བྱ་བར་འགྱུར་རོ། །ཧཱུཾ་ཧཱུཾ་ཧ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དབྱངས ་ཀྱི་དགུ་པ་ནི་ཨོ་སྟེ། །དགང་པ་ནི་དེས་སྟེང་དུ་བརྒྱན་པར་བྱ་བ་ཡིན་ལ། དེས་ན་ཧོ་ཞེས་འགྱུར་རོ། །ཕཊ་ཅེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །ལྷག་མ་ཧའི་རྐང་པ་དགང་ཞེས་བྱ་བ་ལ། ཧཾ་ཉིད་ལྷག་མ་སྟེ། ཡི་གེ་རྣམས་ཀྱི་ལྷག་མ་ཡིན་པའི་ཕྱིར་རོ། ། ་དེ་ཉིད་རྐང་པ་ཡང་ཡིན་ལ་ལྷག་མ་ཡང་ཡིན་ཏེ། དེ་ཐིག་ལེས་དགང་བར་བྱའོ། །དེ་རྣམས་ཀྱིས་ལྷ་འདི་དག་བསྐྱེད་པར་བྱ་སྟེ། ཨོཾ་ཧ་ཞེས་བྱ་བས་སྙིང་ཁར་རྡོ་རྗེ་སེམས་དཔའ་ན་མ(རྒྱུད་འགྲེལ་བས་ཁང་པདྨ་གར་གྱི་དབང་ཕྱུག། བཽ་ཥཌ་ཧེ་ཞེས་པས་ཕྲག་པ་གཉིས་སུ་ཧེ་རུ་ཀ་།ཧཱུཾ་ཧཱུཾ་ཧོ་ཞེས་པས་མིག་གཉིས་སུ་རྡོ་རྗེ་ཉི་མ། ཕཊ་ཧཾ་ཞེས་པས་ཡན་ལག་ཐམས་ཅད་ཀྱི་མཚོན་ཆར་རྟ་མཆོག་གོ་།དེ་ལ་འདས་པའི་དུས་སུ་ནི་ཨོཾ་ཧ་ན་མ(རྒྱུད་འགྲེལ་སྭཱཧཱ་ཧུ། བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་སྭཱཧཱ་ཞེས་གདོན་པར་བྱ་སྟེ། སྭཱཧཱ་ཞེས་པ་ནི་མན་ངག་ལས་ཤེས་པར་བྱའོ། །ལྔ་པའི་དབུས་གནས་དེ་ཉིད་དེ་ཞེས་བྱ་བའི་སྡེ་ཚན་ལྔ་པའི་དབུས་མ་གཟུང་བར་བྱའོ། །ཧ་ཛོ་ཞེས་པ་ལ། ཧ་ནི་མཚོན་པར་བྱ་བ་ཉིད ་མཚོན་པར་བརྗོད་པའོ། །ཡོ་ཞེས་བྱ་བའི་གནས་སུ་རྫོ་ཞེས་པ་བསྟན་པ་ནི་སྔར་བཤད་པ་ལྟར་སྐད་ཀྱི་དབྱིངས་གཅིག་པ་དང། ཨ་བ་བྷྲཾ་ཤས་བསྟན་པའི་ཕྱིར་ཏེ། འདིར་དོན་གྱིས་ན་ཡོ་གཟུང་བ་ཡིན་ལ། དེ་ཡང་ཧ་ནི་ཧ་ར་ཤ་སྟེ་རངས་བའོ། །གང་ལ་ཞེ་ན ་དེ་ལ་ཏེ། ཡོ་ཞེས་བྱ་བ་རླུང་གི་ས་བོན་དུ་གྱུར་པ་ལའོ། །ཡང་ན་ཛོ་ཞེས་བྱ་བ་མན་ངག་གིས་ན་ཡོ་ཞེས་མཚོན་པར་བྱེད་པའོ། །ར་བསྟན་ལ་གནས་ས་ཡི་མཛའ་། ཨི་ཞེས་བྱ་བའི་མདའ་སྦྱར་ཞེས་བྱ་བས་ནི་སྔར་བསྟན་པ་ལྟར་བསྒྲུབ་པར་བྱ་སྟེ། ཧྲི་ཞེས ་བྱ་བར་འགྱུར་རོ། །སླར་ཡང་བྷ་ཞེས་བྱ་བའི་མཛའ་ཞེས་པ་ནི་མའོ། །མདའ་ནི་སར་པས་ཡོངས་སུ་སྦྱང་ཞེས་བྱ་བ་ལ། མདའ་ནི་སྔར་བསྟན་པ་ལྟར་དབྱངས་ལ་བྱ་ལ། སར་པ་ནི་འདིར་དགུ་པ་ལ་བྱ་སྟེ། མན་ངག་གིས་མི་མངོན་པའི་ཕྱིར་རོ། །དེས་ནི་མོ་ཞེས ་འགྱུར་རོ། །ས་མཛའ་དེ་ནི་ར་ཡིག་ཞེ་ན། ཨེ་ཞེས་བྱ་བ་རྣ་བའི་རྒྱན་ཞེས་པས་ནི་ཧྲེ་ཞེས་བྱ་བར་འགྱུར་རོ། །ི་དབྱངས་ཞེས་བྱ་བ་ལ་སོགས་པས་ནི་ཧྲི་ཞེས་བྱ་བར་འགྱུར་རོ། །སླར་ཡང་ཞེས་བྱ་བ་ལ་སོགས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །དེ་ཉིད། ་མགོན་པོ་ཞེས་བྱ་བ་ནི་ཡང་ཧཱུཾ་ཉིད་དོ། །རིན་ཆེན་མཛའ་མ་ཕཊ་ཀྱིས་བརྒྱན་ཞེས་བྱ་བ་ལ། གསལ་པར་བྱེད་པའི་ཕྱིར་རིན་པོ་ཆེ་སྟེ་ཕཊ་ལ་བྱ་ལ། དེའི་མཛའ་མར་ཕཊ་སྦྱར་བར་བྱའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། སྣ་ཚོགས་ཀྱི་ཞེས་བྱ་བ་ནི། ་ཐིག་ལེ་རྗེས་སུ་འགྲོ་བའི་དཔྱར་མ་ཡིན་པའི་ཕྱིར་རོ། །ཚིག་རྣམས་ཀུན་ལ་དགང་ཞེས་བྱ་བ་ནི་ཚིག་སོ་སོ་ཀུན་ལ་ཨོཾ་དང་ཐིག་ལེས་བརྒྱན་པར་བྱའོ། །དེ་ལ་ཨོཾ་བཾ་གྱིས་ནི་ལྟེ་བར་རྡོ་རྗེ་ཕག་མོའོ། །ོཾ་ཧཾ་ཡོཾ་གིས་ནི་སྙིང་གར་གཤིན་རྗེ་མའོ། །ོཾ་ཧྲཱིཾ ་མོཾ་གིས་ནི་ཁར་རྨོངས་བྱེད་མའོ། །ོཾ་ཧྲོ་ཧཱུཾ་གིས་ནི་སྤྱི་བོར་བསྐྱོད་བྱེད་མའོ། །ོཾ་ཧཱུཾ་ཧཱུཾ་གིས་ནི་སྤྱི་གཙུག་ཏུ་སྐྲག་བྱེད་མའོ། །ོཾ་ཕཊ་ཕཊ་ཀྱིས་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆར་གཏུམ་མོའོ། །བཟླས་པ་ལ་ནི། ཨོཾ་བཾ་ཧཾ་མོཾ་ཏིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ ་ཕཊ་སྭཱཧཱ་ཞེས་གདོན་པར་བྱའོ། །དཔའ་བོ་དྲུག་དང་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་དྲུག་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ནི་ཕག་མོ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དྲ་བ་ནི་སྤྲུལ་པ་སྟེ། དེ་དག་སྡོམ་ཞིང ་སྡུད་པས་ན། སྟོན་པ་པོ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་ལ་གནས་པས་ནི། དཔའ་བོ་དྲུག་གི་གོ་ཆའི་སྔགས་བཟླས་པར་བྱས་ལ། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་ལ་གནས་ཏེ། ་བཟླས་པ་བསྟན་པའི་ཕྱིར་སྣ་ཚོགས་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རླུང་དང་མོ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་དེའི་སྟེང་དུ་སྣ་ཚོགས་པདྨ་དང། སྣ་ཚོགས་རྡོ་རྗེ་ལ་རྡོ་རྗེ་རབ་དང་དྲ་བའི་ནང་དུ་ཆོས་ཀྱི་འབྱུང ་གནས་དེར་སྣ་ཚོགས་པདྨ་དང་རྡོ་རྗེའི་སྟེང་དུ་རྣམ་པར་སྣང་མཛད་ལས་བྱུང་བའི་ཁང་པར་བརྩེགས་པར་སྣ་ཚོགས་པདྨའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་དང། ཨཱ་ལི་ཀཱ་ལི་སྦྱོར་བ་ལ་སོགས་པས་འོག ་ནས་བྱུང་བ་ལྟར་བསྒྲུབ་པར་བྱའོ། །སྣ་ཚོགས་པདྨའི་ཉི་དཀྱིལ་ལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་རྡོ་རྗེ་ར་བ་དང་དྲ་བ་བསྟན་པར་འགྱུར་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡང་སྣ་ཚོགས་པདྨ་དང་རྡོ་རྗེ་བསྒོམ་མོ ་ཞེས་ཟུར་གྱིས་སྟོན་ཏོ། །འོ་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །འོད་ཟེར་སྣ་ཚོགས་འབར་བ་ལས། མཁའ་འགྲོ་མ་ཡི་འཁོར་སྤྲོ་བ་ཞེས་བྱ་བ་ནི་ས་བོན་གྱི་དེ་ཉིད་ལས་མཁའ་འགྲོ་མ་གཟུགས་སྣ་ཚོགས་སྤྲོ་བའོ། །ཞལ་གཅིག་ཕྱག ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཁང་བུ་བརྩེགས་པའི་ནང་དུ་སྒྲུབ་ཐབས་ཀྱི་རིམ་པས་རིམ་པ་ལྟར་ཡི་གེ་ཧྲཱི:ལས་བསྐྱེད་པའི་རྡོ་རྗེ་ཕག་མོ་བསྒོམ་པར་བསྟན་ཏེ། འདིས་ནི་ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟ་ཨུཏཔ་ད་ཡ ་མི། ཨོཾ་ཏིཥྛ་བཛྲེ་ཨཱཏྨ་ཀོ་ཧཾ། ཨོཾ་ཡ་ཐ་སརྦ་ཏ་ཐ་ག་ཏ་སྟ་ཐཱ་ཨ་ཧཾ། ཞེས་བྱ་བའི་སྔགས་ལྔའི་དོན་མངོན་པར་བྱང་ཆུབ་པ་ལྔ་སྟོན་པ་ཡིན་ནོ། །མདུང་གི་དབྱིབས་ཅན་ཞེས་བྱ་བ་ནི་ཕྱེད་ཀྲུང་བཅས་པས་གནས་པའི་ཕྱིར་རོ། །འཇིགས་པ་དག་ཀྱང ་འཇིགས་པར་མཛད་ཅེས་བྱ་བ་ལ། འཇིགས་པ་ནི་བདེ་བ་ལ་སོགས་པ་ཡིན་ལ། དེ་དག་ཀྱང་འཇིགས་པར་མཛད་པ་སྟེ། ཕྱག་ན་གྲི་དང་ཐོད་པ་བསྣམས་པར་བསྒོམ་མོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་མན་ངག་གིས་ན་འོག་ནས་འབྱུང ་པའི་རབ་ཏུ་གཏུམ་མོ་ལ་སོགས་པ་སྟེ། དེ་དག་དཔའ་བོ་དང་བྲལ་བར་དཀྱིལ་འཁོར་བའི་ལྷར་གཟུང་བར་བྱའོ། །ཡན་ལག་ལ་དགོད་པ་ལ་སོགས་པ་ཆོ་ག་རྫོགས་པ་ནི་ལྟ་འོག་ཏུ་བལྟ་བར་བྱའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར ་པ། །རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲགས། །ཞེས་བྱ་བས་ནི་རྡོ་རྗེ་ཕག་མོའི་བསྒོམ་པ་པོས་རྡོ་རྗེ་མཁའ་འགྲོ་ལྟ་བུར་བལྟའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་མཁའ་འགྲོའི་སྔགས་གསུངས་པ། སྔོན་བསགས་ཞེས་བྱ་བ་ལ་སོགས་པ་ལ། སྔོན་ཉིད་ཡི་གེ་ཀ་སྟེ། མཛའ་ ་ནི་དེ་ལ་མཐར་རོ། །མ་གཉིས་དང་ཨར་སྦྱར་བ་ནི་བརྩི་བ་མེད་པས་ཏེ། ལུང་གི་དོན་ཏོ། །མཛའ་དེར་ཅི་ཞིག་ཅེ་ན། མེ་དང་བཅས་པ་ཞེས་པ་སྟེ། མེ་ནི་རའོ། །དེས་ན་ཀ་ར་ཞེས་འགྱུར་རོ། །ལན་གཉིས་བཟླས་ཞེས་བྱ་བས་ནི་འདས་མ་ཐག་པའི་སྔགས་གཉིས་སུ ་བཟླས་པའོ། །དེས་ནི་སྔགས་ཀྱི་ཚིག་ཏུ་འགྱུར་རོ། །ཐ་མལ་པའི་ཚིག་གི་དོན་བརྗོད་པར་བྱ་སྟེ། སྔོན་པས་ནཱ་ལས་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་སོ། །དེ་ཉིད་མེ་དང་བཅས་པ་སྟེ། མེ་ལྟར་རྣམ་པར་སྨིན་པ་རྩུབ་པའི་ཕྱིར་རོ། །དེ་མཐར ་བྱེད་པ་ནི་མཐར་བྱའོ། །ལན་གཉིས་ཞེས་བྱ་བ་ནི་བྱ་བའི་ཚིག་ཡིན་ཏེ། ཡང་དང་ཡང་དུའོ། །བཟླ་ཞེས་བྱ་བ་ནི་བྱོས་ཤིག་བྱོས་ཤིག་པ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རྫོགས་པར་བྱས་ལ། དེ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་ལས་ལ་གནས ་ནས་སྔོན་གྱི་ལས་ལ་མཐར་བྱ་བ་བྱོས་ཤིག་པ་སྟེ། སྨད་པར་མི་བྱ་བའི་དོན་ཏོ། །ཡང་ན་འདིར་བྱོས་ཤིག་བྱོས་ཤིག་ཅེས་སྦྱར་བར་མི་བྱ་སྟེ། སྔོན་བསྔགས་པའི་ལས་དེ་མི་མཐུན་པའི་ཕྱོགས་ཙམ་ཞིག་ཏུ་བསྟན་པར་བྱའོ། །ཀུ་རུ་ཀུ་རུ ་སེམས་དཔའ་བྲལ་ཞེས་བྱ་བ་ལ་ཀུ་རུ་ཀུ་རུ་ཞེས་བྱ་བ་ནི་སྔགས་ཀུ་རུ་བཟླས་པ་སྟེ། སྔགས་ཀྱི་ཚིག་དེའི་དོན་གྱིས་ཤིག་པའོ། །ཅི་ཞིག་ཅེ་ན། སེམས་དཔའ་སྟེ་གཟུང་བ་ལ་སོགས་པའི་བློ་དང་བྲལ་བར་གྱིས་ཤིག་པའོ། །ཚིག་གི་དོན་བརྗོད་པར་བྱ་སྟེ། དེ ་ལ་སེམས་དཔའ་ནི་བོད་པའོ། །བྲལ་བ་ནི་དབྱེ་བའོ། །ཀུ་རུ་ནི་བྱོས་ཤིག་པ་སྟེ། ལས་ངན་པ་ཐམས་ཅད་ཀྱི་རྩ་བ་ཆགས་པ་དང་བྲལ་བ་བྱོས་ཤིག་པའོ། །རལ་པ་གྱ་གྱུ་བན་དྷ་གསལ་ཞེས་བྱ་བ་ལ། བན་དྷ་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་སྟེ། དེའི་དོན ་ནི་བཅིངས་པའོ། །ཅི་ཞིག་ཅེ་ན། རལ་པ་གྱ་གྱུ་སྟེ་སྒྲའི་ཚོགས་བསམ་གྱིས་མི་ཁྱབ་པའི་རྩེ་མོ་ལི་ཞིང་འབྱིལ་པ་དང། གསལ་བ་སྟེ་མཐོན་པོར་བཅིངས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྟོད་པའོ། །ཡང་ན་རང་པ་གསལ་བ་ནི་བོད་པའོ། །གྱ་གྱུ་ནི ་གྱ་གྱུ་ཅན་སྡང་བ་རྣམས་ཆིངས་ཤིག་པའོ། །སླར་བཟླས་པ་ནི་ལན་གཉིས་སུ་བཟླས་པ་སྟེ། དེས་ན་བན་དྷ་བན་དྷ་ཞེས་བྱ་བར་འགྱུར་རོ། །ཅིག་ཤོས་བརྗོད་པར་བྱ་སྟེ། རལ་པ་གྱ་གྱུ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་རྣམས་སོ། །དོན་དམ་པར་རང་བཞིན ་མེད་བཞིན་དུ་ཀུན་རྫོབ་ཏུ་དུ་མར་སྣང་བས་ན་གྱ་གྱུ་སྟེ། བསྟན་པར་བྱའོ། །བཅིངས་པ་ནི་གཅིག་ཏུ་བྱ་བ་སྟེ། དོན་དམ་པར་བདག་མེད་པའི་འཁོར་ལོས་དེ་དག་བསྡུས་ཏེ། སྟོན་པ་པོ་ཉིད་བསྟན་པའོ། །དེ་ལྟར་ན་རལ་པ་གྱ་གྱུ་བཅིངས་ཞེས་བྱ་བ་དམན་པའི་ཚིག་གིས ་དོན་ཐབས་ཀྱིས་བསྟོད་པ་ཡིན་ནོ། །གསལ་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བའི་དོན་ཏེ། ཇི་ལྟར་རལ་པ་སྤྱི་བོའི་སྟེང་ན་གནས་པ་ལྟར་སངས་རྒྱས་རྣམས་གུས་པ་དང་བཅས་པས་སྤྱི་བོས་བླངས་ཏེ། བསྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སླར་བཟླས་པ་ནི་ཡང ་དང་ཡང་དུ་གོམས་པར་བྱའོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཕྱག་དང་ཞལ་ལ་སོགས་པ་མཚན་མ་དང་བཅས་པའི་ཚུལ་གྱིས་བསྒོམས་པས་ནི་འཁོར་བ་ཉིད་དུ་འགྱུར་ཞེ་ན། འདིར་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་དང ་བྲལ་བ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་དང་བྲལ་བས་ངོ་བོ་ཉིད་མེད་པར་བྱའོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། འཇིག་རྟེན་སྐྲག་པ་ཞེས་བྱ་བ་སྟེ། དངོས་པོར་མངོན་པར་ཞེན་པ་རྣམས་ཡིད་ལ་གདུང་ཞིང་སྐྲག་པར་འགྱུར་རོ། །དེ་ལ་ཅི་ཞིག་བྱ་ཞེན་བརྫུན་ཞེས ་བྱ་བ་??་ཏེ། ཚང་མས་དཔྱད་ན་ངོ་བོ་ཉིད་མེད་བཞིན་དུ་ཡང་འཇིག་རྟེན་སྐྲག་པ་སྤང་པའི་ཕྱིར་ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་བཞིན་ཡོད་དེ་ཞེས་བསྟན་པར་བྱའོ། །དེ་ཉིད་ཀྱིས་ན་དམ་པ་དེ་ནི་ལན་གཉིས་བཟླ་ཞེས་གསུངས་སོ། །སྔགས་ཀྱི་ཚིག་གིས་དོན ་???། ???་སྟེ། ཕྱུགས་ལ་བྱ་ལ་ཕྱུགས་དང་འདྲ་བའི་བླུན?་པོ་སྐྲག་པར་གྱིས་ཤིག་པའོ། །ལན་གཉིས་བཟླ་ཞེས་བྱ་བས་ནི་ཏྲཱ་ས་ཡ་ཏྲཱ་ས་ཡ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་སྐྲག་པར་བྱ་ཞེ་ན། གཟུགས་དང ་བྲལ་བ་སྟེ་སྡང་བ་དང་བྲལ་བར་བྱ་བའི་བར་དུའོ། །ཀ་ཥ་ཞེས་བྱ་བ་ལ་སོགས་པ་ལ། ཀ་དང་ཥ་ནི་ཀ་ཥ་སྟེ་ཀྵའོ། །དེ་ཨོ་དང་ལྡན་པས་ཀྵོ་ཞེས་བྱ་བར་འགྱུར་རོ། །འདིར་ཨ་ནི་ཐམས་ཅད་ཀྱི་ཁོད་ན་གནས་པར་བལྟའོ། །དེ་ཡང་ཅི་འདྲ་ཞེ་ན། བྷ་ཡ་སྦྱར་ཞེས ་བྱ་བ་སྟེ། བྷ་ཡ་དང་སྦྱར་བས་ཀྵོ་བྷ་ཡ་ཞེས་བྱ་བར་འགྱུར་རོ། །གློན་གནས་ཞེས་བྱ་བ་ནི་ཀྵོ་བྷ་ཡ་ཞེས་བྱ་བའི་སྒྲ་གཉིས་པ་དེའི་རྩར་བཞག་པ་སྟེ། འདིར་སྡང་པའི་ཕུང་པོ་ལ་སོགས་པ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཞེས་བྱ་བས་དཀྲུགས་པར་བསྟན་ཏོ། །ཚིག་གིས ་དོན་བརྗོད་པར་བྱ་སྟེ། ཀ་ཥ་ཞེས་བྱ་བ་ནི་བདར་ལ་བྱ་སྟེ་བདར་ལྟོ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དོན་དམ་པའི་བདེན་པ་བདར་བ་སྟེ། རྣམ་པར་དཔྱད་པར་བྱ་བའོ། །ོ་ཞེས་བྱ་བའི་སྒྲ་དང་ལྡན་ཞེས་བྱ་བ་ལ། ཇི་ལྟར་ཡི་གེ་ཨོ ་ཆ་གཉིས་ཡིན་པ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་ཆ་གཉིས་ཡིན་ལ། སྒྲ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་སྟེ། དེ་ཉིད་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། བྷ་ཡ་ཞེས་སྦྱང་ཅེས་བྱ་བ་ལ་སོགས ་པ་ལ། བྷ་ཡ་ནི་བྷ་ག་སྟེ་ཤེས་རབ་པོ། །གློ་ན་གནས་པ་ནི་མཚུངས་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །འདི་ལྟར་བདར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལ་གསེར་ལྟ་བུའི་དོན་དམ་པའི་བདེན་པ་བདར་བ་ལྟར་རྣམ་པར་དཔྱད་ན། རྡོ་ལ་གསེར་གྱི་རི་མོ་ཆགས་པ་ལྟར ་བདེན་པ་གཉིས་མཚུངས་ཤིང་དབྱེར་མེད་པར་འགྱུར་རོ། །ཡང་ན་ཀ་ཥ་ཞེས་པ་བདར་བ་ནི་ཚད་མ་ལ་བྱ་སྟེ། ཚད་མས་རྣམ་པར་དཔྱད་ཅིང་བདར་ན་གསར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་རི་མོ་ལྟ་བུའི་དོན་དམ་པའི་བདེན་པར་ཟད་ཅིང་མཐར་གཏུགས་པར ་འགྱུར་རོ། །དེ་ཡང་ཚད་མ་འབའ་ཞིག་གིས་མ་ཡིན་པར་བསྟན་པའི་ཕྱིར། ཨོ་སྒྲ་ལྡན་ཞེས་གསུངས་ཏེ། ཨོ་ཞེས་བྱ་བ་ནི་དད་པས་འཇུག?་པའོ། །སྒྲ་ཞེས་བྱ་བ་ནི་ལུང་ངོ། །ལྡན་པ་ནི་དེ་རིགས་པས་དཔྱད་པ་སྟེ། འདིར་ལུང་དང་རིགས་པས་དཔྱད་ནས་བླང་གི་དད ་པ་ཙམ་གྱིས་མ་ཡིན་ནོ་ཞེས་པའོ། །བྷ་ཡ་ནི་བྷ་ཡ་སྟེ་སྲིད་པ་ཡིན་ལ་གནས་པས་ཐེའུ་ཁྲིའུ་ཞེས་བྱ་བས་ཟད་པར་འདྲེན་ཏེ། རིགས་པས་རྣམ་པར་དཔྱད་ཅིང་བདར་ན་གཟུང་བ་ལ་སོག་པའི་སྲིད་པའི་ཞགས་པ་ཟད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སའི་མཛའ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཧྲཽ་ཧྲཽཾ་ཞེས་བྱ་བར་འགྱུར་རོ། །འོད་ཅེས་བྱ་བ་ལ་སོགས་པས་ནི་ཧྲ:ཧྲ(རྒྱུད་འགྲེལ་པ་ཡིན་ནོ། །དེ་ལ་ཉི་མ་ནི་རྡོ་རྗེ་སྟེ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་རོ། །དེའི་སྟན་ནི་ཆོས་ཀྱི་འབྱུང་གནས་སོ། །གནས་སུ་གྱུར་པའི་ཕྱིར་རོ། །སའི་མཛའ་ནི་བྱང་ཆུབ་ཀྱི་སེམས་ཏེ། ལུས་ཐམས་ཅད་ལ་ཁྱབ་ཅིང་བསྐྱེད་པའི་ཕྱིར་རོ། །ངེས་ཅི་ཞིག་བྱ་ཞེ ་ན། མདའ་བཅུ་ཞེས་བྱ་བ་ལ་སོགས་པ་ལ། །བཅུ་ནི་དབང་པོ་རྣམས་དང་དོན་རྣམས་སོ། །བན་ནི་ནགས་ཚལ་ཏེ་ཕུང་པོ་རྣམས་སོ། །དུམ་བུ་ནི་རྣམ་པར་དབྱེ་བ་སྟེ་གཅིག་དང་གཉིས་དང་མང་པོའི་བར་དུའོ། །ཐིག་ལེ་ནི་སྟོང་པ་ཉིད་ཀྱི་རི་མོ་སྟེ། དགང་བ་ནི་དབང་པོ་དང། དོན་དང། ་ཕུང་པོ་ལ་སོགས་པ་གཅིག་དང་གཉིས་དང་མང་པོར་ཕྱེ་བ་རྣམས་སྟོང་པ་ཉིད་ཀྱི་རི་མོར་བྲི་བའོ། །འདིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་ཚེ་རྣམ་པར་རྟོག་པའི་རང་བཞིན་ཐམས་ཅད་ནུབ་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྟོགས་པར ་འགྱུར་རོ་ཞེས་སྟོན་ཏོ། །དེ་ལྟར་ཐམས་ཅད་སྟོང་པར་གྱུར་ནས། ཡང་ཇི་ལྟ་བུར་གནས་པར་འགྱུར་ཞེ་ན། དེ་ཡང་སླར་ནི་བརྗོད་པར་བྱ་ཞེས་བྱ་བ་ལ་འདིར་ཀྱང་ནི་བདེ་བའོ། །ཧི་ང་ནི་འཇུག་པ་སྟེ། བདེ་བ་ཉིད་ཀྱི་ལམ་དུ་འཇུག་པ་དེ་ལ་དེ་སྐད་ཅེས་བྱའོ།། ་ཡང་ན་ཀ་ནི་ཀ་མ་ལ་སྟེ་པདྨའོ། །སའི་?་ནི་བྱང་ཆུབ་ཀྱི་སེམས་ཏེ། ཧི་ད་ནི་བསྐྱོད་ཅིང་ཕབ་པའོ། །དེས་ན་ཅི་ཞིག་བྱ་ཞེ་ན། འོད་ཅེས་བྱ་བ་ལ་སོགས་པ་ལ། འོད་བྱེད་ནི་ཁྲག་གོ་།སྦྱངས་པ་ནི་དེ་དང་བཅས་པའོ། །གཤེགས་སུ་གསོལ་བ་ནི་དེ་དང་ལྷན་ཅིག་། ་པདྨར་ཕབ་པའོ། །གློ་ན་གནས་པ་ནི་?་བས་ཚིམ་པར་བྱའོ། །ཉིས་འགྱུར་དུ་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བའོ། །ཟླ་གཞོན་ཞེས་བྱ་བ་ལ་སོགས་པ་ལ་ཕེ་ནི་ཡི་གེ་ཕེའོ། །གསལ་བ་ནི་ཟླ་ཚེས་དང་ཐིག་ལེས་སྟེང་དུ་བརྒྱན་པའོ། །སླར་བཟླས ་པས་ནི་ཕེཾ་ཕེཾ་ཞེས་བྱ་བར་འགྱུར་རོ། །དོན་གཞན་བརྗོད་པར་བྱ་སྟེ། ཕེཾ་ཞེས་བྱ་བས་ནི་འཛིན་པ་མེད་པའོ། །དེ་མེད་ན་དངོས་པོ་འདི་དག་གང་གི་བཟུང་བ་ཡིན་པར་འགྱུར་ཏེ། དེ་ནི་དེ་ལ་བལྟོས་པའི་ཕྱིར་རོ། །ཟླ་གཞོན་ནི་ཟླ་ཚེས་གཉིས་པའོ། །ཐིགས་པ་ནི་སྐར ་མའོ། །གསལ་བ་ནི་གསལ་བར་བྱེད་པ་སྟེ། གཉིས་པོ་དེ་དག་གིས་རང་ཉིད་གསལ་བར་ནུས་ཀྱི་གཞན་ནི་མ་ཡིན་ནོ། །འདི་ལྟར་དེ་དག་ཤར་དུ་ཟིན་ཀྱང་འགྲོ་བ་ཐམས་ཅད་མུན་པ་དང་བཅས་པར་མིག་གིས་མངོན་སུམ་དུ་མཐོང་བའི་ཕྱིར། དེ་དག་གིས་མུན ་པ་གསལ་བར་ནུས་པ་མ་ཡིན་ནོ། །འོ་ན་གང་གི་ཞེ་ན་གསལ་བ་སྟེ། བདག་དང་གཞན་གཉིས་ཀ་གསལ་བའི་ཟླ་བ་ཉ་གང་བ་ལྟ་བུ་འབའ་ཞིག་ཤར་བས་སོ། །དེས་འདི་སྐད་དུ་སྟོང་པའི་རི་མོའི་བདག་མེད་པ་ཟླ་བ་ཚེས་པ་ལྟ ་བུ་འབའ་ཞིག་གིས་ཀྱང་འགྲོ་བའི་དོན་ཇི་ལྟ་བ་བཞིན་དུ་ནུས་པ་མ་ཡིན་ལ། སྐར་མ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལྷའི་སྐུ་འབའ་ཞིག་གིས་ཀྱང་མ་ཡིན་ཏེ། གཞན་དུ་ན་བདེན་པ་གཉིས་གཉིས་སུ་མེད་པའི་སྐུ་ཟླ་བ་ཉ་གང་བ་ལྟ་བུ་འབའ་ཞིག་གིས་སོ་ཞེས་སྟོན་ཏོ། ། ་དེ་ཡང་སླར་ན་བཟླས་པར་བྱ་ཞེས་བྱ་བའི་དོན་ནི་ཇི་ལྟར་ཟླ་བ་ཉ་གང་བ་དང་འགྲོགས་ན་སྐར་མས་ཀྱང་མུན་པ་སེལ་བ་ལྟར་གཉིས་སུ་མེད་པའི་སྐུའི་རྗེས་སུ་འབྲང་བའི་བྱ་བ་ཐམས་ཅད་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཕཊ་ཅེས་བྱ་བ་བསྒྱིངས་ཏེ་བསྒྲགས་ཞེས་བྱ་བ ་ལ། ཕཊ་ནི་མཚོན་བར་བྱ་བ་ཉིད་མཚོན་པའོ། །བསྒྱིངས་པ་ནི་ཁེངས་པ་སྟེ་ཕཊ་ཅེས་བྱ་བའོ། །བསྒྲགས་པ་ནི་སླར་བརྗོད་པ་སྟེ། དེས་ན་ཕཊ་ཕཊ་ཅེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཕཊ་ཅེས་བྱ་བ་ནི་བདག་མེད་པའོ། །བསྒྱིངས་པ་ནི་གྲུབ ་པའི་མཛའ་དེ་ཉིད་ཀྱིས་ངེས་པར་གནས་པའོ། །བརྗོད་པ་ནི་དོན་དེ་གསལ་བར་བྱེད་པའི་སྔགས་བརྗོད་པ་སྟེ། སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་འགྲོའི་སྡོམ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ལ་བདེ་པའོ། །ལྔ་སྡེ་ཞེས་བྱ་བ་ལ། ལྔ་སྡེ་ནི་སྡེ་ཚན་ལྔ་པའོ། །གཉིས་ཞེས་བྱ་བ་ནི་སྡེ་མཚན་ཞེས་བྱ་བ་དང་སྦྱར་ཏེ། དེས་ན་སྡེ་ཚན་གཉིས་པ་ཡི་གེ་ཙའི་སྡེའོ། །སྡེ་གཙོ་ཞེས་བྱ་བ་ནི་སྡེ་ཚན་དེ ་དག་གི་གཙོ་བོ་སྟེ་པ་དང་ཅའོ། །སླར་བཟླས་ཞེས་བྱ་བས་ནི་པ་ཙ་པ་ཙ་ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ལྔ་སྡེ་ནི་དེ་བཞིན་གཤེགས་པ་ལྔའོ། །གཉིས་ནི་སྐུ་དང་གསུང་ངོ། །སྡེ་གཙོ་ནི་ཐུགས་ཏེ་རྡོ་རྗེ་སེམས་དཔའ་ཨོ།། ་བཟླས་པ་ནི་བསྒྲུབ་པ་སྟེ། དེ་དག་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །བྷཀྵ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ནི་བྷཀྵ་བྷཀྵ་བ་ས་སུ་དྷི་རཱནྟ་མཱ། སཱ་པ་ལཾ་བི་ནི། གྲི་ཧྞ་གྲི་ཧྞ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ། སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཞེས་བཟླས་པར་བྱའོ། བས? ་དུ་དྷི་ར་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་ལ་བསྟོད་དེ་བོད་པའོ། །བྷཀྵ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པར་རྟོག་པའི་བདུད་བཟའ་བའོ། །སཔཏ་ཞེས་བྱ་བ་ལ་སོགས་པ་ལ། ས་འོག་རིམ་པ་བདུན་ལ་སོགས་པའི་སྤྲུལ་ལམ་ལྟོ་འཕྱེ་སྟེ་རྣམ་པར་རྟོག་པ་འདི ་དག་ཚར་བཅད་ཅིང་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །པ་ཞེས་བྱ་བ་ནི་བསྡུ་བའོ། ། དང་ཀའི་ཡི་གེ་དང་ཞེས་བྱ་བ་ལ་སོགས་པ་ལ། གསུམ་པ་ནི་སྡེ་ཚན་གསུམ་པའོ། །དེའི་གསུམ་པ་དང་བཞི་པ་ནི་ཡི་གེ་ཌ་དང་ཌཧའོ། །རླུང་ལ་གནས་ཞེས་བྱ་བ་ལ་རླུང་གི་ཡ ་སྟེ། དེ་ལ་དེ་དག་གཉིས་སྦྱར་ཏེ་གནས་པའོ། །གཉིས་སུ་བཟླ་ཞེས་བྱ་བ་ནི་བསྐྱར་ཏེ་བཟླས་པའོ། །དེ་དག་གིས་ནི་ཨཱ་ཀ་ཌ་བྷཡ་ཞེས་བྱ་བར་འགྱུར་རོ། །ཚིག་གི་དོན་བཤད་པར་བྱ་སྟེ། ཨ་ནི་ཨ་ཀཱ་ར་སྟེ་རྣམ་པའི་རང་བཞིན་ནོ། །ཀ་ནི་མིད་པའོ། །ཝརྞ་ནི་སྔགས་པ་སྟེ། ་རྣམ་པ་དག་རོ་གཅིག་པར་མིད་པར་བྱའོ། ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཏུ་ཞེ་ན། གསུམ་པ་ནི་གསུམ་པ་ལ་བྱ་བ་ལ་གསུམ་པ་ནི་ལུས་དང་ངག་དང་ཡིད་དོ། །གསུམ་པ་ནི་སེམས་ཏེ་རྣམ་པར་ཤེས་པའོ། །དེ་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་རྣམ ་གྲངས་ཞེས་གསུངས་པའི་ཕྱིར་རོ། །གཉིས་སུ་བཟླ་ཞེས་བྱ་བ་ལ་གཉིས་ནི་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའོ། བཟླ་བ་ནི་སྐྱོན་མཚུངས་པར་བསྡུད་པ་སྟེ། འདི་ལྟར་རྣམ་པ་དང་བཅས་པའི་ལྟར་ན། རྣམ་པ་རྣམས་དང་རྣམ་པར་ཤེས་པ་དེའི་བདག་ཉིད་དེ ་གཅིག་ཡིན་པས་རྣམ་པར་ཤེས་པ་ཡང་རྣམ་པ་ལྟར་?་པོར་ཐལ་བར་འགྱུར་རོ། །རྣམ་པ་མེད་པའི་ལྟར་ན་ཡང་ཡུལ་དང་ཤེས་པ་ལ་འབྲེལ་བ་མེད་པའི་ཕྱིར་ཡུལ་རྟོགས་པ་མེད་པར་ཐལ་བར་འགྱུར་ཏེ། དོན་དམ་པར་ན་དེའི་བདག་ཉིད་རྣམ་མི ་དད་པས་ཤེས་པར་རུང་གི། གཞན་དུ་ན་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །སེམས་དེ་གཉིས་ཀ་ཡང་ཅི་ཞིག་ཡིན་ཞེ་ན། བཞི་པ་དེ་དག་ནི་ཞེས་བྱ་བ་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་བདག་ཉིད་རང ་བཞིན་གྱིས་འོད་གསལ་བའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། རླུང་ལ་གནས་ཞེས་བྱ་བ་ལ་རླུང་ནི་འདིར་ལུང་དང་རིགས་པའོ། །གནས་པ་ནི་ངེས་པ་སྟེ། དེ་དག་གིས་དེ་གཏན་ལ་ཕབ་པའོ། །དེ་ནི་ཞེས་བྱ་བ་ནི་རྒྱུ་དེས་ན་དེ་འོད་གསལ་བར་གཏན་ལ་ཕབ་པས་ངེས་སོ། ། ་སྦྱར་ཞེས་བྱ་བ་ནི་བདག་མེད་པའི་དོན་དམ་པ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པ་དང་སྦྱར་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འགྱུར་རོ། །དེ་དག་གིས་ནི་འདི་སྐད་དུ་སེམས་རྣམ་པ་དང་སྦྱར་བཅས་ཀྱང་རུང་མེད་ཀྱང་རུང། ལུང་དང་རིགས་པས་འོད ་གསལ་བ་ཉིད་དུ་གཏན་ལ་ཕབ་སྟེ། བདག་མེད་པ་དེ་དང་ལྷའི་སྐུ་ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་མེད་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །སའི་མཛའ་ཞེས་བྱ་བ་ལ་སོགས་པས་ནི། ཧྲིཾ་ཧྲིཾ་ཞེས་བྱ་བར་འགྱུར་རོ། །དོན་གཞན་བརྡད་པར་བྱ་སྟེ། འདི་ལ་འགྲོ་བ ་ཐམས་ཅད་ལ་ཁྱབ་པར་བྱེད་པས་ན་ས་ཝ་ར་སྟེ་ཧེ་རུ་ཀའོ། །ཉི་མར་གནས་པ་ནི་ཉི་མའི་གདན་ལ་བཞུགས་པའོ། །ཝརྞ་ནི་རིགས་ཏེ་རིགས་པ་ནི་ཆར་གྱི་བདག་ཉིད་ལའོ། །དགང་པ་ནི་བསྒྲགས་པའོ། །ཟླར་བཤད་པ་ནི་བདག་ཉིད་ཐབས་ཀྱི་རང་བཞིན་དུ་གྱུར ་པས་ཤེས་རབ་ཀྱི་ཆ་དང་སྦྱར་བའོ། །ལྔ་སྡེ་མཛའ་ཨི་ཞེས་བྱ་བ་ལ་སོགས་པ་ལ་ལྔ་སྡེ་མཛའ་ནི་མའོ། །དེའི་སྟན་ལ་གནས་པར་ཀ་དང་ཥ་གཉིས་བཞག་པའོ། །གཉིས་སུ་བཟླ་ཞེས་བྱ་བ་ནི་ལན་གཉིས་སུ་བརྗོད་པ་སྟེ། ཀྵྨཾ་ཀྵྨཾ་ཞེས་བྱ་བར་འགྱུར་རོ། །གཞན ་བརྗོད་པར་བྱ་སྟེ། ཀཾ་ནི་བདེ་བའོ། །ཤ་ནི་དེའི་རང་བཞིན་ཉམས་སུ་མྱོང་བ་སྟེ། བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཇི་ལྟར་རྙེད་པར་འགྱུར་ཞེ་ན། ལྔ་སྡེ་ཞེས་བྱ་བ་ལ་སོགས་པ་ལྔ་ནི་སྤྲོས་པ་ཡིན་ལ། སྡེ་ནི་གཟུང་བ་དང ་འཛིན་པའོ། །མཛའ་ནི་ཟད་པ་སྟེ་སྤྲོས་པ་མེད་པའི་མཐར་གཏུགས་པའོ། །དེ་ཡང་ཇི་སྐད་དུ་སྤྲོས་པ་སྤྲོས་པ་མེད་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །དེ་ཅི་ཞིག་ལ་གནས་ཞེ་ན། སྟན་ཞེས་བྱ་བ་ལ། འདི་ལ་བདེ་པ་ཡོད་པས་ན་སྟན་ཏེ། བྱང་ཆུབ་ཀྱི་སེམས་སོ། །བཞུགས ་པ་ནི་གནས་པ་སྟེ། ལྷན་ཅིག་སྐྱེས་པའི་ཚུལ་དུའོ། །དེ་ཉིད་སྟན་པའི་ཕྱིར་ཨ་དད་ཐིག་ལེར་ལྡན་ཞེས་བྱ་བ་གསུངས་ཏེ། ཨ་ནི་རྣམ་པའོ། །ཐིག་ལི་ནི་སྟོང་པ་ཉིད་དོ། །ལྡན་པ་ནི་འགལ་བ་སྤངས་ཏེ་རོ་གཅིག་ཏུ་གནས་པའོ། །དེ་ནི་གཉིས་སུ་བཟླ་ཞེས་བྱ་བ ་ནི་ཡིད་ཀྱི་རྣམ་པར་རྟོགས་པ་ཙམ་གྱིས་ཀྱང་བཟླ་བ་སྟེ། འགྲོ་བ་འདི་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ཡིན་ན་མི་ཤེས་པའི་དྲི་མས་བསྒྲིབས་པས་དེ་ཁོ་ན་ཉིད་མ་ཤེས་པར་ཟད་དོ་སྙམ་དུ་དྲན་པར་བྱའོ། །ས་མཛའ་ཞེས་བྱ་བ་ལ་སོགས་པ་ལས་མཛའ་ ་ནི་ཧའོ། །མདའ་ནི་དབྱངས་ཡིག་སྟེ། གཉིས་པ་ནི་ཨཱའོ། །གསུམ་པ་ནི་ཨའིའོ། །ལྔ་པ་ནི་ཨུའོ། །དེ་ཀུན་ནི་ཧའོ། །ཅོད་པན་ནི་སྟེང་དུ་བཞག་པ་སྟེ། གཉིས་སུ་སྒྱུར་བ་ནི་སླར་བཟླས་པའོ། །དེ་དག་གིས་ནི་ཧཱཾ་ཧཱཾ་ཧཱིཾ་ཧཱིཾ་ཧཱུཾ་ཧཱུཾ་ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ ་སྟེ། སའི་མཛའ་ནི་ཧའོ། །ནཱ་ད་གཉིས་ཀྱི་ཚུལ་ཅན་པས་ན་མདའ་གཉིས་ལྡན་པའོ། །དེ་ཉིད་མདའ་གསུམ་དུ་སྦྱར་ཏེ། ཧོ་དང་ཟླ་ཚེས་དང་ཐིག་ལེ་རྣམས་སོ། །དེས་ནི་ཧཾ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི། དེ་ལ་དམིགས་པས་སེམས་སོ་སོར ་རྟགས་པར་འགྱུར་པའོ། །མདའ་ལྔ་ནི་དེ་བཞིན་གཤེགས་པ་ལྔ་སྟེ་དེ་དག་གིས་བདག་ཉིད་ཧའོ། །ཡང་ན་སྔར་ཐར་པའི་ཐབས་དང་ཤེས་རབ་གཉིས་དང་གསུམ་གྱི་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཀུན་ཞེས་བྱ་བ་ནི་ཨོཾ་དང་ཧཱུཾ་སྟེ། ་དེའི་གྲོགས་ཡིན་པའི་ཕྱིར་རོ། །དུམ་བུ་ནི་ཡི་གེ་ཨའོ། །ཐིག་ལེ་ནི་རྗེས་སུ་འགྲོ་པའི་དབྱངས་སོ། །ཅོད་པན་ནི་ཟླ་བ་ཚེས་པའོ། །དེ་དག་གིས་ནི་ཨཾ་ཞེས་བསྟན་པར་འགྱུར་ཏེ། འཁོར་ལོ་བཞི་ལ་གནས་པའོ། །ཀ་ས་ཙ་དང་དྷ་རྣམས་ནི་ཞེས་བྱ་བ་ལ་སོགས ་པ་ལ། ཨི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ལ་སྦྱར་ཏེ། དེ་ལྟར་ན་ཀ་ཨིའི་སྒྲ་ནི་མཆོག་གི་གཟུངས། ས་སིའི་ཨིའི་སྒྲ་ནི་མཆོག་གི་བཟུངས་ཞེས་བྱ་བ་ལ་སོགས་པར་འགྱུར་ཏེ། འདིས་ནི་ཀི་སི་ཙི་དྷི་ཞེས་སྟོན་ཏོ། །སའི?་མཛའ་ ་རེར་སྦྱར་ཞེས་བྱ་བས་ནི། དེ་ཐམས་ཅད་ཀྱི་མཐར་ལི་བརྗོད་པའོ། །དེ་དག་ནི་དེ་ཀུན་ནོ། །ཡང་བསྒྱུར་བ་ནི་ལན་གཉིས་སུ་གདོན་པ་སྟེ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཀཾ་ནི་བདེ ་ས་ཙ་ནི་བཟླུམས་པ་སྟེ་གཉིས་སུ་མེད་པའོ། །དྷི་ནི་བློའོ། །སྒྲ་ནི་དབྱངས་ཏེ། བ་ར་ནི་མཆོག་གོ་།གཟུང་བ་ནི་རང་བཞིན་ཏེ་དེས་ན་གཉིས་སུ་མེད་པའི་བདེ་བ་ལ་སྤྲོད་པ་ན། ཤིན་ཏུ་རྣམ་པར་དག་པའི་བློས་སྒྲའི་མཆོག་འདོན་པ་ལ་དེ་སྐད་ཅེས་བྱའོ། །ུ་སྒྲ ་ཞོན་ཞེས་བྱ་བ་ལ་སོགས་པས་ནི་ཧཱུཾ་ཧཱུཾ་ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཨུ་སྒྲ་ལ་ཞོན་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ། །དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཆའོ། །ཕཊ་ཅེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །བསྒྲུབ་པ་ནི་སྭཱཧཱ་ཞེས་? ་བརྗོད་པའོ། །ཆ་ནི་ཨ་ལ་སོགས་པའོ་།ཆ་མིན་ནི་ཀ་ལ་སོགས་པའི་ཡི་གེའོ། །མང་པོ་ནི་སྔགས་ཀྱི་ཆོགས་རྣམས་སོ། །དེ་ཅི་འདྲ་ཞེ་ན། མེ་ཏོག་ཚོགས་ཀྱི་ཕྲེང་བས་ཟིན་ཞེས་བྱ་བ་ལ། ཇི་ལྟར་མེ་ཏོག་སྣ་ཚོགས་ཕྲེང་བས་རྒྱུས་པ་ལྟར་སྔགས་ཀྱི་ཆགས་དུ? ་བ་སྟེ། འདི་ལྟར་ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བན་དྷ་བན་དྷ་ཏྲཝཱ་ས་ཡ་ཏྭཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲ:ཧྲ:ཕེཾ་ཕེཾ་ཕཊ་ཕཊ་ད་ཧ་ད་ཧ་བ་ཙ་པ་ཙ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ནོ་གྲིཧྣ་གྲིཧྣ་སཔཏ་བཱ་ཏཱ་ལ་ག་ཏ་བྷུ་ཛི་ག་སརྦཾ་བཱ་ཏརྫ་ཡ་ཏ་རྫ་ཡ་ཨཱ་ཀཌཌཧཡ་ཨཱ་ཀཎྜྷཡ་ཧྲི་ཧྲི ་ཛྙཽཾ?་ཛྙཽཾ་ཀྵྨཱཾ་ཀྵྨཱཾ་ཧཾ་ཧཾ་ཧིཾ་ཧིཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི་སི་ལི་སི་ལི་ཧི་ལི་ཧི་ལི་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བྱ་བ་སྟེ། ཇི་སྐད་དུ་ཐོག་མར་ཨོཾ་སྟེ། སྭཱཧཱའི་མཛའ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ལ་སོགས་པ་ལ། ལྷ་མོ་སྒྱུ་མ་ཆེ་ཞེས་བྱ་བ་ནི་བོད་པའོ། །ཐམས་ཅད་ནི་བརྟན་པ་དང ་གཡོ་བའི་འགྲོ་བ་ཀུན་ནོ། །དེ་དག་གི་དངོས་གྲུབ་ནི་དེ་དག་བཅིང་བ་ལ་སོགས་པའི་འཇིག་རྟེན་པ་དང་སངས་རྒྱས་ཉིད་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བོ། །སྟེར་བ་ནི་སྔགས་འདིས་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་དེ་དག་སྒྲུབ་ཅིང་བསྐྱེད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི ་སྔགས་ཀྱི་མཐུ་གསུངས་ཏེ། འཇིག་རྟེན་ཁམས་ཀུན་གཡོས་གྱུར་ཅིར་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་གཞི་པའོ། །སྐྲག་པ་ནི་ཆོས་ཉིད་མནན་ཏུ་བྱས་པའོ། །བྱང་ཆུབ་ཏུ་ནི་མངོན་སངས་རྒྱས་ཞེས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའོ། །ཚིག་གི་དོན་གྱི ་འབྲས་བུའོ། །རི་བོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་འབྲས་བུ་བསྟན་ཏེ། བཏུལ་བ་ལ་སོགས་པའི་ཚིག་གསུམ་ནི་ལུས་ལ་སོགས་པ་གསུམ་དང་སྦྱར་ཏེ། ལྷག་མ་ནི་གོ་སླའོ། །ད་ནི་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྙིང་གར་ཉི་མ་ལ་གནས ་པའི་ཧཱུཾ་གི་འོད་ཟེར་གྱི་བླ་མ་རྗེ་བཙུན་དང་མཁའ་འགྲོ་མའི་ཚོགས་དང་བཅས་པའི་རྡོ་རྗེ་མཁའ་འགྲོ་བལྟ་སྟེ། དེའི་འོད་ལས་བྱུང་བའི་མེ་ཏོག་ལ་སོགས་པ་ནས། བདུད་རྩི་ལྔའི་བར་གྱིས་མཆོད་པས་ཡང་དག་པར་མཆོད་ལ། དེ་དག་གི་སྤྱན་སྔར་སངས་རྒྱས་ཐམས་ཅད་བདག ་ལ་དགོངས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པས་སྡོམ་པ་གཟུང་ནས། ཨོཾ་སྭ་བྷ་བ་ཤུདྡྷ་སརྦ་དྷརྨ:སྭ་བྷ་བ་ཤུདྡྷོཉཧཾ། ཞེས་བརྗོད་ལ་ཆོས་ཐམས་ཅད་བདག་མེད་པར་མོས་ནས། ཨོཾ་བཛྲ་ཤུདྡྷ:སརྦ་དྷརྨ་བཛྲ་ཤུདྡྷོཉཧཾ། ཞེས་བརྗོད་པར་བྱའོ།། ་དེ་ནས་སྣ་ཚོགས་པདྨའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་དེ་ཉིད་ཀྱིས་བྱིན་གྱིས་རླབས་པའི་འོད་ལས་བྱུང་བའི་རྡོ་རྗེ་ར་བ་ལ་སོགས་པ་བསྒོམས་ལ། དེར་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར། དེའི་སྟེང་དུ ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་ལ་རི་རྒྱལ་ལྷུན་པོ་བལྟས་ལ། དེར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པར་སྣ་ཚོགས་པདྨ་དང། རྡོ་རྗེའི་ལྟེ་པ་ལ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་བྱུང་བའི་ཁང་བུ་བརྩེགས་པ ་གྲུ་བཞི་ལ་སོགས་པའི་མཚན་ཉིད་ཅན་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་བའི་པདྨ་རིམ་པ་གསུམ་ལ་ཉི་མའི་གདན་སུམ་ཅུ་རྩ་བདུན་གྱིས་མནན་པ་བསྒོམས་ཏེ། དེའི་དབུས་ཀྱི་གདན་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཨ་ལ་སོགས་པ་དང། ལ ་སོགས་པ་ཞུགས་པའི་ཟླ་བའི་དཀྱིལ་འཁོར་གཉིས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་དེ་ཉིས་ཀྱིས་བྱིན་གྱིས་བརླབས་པ་དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོར་བསྒོམ་པར་བྱ་སྟེ། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་བྱ་བ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔ་ཡི་སྔགས ་དང་སྦྱར་རོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅེ་ན། སྐུ་མདོག་སྔོན་པོ་མཆེ་བ་ཡིད་ཙམ་གཙིགས་ཤིང་ཁྲོ་བ་དང་བཅས་པ་སྔོན་པོ་དང། དཀར་པོ་དང། སེར་པོ་དང། དམར་པོའི་མདོག་ཅན་གྱི་རྩ་བ་དང། གཡས་དང། རྒྱབ་དང། གཡོན་གྱི་ཞལ་ཤི་དང་ལྡན་པ་འབར་བའི་རྡོ་རྗེ་དང ་གཤོལ་དང། མདའ་དང། ཁ་ཊཝཱཾ་ག་དང་ཐོད་པ་དང། གཞུ་རྣམས་བསྣམས་པའི་ཕྱག་དྲུག་གིས་བརྒྱན་ཅིང་ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན་སྐྲ་ཁམ་པ་གྱེན་དུ་འབར་བ་སྤྱན་གསུམ་པ་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་གཡས་བརྐྱང་གིས་གནས་པས་མནན་ཏེ་བཞུགས་པ ་ཞལ་བཞིའི་སྨིན་མཚམས་ནས་ཧཱུཾ་བཞིའི་སྔགས་འགྲོ་ཞིང་ཤེས་རབ་སྐུ་མདོག་དམར་མོ་ཕྱག་ན་ཟངས་གྲི་དང་ཐོད་པ་བསྣམས་པ་ལ་དགའ་བས་ཀུན་ཏུ་འཁྱུད་པའོ། །ཤར་གྱི་འདབ་མ་ལ་ལྟུང་བྱེད་མ་མདོག་སྔོ་སེར་ཕྱག་བཞིན་ཐོད་པ་དང། རྡོ་རྗེ་དང་དྲིལ་བུ་དང། ཁ་ཊཝཱཾ་ག་བསྣམས ་པའོ། །བྱང་དུ་གསོད་བྱེད་མ་མདོག་ལྗང་སེར། ཕྱག་བཞིན་རྡེའུ་ཆུང་དང་ཐོད་པ་དང། ཁ་ཊཝཱཾ་ག་དང། ཞགས་པ་བསྣམས་པའོ། །ནུབ་ཏུ་འགུགས་བྱེད་མ་མདོག་དམར་སེར་ཕྱག་བཞིན་མདའ་དང། སྣ་ཚོགས་པདྨ་དང། གཞུ་དང་ཐོད་པ་བསྣམས་པའོ། །ལྷོར་གར་གྱི་དབང་ཕྱུག ་མ་མདོག་དཀར་སེར་ཕྱག་བཞིན་བ་དན་དང། ཐོད་པ་དང། མདུང་རྩེ་གསུམ་དང། རིན་པོ་ཆེ་བསྣམས་པའོ། །དེ་དག་གི་ཐོད་པར་རིམ་བཞིན་དུ་གླང་པོ་ཆེ་དང། ཁྱི་དང་མི་དང་བ་ལང་རྣམས་བལྟ་བར་བྱའོ། །དེ་དག་ཀུན་ཀྱང་ཞལ་གཅིག་སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ ་འབར་ཞིང་རྒྱན་ཐམས་ཅད་པ་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གིས་བཞུགས་ཤིང་ཉི་མའི་འོད་ཅན་ནོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་རྣམས་སུ་བདུད་རྩི་ལྔའི་ཐོད་པར་སངས་རྒྱས་ཀྱི་སྐུ་དང་ལྡན་པའོ། །དེའི་ཕྱི་རོལ་པདྨ་འདབ་མ་བརྒྱད་རྡོ་རྗེ་སྔོན ་པོའི་ཕྲེང་བས་བསྐོར་བ་ནི་ཐུགས་ཀྱི་འཁོར་ལོ་སྟེ། དེའི་ཤར་ཕྱོགས་ཀྱི་རྩིབས་སུ་པུལླི་རི་མ་ལ་ཡར་རབ་ཏུ་གཏུམ་མོ་ལ་ཐོད་པའི་དུམ་བུ་ཅན་གྱིས་འཁྱུད་པའོ། །བྱང་དུ་ཛཱ་ལནདྷར་གཏུམ་པའི་མིག་ཅན་མ་དང་ཀེད་རུས་ཆེན་པོའོ། །ནུབ་ཏུ་ཨོ་ཌི་ཡ་ན་རུ་འོད་ལྡན་མ་དང་གང ་རུས་སོ། །ལྷོར་ཨརྦུ་དར་སྣ་ཆེན་མ་དང་མཆེ་བ་རྣམ་པར་གཙིགས་པའོ། །མེ་མཚམས་སུ་གོ་དཱ་བ་རིར་དཔའ་བོའི་བློ་མ་དང་ལྷའི་དགྲའོ། །བདེན་བྲལ་དུ་རཱ་མེ་ཤྭ་རིང་མིའུ་ཐུང་མ་དང་འོད་དཔག་ཏུ་མེད་པའོ། །རླུང་མཚམས་སུ་དེ་པི་ཀོ་ཊིར་ལང་ཀའི་དབང་ཕྱུག་མ་དང་རྡོ་རྗེའི་འོད་དོ།། ་དབང་ལྡན་དུ་མཱ་ལ་བར་ཤིང་གྲིབ་མ་དང་རྡོ་རྗེའི་ལུས་སོ། །དེའི་ཕྱི་རོལ་པདྨ་དམར་པོའི་ཕྲེང་བས་བསྐོར་བའི་པདྨ་དམར་པོ་ནི་གསུང་གི་འཁོར་ལོ་སྟེ། དེའི་ཤར་ཕྱོགས་ཀཱ་མ་རླུང་ས་སྲུང་མ་དང་མྱུ་གུ་ཅན་ནོ། །བྱང་དུ་ཨོ་དྲེར་འཇིགས་བྱེད་ཆེན་པོ་དང་རྡོ་རྗེ་རལ་པ་ཅན་ནོ།། ་ནུབ་ཏུ་ཏྲི་ཤ་ཀུ་ནེ་ར་རླུང་ཤུཌ་མ་དང་དཔའ་བོ་ཆེན་པོའོ། །ལྷོར་ཀོས་ལང་ཆང་ཐུང་མ་དང་རྡོ་རྗེ་ཧཱུཾ་མཛད་དོ། །མེ་མཚམས་བུ་ཀ་ལི་གར་སྔོ་བསངས་ལྷ་མོ་དང་ཤིན་ཏུ་བཟང་པོའོ། །བདེན་བྲལ་དུ་ལམ་པཱ་ཀར་ཤིན་ཏུ་བཟང་མོ་དང་རྡོ་རྗེ་བཟང་པོའོ། །རླུང་མཚམས་སུ་ཏཱ་ཏྩི? ་ར་རྟ་རྣམ་དང་འཇིགས་བྱེད་ཆེན་པོའོ། །དབང་ལྡན་དུ་ཧི་མཱ་ལ་ཡར་བྱ་གདོང་མ་དང་མིག་མི་བཟང་ངོ། །དེའི་ཕྱི་རོལ་འཁོར་ལོ་དཀར་པོའི་ཕྲེང་བས་བསྐོར་བའི་པདྨ་དཀར་པོ་ནི་སྐུའི་འཁོར་ལོ་སྟེ། དེའི་ཤར་དུ་པྲ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མ་དང་སྟོབས་པོ ་ཆེའོ། །བྱང་དུ་གྲི་ཧ་དེ་བ་ཏཱ་ར་དུམ་སྐྱེས་མ་དང་རིན་ཆེན་རྡོ་རྗེའོ། །ནུབ་ཏུ་སཽ་རཱཥྚར་གླང་སྣ་མ་དང་རྟ་མགྲིན་ནོ། །ལྷོར་གསེར་གླིང་དུ་འཁོར་ལོའི་གོ་ཆམ་དང་ནམ་མཁའ་ཨི་སྙིང་པོའོ། །མེ་མཚམས་སུ་ན་ག་རར་ཤིན་ཏུ་དཔའ་མོ་དང་དཔལ་ཧེ་རུ་ཀའོ། །བདེན་བྲལ་བུ་སིནདྷུར? ་སྟོབས་ཆེན་མ་དང་པདྨ་གར་གྱི་དབང་ཕྱུག་གོ་།རླུང་མཚམས་སུ་མ་རོར་འཁོར་ལོ་སྒྱུར་མ་དང་རྣམ་པར་སྣང་མཛད་དོ། །དབང་ལྡན་དུ་ཀུ་ལུ་ཏཱ་ར་བཙོན་ཆེན་མ་དང་རྡོ་རྗེ་སེམས་དཔའ་ཨོ། །དེ་ལྟར་ཐུགས་དང་གསུང་དང་སྐུའི་འཁོར་ལོ ་སྒྱུར་བའི་ལྷ་མོ་དེ་དག་ནི་ཞལ་གཅིག་པ་ཕྱག་གཉིས་ཀྱིས་ཐོད་པ་དང་ཟངས་གྲི་བསྣམས་ཤིང་སྡིགས་མཛུབ་མཛད་པ། སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་འབར་ཞིང་དྲག་པ་གཅེར་བུའོ། །ཐོད་པའི་དུམ་བུ་ཅན་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ ་གཅིག་པ་རལ་པའི་ཐོར་ཚུགས་དང་དཔའ་བོའི་ངར་ཐོད་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ལྷ་མོ་ལ་འཁྱུད་པ་ཕྱག་གཞན་གཉིས་ཀྱིས་རྡེའུ་ཆུང་དང་ཁ་ཊཝཱཾ་ག་བསྣམས་པའི་གཅེར་བུའོ། །ཡང་དེ་དག་ཐམས་ཅད་མགུལ་དོ་དང། ་གདུ་བུ་དང། དཔུང་རྒྱན་དང། རྣ་ཆ་དང། ཚངས་པའི་སྐུད་པ་དང། མགོ་བོའི་ཕྲེང་བ་དང། རྐང་གདུབ་ཀྱིས་བརྒྱན་ཅིང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པ་ཉི་མའི་འོད་ཅན་ནོ། །ཤར་སྒོར་ནི་གཤིན་རྗེ་བསྟན་མའོ། །བྱང་སྒོར་ནི་གཤིན ་རྗེ་ཕོ་ཉ་མའོ། །ནུབ་སྒོར་ནི་གཤིན་རྗེ་མཆེ་བ་ཅན་ནོ། །ལྷོ་སྒོར་ནི་གཤིན་རྗེ་འཇོམས་མའོ། །མེའི་མཚམས་སུ་ཁྭ་གདོང་མའོ། །བདེན་བྲལ་དུ་འུག་གདོང་མའོ། །རླུང་མཚམས་སུ་ཁྱི་གདོང་མའོ། །དབང་ལྡན་དུ་ཕག་གདོང་མ་སྟེ། དེ་དག་ནི་སྤྱན་གསུམ ་པ་སྐྲ་ཁམ་པ་གྱེན་དུ་འབར་བ་དང་ཁ་དོག་སྔོ་བསངས་ལ་ཕྱག་ན་ཟངས་གྲི་དང་ཐོད་པ་དང་ཁ་ཊཝཱཾ་ག་བསྣམས་ཤིང་སྤྲུལ་གྱི་རྒྱན་ཅན་གཅེར་བུ་ཞལ་མཆེ་བ་རྣམ་པར་གཙིགས་པ་ཐོད་པའི་ཕྲེང་བས་དབུ་བརྒྱན་པ་སྟེ། རྣལ་འབྱོར་མ་ཇི་སྙེད་པ་རྣམས ་ནི་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལ་ལུས་དང། ཚོར་བ་དང། ཆོས་དང། སེམས་དྲན་པ་ཉེ་བར་གཞག་པ་རྣམས་ནི་རིམ་བཞིན་དུ་ལྟུང་བྱེད་མ་དང། གསོང་བྱེད་མ་དང། འགུགས་བྱེད་མ་དང། གར་དབང་མོ་རྣམས་སོ། །འདུན་པ་དང། བརྩོན་འགྲུས་དང། ་དཔྱོད་པ་དང། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རིམ་བཞིན་དུ་རབ་ཏུམ་མ་དང། གཏུམ་མིག་མ་དང། འོད་ལྡན་མ་དང། སྣ་ཆེན་མ་རྣམས་སོ། །དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་དབང་པོ་རྣམས་ནི་རིམ་བཞིན་དུ་དཔའ་ ་བོའི་བློ་མ་དང། མིའུ་ཐུང་མ་དང། ལང་ཀའི་དབང་ཕྱུག་མ་དང། ཤིང་གྲིབ་མ་དང། ས་སྲུངས་མ་རྣམས་སོ། །དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་སྟོབས་ལྔ་ནི་རིམ་བཞིན་དུ་འཇིགས་བྱད་ཆེན་མོ་དང། རླུང་ཤུགས་མ ་དང། ཆང་འཐུང་མ་དང། སྔོ་བསངས་ལྷ་མོ་དང། ཤིན་ཏུ་བཟང་མོ་རྣམས་སོ། །ཏིང་ངེ་འཛིན་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཆོས་རྣམ་པར་འབྱེད་པ་དང། དྲན་པ་དང། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་རིམ ་བཞིན་དུ་རྟ་རྣམ་དང། བྱ་གདོང་མ་དང། འཁོར་ལོ་ཤུགས་མ་དང། དུམ་སྐྱེས་མ་དང། གླང་སྣ་མ་དང། འཁོར་ལོའི་གོ་ཆ་མ་དང། ཤིན་ཏུ་དཔའ་མོ་རྣམས་སོ། །ཡང་དག་པའི་ལྟ་བ་དང། རྟོག་པ་དང། ངག་དང། ལས་ཀྱི་མཛའ་དང། འཚོ་བ་དང། ་རྩོལ་བ་དང། དྲན་པ་དག་ནི་རིམ་བཞིན་དུ་སྟོབས་ཆེན་མ་དང། འཁོར་ལོ་སྒྱུར་མ་དང། བརྩོན་ཆེན་མ་དང། ཁྭ་གདོང་མ་དང། འུག་གདོང་མ་དང། ཁྱི་གདོང་མ་དང། ཕག་གདོང་མ་རྣམས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང། སྐྱེས་པ་རྣམས་བསྲུང་བ་དང། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པ་རྣམས་སྤོང་བ་དང། མི་སྐྱེད་པ་ནི་རིམ་བཞིན་དུ་གཤིན་རྗེ་བརྟན་མ་དང། གཤིན་རྗེ་ཕོ་ཉ་མོ་དང། གཤིན ་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམ་མ་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ལྷའི་རྣམ་པར་དག་པ་བསྟན་པའོ། །པུལླཱི་རི་མ་ལ་ཡ་ནི་སྤྱི་བོ་སྟེ། དེར་རབ་ཏུ་གཏུམ་མོའོ། །ཛཱ་ལནདྷར་སྟེ་སྤྱི་གཙུག་ཏུ་ནི་གཏུམ་གི་མའོ།། ་ཨོ་བྱན་ཏེ་རྣ་བ་གཡས་པར་འོང་ལྡན་མའོ། །ར་བུ་ད་སྟེ་ལྟག་པར་སྣ་ཆེན་མོ་སྟེ་གནས་སོ། །གོ་དཱ་བ་རེ་སྟེ་རྣ་བ་གཡོན་པར་དཔའ་བོའི་བློ་མའོ། རཱ་མེ་ཤྭ་རི་སྟེ་སྨིན་མའི་དབུས་སུ་མིའུ་ཐུང་མའོ། །དི་བི་ཀཊ་སྟེ ་མིག་གཉིས་སུ་ལང་ཀའི་དབང་ཕྱུག་མའོ། །མ་ལཱ་བ་སྟེ་ཕྲག་པ་གཉིས་སུ་ཤིང་གྲིབ་མ་སྟེ་ཉི་བའི་གནས་སོ། དེ་དག་ནི་ཐུགས་ཀྱི་འཁོར་ལོ་མཁའ་ལ་རྒྱུ་བའོ། །ཀཱ་མ་རུ་སྟེ་མཆན་ཁུང་དུ་ས་སྲུངས་མའོ། །ོ་དྲེ་ཏེ་ནུ་མ་གཉིས་སུ་འཇིགས ་བྱེད་ཆེན་མོ་སྟེ་ཞིང་ངོ། །ཏྲི་ཤ་ཀུ་ནེ་སྟེ་ལྟེ་བར་རླུང་ཤུག་མའོ། །ཀོ་ས་ལར་ཏེ་སྣ་རྩེར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ། །ཀ་ལིཾ་ག་སྟེ་ཁར་སྔོ་བསངས་ལྷ་མོའོ། ལཾ་པཱ་ཀ་སྟེ་མགྲིན་པར་ཤིན་ཏུ་བཟང་མོ་སྟེ་རོལ་ས་མའོ། གཉྩི་སྟེ་སྙིང་གར་རྟ ་རྣ་མའོ། གངས་ཅན་ཏེ་ཆུ་སོར་བྱ་གདོང་མ་སྟེ་ཉེ་བའི་རོལ་སའོ། །དེ་དག་ནི་གསུང་གི་འཁོར་ལོ་ས་ལ་རྒྱུ་བའོ། པྲེ་ཏ་པུ་རི་སྟེ་མཚན་ལ་འཁོར་ལོ་ཤུགས་མའོ། །གྲི་ཧ་ངེ་བ་ཏ་སྟེ་བཤང་ལམ་དུ་དུམ་སྐྱེས་མ་སྟེ་འདུན་སའོ། །སཽ་རཱཥྚ་སྟེ ་བརླ་གཉིས་སུ་གླང་སྣ་མའོ། །གསེར་གླིང་སྟེ་བྱིན་པ་གཉིས་སུ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུན་སའོ། །ན་ག་ར་སྟེ་སོར་མོ་རྣམས་ལ་ཤིན་ཏུ་དཔའ་མོའོ། །སིནདུ་སྟེ་རྐང་པའི་བོལ་ལ་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མ་རུ་ཏེ་རྐང་པའི ་མཐེ་བོང་དག་ལ་འཁོར་ལོ་སྒྱུར་མའོ། །ཀུ་ལུ་ཏཱ་སྟེ་པུས་མོ་དག་ལ་བརྩོན་ཆེན་མ་སྟེ། ཉེ་བའི་དུར་ཁྲོད་དོ། །དེ་དག་ནི་སྐུའི་འཁོར་ལོ་ས་འོག་ན་རྒྱུ་བ་སྟེ། འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་འདི་དག་ཐབས་དང་བཅས་པར་སྐད་ཅིག ་ཙམ་གྱིས་རྩི་རྣམས་སུ་བཀོད་པས་ལུས་སྦྱངས་ལ། ཨོཾ་ཨཱ:ཧཱུཾ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གཾ་ནི་ཀཱ་ཡ་བཱ་ཀྩིཏྟ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ཨོཾ་བཛྲ་ཤུདྷ(རྒྱུད་འགྲེལ་འཁོར་ལོ་དགུག་པ་དང། གཞུག་པ་དང། བཅིངས་པ་དང། དབང་དུ་བྱ་བའོ། །དེ་ནས་ཇི་ལྟར་བསྟམས་པ་ཙམ་གྱིས་ཀྱང། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ནི་ཁྲུས་ཀྱིའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བྱ་བ་འདིས་དབང་བསྐུར་བ་བླངས་ལ་སངས་རྒྱས་ལྔའི་དབུ་རྒྱན་བྱས་ཏེ། མཆོད་པ་དང། བསྟོད་པ་དང། བདུད་རྩི་མྱངས་ལ་མཐར་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་གོང་འདོད་པ་ཞིག་བཟླས་ནས ་བསོད་ནམས་ཡོངས་སུ་བསྔོས་ཏེ་ལངས་ལ་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་རྒྱུ་བར་བྱའོ། །དེ་ལ་གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་དམར་ཆེན་ཞེས་བྱ་བ་ནི་པདྨ་སྟེ། འོད་འཕྲོ་བ་དང་བཅས་ཤིང་འདབ་མ་བརྒྱན་པའོ་ཞེས་མན་ངག ་གོ་ཕྱི་རོལ་རི་མོ་ཟླུམ་པོས་བསྐོར་ཞེས་བྱ་བ་ནི་པདྨ་གསུམ་གྱི་ཕྱི་རོལ་རིམ་པ་བཞིན་དུ་རྡོ་རྗེ་དང། པདྨ་དང། འཁོར་ལོའི་ཕྲེང་བས་བསྐོར་བའོ། །མཆེ་བ་ཅུང་ཟད་གཙིགས་ཞེས་བྱ་བ་ལ་སོའི་ཁྱད་པར་གང་རྩེ་མོ་རྣོ་ལ་རིང་བ་དེ་ནི་མཆེ་བ་སྟེ ་གཙིགས་པ་ནི་ཅུང་ཟད་ཕྱིར་བྱུང་བའོ། །ཁྲོ་དང་བཅས་ཤིང་བཞད་པའི་ཞལ་ཞེས་བྱ་བ་ལ། གང་གི་རྩ་བའི་ཞལ་ཅུང་ཟད་ཁྲོ་བས་བཞད་པའི་ཞལ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པ་བཞི་ནི་ལྟུང་བྱེད་མ་ལ་སོགས་པའོ། །ཕྱག་བཞི་ཞེས ་བྱ་བ་ནི་མདའ་དང་གཞུ་བསྣམས་པའི་ཕྱག་གཉིས་མ་གཏོགས་པ་སྟེ། དོན་དམ་པར་ཕྱག་དྲུག་ཡིན་ནོ། །སངས་རྒྱས་གཟུགས་ཀྱིས་ཉེ་བར་བརྒྱན་ཞེས་བྱ་བ་ནི། མཚམས་བཞིན་གནས་པའི་བདུད་རྩི་ལྔས་བཀང་པའི་ཐོད་པར་བཞུགས་པའི་སངས་རྒྱས ་ཀྱི་སྐུས་བརྒྱན་པའོ། །དཔའ་བོ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བའི་རང་བཞིན་ཡིན་པས་ན་སེམས་དཔའ་ཨོ། །རྡོ་རྗེ་མཁའ་འགྲོའི་རང་བཞིན་སྤྲོ་བས་ན་སྔོན་པོ་འབར་བའི་དངོས་སོ། །འོད ་ཀྱི་དཀྱིལ་འཁོར་དམར་པོ་ཅན་ཞེས་བྱ་བ་ནི་ཉི་མའི་འོད་དེ་ཅི་འདྲ་ཞེ་ན། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ་དུར་ཁྲོད་ཀྱི་མི་ནི་འཇིགས་པའི་དུས་ཀྱི་མེ་སྟེ། ཇི་ལྟར་འཇིག་པའི་དུས་སུ་བརྟན་པ་ལ་སོགས་པའི་འགྲོ་བ་ཐམས་ཅད ་སྲེག་པར་བྱེད་པའི་མེ་ལྕེ་གཅིག་པོ་གང་ཡིན་པ་དེ་ནི་འགྲོ་བ་ཐམས་ཅད་བསྲེག་པས་ན་དུར་ཁྲོད་ཀྱི་མེ་སྟེ། དེ་ནམ་མཁའ་ཨི་ངོས་ཐམས་ཅད་དུས་མེ་ལྕེས་ཁྱབ་ཅིང་སྟེང་དུ་འབར་བ་དང་བཅས་པའི་ཕུང་པོ་བཞིན་དུ་བཅོམ་ལྡན་འདས་ཀྱི་འོད་ཀྱང་བལྟ ་བར་བྱའོ། །ཡང་ན་ངེས་འཇིགས་པར་བྱེད་པས་ན་དུར་ཁྲོད་དོ། །དེ་ཉིད་གླར་ཡང་གསུངས་པ། མེ་ལྟར་འབར་བ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རློན་པ་ཞེས་བྱ་བ་ནི་མགོ་བོའི་ཕྲེང་བའོ། །ས་ཕྱོགས་ལ་སོགས་པའི་ངེས་པ་བསྟན་པའི་ཕྱིར། ་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་ཡིད་གང་དུ་དགའ་བ་རྣམས་སོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཡུལ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་ལྡན་པས་སོ། །ཀུན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །བྱ་བའི ་ཁྱད་པར་གསུངས་པ། ཐམས་ཅད་ཅེས་བྱ་བས་ཏེ། གཙང་སྦྲ་འམ། གཙང་སྦྲ་མེད་པའམ། ལྷག་མ་ལ་སྤྱོད་པའང་རུང་སྟེ། རྣམ་པ་ཀུན་གྱིས་སོ། །ཀུན་ཏུ་ཞེས་བྱ་བ་ནི་དུས་ཀྱི་ངེས་པ་མེད་པས་སོ། །བདག་ཉིད་ཅེས་བྱ་བ་ནི་སྒྲུབ་པ་པོ་བདག ་ཉིད་དེ་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །མཁའ་འགྲོ་ཀུན་ཞེས་བྱ་བ་ནི་གོ་སླའོ། །གང་གིས་འགྲུབ་པར་འགྱུར་ཞེ་ན། བསམ་གཏན་བཟླས་པའི་སྦྱོར་བ་ཡིས་སོ། །དུས་བཞི་ཞེས་བྱ་བ་ནི་སྔོན་དུ་གོམས་པར་བྱེད་པའི་དུས ་ཀྱི་ཁྱད་པར་རོ། །གོམས་ཤིང་ཁྱད་པར་དུ་གྱུར་ནས་ནི་དུས་ཀྱི་ངེས་པ་མེད་པར་ཡང་འགྲུབ་པོ་ཞེས་སྦྱར་བར་བྱའོ། །བསམ་གཏན་དང་བཟླས་པ་དེ་ཅི་འདྲ་ཞེ་ན། བདེ་མཆོག་བླ་མ་ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་རྣམས་སྡུད་པས ་ནི་བདེ་མཆོག་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་རོ། །དེ་ཉིད་འཁོར་བ་ལས་སྒྲོལ་བས་ན་བླ་མ་སྟེ། དེ་བསྒོམས་ནས་སོ། །རྡོ་རྗེ་ཆེན་པོ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཏེ་དེ་འབུམ་དུ་བཟླས་པས་སོ། །ཁྲོ་བོའི་རྒྱལ་པོ་མཚུངས ་པར་འགྱུར་ཞེས་བྱ་བ་ལ་ཁྲོ་བོའི་རྒྱལ་པོ་ནི་རྡོ་རྗེ་མཁའ་འགྲོ་སྟེ། དེ་དང་མཚུངས་པའོ། །ཅི་ཞིག་གིས་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འཛིན་པ་ནི་དེ་དང་ལྡན་པ་སྟེ། གྲུབ་པ་དེ་རྣམས་ཀྱི་ཚེ་དང ་མཚུངས་པའོ། །མདོག་ནི་གཟུགས་མཛེས་ཤིང་དང་བའོ། །ན་སོ་ནི་ལང་ཚོའོ། །སྟོབས་ནི་ལུས་ཀྱི་རྩལ་ལོ། །རྩལ་ནི་སེམས་ཀྱིས་སྤྲོ་བའོ། །དངོས་གྲུབ་ཆེན་པོ་ནི་སའི་འོག་ཏུ་འགྲོ་བ་ལ་སོགས་པའི་དངོས་གྲུབ་བོ། །རྫུ་འཕྲུལ་ཆེན་པོ་ནི་ནམ་མཁའ་ ་ལ་འབུར་བ་ལ་སོགས་པའི་མཚན་ཉིད་དོ། །མི་ཟད་འགྲོ་དོན་ཞེས་བྱ་བ་འགྲོ་བའི་དོན་ནི་འགྲོ་བའི་མངོན་པར་འདོད་པའོ། །མི་ཟད་པ་ནི་འཇིག་པར་མི་འགྱུར་བ་སྟེ། གཞན་གྱིས་གཞིག་པར་མི་ནུས་པའོ། །བྱེད་པར་ནི་གྲུབ་པའོ། །མཐུ་ནི་སྔར་བཤད ་པ་དེ་དག་ཐམས་ཅད་དོ། །ཡང་ན་མ་བསྒྲུབས་པར་ཡང་ཞེས་བྱ་བ་ལ་སོགས་པ་ལ། མ་བསྒྲུབས་པར་ཡང་ལས་བརྒྱ་ཐམ་པ་བྱེད་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །མ་བསྒྲུབས་པ་ནི་འཁྲུལ་འཁོར་ལ་སོགས་པའི་སྦྱོར་བ་མེད་པར་ཡང་ངོ།། ་ལན་ཅིག་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བདག་ཉིད་ཀྱི་སྔགས་སོ། །བཟླས་པ་ནི་འབུམ་དུ་བཟླས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ། འདི་ནི་ལས་བརྒྱའོ། །ལྟ་སྟེ་ནི་ཇི་ལྟ་བ་བཞིན་དུ་བསྟན་པའོ། །ངེས་པར་གནོན་པ་ནི་བརླག་པར ་བྱ་བའོ། །ལྟུང་བ་ནི་ས་ལ་བསེལ་བའོ། །བསྐྱོད་པ་ནི་འདར་བའོ། །སྐྲག་པ་ནི་རྔམ་པ་མཐོན་པའོ། །རྒྱ་གདབ་པ་ནི་ཡན་ལག་དང་ཉིང་ལག་རེངས་པའོ། །རྨུགས་པ་ནི་ཤེས་བཞིན་དུ་ཡང་ཁར་མི་ཐོན་པའོ། །རེངས་པ་ནི་མི་གཡོ་བའོ། ་བཟློག་པ་ནི་སེམས་མེད་པ་རྣམས་དྲན་པ་ཐོབ་པའོ། །རྨོངས་པ་ནི་འཁྲུལ་པར་བྱ་བའོ། །བཅིངས་པ་ནི་མཁའ་འགྲོ་མ་ལ་སོགས་པས་བཅིངས་པའོ། །དགས་པ་ནི་རྨ་སྲོལ་གདོད་པའོ། །གཏོར་བ་ནི་གནས་སུ་མི་བྱ་བའོ། །བརླག ་པ་ནི་ཐུར་དུ་དྲང་བའོ། །སྨྱོ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པའི་འཆོལ་བའོ། །གཏུབ་པ་ནི་ཡན་ལག་དང་ཉིང་ལག་བཅད་པའོ། །སྤྱུགས་པ་ནི་ཡུལ་ནས་བསྐྲད་པའོ། །དབྱེ་བ་ནི་མཛའ་བོ་སྡང་བར་བྱའོ། །སྨེག་མེད་པ་ནི་ནོར་དབྲལ་བའོ། །ནོར་དབྲོག་པ་ནི་ནོར་འགུགས ་པའོ། །བསྡུ་བ་ནི་ལས་གང་ཞིག་བྱས་ན་མཆི་མ་འཛག་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ལྐུགས་པ་ནི་བརྗོད་པ་ལས་ཉམས་པའོ། །བཅིང་བ་ནི་བློ་བུར་དུ་ལྕགས་སྒྲོག་ལ་སོགས་པས་བཅིང་བའོ། །བདག་ཉིད་བརྡུང་བ་ཞེས་བྱ་བ་ལ་བདག་ཉིད་ནི་ཡན ་ལག་གོ་།བརྡུང་བ་ནི་བཅད་པ་སྟེ། བློ་བུར་དུ་ཡན་ལག་བཅད་པའོ། །གསོད་དུ་གཞུག་པ་ནི་གཞན་ལ་བསྐོ་བའོ། །ལོང་བར་བྱ་བ་ནི་མིག་དང་བྲལ་བའོ། །ས་བོན་བྲལ་བ་ནི་འབྲས་ཀྱི་སོ་བ་ལ་སོགས་པའོ། །རིམས་ལ་སོགས་པ་ནི་གོ་སླའོ། །ས་གཡོ ་བ་ནི་ས་གས་ཤིང་རྨ་བའོ། །དམྱལ་བར་བཏང་བ་ནི་དམྱལ་བར་བཀྲི་བའོ། །བྱོལ་སོང་གི་མངལ་སྤོ་བ་ནི་མི་ལས་བྱོལ་སོང་དུ་བྱའོ། །སྐྱེས་པ་བུད་མེད་དུ་བྱ་བ་ནི་མཚན་བསྒྱུར་བའོ། །མངལ་ན་གནས་པ་འབྱུང་བ་ལ་སོགས་པ་ནི་གྲགས་པར་ཟད་དོ། ། ་མཚོན་བཅིང་བ་ཞེས་བྱ་བ་ནི་མཚོན་ཆ་ཁ་བདལ་བ་སྟེ། འཆིང་དུ་གཞུག་པ་ཞེས་བྱ་བ་དང། ཡང་སྦྱར་རོ། །བྱས་པ་ཆུད་གཟན་པ་ནི་འབད་པ་འབྲས་བུ་མེད་པར་བྱ་བའོ། །གཅེར་བུ་ནི་གོས་མེད་པར་བྱ་བའོ། །བྷ་ག་དང་བཤད་པའི་ལྕགས་སྒྲོག ་ཅེས་བྱ་བ་ལ། བྷ་ག་ནི་རྡོ་རྗེ་དང་པདྨའོ། །བཤད་པ་ནི་བཤད་པའི་ལམ་སྟེ། དེ་དག་ཕན་ཚུན་སྦྱར་ནས། དབྲལ་དཀའ་བ་ནི་ལྕགས་སྒྲོག་གོ་།བྷ་ག་དང་བཤད་པའི་སྨྲ་བ་དང། རྒོད་དུ་གཞུག་པ་དང། ཁྲག་དང་ཁུ་བ་དབབ་པའི་ནད་དང། གཞོམ ་པ་དང་ཞེས་བྱ་བ་ལ། སྨྲ་བ་དང་རྒོད་དུ་གཞུག་པ་ནི་མཚན་མ་རྡོལ་བའོ། །ཁྲག་དང་ཁུ་བ་དབབ་པ་ནི་ཚབས་ཆེར་འཛག་པ་སྟེ་དེ་ཉིད་ནད་དོ། །གཞོམ་པ་ནི་བྷ་ག་ལ་སོགས་པ་ཡོན་པོར་གྱུར་པའོ། །ཁྲག་ལ་སོགས་པ་ནི་གོ་སླའོ། །མྱ་ངན་ནི་ཡིད་ཀྱི་གདུང་བའོ། །སྡུག་བསྔལ ་ནི་ལུས་ཀྱི་གདུང་བའོ། །བཏགས་པ་ནི་དབྱུག་པ་ལ་སོགས་པས་གདུང་བའོ། །བཅིང་བ་ནི་བརྩོན་རང་གཞུག་པའོ། །དུམ་བུར་བྱ་བ་ནི་རྐང་ལག་བྲེག་པའོ། །ལུས་ཐམས་ཅད་ཕྱེ་མར་བྱ་བ་ནི་གྲེ་མོ་དང་ཁུ་ཚུར་གྱིས་བཏགས་པའོ། །གཟེར་བ་ནི་བློ་བུར་དུ་རྒྱལ་པོ ་ལ་སོགས་པའི་ཆད་པས་བཅད་པའོ། །ཐམས་ཅད་ཆགས་པ་ནི་སྐྱེ་བོ་དགའ་བར་བྱ་བའོ། །དགུག་པ་ནི་དགའ་བའི་འོག་ཏུ་མདུན་དུ་དགུག་པའོ། །གཞུགས་པ་ནི་བཀུག་པའི་འོག་ཏུ་དབང་དུ་བྱ་བའོ། །བསྐྱོད་པ་ནི་གཞན་དུ་བཀྲི་བའོ། །གང་ལ་སོགས་པ་ནི ་གྲགས་པར་ཟད་དོ། །མི་རྣམས་ནི་ལྷག་པར་སྨྲ་བ་དང་བྱོལ་སོང་ལ་སོགས་པ་ལན་དགའ་སྨྲར་གཞུག་པ་ནི་མང་དུ་སྨྲར་གཞུག་པའོ། །ལྟས་ངན་ནི་སྔོན་མེད་པའི་མཚན་མའོ། །བསྟན་པ་ནི་སྣང་བའོ། །ཐོག་པ་ནི་རྙེད་པ་སྟེ། དེ་དག་དབང་དུ་བྱ་བའི་ལས་ལ ་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ། །ལྷ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་ནི་ཡི་དགས་སོ། །མ་མོ་ནི་མ་མོ་བདུན་ནོ། །འདུལ་བྱེད་ནི་འབྱུང་པོའི་གཙོ་བོའོ། །མཆོག་སྦྱིན་ནི་ནོར་སྦྱིན་ནོ། །ཐམས་ཅད་མཁྱེན་པའི་ལས་བྱ་བ་ནི་ལྷ་ལ་སོགས་པ་དེ་དག ་སྣ་ཚོགས་སུ་སྤྲུལ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་དག་པ་ནི་འཁོར་བ་ལ་ཆགས་པ་དང་བྲལ་བ་དང་དབྲལ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་བའི་སྐྱོ་བ་གསལ་བ་ནི་ལམ་ཤེས་པ་ཉིད་ལ་སྦྱར་བའོ། ། ་འདི་དེ་ཞེས་བྱ་ལ། འདི་ནི་ལས་བརྒྱ་པ་རྫོགས་པའོ། །དེ་ནི་དེ་ལྟར་ཏེ་རིམ་པའོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཅེས་བྱ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པ་པོའི་རང་བཟོ་སྤོང་བའོ། །སྒྱུ་མ་ཀུན་དང་མཉམ་སྦྱོར་བ། །མཁའ་ ་འགྲོ་མ་ཞེས་རབ་གྲགས་པ། །ཞེས་བྱ་བ་ལ་སྒྱུ་མ་ཀུན་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་འདི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་མཁའ་འགྲོའོ། །ལས་ཐམས་ཅད་ཀྱི་ཆོ་ག་ནི་ལས་ཐམས་ཅད་ཀྱི་བྱ་བའོ། །དེ ་ཉིད་སྒྱུ་མ་ཆེན་མོས་རྣམ་པར་འཕྲུལ་པ་སྟེ། རྡོ་རྗེ་མཁའ་འགྲོས་རྣམ་པར་སྤྲོས་པའོ། །སྔགས་ཀྱི་ཆོ་ག་ནི་དེའི་དོན་གྱིས་སྔགས་ཀྱི་ཆོ་གའོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཆོ་གས་ནི་རིམ་པར་བྱེད་པ་སྟེ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་ ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་སེམས་ཅན་མོས་པ་སྣ་ཚོགས་པ་ཡིན་པའི་ཕྱིར་སྔགས་སྣ་ཚོགས་ཀྱི་ལས་ཀྱི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་འོག་ཏུའོ། །གསང་བ་བཤད་བྱ་བ་ནི་དམ་བཅའ་བའོ། །ཇི་ལྟར་ཞེ་ན། མདོར་བསྡུས་པ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྔགས་ཀྱི་དབང་དུ་བྱས་པའི་གསོལ་བ་བཏབ་ཀྱི་འོག་ཏུ་གསུངས་སོ། །ཞེས་བྱ་བར ་སྦྱར་རོ། །དེ་ལ་མདོར་བསྡུས་པ་ཞེས་བྱ་བ་ནི་གཞུང་བསྡུས་པའོ། །ཇི་སྟེ་དེ་ལྟ་ན་ནི་དོན་ཀྱང་བསྡུས་པར་འགྱུར་ཏེ། འདི་ལྟར་སྡོང་པོ་ཞེས་བྱ་བ་ཚིག་གི་དོན་ཡང་ལྗོན་ཤིང་གི་དར་བས་འབའ་ཞིག་སྟོན་པ་མཐོང་ལ། གཞུང་རྒྱས་པས་ནི་དོན་རྒྱས་པར་འགྱུར་ཏེ ་དཔེར་ན་འབྲས་བུ་དང། མེ་ཏོག་དང། ཡལ་ག་དང། འདབ་མ་ལ་སོགས་པ་དང་ལྡན་པའི་ཤིང་ཞེས་བྱ་བ་ལྟ་བུའོ་ཞེ་ན་གསུངས་པ་སྟེ་རྒྱས་པར་མིན་བྱ་བ་ལ་སྟེ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །རྒྱས་པར་མིན་ཞེས་བྱ་བ་ནི་དོན་བཞིན་དུ་གཞུང་རྒྱས ་པ་མ་ཡིན་པར་དགག་པའོ། །ཡང་ན་གཞུང་རྒྱས་པ་མ་ཡིན་ཡང་དོན་རྒྱས་པ་ཞེས་བྱ་བར་སྦྱར་ཏེ། གཞན་དུ་གཞུང་བསྡུས་པ་ཡིན་ན་དོན་རྒྱས་པར་སྟོན་པར་མི་ནུས་སོ། །ཞེས་བྱ་བ་ནི་ལུང་གི་གཙུག་ལག་ཐམས་ཅད་ཚོགས་ཆེ་བ་ཉིད་དུ་ཐལ་བར་འགྱུར་རོ།། ་དེ་བས་ན་གཞུང་ཉུང་བ་དོན་མང་བ་ཡིན་ཏེ། དཔེར་ན་སྭེ་ཏོ་དྷ་བ་ཏི་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལ་སྭ་ནི་ཁྱིའོ། །ི་ཏོ་ནི་འདུར་བའོ། །དྷ་ཝ་ནི་སྐྱེས་བུ་རྒྱུག་པ་སྟེ། དོན་མང་པོ་ཡིན་པ་དེ་ལྟར་བཅོམ་ལྡན་འདས་ཀྱང་སྙན་ངག་མཁན་ཆེན་པོ་ཡིན་པས ་གཞུང་ཉུང་དུས་དོན་མང་པོ་སྟོན་པ་ལ་འགལ་བ་ཅི་ཞིག་ཡོང། སྒྱུ་མ་ཀུན་གྱི་མཉམ་སྦྱོར་བས་ཞེས་བྱ་བ་ལ། སྒྱུ་མ་ཀུན་ནི་རྣལ་འབྱོར་མ་རྣམས་སོ། །དེ་དག་དང་ཡང་དག་པར་སྦྱོར་བ་ནི་སྒྱུ་མ་ཀུན་དང་མཉམ་སྦྱོར་བའོ། །ལས་རྣམས་ཐམས་ཅད་རྣམ་འཕྲུལ་པ་ཞེས ་བྱ་བ་ལ་ཐམས་ཅད་ནི་རང་དང་གཞན་ནོ། །ལས་རྣམས་རྣམ་པར་འཕྲུལ་པ་ནི་གང་གིས་ལས་རྣམས་ཡོངས་སུ་སྤྲུལ་པ་སྟེ། དེ་དག་ནི་ལས་རྣམས་ཐམས་ཅད་རྣམ་པར་འཕྲུལ་བ་ཞེས་བྱིས་གཅིག་ཏུ་མཚམས་སྦྱར་རོ། །སྒྱུ་མ་ཀུན་ནི་ལྷ་ལ་སོགས་པ་སྤྲུལ ་པའོ། །དབང་ཕྱུག་ནི་ཐབས་ལ་ཁྱབ་པ་སྟེ། གང་གི་རྫུ་འཕྲུལ་ཆེན་པོ་དང། ཐམས་ཅད་ལ་ཁྱབ་པའི་དབང་ཕྱུག་ཡིན་པ་དེས་དེ་ལྟར་གྱུར་པའི་རྣལ་འབྱོར་པ་གྲུབ་ཅིང་གྲགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་གསང་བ་བཤད་པར་བྱ་ཞེས་སྦྱར་ཏེ། འཆང ་བ་པོའི་ཚིག་གོ་།ད་ནི་སྡུད་པ་པོའི་མཚམས་སྦྱར་བ་གསུངས་པ། འབྱུང་པོ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་ནི་སྲོག་ཆགས་རྣམས་སོ། །གདོན་ནི་བརྒྱ་བྱིན་ལ་སོགས་པའོ། །དེ་རྣམས་ཀྱི་རིགས་པ་ཆེན་མོ་ནི་སྔགས་ཀྱི་ཚིག་རྣམས་སོ། །གང་གིས་ནི་སྔོན་གྱི ་སངས་རྒྱས་རྣམས་ཀྱིས་སོ། །སྡུད་ཅིང་སྤྲོ་བ་ནི་བཅོམ་ལྡན་འདས་མ་སྟེ། སྤྲོ་བ་བསྡུ་བར་བྱེད་པ་ལྟ་བུའི་རིགས་པའོ། །དེ་གསུངས་སོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་ཞལ་གྱིས་བཞེས་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་སྔགས་སྣ་ཚོགས་བཤད་པ་ལ་ཐུགས ་རྩེ་གཅིག་ཏུ་མཛད་ནས་གསུངས་སོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་རིམ་བཞིན་དུ་གསུངས་པ། ཧི་མ་ཝན་ཏ་ས། ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བཤད་པ་ལྟར་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ལ་གནས་ཏེ་སྔགས་ཐམས་ཅད་འབུམ་དུ་བཟླས་པར་བྱའོ། །སྔགས ་འདི་ཞེས་བྱ་བ་ནི་ཧི་མ་ཝན་ཏ་ས་ཞེས་བྱ་བ་ལ་སོགས་པའོ། །ཁང་ཐོག་ཏུ་བཞག་ན་ཞེས་བྱ་བ་ནི་ཤ་ཟའི་ཤིང་བུའོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་ནུབ་མོ་རོ་བསྲེགས་པ་ལ་ཤ་ཟའི ་ཤིང་བུ་ཡིས་བསྐུལ་ཞིང་བྱས་ཏེ། དེའི་རྩེ་མོའི་ཆ་སོར་བརྒྱད་ཙམ་གཟུང་ནས་བ་སེར་སྐྱའི་ནང་དུ་བཅུག་སྟེ། མེ་དེ་ཉིད་ཀྱི་ནང་དུ་ཇི་སྲིད་ཤིང་ཐལ་བར་མ་གྱུར་གྱི་བར་དུ་རུ་བསྲེགས་ལ་དེ་བླངས་ནས་མིང་གཟུང་བ་སྔོན་དུ་འགྲོ་བས་དེ་ལ་ལན་བདུན ་སྔགས་བཟླས་ཏེ། ཁང་པའི་ཕྱམ་གདུང་གི་གསེབ་དུ་སྦས་ན་ཇི་ལྟར་བསྟན་པ་བཞིན་དུ་འགྱུར་ཏེ། འདི་ནི་མན་ངག་གོ་།ཡང་སྔ་མ་ལྟར་བསྲེགས་པའི་རུ་དེ་ཉིད་ཀྱི་ནང་དུ་ཤ་ཟའི་ཤིང་གི་ཚེར་མས་བཀང་སྟེ་དེ་ཉིད་ཀྱི་ཉིན་པར་ཁང་སྟེང་དུ་བཞག་ན་ཤ ་ཟའི་འཚེ་བ་དང་དྲན་པ་མེད་པར་འགྱུར་རོ། །བ་ས་ཧ་ཏོ་ལིའི་ས་ཏི་ཡ་ཞེས་བྱ་བ་ལ་སོགས་ནི་འོག་ནས་འབྱུང་བའི་ཁྱུ་མཆོག་གི་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ། །དེ་ཉིད་ཀྱིས་ན་བ་ལང་གི་གདོང་ཞེས་བྱ་སྟེ། གླང་གི་རྭས་བླངས་པའི་ས་དང་སྔགས ་འདིས་འོག་ནས་འབྱུང་བའི་སྦྱོར་བ་བྱའོ་ཞེས་བྱ་བར་དགོངས་སོ། །ན་མ་ཞེས་བྱ་བ་ལ་སོགས་པ་ལ། ན་མ་ས་པར་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་གཉིས་སོ། །སྔགས་འདི་ཞེས་བྱ་བ་ནི་གཉིས་བསྡུས་པ་སྟེ་དེས་ཞིང་བསྲུང་བར་འགྱུར་རོ། །བཀའ་ ་ཙམ་གྱིས་སྤྲིན་བཟློག་པར་འགྱུར་རོ་ཞེས་བྱ་བ་ལ། གང་གི་སྔགས་ཀྱི་བཀའ་ཙམ་གྱིས་སྤྲིན་ཕྱིར་བཟློག་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི། ཨིན་ད་ས་ཞེས་བྱ་བ་ལ་སོགས་པའི་སྔགས་འདིས་ཀྱང་སྤྲིན་བཟློག་པར་འགྱུར ་རོ་ཞེས་བྱ་བའི་དོན་ཏོ། །རཏན་རི་ཏ་ཞེས་བྱ་བ་ལ་སོགས་པ་ལ། ཏ་ཏི་ཞེས་བྱ་བ་ནི་དོན་མེད་པ་སྟེ་ལུང་ཙམ་མོ། །རཏན་ཞེས་བྱ་བ་ནི་མཐར་བཛྲ་ཞེས་བྱ་བ་གཉིས་སྦྱར་ཏེ། དེ་ནས་ཧྲི་ཕཊ་ཅེས་བྱ་བ་བརྗོད་ལ་ཀླད་དུ་ཨོཾ་ཞེས་བྱ་བ་བཞག་པར་བྱ་སྟེ། དེས ་ན་ཨོཾ་རཏན་བཛྲ་བཛྲ་ཧྲི་ཕཊ་ཅེས་བྱ་བར་འགྱུར་རོ། །དེ་ལྟར་ཡང་འོག་ནས་རཏན་བཛྲ་ཞེས་བྱ་བ་ནས། དེ་ནས་ཨོཾ་དང་བཛྲ་བརྗོད། ཧྲི་དང་ཕཊ་ནི་མཐར་སྦྱར་བ། སྔགས་ནི་དཔུང་ནི་འཆིང་བྱེད་ཡིན་ཞེས་གསུངས་ཏེ། དེ་ལ་ཨོཾ་ནི་ཀླད་དུ་བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་བཛྲ ་དང་སྦྱར་རོ། །འདིའི་སྦྱོར་བ་ཡང་དེ་ཉིད་དུ་བརྗོད་པར་བྱའོ། །ོཾ་ཨ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཨ་ལི་བི་ལི་བ་ར་ཅུ་ལི་ཞེས་པ་ནི་དང་པོའོ། །ཙོ་ར་བྷ་ག་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གཉིས་པའོ། །སྔགས་འདིས་ཞེས་བྱ་བ་ནི་སྔགས་གཉིས་ཀ་གཅིག་ཏུ་ ་བྱས་པས་སོ། །བ་ལང་གི་གདོང་གི་ཆོ་ག་གསུངས་པ། ཁྱུ་མཆོག་གི་རྭ་ཞེས་བྱ་བ་ལ་སོགས་པའོ། །ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པ་ལ། ཚར་བཅད་པ་ལ་སོགས་པར་འདོད་པའི་རྣལ་འབྱོར་པས། ཨིན་ད་ས་ཞེས་བྱ་བ་ལ་སོགས་པའི་སྔགས་ཆོ་ག་བཞིན་དུ་བྲིས ་ནས་སྤྲིན་ལ་བལྟས་ཏེ་ཀླད་ལ་བསྐོར་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །བ་ལང་གི་གདོང་གི་ཆོ་ག་ཡང་འདི་ཉིད་དོ་ཞེས་བྱ་བ་ནི་པ་ས་ཧ་ཏོ་ལིའི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཀྱང་སྦྱོར་བ་འདི་བྱའོ། །ོཾ་ཛཾ་བྷོ་ལི་ཡེ་ཞེས་བྱ་བའི་སྔགས་དང་པོའོ།། ་ཛི་བི་སུ་ཐི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །སྔགས་འདི་ཞེས་བྱ་བ་ནི་སྔགས་གཉིས་གཅིག་ཏུ་བསྡུས་པའོ། །ལྷག་མ་ནི་གོ་སླའོ། །ན་ཡ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གསུམ་པ་ཡིན་ཏེ། དེ་ལ་ན་མོ་བྷ་ག་བ་ཏི་ཞེས་བྱ་བ་ལ་སོགས་པ་རྐང་པ་བརྒྱད་པ་དང། ་ཨོཾ་ཨ་དེ་ཞེས་བྱ་བ་ལ་སོགས་པ་དང། ཨོཾ་བི་ག་ལེ་ཞེས་བྱ་བ་ལ་སོགས་པ་སྟེ་གསུམ་མོ། །འདི་དག་ནི་ལེའུ་སུམ་ཅུ་གསུམ་པར་གསལ་པོར་ཤེས་པར་བྱའོ། །ཟླ་ཚེས་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཨོཾ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་ནི་ཨོཾ་ཡིན་ལ་དེས་རྐང ་པ་རྒྱུད་ཀྱི་སྔགས་སྔོན་དུ་བརྒྱན་པས་མཛེས་པར་བྱའོ། །མཛའ་དང་མཐར་ནི་ཕཊ་མཆོག་བྱ་ཞེས་བྱ་བ་ལ། སྔགས་ཀྱི་མཐར་ནི་ཕཊ་བཞག་ལ་དེའི་མཐར་ཡང་ཕཊ་བྱ་བ་ནི་བཟླས་པ་སྟེ་མཆོག་ནི་བཅུ་བའོ། །ཡ་ན་བར་ནི་ལན་གྲངས་ཏེ། སྔགས་དེ་དང་དེའི་མཐར་ཕཊ ་གཉིས་གཉིས་སུ་སྦྱར་བའི་དོན་ཏོ། །སྭཱཧཱ་ཞེས་བྱ་བས་བརྒྱན་པ་ཞེས་བྱ་བ་ནི་ཕཊ་ཀྱི་མཐར་སྭཱཧཱ་ཞེས་བྱ་བས་མཛེས་པར་བྱའོ། །རྐང་པ་བརྒྱད་པོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྔགས་གསུམ་ག་ཡང་མགོ་ཞབས་ཀྱི ་རྒྱན་དེ་དག་དང་སྦྱར་རོ། །སྔགས་ཀྱི་རྒྱལ་པོ་འདི་ཞེས་བྱ་བ་ལ་སོགས་པ་ལ་འདིའི་ཞེས་བྱ་བ་ནི་སྔགས་གསུམ་གྱིའི་འོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའི་སྦྱོར་བ་སྟེ་ལྷའི་བསམ་གཏན་དང་འཁོར་ལོ་བྲི་བ་ལ་སོགས་པའི་མཚན་ཉིད་དོ། །དེ་ལ་ལྷའི་བསམ ་གཏན་གསུངས་པ། སྔགས་པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར། དེའི་སྟེང་དུ་རི་བོ་ལྷུན་པོ། དེའི་སྟེང་དུ་ཁང་བུ་བརྩེགས་པ་སྟེ། དེའི་ནང་དུ ་འོག་ནས་འབྱུང་བའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་སྔགས་པ་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་གསུངས་པ། ཞལ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། ལེའུ་བཅུ་གཉིས་པར་བཤད་པའི་ཆོ་གས་འདིར་བསྟན་པའི ་མདོག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པའོ། །ཡན་ལག་གི་ཆ་ཤས་ཐམས་ཅད་ནས་རྡོ་རྗེ་མཁའ་འགྲོ་མ་སྤྲོས་ཞེས་བྱ་བ་ནི་རང་གི་ལུས་ཀྱི་ས་བོན་ལས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྲོ་སྟེ། གནས་ཇི་ལྟ་བ་བཞིན་དུ་བསྒོམ་པའོ།། ་འདིས་ནི་རང་ཉིད་ཧཱུཾ་ལས་རྡོ་རྗེ་ཎི་མཛད་དུ་བསྐྱེད་ཅིང་ཧཱུཾ་གི་ས་བོན་དེ་ཉིད་ལས་ལྟུང་བྱེད་མ་ལ་སོགས་པ་མཁའ་འགྲོ་མ་རྣམས་དང། ཐོད་པ་རྣམས་བསྐྱེད་ལ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགོད་དོ། །ཞེས་བྱ་བར་སྟོན་ཏོ། །རྣལ་འབྱོར་དེས ་རིག་པ་བཟླས་ནས་འཕྲུལ་འཁོར་ལ་སོགས་པ་བྲིའོ་ཞེས་བསྟན་པའི་ཕྱིར་དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རིག་པ་འབུམ་དུ་བཟླས་ཀྱི་འོག་ཏུའོ། །ཁམ་ཕོར་ཞེས་བྱ་བ་ནི་ཆར་དབབ་པར་འདོད་པས་ཁམ་ཕོར་རྩ་བ་ནག ་པོ་མེད་པ་གཉིས་བཟུང་བར་བྱ་སྟེ། དེ་ལ་བ་བླ་ལ་སོགས་པས་བྲི་བར་བྱའོ། །ཅི་ཞིག་ཅེ་ན། རླུང་དང་མེ་ཞེས་བྱ་བ་ལ་སོགས་པ་ལ། ཁམ་ཕོར་འོག་མ་ལ་ནི་རླུང་གི་དཀྱིལ་འཁོར་རོ། །སྟེང་མ་ལ་ནི་མེའི་དཀྱིལ་འཁོར་ཏེ། དེས་མཛེས་པར་བྱས་པ་ཉིད་འབར་བའོ།། ་རང་རང་མཚན་མས་མཚན་ཅིང་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་བ་དན་གྱིས་མཚན་པ་དང། མེའི་དཀྱིལ་འཁོར་གྲུ་གསུམ་ལ་རྩེ་མོ་བདུན་གྱིས་ཉེ་བར་མཚན་པའོ། །ཀླུ་བརྒྱད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དེའི་དབུས་སུ་བྲི་བ་སྟེ། ཇི ་ལྟ་ཞེ་ན། རེ་མིག་དགུ་པར་ཏེ། རི་མོ་ཟླུམ་པོ་ལ་ཐིག་བཞི་བྲིས་པས་རེའུ་མིག་དགུར་འགྱུར་ཏེ། དེ་ཉིད་ཀྱིས་ན་དཀྱིལ་འཁོར་བརྒྱད་དོ། །ཀླུ་རྣམས་དགོད་པ་གསུངས་པ། དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། དབུས་ཀྱི་རེའུ་མིག ་ཏུ་ཀླུ་ལྷག་མ་ཅན་གདངས་ཀ་བདུན་ལ་སོགས་པ་དང་ལྡན་པར་བྲི་སྟེ་གོ་སླའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ཤར་གྱི་རེའུ་ཆ་ལ་སོགས་པ་ལ་རིམ་བཞིན་དུ་མཛའ་ཡས་ལ་སོགས་པ་འོག་ནས་འབྱུང་བ་ལྟར་གདེངས་ཀ་བདུན་ལ་སོགས ་པ་ཅན་དུའོ། །ཐམས་ཅད་ཀྱི་ལག་པ་གཡས་ན་རལ་གྲི་ཐོགས་པའོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐུན་མོང་དུ་གཡས་ཀྱིས་རལ་གྲི་བཟུང་ལ། གཡོན་གྱིས་གདེངས་ཀ་གསུམ་དང་ལྡན་པའི་ཀླུ་མོ་ལ་འཁྱུད་པའོ། །འདིས་དཀྱིལ་འཁོར་བསྐོར་ལ་ཞེས ་བྱ་བ་འདིས་ཞེས་བྱ་བ་ནི་ཨོཾ་ཧྲི་ཞེས་བྱ་བའི་སྔགས་ཀྱིས་སོ། །དཀྱིལ་འཁོར་བསྐོར་བ་ནི་རེའུ་མིག་དགུ་ལ་སོ་སོར་བསྐོར་བའོ། །སྔགས་འདི་ཞེས་བྱ་བ་ནི་ཨ་ནི་ཨ་ནི་ལ་ཏ་ར་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱན་དྲང་བའོ་ཞེས་བྱ་བ་ནི་སྔགས་ཡོངས་སུ་རྫོགས་པའོ། ། ་མཐེ་བོ་ཁ་སྦྱར་ཏེ་བཅིངས་ལ་ཞེས་བྱ་བ་ནི་མཐེ་བོ་དང་མཛུབ་མོ་རྩེ་སྤྲད་པའོ། །ཕྱི་རོལ་ནི་ཕྱིར་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ཛ:ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཞི་ནི་དགུག་པ་ལ་སོགས་པའི་ལས་བཞི་དང་རིམ་བཞིན་དུ་སྦྱར་རོ། །སྔགས ་ཀྱི་མཐར་ཞེས་བྱ་བ་ནི་ཨ་ནི་ལ་ཏ་ར་ཞེས་བྱ་བའི་མཐར་རོ། །སྡོང་བུ་ཞེས་བྱ་བ་ནི་ཤིང་ཨར་ཀའི་རས་བལ་པདྨ་དཀར་པོའི་སྣལ་མས་དཀྲིས་ཏེ། བདུད་རྩི་ལྔས་བྱུག་པའོ། །ཁམ་ཕོར་དེར་ཞེས་བྱ་བ་ནི་ལམ་ཕོར་གྱི ་སྟེང་དུའོ། །བསྒོམས་ནས་ཞེས་བྱ་བ་ནི་དེའི་སྟེང་དུ་རི་རབ་བྲི་བར་བྱ་བ་དང། བྲིས་ནས་ཀྱང་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་ཧཱུཾ་གིས་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལ་ཞེས་བྱ་བ་ནི་ཁམ་ཕོར་ཁ་སྦྱར་པའི་རི་རབ་ཀྱི་སྟེང་དུ་ཉི་མ་ལ་གནས ་པའི་ཧཱུཾ་ལས་བྱུང་བ་ཧཱུཾ་མཛད་ཀྱི་ཚོགས་འཕྲོ་བ་དང་བཅས་པའི་རྡོ་རྗེ་ཧཱུཾ་མཛད་བསྒོམས་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཞེས་བྱ་བ་ལ་སོགས་པ་ལ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་སམ། རྐང་པ་བརྒྱད་པོ་ལ་སོགས་པའི་སྔགས་བཞི་པོ་དེ ་དག་ལས་གང་ཡང་རུང་བ་ཞིག་གམ། འོན་ཏེ་དེ་དག་ཐམས་ཅད་སྤེལ་བའང་རུང་བརྒྱད་བརྒྱ་བཟླས་པར་བྱའོ། །ཞི་ཞེས་བྱ་བ་ནི་དགར་བའི་བདུན་པའོ། །གལ་ཏེ་སྔགས་གསུམ་པོ་ཟློས་ན་ནི་ཕྱག་བཞི་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ། ཀ་ར་ཀ ་ར་ལ་སོགས་པའི་ཕྱག་དྲུག་པའི་སྦྱོར་བས་སོ་ཞེས་བྱ་བ་ནི་བྱེ་བྲག་གོ་།ཆོ་ག་བཞིན་དུ་བཞག་པར་བྱ་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་རོལ་གྱི་གནས་མཐོན་པོར་སྦ་བའོ། །ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ནམ་མཁའ་ ་ཐམས་ཅད་ཁྱབ་པའི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཏེ། བསྒོམས་པ་ཞེས་བྱ་བ་ལྔ་པ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་ལ་སོགས་པ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཙོ་བོ་ཧཱུཾ་མཛད་ལས་འཕྲོས་པའི་འོད་ཀྱིས་ཧཱུཾ་མཛད་རྣམས ་གཟུང་ངོ། །ལུས་ཀྱི་གཟེར་བུ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བརྒྱད་བརྒྱ་བཟླས་ཀྱི་འོག་ཏུ་ལུས་ཀྱི་ཧོ་མ་གཟར་རྡོ་རྗེ་མཁའ་འགྲོའི་མཚན་མས་མཚན་པས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་ཞེས་བྱ་བ་ཁམ་ཕོར་གྱི་སྟེང་དུ་བསྒོམས་པའི་རྡོ་རྗེ ་མཁའ་འགྲོའི་ཚོགས་ལ་མཐོར་བར་བསམ་མོ་ཞེས་བྱ་བ་ནི་དེར་ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཇི་སྲིད་འདོད་པའི་གནས་སུ་ཆར་བཟློག་པར་འདོད་ན་དེའི་སྦྱོར་བ་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། ་བདག་ཉིད་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ལ། དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་པའི་མཛུབ་མོའི་རྩེ་མོར་ཧཱུཾ་གཉིས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི་སྙིང་གར ་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད་དེ་བཅིངས་ལ། མཐེའུ་ཆུང་གཉིས་སྒྲོགས་ཏེ་མཛུབ་མོ་གཉིས་བསྒྲེང་པའོ། །ཧཱུཾ་གཉིས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེང་བཀོད་པའི་ཧཱུཾ་གཉིས་ཀྱི་འོད་ཟེར་མེ་ལྕེ་འབར་བའི་ཚོགས་ཀྱི་ཇི་སྲིད་འདོད་པ་ན ་གནས་པའི་སྤྲིན་གྱི་ཚོགས་རྣམས་བསྲེགས་པར་བསྒོམ་པའོ། །བསམ་ཞེས་བྱ་བ་ནི་དེ་ལྟར་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམ་པའོ། །བསམ་གཏན་འབའ་ཞིག་གིས་མ་ཡིན་པར་བསྟན་པའི་ཕྱིར། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས ་ཀྱང་རུང་བཟླའོ། ཞེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ནི་རིག་པའི་རྒྱལ་པོ་རྐང་པ་བརྒྱད་པ་སྟེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་བཟླས་པས་ན་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་སོ། །རུང་ཞེས་བྱ་བའི་སྒྲས་ནི་གཞན་ཀ་ར་ཀ་ར་ལ་སོགས ་པ་ཡང་བསྡུའོ། །སྦྱོར་བ་གཞན་བསྟན་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་སྦྱོར་བ་ནི་གོང་ནས་གོང་དུ་བཞག་པའོ། །ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ། ་འདིས་བསྟེན་ཞིང་འཛིན་པས་ན་ཕྱི་སྟེ་གཞིར་གྱུར་པའོ། །དེ་ལྟར་ན་ཕྱི་ཡང་ཡིན་ལ་དཀྱིལ་འཁོར་ཡང་ཡིན་པས་ཕྱིའི་དཀྱིལ་འཁོར་ཏེ་ལས་ཀྱི་གཞིའོ། །ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ། །བསྒོམ་པ་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ ་གནས་པའི་ཡི་གེ་ཧཱུཾ་གིས་རྡོ་རྗེའི་ས་གཞི་དང། རབ་དང་དྲ་བ་རྣམས་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་བཤད་པའི་ཕྱིར་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེའི་དབུས་གྱུར ་པདྨ་ནི་ཞེས་བྱ་བ་ནི་གཞལ་ཡས་ཁང་གིས་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམ་པའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །ཟླ་བ་རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔ་བསྟན་པའོ། །དེ་དག་གིས་ནི་རླུང་དང་མེ་དང་ཆུ་དང ་དབང་ཆེན་གྱི་དཀྱིལ་འཁོར་རྣམས་གོང་ནས་གོང་དུ་བསྒོམས་ལ། དེའི་སྟེང་དུ་རི་རྒྱལ་ལྷུན་པོ་དེར་སྣ་ཚོགས་པདྨ་དང་རྡོ་རྗེ་མནན་པའི་ཆོས་འབྱུང་བའི་ཕྱག་རྒྱར་གནས་པའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་འོག་ནས་འབྱུང་བའི་གྲུ་བཞི་པ་ལ་སྒོ་བཞི་པ ་ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ཁང་བུ་བརྩེགས་པ་བསྒོམས་ཏེ། དེའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཟླ་བ་རྡོ་རྗེའི་སྦྱོར་བ་ཞེས་བྱ་བས་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པར་སྟོན་ཏོ། །དེ་ལ་མི་ཕྱེད་པས་ན་རྡོ་རྗེ་སྟེ། ་ཧྲི་ལས་བྱུང་བའི་རལ་གྲིའོ། །འདིར་ས་བོན་ནི་ཧྲི་ཡིན་པར་བལྟ་སྟེ། འོག་ནས་ཧྲི་ལས་བྱུང་བཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་བའོ། །དེ་ཅི་འདྲ་ཞེ་ན། ཞལ་གཅིག་ཕྱག་ནི་བཞི་པ་སྟེ་ཞེས་བྱ་བ་ལ་སོགས་པ་གོ ་སླའོ། །འཇིགས་པ་དག་ཀྱང་འཇིགས་པར་མཛད་ཅེས་བྱ་བ་ལ། འཇིགས་པ་ལ་བརྩོན་པས་ན་འཇིགས་པ་སྟེ་བདེ་བྱད་ལ་སོགས་པ་ཡིན་ལ། དེ་གང་གི་ཟིལ་གྱིས་གནོན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲུ་བཞི་སྒོ་བཞི་ལ་སོགས་པའི། །མཁའ་འགྲོ་མ་ཡི་དཀྱིལ ་འཁོར་བསྒོམ་ཞེས་བྱ་བ་འདི་ནི་རྡོ་རྗེ་མཁའ་འགྲོ་མ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དག་གི་ཉེ་བར་བསྡུ་བ་ཡིན་ཏེ་འོག་ནས་བྱུང་བའི་རི་མོའི་དཀྱིལ་འཁོར་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་བསམ་གཏན་གྱི་དཀྱིལ་འཁོར་ལ་གནས་ནས། སྔགས་འབུམ་ཕྲག ་དུ་བཟླས་ཏེ། ཆར་དབབ་པའི་སྒྲུབ་ཐབས་གསུངས་པ། བླ་རེ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། བླ་རེ་དམ་པ་ཞེས་བྱ་བ་ནས་དཀྱིལ་འཁོར་དགེ་བའི་ལས་བརྩམ་སོགས་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་མཁའ་འགྲོ་མ་དང་ཀླུ་རྣམས་ཀྱི་དཀྱིལ་འཁོར་སྟན་པའོ། །ཞེས ་སོགས་ཀྱིས་ནི་བསྒོམ་པ་དང་མཆོད་པ་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་རྫིང་བུ་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་ཆེན་པོ་དེའི་བྱང་ཤར་གྱི་གྲཝར་ཀླུའི་གནས་རྫིང་བྱ་བར་བསྟན་ཏེ། ཅི་ལྟ་བ་ཞེ་ན། རྦ་རླབས་ཆུ་གཉེར་ལ་སོགས་པ ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའོ། །ལྷ་རྣམས་དགོད་པ་གསུངས་པ། དེ་ནས་ཆོ་ག་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པའོ། །རིག་པ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་ཏེ། དེ་སྔར་བཤད་པ་ལྟར་དགོད་པའོ། ཀླུ་བརྒྱད ་དགོད་ཅེས་བྱ་བ་ནི་མཛའ་ཡས་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱད་ཤར་ལ་སོགས་པའི་ཕྱོགས་མཚམས་སུ་དགོད་པའོ། །སྒོ་བཞིར་མགོ་གཉིས་བསྣོལ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་བཟང་པོ་ལ་སོགས་པའི་ཀླུ་ཕལ་པ་བརྒྱད་མཛའ་ ་ཡས་ལ་སོགས་པའི་མདོག་ཅན་དུ་ར་བར་གྱུར་པའི་ཚུལ་གྱིས་དགོད་པ་བསྟན་པ་སྟེ། ཤར་ལ་སོགས་པའི་སྒོ་བཞིར་མིག་གཉིས་གཉིས་བསྣོལ་ཏེ་སྤྲུལ་ལ་གྲཱ་བཞིར་ནི་མཇུག་མ་གཉིས་གཉིས་མདུད་དེ་བསྲུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང ་ཤར་སྒོར་ནི་བཟང་པོ་དང་རྒྱལ་བ་གཉིས་ཀྱི་གདེངས་ཀ་མདུང་དེ་བསྟོད་པའོ། །བྱང་སྒོར་ནི་དཔལ་ལྡན་དང་དགའ་བོའོ། །ནུབ་སྒོར་ནི་ཆར་འབེབས་དང་ཡིད་འོང་ངོ། །ལྷོ་སྒོར་ནི་མྱུར་བ་དང་དབྱངས་ཅན་ནོ། །མཇུག་མས་གྲུ་བཞིར་དཀྲི་བར་བྱ་བ ་ལ། རྒྱལ་བ་དང་དཔལ་ལྡན་གྱི་འཇུག་མས་དབང་ལྡན་དཀྲིས་པའོ། །དེ་བཞིན་དུ་དགའ་བོ་དང། ཆར་འབེབས་པ་དང། ཡིད་འོང་དང། མྱུར་བ་དང། དབྱངས་ཅན་དང། བཟང་པོ་རྣམས་ཕན་ཚུན་མཇུག་མ་མདུད་པར་བལྟ་བར་བྱའོ། །ཤར ་དུ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཤར་གྱི་འདབ་མ་ལ་ནི་མཛའ་ཡས་སོ། །ཀླུ་མོ་དང་ནི་བཅས་པར་དགོད་ཅེས་བྱ་བ་ལ། དེའི་གཡས་གཡོན་གཉིས་ཀར་ཀླུ་མོ་གདེངས་ཀ་གསུམ་གསུམ་དང་ལྡན་པར་བྲིའོ། ་ལྷག་མ་ནི་གོ་སླའོ། །ཆོག་ལྔ་པས་བྲི་བར་བྱ་ཞེས་བྱ་བ་ལ། ཇི་ལྟར་མཛའ་ཡས་གདེངས་ཀ་བདུན་དང་ལྡན་པ་ལ་སོགས་པ་ལྟར། ནོར་རྒྱས་ལ་སོགས་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །སྤྲིན་གྱི་དབང་ཕྱུག་རྒྱལ་པོ་རྣམས། ཕྱོགས ་བརྒྱད་ནས་ནི་དྲང་བར་བྱ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་མཚམས་བརྒྱད་དུ་དགོད་པ་བྱ་སྟེ། དྲང་བ་ནི་དགོད་པའོ། །དེ་ལ་ཤར་སྒོར་ནི་སྒྲ་གྲག་གོ་།བྱང་སྒོར་ནི་རྨུགས་པའོ། །ནུབ་སྒོར་ནི་དྲག་པོའོ། །ལྷོ་སྒོར་ནི་འགུགས་བྱེད་དེ། དེ་དག་ནི ་མཛའ་ཡས་ནས་བཟུང་སྟེ། སྟོབས་ཀྱིས་རྒྱུ་བའི་བར་གྱིས་རིམ་བཞིན་དུ་མདོག་ཅན་ནོ། །ཡང་དབང་ལྡན་དུ་ནི་གཏུམ་པོའོ། །མེ་མཚམས་སུ་ནི་འབེབས་པའོ། །བདེན་བྲལ་དུ་ནི་གང་བའོ། །རླུང་མཚམས་སུ་ནི་གཡོ་བ་སྟེ། དེ་དག་ནི་རིམ་པ ་བཞིན་དུ་དུང་སྐྱོང་ལ་སོགས་པའི་མདོག་ཅན་ནོ། །དེ་དག་ཀུན་ཀྱང་རོ་སྨད་སྤྲིན་གྱི་དཀྱིལ་འཁོར་ལ་རོ་སྟོད་སྦྲུལ་གྱི་གདེངས་ཀར་འདུག་པའོ། །སྤྲིན་རྣམས་ཀྱི་བར་དུ་ཀླུ་ཕལ་པ་བརྒྱད་གསུངས་པ་ནི་མན་ངག་གིས་ན་དཀྱིལ་འཁོར་གྱི་སྣམ་བུ ་གཉིས་པའི་སྒོ་བཞི་དང་གྲཝ་བཞིར་མགོ་བོ་གཉིས་གཉིས་དང་མཇུག་མ་གཉིས་གཉིས་ཀྱི་བར་བར་དུ་བཞི་བཞིར་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །ཤར་ལ་སོགས་པའི་སའི་ཆ་རྣམས་ཀྱང་དེ་དག་གི་མདོག་དུ་ཤེས་པར་བྱའོ། །དེ ་ནས་སྔར་གསུངས་པའི་སྔགས་དང་ཕྱག་རྒྱས་ཀླུ་རྣམས་དང་སྤྲིན་རྣམས་དགུག་པ་ལ་སོགས་པ་བྱས་ལ། བདག་ཉིད་འཐོར་འཐུང་དང་ཉེ་རེག་བྱས་ཏེ། ཡོ་བྱད་ཐམས་ཅད་ལ་ཨོཾ་བྷུར་བྷུ་བ:སྭཱཧཱ་ཞེས་བྱ་བས་བསང་གཏོར་བྱས་ནས་མེ་ཏོག ་དང་བདུག་པ་ལ་སོགས་པས་མཆོད་ཅིང་འོག་མས་བཀང་བའི་ཁམ་ཕོར་བརྒྱད་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ཡང་དམ་ཚིག་གི་རྡོ་རྗེ་མཁའ་འགྲོ་མ་ལ་ཡེ་ཤེས་ཀྱེ་མཁའ་འགྲོ་མ་ཛ(རྒྱུད་འགྲེལ་ཌཱ་ཀི་ནི་བར་ཥ་བར་ཥ་བ་ཡ་ཧཱུཾ་བྷུ་སྭཱཧཱ། ཞེས་བཟླས་བརྗོད་བྱ་སྟེ། འདི་ནི་རྡོ་རྗེ་མཁའ་འགྲོ་མའི་སྔགས་ཨོཾ་ཨོཾ་གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི་སྤྲིན་རྣམས་ལ་ཆར་དབབ་པར་བསྒོ་བའི་སྔགས་སོ། །དེ་ལ་མཆོད་པ་བྱས་ཀྱི་འོག་ཏུ་མཛའ་ཡས ་ལ་སོགས་པའི་ཀླུ་རྣམས་ལ་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་དང་མཐེ་བོ་བརྐྱང་ལ་མཐེ་བོའི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་ཏེ། གཡས་པའི་སོར་མོ་རྣམས་སྦྲུལ་མགོ་ལྟར་བྱས་པ་འདི་ནི་ཀླུ་རྣམས ་ཀྱིའོ། །ལག་པ་གཉིས་པདྨར་བསྐོར་བ་བྱས་ནས་ཕྱོགས་ཀུན་ཏུ་བསྟན་པ་འདི་ནི་སྤྲིན་རྣམས་ཀྱིའོ། །ོཾ་གྷི་ལི་གྷི་ལི་བར་ཥ་བ་ཥ་པ་ཡ་ཧུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བྱ་བ་ནི་འདི་ནི་གཉིས་ཀའི་སྔགས་སོ། །ཡང་ན་ཕྱག་རྒྱ་མེད་པར་ཡང ་སྔགས་འབའ་ཞིག་བཟླའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྦྱོར་བ་གཞན་གསུངས་པ། དུད་མེད་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། མིང་དང་ལྡན་པ་ཞེས་བྱ་བ་ནི་བུད་མེད་ཀྱི་ཐོད་པར་ངེས་པར ་ཤེས་པས་ན་མིང་སྟེ། ཤེས་པ་དེ་དང་ལྡན་པ་ནི་ཐོད་པ་སྟེ་རང་གི་རྐྱེན་ཅན་ནོ། །མེའི་དཀྱིལ་འཁོར་ཞེས་བྱ་བ་ནི་གྲུ་གསུམ་པ་རྩེ་མོ་བདུན་པར་གཉིས་ཀ་ལ་བྲི་བའོ། །མཚམས་རྣམས་སུ་ཡི་གེ་ཀྵུཾ་དང་ཧྲི་ཞེས་བྱ་བ་ལ་མཚམས་ཏེ། གྲུ་གསུམ་གྱི་ཕྱི་རོལ་དུ ་ནི་ཀྵུ་པྲི་ཁ་དཀྱིལ་འཁོར་གཉིས་ཀའི་ཡང་ནང་རོལ་ཕྱོགས་མཚམས་བརྒྱད་དུ་ཧྲི་བརྒྱད་དགོད་དོ་ཞེས་མན་ངག་ལས་ཤེས་པར་བྱའོ། །དབུས་སུ་བསྒྲུབ་པར་བྱ་བའི་བུ་མོའི་མིང་བྲིས་ཏེ་ཞེས་བྱ་བ་ནི་དགུག་པར་བྱ་བ་ནི་བུ་མོའི་མིང་ཆེ་གེ་མོ་ཨཱ ་ཀར་ཥ་ཡ་ཞེས་བསྐུལ་ཚིག་དང་བཅས་པར་བྲིའོ། །རི་མོ་གསུམ་གྱིས་བསྐོར་ནས་ཞེས་བྱ་བ་ཉིད་མོ་ཛའི་ས་བོན་ནམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡི་གེ་མོ་ཛ་འམ་རེ་ཕས་དཀྱིལ་འཁོར་གཉིས་ཀ་སུམ་རིམ་དུ ་བསྐོར་བའོ། །སྟེང་འོག་གི་བྱེ་བྲག་ཤེས་པར་བྱས་ལ་ཞེས་བྱ་བ་ནི་གོ་རོ་ཙན་དང་ཁྲག་གིས་འདི་ནི་སྟེང་ངོ། །འདི་ནི་འོག་གོ་ཞེས་ཕྱི་རོལ་ཏུ་བྲི་བའོ། །ལྷག་མ་ནི་གོ་སླའོ། །གནས་དབེན་པ་ཞེས་བྱ་བ་ལ་སོགས་པ་ལ་དབེན་པ་ནི་ཤིན་ཏུ་ཡང་སྐྱེ་བོ་མེད ་པའོ། །མར་ནག་ཚ་བས་བྱུགས་ཤིང་ཁྲུས་ཆབ་གསོལ་ནས་བསྐམས་ཏེ་ཞེས་བྱ་བ་ནི་གནས་དབེན་པར་བདག་ཉིད་ཀྱིས་བསྲུངས་ཏེ་ལེགས་པར་བསྐམ་པའོ། །སྔགས་བཟླས་ན་བརྒྱ་བྱིན་གྱིས་ཆར་འབེབས་སོ་ཞེས་བྱ་བ་ནི་བདག་ཉིད་ང་རྒྱལ་དང་བཅས་པས ་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་ལྷའི་རྒྱལ་པོ་རྣམས་སྤྲིན་གསེབ་དུ་ཞུགས་ནས་འབེབས་པའོ། །ཇི་ལྟར་འདས་ཤེན་སྒྲུབ་པའི་གྲོགས་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་ནི་ལས་ཀྱི་རྡོ་རྗེ་ཅན་ནོ། །གྲོགས་ནི་སྒྲུབ་པ་པོ ་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ་བཤེས་གཉེན་ཅན་ན། །སྒྲུབ་པ་ཡང་ཡིན་ལ་གྲོགས་ཀྱང་ཡིན་པས་སྒྲུབ་པའི་གྲོགས་ཏེ། དེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆར་དབབ་པར་དམིགས་པ་ནི་ཆར་འབེབས་པ་ལ་སེམས་རྩེ་གཅིག་ཏུ་བྱས་པའོ། །ཁ ་ཤར་སྟོད་དུ་བལྟས་པ་ནི་ཤར་པས་ཅུང་ཟད་མེ་མཚམས་སུ་བལྟས་པའོ། །མིན་ན་ཞེས་བྱ་བ་ལ་སོགས་པ་ལ། དེང་ཆར་དབབ་པར་མ་གྱུར་ན་དཔལ་ཕྱག་ན་རྡོ་རྗེའི་སྔགས་བཟླ་ཞེས་བྱ་བ་སྟེ། དཔལ་ཕྱག་ན་རྡོ་རྗེ་ཉིད་སྔགས་ཡིན་ཏེ། སྔགས་དང་ལྷ་དག ་དབྱེར་མེད་པའི་ཕྱིར་རོ། །ཡང་ན་ཕྱག་ན་རྡོ་རྗེ་རྣལ་འབྱོར་ལ་གནས་ཏེ། འོག་ནས་འབྱུང་བའི་སྔགས་བཟླ་བ་སྟེ་སྒྲ་ཇི་བཞིན་ནོ། །དེ་ལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་ནི་ཡི་གེ་ཧཱུཾ་ལས་བྱུང་ཞིང་སྐུ་མདོག་སྔོ་བ་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ལ ་སོགས་པ་སྔགས་ལས་གསུངས་པ་དང་རྗེས་སུ་མཐུན་པའི་གཟུགས་སོ། །སྔགས་ནི་ཨོཾ་ན་མོ་ནཱི་ལཱི་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ལས་གཉིས་སྟོན་པ་ཡིན་ཏེ། སྦྲུལ་མགོ་གཉིས་པ་ནི་སྦྲུལ་གྱི་ཁྱད་པར་གང་ལ་མགོ་གཉིས ་ཡོད་པའོ། །ནམ་མཁའ་ལ་བཞག་ལ་ཞེས་བྱ་བ་ནི་ཀ་དམ་པ་ལ་སོགས་པའི་ཤིང་གི་མེ་འབར་བའི་སོལ་བ་ལ་མ་རེག་པར་སྟེང་དུ་ཁམ་བོར་གཉིས་བསྲོ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆར་དབབ་པ་ལ་སྟེ་ཆེད་ཀྱི་བདུན་པ་ཡིན་ནོ། །གང་གིས་ཞེ་ན། ་སྔགས་བཟླས་ནས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་བཟླས་ནའོ། །རྡོ་རྗེ་ཅན་ལ་ཕུལ་བའི་ཞེས་བྱ་བ་ལ་སོགས་པ་ལ། ཁང་སྟེང་དུ་གནས་པ་ནི་བྱ་འདབ་ཀྱི་སྟེང་དུ་གནས་པའོ། །སྤྲིན་ལ་བདུག་པ ་ནི་སྤྲིན་ཕྱོགས་སུ་བདུག་པའོ། །སྔགས་ཟླས་པ་ནི་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཟློས་པའོ། །ཁམ་པོར་ཞེས་བྱ་བ་ལ་སོགས་པ་ལ། དུག་ལ་སོགས་པ་ནི་རིམས་དང་ན་ག་ད་མ་ནའི་ཁུ་བ་ལ་སོགས་པའོ། །རླུང་ལ་སོགས་པའི་དཀྱིལ ་འཁོར་གསུམ་ནི་རླུང་དང་མེ་དང་དབང་ཆེན་ནོ། །དེའི་ས་བོན་ནི་ཡི་དང་རཾ་དང་ལང་ངོ། །ཆུའི་སྟེང་དུ་ཞེས་བྱ་བ་ནི་བཾ་ལས་སྐྱེ་པའི་ཆུའི་དཀྱིལ་འཁོར་བྲིས་པ་སྟེང་དུའོ། །འདབ་མ་བརྒྱད་ལ་ཡང་ཀླུ་བརྒྱད་ཀྱི་སྙིང་པོ་གཟིར་བར་བྲིས་ལ་ཞེས ་བྱ་བ་ནི་ཧྲཱུཾ་དང་སྤྲེལ་བའི་ནང་དུ་མིང་བྲི་བའོ། །སྟོབས་པོ་ཆེའི་སྔགས་ནི་ཨོཾ་བཛྲ་ཀྲོ་དྷ་ཞེས་བྱ་བ་ལ་སོགས་པ་སྟེ། འོག་ནས་འབྱུང་བའོ། །དེ་པདྨའི་ལྟེ་བ་དང་འདབ་མའི་ས་བོན་བསྐོར་བའོ། །ཧཱུཾ་དགུ་ཞེས་བྱ་བ་ནི་ཕྱོགས་གཅིག་གསུངས་པ་སྟེ། དོན ་དུ་བཅོ་བརྒྱད་ཡིན་ནོ། །ཆོ་ག་བཞིན་དུ་སྔགས་བཟླ་ཞེས་བྱ་བ་ལ། ཆོ་ག་ནི་ལེའུ་བཞི་པ་ལས་འབྱུང་བའི་སྟོབས་པོ་ཆེའི་རྣལ་འབྱོར་ཏེ། ཧཱུཾ་ལས་བྱུང་བའི་མདོག་སྔོན་པོ་དཀར་པོ་དམར་པོའི་ཞལ་གསུམ་པ་ཕྱག་དྲུག་ལས་ཕྱག་དང་པོ་གཉིས་སོ། ་རང་གི་རིགས་མ་ལ་འཁྱུད་པ། ལྷག་མ་རྣམས་ཀྱི་མདུང་རྩེ་གསུམ་དང། རལ་གྲི་དང། པདྨ་དང། ནོར་བུ་བསྣམས་ཤིང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། ཉི་མའི་འདི་ཅན་སྤྱན་གསུམ་པ། ་སྐྲ་ཁམ་པ་གྱེན་དུ་འབར་ཞིང་སྦྲུལ་གྱི་རྒྱན་ཅན་སྟག་གི་པགས་པའི་ན་བཟའ་བགོས་པའི་སྟོབས་པོ་ཆེར་བསྒོམས་ལ། ཁམ་ཕོར་ལ་བརྒྱད་བརྒྱ་བཟླས་ཏེ། མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་པ་སྐུད་པ་སྔོན་པོས་དཀྲིས་ཏེ་མཚོར་སྤ ་བར་བྱའོ། །གཏུམ་པོའི་ས་བོན་ནི་སྐེ་ཚེའི་ས་བོན་ནོ། །ལྷག་མ་ནི་གོ་སླའོ། །ད་ནི་ཕྱག་ན་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་ཕན་ཡོན་ནི་གོ་སླའོ། །ཀླུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཀླུ་ཐམས ་ཅད་ནི་གཟུགས་སྣ་ཚོགས་པའོ། །དགུག་པ་ནི་དེ་རྣམས་ཀྱི་སྙིང་འགུགས་པར་བྱེད་པའི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་དོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་སྔར་བཤད་པའི་ལས་ཀྱི་ཆོ་ག་བསྐང་བ་དང་སྔར་མ་བཤད་པའི་ལས་རྣམས་བསྟན་པར་བྱ་བའི་ཕྱིར་ལེའུ་བཞི་པ ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནས་ཞེས་བྱ་བ་ནི་ལས་ཀྱི་ཚོགས་བསྟན་པའི་འོག་ཏུའོ། །བཅོམ་ལྡན་འདས་ལ་ཞེས་བྱ་བ་ནི་བཞི་པའི་དོན་གྱིས་བདུན་པ་ཡིན་ནོ། །སླར་ཡང་ཞེས་བྱ་བ་ནི་ལས་ཀྱི་ཚོགས་སྔར་བསྟན་པ ་ཉིད་ཡང་གསལ་པར་བྱས་པས་སོ། །འདི་སྐད་ཅེས་བྱ་བ་ནི་འོག་ནས་འབྱུང་བ་སྐད་དོ། །མཆོད་ཅིང་ཞེས་བྱ་བ་ནི་ཕྱི་ནང་གི་མཆོད་པས་མཆོད་ནས་སོ། །ལས་ཐམས་ཅད་ཀྱི་ཚོགས་ཞེས་བྱ་བ་ནི་ཆར་དབབ་པ་དང་གོང་བུ་དགུག་པ་ལ ་སོགས་པའི་ལས་ཀྱི་ཚོགས་སོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་ཀྱི་འོག་ཏུའོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཆར་འབེབས་པ་ལ་སོགས་པའི་རིག་པ་སྟོན་ཅིང་གསལ་བར་མཛད་པའི་ཕྱིར་རོ། །གྷི་ལི་གྷི་ལི་ཞེས ་བྱ་བ་ལ་སོགས་པ་ནི་ཕལ་པའི་སྐད་དེ་མཚོན་པར་བྱ་བ་ཡིན་ལ་དེ་ནི་འོག་ནས་ལེགས་པར་སྦྱར་བས་མཚོན་པར་བྱའོ། །དེ་ལ་བ་ཛ་དེའི་ནི་བ་རི་ས་བ་རི་ས་ཡ་ཧཱུཾ་བྷུ་སྭཱཧཱ། ཞེས་བྱ་བ་ནི་དང་པོའོ། །གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི ་གཉིས་པ་སྟེ། ཐ་ཞེས་བྱ་བ་གསུམ་ནི་བརྡ་ཡིས་ཕཊ་ཅེས་བྱ་བ་ཡིན་ནོ། །ས་ས་ཧ་ཧ་ཞེས་བྱ་བ་གཉིས་གཉིས་ནི་སྔགས་གཉིས་ཀྱི་སྭཱཧཱ་གཉིས་སོ། །ོཾ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཨོཾ་བཏུ་བ་བསྟན་ཏེ། ཏཾ་ལ་ཡ་ནི་ཐིག་ལེའོ། ། ་དེས་ནི་ཨོཾ་གྷི་ལི་གྷི་ལི་བར་ཥ་ཡ་བར་ཥ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བྱ་བར་འགྱུར་ཏེ་སྤྲིན་བརྒྱད་ཀྱི་སྔགས་སོ། །དེས་ན་གསུངས་པ་དེ་ནི་ཆུ་འཛིན་བརྒྱད་ལ་གནས་ཞེས་བྱ་བ་སྟེ། རྟག་ཏུ་སྤྲིན་བརྒྱད་ལ་འཇུག་ཅིང་གནས ་སོ་ཞེས་བྱ་བའི་དོན་ཏོ། །ོཾ་བཛྲ་ཌཱ་གི་ནི་པ་ར་ཥ་བར་ཥ་པ་ཡ་ཧཱུཾ་བྷུ་སྭཱཧཱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཆར་དབབ་པ་དང་འབྲེལ་བའི་སྔགས་སོ། །དེ་ཉིད་ཀྱིས་ནམ་མཁའ་འགྲོ་མའི་རིག་སྔགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ ་ཆེན་པོའི་རང་བཞིན་ནོ་ཞེས་བྱ་བ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་སོ། །དེ་ཡང་ཕལ་བའི་སྐད་ཀྱིས་འབུམ་ཕྲག་གཅིག་བཟླས་པས་འགྲུབ་པ་ལེགས་པར་སྦྱར་བའི་སྐད་ཀྱིས་འབུམ་ཕྲག་གཉིས་བཟླས་ན་འགྲུབ་པར་འགྱུར་རོ།། ་ཨོཾ་ནི་གཉིས་ཀ་དང་འབྲེལ་བར་བལྟ་བར་བྱའོ། །ད་ནི་གོང་བུ་དགུག་པ་གསུངས་པ། ན་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ན་མ་ཞེས་བྱ་བ་ལ་སོགས་པ་ལ་མཧཱ་ཀཱ་ལ་ཨ་ནུ་ཙ་ར་ཡ་ཞེས་བྱ་བ་ནི་ལྷ་ཆེན་པོ་སྟེ། ནག་པོ་ཆེན་པོ་དང ་ལྷན་ཅིག་ཏུ་རྒྱུ་བའི་ཕྱིར་རོ། །ན་མ་ཞེས་བྱ་བ་ནས་ཏདྱ་ཐཱ་ཞེས་བྱ་བའི་བར་ནི་མཚམས་སྦྱར་བའི་གཞུང་སྟེ་སྔགས་ནི་མ་ཡིན་ནོ། །ོཾ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་དགུགས་པའི་སྔགས་ཏེ། བསྙེན་པ་ཁྲི ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བས་སོ། །མཚན་ཕྱེད་ན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་དུས་གསུམ་དུའོ། །གོང་བུ་དགུག་པ་ཞེས་བྱ་བ་ལ། གོང་བུ་ནི་ལུས་ཏེ་རླུང་གི་དཀྱིལ་འཁོར་ལ་གནས་ནས་བར་སྣང་ལས་ཅིག་ཅར་འོང་བ་ནི ་གྲོང་བུ་དགུག་པའོ། །དེ་སྐད་དུ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་སྔར་བསྙེན་པ་ཁྲི་བྱས་ཏེ། ལྷ་ཆེན་པོའི་གཟུགས་བརྙན་བྱས་ལ། དེའི་དྲུང་དུ་བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དམར་པོར་གནས་ནས་སྒྲུབ་པར་བྱ་བ་མདོག་དམར་པོ་རླུང ་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་རང་གི་སྙིང་ག་ནས་འཕྲོས་པའི་སྔགས་ཀྱི་འོད་ཀྱིས་བསྐོར་བར་བསམས་ལ། ཨོཾ་ཙ་ལ་པྲ་ཙ་ལ་ལ་ལ་ལ་ལ་ཡ་དེ་བ་ལིང་ག་ལྟ་བྱིན་ཨཱ་ན་ཡ་སྭཱཧཱ། ཞེས་སྤེལ་ཏོ། །ཉི་མ་བདུན་ནམ་བཅུ་གསུམ་མམ ་ཉི་ཤུ་རྩ་གཅིག་དུ་དུས་གསུམ་དུ་བཟླས་ན་འོང་བར་འགྱུར་རོ་ཞེས་སྟོན་ཏོ། །ཡང་ན་མཚན་ཕྱེད་ན་ཇི་སྲིད་འོང་གི་བར་དུ་བཟླའོ། །ོཾ་ཙ་མུཎྜི་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་ཙ་མུཎྜིའི་སྔགས་སོ། །རྡོག་པས་མནན་ཏེ་ཞེས་བྱ་བ་ནི་ལིངྒ་ཞེས་བྱ་བ ་སྔ་མ་དང་འབྲེལ་ཏེ། ཁུག་ཞེས་བྱ་བ་ནི་རྐང་པས་འོང་བའོ། །དབང་དུ་འགྱུར་རོ་ཞེས་བྱ་བ་བདག་ལ་ཆགས་པ་སྟེ། ནོར་དང་བཅས་པར་དབང་དུ་འདུས་པའོ། །འདིར་ཡང་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་རྐང་པ་གཡོན་པའི་འཐིལ་ལ་སེན ་རྩིས་རི་བོ་ལྷུན་པོ་བྲིས་ཏེ། དེའི་ནང་དུ་གྲཱ་བཞིར་ཡི་གེ་ཧྲི་བཞི་བྲིས་ལ་དབུས་སུ་སྔགས་ཀྱི་ཚིག་བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲིས་ནས་རྐང་པ་དེ་ཉིད་ཀྱིས་ལྷ་ཆེན་པོའི་གཟུགས་བརྙན་མནན་ལ་དུས་གསུམ་དུ་སྔགས་ཀྱི་ཚིག་ལྷས ་བྱིན་བདག་གི་དབང་དུ་གྱུར་ཅིག་བྱ་བ་དང་སྤེལ་ཏེ་བཟླས་ན་ཁུགས་པར་འགྱུར་རོ། །ད་ནི་མངོན་སྤྱོད་གསུངས་པ། སྐྱེས་བུའི་ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་ཆ་ཞེས་བྱ་བ་ཆ་སྟེང་མ་སྟེ། འོག་གི་ཆ་ཕུར་པའི་གཟུགས་རྩེ་གཅིག་པར་བྱ་བའི ་ཕྱིར་རོ། །བྱས་ལ་ཞེས་བྱ་བ་ནི་བརྐོ་བའོ། །གཅོང་ནང་ཆེན་པོ་ནི་ནད་ཀྱིས་འཚེ་བའོ། །འབྱུང་བ་ནི་སྐྱེ་བ་སྟེ་གནས་པ་ནི་ཡུན་རིང་དུ་གནས་པའོ། །འདིས་ཀྱང་སྔོན་དུ་སྟོབས་པོ་ཆེའི་སྔགས་བསྙེན་པ་ཁྲི་བྱས་ལ་དེའི་འོག་ཏུ་སྐྱེས་བུའི་བྱིན་པ་གཡོན ་པའི་ཐུར་མ་ལ་སྟེང་གི་ཚར་ཚོགས་ཀྱི་དབང་ཕྱུག་ཇི་སྐད་བསྟན་པ་བཞིན་དུ་བྱས་ཏེ། ཇི་སྐད་སྨོས་པའི་རྫས་ཀྱི་ནང་དུ་བཙོས་ནས་སྟོབས་པོ་ཆེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། གང་གི་ཁྱིམ་སྒོར་སྦས་པ་དེ་ལ་ཡུན་རིང་དུ་ནད་ཆེན་པོ ་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །སྟོབས་པོ་ཆེའི་སྔགས་གསུངས་པ། ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའོ། །ཆར་དེ་བབ་པ་གསུངས་པ། གྲོགས་མཁར་གྱི་ས་དང་ཞེས་བྱ་བ་ལ་སོགས་པ་ལ། གྲོག་མཁར་གྱིས་ནི་གྲགས་པར་ཟད་དོ།། ་བའི་རྣམ་པ་ལྔ་ནི་བའི་འོ་མ་དང་ཞོ་དང་མར་དང་གཅིན་དང་ལྕི་བ་རྣམས་སོ། །ཀ་ར་བཱི་རའི་ལྕུག་མ་ནི་ཀ་ར་བཱི་རའ་ཡལ་ག་དང་འདབ་མ་དང་བཅས་པའོ། །དཀར་གསུམ་གྱི་གཏོར་མ་ནི་འོ་མ་དང་ཞོ་དང་འབྲས་ས་ལུའི་གཏོར་མའོ། ལྷག་མ་ནི ་གོ་སླའོ། །དེས་ཀྱང་འདི་སྐད་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་གྲོག་མཁར་གྱི་ས་ལ་སོགས་པ་ལ་ཀཱུ་བཱ་སུ་ཀ་མདོག་སེར་པོ་ཇི་སྐད་སྨོས་པའི་མཚན་ཉིད་ཅན་བྱས་ལ་ཀ་ར་བཱི་རིའི་ལྕུག་མས་བཀང་སྟེ་དཀར་གསུམ་གྱི་གཏོར་མ་བྱིན་ལ་ཉིན་ཞག་བདུན་དུ ་བརྒྱུན་མི་བཅད་པར་གུ་གུལ་གྱི་བདུག་པས་བདུག་ཅིང། ཀ་ར་བཱི་རའི་ལོ་མས་རྐང་པ་བརྒྱད་པའི་སྔགས་ཟློས་ཤིང་རྒྱུན་མི་ཆད་པར་ཆུ་གཏོར་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ་ཞེས་སྟོན་ཏོ། །ཁ་ཅིག་ན་དེ་བཱ་སུ་ཀའི་གཟུགས་ཁམ་པོར་གྱི་སྟེང་དུ ་བཞག་ལ་ཨ་ཤོ་ཀའི་ཡལ་གས་བཏབ་སྟེ། དཀར་གསུམ་གྱི་གཏོར་མ་དུས་གསུམ་དུ་བྱིན་ལ་སྟེང་ན་གནས་པའི་བུམ་པ་བུ་ག་ཕྲ་མོ་ལས་ཆུ་རྒྱུན་འཇིག་པས་རྒྱུན་མི་འཆད་པར་བཀྲུ་ཞིང་སྐབས་སུ་གུ་གུལ་གྱིས་བདུག ་པ་དང། ཀ་ར་བཱི་རའི་ལྕུ་གམས་ཆུ་གཏོར་བར་བྱའོ། ཞེས་ཟེར་རོ། །ཧཱུཾ་བཞིའི་སྔགས་དེ་ལ་ཟློས་ཤིང་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཆར་དབབ་པ་ལའོ། །ད་ནི་ངག་བཅིང་བ་གསུངས་པ། ཨོཾ་ག་ག་ཨ་རི་ག་ག་སྭཱཧཱ། ཞེས་བྱ་བ་ལ་སོགས་པ་ལ། སྔགས་འདིས་ཞེས་བྱ་བ ་ནི་འདས་མ་ཐག་པའི་སྔགས་ཀྱིས་སོ། །ནང་པར་སྔར་གདོང་བཀྲུས་པ་ལས་ལངས་ཏེ་སྔགས་འདི་ལན་བདུན་བཟླས་པའི་ཆུས་གདོང་དང་རྡེའུ་བཀྲུས་ལ་བཟླ་ཞེས་བྱ་བའི་དོན་ཏོ། །གང་ཡང་རུང་བའི་བུ་ག་ཞེས་བྱ་བ་ནི་བྲ་བ་ལ་སོགས་པའི་ཁུང་བུའི་བུ་གའོ། །ཇི་ལྟར ་གཞུག་ཅེ་ན་ཆེ་གེ་མོའི་ཞེས་བྱ་བ་ལ་སོགས་པ་སྟེ། ལྷས་བྱིན་གྱིས་ཁ་ཆིངས་ཤིག་ཅེས་ཡིད་ཀྱིས་སམ་དངོས་སུ་བརྗོད་ནས་སོ། །ཡང་ན་གདོང་མ་བཀྲུས་པར་ཞེས་བྱ་བ་ནི་མ་བཀྲུས་པ་ཉིད་དུ་ལས་འདི་བྱའོ་ཞེས་པའི་དོན་ཏོ། །མུ་ཁ་ཏིཥྛནྟ་ཞེས་བྱ་བ་ལ་སོགས ་པ་ལ། གླང་གི་ལྕི་བ་ནི་ཁྱུ་མཆོག་གི་ལྕི་བ་སྟེ། དེ་ལ་སྔགས་བཟླ་ཞེས་བྱ་བ་དང་འབྲེལ་ཏོ། །འདིས་ནི་ཁྱུ་མཆོག་གི་ལྕི་བས་ལ་མེ་ལྷུང་བ་ལ་སྔགས་ལན་བདུན་བཟླས་ཏེ་བྱི་བའི་ཁུང་སྒོ་གནམ་དུ་བལྟས་པའི་ནང་དུ་བཅུག་ན་ཇི་སླད་སྨོས་པ་བཞིན་དུ་འགྱུར་རོ། །ཁ ་ཅིག་ནི་འདིར་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་བས་སྔགས་འདིས་གདོང་མ་བཀྲུས་པར་ལས་བྱའོ་ཞེས་ཟེར་རོ། །ང་ནི་ལེའུ་གསུམ་པ་ལས་གནས་དབེན་པར་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་བསྟན་པའི་སྔགས་གསུངས་པ། ཨ་ཀཱ་རོ་ཞེས་བྱ་བ་ལ ་སོགས་པ་སྟེ། ནི་ཞེས་བྱ་བ་ནི་རྩ་བ་རྐང་པའོ། །ལྷག་མ་ནི་གོ་སླའོ། །དེས་ནི་ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦབ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏཔནྣཱ་ཏྭཱ་ཏ་ཅེས་བྱ་བར་འགྱུར་ཏེ། ཨོཾ་ཞེས་བྱ་བ་མན་ངག་ལས་ཤེས་པར་བྱའོ། །སྔོན་དུ་གསུངས་པའི་སྦྱོར་བ་ནི་གོ་སླའོ། །དེ་ཡང་ཞེས ་བྱ་བ་ནི་སྦྱོར་བ་གཞན་བསྟན་པ་སྟེ། དེ་ཡང་བླ་གབ་དང་བྲལ་བའི་གནས་དབེན་པར་ལྷའི་རྣལ་འབྱོར་དང་ལྡན་པས་ཆར་དབབ་པའི་བློས་སྔགས་འབའ་ཞིག་བཟླས་ན་བརྒྱ་བྱིན་གྱིས་ཆར་བ་འབེབས་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། བློ་གྲོས་ཆེན་མོ་ཞེས་བྱ་བ་ནི་ལྷ་མོ ་ལ་བོད་པ་སྟེ། གང་ལ་བློ་ཆེན་པོ་ཡོད་པ་དེ་ནི་བློ་གྲོས་ཆེན་མོ་སྟེ་བཅོམ་ལྡན་འདས་མའོ། །མདུན་ནས་ཏེ་ཞེས་བྱ་བ་ནི་གདོང་གིས་བལྟས་པ་སྟེ་སྤྲིན་གྱི་ཕྱོགས་སུ་གདོང་པ་བལྟས་པའོ། །མཁར་གནས་རྣམས་ཀྱིས་ངེས་པར་ནི། ཆུ་ནི་རབ་ཏུ་མང་པོ་འབེབས ་ཞེས་བྱ་བ་ནི་སྤྲིན་མེད་པར་ཡང་ནམ་མཁའ་ཉིད་ལས་ཆར་འབེབས་སོ་ཞེས་བྱ་བའི་དོན་ཏོ། །སྡེ་ཚན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྡེ་ཚན་གྱི་མཛའ་མ་ནི་སྡེ་ཚན་བརྒྱད་ཀྱི་མཛའ་མ་སྟེ་ཧའོ། །དབྱངས་ཡིག་བཞི་པ་ནི་ཨའི་སྟེ། དེ་དག་གིས་ནི་ཧྲི་ཞེས་བྱ ་བར་འགྱུར་རོ། །ཉལ་བའི་སྔས་ཀྱི་ས་གཞི་ཞེས་བྱ་བ་ནི་རྨག་པ་ལ་སོགས་པ་གང་ཞིག་ཆགས་པའི་དབང་དུ་བྱས་པའི་སྐྱེས་པའམ། བུད་མེད་ཉལ་བའི་སྔས་ཀྱི་ས་གཞི་ལ་བྲི་བའོ། །རང་གི་ཁྲག་ཅེས་བྱ་བ་ནི་དབང་དུ་བྱ་བར་འདོད་པ་རང་གིའོ། །སྙིང ་པོ་ལ་ཞེས་བྱ་བ་ནི་ཡི་གེ་ཧྲཱིའི་ལྟོ་བར་རོ། །ཅི་ཞིག་བྲི་ཞེ་ན། མིང་ཞེས་བྱ་བ་སྟེ། ཆགས་པར་བྱ་བའི་བུ་མོ་ལ་སོགས་པའོ། །ནམ་ཞེ་ན། ཉལ་བའི་དུས་སུའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ན་ཨེ་ཤོ་ཀ་ལ་སོགས་པའི་མེ་ཏོག་གོ་།བདུག་པ་ཞེས་བྱ ་བ་ནི་འོག་ནས་འབྱུང་བའི་དབང་གིས་བདུག་པ་སྟེ། དེས་པ་དག་ཉིད་ལ་འདུག་པའོ། །འདིར་བསྡུས་པའི་དོན་ནི་ཉལ་བའི་སྔས་ཀྱི་ས་གཞི་ལ་ཙན་དན་གུར་གུམ་ལ་སོགས་པའི་དྲི་དམར་པོས་བྱུགས་ནས། ཨ་ཤོ་ཀ་ལ་སོགས་པའི་སྨྱུ་གུས་རང་གི་ཁྲག ་གིས་ཡི་གེ་ཧྲཱི་བྲིས་ལ་དེའི་ལྟོར་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག་ཅེས་བྲིས་ཏེ་མེ་ཏོག་དམར་པོ་གཏོར་ལ་བདག་ཉིད་བདུག་པས་བདུག་ཅིང་ཙ་མུཎྜའི་སྔགས་བཟླས་ན་བདུལ་དཀའ་བ་རྣམས་ཀྱང་དབང་དུ་འགྱུར་ཞེས་བྱ་བ་ཡིན་ནོ། །སྦྱོར་བ?་གཞན ་གསུངས་པ་སྙིང་གར་ཉི་མ་ལ་ཧཱུཾ་བསྒོམས་སྟེ། རང་གི་ལྷག་པའི་ལྷ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པར་བསྒོམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་ནི་སྔར་ལེའུ་གསུམ་པར་རྡོ་རྗེ་ཧཱུཾ་མཛད་ལ་སོགས ་པའི་ཁྲོ་བོའི་དཀྱིལ་འཁོར་པའི་ལུས་ཀྱི་གཟར་བུ་ལས་བྱུང་བའི་ཆུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་འཐོར་བར་བསམ་མོ་ཞེས་བྱ་བ་དང་འབྲེལ་བ་ཡིན་ཏེ། འདིར་དགོས་པ་ནི་མ་ཡིན་ནོ། །འདིའི་དོན་འདི་ཡིན་ཏེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ ་ཡི་གེ་ཧཱུཾ་བཀོད་དེ། ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་རང་གི་ལྷར་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེས་མཚན་པའི་རང་གི་ལུས་ཀྱི་གཟར་བུས་ཆུ་གཏོར་བར་བྱའོ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་སོ་ཅན་ཞེས་བྱ་བ་ལ་སོགས་པ་ལ། རྡོ ་རྗེ་སོ་ཅན་གྱི་ཁྲག་གིས་བྲིས་ལ་སྐུད་པ་དམར་པོས་བཀྲི་བར་བྱའོ། །ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་ས་ཅན་ཞེས་བྱ་བ་ནི་མཛུབ་མོ་སྟེ་རྡོ་རྗེ་མཆེ་བ་ཅན་ཞེས་ཟེར་བའི་ཕྱིར་རོ། །རླུང་གི་ས་བོན་ཞེས་བྱ་བ་ནི་ཡི་གེ་ཡི་ངོ། །སྐུལ་ཚིག་ཅེས་བྱ་བ་ནི་འདིས ་བསྐུལ་བར་བྱེད་པས་ན་བསྐུལ་ཚིག་དེ་མིང་ཉིད་དོ། །ཧཱུཾ་ཊཀྐི་ཞེས་བྱ་བའི་ས་བོན་གཉིས་ཀྱི་དབུས་སུ་ཞེ་བྱ་བ་ནི། ཨོཾ་ཊཀྐི་ཛ:ཧཱུཾ་ཞེས་བྱ་བའི་སྔགས་གཉིས་ཀྱི་བར་གྱི་གོ་སྐབས་སུའོ། །ོཾ་ཞེས་བྱ་བ་ནི་མན་ངག་གིས་ཤེས་པར་བྱའོ། །ལྕགས ་ཀྱུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སོ་ཕག་གི་དབུས་སུ་ཞེས་བྱ་ནི་སོ་ཕག་ཁ་སྦྱར་བའི་དབུས་སུའོ། །བཅུག་པ་ནི་འཁྲུལ་འཁོར་དུ་བཞུག་པའོ། །རླུང་མཚམས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་བཞག་པར་ཤེས་པར ་བྱའོ། །རྐང་པས་མནན་ཏེ་ཞེས་བྱ་བ་ནི་སོ་ཕག་དེ་རྐང་པས་བརྫིས་པའོ། །དེ་དག་གིས་ནི་འདི་སྐད་དུ་ཧཱུཾ་ལས་བྱུང་བ་མདོག་སྔོན་པོ་གཡས་པ་དང་རྩ་བ་དང། གཡོན་པའི་ཞལ་དཀར་པོ་དང། སྔོན་པོ་དང། དམར་པོའི་མདོག་ཅན། ཕྱག་དྲུག ་ལ་དང་པོ་གཉིས་འོད་ཀྱི་རིག་མ་ལ་འཁྱུད་པའོ། །ལྷག་མའི་ཕྱག་གིས་ལྕགས་ཀྱུ་དང། ཞགས་པ་དང། རལ་གྲི་དང། ནོར་བུ་བསྣམས་ཤིང་རོལ་པའི་གཟུགས་ཅན་པདྨའི་སྟེང་དུ་ཉི་མ་ལ་གཡོན་བརྐྱང་གིས་བཞུགས་པ་ལྷའི་རྒྱན་ཅན་སྤྱན་གསུམ་པ ་ཊཱིཀྐ་རཱ་ཛ་རེ་བསྒོམས་ལ་གྲོག་འམ་རས་ལ་མཛུབ་མོའི་ཁྲག་དང་ཤིང་ཛཱ་ཏིའི་མྱུ་གུས་ཡི་གེ་ཡཱི་དབུས་སུ་ཨོཾ་ཊཀྐི་ཛ:ཧཱུཾ། ལྷས་བྱིན་ཨཱ་ན་ཡ་ཨོཾ་ཊཀྐི་ཛ:ཧཱུཾ་ཞེས་བྱ་བ་བྲིས་ལ་སོ་ཕག་ཁ་སྦྱར་བའི་དབུས་སུ་བཅུག་སྟེ་སྐུད་པ་དམར་པོས་བཀྲ་ཤིས་ནས ་གཡོན་བརྐྱང་གི་སྟབས་ཀྱིས་གཡས་པ་མནན་ལ། བསྒྲུབ་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། ཊཀྐི་ར་ཛ་སྤྲོས་ནས་མགྲིན་པ་ཞགས་པས་བཅིངས་ལ་སྙིང་ལྕགས་ཀྱུས་ཕུག་སྟེ། ཁུགས་པར་བསམས་ལ་སྔགས་དེ་བཟླས་པར་བྱའོ་ཞེས་སྟོན ་ཏོ། །སྦྱོར་བ་དེ་ཉིད་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ། ཙ་མུཎྚའི་སྔགས་ཀྱིས་ཀྱང་དགུག་པར་བྱའོ། །བཏོན་ནས་ཞེས་བྱ་བ་ལ་སོགས་པ་ལ། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྲིད་འཁྲུལ་འཁོར་མ་བཏོན་གྱི་བར་དུ་གནས་པར་མི ་འགྱུར་ཏེ། དཔེར་ན་རྫ་མཁན་གྱི་འཁོར་ལོ་ལན་ཅིག་བསྐོར་བའི་འཕེན་ཤུགས་ཀྱིས་འཁོར་བ་ལྟར་སྦྱོར་བ་ལན་ཅིག་བཟླས་པས་རྒྱུན་ཏུ་མ་བཟླས་ཀྱང་ཡུལ་དུ་སླར་མི་འཁོར་ལ་སྔགས་མ་བསྒྲུབས་པར་འཁྲུལ་འཁོར་ཙམ་གྱིས་ཀྱང་བསྐྲད ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཞན་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ནི་སྒྲུབ་པ་པོ་བདག་ཉིད་དང་བསྒྲུབ་པར་བྱ་བའི་བུ་མོའོ། །ོཾ་དམར་པོ་སྤྱི་བོར་ཡང་ཞེས་བྱ་བ་ལ་སྒྲུབ་པ་པོ་དང་བསྒྲུབ་པར་བྱ་བ ་གཉིས་ཀའི་སྤྱི་བོར་ཨོཾ་དམར་པོ་བསྒོམ་པའོ། །ཡང་ཞེས་བྱ་བ་ནི་བསྡུ་བ་སྟེ་གཉིས་ཀའི་སྙིང་གར་མི་དམར་པོ་དགོས་པའོ། །བུ་མོའི་ཁ་ནས་ཞེས་བྱ་བ་ལ། ཁ་ནི་སྒོ་སྟེ་སྣའི་བུ་གའོ། །ནས་ཞེས་བྱ་བ་ནི་ལྔ་པ་སྟེ། དེའི་སྣ་སྒོ?་གཡོན་པ་ནས་བདུག? ་གི་སྣ་སྒོ་གཡས་པར་འཇུག་པའོ། །ཕྲེང་བ་ནི་མགལ་མེའི་འཁོར་ལོ་ལྟར་འགྲོ་བ་དང་འོང་བའོ། །ལྷག་མ་ནི་གོ་སླའོ། །འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བ་དང་ལྡན་པས་རྐང་པ་བརྒྱད་པའི ་སྔགས་སྔོན་དུ་བསྙེན་པ་བྱས་ལ། བདག་ཉིད་མི་དམར་པོ་ལས་ཡིད་དུ་འོང་བའི་བུ་མོའི་གཟུགས་སུ་བསྐྱེད་དེ། ཨོཾ་དང་མི་དམར་པོའི་ས་བོན་སྤྱི་བོ་དང་སྙིང་ཀར་བཀོད་ལ། བསྒྲུབ་པར་བྱ་བ་ཡང་དེ་བཞིན་དུ་བསྐྱེད་ནས་བདག་གི་སྣ་སྒོ་གཡོན་པ་ནས ་འོད་ཟེར་ཕྱུང་སྟེ། དེའི་སྣ་སྒོ་གཡས་པར་ཞུགས་ནས་ལུས་དང་ངག་དང་སེམས་ཀྱི་འོད་གོང་བུར་བཟུང་སྟེ། སླར་བདག་གི་སྣ་སྒོ་གཡས་པ་ནས་སྤྱི་བོ་དང་སྙིང་གར་ཞུགས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་འགྲོ་བ་དང་འོང་པ་བསམ་ལ། ཨོཾ་མཾ་ཆེ་གེ ་མོ་བ་ཤ་མ་ན་ཡ་ཞེས་བཟླས་ན་དབང་དུ་འགྱུར་རོ། །སྦྱོར་བ་གཞན་གསུངས་པ། བུད་མེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ཀྱི་གཅི་བའི་ཤུལ་གྱིས་ཞེས་བྱ་བ་ནི་གང་དང་གང་དུ་གཅི་བ་བྱས་པའི་ས་སྟེ། དེ་དང་རང་གི་གཅི་བའི་ཤུལ་གྱི་ས ་གཅིག་ཏུ་བྱས་ལ། ཆོས་འབྱུང་བའི་གཟུགས་བྱ་བའོ། །སྔགས་ལན་བདུན་བཟླ་ཞེས་བྱ་བ་ནི་ཙཱ་མུཎྜི་ལ་སོགས་པའི་སྔགས་རང་གི་མཚན་མ་ལ་ལན་བདུན་བཟླ་པའོ། །དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླའོ་ཞེས་བྱ་བ་ཡང་སྔགས་དེ་ཉིད་དེ། ་འདིར་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ཚུལ་གཞན་གསུངས་པ་སྐྱེས་པའི་ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། མིང་ནི་བསྒྲུབ་པར་བྱ་བའི་མིང་ངོ། །སྤེལ་བའི་སྔགས་ཞེས་བྱ་བ་ལ་སྔགས་ནི་རིག་པའི་རྒྱལ་པོ་ཞེས ་བྱ་བ་དང་སྦྱར་ཏེ། ཙཱ་མུཎྜི་ལ་སོགས་པའི་སྔགས་སོ། །སྤེལ་བ་ནི་དགུག་པ་དང་དབང་དུ་བྱ་བ་ལ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཞེས་བསྐུལ་ཚིག་དེར་སྤེལ་བའོ། །ལྷའི་འཇིག་རྟེན་ཞེས་བྱ་བ་ནི་ལྷའི་བུ་མོ་རྣམས་སོ། །ལས་ཀྱི་ཆོ་ག་དེ་ལྟར་ཡང་ཞེས་བྱ ་བ་ལ། ཡང་ཞེས་བྱ་བ་ནི་དགུག་པ་འབའ་ཞིག་མ་ཡིན་གྱི་ཆོ་གའི་རྣམ་པ་དེས་དབང་དུ་བྱ་བ་ཡང་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་དུག་དང་སྐེ་ཚེས་ཆེ་གེ་མོ་ཨུ་ཅ་ཊ་ཡ་ཞེས་བྱ་བའི་བསྐུལ་ཚིག་ཉི་མ་ཝནྟ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་དང ་སྤེལ་ཏེ་བྲིས་ལ་སྔགས་དེ་ཉིད་བཟླས་ན་བསྐྲད་པར་འགྱུར་རོ་ཞེས་ཟེར་ཏེ། ཡང་ཞེས་བྱ་བ་ནི་སྨོས་པ་བསྡུ་བ་ཡིན་ཏེ། དགུགས་པའི་ལས་བློ་ལ་བསྔོགས་ནས་ཡང་ཞེས་གསུངས་པ་ཡིན་ནོ། །ཡང་ན་མ་སྨོས་པ་བསྡུ་བ་སྟེ། དེའི་ཚེ་ཐོད་པ་ལ་སོགས་པའི ་ལས་ཀྱི་ཆོ་ག་འདིས་བསྐྲད་པ་ལ་སོགས་པ་ཡང་བྱ་བ་ཡིན་ནོ། །བསྐྲད་པའི་ཆོ་ག་གསུངས་པ། དུག་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་དུག་ཅན་ནི་སྦྲུལ་ལོ། །གནོད་སྦྱིན་སྨྱོན་པ་ནི་ཁྱི་སྨྱོན་པའོ། །སྦ་བ་ནི་བསྐྲད་པའི་སྔགས་ཀྱི་སྔགས་ཀྱིས་མངོན་པར ་བཟླས་ཏེ་སྦ་བའོ། །ལུས་ཀྱི་དུས་སུ་ཞེས་བྱ་བ་ནི་བསྐྲད་པའི་ལས་ཀྱི་དུས་སོ། །ཁྲོ་བ་དང་བཅས་པ་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་རྣལ་འབྱོར་དུ་བྱ་བའོ། །སྔགས་ཞེས་བྱ་བ་ཡང་དེ་ཉིད་ཀྱི་སྔགས་སོ། །ཁ་ཟས་ནི་སྡེར་ན་གནས་པའོ། །གཞུག ་པ་ནི་བཟའ་བ་དང་འཕང་བའོ། །དེ་དག་གིས་ནི་འདི་སྐད་དུ་ནག་པོ་ཆེན་པོའི་རྣལ་འབྱོར་ལ་གནས་ཏེ། སྡེར་ན་གནས་པའི་ཁ་ཟས་ལ་དེ་ཉིད་ཀྱི་སྔགས་ཀྱིས་བཟླས་ལ། ཁ་ཟས་དེ་བསྒྲུབ་པར་བྱ་བའི་གཟུགས་སུ་བསམས་ནས་ཁྲོ་བ་དང་བཅས། ་ནས་ཆང་བུ་གཅོད་པའི་ཚེ་ཆེ་གེ་མོའི་མགོ་བཅང་པར་བསམས་ཤིང་ཁར་འཇུག་པའི་ཚེ་ཆེ་གེ་མོའི་མགོ་ཟ་བར་བསམས་ནས་སོས་བཏབ་སྟེ་ཕྱེད་ཁར་ལྡད་ཅིང་ཕྱེད་བསྒྲུབ་བྱའི་ཕྱོགས་སུ་འཕངས་པའི་ལས་འདི་ཉི་མ་བདུན་དུ་བྱས་ན་ཇི ་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཁ་ཅིག་ནི་བསང་པའི་ལས་ཡིན་ནོ་ཞེས་ཟེར་རོ། །བཅིང་བ་གསུངས་པ། ལྕི་བ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་བརྙན་ཞེས་བྱ་བ་ནི་མདོག་ལ་སོགས་པ་དེ་དང་འདྲ་བའི་གཟུགས་འཛིན་པའོ། ་རས་མའི་དུམ་བུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཏཱ་ལའི་འདབ་མ་ལ་སོགས་པ་ཡང་ཉེ་བར་བཟུང་ངོ། །མིང་ཞེས་བྱ་བ་ཡང་མཚོན་པ་སྟེ། ཨོཾ་ཨ་ལི་བྷ་ལི་བྷ་ར་ཙུ་ལི་ཆེ་གེ་མོ་སྟཾ་བྷ་ན་ཀུ་རུ་སྭཱཧཱ་ཞེས་སྤེལ་ཏེ་བྲིའོ། ་གཏུན་ཤིང་ལ་སོགས་ལན་བདུན་བཟླས་ཏེ། ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་སྔགས་བཟླས་མ་ཐག་པ་དེ་ཉིད་གཏུན་ཤིང་ལ་ལན་བདུན་བཟླས་ཏེ་ལན་བདུན་དུ་གདོང་བཙོག་པར་བྱ་བའི་དོན་ཏོ། །ཡང་ན་ལེའུ་དྲུག་པ་ལས་བསྟན་པའི་ཨོཾ་ཛོཾ ་བྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་དེ་ལྟར་བྱས་ན་ཡང་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །སྦྱོར་བ་གཞན་གསུངས་པ་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་གཡུལ་དུ་བསང་བའི་རས་ལ་བུ་མོ་དྲིས་ན་འོང་བར་འགྱུར་རོ་ཞེས་བྱ་བ་དང ་འབྲེལ་ཏོ། དཔའ་བོ་གཡུལ་དུ་བསང་བ་ནི་དགྲའི་ཕྱོགས་སུ་བལྟས་ཏེ་ཤི་བའོ། །རས་ནི་དེའི་གོས་ཏེ་དེར་བྲི་བའོ། །ཅི་ཞིག་ཅེ་ན། གཟུགས་བརྙན་ཏེ་ཡན་ལག་དང་ཉིང་ལག་ལ་ཡོངས་སུ་རྫོགས་པའི་གཟུགས་སོ། །ཅིས་ཞེ་ན། རི་མོ་སྟེ་ཚོན་གྱིས་བྲི་པའོ། །ཇི་ལྟར ་བྱས་པས་ཞེ་ན། བ་ལང་གི་རྡུལ་དང་ཞེས་བྱ་བ་ལ་སོགས་པ་ལ་བ་ལ་དཱི་རྡུལ་ནི་བ་ལང་གི་སྡུའོ། །བུ་པ་ཏ་ལི་ནི་ཤིང་བུ་པ་ཏ་ལི་ཞེས་གྲགས་པའོ། །དེ་ཡང་རླན་ལས་སྐྱེས་ཤིང་སྡོང་པོ་ཕྲ་ལ་ལྕུག་མ་ས་ལ་ཟུག་ཅིང་མེ་ཏོག་ཁ་ཐུར་དུ་བལྟས་པ ་སྟེ། དེའི་རྩ་བའོ། །དེ་དག་གིས་ནི་འདི་སྐད་དུ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་པས་མངོན་པར་འདོད་པའི་བུ་མོའི་གཟུགས་ཇི་ལྟ་བ་བཞིན་དུ་གསལ་པོར་བྲིས་ལ་བ་ལང་གི་སྤུ་དང། བུ་པ་ཏ་ལའི་ཙ་བ་ལ་ཙ་མུཎྜིའི་སྔགས་བརྒྱ་རྩ་བརྒྱད ་སྔོན་དུ་བཟླས་པའི་བདུག་པས་བདུགས་ན་འོངས་ནས་མདུན་དུ་གནས་པར་འགྱུར་རོ། །ཞེས་སྟོན་ཏོ། །བཅིང་བ་གསུངས་པ། རས་མ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་གཤིན་རྗེ་གཤེད་ནི་གཤིན་རྗེའི་སྒྲ་སྟེ་བྲི་བ་ཞེས་བྱ་བ་དང་འབྲེལ་ཏོ། །ཁ ་དོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་ཐམས་ཅད་གཅིག་ཏུ་འདྲེས་པ་སྟེ། འདིར་མན་ངག་གིས་ན་རང་གི་དབྱིབས་དང་ཁ་དོག་ཇི་ལྟ་བ་བཞིན་དུ་པིར་གྱིས་བྲི་བར་བྱའོ། །གཡས་བརྐྱང་པས་གནས་པ་ཞེས་བྱ་བ་ནི་ཉི་མ་ལ་གནས་པའི་སྣ ་ཚོགས་རྡོ་རྗེའི་ལྟེ་བར་རྐང་པ་གཡས་པ་མཐོ་ལྔའི་ཚད་ཙམ་དུ་བརྐྱང་སྟེ། གཡོན་པ་ཅུང་ཟད་སྐུལ་པའོ། །ལག་པ་གཡས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་དང་པོ་གཉིས་ཏེ་མན་ངག་གིས་ནི་ཕྱག་དྲུག་པ་མཐོ་བ་དང། རལ་གྲི་དང། ཞགས་པ་དང ་སྤྲུལ་གྱི་ཞགས་པ་དང། གཏུན་ཤིང་དང་དགྲ་སྟ་བསྣམས་ཤིང་གསུས་པ་འཕྱང་བར་ཤེས་པར་བྱའོ། །དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ནི་རོ་བསྲེགས་པའི་སོལ་བ་སྟེ། རྡོ་རྗེ་ཧཱུཾ་མཛོད་ཀྱི་རྣལ་འབྱོར་པས་ཨོཾ་རཏན་བཛྲ་བཛྲ་ཧྲི་ཕཊ་ཅེས་བརྒྱ་རྩ་བརྒྱད ་མངོན་པར་བཟླས་པའི་སོལ་བས་སོ། །སྔགས་སྤེལ་བ་ཞེས་བྱ་བ་ལ། སྔགས་ནི་འདས་མ་ཐག་པ་སྟེ། དེ་དང་བཅས་པའི་མིང་ངོ། །བཞག་ན་ཞེས་བྱ་བ་ནི་དེའི་འོག་ཏུ་མེ་ཏོག་སེར་པོ་ལ་སོགས་པས་མཆོད་དེ་བཞག་ལ་ཡང་སྔགས་སྔ་མ་ཉིད་མིང ་དང་སྤེལ་ཏོ། །ལན་སྟོང་དུ་བཟླས་ན་རེངས་པར་འགྱུར་རོ། །ཐ་ན་ཡིད་ཀྱིས་ཀྱང་ཞེས་བྱ་བ་ནི་ཡིད་ཀྱིས་བྱ་བ་ཡང། མེད་ན་ལུས་དང་ངག་གི་བྱ་བ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་བག་མེད་པའི་དབང་གིས་སོ། །ལྷ་ཐམས་ཅད ་ཅིས་བྱ་བ་ལ། ཐམས་ཅད་ནི་སེམས་ཅན་རྣམས་སོ། །དེ་ཐམས་ཅད་གསལ་བར་བྱེད་པས་ན་ལྷ་སྟེ་སོག་གོ་།སྟོང་པར་འགྱུར་པ་ནི་ཟད་པར་འགྱུར་བའོ། །ཕ་རོལ་གྱི་དཔུང་གི་ཚིག་དང་སྤེལ་ན་ཞེས་བྱ་བ་ལ། སྔ་མ་ལྟར་བྲིས་ཏེ་པྲ་སེ་ན་སྟཝཾ་བྷ ་ནི་ཞེས་བྱ་བ་ནི་ཁྱད་པར་རོ། །དེས་ནི་འདི་སྐད་དུ་གྲོ་ག་ལ་སོགས་པ་ལ་སྔ་མ་ལྟར་བྲིས་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་སྒྲུབ་པ་པོ་རྟ་ལ་སོགས་པ་ལ་ཞོན་ཏེ་གཡུལ་དུ་ཞུགས་པ་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེས ་མཚན་པའི་རི་རབ་ཀྱིས་མནན་པར་བསམས་ལ། སྔགས་དེ་ཉིད་ཇི་ལྟ་བ་བཞིན་དུ་བཟླས་ན་དཔུང་བཅིངས་པར་འགྱུར་རོ། །གཞན་ཡང་ཤིང་ལོ་ལ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་ཞེས་བྱ་བ་ནི་སྔགས་དེ་ཉིད་ཀྱི་སྦྱོར ་བ་གཞན་ནོ། །ཤིང་ལོ་ལ་སོགས་པ་ནི་གྲོ་ག་ལ་སོགས་པ་བསྡུ་བའོ། །ཕྲེང་གཉིས་པའི་མཐར་བསྒྲུབ་བྱའི་མིང་གི་ཡི་གེ་དང་སྤེལ་ཏེ་ཞེས་བྱ་བ་ནི་ཨོཾ་དེ་བ་དཏྟ་སྟཝཾ་པ་ཧྲི་དེ་བ་དཏྟ་ཧྲི་ཞེས་བྱ་བ་ལ་སོགས་པ་འམ། ཡང་ན་སྔགས་ཀྱི་ཡི་གེ་རེ་རེའི་མཛའ་ ་མར་བསྒྲུབ་བྱའི་མིང་གི་ཡི་གེ་རེ་རེར་སྤེལ་བ་སྟེ། ཨོཾ་དེ་སྟཝཾ་བྷ་ཡ་བ་སྟཝཾ་བྷ་ཡ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །གལ་ཏེ་ཡི་གེ་མི་མཉམ་པར་གྱུར་ན་དེའི་ཚེ་ཐམས་ཅད་ཀྱི་མཐར་སྤེལ་བར་བྱ་སྟེ། ཨོཾ་རཏན་བཛྲ་བཛྲ་ཧྲི་དེ་བ་དཏྟེ་སྟཝཾ་བྷ་ན་ཕཊ་ཅེས ་སྤེལ་བར་བྱའོ། །བཅིངས་ལ་ཞེས་བྱ་བ་ནི་སྐུད་པ་སེར་པོས་བཅིངས་པའོ། །ཁམ་ཕོར་ཞེས་བྱ་བ་ནི་རྩ་བ་ནག་པོ་རི་མོ་མེད་པའོ། །བཤང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་དག་གིས་ནི་འདི་སྐད་དུ་སྔ་མ་ལྟར་བྲིས་པའི་ཤིང་ལོ་ལ་སོགས་པ ་ཁམ་པོར་དུ་བཞག་སྟེ། ཆེ་གེ་མོ་བཅིང་བར་བྱའོ་སྙམ་དུ་བློས་བསམས་ནས་དེའི་སྟེང་དུ་བཤང་བ་བཏང་སྟེ། ལྕི་སྐམ་གྱི་ཐལ་བས་བཀང་ལ་ཁམ་ཕོར་གཞན་གྱིས་བཀབ་སྟེ། དབུགས་ཕྱིར་མི་འབྱིན་པར་ས་འོག་ཏུ་སྦས་ལ་སས་གཡོགས་ཏེ། ་འཐས་པར་བརྡུང་བར་བྱའོ་ཞེས་སྟོན་ཏོ། །གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་འཆི་བའོ། །སྔགས་བཏུ་བ་གསུངས་པ། རཏན་བཛྲ་ཞེས་བྱ་བ་ལ་སོགས་པ་ལ་བཛྲ་ཞེས་བྱ་བ་ནི་མི་ཕྱེད་པའོ། །དེ་ནས་ཞེས་བྱ་བ་ནི་སྔོན་དུའོ། །དེ་བས་ན ་རཏན་བཛྲའི་སྔོན་དུ་མི་ཕྱེད་པའི་རང་བཞིན་གྱི་ཨོཾ་བརྗོད་པར་བྱའོ། །ཧྲི་དང་ཕཊ་ནི་མཐར་སྦྱར་བ་ཞེས་བྱ་བ་ལ། ཨོཾ་རཏན་བཛྲ་བཛྲའི་མཐར་ནི་ཧྲི་ཡིན་ལ། དེའི་མཐར་ནི་མིང་དང་བསྐུལ་ཚིག་སྦྱར་ཞིང་དེའི་མཐར་ཕཊ་གདོན་ནོ། །ས་ནག་པོ་ཞེས་བྱ་བ ་ལ་སོགས་པ་ལ། ཁ་བཅིངས་ཤིང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ལུས་ལ་སོགས་པ་ལ་ཡང་སྦྱར་རོ། །མཆོད་པ་ཞེས་བྱ་བ་ནི་བཅིང་བའི་ལས་ལ་ནི་མཆོད་པའི་ཡོ་བྱད་སེར་པོར་བྱས་ལ། དབང་གི་ལས་ལ་ནི་མཆོད་པའི་ཡོ་བྱད་དང། གོས་ལ་སོགས་པ་དམར ་པོར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་དག་གིས་ནི་འདི་སྐད་དུ་རང་གི་ལྷའི་རྣལ་འབྱོར་གྱིས་གྲོགས་ལ་སོགས་པ་ལ་གོ་རོ་ཙ་ནས། ཨོཾ་ན་མོ་བྷ་ག་བ་ཏི་ཙ་མུཎྜ་སུ་ཁ་མུ་ཁི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་དང་ཆེ་གེ་མོ་བ་ཤི་ཀུ་རུ་སྟཝཾ་བྷ་ནི་ཧི་ཞེས་བྱ་བའི་མིང་དང ་བསྐུལ་ཚིག་ཏུ་སྤེལ་བ་བྲིས་ཏེ། ཙ་མུཎྜའི་ཁར་བཅུག་ལ་སྔགས་དེ་ཉིད་བཟླས་ན་ཁ་བཅིངས་ཤིང་དབང་དུ་འགྱུར་རོ་ཞེས་སྟོན་ཏོ། །ཡང་དགུག་པ་གསུངས་པ། ཁམ་པོར་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཟླ་ཞེས་བྱ་བ་ནི་ཨོཾ་ན་མོ་བྷ་ག་བ་ཏི་སུ་ཁ་མུ་ཁི་ཞེས ་བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། འདིར་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་མས་བཟླ་བར་བྱའོ། །དེ་ཡང་གང་དང་གང་དུ་སྔགས་ཀྱི་ཆོ་ག་ལ་ལྷའི་རྣལ་འབྱོར་མ་བསྟན་པ་དེ་དང་དེར་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །བུད་མེད་དངོས་ཀྱི་ཞེས ་བྱ་བ་ནི་ཐ་མལ་བའི་བུ་མོ་དངོས་ཀྱིའོ། །མཛུབ་ཡུགས་ཀྱི་དུས་སུ་ཡང་སྔགས་དེ་ཉིད་བཟླའོ། །ལྷག་མ་ནི་གོ་སླའོ། །ནིམ་པའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ཁྲག་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྲིན་ལག་གི་ཁྲག་གོ་།རྒོངས་མོ་ཚངས་དུ་འགྲོ་ཁ་མ་ཞེས ་བྱ་བ་ནི་ཕྱིར་མི་ལྡོག་པར་ཆང་དུ་འགྲོ་བའི་དུས་སུའོ། །ལྷག་མ་ནི་གོ་སླའོ། །འདིས་ཀྱང་ནིམ་པའི་ལོ་མ་ལ་དུག་ལ་སོགས་པས། ཨོཾ་མུ་ནི་ཀ་སི་མུ་ནི་བ་སི་མུ་ནི་ཧ་ཏ་ལཾ་ག་ལེ་ཧི་བ་དེ་ཆེ་གེ་མོ་ཨུ་ཙ་ཊ་ཡ་སྭཱཧཱ་ཞེས་སྤེལ་ཏེ་བྲིས་ལ་བག་ཟན་ལ་སོགས་པའི་ཆང ་བུའི་ནང་དུ་བཅུག་ནས་སྔགས་དེ་ཉིད་ཟློས་ཤིང། ཆང་བུ་བརྒྱ་རྩ་བདུན་བྱ་རོག་ཚང་དུ་འགྲོ་ཁ་མ་ལ་སྦྱིན་ཏེ། དེ་ལྟར་ཉི་མ་བདུན་དུ་བྱས་ན་བསྐྲད་པར་འགྱུར་བར་སྟོན་ཏོ། །རྩིག་ངོས་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཐ་བྲི་ཞེས་བྱ་བ་ལ་སོགས་པ་འདི་དག ་ནི་ལུགས་ལས་བཟློག་སྟེ་བྲི་བར་བྱའོ། །དབང་དུ་འགྱུར་ཞིང་བཅིང་བས་བཅིངས་པར་འགྱུར་རོ་ཞེས་བྱ་བ་ལ། དབང་གི་ལས་དང་བཅིང་བའི་ལས་སུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་གི་ཞེ་ན། བཅིང་བས་ཞེས་བྱ ་བ་སྟེ། རྒྱུའི་དོན་གྱིས་གསུམ་པ་ཡིན་ནོ། །རོ་ཞེས་བྱ་བ་ནི་སྐབས་སུ་རྫོགས་པའོ། །ལྷག་མ་ནི་གོ་སླའོ། །འདིའི་དོན་ནི་རྩིག་ངོས་ལ་སོགས་པ་ལ་བ་བླ་འམ་གུར་གུམ་ལ་སོགས་པའི་ཚོན་གྱིས་ཡི་གེ་ཀ་བྲིས་ལ། དེའི་ནང་དུ་ཝ་ཤཾ་ཀུ་རུ་སྟཝཾ་བྷ ་ནི་ཧི་བྱ་བ་དང་སྤེལ་བའི་སྒྲུབ་བྱའི་མིང་བྲི་བའོ། །དེ་ནས་ཀའི་ཕྱི་རོལ་ཏུ་ཧ་བྲིས་ཏེ། ཧའི་ལྟར་ཀ་བྲི་བའོ། །ཧ་ཡང་ཕའི་ནང་དུ་བྲིའོ། །ཧ་དེའི་ཕྱི་རོལ་ཏུ་དབྱངས་ཀྱི་ཡི་གེས་འཁོར་བར་བྲིའོ། །དེ་ཐམས་ཅད་ཀྱང་ཐའི་ལྟོ་ཆུད་པར་བྲིས་ཏེ་ཅི་ཡང་རུང་བར ་ཁ་བཅད་ལ་སྔགས་དེ་ཉིད་བསྐུལ་ཚིག་དང་བཅས་པར་བཟླའོ། །ཞེས་བྱ་བ་འདི་ཡིན་ནོ། །ད་ནི་ཤི་བ་གསོ་བ་གསུངས་པ། ལྟེ་བའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་རྣམ་པར་སྣང་མཛད་དམ་སངས་རྒྱས་སྤྱན་གྱིས་རྣལ་འབྱོར་བས་རོའི ་སྙིང་གར་པདྨ་འདབ་བརྒྱད་ཀྱི་དབུས་སུ་དེའི་མིང་གི་ཡི་གེའམ། ཡི་གེ་ཨ་དམར་པོ་བསྒོམས་ཏེ། སངས་རྒྱས་སྤྱན་གྱི་སྔགས་ཀྱི་ཕྲེང་བས་བསྐོར་ལ། པདྨ་དེ་ཞགས་པས་བཅིངས་ནས་སྔགས་དེའི་འོད་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་བཀྲུ་བར་བསྒོམ་ཞིང་སྤྱན ་གྱི་སྔགས་དེ་ཉིད་བཟླས་པའི་ཆོ་ག་འདིས་ནི་བདག་གམ་གཞན་འཚོ་བར་འགྱུར་རོ་ཞེས་པ་འདི་ཡིན་ནོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ་ཨ་ནི་ཞེས་བྱ་བ་ལ་སོགས་པ་ལ་ཨ་ཉིད་སྲོག་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །ཕྱག་རྒྱ་ནི་དེ་བསྲུང་བའི་ཕྱག་རྒྱ་ནི ་དེ་རྣམ་པར་སྣང་མཛད་དམ་སངས་རྒྱས་སྤྱན་གྱི་ཕྱག་རྒྱ་སྟེ། དེས་བཅིང་བར་བྱ་ཞེས་བྱ་བ་རང་སྦྱར་ཏེ། ཞགས་པའི་ཚུལ་དུ་གྱུར་ནས་སྲོག་སྲུང་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་ནད་མེད་པ་ལ་སོགས་པ་བསྡུའོ། །དེ་ཉིད་ཀྱི་སྦྱོར་བ་གཞན་གསུངས ་པ། རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་ནི་རྡོ་རྗེའི་ཆང་ཟུང་ངོ། །ཁ་སྦྱར་བ་ཞེས་བྱ་བ་ནི་སྙིང་ག་ཞེས་བྱ་བ་དང་སྦྱར་ཏེ། སྙིང་གར་པདྨར་རྡོ་རྗེ་གཉིས་ཁ་སྦྱར་བའོ། །གངས་ཀྱི་འོད་ལྟ་བུ་ནི་འོད་དཀར་པོ་སྟེ་ཨ་དེ་ཡང་གཉིས་ཡིན་ནོ། །དེའི་མཛའ་ ་ཞགས་པས་བཅིངས་པ་ནི་རྡོ་རྗེ་གཉིས་ཀྱི་མཛའ་ཞགས་པས་བཅིང་བའོ། །འདིར་ཡང་ཨ་དང་རྡོ་རྗེའི་འོད་ཀྱིས་ལུས་ཐམས་ཅད་བཀྲུ་ཞིང་སྔ་མ་བཞིན་དུ་སྔགས་བརྗོད་པར་བྱའོ། །སྲུང་བ་ནི་སྲོག་སྲུང་བའོ། །དམ་པ་ནི་མཆོག་གོ་།སྦྱོར་བ་གཞན་གསུངས་པ ་སྙིང་གའི་པདྨའི་ཞེས་བྱ་བ་ལ་འོ་མའི་རྒྱུན་ལྟ་བུའི་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་ནི་དེ་གཉིས་ཀ་ལས་བྱུང་བའོ། །འདིར་ཁྲུས་ཆབ་གསོལ་བ་ཞེས་བྱ་བ་ནི་ལུས་ཐམས་ཅད་དཱུང་སྦྱར་རོ། །པདྨ་ཁ་སྦྱོར་ཞེས་བྱ་བ་ནི་ལྟེ་འོག་གཞན་དག་ཏུ་འང་སྦྱར་བར་བྱའོ ་སྙིང་གར་དབང་བསྐུར་ཞིང་ཞེས་བྱ་བ་ནི་སྙིང་གར་གནས་པའི་སངས་རྒྱས་སྤྱན་གྱི་སྔགས་ལས་རྣམ་པར་སྣང་མཛད་དང། སྤྱན་ལ་སོགས་པའི་ཚོགས་ཕྱུང་སྟེ་བཀྲ་ཤིས་དང་བཅས་པས་དབང་བསྐུར་བའོ། །འདིའི་དོན་ནི་སྙིང་གའི་པདྨའི་སྟེང་དུ་ཟླ་བ་ལ ་ཡི་གེ་བཾ་ཁ་ཐུར་དུ་བལྟས་པ་བཀོད་ལ་པདྨ་གཞན་དང་ཁ་སྦྱར་ཏེ་བདུད་རྩི་དཀར་པོ་འཛག་པར་བསམས་མོ། །དེ་བཞིན་དུ་ལྟེ་བའི་པདྨའི་ཟླ་བ་ལ་ཡི་གེ་ཨ་ནས་ཀྱི་འབྲུ་ཙམ་བཀོད་ལ་པདྨ་གཞན་དང་ཁ་སྦྱར་ཏེ་དེ་དག་གི་བདུད་རྩིའི་འོད་ཀྱི་བསྒྲུབ་བྱའི ་ལུས་ཀྱི་ནང་ཐམས་ཅད་བཀང་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་ཚོགས་ཀྱི་དབང་བསྐུར་བར་བསམས་ལ། སྔ་མ་ལྟར་སྔགས་བཟླ་བ་འདི་ཡིན་ནོ། །འཆི་བ་བླུ་བ་གསུངས་ནས། སྦྱོར་བ་གཞན་བསྟན་པའི་ཕྱིར་ཤིང་ཏཱ་ལའི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ག་དང་ཨོཾ་ཁ་སྦྱར་བ་ཞེས་བྱ་བ་ནི་ཏཱ་ལཱི་འདབ་མ་ལ་ཚེར་མས་ཨོཾ་གེ་མོ་སྟཝཾ་བྷ་ཧེ་ཨོ་ག་ཞེས་བྲི་བའོ། །བུམ་པ་ནི་བུམ་པ་ཁ་སྦྱར་བའོ། །སྤྲ་ཚིལ་ལ་སོགས་པས་ནི་ལ་ཆ་ལ་སོགས་པ་བསྡུའོ། །འདིར་བསྒྲུབ་པར ་བྱ་བ་བློ་ལ་བཞག་སྟེ། དབུགས་ནང་དུ་བསྡམས་ནས་བཅིང་བའི་སྔགས་གང་ཡང་རུང་བ་ཟློས་ཤིང་མི་གཙང་བའི་ནང་དུ་བཅུག་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཡང་གསུངས་པ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཨར ་ཀ་ནི་ཉི་མའི་ཤིང་ངོ། །ལག་པ་བཞི་དང་ལྡན་པར་བྱ་ཞེས་བྱ་བ་ལ། ཕྱག་མཚན་ལ་སོགས་པ་ནི་མུ་སྟེགས་ཅན་གྱི་གཞུང་ལས་འབྱུང་བ་ལྟར་རོ། །ས་བོན་ནི་ཡི་གེ་གའོ། །འགུགས་པ་ནི་ཡེ་ཤེས་སེམས་དཔའ་བཞུགས་པའོ། །དམ་ཚིག་སྦྱིན ་པ་ནི་ཨརྐ་ལ་སོགས་པ་སྦྱིན་པའོ། །སྔོན་པོ་ནི་པི་པི་ལིང་ངོ། །སྣུན་པ་ནི་བ་རུ་རའོ། །ཆུ་ནི་བ་ལི་ཀའོ། །ཁྱིམ་གྱི་ཆུ་ནི་རང་སྐྱུར་ཀཉྫཱ་འོ། །ལྷོར་བལྟ་བ་ནི་གཤིན་རྗེའི་ཕྱོགས་སུ་བལྟ་བའོ། །སྔགས་པ་ནི་འཆིང་བའི་སྔགས་ཟློས་པ་པོའོ། །ལྷག་མ ་ནི་གོ་སླའོ། །སྟོབས་པོ་ཆེའི་སྔགས་ཀྱིས་བསྐྲད་པ་གསུངས་པ། དུར་ཁྲོད་ཀྱི་རས་ཞེས་བྱ་བ་ལ་སོགས་པ་ལ། ཨ་བ་དྷཱུ་ཏཱིའི་རས་ནི་ཟླ་མཚན་འཇིག་པའི་སྨད་དཀྲིས་སོ། །ཤ་པྲའི་ཤིང་ནི་ཨུ་དུམ་བ་ར་འམ། ས་ཀོ་ཏ་ཀ་འམ་བ་རུ་ཏ་ཀའི་ཤིང་ངོ། །རླུང ་མཚམས་སུ་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་བྱེ་བྲག་གི་ཕྱོགས་ཀྱི་ངེས་པ་བསྟན་པ་ཡིན་ཏེ། བཅིང་བ་ལ་ནི་དབང་ལྡན་གྱི་མཚམས་སུ་སྦ་བར་བྱའོ། །དེ་ཉིད་ཀྱིས་ན་ཆོ་ག་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུགས་སུ་འབྱུང་བར་ཞེས ་བྱ་བ་ནི་རིམ་བཞིན་དུ་བཟླ་བ་སྟེ། ཤུགས་ཀྱིས་ན་སྔར་བཟློག་སྟེ་བཟླས་པར་ཡང་བལྟའོ། །ལྡོང་རོས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལག་པ་གཡོན་པས་ལྡོང་རོས་ཀྱིས་གྲོ་ག་ལ་བསྒྲུབ་བྱའི་གཟུགས་བྲིས་ཏེ། དེར་ལྷག་པར་མོས་ནས་སྙིང་གར ་དབང་དུ་བྱེད་པའི་སྔགས་མིང་དང་སྤེལ་བ་བྲིས་ལ་སྦྲ་ཚིལ་གྱི་གོང་བུར་ཏིལ་མར་རམ་རྩི་མར་གྱི་མར་མེ་ལ་གཟུགས་བརྙན་བསྲོ་ཞིང་དུས་གསུམ་དུ་སྔགས་བཟླས་ན་དབང་དུ་འགྱུར་རོ། །བསྐྲད་པ་གསུངས་པ། མཎྜལ་བྱུགས་ཏེ་ཞེས་བྱ་བ་ལ་སོགས ་བ་ལ་སྔགས་ནི་འདིར་ཀྑ་མུ་ཁི་ཞེས་བྱ་བ་ལ་སོགས་པའོ། །དགུག་པ་གསུངས་པ་བསྒེག་ནས་བསད་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི་འདིར་དགུག་པའི་དབང་དུ་བྱས་པའི་སྔགས་གང་ཡང་རུང་བ་སྟེ། ལྷག་མ་ནི་གོ་སླའོ། །གྲོང་ཁྱེར་བརྟན་པར་བྱ་བ ་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་ལ། བརྡར་རྡོ་ནི་རྡོའི་ཁྱད་པར་རྣོན་པོའོ། །རྫ་མ་ནག་པོ་ནི་ས་ནག་པོའི་རྫ་མའོ། །རྒྱ་བཏབ་སྟེ་ཞེས་བྱ་བ་ནི་དེའི་སྟེང་དུ་འཇིམ་པ་ནག་པོས་བཀབ་ལ་དབང་དུ་བྱ་བའི་སྔགས་བཟླས་པའི་ལག་པ་རྒྱ་གདབ་པའོ། །སྟོང་རུ ་བརྒྱད་བཟླ་ཞེས་བྱ་བ་ནི་དབང་དུ་བྱ་བ་ནི་དབང་དུ་བྱེད་པའི་སྔགས་སམ་གཞན་རྐང་པ་བརྒྱད་པའོ། །གྲོང་ཁྱེར་བ་བྲོས་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཟླས་ན་ཞེས་བྱ་བ་ནི་དགུག་པའི་ཧཱུཾ་མཛད་ཀྱི་སྔགས་སམ། རྐང་པ་བརྒྱད་པ་འམ། ཀ་ར་ཀ་ར་ལ ་སོགས་པའོ། །བུ་རམ་ལ་བཟླས་ཏེ་ཞེས་བྱ་བ་ནི། ཨོཾ་ཨིན་དྲེ་ཧ་ཞེས་བྱ་བའི་སྔགས་སམ་སྟོབས་པོ་ཆེའི་སྔགས་ལ་སོགས་པའོ། །རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ཞེས་བྱ་བ་ནི་ལག་པ་ལ་གོས་པ་ཕྱིས་པ་ཡིན་གྱི་ལག་པས་བླངས་པ་ཙམ ་ནི་མ་ཡིན་ནོ། །ཇི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་བྱ་བ་སྟེ་གོ་སླའོ། །ཉི་ཤུའི་ཕྱེད་ཀྱིས་རྫས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། མི་བསྐྱོད་པ་ཞེས་གྲགས་པ་བཞི་པོ་རྡོ་རྗེའི ་དྲི་མ་དང་བཅས་པ་ལྔ་དང། གོ་ཀུ་ད་ཧ་ན་ཞེས་བྱ་བར་གྲགས་པ་ལྔ་སྟེ་བཅུའོ། །ཁ་ཅིག་ནི་སྐྱུགས་པ་དང་བཅུའོ་ཞེས་ཟེར་རོ། །ཁ་ཅིག་ནི་གུར་ཀུམ་མོ། །འདིར་རྐང་པ་བརྒྱད་པའི་སྔགས་སམ། དབང་དུ་བྱེད་པའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། ་ས་ལ་ཡ་སྐྱེས་ཞེས་བྱ་བ་ནི་ཙན་དན་ནོ། །དམར་པོ་ཞེས་བྱ་བ་ནི་ཡང་གུར་ཀུམ་མོ། །ནད་ཀྱི་དབང་པོ་ནི་རུ་རྟའོ། །འཚོང་བྱེད་ནི་ཡུང་བའོ། །ལྷག་མ་ནི་གོ་སླའོ། །རྩ་སྔགས་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ། །དེ་ནི་འདི་སྐད་དུ་རྩ་བའི་སྔགས ་འབུམ་དུ་བཟླས་ན་སྔགས་གཞན་དག་གིས་ཀྱང་སྔར་མ་བཟླས་བཞིན་དུ་གྲུབ་བོ་ཞེས་སྟོན་ཏོ། །དེ་འོག་ལས་རྣམས་བརྩམ་པར་བྱ་ཞེས་པ་ནི་མ་བཟླས་བཞིན་དུ་ལར་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ཉིད་ཀྱིས་ན་གཞན ་དུ་ཞེས་བྱ་བ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྔགས་ཀྱི་གཙོ་བོ་མ་བཟླས་པར་ལས་རྣམས་བརྩམས་ན་དངོས་གྲུབ་ཏུ་མི་འགྱུར་བས་དམ་པའི་ཆོས་ལ་བརྙས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཆེད་མར་སྟོན་ཏེ། གཞན་དུ་ན ་འཆད་པ་པོར་འགྱུར་རོ། །ལས་ཐམས་ཅད་ནི་ཆར་དབབ་པ་ལ་སོགས་པའི་སྒྲུབས་ཐབས་ཀྱི་མཚན་ཉིད་དོ། །ཚོགས་ནི་རབ་ཏུ་རྒྱས་པའོ། །འབྱུང་བ་ནི་སྐྱེ་བ་སྟེ། དེ་རྣམས་གང་ནས་འབྱུང་བ་དེ་ལ་དེ་སྐད་ཅེས་བའོ། །ཞེས་བྱ་བ་ནི་གསལ་བར ་བྱེད་པ་སྟེ། ཅི་ཞིག་ཅེ་ན། ཆོ་ག་སྟེ་ལས་རྣམས་ཀྱི་སྔགས་ཀྱི་ཆོ་གས་སོ། །རྒྱས་པ་ནི་སྐད་སྣ་ཚོགས་ཀྱི་ཉེ་བར་བཞག་པའི་དོན་དེ་སྟོན་པར་བྱེད་པའི་གཞུང་ཚིག་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི ་རྣམ་པར་བཤད་པ་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།ད་ནི་ཕྱག་བརྒྱད་པའི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱི་ལས་རྒྱས་པ་བསྟན་པར་བྱ་བའི་ཕྱིར། ལེའུ་ལྔ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས ་ཞེས་བྱ་བ་ནི་རྣལ་འབྱོར་མ་ངེས་པའི་ལས་རྒྱས་པ་བསྟན་པའི་འོག་ཏུའོ། །མཁའ་དབྱིངས་དབུས་གྱུར་པར་ཞེས་བྱ་བ་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱིས་རིམ་གྱིས་བསྐྱེད་པའི་ཁང་དུ་བརྩེགས་པའི་ནང་གི་ནམ་མཁར་རོ། ཉི་མའི་དཀྱིལ་འཁོར་ནི་རཾ་གྲུ ་གསུམ་ལས་བསྐྱེད་པའོ། །ཅི་འདྲ་ཞེ་ན། དཔག་མེད་ཅེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་ཀླུའི་ཚོགས་སོ། །གང་གི་འོད་ཟེར་ཀླུའི་གཟུགས་ཀྱིས་ཕྱོགས་མཚམས་ཀྱི་ནམ་མཁའ་ཁྱབ་པར་འཕྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་ཡི་དགས་ཀྱི་སྟེང་དུ་ཉི་མའི་སྟན ་ལ་ཨ་ལ་སོགས་པ་དང། ཀ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་རཾ་ལས་བྱུང་བའི་ཉི་མ་སྔར་བཤད་པའི་མཚན་ཉིད་ཅན་བལྟ་བར་བྱའོ་ཞེས་སྟོན་ཏོ། །རང་གི་ས་བོན་མཚན་མ་ནི་ཞེས་བྱ་བ་ནི་དེར་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེའི་ལྟེ་བར་དེ་ཉིད ་ཀྱིས་མཚན་པའོ། །ཅི་འདྲ་ཞེ་ན། ཉི་མ་སྟོང་པས་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་རྣོན་པོ་ཞེས་བྱ་བ་ནི་ཀླུ་རིགས་ལྡན་གྱིས་མཚན་པའི་རྡོ་རྗེའི་མཚན་མ་ལས་འཕྲོས་པའི་འོད་ཀྱི་ཚོགས་དེ་ཀླུ་དང་བཅས་པས་ན་རྣོན་པོའོ། །བདུད་སྔ་ནི་ཉོན་མོངས་པའི་བདུད་དང་ཕུང ་པོའི་བདུད་ལ་སོགས་པའོ། །བསྲེགས་ནས་ཞུ་བ་ལས་ནི་སྐུར་བཞེངས་ཞེས་བྱ་བ་དང་སྦྱར་ཏེ། ཇི་ལྟ་ཞེ་ན། དེ་བསྡུས་གོང་བུའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་དེ་ནི་དེ་དག་སྟེ་ཟླ་བ་ལ་སོགས་པའོ། །བསྡུས་པ་ནི་འོད་ཟེར་འཕྲོ་བ་བསྡུས་ནས་གཅིག་ཏུ་བྱས་པ ་སྟེ། ཟླ་བ་ལ་སོགས་པ་དེ་དག་འདུས་ཤིང་ཞུ་བ་ལས་གྱུར་པ་ནི་གོང་བུའོ། །དེ་ཉིད་ནི་སྦྱོར་བ་སྟེ། རོ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཅི་འདྲ་ཞེ་ན། སྐུ་མདོག་ཅེས་བྱ་བ་ལ་སོགས་པ་སྟོན་ཏེ་གོ་སླའོ། །ཡང་ཅི་འདྲ་ཞེ་ན། ལྷག་གེར་བཞད་ཆེན་ཞེས་བྱ་བ་ལ ་སོགས་པ་སྟེ། ལྷག་གེར་བཞད་པ་ནི་ཧ་ཧར་བཞད་པའོ། །བཞད་པའི་ཚེམས་ཀྱི་འོད་ཀྱིས་བླ་རེ་གྱེན་དུ་འདགས་པའི་ལྷ་མོའི་དཀྱིལ་འཁོར་དེ་ལ་དེ་སྐད་ཅེས་བྱ་སྟེ། ལྷ་མོ་དེ་གང་དག་ཡིན་ཞེ་ན། ལྟུང་བྱེད་མ་ལ་སོགས་པའོ། །རྒྱུན་ཆགས་ནི་ལྷ་མོ་དེ་དག ་གཟུགས་གཞན་དང་གཞན་གྱིས་ཡུན་རིང་དུ་གནས་པའོ། །མཛའ་ནི་འཁོར་ལོའི་མཛའ་འམ་བླ་རེའི་མཛའ་སྟེ། དེར་གནས་པའི་དང་ཚུལ་ཅན་གྱི་ལྷ་མོ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་བསྒོམ་པ་ལ་ཡང་རི་མོ་དང་འདྲ་བར་དཀྱིལ་འཁོར་ལ་བླ ་རེ་བྲི་བར་ཤེས་པར་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཞལ་དང་མདོག་ལ་སོགས་པའི་ངེས་པ་གསུངས་པ། སླར་ཡང་འོད་ལྡན་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་བཞི་དེར་སླར་ཡང་བཞི་ཞེས་བྱ་བར་སྦྱར་ཏེ། དེ་ལྟར་ན་ཕྱག་བརྒྱད་དོ། །དེ་དག་ཀྱང ་སྒྱུ་མ་ཆེན་མོས་གང་གིས་མཐོང་ཀ་མཛེས་པར་བྱས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྱུ་མ་ཆེན་མོ་ནི་སྔར་བསྟན་པའི་གཟུགས་ཅན་གྱི་རྡོ་རྗེ་མཁའ་འགྲོ་མའོ། །ཡང་ན་སླར་ཡང་ཞེས་པའི་སྒྲ་ནི་བཅོམ་ལྡན་འདས་ཀྱི་ཁྱད་པར་ལ་བྱ ་སྟེ། བཅོམ་ལྡན་འདས་ཀྱིས་ཕྱག་བཞི་བཞིས་སྒྱུ་མ་ཆེན་མོའི་མཐོང་ཀ་མཛེས་པར་བྱས་པའོ། །ཡང་ཅི་འདྲ་ཞེ་ན། རྒྱལ་བ་རྣམ་པར་གྲོལ་བའི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་རྣམ་པར་གྲོལ་བ་ཞེས་བྱ་བར་སྦྱར་རོ། །འདིར་རྒྱལ་བ་ནི་སྟག་གི་པགས་པ ་ཛི་ནཱི་བ་ར་དྷ་རཱ་ཡ་ཞེས་སྔགས་ལ་ཟེར་བའི་ཕྱིར་རོ། །དེ་ཉིད་དྲི་མ་སྟེ་དེ་ཉིད་འགྲོ་བ་ཡིན་པས་ན་དྲི་མ་དང་ཆོས་མཐུན་པའི་ཕྱིར་རོ། །མུ་ཏིག་ནི་གྲོལ་བ་སྟེ་རྣམ་པར་གྲོལ་བས་ན་གྲོལ་བའོ། །ཧ་ར་ནི་ཕོགས་པ་སྟེ་དེ་དག་ནི་རྣམ་གྲངས་སོ། །དེ་ཅི་འདྲ་ཞེ་ན། རྒྱུན་ཞེས་བྱ ་བ་སྟེ། ཆུ་བོ་ག་དྷཱའི་རྒྱུན་ལྟར་དྲི་མ་མེད་ཅིང་དང་བའོ། །ཁ་བ་མཆོག་གི་ཟེར་ཚོགས་འཁྲུ་ཞེས་བྱ་བ་ལ། ཁ་བ་མཆོག་གི་ཟེར་ཚོགས་དང་འདྲ་བས་ན་ཁ་བ་མཆོག་གི་ཟེར་ཚོགས་ཏེ། མགོ་བོའི་སྟེང་ན་གནས་པའི་ཟླ་བ་ཆོས་པའོ། །འཁྲུ་བ་ནི་དེའི་འོད་ཆུ ་ལྟར་བསལ་བས་གསལ་བའོ། །ཉིས་འགྱུར་ནི་འོད་དེ་དང་ཧ་ཧར་བཞད་པའི་ཚེམས་ཀྱི་འོད་འདུད་པས་གསལ་བའོ། །ཡང་ན་ནམ་མཁའ་ལ་གནས་པའི་ཟླ་བ་དང་སྐར་མ་ལ་སོགས་པ་དང། ཟླ་བ་དེ་ཉིད་ཉེ་བར་གྱུར་པས་འོད་ལྷག་པར་གསལ་བའོ། །ཡང ་ཅི་འདྲ་ཞེ་ན། ཞབས་གཉིས་རི་ཆེན་ལ་བཞུགས་བསྐྱོད་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་རི་བོ་ཆེན་པོའི་སྟེང་དུ་གར་མཛད་པ་རི་བོ་འཁྲོག་ཅིང་ལྡེག་ལ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩིགས་ཀྱི་མཛའ་སྟེ། འོག ་བཞིའི་བར་དུ་ཀུན་ཏུ་བསྐྱོད་ཅིང་འཁྲུགས་པའོ། །རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་གྲགས་པའོ། །རྒྱུར་ནི་གཅིག་ནས་གཅིག་ཏུ་འཇུག་པ་སྟེ། དེ་ལྟར་བསྐྱོད་པ་དེས་གཅིག་ནས་གཅིག་ཏུ་ས་གསུམ་པོ་མ་ལུས་པར་གྲགས་པས་ཡོངས་སུ་གང་བར ་གྱུར་པའོ། །འབྱུང་འཇུག་དབུགས་ནི་ཞེས་བྱ་བ་ལ། བཅོམ་ལྡན་འདས་གར་མཛད་པའི་དབུགས་དབྱུང་བ་དང་རྔུབ་པའི་སྒྲའི་ཚོགས་གསང་མཐོན་པོས་བཅོམ་པས་ས་གསུམ་པོ་རབ་ཏུ་གཡོས་པ་དང། ཁྱད་པར་དེས་ས་གསུམ་གྱི་སྐྱེ་བོ་ཕ་རོལ་པོ་རྣམས ་ཀྱི་དཔུང་གི་སེམས་རབ་ཏུ་གཡེངས་པའོ། །མཚོན་ཆ་སྣ་ཚོགས་འཕངས་པས་ཁྱབ་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཚོན་ཆ་འཕངས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པའོ། །ཡང་ན་མཚོན་ཆ་ལྟར་བཟོད་པར་དཀའ་བས་ན་མཚོན་ཆ་སྟེ། བཅོམ་ལྡན་འདས་ཀྱི་མཐུའོ། ་ད་ནི་ཞལ་གྱི་མདོག་གསུངས་མུན་པའི་ཚོགས་ཀྱིས་གཏི་བས་པ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། གཏིབས་པ་ནི་གཙིགས་ཤིང་མཐུག་པའོ། །བཞིན་ཞེས་བྱ་བ་ནི་འདྲ་བ་སྟེ། ཅི་ཞིག་ཅེ་ན། ལྷའི་ཕྱོགས་ཞེས་བྱ་བ་དང་སྦྱར་ཏེ། ཤར་ཕྱོགས་ཀྱི་ཞལ་ལོ་བཅོམ ་ལྡན་འདས་ཀྱི་འོད་སྟེང་དུ་འཕྲོས་པ་གསུངས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྟེང་གི་ནམ་མཁའ་ལ་གནས་པས་ནམ་མཁའ་ན་གནས་པའི་ལྷ་རྣམས་ཏེ་གནས་གཙང་མའི་བར་དུའོ། །འབྱུང་པོའི་བདག་པོ་ནི་བདེ་བྱེད་དོ། །གྲིབ་མའི་མཛའ་ནི ་འོད་ཀྱི་ཉེ་འཁོར་རོ། །རྐང་པ་ནི་ལྷ་རྣམས་ཀྱི་རྐང་པ་སྟེ། དེས་འོད་ཀྱི་ཉེ་འཁོར་དེར་ཉེ་བར་བཟོད་ཅིང་བཟོད་པར་མི་ནུས་པའི་ངང་ཚུལ་ཅན་དེ་ལ་དེ་སྐད་ཅེས་བྱ་སྟེ། རང་གི་ཚིག་ལ་ཏ་ལ་དང་ན་དའི་རྐྱེན་ཅན་ཡིན་ནོ། །ཁ་ཅིག་ན་རེ་རྐང་པ་ནི་བཅོམ་ལྡན ་འདས་ཀྱི་རྐང་པ་སྟེ། དེའི་འོད་མུན་པའི་ཚོགས་ཀྱིས་གཏིབས་པ་བཞིན་ཞེས་བྱ་བ་དང་སྦྱར་རོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱི་འོད་གླིང་བཞིར་འཕྲོས་པ་གསུངས་པ། བགེགས་ཀྱི་ཚོགས་གཞན་སྒྱུ་ཅན་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་ཅན་ནི ་སྐྱེ་བོ་གཡོན་ཅན་རྣམས་སོ། །ལྷ་ནི་ལྷའི་སྐྱེ་གནས་སུ་སྐྱེས་པ་རྣམས་སོ། །དཔག་ཚད་འབུམ་ནི་ཉེ་བར་མཚོན་པ་སྟེ། དཔག་ཚད་འབུམ་ཕྲག་དུ་མ་གཟུང་བར་བྱའོ། །མཛའ་ནི་རྩེ་མོ་སྟེ་འོད་ཀྱི་ཕྱི་རོལ་གྱི་རྩེ་མོའོ། །ཕྱི་རོལ་ན་གནས་པ་དེ་རྣམས་ཀྱིས ་ཇི་ལྟར་མཐོང་ཞེ་ན། རྡུལ་ལམ་དུ་བ་ཞེས་བྱ་བ་ལ་སོགས་པ་ལ། འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཐག་རིང་པོ་ན་གནས་སུ་ཟིན་ཀྱང་འོད་དེ་ནི་རྡུལ་ལམ་དུ་བའི་ཚོགས་ལྟར་བལྟ་དཀའ་ཨོ། །བདག་ཉིད་ཀྱང་ཅུང་ཟད ་འོད་ཀྱི་ལུས་ཅན་ཏེ། ཁ་ཅིག་ཙམ་ཅུང་ཟད་ལམ་དུ་སྣང་བའོ། །ཡོ་མེད་དེ་ནི་ལྷའི་ཕྱོགས་ཞེས་བྱ་བ་ལ་རང་གི་ལུས་དེ་རྣམས་རི་མོར་བྲིས་པའི་ལུས་ལྟར་ཅུང་ཟད་ཙམ་སྣང་བས་ཡོད་པ་ཡིན་ལ། རིང་ན་གནས་སུ་ཟིན་ཀྱང་བཅོམ་ལྡན་འདས་ཀྱིས་འོད ་ཀྱིས་འཇིགས་སྐྲག་ནས་བྱ་བ་རྣམས་ལ་རྨོངས་ཏེ་བྱ་བ་བྱེད་མི་ནུས་པས་ན་མེད་པའོ། །ལྷའི་ཕྱོགས་ཞེས་བྱ་བ་ལ། ལྷ་ནི་བརྒྱ་བྱིན་ལ་དེའི་ཕྱོགས་ནི་ཤར་ཕྱོགས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ཤར་དུ་གཟིགས་པ་དེ་ལ་ཡུལ་གྱི་མིང་བཏགས ་ནས་དེ་སྐད་ཅེས་བྱ་སྟེ། མུན་པའི་ཚོགས་ཀྱིས་གཏིབས་པ་དང་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ། །པདྨ་རཱ་ག་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དམར་བས་ན་པདྨ་རཱ་ག་ལྟ་བུ་སྟེ། འོད་ཟེར་གྱི་ཚོགས་ནི་ཕུང་པོའོ། །མ་ལུས་པས་ནི ་ལུས་པ་མེད་པའི་ཚིག་གི་ཕྲད་དོ། །སྲེག་པ་སྙམ་སེམས་པ་ནི་བཅོམ་ལྡན་འདས་ཀྱི་འོད་ཀྱི་དྲ་བ་དེ་མེ་ལྟར་བལྟ་དཀའ་བའི་ཕྱིར་རོ། །སྤུངས་པ་ནི་མང་པོ་གཅིག་ཏུ་སྤུངས་པའོ། །རིགས་གསུམ་ནི་ས་གསུམ་མོ། །བྱུང་བ་ནི་སྐྱེས་པ་སྟེ། ་ཀུན་ནས་ལྷགས་པ་ནི་འདུས་པའོ། །ངོ་མཚར་དུ་གྱུར་པ་ནི་རྨད་དུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན་འོད་གཟུགས་དེས་ནི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཉིད་གཟུགས་དེ་དག་ལ་འཇུག་པར་བྱེད་ཕྱིར་རོ། །ཉི་མ་སྟོང་པས་ལྷག་པ་ནི་འོད་དེ ་ཉིད་ཀྱི་ཁྱད་པར་རོ། །དེས་སད་ཅིང་རྟོགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕཊ་སྒྲ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། །བཅོམ་ལྡན་འདས་ཀྱིས་ཞལ་ནས་བྱུང་བའི་འོད་མེ་ལྕེ་ལྟར་སྲེག་པ་གང་ལ་ཕཊ་དང་འདྲ་བའི་སྒྲ་ཆེན ་པོ་བསྒྱིངས་ཤིང་མང་པོར་གྲགས་པས་སྐྲག་པར་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཡས་ཞལ་ནི་གཡས་ཀྱི་ཕྱོགས་ཀྱི་ཞལ་ལོ། །ཁ་བའི་སྙིང་པོ་ནི་སེར་བ་སྟེ་སྤུངས་པ་ནི་ཚོགས་སོ། །ཤེལ་དང་བཻ་ཌཱུརྱ་རྡོ་ཞེས་བྱ་བ་ནི་ཤེལ ་རྔོ་སྟེ་རྙོག་པ་མེད་པ་ནི་འོད་དེ་ཤིན་ཏུ་གསལ་བའི་ཕྱིར་རོ། །གདངས་ཀའི་བར་ཞེས་བྱ་བ་ནི་འོག་ན་གནས་པའི་ཀླུ་ཡུལ་གྱི་བར་དུ་གསལ་བར་བྱས་པའོ། །དེ་ཅི་འདྲ་ཞེ་ན། དཔེ་གསུངས་པ། རང་གི་ཆུ་རྒྱུན་འབབ་པ་བཞིན་ཏེ། འོ་མའི་ཚོགས་ཀྱི ་ཆུ་རྒྱུན་ལྟར་དྲི་མ་མེད་པའོ། །དེ་ཉིད་ནི་རྒྱལ་བ་སྟེ་མ་ལུས་པའི་བདུད་ལས་རྒྱལ་བའི་ཕྱིར་རོ། །རིགས་ནི་ཁྲོ་བོའོ། །ཀུན་ནི་ཚོགས་སོ། །གསལ་བ་ནི་འཕྲོ་བའོ། །ནུབ་ཅེས་བྱ་བ་ནི་ཞལ་དུ་ཤེས་པར་བྱའོ། །འདིར་ཡང་མུན་པའི་ཚོགས་ནི་གཏིངས ་པ་བཞིན་ཞེས་བྱ་བ་དང་སྦྱར་རོ། །གསེར་བཅོས་འདྲ་ཞེ་ཞེས་བྱ་བ་ནི་ཤིན་ཏུ་སེར་བར་སྟོན་ཏོ། །མེ་འབར་སོལ་བ་ཞེས་བྱ་བ་ནི་ལྕགས་ཀྱི་སེའུ་ཁ་འཚོང་པར་བྱེད་པའི་སོལ་བའི་ཕུང་པོའོ། །ཉི་མ་འཆར་ཀའི་འོད་འདྲ་བ་ཞེས་བྱ ་བ་ལ། འཆར་ཀ་ནི་གསར་དུ་འཆར་བ་སྟེ། ཇི་ལྟར་ཉི་མ་གཞོན་ནུ་འཆར་བའི་འོད་རྣོ་ཞིང་ཤིན་ཏུ་སེར་བ་ལྟ་བུའི་མདངས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟུགས་ཞེས་བྱ་བ་ལ་གསལ་ཞིང་བཀྲ་བས་ན་གཟུགས་ཏེ་དྲག་པོ་ཆེན་པོར་སྟོན་པའི་ཕྱིར་རོ། །སྐར་ ་མདའི་འོད་ལྟར་ལྡིང་ཞིར་འཁྲུགས་ཅེས་བྱ་བ་ནི་ཇི་ལྟར་སྐར་མདའ་ཐང་ལ་བབས་པའི་འོད་མང་དུ་འཕྲོ་ཞིང་འཚེར་བ་ལྟར་ཤིན་ཏུ་འཁྲུག་ཅིང་བལྟ་དཀའ་ཨོ། །གཟུང་བར་དཀའ་བ་ནི་མེ་ལྕེ་ལྟ་བུ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་པའི་དུས་མེ་ལྕེ་གཅིག་ཏུ ་འཁྱིལ་བ་ལྟར་གཟུགས་བཟུང་བར་དཀའ་བའོ། །དེ་ལྟ་བུའི་ཞལ་བཞི་དང་ལྡན་པའི་བཅོམ་ལྡན་འདས་གང་ན་བཞུགས་ཤེ་ན། དཔག་ཚད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་མདའ་ནི་རྡོ་རྗེའི་ཚོགས་སོ། །དྲ་བ་ཆེན་པོ་ནི་ཕྱིར་ཆེན་པོའོ། །བཅིངས་པ་ནི་བསྐོ ་བ་སྟེ་དེ་ན་བཞུགས་པའོ། །འཁོར་ལོ་ནི་ལྷའི་ཁྱད་པར་ཏེ་གང་ཞེ་ན། ཁྭ་གདོང་མ་ལ་སོགས་པའོ། །ཅི་འདྲ་ཞེ་ན། སོ་སོའི་བ་སྤུ་རེ་རེའི་ཁོང་ནས་ཀྱང་ཞེས་བྱ་བ་ལ། དེ་དག་རེ་རེའི་བ་སྤུའི་ཁུང་ནས་ཏེ། བ་སྤུའི་བུ་ག་དང་སྙིང་པོ ་ཁྭ་རི་རབ་ཀྱི་རྡུལ་དང་མཚུངས་པའི་མཁའ་འགྲོ་མའི་འཁོར་ལོ་འཕྲོ་བ་ཡོད་པའོ། །སྤྲོ་བ་དེ་ཅི་ཞིག་ཡིན་ཞེ་ན། རྡོ་རྗེ་གསུམ་གྱི་རང་བཞིན་རྣམས་ཏེ། དེ་དག་གིས་བློའི་བྱེ་བྲག་བཞིན་དུ་ཆོས་ཉིད་རྟོགས་པར་མཛད་པའོ། །དེ་ལ་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་སྟེ། ་དེ་རྣམས་ཀྱི་རང་བཞིན་ནི་རང་བཞིན་མེད་པ་སྟེ། ནམ་མཁའ་གསལ་མཛད་ཅེས་བྱ་བ་ནི་ནམ་མཁའ་ལྟར་འོད་གསལ་བར་སྟོན་ཏོ། །དེ་ཡང་གསུངས་པ། སྐུ་མི་འགྱུར་བ་མ་སྐྱེས་པ། གསུང་དང་ཐུགས་ཀྱང་མཚན་མ་མེད། ནམ་མཁའ་ཨི་རྡོ་རྗེ་རྟོག་ལས་བྱུང། ལོག་པར ་གཟུང་བས་ཟིན་པ་ཡིན་ཞེས་སོ། །དེ་ལྟར་སྔགས་པས་རྣམ་པར་བྱ་ཞེས་བྱ་བ་ནི་སྔགས་པས་ཆོས་ཉིད་དེ་ལྟ་བུ་བསམས་ནས་འོག་ནས་འབྱུང་བའི་སྒྲུབ་ཐབས་ཀྱི་རིམ་གྱིས་བསྒྲུབ་པར་བྱ་བའི་དོན་ཏོ། །མཁའ་འགྲོ་ཉི་ཤུ་བཞི་ཕྱེད་བསྐོར་ཞེས་བྱ་བ་ནི་བཅུ ་གཉིས་ཀྱིས་བསྐར་བ་སྟེ། འདི་ལྟར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ནི་བཅོམ་ལྡན་འདས་སོ། །འདབ་མ་རྣམས་ལ་ནི་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ཁྭ་གདོང་མ་ལ་སོགས་པའོ།། ་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་སྟེ། དེ་དག་གི་མདོག་དང་མཚན་མ་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ ་མཛའ་ཡས་ལ་སོགས་པ་ཀླུ་བརྒྱད་སྔར་བསྟན་པའི་གཟུགས་ཅན་རྣམས་ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་གདན་དུ་བལྟ་བར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་བསམ་གཏན་སྔོན་དུ་འགྲོ་བས། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས ་བཟླས་ན་ཇི་སྐད་བསྟན་པ་བཞིན་དུ་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་ཏེ། རྟ་བླ་མོ་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་ཀ་བྱད་པར་གང་དཀྱུས་རིང་ཞིང་མདོག་དམར་བ་རྐང་པ་མང་བ་ཞིག་གོ་།དེ་ཡང་ཁ་ན་མ་ཐོ་བ་མེད་པར་རྙེད་པ་དེ ་འདིར་གཟུང་ངོ། །རས་ཀྱིས་གཡོགས་ཏེ་བཏགས་ཞེས་བྱ་བ་ལ། རས་ཀྱིས་གཡོགས་པ་ནི་བསྐམ་པའི་དོན་དེ། རས་ཀྱིས་གཡོགས་ནས་བསྐམས་ལ་བཏགས་པའོ། །ལི་ཁྲི་དང་བསྲེས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྙེད་པའི་ལི་ཁྲི་དང་ལྷན་ཅིག ་དུ་བྱས་ཏེ་ཀླུའི་གཟུགས་བྱ་བའོ། །ཀླུའི་གཟུགས་དེ་ཡང་ཟླ་བའི་གོ་རིམ་དང་རྗེས་སུ་མཐུན་པའི་གཟུགས་བྱས་ཏེ་དེ་ཡང་གསུངས་པ། དབྱར་ཟླ་ཐ་ཆུང་སྟོབས་ཀྱིས་རྒྱུ། །སྟོན་ཟླ་ར་བ་དུང་སྐྱོང་སྟེ། སྟོན་ཟླ་འབྲིང་ལ་འཇོག་པོ་ཡིན། །སྟོན་ཟླ་ཐ་ཆུང་ནོར་རྒྱས་བུ ་ཞེས་བྱ་བ་ལ་སོགས་པ་གཞན་ཡང་རིམ་པ་བཞིན་དུ་སོ་སོར་འབབས་པར་བྱེད་པ་ཡིན་ནོ། །དེའི་ཁང་པ་ནི་གནས་ཏེ་ཚོན་སྣ་ལྔས་རྟ་བབས་མེད་པར་གྲུ་བཞི་ལ་སོགས་པར་བྲི་བའོ། །དེ་ཡང་མཚོན་གྱི་རྣམས་ཀླུའི་མདོག་དང་རྗེས་སུ་མཐུན་པར་དགྱེ་བའོ།། ་ཉའི་གདོང་པ་ཞེས་བྱ་བ་ནི་རོ་ཧི་ཏའི་གདོང་པའོ། །རས་ཁ་དག་སྣ་ཚོགས་པས་གཡོགས་ཞེས་བྱ་བ་ནི་དུས་ཀྱི་རྗེས་སུ་འབྲང་བའི་ཀླུའི་ཁ་དོག་བཞིན་དུ་གོས་ཀྱི་ཁ་དོག་ཐ་དད་པར་བྱ་བའོ། །སྔགས་ཞེས་བྱ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ། །འདོད ་པ་ཐམས་ཅད་པའི་གཏོར་མ་ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱིས་བརྒྱན་པའི་གཏོར་མ་སྟེ། དེ་ལ་གར་ལེ་སོགས་པ་ནི་གཟུགས་སོ། །གླུ་ལ་སོགས་པ་ནི་སྒྲའོ། །སྤོས་ལ་སོགས་པ་ནི་དྲིའོ། །འོ་མ་ལ་སོགས ་པ་ནི་རོའོ། །གོས་དང་བ་དན་ལ་སོགས་པ་ནི་རེག་བྱ་སྟེ། དེ་དག་ཀྱང་སྔགས་སྔ་མ་ཉིད་དམ། ཨོཾ་ནཱཾ་ཕཊ་ཅེས་བྱ་བས་སྦྱིན་ནོ། །རིག་པ་འཛིན་པ་ཞེས་བྱ་བ་ལ། རིག་པ་ནི་ཀ་ར་ཀ་ར་ལ་སོགས་པ་དང། རྐང་པ་བརྒྱད་པའི་སྔགས་ཏེ། དེ་མང་དུ་ཟློས་པའི ་སྒྲུབ་པ་པོ་ནི་རིག་པ་འཛིན་པའོ། །ས་ཕྱོགས་ཞེས་བྱ་བ་ནི་ཀླུའི་གནས་ཀྱི་ཉེ་འཁོར་རོ། །ཡང་ན་རང་གི་གནས་ཀྱི་ཉེ་འཁོར་ཏེ། དེ་རླུང་ལ་སོགས་པས་བཟློག་པའོ། །ལྷག་མ་ནི་གོ་སླའོ། །སྦྱོར་བ་གཞན་གསུངས་པ་། ་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ལ་དགྲ་ཐམས་ཅད་ནི་ཉེ་བ་ལ་སོགས་པ་རྣམས་སོ། །འགྲན་ཟླ་ནི་སྲིད་དམ་ནོར་གཅིག་ལ་རྟོག་པ་རྣམས་སོ། །སྡང་བའི་གྲོགས་པོ་ནི་མཛའ་བཤེས་ལ་སྡང་བ་རྣམས་སོ། །སྡང་བའི་ཕྱོགས་བྱེད་པ་ནི་དགྲ་བོའི་མཛའ་ ་བཤེས་སོ། །ལྷག་མ་ནི་གོ་སླའོ། །རྟ་བླ་མོ་དེ་ཉིད་ཅེས་བྱ་བ་ནི་གྲིབ་མ་ལ་བསྐམ་ཞིང་ལི་ཁྲི་དང་བཅས་པ་དེ་ཉིད་དོ། །ཁ་ཅིག་ན་རེ་ནི་ཀླུའི་རྟ་བླ་མོ་དེ་ཉིད་དོ་ཞེས་ཟེར་རོ། །ཐལ་བ་དང་བསྒོ་ཞེས་བྱ་བ་ལ་བསྒོ་བ་ནི་དུག་དང་ནིམ་པའི་ལོ་མའི་ཁུ་བ་ལ ་སོགས་པས་བསྒོ་བའོ། །སྐྱེས་པ་འམ་བུད་མེད་ཀྱིས་ཞེས་བྱ་བ་ནི་གཉིས་པའི་དོན་གྱིས་དྲུག་པ་ཡིན་ནོ། །ཁྲོ་བོ་ཆེན་པོའི་སྔགས་ནི་ཀ་ར་ཀ་ར་ལ་སོགས་པ་དང། རྐང་པ་བརྒྱད་པའི་སྔགས་ཏེ་བསད་པ་ལ་སོགས་པ་དང། སྤེལ་བ་ནི་ཇི་སྐད་སྨོས་པ ་བཞིན་དུ་འགྱུར་རོ། །རིག་པ་འཛིན་པ་ནི་རྣལ་འབྱོར་པའོ། །བརྒྱ་རྩ་བརྒྱད་བཟླས་པས་ཞེས་བྱ་བ་ནི་སྔགས་དེ་ཉིད་དོ། །ཁྲག་ནི་རང་གི་སྲིན་ལག་གི་ཁྲག་གོ་།ལྷག་མ་ནི་གོ་སླའོ་ཞེས་བྱ་བ་ནི་རིམ་པ་དེས་སོ། །ཀླུ་ཐམས་ཅད་དགུག་ཞེས་བྱ་བ་ལ་སོགས་པ་ནི ་ཉེ་བར་མཚོན་པ་སྟེ་བསད་པ་ལ་སོགས་པ་ནི་ཡང་ངོ། །ཆོ་ག་རྒྱས་པ་ནི་བྱ་བ་སྤྲོས་པའོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བས་ཏེ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ལྔ་པའི ་རྣམ་པར་བཤད་པའོ།། །།ད་ནི་གླུའི་སྔགས་བཏུ་བ་ལ་སོགས་པ་བསྟན་པའི་ཕྱིར་ལེའུ་དྲུག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གླུའི་སྔགས་ཞེས་བྱ་བ་ནི། གླུའི་ཚུལ་གྱིས་བསྟན་པའི་སྔགས་ཏེ། སྔགས་གླུར་བླངས་པའོ། ། ་སྒྲ་ཆེན་པོས་བཤད་དུ་སྩོལ་ཞེས་སྦྱར་ཏེ། གསལ་བར་བསྟན་དུ་གསོལ་ཞེས་བྱ་བའི་བར་དུའོ། །གཤིན་རྗེས་མཆེ་བ་ཅན་མ་ཉིད་ཅེས་བྱ་བ་ལ་སོགས་པ་འདི་དག་ནི་རྐང་པ་གསུམ་པའི་ཚིགས་སུ་བཅད་པའོ། །གཤིན་རྗེ་ནི་གཤིན་རྗེའི་དགྲ་སྟེ་དེའི་ནང་ནས ་མཆེ་བ་ཅན་མ་ནི་སོ་ཅན་གྱི་སའོ། །རུ་སྦལ་ནི་ཨུ་སྟེ། དེའི་སྟན་ལ་བཞུགས་པར་ས་བཟུང་སྟེ། བསྡུས་པ་ན་སུ་ཞེས་བྱ་བར་འགྱུར་རོ། །དབུ་མ་ཡི་ནི་ཐ་མ་ཉིད་ཅེས་བྱ་བ་ལ། དབུ་མ་ནི་པའི་སྡེ་ཚན་ནོ། །དེའི་མཛའ་མ་ནི་མ་སྟེ་དམིགས་ཀྱིས་དགར་བའི ་དྲུག་པ་ཡིན་ནོ། །བཞི་པ་ནི་སྡེ་ཚན་དགུ་མའི་བཞི་པོ་སྟེ་ཡི་གེ་བྷའོ། །གནས་པ་ནི་དེའི་སྟེང་ན་གནས་པ་སྟེ་ཡི་གེ་མའོ། །བསྡུས་པས་ཨ་བྷ་ཞེས་བྱ་བར་འགྱུར་རོ། །གཤིན་རྗེའི་ཕྱོགས་ནི་རྟའི་སྡེ་ཚན་ནོ། །མཐར་གནས་པ་ནི་དེའི་མཐར་གནས་པ་སྟེ་ནའོ།། ་བཟང་པོ་ཡི་ནི་སྟེང་དུ་བརྒྱན་ཞེས་བྱ་བ་ལ། སྟེང་དུ་ནི་དེའི་སྟེང་དུ་སྟེ། དེར་བཟང་པོ་ཞེས་བྱ་བ་ཨིས་བརྒྱན་པའོ། །བསྡུས་པས་ནི་ཞེས་བྱ་བར་འགྱུར་རོ། །གཤིན་རྗེ་མཆེ་བ་ཅན་ནི་སའོ། །རུས་སྦལ་ཞེས་བྱ་བ་ཐ་མལ་པའི་སྐད་ལ་ནི་ཐུང་ངུ་ཡིན་ལ། ལེགས ་པར་སྦྱར་བས་ནི་རིང་པོ་ཡིན་ཏེ། བསྡུས་པས་སུ་ཞེས་བྱ་བར་འགྱུར་རོ། །མ་བ་ཞེས་བརྗོད་ཚིག་དང་ལྡན་ཞེས་བྱ་བ་ལ། ཨ་ནི་མགྲིན་པའི་ཤུགས་ཏེ་དོན་མེད་པའོ། །བརྗོད་པ་ཉིད་ཚིག་སྟེ། དེ་དང་ཡང་དག་པར་ལྡན་པའི་སྔགས་སོ། །ཡང་ན་གཤིན་རྗེའི་མཆེ་བ་ཅན་ཨ་པའི་ཚིག་དང་ལྡན་པའི་རུས་སྦལ་གྱིས་བརྒྱན་ཞེས་བྱ་བར་སྦྱར་ཏེ། འདིར་དྲུག་པ་མི་མངོན་པ་ཡིན་ནོ། །དེ་ཡང་ཀ་ག་ཙ་ཛ་པ་བ་ལ་རྐྱེན་ནི་གསལ་བར་མ་ཡིན་ནོ་ཞེས་མདོ་ལས་གསུངས་པ་བཞིན་ནོ། །དང་པོ་ནི་དང་པོ་པ་སྟེ་ཡི་གེ་ཨོཾ་ལ ་བྱའོ། །དེ་ཡང་མི་མངོན་པ་ཡིན་ནོ། །མགོན་པོ་ནི་ཧའོ། །རི་མོ་དང་རྩེས་བརྒྱན་ཞེས་བྱ་བ་ལ། རི་མོ་ནི་ཟླ་བ་ཚེས་པའི་རི་མོའོ། །རྩེ་མོ་ནི་ཐིག་ལེ་སྟེ། དེ་དག་གིས་ཧ་ལ་བརྒྱན་པའོ། །བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ལན་གཉིས་བསྒྱུར་བར་བྱ་ཞེས ་བྱ་བར་ལན་གཉིས་སུ་བརྗོད་པའོ། །མགོན་པོ་ཞེས་བྱ་བ་ནི་སྔགས་ཏེ་སྐྱེས་བུ་མཆོག་གི་དོན་བྱེད་པའི་ཕྱིར་རོ། །ཕན་ཞེས་བྱ་བ་ནི་ཐ་མལ་པའི་སྐད་དེ། ལེགས་པར་སྦྱར་ཕཊ་ཅེས་བྱ་བ་ཡིན་ནོ། །ཚིག་གིས་འབར་ཞེས ་བྱ་བ་ནི་ཚིག་དེས་གསལ་བར་བྱས་པའོ། །ཐམས་ཅད་བསྡུས་པས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བ་སྟེ། སྔགས་འདིའི་ཕན་ཡོན་རྒྱུད་གཞན་ལས་གསུངས་ཏེ། འདིར་ཡང་ཤིན་ཏུ་བཟླས་ན་གསོད་པ་ལ་སོགས་པའི་ལས་བྱེད་པར་བལྟའོ། །ཁྭ ་གདོང་མ་ཡི་སྔགས་གསུངས་པ། ཀ་གི་ཞེས་བྱ་བ་ལ་སོགས་པ་ལ་རི་སིའོ་ཞེས་བྱ་བ་དང། ཛ་ཧི་ཞེས་བྱ་བ་དང། སན་ཐི་ཡ་ཞེས་བྱ་བ་རྣམས་མ་གཏོགས་པར་ལྷག་མ་ནི་སྔགས་ཏེ། དུས་གསུམ་དུ་བཟླས་བརྗོད་མང་དུ་བྱས་ནས་བསྒྲུབ་པར་བྱ་བ ་ལ་བློས་དམིགས་ཏེ་གཏོར་མ་བྱིན་ན་བསད་པ་དང་བསྐྲུད་པ་ལ་སོགས་པར་འགྱུར་རོ། །རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོ་གསུངས་པ་འབུགས་པ་ལ་ནི་ཞེས་བྱ་བ་ལ། འབུགས་བྱེད་ནི་ཨོའོ། །སའི་དབང་ཕྱུག་ནི་ཐིག་ལེའོ། །ཟླ་བའི་དུམ་བུ་ནི་ཟླ་བ་ཚེས་པའོ ་འཆུགས་བྱེད་ལ་དེ་དག་གིས་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་བསྡུས་པས་ཨོཾ་ཞེས་བྱའོ། །སླར་ཡང་དབུ་མའི་དབུ་མ་གཟུང་ཞེས་བྱ་བ་ལ། དབུ་མའི་བའི་སྡེ་ཚན་ཏེ་དེའི་དབུ་མ་ཡི་གེ་བ་གཟུང་ངོ། །བྱང་ཕྱོགས་ཀྱི་ནི་དབུ་མ་ཞེས་བྱ་བ་ལ། བྱང་ཕྱོགས་ནི ་ཙའི་སྡེ་ཚན་དེའི་དབུ་མ་ནི་ཛའོ། །ཞབས་ཀྱི་པདྨ་ཉི་མར་ལྡན་ཞེས་བྱ་བ་ལ། ཉི་མ་ནི་ར་སྟེ་ཞབས་ཀྱི་པདྨ་ཞེས་བྱ་བ་ཛའི་འོག་གི་ཆ་དང་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ། །བསྡུས་པས་བཛྲ་ཞེས་བྱ་བར་འགྱུར་རོ། །བདེན་བྲལ་ལ་ནི་སྨེ་བས་བརྒྱན་ཞེས་བྱ ་བ་ལ། བདེན་བྲལ་ན་གནས་པས་ན་བདེན་བྲལ་ཏེ་ཡི་གེ་ཝའོ། །སྨེ་བ་ནི་ཡི་གེ་ཨི་སྟེ། བརྒྱན་པ་ནི་མཚན་མས་མཛེས་པར་བྱ་བའོ། །བསྡུས་པས་ཝཻ་ཞེས་བྱ་བར་འགྱུར་རོ། །འབར་བ་འབུགས་པས་རྣམ་པར་ཀླུབས་ཞེས་བྱ་བ་ལ་འབར ་བ་ནི་རའོ། །འབུགས་པ་ནི་ཨོ་སྟེ་རོ་ཞེས་བྱ་བར་འགྱུར་རོ། །བྱང་ཕྱོགས་གྲགས་པའི་དང་པོ་དང་ཞེས་བྱ་བ་ལ། བྱང་ཕྱོགས་ཀྱི་སྡེ་ཚན་དུ་གྲགས་པ་སྟེ། ཙའི་སྡེ་ཚན་ཡིན་ལ་དེའི་དང་པོ་ཙ་ཉིད་གཟུང་ངོ། །གཤིན་རྗེ་ཕྱོགས་ཀྱི་མཐར་གནས་པ་ནི་ཡི་གེ ་ནའོ། །ཁྱུ་མཆོག་ནི་ཡི་གེ་ཨི་སྟེ། དེ་ནའི་སྟེང་དུ་བཞག་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྡུས་པས་ནི་ཞེས་བྱ་བར་འགྱུར་རོ། །རླུང་ནི་ཡུགས་ས་མོ་ཡིས་བརྒྱན་ཞེས་བྱ་བ་ལ་རླུང་ནི་ཡའོ། །ཡུགས་ས་མོ་ནི་ཨེ་སྟེ་དེས་བརྒྱན་པའོ། །བསྡུས་པ་ཡེ་ཞེས་བྱ ་བར་འགྱུར་རོ། །གཤིན་རྗེ་མཆེ་བ་ཅན་ནི་སའོ། །བདེན་བྲལ་ལ་གནས་ཞེས་བྱ་བ་ལ། འདིར་པ་མི་མངོན་པ་ཡིན་ཏེ། བདེན་བྲལ་བའི་ཡི་གེ་བ་གཟུང་བར་བྱའོ། །གནས་པ་ནི་སྦྱར་བའོ། །ཡང་ཅི་འདྲ་ཞེ་ན། གཏི་མུག་གིས་ནི་རྣམ་པར་བརྒྱན་ཞེས་བྱ ་བ་སྟེ། གཏི་མུག་ནི་དབྱངས་ཡིག་གཉིས་པ་ཡིན་ལ་དེས་བརྒྱན་ཅིང་གླུགས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྡུས་པས་སྭཱ་ཞེས་བྱ་བར་འགྱུར་རོ། །གཤིན་རྗེ་འཇོམས་མ་ནི་ཧའོ། །གཏི་མུག་ནི་དབྱངས་ཡིག་གཉིས་པ་སྟེ། དེ་དང་སྦྱར་བའོ། །ཐམས་ཅད ་བསྡུས་པས་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱཧཱ་ཞེས་བྱ་བའི་སྔགས་ཏེ། རྣལ་འབྱོར་བའི་བྱ་བ་ཐམས་ཅད་བྱེད་པའོ། །གླུའི་ཕྱག་རྒྱ་འདི་ཡིས་ནི་ཞེས་བྱ་བ་ལ་ཕྱག་རྒྱ་ནི་རྡོ་རྗེ་ཕག་མོ་ཡིན་ལ། སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་སྔགས་ལ་ཡང་དེ་སྐད་ཅེས ་བྱའོ། །འདི་ཞེས་བྱ་བ་ནི་འདི་བཟླས་པ་ཙམ་གྱིས་མཁའ་འགྲོ་མ་ཀུན་དགའ་མགུར་གྱུར་པ་སྟེ། ཚིམ་ཞིང་རངས་པར་གྱུར་པའོ། །སྒྱུ་མ་ཆེན་མོ་བཅུ་དྲུག་འདི། །ཡི་གེ་རེ་རེར་ཀུན་ནས་ཤེས་ཞེས་བྱ་བ་ལ་སྒྱུ་མ་ཆེན་མོ་ནི་རྣལ་འབྱོར་མ་རྣམས་ཏེ། རྣལ ་འབྱོར་མ་བཅུ་དྲུག་ཏུ་གྲགས་པ་རྣམས་ཡི་གེའི་གཟུགས་ཀྱིས་ཀུན་ཏུ་གནས་སོ་ཞེས་བྱ་བར་དགོངས་སོ། །ཡི་གེ་བཅུ་དྲུག་པོ་དེ་དག་ཀྱང་གང་ཞེ་ན། ཨོཾ་སརྦ་བུདྡྷ་ཝརྞ་ནཱི་ཡེ་བཛྲ་ཌཱ་ཀི་ནི་སྭཱཧཱ་ཞེས་བྱ་བ་སྟེ། རྡོ་རྗེ་ཕག་མོའི་སྙིང་པོ་ཡི་གེ་བཅུ ་དྲུག་མན་ངག་གིས་བལྟ་བར་བྱའོ། །དེ་ཡང་སྔགས་ཀྱི་ལེའུ་བསྟན་པར་བྱའོ། །ཁ་ཅིག་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ལས་ཐམས་ཅད་པ་ལ་བྱའོ་ཟེར་རོ། །ལྷག་མའི་གཏོར་མའི་སྔགས་གསུངས་པ་དང་པོ ་ཞེས་བྱ་བ་ལ་སོགས་པ་ལ་དང་པོ་སྟེ། ཐོག་མར་རུས་སྦལ་ཏེ་ཨུ་གཟུང་བར་བྱའོ། །བཟང་པོ་ནི་ཨི་སྟེ་དེའི་སྟེང་དུ་གནས་པའོ། །གང་ཞེ་ན། བྱང་གི་དང་པོ་སྟེ་ཙ་དང་དེ་ཉིད་ཀྱི་གཉིས་པ་ཡི་གེ་ཚེ་ལྡན་པ་སྟེ་འོག་ཏུ་སྦྱར་བ་ཡིན་ནོ། །བསྡུས་པས ་ཙྪི་ཞེས་བྱ་བར་འགྱུར་རོ། །གཤིན་རྗེའི་ཕོ་ཉ་མ་ཞེས་བྱ་བ་ལ། གཤིན་རྗེ་ཕོ་ཉའི་སྒྲས་ཥ་ལ་བྱའོ། །ཆུ་ལྷ་ནི་ཆུ་ལྷའི་ཕྱོགས་ཀྱི་ཡི་གེ་ཋ་ལ་བྱ་ལ། བཞུགས་པ་ནི་འོག་ཏུ་སྦྱར་བའོ། །བསྡུས་པས་ཥྛ་ཞེས་བྱ་བར་འགྱུར་རོ། །ར་ནི་གྲགས་པར་ཟད ་དོ། །གཏི་མུག་བརྒྱན་པ་ནི་དེ་ཡང་སྦྱར་བ་སྟེ་ར་ཞེས་བྱ་བར་འགྱུར་རོ། །སླར་ཡང་ཀ་ཥ་ཞེས་བྱ་བར་བརྗོད་ཅེས་བྱ་བ་ལ་སླར་ཡང་སྟེ་དེའི་འོག་ཏུ་ཀ་དང་ཥ་འདུས་པས་ཀྵ་ཞེས་བྱ་བར་འགྱུར་རོ། །གཤིན་རྗེ་ན་མཆེ་བ་ཅན་ནི་ཡི་གེ་སའོ། ། ་བཟང་པོ་ནི་ཨི་སྟེ་སི་ཞེས་བྱ་བར་འགྱུར་རོ། །མཆེ་བ་ཅན་ཞེས་པ་ནི་གཤིན་རྗེ་མཆེ་བ་ཅན་ནོ། །བདེན་བྲལ་བཞུགས་པ་ནི་ཝ་དང་སྦྱར་བའོ། །ལྷན་ཅིག་ལྡན་ཞེས་བྱ་བ་ནི་དེ་དང་བཅས་པ་སྟེ་སྭཱ་ཞེས་བྱ་བར་འགྱུར་རོ། །དེར་ནི་ཞེས་བྱ་བ ་ནི་དེའི་འོག་ཏུའོ། །ས་མཛའ་ཞེས་བྱ་བ་ནི་ཧའོ། །གཏི་མུག་གིས་ནི་ལྷན་ཅིག་བརྒྱན་ཞེས་བྱ་བ་ནི་སྦྱར་བ་སྟེ། ཧཱ་ཞེས་བྱ་བར་འགྱུར་རོ། །ཐམས་ཅད་བསྡུས་པས་ཨུཙྪིཥྛ་རཱཀྵ་སི་སྭཱཧཱ་ཞེས་བྱ་བའི་སྔགས་སོ། །སྲིན་མོའི་དངོས་གྲུབ་འདོད་པ ་རྣམས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ་འདིས་བསྒྲུབ་པར་བྱའོ། །བུ་མོ་རྣམས་ནི་དགུག་པའི་མཆོག་ཅེས་བྱ་བ་ནི་དེ་གྲུབ་པས་བུ་མོ་རྣམས་ཁྲིད་དོ། །འོང་བར་དགོངས་སོ། །རྨོངས་པར་བྱེད་པའི་སྔགས་གསུངས་པ། ཤར ་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ཤར་ཕྱོགས་ནི་ཀའི་སྡེ་ཚན་ཡིན་ལ་བརྒྱད་པ་ནི་ཀ་ནས་གཟུང་བའི་བརྒྱད་པ་སྟེ་ཛའོ། །འདིར་ཡང་བ་མི་མངོན་པར་བྱས་པ་ཡིན་ནོ། །དབུ་མའི་མཛའ་མ་བཞི་པར་ལྡན་ཞེས་བྱ་བ་ལ། དབུ་མ་ནི་ཕའི་སྡེ་ཚན ་ཏེ། དེའི་ཐ་མ་གང་ཡིན་པ་དེའི་འོག་ཏུ་དེ་ཉིད་ཀྱི་བཞི་པ་བྷ་སྦྱར་བར་བྱའོ། །སྤྱི་བོ་ནི་སྟེང་དུ་སྟེ་དེར་ཡུགས་ས་མོ་ཞེས་བྱ་བ་ཨེ་སྦྱར་བས་མྦྷེ་ཞེས་བྱ་བར་འགྱུར་རོ། །སླར་ཡང་དབུ་མའི་ཐ་མ་གཟུང་ཞེས་བྱ་བ་ནི་ཡི་གེ་མ་ཉིད་དོ། །འབུགས ་པའི་རང་བཞིན་ལྡན་པར་བྱ་ཞེས་བྱ་བ་ལ་རང་བཞིན་ནི་དངོས་པོའོ། །ལྡན་པ་ནི་སྦྱར་བ་སྟེ་མོའོ། །གཤིན་རྗེ་འཇོམས་མ་ནི་ཧའོ། །ཡུགས་ས་མོ་ནི་ཨེའ། །རྣ་ཆ་ནི་གློར་བཞག་པ་སྟེ། ཧེ་ཞེས་བྱ་བར་འགྱུར་རོ། །མཐར་ནི་སྭཱཧཱས་ཡོངས་སུ ་བརྒྱན་ཞེས་བྱ་བ་དེའི་འོག་ཏུ་སྭཱཧཱ་ཞེས་འདོན་པའོ། །རིག་བྱེད་ཀྱིས་ནི་མཉེས་པར་བྱ་ཞེས་བྱ་བ་ལ་རིག་བྱེད་ནི་ཚངས་པ་སྟེ། ཨོཾ་མོ། མཉེས་པ་ནི་དེ་ཐམས་ཅད་ཀྱི་ཀླང་དུ་སྦྱིན་པའོ། །བསྡུས་པས་ཨོཾ་ཛམྦྷེ་མོ་ཧེ་སྭཱཧཱ་ཞེས་བྱ་བའི་སྔགས་སུ ་འགྱུར་རོ། །ཐོད་པའི་དབུས་གནས་རྒྱལ་བར་འགྱུར་ཞེས་བྱ་བ་ལ། ཐོད་པ་ནི་མགོའི་དབུས་ཏེ་དཔྲལ་བའོ། །དབུས་གནས་ནི་དེར་སྔགས་དེ་བྲི་བའོ། །རྒྱལ་འགྱུར་ནི་མི་མཐུན་པ་ཐམས་ཅད་ལས་རྒྱལ་བར་འགྱུར་བའོ། །དེས་ནི་འདི་སྐད་དུ་དཔྲལ་བར ་ཨེ་བསྒོམ་ལ་དེའི་སྟེང་དུ་སྔགས་ཀྱི་ཕྲེང་བ་དེ་ཟླུམ་པོར་ཡིད་ཀྱིས་བྲིས་ལ་བལྟས་ན་གང་ལ་བལྟས་པ་དེ་རྨོངས་པར་འགྱུར་ཞིང་དེ་ལྟར་ལྕེའི་དྲི་མ་ལ་སོགས་པ་ལ་སྔགས་གོང་མ་དེ་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་ཡང་སྔར་བསྟན ་པ་བཞིན་འགྱུར་ལ། མན་ངག་གི་ཚུལ་དེ་དག་ཉིད་ཀྱིས་གཡུལ་ལ་སོགས་པར་ཞུགས་ན་རྒྱལ་བར་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །མུ་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གཉིས་ལེའུ་སུམ་ཅུ་རྩ་བཞི་པ་ལས་དབྱེ་བར་བྱའོ།། དེ་ལྟ ་མོང་ཀྱིས་མདོར་ཡང་བསྡུས་ནས་དབྱེ་བར་བྱ་སྟེ། ཨོཾ་མུ་ནི་ཀ་སི་མུ་ནི་བ་སའི་མུ་ནི་ཧཾ་ཐ་ལང་ག་ལ་ཧི་ཕཊ། ཆེ་གེ་མོ་མུ་ཧ་ཧ་ཐ་བན་དྷ་མི་སྭཱཧཱ། ཞེས་བྱས་ཏེ་བཅིང་བའོ། །ོཾ་ཀ་ཀ་ཧ་ཁྲ་ཀ་ཀ་རུང་ཏེ་ཀཾ་བིན་དྷོ་པ་ཧ་རི་ཎི་ཆེ ་གེ་མོ་བཛྲ་བི་ཏང་གྲིས་ཙ་ཧ་གཙྪ་ཡ་ཐཱ་སུ་ཁཾ་ཕཊ་ནེ་པ་སྟེ་བསྐྲད་པའི་འོ། །འདི་དག་གི་ཆོ་ག་ནི་སྔར་བསྟན་པའི་མན་ངག་གིས་སྦྱར་བར་བྱ་སྟེ། །འདི་ལྟར་རྟག་ཏུ་བཟླས་ན་དེ་བཞིན་དུ་འགྱུར་རོ། །ལས་གཉིས་པོ་འདི་ཉིད་གསུངས་པ། གླུའི་ཕྱག་རྒྱ་འདི་ཡིས ་ནི་ཞེས་བྱ་བ་ལ་སོགས་པ་གསུང་པ་ལ་འདིར་ཕྱག་རྒྱ་ནི་སྔགས་ཀྱི་ལྷ་རྣམས་སོ། །ལྷ་དང་དབྱེར་མེད་པའི་བྱ་བ་བྱེད་པས། སྔགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། གླུའི་རང་བཞིན་གྱི་ཕྱག་རྒྱ་ནི་གླུའི་ཕྱག་རྒྱའོ། །ཉེ་བར་མཚོན་བ་དེས་འདི་ལྟར་ཁྭ་གདོང་མའམ་གཞན ་གྱི་རྣལ་འབྱོར་གྱིས་ཀྱང་གླུའི་སྔགས་ཀྱིས་བཟླས་པ་དང་སྦྱོར་བ་བྱའོ། །དེ་ལ་ཁྭ་གདོང་མས་ནི་བཅིང་བའོ། །འུག་གདོང་མས་ནི་ཞི་བའོ། །ཁྱི་གདོང་མས་ནི་རྒྱས་པའོ། །ཕག་གདོང་མས་ནི་བསྐྲད་པའོ། །གཤིན་རྗེ་བརྟན་མས་ནི་བཅིང་བའོ། གཤིན་རྗེ ་ཕོ་ཉ་མོས་ནི་ཏེ་འབྱེད་དོ། །གཤིན་རྗེ་མཆེ་བ་ཅན་གྱིས་ནི་བསད་པའོ། །གཤིན་རྗེ་འཇོམས་མས་ནི་བསྐྲད་པ་སྟེ། དེ་དག་ལས་ཀྱི་བྱེ་བྲག་གིས་ཁ་དོག་ལ་སོགས་པ་བྱེ་བྲག་ཏུ་བསྒྱུར་བས་ལས་གཞན་དག་ཀྱང་བྱེད་བར་འགྱུར་རོ། །དེ་ལ་ཞི་བ་ལ་ནི་ ་དཀར་པོའོ། །རྒྱས་པ་དང་བཅིང་བ་ལ་ནི་སེར་པོའོ། །སྡང་བ་དང་སྤྱགས?་པ་དང་བསད་པ་ནི་ནག་པོའོ། །དབང་དང་དགུག་པ་ལ་ནི་དམར་པོ་སྟེ། དེ་ལྟར་ཡང་གསུངས་པ། ཞི་པ་ལ་ནི་སྤྱན་གྱི་ཚུལ། །རྒྱས་ལ་རྡོ་རྗེ་པདྨ་ཅན། །དབབ་ལ་རྣམ་པར་སྣང ་མཛད་གནས། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལའོ་ཞེས་སོ། །བསམ་པ་ཡང་རྗེས་སུ་མཐུན་པར་གཟུང་སྟེ། དེ་ཡང་གསུངས་པ། ཞི་བ་ལ་ནི་ཞི་བའི་སེམས། །རྒྱས་ལ་རངས་པའི་ཡིད་དུ་བྱ། །དབང་གི་ལས་ནི་ཆགས་པ་སྟེ། །དྲག་ལ་ཁྲོ་བས་རབ་ཏུ་བསྒྲུབ ་ཅེས་སོ། །ོཾ་ཧི་ན་དེ་ཞེས་བྱ་བ་ལ་སོགས་པའི་ཀླུའི་སྔགས་ནི་དག་བཅིང་པའོ། །ོཾ་ཛཾ་ཌཧ་ནི་ཞེས་བྱ་བ་ལ་སོགས་པ་ལ་བཅིང་བ་རྣམས་ཀྱི་ཐུན་མོང་གིའོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་ནི་འདི་ལས་བསྟན་པའི་སྦྱོར་བའམ། ་གཞན་ལས་གསུངས་པའི་ལྷའི་སྦྱོར་བ་དང་ལྡན་པས་ཀྱང་ངོ། །ལས་བསྟན་པ་ནི་འདིར་བསྟན་པ་དང་གཞན་དུ་བསྟན་པ་དག་གི་ཡང་ངོ། །ཅི་ཞིག་ཅེ་ན། ཆོ་ག་སྟེ་བྲི་བ་ལ་སོགས་པའི་ལས་ཀྱི་ཚོགས་སོ། །དེ་ལྟར་ཞེས་བྱ་བ་ནི་སྔར་སྦྱར་བ་སྟེ། ཤེས་པར ་བྱ་ཞེས་བྱ་བ་ལྷག་མའོ། །ོཾ་ཛི་བྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་སྔགས་ཀྱི་ཚིག་གི་དོན་བཞིན་དུ་ཡང་ལས་བལྟ་བར་བྱའོ། །ོཾ་ན་མོ་ཞེས་བྱ་བ་ལ་སོགས་པའི་ལས་ནི་སྔར་བསྟན་ཟིན་ཏོ། །དབང་པོ་ཞེས་བྱ་བ་ལ་སོགས་ལས་ནི་རྐང་པ་བརྒྱད ་པའི་རིལ་བུ་བསྒྲུབ་པ་གསུངས་པ་ཡིན་ཏེ། དཔའ་བོ་དེ་ཕྱོགས་སུ་བལྟས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་གཡུལ་ཕྱོགས་སུ་ཁ་བལྟས་པའོ། །དེའི་རྐང་བའི་ཕགས་པ་དང་རྫས་རྣམས་ལྷན་ཅིག་དུ་གཟུང་བར་བྱའོ། །མན་ཞེས་བྱ་བ་ནི་ལྗོངས་ངོས་སོ། །རྟན་པ ་ཞེས་བྱ་བ་ནི་ལིག་བུ་མིག་གོ་།མིག་སྨན་ཞེས་བྱ་བ་ནི་དྲི་མེད་ཅེས་བྱ་བའི་མིག་སྨན་ནོ། །རྡོ་ཞེས་བྱ་བ་ནི་མུ་ཟའི་རྡོའོ། །དམར་པོ་ནི་གུར་གུམ་སྟེ། དེ་དག་ཆ་མཉམ་པར་མིའི་ཁྲག་གིས་བཏག་པར་བྱའོ། །འདི་ལྟར་ལིག་བུ་མིག་ནི་དེ་ཉིད་ཀྱང ་གུང་དཱུང་བཏག་པར་བྱའོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཙནད་དམར་ནི་ཙནད་དམར་པོའི་ཆུའོ། །ལན་མང་དུ་སྦལ་བ་ནི་རྫས་བདུན་པོ་དང། ལིག་བུ་མིག་ལ་སོ་སོར་ལན་བདུན་བསྐམ་ཞིང་སྦལ་བའོ། ། མའི་རིལ་བུ་བྱས་ལ་ཞེས་བྱ ་བ་ནི་རྫས་བདུན་གྱི་རིལ་བུ་ཙནད་དམར་པོའི་ཆུས་རློན་པར་བྱས་པའོ། །ལིག་བུ་མིག་ཅེས་བྱ་བ་ནི་འདིར་སྐམ་པོར་བཟུང་ངོ། །གྲིབ་མ་ལ་བསྐྲམས་ཞེས་བྱ་བ་ནི་རས་ཀྱིས་གཡོགས་ནས་ཉི་མ་ལ་བསྐམས་པ་སྟེ་ལག་པར་གནས་པར་བྱ་ཞེས་བྱ ་བ་དང་འབྲེལ་ཏོ། །ཇི་ལྟར་གྱུར་པ་ཞེན། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་ནི་ཟངས་ཏེ། མན་ཅ་བཞི་དང་ར་ཏི་ལྔའོ། །ཟླ་བ་ནི་དངུལ་ཏེ་ར་ཏི་གསུམ་དང་བཅས་པའི་མན་ཅ་གསུམ་མོ། །སྲེག་བྱེད་ན ་གསེར་ཏེ་ར་ཏི་བདུན་ལྷག་པའི་མན་ཆ་བཞིའོ། །དབུས་སུ་བཅུག་ཅེས་བྱ་བ་ནི་དེ་དག་གི་ནང་དུ་རིལ་བུ་བཞུགས་པ་སྟེ། དང་པོར་ནི་གསེར་གྱིས་དྲིལ་ལོ། །གཉིས་པར་ནི་དངུལ་གྱིས་སོ། །གསུམ་པར་ནི་ཟངས་ཀྱིས་སོ། །དེ་ཡང་གསུངས་པ། གསེར་དང་རི་བོང ་ཅན་དང་ནི། །འོད་བླ་མར་འབྱེད་ར་ཏི་ཐུབ་གསུམ་དམར། །བཅས་པའི་མན་ཆ་རིགས་གསུམ་བཞིས། །རིལ་བུ་རིམ་བཞིན་དཀྲི་བར་བྱ་ཞེས་སོ། །རྒྱལ་ཞེས་བྱ་བ་ནི་སྐར་མ་རྒྱལ་ལོ། །ལྷག་པར་གནས་པ་ནི་བྱིན་གྱིས་བརླབ་པ་སྟེ། དཀྱིལ་འཁོར་པ་དང ་བཅས་པའི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་ཏིང་ངེ་འཛིན་ནམ་།རྡུལ་ཚོན་ནམ་བྲིས་སྐུའི་དཀྱིལ་འཁོར་དུ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཅི་ནུས་ཀྱིས་རྐང་པ་བརྒྱད་པའི་སྔགས་བཟླ་བའོ། །ཞལ་དུ་བཅུག་ལ་ཞེས་བྱ་བ་ནི་ཉི ་མ་གཞན་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམས་པའི་ཁར་བཅུག་ལ་ལག་པ་གཡོན་པས་བཀབ་སྟེ་སྔགས་བཟླའོ། །དེ་ཉིད་གསུངས་པ། རིག་པའི་རྒྱལ་པོ་ཞེས་བྱ་བ་ལ། བདག་ཉིད་རྡོ་རྗེ་མཛའ་འགྲོར་བྱས་པའི་རིག་པ་བྱ་སྟེ། ཕྱག་རྒྱ་དང ་ལྡན་པས་རྐང་པ་བརྒྱད་པའི་སྔགས་གསལ་བར་བཟླས་པས་ན་རྒྱལ་པོའོ། །དེ་ཡང་ཟླ་བ་དྲུག་ཏུ་གྲངས་ཀྱི་ངེས་པ་མེད་པར་བཟླས་ལ། དེའི་འོག་ཏུ་འབུམ་ཕྲག་ཏུ་བཟླས་ནས་རྨི་ལམ་གྱི་མཚན་མ་བཟང་པོ་རྙེད་པ་དང་ཁར་བཅུག་སྟེ་། ་བསྒྲུབས་ན་མཚན་གཅིག་གིས་འགྲུབ་པར་འགྱུར་རོ། །ཡང་ན་རིག་པ་བྱེས་བྱ་བ་ནི་རྡོ་རྗེ་ཕག་མོའི་སྔགས་ཏེ་རྒྱལ་པོ་ནི་དེས་བརྒྱན་པའི་རྡོ་རྗེ་མཁའ་འགྲོའི་སྔགས་ཀྱིས་རིལ་བུ་བསྒྲུབ་ན་ཡང་སྐྱོན་མེད་དོ། །སྦྲུལ་གྱི་རྒྱལ་པོ་ཞེས་བྱ་བ་ལ ་སོགས་པ་ལ་རི་མོ་དཀར་ནག་དུམ་བུ་སོ་སོར་ཕྱེ་ཞེས་བྱ་བ་ལ། དཀར་པོ་དང་ནག་པོ་ནི་དཀར་ནག་སྟེ་སྦྲུལ་གྱི་ལུས་ཀྱི་རི་མོ་དཀར་ནག་གི་ཆ་རྣམས་སོ་སོར་དབྱེ་བའོ། །དཀར་ནག་སོ་སོར་ཤེས་པར་བྱ་ཞེས་བྱ་བ་ནི་དཀར་ནག་སོ་སོར་ཕྱེ་བ་དེ་རྣམས ་མ་འདྲེས་པར་སོ་སོར་ཕུང་པོ་གཉིས་སུ་བྱའོ། །གང་དང་ལྷན་ཅིག་དུ་ཕུང་པོར་བྱ་ཞེ་ན། ཤང་ཀ་པུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དུམ་བུ་དཀར་པོའི་ཆ་དང་ཤཾ་ཀ་པུས་པར་ལྷན་ཅིག་བྱའོ། ། ཀ་རུ་ནག་པོ་དང་དུམ་བུ་ནག་པོར་རོ། །དེ་ལ ་ཤང་ཀ་པུས་པ་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཞིག་སྟེ། མེ་ཏོག་གི་མདོག་དུང་འདྲ་བས་ཤང་ཀ་པུས་པ་ཞེས་སྐྱེ་བོ་རྣམས་ལ་གྲགས་པ་སྟེ། དཔེར་ན་ལེའུ་གསུམ་པར་དབང་པོ་ལག་པ་ཞེས་བྱ་བ་དེ་ཡང་རྩ་བའི་ཁྱད་པར་གང་ཞིག་དབང་པོ་དང ་ཉེ་བ་ལག་སོར་འདྲ་བས་ན་དབང་པོའི་ལག་པ་ཞེས་བྱ་སྟེ་ཁ་ཅིག་ནི་རྟའི་དུར་བ་ཞེས་ཟེར་བ་ལ། ལ་ལ་ནི་དབང་པོའི་མིག་ཅེས་བརྗོད་ཅིང་གཞན་དག་ལ་ནི་མཆན་ཁུང་གི་དྲི་མ་ཞེས་གྲགས་པ་བཞིན་ནོ། ། ཀ་རུ་ནག་པོ་ནི་གྲགས་པར ་ཟད་དེ་དེ་དག་ཀྱང་དུམ་བུ་དག་དང་ཆ་སྙམས་ཏེ་བཟུང་ལ། སྟོང་ཕྲག་ཉི་ཤུ་རྩ་བཞིར་གཅིག་གིས་མ་ཚང་བའི་སྔགས་བཟླ་ཞེས་བྱ་བ་རྡོ་རྗེ་ཕག་མོའི་སྙིང་པོའམ་ཉེ་བའི་སྙིང་པོ་དེའི་རྣལ་འབྱོར་གྱིས་བདུག་པ་གཉིས་ལ་བཟླས་ནས་སྣམ་བུ་ ་ལ་བདུག་གོ་ཞེས་ལྷག་མ་ཡིན་ནོ། །དེ་ནས་ཅི་བྱ་ཞེ་ན། ཕྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་ལྟར་བཟླས་ནས་བདུག་པའི་དུས་སུ་ཡང་བརྒྱད་བརྒྱ་བཟླས་པའོ། །སྣམ་བུ་བསྒྲུབ་པ་གསུངས་པ། སྐར་མ་རྒྱལ་གསུམ་ལ་ཞེས་པ ་སྟེ། སྐར་མ་རྒྱལ་ལ་རས་བལ་རྨལ་བ་དང། སྣལ་མ་བཀལ་བ་དང་ཤགས་བཏག་པ་དག་བྱའོ། །དེ་གྱོན་པའི་ལུས་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རྒྱལ་གསུམ་ལ་བསྒྲུབས་པ་དང། བདུག་པ་ཉིད་ཀྱིས་བདུག་པ་དང་སྔགས་བཟླས་པ་དེ་ལ་དེ་སྐད་ཅེས ་བྱའོ། །གྱོན་པ་ནི་ལུས་ལ་དཀྲིས་པའོ། །སྔགས་ཁྲི་བཟླས་པ་ནི་སྔགས་སྔ་མ་ཉིད་ཡང་ཁྲི་བཟླས་པའོ། །འགྲུབ་པར་འགྱུར་བ་ནི་མི་སྣང་བར་འགྱུར་བ་དང་སྦྱར་རོ། །སྣམ་བུ་ཡང་དཀར་པོ་དང་ནག་པོར་བྱ་བའི་ཕྱིར ་གསུངས་པ། དཀར་པོ་དང་ནག་པོའི་ཕྱོགས་ལ་ཞེས་བྱ་བ་སྟེ། སྣམ་བུ་དཀར་པོ་ལ་ཡར་ངོའི་དུས་སུ་བདུག་པ་དཀར་པོའི་ཆས་བདུགས་ཤིང་ཡར་ངོའི་དུས་སུ་གྱོན་ལ་བཟླ་བ་དང། སྣམ་བུ་ནག་པོ་ལ་ཡང་མར་ངོའི་དུས་སུ་བདུག་པ་ནག་པོའི ་ཆས་བདུག་ཅིང་དུག་དེ་ཉིད་དུ་གྱོན་ལ་བཟླའོ། །ཁ་ཅིག་ནི་ཡར་ངོ་ལ་བསྒྲུབས་པའི་སྣམ་བུ་ནི་དཀར་པོའི་ཕྱོགས་ཞེས་བྱ་ལ། དེ་བཞིན་དུ་ནག་པོ་ལ་བསྒྲུབས་པ་ནི་ནག་པོ་ཡིན་གྱི་ཁ་དོག་བསྒྱུར་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གང་ལ་འདོད ་པ་དེ་ལ་འདོད་པ་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རྗེས་སུ་འགྲོ་བ་ཡིན་ནོ། །སྒྲུབ་པ་པོ་བདག་ཉིད་ཀྱི་འདོད་པའི་ཡུལ་རྒྱལ་པོའི་བུ་མོ་ལ་སོགས་པ་ལ་སྤྱོད་པར་འགྱུར་པའོ། །དེའི་ཞེས་བྱ་བ་ནི ་སྤྲུལ་གྱི་རྒྱལ་པོ་དེ་ཉིད་ཀྱིའོ། །དུ་བ་མེད་པར་བསྲེགས་ལ་ཞེས་བྱ་བ་ནི་སོལ་བས་བསྲེག་པའོ། །ཞིབ་མོར་བཏགས་ཏེ་ཞེས་བྱ་བ་ནི་ཁ་དེ་ནས་ལིག་བུ་མིག་དལ་བུས་བླངས་ལ་ཕྱེ་མར་བྱས་ཏེ། རྡོ་རྗེ་ཕག་མོའི་སྙིང་པོ་ལ་སོགས་པའི ་སྔགས་འབུམ་ཕྲག་དུ་བཟླས་ནས་མིག་ལ་བྱུགས་ན་མུན་ནག་གི་ནང་དུ་ཡང་ཐམས་ཅད་མཐོང་བར་འགྱུར་རོ། །དེ་ཉིད་ཀྱིས་ན་ཁྱིམ་གྱི་མེ་ཏོག་མཆོག་ལྟར་ཞེས་བྱ་བ་གསུངས་ཏེ། ཁྱིམ་གྱི་མེ་ཏོག་ནི་སྒྲོན་མའོ། །མཆོག་ནི་ཟད་པ ་མེད་པའོ། །གསལ་བ་ནི་སྣང་བ་སྟེ། དེ་ལྟར་མཐོང་བའོ། །རང་གི་ལྷའི་སྔགས་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་སྔགས་ཏེ། རང་གི་ལྷའི་སྒྲས་དེའི་རྣལ་འབྱོར་བྱ་བར་སྟོན་ཏོ། །ལྟོ་འཕྱེའི་རྒྱལ་པོ་ནི་སྦྲུལ་གྱི་རྒྱལ་པའོ། །ས་བུམ་ནི་དུར་ཁྲོད་ཀྱི་བུམ ་བའོ། །ཁམ་ཕོར་ནི་ཐོད་པའོ། །གཏེར་དུ་སྦ་བ་ནི་སའི་འོག་ཏུ་གཞུག་པའོ། །རུལ་ཞིང་ཟག་པ་ནི་སྦལ་དེའི་ལུས་རུལ་པའོ། །ཇི་ཞིག་བྱ་ཞེ་ན། གཏོན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་སྦྲུལ་གྱིའོ། །བདར་ཏེ་ཞེས་བྱ་བ་ནི ་སྣོད་ཀྱི་བུམ་བུ་པ་དེ་ཉིད་ཀྱི་དུམ་བུ་འམ་སྣོད་ཀྱི་ཐོད་པ་ཉིད་ཀྱི་དུམ་བུ་དང། ཕན་ཚུན་སྡུད་པའོ། །ཐིག་ལེ་བྱ་བ་ནི་དེའི་ཕྱི་མས་དཔྲལ་བར་བསྐྲུ་བའོ། །དེས་ཅིར་འགྱུར་ཞེ་ན། གྲིབ་མའང་ཞེས་བྱ་བ་ལ་སོགས་པ་སྟེ། མི་སྣང་བར་འགྱུར་བའོ། ། ་ད་ནི་སྐྱེ་བ་བདུན་པའི་དངོས་གྲུབ་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུ་གང་གི་ལུས་ལས་ཞེས་བྱ་བ་ནི་ལྷག་མའོ། །སྐྲ་གཡས་སུ་འཁྱིལ་བ་ཞེས་བྱ་བ་ནི་སྐྲའི་རི་མོ་གཡས་སུ་འཁྱིལ་བ་དང་ལྡན་ཞིང་རྩེ་མོ ་འདུས་པའོ། །ཡིད་དུ་འོང་བ་ནི་མཛེས་པའོ། །གྲིབ་མ་བདུན་ནི་སྐྱེ་བ་བདུན་གྱི་ལུས་དང་རྗེས་སུ་མཐུན་པའི་གྲིབ་མའོ། །དྲིའུ་ལུས་ཞེས་བྱ་བ་ནི་དྲི་དང་ལྡན་པའི་ལུས་ཏེ། གང་ག་ལུས་དེ་དག་གི་ལུས་ལ་དྲི་ཞིམ་པོ་དང་ལྡན་པ་དེ་ལ་དེ ་སྐད་ཅེས་བྱའོ། །རྨ་མེད་ཅེས་བྱ་བ་ལ་རྨའི་སྒྲ་ནི་ནད་མེད་པ་ལ་བྱ་སྟེ། ནད་མེད་པ་ཡིན་གྱི་རྨ་སྲེལ་མེད་པ་ནི་མ་ཡིན་ནོ། བདེན་པར་སྨྲ་བ་ནི་སེམས་ཅན་རྣམས་ལ་ཕན་པར་སྨྲ་བའོ། །ལྷ་མོ་ཞེས་བྱ་བ་ནི་པོད་པའོ། །དངོས་གྲུབ་བྱེད ་པར་འགྱུར་ཞེས་བྱ་བ་ནི་དེའི་ལུས་ཀྱི་ཤ་ཡིན་ཞེས་བྱ་བའི་ལྷག་མ་སྟེ། དངོས་གྲུབ་ནི་ནམ་མཁར་པུར་པ་ལ་སོགས་པའོ། །གཞན་ཡང་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་མཚན་ཉིད་དོ། །སྐྱིད་པ་ངེས་བར་གནས་པ་ཞེས་བྱ་བ་ནི་ལུས ་ལ་སོགས་པའི་བདེ་བ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ལྟར་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་ཚོགས་དང་ལྡན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་དང། གཙུག་ན་ནོར་བུ་དང། བྱམས་པའི་སྟོབས་ལ་སོགས་པ ་ལྟར་ལུས་སྦྱིན་པར་གཏོང་བའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ཞེས་བྱ་བ་ནི་ལུས་ཀྱི་སྦྱིན་པ་སྟེ། རབ་ཏུ་གཏོང་བ་ཞེས་བྱ་བ་ནི་ལུས་འདི་སེམས་ཅན་ཐམས་ཅད་ལ་བདག་གིས་བཏང་གིས་སུ་ཇི་ལྟར་དགའ་པ ་བཞིན་སྤྱོད་ཅིག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། བསྐྱབ་པའི་ཕྱིར་ཏེ་ཕན་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་བྱིན་གྱིས་བརླབས་པ་ནི་སྔར་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་སྟེ། ཕན་པར་བྱས་ནས་ཞེས་བྱ་བའི ་བར་དུའོ། །ཤཱཀྱ་ཐུབ་པ་བཞིན་དུ་ཞེས་བྱ་བ་ནི་རོའི་ལུས་འབྱུང་བ་ལས་འགྱུར་བའི་གཟུགས་ཀྱིས་ཀྱང་ཕན་པར་བྱ་བའི་ཕྱིར་མྱུར་དུ་མྱ་ངན་ལས་འདའ་བའ་ཨོ། །ཁ་ཅིག་ན་རེ་ལུས་ཀྱི་སྦྱིན་པ་འདི་ལས་བདག་གིས་བསོད་ནམས་གང་འབྱུང་བ་དེས ་སེམས་ཅན་ཐམས་ཅད་སངས་རྒྱས་པར་གྱུར་ཅིག་ཅེས་བསོད་ནམས་ཡོངས་སུ་བསྔོ་བའི་བདེན་པའི་བྱིན་གྱིས་བརླབས་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་ཟེར་རོ། །མདུན་དུ་དངར་བ་དང་ཡང་དག་པར་ལྡན་ཞེས་བྱ་བ་ནི་རོ་དེ་ཉིད་ལ་དགའ་ལྡན་ལ་སོགས ་པའི་ལྟའི་བུ་རྣམས་ལྟགས་ནས་མདུན་དུ་དངར་ཏེ་མེ་ཏོག་དང་བདུག་པ་ལ་སོགས་པའི་ཆར་ཕབ་ནས་མཆོད་ཅིང་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་སྒྲ་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཡང་དག་པར་མཆོད་པ་དང། འདི ་ལྟར་ཉི་མ་གང་ལ་ཤི་བའི་ཉི་མ་དེ་ལ་གནས་དེར་ཐོག་ལ་སོགས་པ་འབབ་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱེ་པ་བདུན་པའི་མཐུ་གཞན་ཡང་གསུངས་པ་ལྷ་མོ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་རོའོ། །གོམས་པར་བྱ་བས་ན་ཡོན་ཏན ་ཏེ་འབྱུང་གནས་ནི་དེ་དག་སྐྱེད་པར་བྱེད་པའོ། །ཅེས་སྦྱང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒྲུབ་པ་པོ་ཤིན་ཏུ་མཉམ་པར་གཞག་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་ལུས་ལ་སོགས་པ་ཤིན་ཏུ་བསྡམས་པའོ། །ཆོ་ག་དེ་ལྟར་ཤེས་པར་བྱས ་ནས་ཞེས་བྱ་བ་ནི་དེའི་ལུས་སེམས་ཅན་ཐམས་ཅད་ལ་ཕན་པར་ཤེས་ནས་སོ། །རང་གི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་སྙིང་པོ་སྟེ་ཡི་གེ་ཉི་ཤུ་གཉིས་པའོ། །ཉེ་བར་མཚོན་པ་འདིས་ན་སྔར་བསྟན་པའི་རྡོ་རྗེ་ཕག་མོའི་སྔགས་སམ་བཅོམ་ལྡན་འདས་ཀྱི་ཉེ ་པའི་སྙིང་པོས་སྒྲུབ་པ་ལ་ཡང་སྐྱོན་མེད་དོ། །ལས་འདིས་ཐམས་ཅད་ལས་ཡང་སྒྲུབ་པ་པོ་བློ་དང་ལྡན་ཞིང་དད་པ་ཅན་གྱིས་བསྒོམ་པ་དང་བཟླས་པར་ལྡན་པས་བསྒྲུབ་པར་བྱའོ། །གླུའི་སྔགས་ཐམས་ཅད་ནི་སྔར་བསྟན་པའི་སྔགས་ཀྱི་ཚོགས་རྣམས་སོ། །རང ་ཏུ་སྦྱོར་བ་ནི་ལས་ཀྱི་ཆོ་ག་སྟེ། བསྒོམས་པ་དང་བཟླས་པ་ལ་སོགས་པའོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་དྲུག་པའི ་རྣམ་པར་བཤད་པའོ།། །།རྣལ་འབྱོར་པ་གནས་པ་ལ་སོགས་པར་བསྒྲོད་པ་ན་རྣལ་འབྱོར་མ་རྣམས་ཀྱིས་བརྡ་བསྟན་པའི་ཚེ་བརྡའི་ལན་བསྟན་པས་དེ་རྣམས་མཉེས་པར་འགྱུར་བས་རྣལ་འབྱོར་མ་རྣམས་ཀྱིས་ཕྱག་རྒྱ་ལ་སོགས ་པ་ཤེས་པར་བྱ་བའི་ཕྱིར་ལག་པའི་ཕྱག་རྒྱ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱིས་མཐུ་ལ་སོགས་པ་བསྟན་པའི་འོག་ཏུའོ། །འདིས་ཞེས་བྱ་བ་ནི་གང་གི ་ཕྱིར་ཞེས་བྱ་བའི་དོན་ཏེ། བརྡ་རྣམས་དགོངས་པ་ཡིན་པ་དེའི་ཕྱིར་མཚན་ཉིད་བཤད་པར་བྱ་ཞེས་བྱ་བར་སྤྱར་རོ། །ཅི་ཞེ་ན། ལག་པའི་ཕྱག་རྒྱ་ཞེས་པ་གསུངས་ཏེ། ལག་པ་བསྐྱོད་པའི་བརྡ་ཉིད་ཕྱག་རྒྱའོ། །སྤྱི་གཙུག་འཕྲེང་བ་ཞེས་བྱ་བ་ནི་སྤྱི་བོའི ་ཙོག་ཙོག་པའོ། །སྐྱེ་གནས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ། །གལ་ཏེ་སྐྱེས་པ་ནང་གིས་སྟོན་པ་དེའི་ཚེ་མཐེ་བོ་དང་མཛུབ་མོ་རྣམས་ཀྱི་རྩེ་སོ་སོར་སྤྲད་ལ་སོར་མོ་ལྷག་མ་ཅུང་ཟད་བསྐུམ་པའི་ཕྱག་རྒྱ་བསྟན་པར་བྱའོ། །མཐིལ་ཞེས་བྱ་བ་ནི ་རྐང་བའི་མཐིལ་ལོ། །ཉི་མ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་གཞོགས་གཡས་པ་ཡིན་ནོ་ཞེས་ཟེར་རོ། །ཆུ་བོ་ཞེས་བྱ་བ་ནི་ལག་པས་ནམ་མཁའ་ལ་རི་མོ་གྱ་གྱུ་འབྲི་བའོ། །རྒྱ་མཚོ་ཞེས་བྱ་བ་ནི་སོར་མོ་རྣམས་བརྐྱང་སྟེ་སྒྲུབ། ་ཅིང་ནམ་མཁར་བསྐྱོད་པའོ། །དེ་ནས་ཞེས་བྱ་བ་ནི་ཐུན་མོང་གི་བརྡ་བསྟན་པའི་འོག་ཏུའོ། །འཕྲོག་བྱེད་མ་ལ་སོགས་པ་ཞེས་བྱ་བ་ནི་འཕྲོག་བྱེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱིའོ། །ཟིན་དང་གྲོལ་བ་ཞེས་བྱ་བ་ལ་ཟིན་པ་ནི་གཟུང་པ་སྟེ་དེ ་རྣམས་ཀྱིས་གང་ཞིག་བསྟན་པའི་བརྡའོ། །དགྲོལ་བ་ནི་སླར་གཤེགས་སུ་གསོལ་བ་སྟེ། ལན་བདུན་བསྟན་པའི་བརྡའོ། །གཟུང་བའི་རྗེས་ལ་དེ་དགྲོལ་བའི་བརྡ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །ཡང་ན་གཟུང་པ་དང་དགྲོལ་བ་ནི་ཟིན་པ་དང ་གྲོལ་བ་སྟེ། དེ་དག་གི་བརྡ་བསྟན་པའོ། །ཅིའི་ཕྱིར་ཞེ་ན། ཤི་བ་གསོལ་བ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་ཏེ། ཤི་བ་ནི་བརྒལ་བའོ། །གསོ་བ་ནི་བརྡ་བསྟན་པས་སླར་བསླང་པའོ། །གསོན་པོ་ནི་གསོན་པོ་ཉིད་དོ། །ནད་མེད་སྤེལ་པ ་ནི་ཚེ་སྤེལ་བའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་བརྡ་དང་ལན་གྱི་བརྡ་སྟེ། བསྟན་པ་དང་རྗེས་སུ་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ཁྲག་གི་གནས་ཞེས་བྱ་བ་ནི་སྙིམ་པས་ཁྲག་འཐུང་བ་ལྟར་བྱེད་པའོ། །གཅི་བ་དང་བཤང་བ་དང ་ཡང་གཅི་བ་དང་བཤང་བ་སྟེར་བའི་ཚུལ་དུ་བྱེད་པའོ། །ད་ནི་དེ་དག་ནི་རང་བཞིན་གྱིས་གྲུབ་པའི་མཚན་མ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁུར་བ་ཞེས་བྱ་བ་ནི་འགྲམ་སྟེ། ཕག་པའི་མཆེ་བའི ་དབྱིབས་ལྟ་བུའོ། །ཤ་ཀ་ཏི་ནི་མཚོན་ཤ་ཀ་ཏི་སྟེ་དེའི་དབྱིབས་སོ། །བཟློག་ཅིང་བལྟ་ཞེས་བྱ་བ་ནི་ཡོན་པོར་བལྟ་བའོ། །ཁ་ཅིག་ན་རེ་བཟློག་སྟེ་བལྟ་བའོ་ཞེས་ཟེར་རོ། །ནུ་མ་མཐོ་ཞེས་བྱ་བ་ནི་ནུ་མ་མི་མཉམ་པའོ། །ཁ་ཅིག་ནི་མཁྲད ་བའོ་ཞེས་ཟེར་རོ། །ལྟེ་བ་ལས་ཞེས་བྱ་བ་ནི་ལྟེ་བ་ཁ་ཡངས་པའོ། །ཁ་ཅིག་ནི་གཏིང་རིང་བ་ཞེས་ཟེར་རོ། །རབ་བྱེད་སྨད་ནི་རྣམ་པར་འགྱུར་ཞེས་བྱ་བ་ལ་རབ་བྱེད་ནི་རབ་ཏུ་བྱེད་པ་སྟེ། སྐྱེ་བོས་དབེན་པའི་གནས་སུ་རབ་ཏུ་དགོད་པར་བྱེད་པའོ། །ཡང་ན་རབ ་བྱེད་ནི་རྣམ་པ་སྟེ། ཤིས་པ་དང་མི་ཤིས་པའི་ལས་རྣམ་པ་དུ་མ་བྱེད་པའོ། །སྨད་ནི་རྣམ་པར་འགྱུར་ཞེས་བྱ་བ་ནི་ལྟེ་བའི་འོག་གི་ཆ་མི་གསལ་བ་ཡིན་ནོ། །ཅི་ཞིག་ཅེ་ན། རི་མོ་གསུམ་པོ་ཡོངས་སུ་ཟླུམ་ཞེས་བྱ་བ་སྟེ་ལྟེ་བའི་འོག་ན་རི་མོ་གསུམ ་སྤས་ནས་ཡོད་པའོ། །ཁ་ཅིག་ལས་རབ་བྱེད་འོག་ནི་ཀུན་ཏུ་འཁྱིལ་ཞེས་འབྱུང་སྟེ། ལྟེ་བ་ཅུང་ཟད་འཕྱང་ཞིང་རི་མོ་གསུམ་དུ་གསལ་ལ། གཡས་ནས་ཀུན་ཏུ་འཁྱིལ་བ་སྟེ། རི་མོ་གསུམ་ཟླུམ་པོར་འཁྱིལ་བས་ཀུན་ཏུ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ།། ་མཁའ་འགྲོ་མ་ནི་ཉེར་འགྲོ་བ་ཞེས་བྱ་བ་ནི་གང་གི་ཚེ་འགྲོ་བའི་དུས་སུ་འོག་ནས་འབྱུང་བའི་མཚན་ཉིད་འདི་དག་ཤེས་པར་བྱའོ། །མཚན་ཉིད་དེ་དག་གང་ཞེ་ན། སོང་བའི་ས་ལས་ཞེས་བྱ་བ་ལ། གང་དུ་སོང་བའི་ས་དེ་ནས་ཐ་མལ་པར་སླར་མི་བཟློག ་པའོ། །ལྡོག་པའི་རྒྱུ་གསུངས་པ་རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་མེད་པ་ནི་རྒྱུ་མཚན་མེད་པ་སྟེ་བློ་བུར་དུའོ། །དུ་བ་ནི་ཉེ་བར་མཚོན་པ་སྟེ་བློ་བུར་དུ་སྐྱོ་བ་སྐྱེས་ཤིང་ཁྲོ་བ་དང། བཅས་པར་དུས་ཤིང་གནས་དེ་ནས་ལྡོག་པའོ། །ལྷག་མ་ནི ་གོ་སླའོ། །སྒྱུ་མ་ཆེ་དང་མཉམ་སྦྱོར་བ་ཞེས་བྱ་བ་ལ་སྒྱུ་མ་ཆེན་མོ་ནི་རྡོ་རྗེ་ཕག་མོ་སྟེ་དེ་དང་མཉམ་པར་སྦྱོར་བ་ནི་རྡོ་རྗེ་མཁའ་འགྲོ་མ་ཡིན་ལ་དེ་ལས་སྐྱེས་པའི་མཁའ་འགྲོ་མ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བའི་མཆོག་ཅེས་བྱ་བ་ནི་དེའི་རིགས ་ཀྱི་མཁའ་འགྲོ་མ་རྣམས་མི་མོའི་ཚུལ་དུ་གནས་པ་གང་ཞིག་གིས་མཐོང་བ་དེ་མཛའ་ཡས་པའི་བསོད་ནམས་ཐོབ་པར་གྱུར་པ་འམ་ཡང་ན་དེ་ལྟ་བུར་གྱུར་པ་དེས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལག་པའི་ཕྱག་རྒྱའི ་སྦྱོར་བ་ནི་སྤྱི་གཙུག་ཏུ་རེག་པའི་བརྡ་ལ་སོགས་པའོ། །འཕྲོག་བྱེད་མའི་རྟགས་ནི་ཤ་ཀ་ཏི་ལ་སོགས་པའོ། །དེ་རྣམས་ཉིད་མཚོན་པར་བྱ་བས་ན་མཚན་ཉིད་དོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི ་རིམ་པར་ཕྱེ་བ་སྟེ་བདུན་པའོ། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི ་ལྷན་ཅིག་སྐྱེས་པ་དང་ཞིང་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱིས་བརྡ་ལ་སོགས་པ་བསྟན་པའི་འོག་ཏུ། སྔགས་ཀྱི་རིག་པ་ཞེས་བྱ་བ་ནི་སྔགས་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་སོ། །དེ་དག་ཉིད་ལྷ་མོ་སྟེ་གཟུགས་སྣ་ཚོགས་སུ་གསལ་བའི་ཕྱིར ་རོ། །མཚན་ཉིད་ནི་མཚོན་པར་བྱེད་པ་སྟེ་བརྡ་རྣམས་སོ། །གང་ཞིག་ཅེས་བྱ་བ་ནི་གང་གི་ཚེའོ། །ཕྱག་འཚལ་བ་ནི་འདུད་པའོ། །ལྟོགས་པ་ནི་དཀྲེས་པའོ། །སོར་མོས་སོར་མོ་སྟོན་པ་ནི་སེར་མོ་ནང་ཕན་ཚུན་དུ་སྟོན་པའོ། །ལྷག་མ་ནི་གོ་སླའོ། ་གང་ཞིག་ཁྲོ་གཉེར་ལ་རེག་པ་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་ལག་པ་བརྡེབས་པའོ། །མཁའ་ལྡིང་ནི་སྣའོ། །ཁ་ཅིག་ན་རེ་པུས་མོ་གཉིས་ས་ལ་གཙུགས་ཏེ། ལག་པ་གཉིས་ཀྱིས་ནམ་མཁའ་ལ་གཡབས་པ་ལྟར་བྱེད་པ་ནི་མཁའ་ལྡིང་ངོ་ཞེས ་ཟེར་རོ། །གཏོར་མ་བཟའ་ཞེས་བྱ་བ་ནི་གཏོར་མ་ལོངས་སྤྱོད་པའོ། །ངག་གི་བརྡ་ཞེས་བྱ་བ་ལ་ངག་ནི་ཚིག་ཏུ་བརྗོད་པའོ། །བརྡ་ནི་མཚོན་པར་བྱེད་པ་སྟེ། ཚིག་ཏུ་བརྗོད་པས་བརྡར་བྱས་པའོ། །པོ་ཏང་གི་ཞེས་བྱ་བ་ནི་པོ་ཏང་གི ་ཞེས་བྱ་བ་ཚིག་ཏུ་འདོན་པའོ། །པྲ་ཏེ་པོ་ཏང་གི་ཞེས་བྱ་བ་ལ་པྲ་ཏི་སླར་བཟློག་པ་སྟེ་ལན་ནོ། །ག་གེ་མོ་ཞེས་བྱ་བ་ལ་སོགས་པ་ཡང་ཚིག་ཏུ་བརྗོད་པར་བལྟ་བར་བྱའོ། །འོང་ཞེས་བྱ་བ་ནི་འོང་བར་འགྱུར་རོ་ཞེས་བྱ་བའི་དོན། ་ཏོ། །བྱིན་ཅིག་པ་ནི་སློང་བའོ། །ལོང་ཤིག་པ་ནི་ཁྱེར་ཅིག་པ་སྟེ་སྟེར་བའོ། །དཔའ་བོ་ནི་དཔའ་བོ་ཡིན་པའོ། །ཀུ་རུ་བ་ནི་ཤི་བ་ཞེས་བྱ་བ་ལ་འདིར་བརྡ་ནི་ཀུ་རུ་བའོ། །དེ་བཞིན་དུ་ཀར་ནི་ཀ་བརྡ་ཡིན་གྱི་དྲིལ་བུ་ནི་མ་ཡིན་ནོ། །མགོ་བོ་ནི་མགོ་ཉིད་དོ།། ་སྐྲ་ནི་སྐྲ་ཞེས་བྱ་བར་གྲགས་པའོ། །མན་ཐ་ནི་བདུད་རྩིའོ་ཞེས་བྱ་བ་ནི་བདུད་རྩི་ལ་མན་ཐ་ཞེས་བྱ་བའི་དོན་ནོ། །མཁའ་འགྲོ་མ་ནི་ནམ་མཁའ་ལ་འཕུར་བ་རྣམས་སོ། །དུར་ཁྲོད་ནི་དུར་ཁྲོད་ཅེས་བྱ་བའོ། །བྲམ་ཟེ་ནི་བྲམ་ཟེར་གྲགས?་?་།རྒྱལ་+ ་རིགས་ནི་ཐང་མཚམས་པ་རྣམས་སོ། །དམངས་རིགས་ནི་རིགས་སྣ་ཚོགས་དང་ལྡན་པ་རྣམས་སོ། །ཕྱུགས་ནི་ཕྱུགས་རྣམས་ཏེ་མང་པོའི་ཚིག་མངོན་པ་ཡིན་ནོ། །འདའ་ཀི་ནི་སྲིང་མོའོ་ཞེས་བྱ་བ་ལ་?་? ་དོན་ཅིག་གོ་།མེ་ཏ་ཀ་ནི་བླུམ་མོ་ཞེས་བྱ་བ་ལ་བླུམ་ནི་སྤར་མའོ། །ལྕེ་ནི་ལྕེ་ཉིད་དོ། །སོ་ནི་སོ་ཉིད་དོ། །གང་ནས་ཞེས་བྱ་བ་ནི་གནས་གང་ནས་ཞེས་པའོ། །ཆེ་གེ་མོ་ནས་ཞེས་བྱ་བ་ནི་གནས་ཆེ་གེ་མོ་མས་འོངས་པའོ། །ལམ་པོ་དར ་ཞེས་བྱ་བ་ལ་དར་ནི་འཇིགས་པ་སྟེ་དེ་ཉིད་ལ་ལམ་པ་ཞེས་བརྗོད་དོ། །ཚིག་པ་ནི་ཚིམ་པ་ཉིད་དོ། །ཆུ?་མ་པྲི་ཡ་ནི་ཆུ་འཛིན་ནོ་ཞེས་བྱ་བ་ལ་ཆུ་འཛིན་པ་ནི་སྤྲིན་ནོ། །ས་ནུ་ནི་རི་བོ་ཞེས་བྱ་བ་ལ་རི་བོ་ནི་རི་རྣམས་སོ། །ས་རི་ནི་ཆུ་བོ་ཞེས་བྱ་བའི ་སྒྲ་ཇི་བཞིན་ནོ། །ཆ་ཤས་ཞེས་བྱ་བ་ནི་ཉིང་ལག་གོ་།གདོང་ཞེས་བྱ་བ་ནི་གདོང་པ་སྟེ་མི་མངོན་པའོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །ཕྱུགས་ནི་ཕྱུགས་ཆེན་མོའོ། །མན་ང་ལ་ནི་མཉམ་པའོ་ཞེས་བྱ་བ་ལ་མན་ང་ལ་དང་མཉམ་པ ་དང། ར་ར་ཀ་ནི་རྣམ་གྲངས་སོ། །ཕྱུགས་ཆེན་པོ་ཞེས་བྱ་བ་ནི་གླང་པོ་ཚ་ལ་སོགས་པའོ། ། པྱ་ཀ་ནི་ཞེས་བྱ་བ་ནི་ཨ་པྱ་ཀའི་སྒྲའོ། །དེ་བཞིན་དུ་སྠ་ཡང་སྒྲར་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །མཁའ་འགྲོ་མ་ཐམས་ཅད ་ནི་སྔགས་ལས་སྐྱེས་པ་རྣམས་སོ། །དེ་རྣམས་ཀྱི་བརྡ་ནི་དེ་རྣམས་ཀྱི་ལུས་དང་ངག་མཚན་མའོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །། ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་རྐང་པ་བཞི་པའི་སྔགས་དང་འབྲེལ་བའི་འཁྲུལ་འཁོར་གྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བརྡ་བསྟན་པའི་འོག་ཏུའོ། །ལྷ་མོ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་རྣམས་སོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ལ་ཐོག་མ་ནི་སྐྱེ་བའོ། །ཐ་མ ་ནི་འགག་པའོ། །གང་གི་རང་བཞིན་ཡང་དག་པར་སྐྱེ་བ་དང་འགག་པ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དོན་དམ་པར་རོ། །གཉིས་པར་ན་བཅོམ་ལྡན་འདས་ཉོན་མོངས་པ་ལ་སོགས་པ་དང་བྲལ་བས་དེ་དག་གི་དབང་གིས་སྐྱེ་བ་དང་འཆི་བ ་མི་མངའ་བས་ཐོག་མ་དང་ཐ་མ་མེད་པ་སྟེ་ཀུན་རྫོབ་ཏུའོ། །རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ། རྡོ་རྗེའི་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་དམ་པའི་འཁོར་ལོས་སེམས་ཅན ་ཐམས་ཅད་ཀྱི་དོན་མཛད་པ་སྟེ། དེ་ཉིད་སྟོང་པ་ཉིད་ལ་སོགས་པ་འདུས་པའི་རང་བཞིན་པས་རྣལ་འབྱོར་རོ། །དེ་སུ་ལ་ཡོད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྣལ་འབྱོར་པའོ། །དེ་རྣམས་ཀྱི་དབང་ཕྱུག་ནི་བདག་པོ་སྟེ། ་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་བྱ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཉིད་དོ། །གསོལ་བ་བཏབ་པ་ནི་བཀུར་སྟི་སྔོན་དུ་འགྲོ་བས་ཞུས་པའོ། །དེ་ཉིད་གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས ་ཀྱིས་བསྐྱེད་དུ་གསོལ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ཞེས་བྱ་བ་ནི་སྙིང་པོ་དམ་པའོ། །སྡང་བ་ཐམས་ཅད་ནི་ཉོན་མོངས་པ་རྣམས ་སོ། །འདུལ་བ་ནི་འཇོམས་པའོ། །འཁྲུལ་འཁོར་ནི་སྔགས་རྣམས་བཀོད་པའི་འཁོར་ལོ་གཉིས་གཉིས་ཁ་སྤྲད་པ་སྟེ། ལེའུ་ནི་དོན་སྟོན་པའི་གཞུང་ངོ་ཞེས་བྱ་བ་ནི་བརྣག་པ་ཡོངས་སུ་རྫོགས་པའི་ཚིག་གོ་།བསྐྱེད་དུ་གསོལ་ཞེས་བྱ་བ་ནི་དངོས་གྲུབ ་བསྐྱེད་པ་འམ་བདག་ཅག་གི་དབང་དུ་སྒྲུབ་པ་སྟེ་བསྟན་དུ་གསོལ་ཞེས་བྱ་བ་ནི་བར་དུའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་འོག་ཏུའོ། །རིན་ཆེན་ཁ་སྦྱོར་ཞེས་བྱ་བ་ལ་རིན་ཆེན་ནི་དངོས་གྲུབ་རྣམས་སོ། །ཁ་སྦྱོར་ནི་སྣོད་དེ་དང་འབྲེལ་བའོ།། ་གསུངས་སོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ་།དེ་ཉིད་བསྟན་པའི་ཕྱིར། མདོར་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ལྡན་ནི་ཀླུའི་ཁྱད་པར་རོ། །རྟ་ནི་རྟ་ཉིད་དེ་འཁྲུལ་འཁོར་གང་དུ་སྔགས་རྣམས་རིགས་ལྡན་དང་རྟའི ་འགྲོས་དག་གིས་དགོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཤིན་རྗེ་ཡི་དགས་དེ་བཞིན་ཏེ་ཞེས་བྱ་བ་ལ་གཤིན་རྗེ་ནི་འཁྲུལ་འཁོར་གང་དུ་སྔགས་གཤིན་རྗེའི་དབྱུག་པ་ལྟར་བཀོད་པའོ། །ཡི་དགས་ནི་ཡི་དགས་ཀྱི་ཚུལ་ཏུའོ། །དེ་བཞིན་དུ་རོ ་ལངས་ཟུང་ནི་རོ་ལངས་ཟུང་གི་ཚུལ་དུ་བྲིས་པའོ། །སྲིན་པོ་ནི་སྲིན་པོ་ལྟར་རྣམ་པར་གཙིགས་པའི་ཕྱིར་རོ། །དེ་ནས་རིམ་དང་ཕྱི་རོལ་རིམ་ཞེས་བྱ་བ་ནི་ཕྱི་རོལ་དང་སྙིང་པོའི་རི་མོ་དག་གོ་།དེས་འཇོམས་སྒོ་དང་སྟོང་པ་དང་ཞེས་བྱ་བ་ལ་སྟོང ་པ་ནི་ཕྱི་རོལ་པདྨའི་རི་མོའོ། །གྲཝའི་མཛའ་ནི་རྡོ་རྗེ་ལྡན་ཞེས་བྱ་བ་ནི་གྲཝ་རྣམས་སུ་རྡོ་རྗེས་མཚན་པའོ། །སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་བྱས་ཞེས་བྱ་བ་ལ་འཁྲུལ་འཁོར་ནི་གཉིས་ཏེ། ཡི ་གེའི་གནས་དང། སྔགས་བྲི་བའི་འཁྲུལ་འཁོར་རོ། །དེ་ལ་ཁྱད་པར་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་ལ་སྔགས་ཀྱི་ཕྲེང་བ་དེ་བྲི་བས་ཁྱད་པར་དུ་བྱས་པའོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི་ལེའུ ་གཞན་ལས་གསུངས་པའི་བཅིང་བ་དང། རྨོངས་པ་དང། རྨུགས་པ་དང། གནོད་པ་དང། གཞོམ་པ་དང། ཉོས་བྱེད་དང། བསྐྲད་པ་དང། བསང་པ་དང། ཞི་བ་དང། རྒྱས་པ་དང། དབང་དང། དགུག་པའི་མཚན་ཉིད་ཀྱི་ལས་རྣམས་ཀྱི་དབྱེ ་པས་དེ་དག་སྒྲུབ་པར་བྱེད་པའི་འཁྲུལ་འཁོར་བཅུ་གཉིས་ཡིན་ནོ། །ཉེ་བར་མཚོན་པ་འདིས་གཞན་དག་ཀྱང་ཤེས་པར་བྱ་སྟེ། དེ་ཉིད་ཀྱིས་ན་རིམ་པ་དེ་བཞིན་བརྗོད་པ་ཡིན་ཞེས་སོ། །ཡི་གེའི་གནས་ཀྱི་འཁྲུལ་འཁོར་གསུངས་པ། གྲུ་བཞི ་ཞེས་བྱ་བ་ལ་སོགས་པ་ལ་ཚད་ལྡན་ཞེས་བྱ་བ་ནི་ཡི་གེའི་གྲངས་ཀྱི་ཚད་དང་ལྡན་པ་སྟེ་ལྷག་ཆད་མེད་པའོ། །དེ་ཉིད་ཀྱིས་ནི་རེའུ་མིག་བཞི་བཅུ་དགུར་ལྡན་པ་ཞེས་བྱ་བ་གསུངས་ཏེ། རེ་མིག་ནི་རེའུ་ཆའོ། །བཞི་བཅུ་དགུ་ནི་གྲངས་ཏེ་ལྔ་བཅུར་གཅིག ་གིས་མཚང་བར་བྲི་བའོ། །སྔགས་པ་ཞེས་བྱ་བ་ནི་རིག་པ་ཟློས་པ་པོའོ། །མཉམ་པར་གཞག་པ་པོ་ནི་ལྷའི་རྣལ་འབྱོར་ཅན་ནོ། །དང་པོ་ནི་ཕྲེང་བ་གཉིས་ཞེས་བྱ་བ་ནི་རེའུ་མིག་བདུན་བདུན་པའི་འཕྲེང་བ་དང་པོ་གཉིས་སོ། །མཆོག་ནི་ཕྲེང་བ་གསུམ་པའི ་རེའུ་མིག་གཉིས་སོ། ། ལ་སོགས་པ་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ་།ལྷག་མ་ནི་གོ་སླའོ། །དབུས་ཀྱི་རེ་མིག་སྟོང་པ་ལ་ཞེས་བྱ་བ་ནི་ཕྱོགས་མཚམས་ཀུན་ཏུ་རེའུ་མིག་གསུམ་གསུམ་བོར་བའི་དབུས་མ་གང་ཡིན་པ་ནི་སྟོང་པའི་རེའུ་མིག་སྟེ ་དེར་བྲི་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། ཀ་ཤ་ཞེས་བྱ་བ་དེ་ཀྵའོ། །ཡང་ཅི་ཞིག་ཅེ་ན། པ་ཞེས་བྱ་བ་སྟེ། ཀྵའི་དབུས་སུ་པ་བྲིའོ། །འཁོར་ལོ་རི་མོ་གཉིས་བསྐོར་ལ་ཞེས་བྱ་བ་ནི་དེའི་འོག་ཏུ་ཕྱི་རོལ་རི་མོ་གཉིས་ཀྱིས་བསྐོར་བའོ། །དེའི ་ཕྱི་རོལ་དུ་ནི་པདྨ་འདབ་མ་བརྒྱད་པ་སྟེ། དེ་ཉིད་ཀྱིས་ནི་ཕྱི་རོལ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་ཕྱི་རོལ་ཏུ་གྲུ་བཞི་སྒོ་བཞི་པ་བྲིས་ཏེ། དེ་ཡང་འོག་ནས་སླར་ཡང་ཕྱི་རོལ་གྲུ་བཞི་པ་ཞེས་བྱ་བ་ལ་གསུངས་པའི་ཕྱིར་རོ། །ད་ནི་རེའུ་མིག་བཞི ་བཅུ་རྩ་དགུ་པའི་ཕྱི་རོལ་ཏུ་ཡི་གེ་རྣམས་དགོད་པ་གསུངས་སོ། རི་མོའི་བར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རི་མོ་གཉིས་པོ་བསྐོར་བའི་བར་དུའོ། །འཕེལ་པ་ལ་སོགས་པ་ཞེས་བྱ་བ་ནི་མ་ནིང་གི་ཡི་གེ་བཞི་མ་གཏོགས་པ་དབྱངས ་ཀྱི་ཡི་གེ་བཅུ་གཉིས་རིམ་བཞིན་དུ་བྲི་པའོ། །དབང་པོར་ཀ་ཞེས་བྱ་བ་ལ་དབང་པོའི་ཕྱོགས་ནི་དབང་པོ་སྟེ་དབང་པོའི་ཕྱོགས་ན་གནས་པའི་པདྨའི་འདབ་མ་ལ་ཡང་དེ་སྐད་ཅེས་བྱའོ། །ཀ་ཞེས་བྱ་བ་ནི་དེར་ཀ་བྲི་བའོ། །ལུས་ངན་ལ་སོགས་པ ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེས་ན་བྱང་ཕྱོགས་དང་ནུབ་ཕྱོགས་དང་ལྷོ་ཕྱོགས་རྣམས་ཀྱི་འདབ་མ་ལ་ཙ་དང་ཊ་དང་ཏ་རྣམས་བྲི་པའོ། །དེ་ཉིད་ཀྱི་ཕྱིར་པ་ནི་དབུ་མ་སྟེ། ཀ་ལ་སོགས་པ་ཕྱོགས་བཞིན་གནས་པའི་དབུས་སུ་གནས ་པའི་ཕྱིར་རོ། །ཀ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། མན་ངག་གིས་ན་སྡེ་ཚན་ཐམས་ཅད་བཟུང་བར་བྱའོ། །དེ་ལྟར་ཡ་ར་ལ་ལྔ་དགོད་ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་རིམ་པ་དེ་དང་མེ་དང་བདུད་རྩི་རོ་ཞེས་བྱ་བ་ལ་རླུང་ནི་ཏ་སྟེ། ཕྱི ་མཚམས་སུ་ནི་རའོ། །དབང་ལྡན་གྱི་མཚམས་སུ་ནི་ལའོ། །བདེན་བྲལ་དུ་ནི་ཝའོ། །དེ་དག་ཅི་ཞིག་ཅེ་ན། རླུང་དང་མེ་དང་དབང་ཆེན་ཆུ་ཞེས་བྱ་བ་སྟེ། རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ས་བོན་དུ་གྱུར་པའོ། །འདི་ཉིད ་ཀྱིས་ན་འབྱུང་བ་ཆེན་པོའི་ཁམས་ཞེས་བྱ་ཞེས་གསུངས་ཏེ། ཚུལ་ས་བོན་ནི་ཝའོ། །མེའི་ནི་རའོ། །རླུང་གི་ནི་ཡའོ། །རླུང་དང་མེ་དང་བདུད་རྩི་རོ་ཞེས་བྱ་བ་ལ་རླུང་ནི་ཏ་སྟེ། ཕྱི་རོལ་གྲུ་བཞིའི་རླུང་མཚམས་སུ་བྲི ་བར་བྱའོ། །མེ་ནི་ཤ་སྟེ་དེ་ཡང་མེ་མཚམས་སུ་དགོད་དོ། །བདུད་རྩི་ནི་ཥ་སྟེ་དབང་ལྡན་དུའོ། །རོ་ནི་ས་སྟེ་བདེན་བྲལ་དུའོ། །དེ་ཉིད་གསུངས་པ། གཤིན་རྗེ་འཇོམས་མ་ལ་སོགས་ཏེ། ཤ་ཥ་ས་ཧ་ར་བསྟན་པ་དགོད་ཅེས་བྱ ་བ་ལ་འདིར་རིམ་པ་བཞིན་དུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤ་ནི་གཤིན་རྗེ་བསྟན་མའོ། །ཥ་ནི་གཤིན་རྗེ་ཕོ་ཉ་མོའོ། །ས་ནི་གཤིན་རྗེ་མཆེ་བ་ཅན་མའོ། །ཧ་ནི་གཤིན་རྗེ་འཇོམས་མ་སྟེ། དང་ཞེས་བྱ་བ་ནི་བསྡུ་བ་ཡིན་ནོ། །ཅི་ཞིག་ཅེ་ན། རླུང་དང ་མེ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཏེ། ཤར་ལ་སོགས་པ་འདི་དག་གཤིན་རྗེ་འཇོམས་མ་ལ་སོགས་པའི་བརྡས་བསྟན་པར་མ་ཟད་ཀྱི། རླུང་ལ་སོགས་པའི་བརྡས་ཀྱང་ངོ། །རི་རཱི་ལི་ལཱི་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་མ་ནིང་གི་མིང་ཅན ་བཞིའོ། །སྒོ་བཞི་རུ་ནི་དགོད་པར་བྱ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོ་གཡོན་སྐོར་གྱིས་བྲིས་བའོ། །ཆོ་གའི་སྦྱོར་བ་དེ་ལྟ་བུས་ཞེས་བྱ་བ་ལ་ཆོ་ག་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་རེའུ་མིག་བཞི་བཅུ་རྩ་དགུ་ནས་གྲུ་བཞིའི་བར་གྱི་ཆོ་ག་བྱའོ། ། ་སྦྱོར་བ་ནི་དེར་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་ཡི་གེ་བཞི་བཅུ་རྩ་དགུ་བཀོད་པའོ། །དེ་ལྟ་བུ་ནི་འདྲ་བ་སྟེ་སྔགས་ཀྱི་འཁྲུལ་འཁོར་གཉིས་པ་ཡང་ཐམས་ཅད་དེ་དང་འདྲ་བར་བྲི་བ་ལས་ཁྱད་པར་དུ་སྔགས་ཀྱི་རྒྱལ་པོ་དགོད་པའོ། །དེ་ཉིད་གསུངས ་པ། འབུགས་བ་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་རྣམ་པར་སྣང་མཛད་རབ་ཏུ་བསྟན་ཏོ། །འབུགས་པ་ནི་ཨོཾཱོ། །རྨི་ལམ་ནི་ཨཾ་ངོ། །ཟླ་ཚེས་ནི་གྲགས་པར་ཟད་དེ། བསྡུས་པས་ཨོཾ་ཞེས་བྱ་བར་འགྱུར་རོ། །དང་པོ་ནི་སྔགས་ཀྱི་འཁྲུལ ་འཁོར་གྱི་རེའུ་མིག་དང་པོའོ། །གཉིས་པ་ཡང་སྔགས་ཀྱི་འཁྲུལ་འཁོར་གྱི་རེའུ་མིག་གཉིས་པ་སྟེ། འོག་ནས་བྱུང་བ་གཞན་དག་ཏུ་ཡང་འདི་ལྟར་བལྟའོ། །བདེན་བྲལ་གྱི་ཕྱི་རོལ་ཞེས་བྱ་བ་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་གྱི་ཕྱི་རོལ་གྲུ་བཞི ་བདེན་བྲལ་གྱི་ཕྱོགས་ལ་བྱ་སྟེ། དེ་ཡང་འདིར་ཡི་གེ་ས་ཡིན་ཏེ། དེ་དེ་ན་གནས་པའི་ཕྱིར་རོ། །འདི་ཡང་འོག་ནས་འབྱུང་བ་གཞན་དག་དག་ལ་ཡང་བལྟ་བར་བྱའོ། །རུ་སྦལ་ཞེས་བྱ་བ་ནི་ཨུའོ། །བསྡུས་པས་སུ་ཞེས་བྱ་བར་འགྱུར་རོ། །རེའུ་མིག ་གསུམ་པ་ལ་གནས་པ་ཞེས་བྱ་བ་ནི། དེ་བཞིན་དུ་སྔགས་ཀྱི་རེའུ་མིག་གསུམ་པ་ལ་གནས་པ་སྟེ། ཅི་ཞིག་ཅེ་ན། དབུ་མའི་ནི་མཛའ་མ་བཟུང་ཞེས་བྱ་བ་ཡི་གེ་མ་དང་དེ་ཉིད་ཀྱི་ཞེས་བྱ་བ་དབུ་མའི་སྡེ་ཚན་ཏེ་དེའི་བཞི་པ་བྷའོ། །བསྡུས་པས་སུམྦྷ་ཞེས ་བྱ་བར་འགྱུར་རོ། །རེའུ་མིག་བཞི་པར་གནས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལྷོ་མཛའ་ཞེས་བྱ་བ་ནི། ཏའི་སྡེ་པའི་མཛའ་མ་ནའོ། །བཟང་པོ་ནི་ཨིའོ། །བསྡུས་པས་ནི་ཞེས་བྱའོ། །རིའུ་མིག་ལྔ་པ་ཞེས་བྱ་བ་ལ་སོགས་པས་ནི་ཡངས་སུ་ཞེས་བྱ ་བར་འགྱུར་རོ། །དྲུག་པ་ཞེས་བྱ་བ་ལ་སོགས་པས་ཀྱང་མྦྷ་ཞེས་བྱ་བར་འགྱུར་རོ། །བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ངོ། །བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་ཡའོ། །རེའུ་མིག་ལ་གནས་ཞེས་བྱ་བ་ནི་རེའུ་མིག་ཉིད་ཀྱི་བརྡའོ། །དགུ་པ་ཞེས ་བྱ་བ་ལ་སོགས་པ་ལ། དང་པོའི་གསུམ་པ་ནི་གའོ། །མ་ནིང་གི་དང་པོ་ནི་རིའོ། །སྟན་དུ་བྱ་བ་ནི་དེའི་འོག་ཏུ་སྦྱར་བའོ། །བཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་ཧྞཱ་ཞེས་བྱའོ། །ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ་ནི་ཡི་གེ་པ་སྟེ། བཅུ་གཅིག་པ་ལ་དགོད་པ་ནི་བྲི ་བའོ། །བཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཡའོ། །བཅུ་གསུམ་ཞེས་བྱ་བ་ལ་སོགས་པས་ཀྱང་སླར་ཧཱུཾ་གཟུང་ངོ། །བཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། དེས་ཞེས་བྱ་བ་ནི་ཧཱུཾ་ཉིད་ཀྱིས་སོ། །བཅོ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར ་ཡང་པའོ། །བཅུ་དྲུག་པ་ལ་སོགས་པ་ནི་བའོ། བཅུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ནའོ། །བཅོ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་དྱའོ། །བཅུ་དགུ་པ་ཞེས་བྱ་བ་ལ་སོགས་པ་ལ་མེ་ནི་རའོ། །བརྒྱན་པ་ནི་མཛེས་པ་སྟེར་ཞེས་བྱ་བར་འགྱུར་རོ། །ཉི་ཤུ ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཧཱུཾ་ངོ། །ཉི་ཤུ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་ཕའོ། །ཉི་ཤུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་ཧའོ། །ཉི་ཤུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་གའོ། །ཉི་ཤུ་བཞི་པ་ཞེས ་བྱ་བ་ལ་སོགས་པ་ནི་ཨ་དང་བྲལ་བའི་ཊ་སྟེ། ཡི་གེ་ཕྱེད་ཡིན་ནོ། །ཉི་ཤུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཛའོ། །ཉི་ཤུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཕའོ། །ཉི་ཤུ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཊ་སྟེ། སྔ་མ་བཞིན་ནོ། ། ་ཉི་ཤུ་དགུ་པ་ཞེས་བྱ་བ་ལ་སོགས་པ་ནི་གྲིའོ། །སུམ་ཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་བྷའོ། །སུམ་ཅུ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཕའོ། །སུམ་ཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཧཱུཾ་ངོ། །དེ་ཉིད་ཀྱིས་ཤེས ་བྱ་བ་ནི་ཧཱུཾ་ཉིད་ཀྱིས་སོ། །སུམ་ཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཊ་སྟེ་ཕའི་ཐ་མ་ཡིན་པས་ཕྱེད་པའོ། །སུམ་ཅུ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སུམ་ཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་མོ། །བཞི་བཅུ ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་གྲིའོ། །བཞི་བཅུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཊའོ། །བཞི་བཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཕའོ། །བཞི་བཅུ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཧཱུཾ་ངོ། །བཞི ་བཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ཡང་ཧཱུཾ་ཉིད་དོ། །བཞི་བཅུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཧྞའོ། །བཞི་བཅུ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་གྲིའོ། །བཞི་བཅུ་དགུ་པ་ཞེས་བྱ་བ་ནི་སླར་ཡང་ཧྞ་སྟེ། འདི་ནི་ཀླུ་རིགས་ལྡན་གྱི་འགྲོས ་ལྟར་སྔགས་གྱ་གྱུར་བཀོད་པས་རིགས་ལྡན་གྱི་འགྲོས་ཞེས་བྱ་བའི་འཁོར་ལོའོ། །དགྲ་རྣམས་ཐམས་ཅད་འཆི་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་བཞི་བཅུ་རྩ་བརྒྱད་བཀོད་པའི་དབུས་ཀྱི་རེའུ་མིག་སྟོང་པ་ལ་ལྷས་བྱིན་བཾ་དྷ་མེ་ཧ་ཡ ་ཞེས་དགོང་པའོ། །འཁོར་ལོ་ཡང་འགྲོ་བ་ལ་སོགས་པ་ལ། ལས་དང་རྗེས་སུ་མཐུན་པའི་སྣག་ཚས་གཉིས་བྲིས་ལ་ཁ་སྦྱར་ཏེ་རྗེས་སུ་མཐུན་པའི་སྐུད་པས་བཅིངས་ནས་མུད་ཀ་ལ་སོགས་པ་དང་བཅས་པར་དུར་ཁྲོད་ཀྱི་ས་ལ་སོགས་པར་གཞག ་ལ། ལས་ཀྱི་རྗེས་སུ་མཐུན་པའི་མཆོད་པས་ཆོ་ག་བཞིན་དུ་མཆོད་དེ། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་ང་རྒྱལ་བསྒྱིངས་ནས་སྔགས་དེ་ཉིད་བཟླས་པར་བྱའོ། །ཁྱད་པར་གྱིས་ཞེས་བྱ་བ་ནི་བསམ་པའི་ཁྱད་པར་གྱིས་ཏེ། སྒྲུབ་པ་པོའི་བསམ ་པའི་ཁྱད་པར་གྱིས་ཞི་བ་ལ་སོགས་པ་ཡང་བྱ་བར་སྟོན་ཏོ། །གྲོལ་བ་ཞེས་བྱ་བ་ནི་ལྕགས་ཀྱི་ཐོ་བ་ལྟར་འཇོམས་པར་བྱེད་པས་སོ། །ཆོ་གའི་སྦྱོར་བ་ཞེས་བྱ་བ་ནི་ལས་ཀྱི་རབ་ཏུ་སྦྱོར་བའོ། །ཁ་ཅིག་ན་རེ་འགའ་ན་ཞེས་བྱ་བ་ནི་ལས་མང་པོའི ་ཚོགས་ལ་བྱའོ་ཞེས་ཟེར་རོ། །ད་ནི་སྲིན་པོའི་གདོང་དང་གཤིན་རྗེའི་དབྱུག་པ་ལྟ་བུའི་འཁྲུལ་འཁོར་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ཀྱང་རེའུ་མིག་བཞི་བཅུ་རྩ་དགུ་ལ་བྲི་བ་སྟེ། རེའུ་མིག་དང་པོ་ལ་ཞེས་བྱ་བ་ལ ་སོགས་པ་ནི་སྔ་མ་བཞིན་ནོ། །བཅུ་གཅིག་པ་ལ་ཡི་གེ་དེ་ཞེས་བྱ་བ་ནི། དེ་བ་དཏྟ་ཛམྦྷ་ཡ་བ་ཏ་ཡ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ལས་རྨོངས་པ་དང། ལྟུང་བ་ལ་སོགས་པའི་ལས་ཀྱི་བསྐུལ་བ་དང། སྤེལ་བར་བྲིས་ཏེ་གཞན ་དུ་ཡང་དེ་ལྟར་བལྟ་བར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་དང་སོགས་པའོ། །གནོན་པ་ནི་ཞེས་བྱ་བ་ནི་བརླག་པར་བྱེད་པའོ། །དྲི་མ་མེད་ཅེས་བྱ་བ་ནི་ཧ་སྟེ་རང་བྱུང་བའོ། །ཡང་ན་ནི་ཀ་ལ་ཞེས ་བྱ་བ་ཆ་ཤེས་མེད་པའོ། །ལྷག་མ་ནི་གོ་སླའོ། །བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །རྡོ་རྗེ་ཡི་ནི་སྟེང་ན་གནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་སྤངས་ནས་སུ་ཞེས་བྱ་བ་ནི་ཡང་ན་ཧཱུཾ་དང་རྡོ་རྗེ་དང་ཧཱུཾ་བྲི་བའོ། །འདི་དག་གིས་ནི་འདི་སྐད་དུ ་དབུས་ཀྱི་རེའུ་མིག་སྟོང་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་རྡོ་རྗེ་བྲིའོ། །དེའི་ལྟེ་བར་ནི་ཧཱུཾ་ངོ། །ཧཱུཾ་གི་ལྟེ་བར་ནི་བསྒྲུབ་པར་བྱ་བའི་མིང་བསྐུལ་ཚིག་དང་བཅས་པར་བྲིས་ལ། དཔའ་བོ་ལ ་སོགས་པའི་ཐོད་པ་ཁ་སྦྱར་བར་འཁྲུལ་འཁོར་ཁ་སྦྱར་བ་གཞག་ལ་དུར་ཁྲོད་ལ་སོགས་པའི་ས་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་བཞག་སྟེ། དེ་ཉིད་བསྒྲུབ་པར་བྱ་བའི་ལུས་སུ་བསམས་ནས་འཁོར་བོའི་རྣལ་འབྱོར་ལ་གནས་ཏེ། སྔགས་སྤེལ་བ་དང་བཅས་པར ་ཟློས་ཤིང། རང་གི་ལག་པ་གཡས་པར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་འབར་བར་བསམས་ནས་དེ་ལ་ཡང་དང་ཡང་དུ་བརྡེག་པར་བསམས་ན་འཆི་བར་འགྱུར་རོ་ཞེས་སྟོན་ཏོ། །དཔའ་བོ་འཕྲལ་གྱི་བུམ་པ་ཞེས་བྱ་བ་ནི་དཔའ་བོའི་ཐོད་པ་རློན་པའོ། །བྲམ་ཟེའི ་བུམ་པ་ཡང་བྲམ་ཟེའི་ཐོད་པའོ། །ཆོ་ག་བཞིན་དུ་བྲི་ཞེས་བྱ་བ་ནི་དེར་དུག་དང་ཙི་ཏྲ་ཀྵའི་ཁུ་བ་ལ་སོགས་པས་བྲི་བའོ། །འབྱུང་པོ་ཀུན་གྱི་གཏོར་མ་ཞེས་བྱ་བ་ནི་ལས་ཐམས་ཅད་ལ་བལྟ་བར་བྱའོ། །ད་ནི་རྟའི་འགྲོས་ཀྱིས་དགོད་པ་དང་གཤིན་རྗེའི ་དབྱུག་པ་ལྟ་བུའི་འཁྲུལ་འཁོར་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྟ་དང་མ་ཧེའི་བུམ་པ་ཞེས་བྱ་བ་ནི། དེ་ཉིད་ཀྱི་ཐོད་པ་སྟེ། དེར་ཡང་སྤེལ་བ་དང་བཅས་པའི་སྔགས་བཟླ་བར་བྱའོ། ། ་ད་ནི་ཡི་དགས་ཀྱི་གདོང་ལྟ་བུའི་འཁོར་ལོ་དགོད་པ་གསུངས་པ། འབུགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་གོ་སླའོ། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །མཆོག་ཏུ་རྣོ་སྟེ་ཞེས་བྱ་བ་ནི། ཡི་གེའི་གནས་ཀྱི་འཁོར་ལོ་ཡང་རྣོ་བ་སྟེ། ལས ་ཐམས་ཅད་ལ་འཐེབས་པ་ཡིན་ནོ། །འབྱུང་པོའི་མཚན་མོ་ཞེས་བྱ་བ་ནི་མར་ངོའི་བཅུ་བཞི་ལའོ། །ལྷོ་ཕྱོགས་སུ་ཁ་བལྟས་པ་ནི་གཤིན་རྗེའི་ཕྱོགས་སུ་བལྟས་པའོ། །དུག་ལ་སོགས་པ་ནི་དྲག་པོའི་ལས་ཀྱི་སྣག་ཚ་སྟེ། ཞི་བ་ལ་སོགས་པ ་ལ་ནི་གཞན་ལས་འབྱུང་བ་ལྟར་གྲོ་ག་ལ་སོགས་པའི་གཞི་ལ་གོ་རོ་ཙ་ན་དང། གུར་ཀུམ་ལ་སོགས་པས་ཀྱང་བྲི་བར་བྱའོ། །དམར་པོ་འམ་ནི་སྔོན་པོའི་གོས་ཞེས་བྱ་བ་ལ་དབང་དང་དགུག་པའི་ལས་ལ་ནི་གོས་དམར་པོ་བགོ་བར་བྱས་དྲག ་པོའི་ལས་ལ་ནི་སྔོན་པོ་བགོའོ། །ཁྱད་པར་གྱི་ཞེས་བྱ་བ་ནི་ལས་ཀྱི་ཁྱད་པར་གྱི་སྟེ། རྒྱས་པ་དང་བཅིངས་པ་ལ་ནི་སེར་པོ་བགོ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་བར་བྱའོ། །དྲག་པོའི་ལས་ལ་གཤིན་རྗེ་ལ་སོགས་པའི་ཚུལ་དུ་བསྒོམས ་པ་བསྟན་པའི་ཕྱིར། བསད་ལ་གཤིན་རྗེའི་རྒྱལ་པོ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །སྟོང་ལ་སྟོང་པའི་པདྨ་ཡིས་ཞེས་བྱ་བ་ལ། སྟོང་པ་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་རོ། །སྟོང་པའི་པདྨ་ནི་རི་མོ་གཉིས་ཀྱི་ཕྱི་རོལ ་གྱི་པདྨའོ། །ངེས་པར་འཇོམས་པའི་གྲཝ་རུ་ནི་ཞེས་བྱ་བ་ལ། ངེས་པར་འཇོམས་པ་ནི་བརླག་པར་བྱེད་པ་སྟེ། ཉེ་བར་མཚོན་པ་འདིས་ལས་གཞན་དག་དང་འབྲེལ་བའི་འཁྲུལ་འཁོར་ཡང་གཟུང་བར་བྱ་སྟེ། འཁྲུལ་འཁོར་དེ་དག་གི ་གྲཝ་སྟེ། ཕྱི་རོལ་གྱི་སྣམ་བུ་ལ་སྔགས་ཕྲེང་སྟེ། ཀ་ར་ཀ་ར་ལ་སོགས་པ་དང། དེ་བཞིན་ཕྲེང་སྟེ། རྡོ་རྗེ་མཁའ་འགྲོའི་སྙིང་པོ་དང། ཉེ་བའི་སྙིང་པོ་ལ་སོགས་པ་བྲིའོ། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པ་ཞེས་བྱ་བ་ནི། ་སུམྦྷ་ནི་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་བཞིའོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི་ཞེས་བྱ་བ་ནི་ལས་བཅུ་གཉིས་དང་འབྲེལ་བའི་བྱེ་བྲག་གིས་སོ། །འདི་ནི་ཞེས་བྱ་བ་ནི་སྔགས་འདི་སྟེ། འཇིགས་བྱེད་མི ་བཟད་ཡིན་བྱ་བ་དང་འབྲེལ་ཏོ། །སུ་ཞིག་གི་ཞེ་ན། དྲག་པོའི་ལས་ཀུན་གྱི་ཞེས་བྱ་བ་སྟེ། བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པར་བྱེད་པའི་ལས་རྩུབ་མོ་ཅན་རྣམས་ཀྱིའོ། །དེ་ལྟ་མོད་ཀྱི་ཐམས་ཅད་དུ་བསད་པར ་ནི་མི་བྱའོ། །འོན་ཀྱང་འཆི་བ་ལ་ཐུག་གི་བར་དུ་ཚར་བཅད་ནས་སླར་བཟློག་པར་བྱའོ། །གཏོར་མ་ལ་སོགས་པའི་ལས་ཀྱི་དུས་སུ་ཤ་རྣམས་ལ་ལོངས་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཡང་དག་ཆོ་ག ་གང་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་གཅོད་པ་ལ་སོགས་པ་མ་གཏོགས་པར་ཤ་རྣམས་བསྒྲུབ་པ་བསྟན་པའི་ཕྱིར། ཕྱུགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱུགས་རྣམས་དག་ནི་རྒྱུ་མཚན་མེད་པས་གཞོམ་པར ་བྱ་ཞེས་བྱ་བ་དང་འབྲེལ་ཏེ། །རྒྱུ་མཚན་མེད་པ་ཞེས་བྱ་བ་ལ་རྒྱུ་མཚན་ནི་མཚོན་ཆའོ། །མེད་པ་ནི་དགག་པ་སྟེ་ཁ་ན་མ་ཐོ་བ་དང་བཅས་པ་སྤངས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་སྒྲུབ་པོས་སྔར་བསྟན་རིམ་པར་བྱ་ཞེས་བྱ་བ་ལ་གསུངས་སོ། །བཅོམ་ཞེས་བྱ ་བ་ནི་ཁ་ན་མ་ཐོ་བ་མེད་པར་རྙེད་པའོ། །གཉིས་པར་ན་དོན་དམ་པའི་ཆ་བསྟན་པ་ཡིན་ཏེ། ཕྱུགས་ཞེས་བྱ་བ་ལ་ནི་དོན་དམ་པར་རོ། །རྒྱུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། རྒྱུ་དང་འབྲས་བུ་དག་གཞོམ་པ་སྟེ་མེད་པ་ཡིན་ནོ། །དེ་ཡང་འདི་ལྟར ་ཚད་མ་དང་ལུང་གིས་རྣམ་པར་དཔྱད་ན་རྒྱུ་དང་འབྲས་བུ་དག་དོན་དམ་པར་མ་གྲུབ་པར་སྔར་བསྟན་པ་ཡིན་ཏེ་རྒྱ་ཆེར་ཤེས་པར་བྱའོ། །དེ་ལྟར་རིགས་པ་དང་ལུང་གིས་རྣམ་པར་དཔྱད་ན་རྒྱུ་དང་འབྲས་བུ་ལ་སོགས་པ་རང་བཞིན་མེད་དུ་ཟིན་ཀྱང་ཉམས་སུ ་མྱོང་བ་བཟློག་དཀའ་བས་ཁམས་གསུམ་པོ་མ་ལུས་པ་རང་གི་སེམས་ཀྱི་སྣང་བ་ཙམ་དུ་གདོན་མི་ཟ་བར་ཤེས་པར་བྱའོ། །རྒྱུ་མཚན་ཞེས་བྱ་བ་ནི་བྱེད་པ་པོ་སྟེ། ཉེ་བར་མཚོན་པའི་དོན་གྱིས་ན་བྱེད་པ་དང་བྱ་བ་གསུམ་བཅོམ་ནས་མི་དམིགས ་པ་ཉིད་དུ་བྱ་བ་འདི་ནི་སྒྲོལ་བའི་ཆོ་ག་ཐམས་ཅད་ལ་བལྟ་བར་བྱའོ། །ཕྱུགས་རྣམས་དགུག་པ་ཞེས་བྱ་བ་ལ་དགུག་པ་ནི་རང་གི་གྲུབ་པའི་མཛའ་ལ་སྦྱར་བའོ། །གང་གིས་ཞེ་ན། སྒྲུབ་པ་པོས་སྔར་བསྟན་རིམ་པས་ཞེས་བྱ་བ་སྟེ། ཞི་བ་དང ་དྲག་པོའི་ལས་རྣམས་ཀྱིས་འོག་ནས་འབྱུང་བའི་ཕྱུགས་རྣམས་པ་ལྔ་ལ་སོགས་པ་བཏུལ་ཏེ། རང་གི་བསྟན་པ་ལ་བཟུང་བར་བྱའོ། །ཕྱུགས་རྣམས་དག་ནི་རྣམ་པ་ལྔ་ཞེས་བྱ་བ་ནི་བླ་མ་དང་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་གནོད་པར་བྱེད་པ་དག ་དང། དམ་པའི་ཆོས་སྨོད་པ་རྣམས་སོ། ལྷག་མ་ནི་གོ་སླའོ། །ཞེས་བྱ་བ་ནི་འཁྲུལ་འཁོར་བསྟན་པ་ཡོངས་སུ་རྫོགས་པའོ། །འཁྲུལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་ཡི་གེའི་གནས་ལ་སོགས་པའི་འཁྲུལ་འཁོར་རོ། །འབྱུང་བ་ནི་ཚོགས་སོ། ། ་དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་དགུ་པའི་རྣམ་པ་བཤད་པའོ།། །།ད་ནི་རླུང་གི་ཁོ་ན་ཉིད་ལ་སོགས་པའི་ལེའུ ་བསྟན་པར་བྱ་བའི་ཕྱིར། ཚེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་སྤེལ་བ་ནི་ཚེ་བསྲིང་བའོ། །ནད་མེད་པ་ནི་ནད་མེད་པ་ཉིད་དོ། །ཚེ་དང་ནད་མེད་པ་སྤེལ་བའི་ཕྱིར་དབུགས་ཀྱི་ལས་ལ་སོགས་པའི་མཚན་ཉིད་བཤད་ཀྱི་ཉོན་ཅིག་ཅེས་བྱ་བར ་སྦྱར་རོ། །བྱ་དང་བྱ་མིན་ཞེས་བྱ་བ་ནི་འབྱུང་བའི་མཚན་ཉིད་ཁྱད་པར་ཅན་ནོ། །བྱ་མིན་ནི་འཇུག་པའི་མཚན་ཉིད་ཁྱད་པར་ཅན་ནོ། །སྦྱོར་བ་ནི་རླུང་ལ་སོགས་པའི་མཚན་ཉིད་དེ་གང་ལ་དབྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབུགས་ནི་འབྱུང ་བ་རང་འཇུག་པའི་རླུང་ངོ། །དེའི་ལས་ནི་འབྱུང་བ་དང་འཇུག་པ་ཉིད་དེ་མཚན་ཉིད་ནི་དེའི་རང་བཞིན་ནོ། །སྐལ་ཆེན་མ་ཞེས་བྱ་བ་ནི་ཡོན་ཏན་ཆེན་པོའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །མཚན་ཉིད་དེ་གསུངས་པ་ཉི་ཁྲི་དང་ནི་ཞེས་བྱ་བ་ལ་སོགས ་པ་ལ། ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང། བརྒྱ་ཕྲག་ཟདྲུག་སྟེ་བརྒྱ་ཕྲག་དྲུག་དང་བཅས་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ་།ཅིའི་གྲངས་ཤེ་ན། དབུགས་རྣམས་ཀྱི་ཞེས་བྱ་བ་དང་སྦྱར་ཏེ། དབུགས་འབྱུང་བའི་འོ། །ཇི་ཙམ་ཞིག་གི་ཞེ་ན། ་ཆུ་ཚོད་དྲུག་ཅུ་ཞེས་བྱ་བ་སྟེ། ཆུ་ཚོད་དྲུག་ཅུ་པོ་རྣམས་ཀྱང་ཉིན་དང་མཚན་ཏེ། ཞག་གཅིག་གི་ཡིན་ནོ། །དེ་ལྟར་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བརྒྱུ་བ་ཉིད་ལ་ཆུ་ཚོད་དྲུག་ཅུ་དང་ཉིན་མཚན་ཕྲུགས་གཅིག ་ལ་སོགས་པར་བརྗོད་པ་ཡིན་ནོ། །ཉིན་མཚན་ཕྲུགས་གཅིག་པོ་གཅིག་ཁོ་ནར་མ་ཟད་ཀྱི་གཞན་དག་གི་ཡང་ཡིན་པར་བསྟན་པའི་ཕྱིར། ལོ་རུ་ཞེས་བྱ་བ་གསུངས་ཏེ། གཉིས་པའི་དོན་གྱིས་བདུན་པ་ཡིན་ནོ། །ལོ་རུ་ཞེས་བྱ་བ་ནི་ཉེ་བར ་མཚོན་པ་སྟེ། བསྐལ་བ་གྲངས་མེད་པའི་བར་དུ་ཡང་ཉིན་མཚན་གྱི་དབུགས་ཀྱི་གྲངས་ནི་དེ་སྐད་དུ་ཤེས་པར་བྱའོ། །འབྱུང་བ་ནི་དབུགས་ཕྱིར་འཕྲོ་བའོ། །འཇུག་པ་ནི་ནང་དུ་བསྡུད་པའོ། །བྱུང་བའི་མཚན་མས་བགྲང་བར་བྱ་ཞེས་བྱ་བ་ནི་ཕྱིར ་འགྲོ་བའི་དུས་སུ་ཡོན་ཏན་གྱིས་བརྩི་བར་བྱའོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་བཤེས་གཉེན་ཅན་གྱིས་སོ། །འཇུག་པ་འབྱུང་ལ་ཐིམ་པར་བྱ་ཞེས་བྱ་བ་ནི་བག་ལ་ཞ་བར་བྱ་བ་སྟེ། འཇུག་པ་དང་འབྱུང་བ་དང། གཅིག་ཏུ་བྱས་ནས་འབྱུང་བའི ་མཐར་བགྲང་བའོ། །གནས་བཅུ་གཉིས་ཞེས་བྱ་བ་ལ་གནས་བཅུ་གཉིས་ནི་ས་བཅུ་གཉིས་ཏེ། འདི་ལྟར་ཕན་ཚུན་དུ་རིམ་པ་བཞིན་ཐིག་གཉིས་གཉིས་བཏབ་ལ་སླར་ཡང་གྲཝ་བཞིར་ཐིག་རེ་བཏབ་པས། དབུས་ཀྱི་ལྟེ་བ་མ་གཏོགས་པ ་རེའུ་མིག་བཅུ་གཉིས་སུ་འགྱུར་རོ། །ཕྱི་རོལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྩིབས་ཏེ། དབུས་ལ་སོགས་པའི་མཚན་མ་རི་མོར་བྲིས་པའོ། །དེ་ལ་འཕེལ་བ་དང་ཆུ་སྲིན་ལ་ནི་ཆུ་ཚོད་གསུམ་གྱིའོ། །གཏི་མུག་དང་རུས་སྦལ་ལ་ནི་བཞིའོ། ། ་བཟང་པོ་དང་ཁྱུ་མཆོག་ལ་ནི་ལྔའོ། །ཡུགས་ས་མོ་དང་འདོད་པ་ལའང་ལྔའིའོ། །འབུགས་པ་དང་འཕྱོ་བ་ལ་ནི་དྲུག་གིའོ། །སྨེ་བ་དང་རྨི་ལམ་ལ་ནི་བདུན་གྱི་སྟེ། ཤར་ཕྱོགས་ཀྱི་རེའུ་ཆ་ལ་ནི་གསུམ་མོ། །མེ་མཚམས་སུ་ནི་བཞིའོ། །ཡང་མེ ་མཚམས་སུ་ནི་ལྔའོ། །ལྷོ་ཕྱོགས་སུ་ནི་ལྔའོ། །བདེན་བྲལ་དུ་ནི་བཞིའོ། །ཡང་བདེན་བྲལ་དུ་གསུམ་མོ། །ནུབ་ཏུ་ནི་ལྔའོ། །རླུང་མཚམས་སུ་ནི་བདུན་ནོ། །ཡང་རླུང་མཚམས་སུ་དྲུག་གོ་།བྱང་དུ་ཡང་དྲུག་གོ་།དབང་ལྡན་དུ་བདུན་ནོ། །ཡང་དབང ་ལྡན་དུ་ལྔ་སྟེ། ཆུ་ཚོད་ཀྱི་གྲངས་དེ་དག་ཉིད་ལ་འཕེལ་བ་ལ་སོགས་པར་བརྗོད་པ་ཡིན་ནོ། །ཆོས་གྲངས་བྱེ་བྲག་ཅེས་བྱ་བ་ནི་ཟླ་བའི་གྲངས་དང་འཕེལ་བ་ལ་སོགས་པའི་ཚེས་གྲངས་ཀྱི་དབྱེ་བ་མཐུན་པར་བརྩིའོ། །དབྱངས་ཀྱི་བྱེ་བྲག་ཅེས་བྱ ་བ་ནི་མ་ནིང་གི་ཡི་གེ་སྤངས་པའི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་པོ་ཉིད་གོ་རིམ་བཞིན་འཕེལ་བ་ལ་སོགས་པ་མིང་དུ་བརྗོད་པའོ། །བཟའ་དང་སྐར་མ་རྣམས་ཀྱི་རྒྱུ་བ་ནི་དེ་རྣམས་སོ་སོར་རྒྱུ་བའི་རྩིས་སོ། །དུག་གི་དུས་ཞེས་བྱ་བ ་ནི་མཆེ་བ་ལ་སོགས་པའི་དུག་གི་དུས་ཀྱི་དབྱེ་བ་བཅུ་གཉིས་སོ། །རིམ་པ་འདི་ཞེས་བྱ་བ་ནི་དེ་དག་རིམ་བཞིན་དུ་འཕེལ་བ་ལ་སོགས་པས་ཤེས་པར་བྱ་བ་འམ། རྩིས་གཞན་དག་ཅི་ཡོད་པ་ཐམས་ཅད་ཀྱང་རྩིས་འདིས་ཤེས་པར་བྱའོ། །དཔྱིད་ཟླ་འབྲིང་པོ ་ཞེས་བྱ་བ་ལ་སོགས་པ་ནི་དཔྱིད་ཟླ་འབྲིང་པོ་ནས་གཟུང་བའི་ཟླ་བ་རྣམས་ལ་རིམ་བཞིན་དུ་རོ་ཧི་ཏ་ལ་སོགས་པར་ཤེས་པར་བྱའོ། །ཉི་མ་བྱང་དུ་འགྲོ་བའི་དུས་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ལས་དྲུག་སྟེ་ཉེ་བར་གཟུང་བ་ཡིན་ཏེ། དཔྱིད་ཟླ་ཐ ་ཚུངས་ཀྱི་ཡ་མཚམས་ནས་སྟོན་ཟླ་འབྲིང་པོའི་བར་ཡིན་ནོ། །ལྷག་མ་ནི་གོ་སླའོ། །སྔ་དྲོ་ཞེས་བྱ་བ་ནི་ཐོ་རངས་ཀྱི་དུས་ནས་བརྩི་བར་བྱའོ། །ལྷག་མ་ནི་གོ་སླའོ། །འཕེལ་བའི་ཉི་མ་ལ་ཞེས་བྱ་བ་ནི་འཕེལ་བའི་ཟླ་བ་དང། འཕེལ་བའི་ཚེས་དང། ་འཕེལ་བའི་སྐད་ཅིག་དག་ལས་ཅི་སྟེ་གསུམ་ཀ་འཛོམ་པ་དང། མ་འཛོམ་ན་ཡང་འཕེལ་བའི་སྐད་ཅིག་བཟུང་བར་བྱའི། ཟླ་བ་དང་ཚེས་ནི་མ་ཡིན་ཏེ། དེས་ན་གསུམ་ཀ་འཛོམ་པ་དང། སྐད་ཅིག་དེ་ལས་སྐྱེས་པ་ནི་ཇི་སྐད་བཤད་པའི་མཚན ་ཉིད་དུ་འགྱུར་གྱི་གཞན་ནི་མ་ཡིན་ནོ། །སྐད་ཅིག་དེ་ཡང་སྔར་བསྟན་པའི་ཆུ་ཚོད་ཀྱི་རི་མོས་ཤེས་པར་བྱའོ། །དེ་ཡང་འདི་ལྟར་ཞག་གཅིག་ལ་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། ཐོ་རངས་ཀྱི་ཆུ་ཚོད་གསུམ་ནི ་འཕེལ་བའོ། །དེ་ནས་བཞི་ནི་གཏི་མུག་གོ་།དེའི་འོག་མ་ལྔ་ནི་བཟང་པོའོ། །ཁྱུ་མཆོག་གི་ཡང་དེ་བཞིན་ནོ། །དེ་ནས་བཞི་ནི་རུས་སྦལ་ལོ། །དེའི་འོག་མ་གསུམ་ནི་ཆུ་སྲིན་ནོ། །དེའི་འོག་མ་ལྔ་ནི་ཡུགས་ས་མོའོ། །དེའི་འོག་མ་བདུན་ནི ་སྨེ་བའི་འོ། །དེའི་འོག་མ་དྲུག་ནི་འབུགས་པའི་འོ། །འཕྱོ་བ་ནི་ཡང་དེ་བཞིན་ནོ། །དེའི་འོག་མ་བདུན་ནི་རྨི་ལམ་མོ། །དེའི་འོག་མ་སྔ་ནི་སའི་དབང་ཕྱུག་གོ་།དེ་ལ་འཕེལ་བ་ནི་ལུག་གོ་།གཏི་མུག་ནི་ཁྱུ་མཆོག་གོ་།བཟང་པོ་ནི་འཁྲིག་པའོ། །ཁྱུ ་མཆོག་ནི་ཀཱར་ཏི་ཀའོ། །རུས་སྦལ་ནི་སེངྒེའོ། །ཆུ་སྲིན་ནི་གཞོན་ནུ་མའོ། །ཡུགས་ས་མོ་ནི་སྲང་ངོ། །སྨེ་བ་ནི་སྡིག་པའོ། །འབུགས་པ་ནི་གཞུའོ། །འཕྱོ་བ་ནི་ཆུ་སྲིན་ནོ། །རྨི་ལམ་ནི་བུམ་པའོ། །སའི་དབང་ཕྱུག་ནི་ཉའོ། །དེ་ལ་ལུག་གི ་ཆུ་ཚོད་གསུམ་ལ། ཐ་སྐར་དང། བྲ་ཉེ་དང། སྨིན་དྲུག་གི་བཞི་ཆ་གཅིག་སྟེ་དགུའོ། །དེའི་འོག་མ་ཁྱུ་མཆོག་གི་ཆུ་ཚོད་བཞི་ལ་སྨིན་དྲུག་བཞི་ཆ་གསུམ་དང། སྣར་མ་དང་མགོའི་ཕྱེད་དོ། །དེའི་འོག་ཏུ་འཁྲིག་པའི་ཆུ་ཚོད་ལྔ་ལ ་མགོའི་ཕྱེད་དང། ལག་དང་ནབས་སོའི་བཞི་ཆ་གསུམ་མོ། །དེའི་འོག་ཏུ་ཀར་ཀ་ཊའི་ཆུ་ཚོད་དེ་དང་འདྲ་བ་ལ་ནབས་སོའི་བཞི་ཆ་གཅིག་དང་རྒྱལ་དང་སྐག་གོ་།དེའི་འོག་ཏུ་སེངྒེའི་ཆུ་ཚོད་བཞི་ལ་མཆུ་དང་གྲེ་དང་དབོའི་བཞི་ཆ་གཅིག ་གོ་།དེའི་འོག་ཏུ་བུ་མོའི་ཆུ་ཚོད་གསུམ་ལ་དབོའི་བཞི་ཆ་གསུམ་དང་མེ་བཞི་དང་ནག་པའི་ཕྱེད་དོ། །དེའི་འོག་ཏུ་སྲང་གི་ཆུ་ཚོད་ལྔ་ལ་ནག་པ་ཕྱེད་དོ། །དེའི་འོག་ཏུ་སྲང་གི་ཆུ་ཚོད་ལྔ་ལ་ནག་པའི་ཕྱེད་དང་ས་གདངས་རིའི་བཞི་ཆ་གསུམ ་མོ། །དེའི་འོག་ཏུ་སྡིག་པའི་ཆུ་ཚོད་བདུན་ལ་ས་གའི་བཞི་ཆ་གཅིག་དང་ལྷ་མཚམས་དང་སྣོན་ནོ། །དེའི་འོག་ཏུ་གཞུའི་ཆུ་ཚོད་དྲུག་ལ་སྣུབས་དང་ཆུ་སྟོད་དང། ཆུ་སྨད་ཀྱི་བཞི་ཆ་གཅིག་གོ་།དེའི་འོག་ཏུ་ཆུ་སྲིན་གྱི་ཆུ་ཚོད་དེ་དང་འདྲ་བ་ལ་ཆུ་སྨད ་ཀྱི་བཞི་ཆ་གསུམ་དང་གྲོ་ཞུན་དང། མོན་གྲུའི་ཕྱེད་དོ། །དེའི་འོག་ཏུ་བུམ་པའི་ཆུ་ཚོད་བདུན་ལ་མོན་གྲུའི་ཕྱེད་དང་མན་གྲེ་དང་ཁྲུམས་སྟོད་ཀྱི་ཆ་གསུམ་མོ། །དེ་ནས་ཉའི་ཆུ་ཚོད་ལྔ་ལ་ཁྲུམས་སྟོད་ཀྱི་ཆ་གཅིག་དང་ཁྲུམས་སྨད་དང་ནམ ་གྲུའོ། །དེ་ལྟར་ན་ལུགས་ལ་སོགས་པའི་ཉི་མ་རྣམས་ནི་སྐར་མ་གསུམ་གསུམ་ལ་ལོངས་སྤྱོད་པར་བལྟ་བར་བྱའོ། །ཤི་ཆད་དུ་མ་གྱུར་ན་ཞེས་བྱ་བ་ལ་ཆད་པ་ནི་དུས་མ་ཡིན་པར་འཆི་བ་སྟེ། ཉི་མ་དང་ཟླ་བ་དང་ལོ་དགུའི་བར་དུ་ཤི་ཆད་དུ་མ ་གྱུར་ནའོ། །ཕྱུག་ཅིང་སྐལ་བ་བཟང་བ་དང་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་བསྟན་པ་འདི་དག་ཀྱང་འཕེལ་བའི་ཆུ་ཚོད་དང་པོ་ལ་ནི་མ་ཡིན་གྱི། གཉིས་པ་དང་གསུམ་པ་ཡོངས་སུ་རྫོགས་པའི་ཡིན་པར་བལྟ་བར་བྱའོ། །དེ་ལྟར་འོག་ནས ་འབྱུང་བ་ཐམས་ཅད་ལ་སྦྱར་རོ། །ལྷག་མ་ནི་གོ་སླའོ། །སའི་དབང་ཕྱུག་གི་ཉི་མ་ལ་འཆི་བར་འགྱུར་རོ། །ཞེས་བྱ་བ་ནི། ལོ་བརྒྱད་ཅུ་རྩ་གཅིག་འདས་ནས་སའི་དབང་ཕྱུག་གི་ཟླ་བ་དང་ཚེས་དང་སྐད་ཅིག་དེ་ལ་འཆི་བར་འགྱུར་ཏེ། ཐམས་ཅད ་ལ་དེ་ལྟར་བལྟའོ། །སའི་དབང་ཕྱུག་ཅེས་བྱ་བ་ནི་འདོད་པའོ། །འདིས་ནི་འཕེལ་བ་ལ་སོགས་པ་གཡོན་སྐོར་དུ་དགོད་པའོ། །ཡང་ན་གཡོན་སྐོར་དུ་བརྩི་བའོ། །ལྷག་མ་ནི་གོ་སླའོ། །ཆོས་ཤེས་བྱ་བ་ལ། ཆོས་ནི་མཐོ་རིས་དང། བྱང་གྲོལ ་གྱི་རྒྱུ་སྟེ་བསོད་ནམས་ཀྱི་ཆོས་སོ། །ཤེས་པ་ནི་བྱེད་པ་པོ་མཁས་པ་ཞེས་བྱ་བ་ནི་རྟོག་གེ་རང་ལུང་ཤེས་པའོ། །ཚངས་པར་སྤྱོད་ཅིང་ཞེས་བྱ་བ་ནི་ཆང་དང་བུད་མེད་ལ་སོགས་པ་སྤོང་བའོ། །བཟོ་ཤེས་པ་དང་ཞེས་བྱ་བ་ནི་གླུ་དང་གར་དང་རོལ ་མོའི་སྦྱོར་བ་ལ་མཁས་པའོ། །བསྟན་བཅོས་ཐམས་ཅད་རྒྱས་པར་འགྱུར་བ་ཞེས་བྱ་བ་ལ། བསྟན་བཅོས་ཐམས་ཅད་ནི་སྒྲའི་བསྟན་བཅོས་ལ་སོགས་པའོ། །རྒྱས་པ་ནི་དེ་དག་གི་སྦྱོར་བ་ལ་མཁས་པའོ། །ཐེ ་ཚོམ་མེད་པ་ནི་བདེན་པའོ། །ཉི་མ་བཞི་འམ་ཞེས་བྱ་བ་ལ་སོགས་པ་ནི་ཤི་ཆད་དུ་མ་གྱུར་ན་ཞེས་བྱ་བ་དང་འབྲེལ་ཏོ། །ཚིག་རྩུབ་སྨྲ་བ་ཞེས་བྱ་བ་ནི་ཚིག་བརླང་པོ་སྨྲ་བ་སྟེ། གང་གིས་བརླང་པོ་སྨྲ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྡིག ་པའི་ལས་ལ་ནན་ཏན་བྱེད་པ་ཞེས་བྱ་བ་ནི་བརྣབ་སེམས་དང་གནོད་སེམས་དང། ལོག་བར་ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །འཕྱར་བ་ཞེས་བྱ་བ་ནི་མ་དཔྱད་པར་བྱེད་པའོ། །སེངྒེ་དང་འདྲ་བ་ཞེས་བྱ་བ་ནི་མཐོན་པོ་ལ་བརྟེན་པ་ཉིད་དང། རང ་གིས་བསྒྲུབས་པའི་ཡོ་བྱད་ལ་ལོངས་སྤྱོད་པའོ། །སྡུག་བསྔལ་མང་བ་ཞེས་བྱ་བ་ནི་ཐོག་མ་དབུལ་ཞིང་སྡུག་བསྔལ་བའོ། །ཡོ་བྱད་འཕེལ་ཞིང་ཞེས་བྱ་བ་ནི་དེའི་ཚེ་སྨད་ལ་ཕྱུག་པོར་གྱུར་པ་སྟེ། དེ་ཉིད་གསུངས་པ་ནོར་དང་ཕྱུགས་མང་ལ་ཞེས་བྱ ་བ་ལ་ནོར་རྣམས་དང་ཕྱུགས་རྣམས་ཞེས་ཟླས་ཕྱེ་ནས་ཕྱིས་མང་བ་ཞེས་གཅིག་ཏུ་མཚམས་སྦྱར་བ་འམ། ཡང་ན་ནོར་དུ་ཕྱུགས་མང་བ་ཞེས་ཁྱད་པར་བསྡུ་བར་བྱའོ། །ཅུང་ཟད་ཙམ་གྱིས་ཁྲོ་བ་ཞེས་བྱ་བ་ནི་སྐད་ཅིག་གིས་ཁྲོ་ཞིང་སྐད་ཅིག ་གིས་ཞི་བའོ། །ང་རྒྱལ་ཆེ་བ་ནི་ཁེངས་སེམས་ཆེ་བའོ། །དགྲ་རྣམས་འཇིགས་ལ་ཞེས་བྱ་བ་ནི་དགྲ་རྣམས་ཀྱིས་འཇིགས་པ་སྟེ་ཁོང་སྔར་བའོ། །ཁེ་སྦོགས་ཀྱིས་འཚེ་བ་ནི་ཚོང་གིས་འཚོ་བའོ། །རྨོངས་པ་དང་སྡིག་པའི་བསམ་པ་དང་ལྡན་པ ་ཞེས་བྱ་བ་ནི་རྨོངས་པ་ནི་སྨྲ་མི་མཁས་པའོ། །སྡིག་པའི་བསམ་པ་དང་ལྡན་པ་ནི་བྱ་བ་ངན་པ་ལ་འཇུག་པའི་བསམ་པ་ཅན་ནོ། །ངང་ཚུལ་ངན་པ་ནི་སྤྲོ་ཐུང་པའོ། །རང་གི་རིགས་སྟོད་ཅིང་ཞེས་བྱ་བ་ནི་རིགས་མཐོན་པོར་སྐྱེ་བའོ། །བསྟན ་བཅོས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྒྱལ་ཁྲིམས་ལ་སོགས་པའི་ལུགས་ཀྱིས་བསྟན་བཅོས་ཕུན་སུམ་ཚོགས་པའོ། །བཟོ་སྣ་ཚོགས་རིག་པ་ནི་གར་ལ་སོགས་པའི་བཟོ་སྣ་ཚོགས་ལ་མཁས་པའོ། །གཡོ་སྒྱུ་ཅན་ཞེས་བྱ་བ་ལ་གཡོ་དང ་སྒྱུ་ནི་གཡོ་སྒྱུ་སྟེ། དེ་སུ་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱ་བ་ཐམས་ཅད་ཡང་བ་ཞེས་བྱ་བ་ནི་དགོངས་སོ་ཅོག་གེ་མྱུར་དུ་འགྲུབ་པའོ། །བདེ་བར་འཚོ་ཞེས་བྱ་བ་ནི་ཅུང་ཟད་ཀྱིས་བདེ་བ་རྙེད་པའོ། །རྒྱལ་པོའི་འཆད་པས་གཅོད་ཅིང་ཞེས་བྱ་བ ་ནི་རྒྱལ་པོའི་ཁྲིམས་ལས་འདའ་ཞིང་ཆད་པའི་གནས་སུ་གྱུར་པའོ། །དོར་ཐབས་ཀྱི་བཟོ་ཞེས་བྱ་བ་ནི་རོལ་མོ་ལ་སོགས་པ་འཁྲུལ་འཁོར་གྱི་བཟོའོ། །རྟག་ཏུ་སེམས་ཁྲལ་ཅན་ཞེས་བྱ་བ་ནི་རྟག་ཏུ་གཞན་གྱི་ཆེད་ལ་ཞུགས་པའོ། །བུ་དང་ཆུང་མ ་གསོད་པ་ཞེས་བྱ་བ་ནི་ཆུང་མ་བླངས་པ་དང་བུ་སྐྱེས་པ་རྣམས་མྱུར་དུ་འཆི་བར་འགྱུར་ཞིང་རིང་དུ་མི་འཚོ་བའོ། །སེམས་ཆུང་བ་ནི་སེམས་སྲབ་པའོ། །བསམ་པ་ངན་པ་ནི་རྟག་ཏུ་སེམས་སྡུག་པའོ། །འཕེལ་བའི་ཉི་མ་ལ་ཞེས་བྱ་བ་ལ་སོགས་པས་ནི ་སྐད་ཅིག་གང་ལ་ནད་ཀྱིས་ཟིན་པའི་དགེ་བ་དང་སྡིག་པའི་མཚན་ཉིད་བསྟན་པ་སྟེ་གོ་སླའོ། །དུག་བཟློག་པ་བཤད་པར་བཞེད་ནས་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་མཆེ་བས་མངོན་ཟིན་ན། འཆི་བདག་དང་ནི་མཉམ་པར་འགྲོགས ་ཞེས་བྱ་བ་ནི་གསོར་མི་རུང་བ་བསྟན་པ་ཡིན་ཏེ་ར་ཅན་བཞི་ལ་ཟིན་པ་དག་འཆི་བདག་གིས་སྒོར་གཞོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་བ་རྣམས་སོ། །ཇི་ལྟར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་བཀྲ་ཤིས་པར ་འགྱུར་བ་སྟེ། དེ་ཉིད་གསུངས་པ། ཚེ་དང་ནད་མེད་ཅེས་བྱ་བ་ལ་སོགས་པ་ལ། ཚེ་ནི་སྲོག་གོ་།སྤེལ་བ་ནི་ཡུན་རིང་དུ་འཚོ་བའོ། གཞན་ལ་ཞེས་བྱ་བ་ནི་གསོར་རུང་བ་སྟེ་བརྒྱད་པོ་དག་ལའོ། །དུག་བསྡུ་བའི་ཆོ་ག་ཇི་ལྟར་སྦྱར་ཞེས་བྱ་བར་འབྲེལ་ཏོ། ། ་དེ་ལ་དུག་བསྡུ་བ་ནི་དུག་དབྲོག་པའོ། །སྦྱར་བ་ནི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །དེ་དག་གིས་ནི་འདི་སྐད་དུ་བཀྲ་ཤིས་ཀྱི་དངོས་གྲུབ་ཚེ་དང་ནད་མེད་པ་སྤེལ་བ་དང། དུག་གིས་ཟིན་པར་གསོར་རུང་བ་གཞན་དག་ལ་དུག ་བསྡུ་བའི་ཆོ་ག་ཇི་ལྟར་བགྱི་ཞེས་གསོལ་བ་བཏབ་པ་སྟོན་ཏོ། །བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། ཆུའི་སྦྱིན་སྲེག་ཅེས་བྱ་བ་ནི་ཆུར་མཆོད་སྦྱིན་བྱ་བ་སྟེ། དེའི་ཆོ་ག་བྱ་བ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་གསུངས་པ། སའི་ཆ་ནི་ཞེས ་བྱ་བ་ལ་སོགས་པ་ལ། ཁ་དོག་དཀར་པོའི་དྲི་ནི་ཙན་དན་དཀར་པོ་ལ་སོགས་པའོ། །བྱུགས་པ་ནི་ཁྲུ་བཞི་ཙམ་དུ་ཡངས་པར་གྲུ་བཞི་པར་བྱུག་པ་སྟེ། གྲུ་བཞི་ཤིན་ཏུ་ཡངས་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །རྩ་བ་ནག་པོར་རི་མེད ་ཅེས་བྱ་བ་ནི་ཞབས་བརྟན་ཞིང་རི་མོ་སྔོན་པོ་དང་བྲལ་བ་སྟེ། དོན་གྱིས་ན་བུམ་པ་རྣམས་དཀར་པོར་བྱ་བ་ཡིན་ནོ། །སོགས་ཀྱིས་ན་ལྟོ་ཆེ་བ་དང་མཆུ་འཕྱང་བ་ལ་སོགས་པ་བཟུང་ངོ། །བུམ་པ་ཞེས་བྱ་བ་ནི་རིགས་ཀྱིས་ན་གཅིག་གི་ཚིག ་ཏུ་བྱས་པ་ཡིན་ཏེ། དངོས་སུ་ན་བུམ་པ་དགུར་བལྟ་བར་བྱའོ། །ཆུ་ཡིས་བཀང་ཞེས་བྱ་བ་ལ་ཕྱོགས་མཚམས་ཀྱིས་བུམ་པ་བརྒྱད་ནི་དྲི་ཞིམ་པོའི་ཆུས་བཀང་ལ་དབུས་ཀྱི་བུམ་པ་ཞི་བའི་ཐབ་ཁུང་གི་རྣམ་པ་ལྟ་བུས་ལས་བྱས་པའི ་བུམ་པ་ནི་དྲི་ཞིམ་པོའི་ཆུ་དང་འོ་མར་བསྲེས་པས་དགོང་ངོ། །ཆུ་ནི་ཉེ་བར་མཚོན་པ་སྟེ། ཤིང་གི་ལོ་མས་ཁ་བརྒྱན་པ་ལ་སོགས་པ་གཟུང་བར་བྱའོ། །དེ་ཡང་གསུངས་པ། དྲི་ཡི་ཆུས་ནི་རབ་བཀང་ཞིང། །ཤིང་ལོས་ཁ་ནི་བརྒྱན་པ ་ཡིས། །བུམ་པ་བརྒྱད་ནི་བཤམས་ནས་སུ། །ཕྱོགས་བརྒྱད་དག་ཏུ་བཞག་པར་བྱ། །དྲི་ཆུ་འོ་མས་བསྲེས་པ་ཡི། །བུམ་པ་དགུ་པ་དབུས་སུའོ་ཞེས་སོ། །དེའི་དབུས་སུ་ཞེས་བྱ་བ་ནི་དབུས་དང་ཤར་ལ་སོགས་པའི་བུམ་པ་རྣམས ་ཀྱི་ནང་དུའོ། །ལྷ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའོ། །པདྨའི་ཕྲེང་བས་མཛེས་པར་བྱས་ཞེས་བྱ་བ་ནི་མགྲིན་པར་པདྨའི་ཕྲེང་བའོ། །གངས་དང་ཀུན་དེ་ཟླ་འདྲ་བ་ཞེས་བྱ་བ་ནི་ལྷ་མོ ་རྣམས་ཀྱི་ཁ་དོག་སྟེ་བསམ་པར་བྱ་ཞེས་པ་དང་འབྲེལ་ཏོ། `་།མཁའ་འགྲོ་མའི་འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་བའི་ལྷ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའོ། །དེ་དག་གིས་ནི་འདི་སྐད་དུ་སྒྲུབ་ཐབས་ཀྱི ་རིམ་གྱིས་བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་བྱས་ནས་དབུས་ཀྱི་བུམ་པའི་སྣོད་ལ། ཨོཾ་ཀ་མ་ལ་བྷེ་སྭཱཧཱ་ཞེས་པའི་སྔགས་བརྗོད་ཅིང་ལག་པ་གཡས་གཡོན་པདྨར་བསྐོར་བའི་ཕྱག་རྒྱ་བསྟན་པས་དེའི་ནང་དུ་པདྨའི་གདན ་བསྐྱེད་ལ་དེར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གི་ས་བོན་ལས་སྐྱེས་པའི་ཡེ་ཤེས་མཁའ་འགྲོ་མ་མདོག་དཀར་མོ། །ཕྱག་གཉིས་པ་རྡོ་རྗེས་མཚན་པའི་དབྱུག་པ་རྣམས་པ་བརྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང ་སྟེང་ན་གདུགས་དཀར་པོ་ལྡིར་བ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམས་ལ། ཡེ་ཤེས་ཀྱི་སེམས་དཔའ་བཅུག་ནས་ལག་པ་གཉིས་ཁུ་ཚུར་བཅིངས་ཏེ། རྒྱབ་སྤྲད་ལ་མཛུབ་མོ་གཉིས་ལྕགས ་སྒྲོག་ལྟར་བཅིངས་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང། ས་མ་ཡ་ཏིཥྛ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། `་།ཤར་ཕྱོགས་ཀྱི་བུམ་པར་ནི་རྡོ་རྗེ་མཁའ་འགྲོ་མ་ས་བོན་སུམ་གིས ་བསྐྱེད་པར་བྱའོ། །བྱང་དུ་ནི་དྲག་མོ་སྟེ་ས་བོན་ཀྵུཾ་གིས་བསྐྱེད་དོ། །ནུབ་ཏུ་ནི་རོ་ལངས་མ་སྟེ་ས་བོན་ཡུམ་གིས་བསྐྱེད་དོ། །ལྷོར་ནི་གཏུམ་མོ་སྟེ་ས་བོན་ཧཱུཾ་གིས་བསྐྱེད་དོ། །དབང་ལྡན་དུ་ནི་སེངྒེ་སྟེ་ས་ ་བོན་སྨྲཡུཾ་གིས་བསྐྱེད་དོ། །མེ་མཚམས་སུ་སྟག་མོ་སྟེ་ས་བོན་ཧམྲཡུཾ་གིས་བསྐྱེད་དོ། །བདེན་བྲལ་དུ་ལྕེ་སྤྱང་མོ་སྟེ་ས་བོན་ཡམྲཡུཾ་གིས་བསྐྱེད་དོ། །རླུང་མཚམས་སུ་ནི་འུག་པ་མོ་སྟེ་ས་བོན་ཀཤམྲཡུཾ་གིས་བསྐྱེད་དོ། །དེ་དག་ཐམས་ཅད་ཀྱང ་སྔ་མ་ལྟར་མདོག་དཀར་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་སོགས་པར་བསྒོམ་མོ། །དེ་ནས་སོ་སོར་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡོན་པའི་ཁུ་ཚུར་སྙིང་གར་གན་རྐྱལ་དུ་བཞག་ལ། གཡས་པའི་ཁུ་ཚུར་དེའི་སྟེང་དུ་བཞག ་པ་འདི་ནི་ཐུན་མོང་གི་དམ་ཚིག་གི་ཕྱག་རྒྱ་སྟེ། ཨོཾ་ཛུཾ་ཧཱུཾ་སྭཱཧཱ་ཞེས་བྱ་བའི་སྔགས་བརྗོད་དོ། །སྔགས་འདིས་ནི་སྔོན་དུ་འབུམ་ཕྲག་གསུམ་དུ་བསྙེན་པ་བྱས་ནས་ལས་བརྩམ་པར་བྱའོ་ཞེས་མན་ངག་ལས་བཤད་དོ། །དེ་ནས་ཉེ་བའི་ལོངས་སྤྱོད ་ཀྱི་གཏོར་མ་ལ་སོགས་པ་ཕུལ་ནས་སྔགས་དེ་ཉིད་ཀྱིས་མི་ཏོག་དཀར་པོའི་ནང་དུ་དུར་བ་སར་པའི་རྩ་བ་གཙུགས་ལ་སྔར་བསྟན་པའི་ཆུ་སྣོད་དུ་བསྒོམས་པའི་ཡེ་ཤེས་མཁའ་འགྲོ་མའི་རྡོ་རྗེའི་དབུ་རྒྱན་གྱི་རྩེ་མོར་བསྣུན་པའི་སྦྱིན་སྲེག ་བྱས་ན་རྒྱས་པ་ལ་སོགས་པར་འགྱུར་རོ། །སྦྱིན་སྲེག་ཁྲི་ཡིས་ནི་ཚེ་འཕེལ་བར་འགྱུར་རོ། །ནཱ་ག་གེ་སར་གྱི་སྦྱིན་སྲེག་ཁྲི་བྱས་ན་ཡུལ་ཕྱོགས་ཞི་བར་འགྱུར་རོ། །ཐབ་ཁུང་དེར་ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་བསྒོམས་ནས་ཆུ་སྐྱོར་བརྒྱ ་རྩ་བརྒྱད་རྒྱུན་དུ་ཕུལ་ན་ཡང་རྒྱས་པར་འགྱུར་རོ། །ད་ནི་དུག་གཞོམ་པའི་ཆོ་ག་གསུངས་པ། བདུད་རྩི་ཆུ་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་བསྒྲུབ་པར་བྱ་བ་རྡོ་རྗེ་མཁའ་འགྲོ་མར་བསྒོམས་ཏེ། དུག་གིས་ཟིན་པའི ་ཡན་ལག་བརྒྱད་ལ་མཁའ་འགྲོ་མའི་ས་བོན་བརྒྱད་དགོད་པར་བྱའོ། །དེ་ལ་མགོ་བོར་ནི་ཀྵུཾ། རྣ་བ་དང་སྣ་དག་ལ་ནི་ཡུཾ། མིག་གཉིས་ལ་ནི་ཧཱུཾ། ལྐོག་མར་ནི་སུཾ། མགྲིན་པར་ནི ་སྨྲཡུཾ། ཕྲག་པ་གཉིས་སུ་ནི་ཧམྲཡུཾ། སྙིང་གར་ནི་ཡམྲཡུཾ། ལྟེ་བར་ནི་ཤམྲཡུཾ་བསྒོམས་ཏེ། ས་བོན་དེ་དག་ཁ་དོག་སྣ་ཚོགས་ཡིན་དུ་ཟིན་ཀྱང་དུག་བསྡུ་བའི་སྐབས་སུ་ནི་ཐམས་ཅད་དཀར་པོར་བསམས་པ་འོད་ཀྱིས་བདུད་རྩིའི་ཆུ་རྒྱུན་གྱིས་བསྒྲུབ་བྱའི་ལུས་ལ་བཀྲུས་ཏེ་དུག་སེལ ་བར་བསམ་མོ། །དེ་ནས་ཡང་སྒྲུབ་པ་པོས་དུག་ནི་རང་གི་རྟོགས་པ་ཙམ་དུ་བསམ་ནས་དེ་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཡི་གེ་ཧཱུཾ་ལས་བདུད་རྩིའི་ཆུ་རྒྱུན་འཇིག་པར་བསྒོམ་མོ། །དེ་ནས་ཆུ་དང་འོ་མ་བསྲེས་པས་བཀང་བའི་ནང་དུ་པདྨ་དཀར་པོ་འདབ ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་སུཾ་ལས་རྡོ་རྗེ་མཁའ་འགྲོ་མ་མདོག་དཀར་མོ་བདུགས་དཀར་པོ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ནི་ཁ་ཊཝཱཾ་ག་དང་ཐོད་པ་བསྣོམས་ཤིང་པདྨའི་འདབ་མ་བརྒྱད་ལ་ཀླུ་ཆེན་པོ་བརྒྱད་གནས་པའི་མགོ་ཟླ་བའི་དཀྱིལ་འཁོར ་གྱི་གདན་འོག་ཏུ་བཅུག་ནས་སེམས་པའི་སྐྱིལ་ཀྲུང་གི་བཞུགས་པར་བསྒོམ་མོ། །དེ་ལ་ཤར་དུ་ནི་ནོར་རྒྱས་ཀྱི་བུ་དཀར་པོའོ། །བྱང་གིས་ནི་འཇོག་པོ་སེར་པོའོ། །ནུབ་ཏུ་ནི་སྟོབས་ཀྱིས་རྒྱུ་བ་དམར་པོའོ། །ལྷོར་ནི་པདྨ་སྔོན་པོའོ། །དབང་ལྡན་དུ་ནི ་པདྨ་ཆེན་པོ་དཀར་སེར་རོ། །མེ་མཚམས་སུ་ནི་དུང་སྐྱོང་སེར་ནག་གོ་།བདེན་བྲལ་དུ་ནི་རིགས་ལྡན་དམར་ནག་གོ་།རླུང་མཚམས་ནི་ཧུ་ལུནད་སེར་དམར་ཏེ། དེར་མཆོད་པ་ལ་སོགས་པ་བྱས་ལ་རྨ་བྱའི་སྒྲོའི་ཆུ་ན་བུ་ལ། ཨོཾ་ཧྲི་ཏ་ཌ་ན་ད་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ ་བའི་སྔགས་འདི་མངོན་པར་བཟླས་ནས། བསྒྲུབ་བྱའི་མགོ་ནས་རྐང་པའི་བར་དུ་བྱ་བ་ཅིང་བུམ་པའི་ཆུ་སྤྲུག་གོ་།སྔགས་འདིས་ནི་སྔོན་དུ་བསྙེན་པ་སུམ་འབུམ་བྱས་ནས་ལས་བརྩམ་མོ་ཞེས་བཤད་དོ། །དེ་ནས་དུག་ལ་བྱབ་པའི་ཆེ་ནི་མིང་དང་སྤེལ ་བར་བྱ་སྟེ། ཨོཾ་བཱ་སུ་ཀི་ཧྲི་ཏ་ཌ་ན་ད་ར་ཆེ་གེ་མོ་ནིར་བ་ཤཾ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བཟླས་ཤིང་བྱབ་པོ། །དེ་ལྟར་ཀླུ་གཞན་གང་དག་གི་སྔགས་སྤེལ་པ་ཡང་བལྟ་བར་བྱའོ། །དེ་ནས་ཅི་སྟེ་འོ་མ་ནག་པོར ་གྱུར་ན། མེ་ཏོག་དཀར་པོ་དང་ཡུངས་ཀར་དཀར་པོ་དང། ཙན་དན་དཀར་པོ་ལ་སྔགས་ཐམས་ཅད་མངོན་པར་བཟླས་ནས་སྙིང་གར་བརྡེག་པར་བྱའོ། །སླར་ཡང་བདུག་པས་བྱ་ཞེས་བྱ་བ་ནི་དེ་ནས་དབབ་པའི ་ཕྱིར་ཡུངས་ཀར་དཀར་པོ་ལ་སོགས་པ་བདུག་པ་དེ་དག་ཉིད་ཀྱིས་བདུགས་ན་འདར་ཞིང་ཡན་ལག་བསྐྱོད་ལ་མིག་འབྱེད་པར་གྱུར་པ་དང། དེ་ནས་ཧཱུཾ་ཞེས་བྱ་བས་རྣམ་པར་ཤེས་པ་བསྡམས་ན་དུག་མེད་པར་འགྱུར་རོ། །དཔྱིད་ཟླ་འབྱིང་སོགས ་རིམ་བཞིན་དུ་ཞེས་བྱ་བ་ལ་འཕེལ་བ་ལ་སོགས་པ་དང། དཔྱིད་ཟླ་འབྲིང་པོ་ལ་སོགས་པ་རིམ་བཞིན་དུ་སྦྱར་བའོ། །ཉི་མ་བྱང་དུ་འགྲོ་བའི་ཚེ་ཞེས་བྱ་བ་ནི་དཔྱིད་ཟླ་འབྲིང་པོ་དེ་ཉིད་ནས་བརྩམས་ནས་ཉི་མ་བྱང་དུ་འགྲོ་བ་ཡིན་ལ་དེ་ཉིད་ནི་ལོའི ་དང་པོ་དང་དུས་ཀྱི་མཆོག་གོ་།ཇི་ལྟ་བུའི་དུས་བཞི་ཞེས་བྱ་བ་ནི་དཔྱིད་དང། སོ་ཀ་ལ་སོགས་པའི་དུས་ཏེ། དེ་དག་ཏུ་འཕེལ་བ་དང་བྲི་བར་སྦྱར་བའོ། །མཚན་མ་ནི་གྲངས་ཀྱི་རི་མོའོ། །རིམ་གྱིས་རིམ་གྱིས་ཞེས་པ་ནི་ཉི་མ་ནས་ཉི་མ་དང་ཟླ་བ ་ནས་ཟླ་བར་ཆུ་ཚོད་རིམ་གྱིས་འཕེལ་ཞིང་བྲི་བར་སྟེ། དེ་ཉིད་གསུངས་པ། ཉིན་མོ་ནི་ཆུ་ཚོད་དག་ཅེས་བྱ་བ་ལ་སོགས་པ་ལ། ཟླ་བ་དང་པོ་དེ་ཉིད་ཀྱི་ཉིན་མོའི་ཆུ་ཚོད་ནི་བཞི་དང་བཅུ་གཉིས་བསྒྱུར་ཞེས་བྱ་བ་ལ། བཅུ་ཕྲག་གཉིས་དང་བཞི ་སྟེ་ཉི་ཤུ་རྩ་བཞིར་བརྩིའོ། །ལྷག་མ་ནི་གོ་སླའོ། །དབུས་ཀྱི་བི་ཉི་ཤུ་གཉིས་ར་སྦྱར་ཞེས་བྱ་བ་ནི་དཔྱིད་ཟླ་འབྲིང་པོ་ཟླ་བའི་མགོ་ལ་ཉིན་མོ་དང་མཚན་མོའི་ཆུ་ཚོད་མཉམ་པའོ། །དེ་བཞིན་དུ་བི་ཉི་ཤུ་གཉིས་པ་ཡང། དགུན་ཟླ་འབྲིང ་པོའི་དང་པོ་ལ་ཉིན་མོ་དང་མཚན་མོ་མཉམ་པའོ། །ཆུ་ཚོད་གཅིག་གི་དབུགས་ཀྱི་གྲངས་ཀྱི་ངེས་པར་བསྟན་པའི་ཕྱིར་སུམ་རྒྱ་དྲུག་ཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུགས་འབྱུང་པ་དྲུག་ཅུ་དང་བཅས་པའི་སུམ་རྒྱའོ། །དུས ་རྣམས་ཤེས་བྱ་བ་ནི་ཆུ་ཚོད་གཅིག་ལ་ཇི་ལྟ་བ་བཞིན་དུ་ཉིན་མཚན་གྱི་ཆུ་ཚོད་དྲུག་ཅུ་པོ་གཞན་དག་ལ་ཡང་དེ་ལྟར་སྦྱར་བའི་དོན་ཏོ། །ཆུ་ཚོད་དབུགས་ནི་རྫོགས་དང་པོ་ཞེས་བྱ་བ་ལ། ཆུ་ཚོད་ཀྱི་དབུགས་རྫོགས་པ་ནི་གྲངས་ཇི་ལྟ་བ་བཞིན་དུ ་ཡོངས་སུ་རྫོགས་པ་སྟེ། དེ་ཉིད་རིམ་གྱིས་འཕེལ་བ་ཡིན་ནོ། །དང་པོ་ནི་མཆོག་སྟེ་དགེ་བའི་མཚན་མའོ། །རིམ་གྱིས་འབྲི་བ་ནི་དེ་ལས་བཟློག་པ་སྟེ། དབུགས་ཇི་སྐད་སྨོས་པ་ལས་བྲི་ཞིང་འཆད་པ་ཡིན་ནོ། །ལས་དང་ལས་མིན་ཞེས་བྱ་བ་ནི། ་སྲོག་གནས་པ་དང་འགག་པའོ། །ཡང་ན་རིམ་གྱིས་འཕེལ་ཞིང་འབྲི་ཞེས་བྱ་བ་ནི་ཇི་ལྟར་གནས་པ་ལས་ཅིག་ཤོས་བྲི་བ་གང་ཡིན་པ་ཉིད་ཅིག་ཤོས་འཕེལ་བ་སྟེ། དེས་ལས་དང་ལས་མིན་ཞེས་བྱ་བ་དགེ་བ་དང་སྡིག་པའི་མཚན་མར་བྱ་བའོ། །བྱེ ་བྲག་བཞིན་ཞེས་པ་ནི་ཚེས་དང་ཟླ་བ་དང་ལོའི་བྱེ་བྲག་གོ་།དབུགས་ནི་རིམ་གྱི་གཟུང་བར་བྱ་ཞེས་བྱ་བ་ནི་བྱེ་བྲག་དེ་དག་གི་རིམ་པ་ཇི་ལྟ་བ་བཞིན་དུ་བཟུང་བ་སྟེ་ཤེས་པར་བྱའོ། །འདི་དག་ནི་འོག་ནས་སྟོན་མོད་ཀྱི་འདིར་ཅུང་ཟད་ཅིག་བརྗོད་པར ་བྱ་སྟེ། དེ་ལ་ཕན་ཚུན་དུ་ཐིག་གཉིས་གཉིས་བྲིས་པས་རེའུ་མིག་དགུར་འགྱུར་ལ་དེ་ནས་ཡང་མཚམས་ཀྱི་རེའུ་མིག་བཞི་ལ་ཐིག་རེ་རེ་བྲིས་པས་རེའུ་མིག་བཅུ་གསུམ་དུ་བྱའོ། །དེ་ནས་ཕྱི་རོལ་ཀུན་ཏུ་བསྐོར་བས་འཁོར་ལོ་རིམ་པ་གསུམ་དུ་བྱས ་ལ་དེ་ལས་ཕྱི་རོལ་གྱི་རིམ་པའི་རེའུ་མིག་དང་པོ་ལ་གྲངས་ལྔའི་མཚན་མ་བྲིའོ། །གཉིས་པ་ལ་ནི་བཅུའོ། །གསུམ་པ་ལ་ནི་བཅོ་ལྔའོ། །བཞི་པ་ལ་ནི་ཉི་ཤུའོ། །ལྔ་པ་ལ་ནི་ཉི་ཤུ་རྩ་ལྔའོ། །དྲུག་པ་ལ་ཉི་ཤུ་རྩ་དྲུག་གོ་།བདུན་པ་ལ་ནི་ཉི ་ཤུ་རྩ་བདུན་ནོ། །བརྒྱད་པ་ལ་ནི་ཉི་ཤུ་རྩ་བརྒྱད་དོ། །དགུ་པ་ལ་ཡང་རྩ་དགུའོ། །བཅུ་པ་ལ་ནི་སུམ་ཅུའོ། །བཅུ་གཅིག་པ་ལ་སུམ་ཅུ་རྩ་གཅིག་གོ་།བཅུ་གཉིས་པ་ལ་སུམ་ཅུ་རྩ་གཉིས་སོ། །དབུས་སུ་ནི་སུམ་ཅུ་གསུམ་མོ། །རིམ་པ་གཉིས ་པའི་རེའུ་ཆ་དང་པོ་ལ་གསུམ་མོ། །གཉིས་པ་ལ་གཉིས་སོ། །གསུམ་པ་ལ་གཅིག་གོ་།བཞི་པ་ལ་དྲུག་གོ་།ལྔ་པ་ལ་ཡང་གསུམ་མོ། །དྲུག་པ་ལ་ཡང་གཉིས་སོ། །བདུན་པ་ལ་ཡང་གཅིག་གོ་།བརྒྱད་པ ་ལ་ཡང་བཅོ་ལྔའོ། །དགུ་པ་ལ་ཡང་བཅུའོ། །བཅུ་པ་ལ་ཡང་ལྔའོ། །བཅུ་གཅིག་པ་ལ་ཡང་གསུམ་མོ། །བཅུ་གཉིས་པ་ལ་ཡང་གཉིས་སོ། །དབུས་སུ་ནི་གཅིག་དེ་ལ་ཉི་མ་ལྔར་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་ན་ལོ་གསུམ་ན་འཆིའོ། །དེ་བཞིན ་དུ་ཉི་མ་བཅུས་ནི་ལོ་གཉིས་ན་འཆིའོ། །ཉི་མ་བཅོ་ལྔས་ནི་ལོ་གཅིག་ན་འཆིའོ། །ཉི་མ་ཉི་ཤུས་ནི་ཟླ་བ་དྲུག་ན་འཆིའོ། །ཉི་མ་ཉི་ཤུ་རྩ་ལྔས་ནི་ཟླ་བ་གསུམ་གྱིས་འཆིའོ། །ཉི་མ་ཉི་ཤུ་དྲུག་གིས་ནི་ཟླ་བ་གཉིས་ཀྱི་འཆིའོ། །ཉི་མ་ཉི་ཤུ་བདུན་གྱིས ་ནི་ཟླ་བ་གཅིག་ན་འཆིའོ། །ཉི་མ་ཉི་ཤུ་བརྒྱད་ཀྱིས་ནི་ཟླ་བ་ཕྱེད་ཀྱི་འཆིའོ། །ཉི་མ་ཉི་ཤུ་དགུ་ཡིས་ནི་ཉི་མ་བཅུ་ཡིས་འཆིའོ། །ཉི་མ་སུམ་ཅུ་ནི་ཉི་མ་ལྔ་ན་འཆིའོ། །ཉི་མ་སུམ་ཅུ་གཅིག་གིས་ནི་ཉི་མ་གསུམ་ན་འཆིའོ། །ཉི་མ་སུམ་ཅུ་གཉིས་ཀྱིས ་ནི་ཉི་མ་གཉིས་ན་འཆིའོ། །ཉི་མ་སུམ་ཅུ་གསུམ་གྱིས་ནི་ཉི་མ་གཅིག་ན་སྟེ། འདི་དག་གི་དོན་ཡང་ལྔ་དང་ཞེས་བྱ་བ་ལ་སོགས་པས་འོག་ནས་བསྟན་པས་དེར་ཤེས་པར་བྱའོ། །བར་བར་གྱི་ཉི་མ་དག་ཀྱང་དེ་ཉིད་དུ་བལྟའོ། །ད་ནི་ལོའི ་དབུགས་ལ་སོགས་པའི་གྲངས་ཀྱི་ངེས་པ་གསུངས་པ། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞིའོ། །ག་ཞེས་བྱ་བ་ནི་དྲུག་ཕྲག་གཉིས་ཀྱིས་སོ། །དེ་ཉིད་གསུངས་པ། དུས་ཚིགས་གཉིས ་ཡེ་ཤེས་བྱ་བ་སྟེ། དུས་དྲུག་པོ་གཉིས་སུ་བྱ་བའོ། །དེ་དག་ནི་ཉི་ཤུ་རྩ་བཞི་དང་དྲུག་ཕྲག་གཉིས་ཀྱི་མཚན་མ་བྱ་ཞེས་བྱ་བའི་དོན་ཏོ། །བགྲོད་པ་གཉིས་ཀྱིས་མཚོན་པར་བྱ་ཞེས་བྱ་བ་ནི་ཉི་ཤུ་བཞི་པོ་དང། དྲུག་གྲག ་གཉིས་ཀྱི་མཚན་མ་དག་གཅིག་ཏུ་བསྲེས་ཏེ་སུམ་ཅུ་རྩ་དྲུག་གི་མཚན་མ་བྱ་བའོ། །གཉིས་པོ་ཞེས་བྱ་བ་ནི་དེ་ཡང་སླར་བཅོ་བརྒྱད་པ་ཕྲག་གཉིས་སུ་བགོས་ཏེ་མཚན་མ་བྱ་བའོ། །བཅུ་རུ་བསྒྱུར་ཞེས་བྱ་བ་ནི་གཉིས་པོ་དེ་དག་བཅུ་བཅུར ་བསྒྱུར་བ་བརྩིས་ཏེ། །བརྒྱ་བརྒྱ་བཅུ་པ་ཕྲག་གཉིས་སུ་འགྱུར་རོ། །དེ་ལ་བརྒྱ་ཕྲག་གཉིས་གཅིག་ཏུ་བསྲེས་གཅིག་ཏུ་བསྲེས་ཏེ་ཉིས་བརྒྱའི་མཚན་མ་བྱ། བཅུ་དྲུག་ཕྲག་བརྒྱད་པ་གཉིས་ལས་བཅུའི་མཚན་མ་དང་དྲུག་གི་མཚན་མ་སོ ་སོར་བྱས་ལ་བཅུ་དྲུག་གི་མཚན་མ་བྱའོ། །དེའི་རྩར་ཐིག་ལེ་གཉིས་བཞག་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་ཏེ། ལོའི་ཆུ་ཚོད་ཀྱི་གྲངས་ཀྱི་མཚན་མར་འགྱུར་རོ། །དེའི་མཚན་མ་དེ་ཉིད་ཀྱིས་ཉིན་མཚན་གྱི་དབུགས་ཀྱི ་གྲངས་ཀྱི་མཚན་མ་ཡང་བསྟན་པ་ཡིན་ཏེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱར་འགྱུར་རོ། །དག་གི་དབང་ཕྱུག་ཀུན་བཟངས་ནས་ཞེས་བྱ་བ་ལ་འདྲི་བ་པོའི་དག་གི་ཡི་གེའི་གྲངས་ཇི་སྙེད་ཡོད་པའི་མཚན་མ་བྱ་བ་སྟེ། དྲུག ་འགྱུར་དུ་ནི་བཞག་ནས་སུ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་དང་སྦྱར་རོ། །དེས་ནི་དག་གི་ཡི་གེ་དེ་རྣམས་དྲུག་འགྱུར་དུ་བྱ་བ་སྟོན་ཏོ། །ལྔ་པ་དེ་ནི་གསུམ་འགྱུར་བྱ་ཞེས་བྱ་བ་ནི་དྲུག་ཆ་ལྔ་པོ་ཉིད་གསུམ་འགྱུར་དུ་བྱ་བའོ། ། ་སུམ་བརྒྱ་དྲུག་ཅུས་བསྲེས་ནས་སུ་ཞེས་བྱ་བ་ནི་གྲངས་དེ་ཉིད་ལྷག་པར་བསྣན་པའོ། །ས་གཞི་དུ་ནི་བཅས་ནས་སུ་ཞེས་བྱ་བ་ནི་གྲངས་བཅུ་གཉིས་སུ་བཅད་པའོ། །ལྷག་མ་གཟུང་བ་ནི་དེའི་ལྷག་མའི་དབྱངས་ཀྱི་ཡི་གེ་སྟེ། དེའི་མཚན་ཉིད་ཇི ་སྐད་སྨོས་པ་བཞིན་འགྱུར་རོ། །ཡང་ན་ངག་གི་དབང་ཕྱུག་དེ་སུམ་འགྱུར་དུ་བྱའི་ལྔ་པ་ལྟར་དྲུག་འགྱུར་ལ་སོགས་པ་ནི་མི་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དྲུག་འགྱུར་དུ་བྱ་བ་ནི་བཅུ་གཉིས་སུ་བཅད་པའི་ཁ་བཀང་བའོ། །སའི ་དབང་ཕྱུག་ཀུན་ཏུ་བཞག་ཞེས་བྱ་བ་ལས་ནི་རེའུ་མིག་བཅུ་གཉིས་སོ། །དབང་ཕྱུག་ནི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཏེ་དེ་བྲི་བའོ། །དེ་ཉིད་ཀྱིས་ན་མ་ནིང་གཉིས་ནི་སྤངས་ནས་སུ། དབྱངས ་ཀྱི་མཚན་མ་མངོན་པར་གཞག་ཞེས་བྱ་བ་སྟེ། མ་ནིང་ནི་རི་རཱི་ལི་ལཱིའོ། །འི་རིམ་པ་ལ་བབ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲུག་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ས་བཞིན་དུ་ཞེས་བྱ་བ་ནི་གྲངས་བཅུ ་གཉིས་སུའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་སྔགས་ཀྱིས་ཐོད་ལེ་བསྐོར་ལ་མངོན་པར་བཟླས་ལ་གླང་གི་གཅིན་རྗེས་ལྟ་བུའི་རི་མོ་བྲི་ཙམ་འདོད་པར་སེམས་ཀྱིས་གྲངས་པ། རི་མོ་དེའི་འབུར་པ་རྣམས་འབུར ་པ་ཐ་མའི་བར་དུ་བརྩིས་ཏེ། དབྱངས་ཀྱི་ཡི་གེའི་གྲངས་བཞིན་དུ་ཐ་མ་དེའི་ཕན་ཡོན་དུ་འགྱུར་རོ། །ཡང་ན་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་འབྲི་བ་པོའི་ལག་པས་མེ་ཏོག་འདོར་དུ་བཅུག་སྟེ། མེ་ཏོག་དབྱངས་ཡིག་གི་གནས ་སུ་གང་ལྷུང་བ་དེའི་ཕན་ཡོན་བསྟན་པར་བྱའོ། །ཡང་ན་ཞེས་བྱ་བ་ནི་རྣམ་པ་གཞན་བསྟན་པ་སྟེ། ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པས་འཕེལ་བ་ལ་སོགས་པའི་དུས་གང་ལ་འབྲི་བའི་དུས་དེ་ཉིད་ཀྱིས་སྔར་བསྟན ་པའི་ཚུལ་དུ་དགེ་སྡིག་བསྟན་པར་བྱའོ། །གང་ལས་ཞེ་ན། རྣལ་འབྱོར་བསྟན་བཅོས་ལས་ཏེ་སྔགས་ཀྱི་ཚུལ་རབ་ཏུ་རྒྱས་པ་ལས་སོ། །སྔ་དྲོ་ཞེས་བྱ་བ་ནི་སྔར་ཐལ་བའི་ཕྱི་རོལ་གྱི་མཚམས་བརྩིབས་པ་ཐམས་ཅད་སྔ་དྲོའི་ཆུ་ཚོད ་གསུམ་གྱི་དུས་སུ་བརྩིའོ། །རྩི་བ་པོ་ཞེས་བྱ་བ་ནི་རྩིས་མཁན་གྱིས་སོ། །སེམས་ནི་བསྐྱེད་པའི་ཆོ་ག་བཤད་ཅེས་བྱ་བ་ལ་སོགས་པ་ལ་སེམས་བསྐྱེད་པ་ནི་སེམས་རྒྱུ་བའི་བྱེ་བྲག་གོ་།དེའི་ཆོ་ག་ནི་གནས་བཅུ་གཉིས་སུ་ལག་པ ་རེག་པའི་བྱེ་བྲག་གིས་དེའི་སེམས་ཀྱི་རྒྱུ་པ་ཤེས་པར་བྱ་བའོ། །རོ་ཧི་ཏ་དུས་ཞེས་བྱ་བ་ལ་སོགས་པས་ནི། ཡང་རོ་ཧི་ཏ་ལ་སོགས་པའི་དུས་གང་ལ་འབྲི་བ་དེས་སྔ་མ་བཞིན་སེམས་ཀྱི་དགེ་སྡིག་ཤེས་པར་བྱའོ། །འཕེལ་བ་ནོར་རྒྱས་ཀྱི་བུ་ཡིན ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ཡང་འཕེལ་བ་ལ་སོགས་པའི་སྒྲས་ཤེས་པར་བྱའོ། །ལོའི་གནས་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཏེ་དེ་དག་ཀྱང་དེའི་བརྡས་བསྟན་པའོ། །རྟེན་འབྲེལ་བཅུ་གཉིས་ཞེས་བྱ་བ་ནི་མ ་རིག་པ་ལ་སོགས་པ་སྟེ། དེ་དག་ཀྱང་དེའི་རང་བཞིན་གྱིས་ཤེས་པར་བྱའོ། །དེ་ལྟར་ས་རྣམས་ཞེས་བྱ་བ་ནི་སྔར་བསྟན་པ་ལྟར་ས་རྣམས་དང་རིམ་བཞིན་སྦྱར་བ་སྟེ། མོས་པ་སྤྱོད་པའི་ས་ནི་འཕེལ་བའོ། །རབ་ཏུ་དགའ་བ་ནི་གཏི་མུག་གོ་།དྲི ་མ་མེད་པ་ནི་བཟང་པོའོ། །འོད་བྱེད་པ་ནི་ཁྱུ་མཆོག་གོ་།འོད་འཕྲོ་བ་ཅན་ནི་རུས་སྦལ་ལོ། །ཤིན་ཏུ་སྦྱང་དཀའ་བ་ནི་ཆུ་སྲིན་ནོ། །མངོན་དུ་གྱུར་པ་ནི་ཡུགས་ས་མོའོ། །རིང་དུ་སོང་བ་ནི་སྨེ་བའོ། །མི་གཡོ་བ་ནི་འབུགས་པའོ། །ལེགས་པའི ་བློ་གྲོས་ནི་ཁྱུ་མཆོག་གོ་།ཆོས་ཀྱི་སྤྲིན་ནི་རྨི་ལམ་མོ། །སངས་རྒྱས་ཀྱི་ས་ནི་འདོད་པའོ། །དགེ་དང་མི་དགེ་བ་བརྟག་པར་བྱ་ཞེས་བྱ་བ་ནི་དེ་ལྟར་ཕོ་ཉ་གནས་གང་དང་གང་དུ་རེག་པ་ལས་ནོར་རྒྱས་ཀྱི་བུ་ལ་སོགས་པའི་དུག་གིས་ཟིན་པ ་གསོར?་རུང་བ་དང། མི་རུང་བ་བསྟན་པ་ལ་སོགས་པའོ། །དེ་ནས་དུས་སུ་བགྲོད་པ་ནི་ཞེས་བྱ་བ་ནི་དགའ་བ་ལ་སོགས་པའི་དུས་ཤེས་པའོ། །དེ་ཉིད་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དགའ་བ་ནི་ཅུང་ཟད་བདེ་བ་དགའ་ ་བ་སྟེ། །མཆོག་ཏུ་དགའ་བ་དེ་ལས་ལྷག་།ཁྱད་པར་དགའ་བ་ཤིན་ཏུ་ཨེཆགས། །ལྷག་མ་ལྷན་ཅིག་སྐྱེས་དགའ་བ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་གྱིས་བླ་མས་བསྟན་པ་ལས་ཤེས་པར་བྱའོ། །སྐད་ཅིག་ཉིད་ཅེས་བྱ་བ་ཡང་རྣམ་པ ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང། རྣམ་པར་འཇོམས་པ་དང། རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་གོ་།འབྲས་བུ་ཞེས་བྱ་བ་ནི་རྒྱུ་མཐུན་པ་དང། རྣམ་པར་སྨིན་པ་དང། སྐྱེས་བུ་བྱེད་པ་དང་བྲལ་བའི ་འབྲས་བུའོ། །ཡན་ལག་ནི་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་རྣམས་དང། བསྙེན་པ་དང། ཉེ་བའི་བསྙེན་པ་དང། སྒྲུབ་པ་དང། སྒྲུབ་པ་ཆེན་པོ་རྣམས་སོ། །གསུམ་འགྱུར་ཞེས ་བྱ་བ་ནི། སྙིང་སྟོབས་དང། རྡུལ་དང་མུན་པ་རྣམས་ཏེ་དེ་ཐམས་ཅད་དགའ་བ་ལ་སོགས་པ་གསུམ་པོ་རྣམས་དེས་རྣམ་པར་བཞག་པའོ། །ཀུན་ལ་རྐང་པ་བཞི་ཡིས་དགང་ཞེས་བྱ་བ་ལ། རྐང་པ་ཞེས་བྱ་བ་ནི་ཆ་ཤས་བཞི་པ་སྟེ། ལྷན ་ཅིག་སྐྱེས་པའོ། །དགང་པ་ནི་རྫོགས་པ་སྟེ། དགའ་བ་གསུམ་གྱིས་རིམ་གྱིས་འབྲས་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་སྐྱེ་བའི་མཐར་ཐུག་ཅིང་རྫོགས་པར་འགྱུར་བའོ། །མདུད་པ་ཞེས་བྱ་བ་ནི་རླུང་འཕོ་བའི་སྨིན་མའི་དབུས་ཀྱི་རྩའོ། །བཅད ་པ་ཞེས་བྱ་བ་ནི་གསལ་བའོ། །འཆར་བ་ཞེས་བྱ་བ་ནི་རླུང་འཕོ་བ་ཉིད་དོ། །དུས་ནི་དེ་ལྟར་བརྗོད་པ་ཡིན་ཞེས་བྱ་བ་ལ། དུས་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མས་རྩ་གསལ་བར་གྱུར་ཅིང་རླུང་འཕོ་བར་གྱུར་པ་དེའི་ཚེ་དེ་ལྟར ་ཞེས་བྱ་བ་དགའ་བ་རྣམས་འཆར་བ་ཡིན་ནོ། །བརྗོད་པ་ཡིན་ཞེས་བྱ་བ་ནི་ཞོར་ལ་འོངས་པ་དེ་དག་བསྟན་ཏོ་ཞེས་བྱ་བར་བལྟའོ། །འཕེལ་བ་ལ་སོགས་པའི་དུས་སུ་བྱ་བའི་ཁྱད་པར་བསྟན་པའི་ཕྱིར་ཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ་ཆར་པ་ནི་རྒྱལ་པོ་ལ་སོགས་པའི་ཆད་པའི་གཟིར་ཞིང་འདུལ་བའོ། །བགེགས་ནི་ཚོགས་བདག་སྟེ་གདོན་གྱི་བྱེ་བྲག་གོ་།གཟའ་ནི་ཉི་མ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནོད་པ་བཟློག་པ་ལ་འཕེལ་བ་ལ་སོགས་པའི་དགེ་བ་དང་མི ་དགེ་བའི་མཚན་མ་བལྟས་ནས་ཆོ་ག་སྦྱར་བར་བྱའོ། །མདུང་ཞེས་བྱ་བ་ནི་གཟིར་བའོ། །དགྲ་རྣམས་ལྟུང་བ་ནི་སྨ་དབབ་པའོ། །ཁྱིམ་སའི་དཔྱད་ནི་ཁྱིམ་རྩོམ་པ་སྟེ། ཉེ་བར་མཆོད་པའི་དོན་གྱིས་ན་གཙུག་ལག་ཁང་ལ་སོགས་པ་གཟུང་ངོ།། ་ལྟོ་འཕྱེའི་ལྟོར་བསྐོ་བ་ནི་ས་བརྐོ་བ་སྟེ། རྫིང་དང་ཁྲོན་པ་ལ་སོགས་པ་བྱེད་པའོ། །འགྲོ་འོང་ནི་འགྲོན་དུ་འགྲོ་བའོ། །སྦྱོར་བ་ནི་སྨན་སྦྱོར་བའོ། །བྱེ་བྲག་ནི་ནོར་སྒྲུབ་པའོ། །ཚེ་དང་ནད་མེད་སྤེལ་བ་ནི་ཆུའི་སྦྱིན་སྲེག་ལ་སོགས་པའོ། །ས་བོན་གདབ ་པ་ནི་ཤིང་དང་འབྲུ་ལ་སོགས་པའི་ས་བོན་གྱི་ཚོགས་གཟུགས་པའོ། །ཕྱུགས་གདུལ་བ་ནི་བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་ཚོར་བཅད་པའོ། །འབྲལ་དང་འདུ་ཤེས་བྱ་བ་ནི་སོང་བ་སླར་དགུག་པ་སྟེ། ཤི་བ ་རྣམས་སླར་གསོ་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲིད་ནི་རྒྱལ་ཐབས་ལ་དགོད་པའོ། །རྙེད་པ་སྤང་བ་ནི་ཐ་མལ་པའི་རྒྱུ་བ་དགག་པའོ། །དེས་ཅི་ཞིག་བྱ་ཞེ་ན། ཡིད་ལས་བྱུང་བ་དང། ཞེས་བྱ་བ་ལ་ཡིད་ཀྱི་འབྱུང་བ་ནི་ཡིད་ལས་བྱུང་བ་སྟེ། ཏིང ་ངེ་འཛིན་ཏོ། །འདིར་དྲུག་པ་མི་མངོན་པ་དང། མ་ནིང་གི་རྟགས་སུ་བྱ་བ་ནི་ལུང་གི་དོན་ཏོ། །གཡུལ་འགྱོད་པ་ནི་གྲགས་པར་ཟང་ངོ། །སྡོང་པོའི་ཕུང་པོ་ནི་གཏེར་བརྐོ་བ་ལ་སོགས་པའི་སྡོང་བུ་ཉིད་དོ། །དུས་དང་ཚོད་ལ་སོགས་པ་ཉིད ་ཅེས་བྱ་བ་ལ་དུས་ནི་དུས་མིན་ནོ། །ཚོང་ནི་དྲོད་དོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་འཕེལ་བ་ལ་སོགས་པའི་དུས་ཀྱི་བྱེ་བྲག་གིས་བྱ་བར་བསྟན་པའི་ཕྱིར། ཉིན་དང་ཉིན་གྱིས་དབྱེ་བར་བྱ་ཞེས་གསུངས་ཏེ། འཕེལ་བ་ལ་སོགས་པའི་དུས ་ཚོང་དེ་དང་དེ་ལ་བྱ་ཞེས་བྱ་བའི་དོན་ཏོ། །བཅུད་ཀྱིས་ལེན་དང་རྩི་རྣམས་གཉིས་ཤེས་བྱ་བ་ལ་བཅུད་ཀྱིས་ལེན་ནི་ལུས་དང་ཚེ་འཕེལ་བར་བྱེད་པའི་སྨན་ནོ། །རྩི་རྣམ་པ་གཉིས་ནི་རྩི་རྣམ་པ་གཉིས་སྟེ་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན ་ལས་ནི་ཡོངས་སུ་སྨིན་པའི་ཕྱིར་ཏེ། ཐར་པ་ཐོབས་པའི་ཕྱིར་རོ། །གཉིས་པོ་དེ་ཅི་ཞིག་ཅེ་ན། སེམས་འཕེལ་མཉམ་པར་འཇུག་པ་ཡིས་ཞེས་བྱ་བ་ལ་སེམས་འཕེལ་བ་ནི་ཉེ་བར་མཚོན་པ་སྟེ། ལུས་འཕེལ ་བའང་གཟུང་བར་བྱའོ། །འཕེལ་བ་ནི་རྒྱས་པའོ། །མཉམ་པར་འཇུག་པ་ནི་གང་དུ་གཅིག་ཏུ་འདྲེས་པའོ། །དེ་ལ་སེམས་འཕེལ་བ་ནི་མྱ་ངན་ལས་འདས་པ་ཡིན་ལ་ལུས་འཕེལ་བ་ནི་སྲིད་པ་ཡིན་ནོ། །བློ་ལྡན་ཞེས་བྱ་བ་ནི་གཉིས་སུ་མེད ་པའི་བློ་དང་ལྡན་པས་ཏེ། དེས་རྩི་རྣམ་པ་གཉིས་སྦྱར་བར་བྱ་ཞེས་བྱ་བའི་དོན་ཏོ། །དབུགས་བརྩི་བ་ཞེས་བྱ་བ་ལ་སོགས་པ་ལ། དབུགས་བརྩི་བ་ནི་དབུགས་ཀྱི་རྒྱུ་བ་བགྲང་བའོ། །དེ་གཞུང་གང་དུ་འབྱུང་བ་འདི་ནི་དབུགས་བརྩི་བ ་ཞེས་བྱ་བའི་རིམ་པར་བྱེ་བ་སྟེ་བཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།ཕྲ་མོའི་རྣལ་འབྱོར་མ་གཏོགས་པར་རགས་པས ་དོན་མི་འགྲུབ་པས་ཕྲ་མོའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རགས་པའི་རྣལ་འབྱོར་བསྟན་པའི་འོག་ཏུའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། ་གང་གི་ཕྱིར་ཕྲ་མོ་མ་གཏོགས་པར་རགས་པས་མི་འགྲུབ་པ་དེའི་ཕྱིར་རོ། །ཡང་དག་བཤད་པར་བྱ་ཞེས་བྱ་བ་ནི་འཁོར་ལོ་དང་ས་བོན་ལ་སོགས་པའི་གཟུགས་རྣམས་ཡང་དག་པ་སྟེ་སོ་སོར་ཕྱེ་ནས་བཤད་པར་བྱའོ། །དངོས་གྲུབ ་མཆོག་གི་རིག་པ་ལས་ཞེས་བྱ་བ་ལ་དངོས་གྲུབ་མཆོག་ནི་སངས་རྒྱས་ཀྱི་གོ་འཕང་ངོ། །དེ་ཉིད་རིག་པར་བྱ་བས་ན་རིག་པ་སྟེ། ལས་སུ་སྦྱར་བའོ། །སྒྱུ་མ་ཆེན་པོ་ཞེས་བྱ་བ་ཞེས་པ་ལ་རྣམ་པར་རྟོག་པའི་རྒྱུ་འཇོམས་པས་ན་སྒྱུ་མ ་སྟེ། བྱེད་པ་པོར་སྦྱར་བ་ཡིན་ནོ། །ཆེན་པོ་ཡང་དེ་ཉིད་དེ་རྣམ་པར་རྟོག་པ་མ་ལུས་པར་འཕྲོག་པའི་ཕྱིར་རོ། །དེ་ལྟར་ན་སྒྱུ་མ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྒྱུ་མ་ཆེན་པོ་སྟེ་རིག་པའོ་ཞེས་བྱ་བ་ནི་གསལ་བར་བྱས་ཏེ། མིང་དེ་སྐད་ ་ཅེས་བྱ་བའོ། །གསང་བ་ཆེན་པོའི་དབང་ཕྱུག་སྟེ་ཞེས་བྱ་བ་ལ། གསང་བ་ཆེན་པོ་ནི་སངས་རྒྱས་ཀྱི་གོ་འཕང་ངོ། །དེའི་དངོས་གྲུབ་སྟེར་བས་ན་དེའི་དབང་ཕྱུག་སྟེ་རིག་པའོ། །སེམས་ཅན་ཐམས་ཅད་འདུལ་མཛད་གཉེན་ཞེས་བྱ་བ་ལ་སེམས ་ཅན་ཐམས་ཅད་ནི་སེངྒེ་དང་འཕྲོག་བྱེད་ལ་སོགས་པ་སྟེ་དེ་རྣམས་དུལ་བར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་དང་ངག་དང་སེམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་སྟེར་བས་ན་གཉེན་ནོ། །དེ་ཉིད་ཀྱི་ཕྱིར་དབང་ཕྱུག་ཐམས་ཅད ་བྱེད་པ་པོ་ཞེས་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ལྷ་དང་མི་ལ་སོགས་པའི་དབང་ཕྱུག་ཏུ་སྒྲུབ་པ་པོ་བྱེད་པའི་ཕྱིར་རོ། །འདི་ནི་རིག་པ་ཆེན་པོའི་མཆོག་ཅེས་བྱ་བ་ལ་འདི་ནི་ཞེས་བྱ་བ་ནི་སྒྱུ་མ་ཆེན་མོ་སྟེ། ཐབས་དང་ཤེས་རབ་ཀྱི་བདག ་ཉིད་ཅན་ནོ། །དེ་ཉིད་ཆེན་པོ་སྡེ་རྫོགས་པའི་སངས་རྒྱས་ཉིད་ཉམས་སུ་མྱོང་བའི་ཕྱིར་རིག་པའོ། །ཅི་འདྲ་ཞེ་ན། མཆོག་ཅེས་བྱ་བ་སྟེ་དེ་ཁོ་ན་ཉིད་ཆེན་པོ་ཕྱིན་ཅི་མ་ལོག་པ་སྟེ་དེ་ངས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ཡང་གསུངས་པ། སྐྱེ ་པོ་ཡོན་ཏན་ལྡན་པ་ཡིས། །ཡོན་ཏན་རྣམས་ནི་ཤེས་པར་བྱ། །གསོལ་བ་བཏབ་གང་དེ་ཉིད་ཚེ། །ཕྱིན་ཅི་མ་ལོག་དེ་ཉིད་གསུངས་ཞེས་སོ། །བདག་ཅག་གིས་ཤེས་པ་མེད་པར་བསྟན་པའི་ཕྱིར། མིང་ཙམ་མཆོག་ཏུ་རྙེད་དཀའ་ ་བ་ཞེས་གསུངས་ཏེ། རིག་པ་འདིའི་མིང་ཙམ་ཡང་མཆོག་ཏུ་སྟེ་ཉན་ཐོས་ལ་སོགས་པས་རྙེད་དཀའ་བས་ན་རྙེད་དཀའ་བ་འམ་ཡང་ན་མི་རྙེད་པ་ཡིན་ནོ། །དེས་ནི་འདི་སྐད་དུ། འདིའི་མིང་ཙམ་ཡང་ཐོས་པ་ཡང་འབད་པ་དྲུག་པོ་མ ་གཏོགས་པར་རྙེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །གང་དུ་དངོས་གྲུབ་མཆོག་གི་རིག་པ་སྟེ་ཞེས་འབྱུང་བ་དེར་ནི་འདི་བྱེད་པ་པོ་ཡིན་པར་སྦྱར་ཏེ། སྒྱུ་མ་ཆེན་མོ་ལ་སོགས་པའི་ཁྱད་པར་དང་ལྡན ་པའི་རིག་པ་ཡང་དག་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་ཏེ་ཞེས་བྱ་བ་ནི་གསལ་བར་བྱེད་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རིག་པ་དེ་འདིར་ཡང་སྒྱུ་མ་ཆེན་མོ་ཞེས་གསུངས་ལ། གཞན་དུ་ནི་གཏུམ་མོ་ཞེས་བསྟན་ཏོ།། ་དེ་ཉིད་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་མདུང་པའི་འཆར་པ་ཆེན་པོར་པདྨའི་སྟེང་དུ་ཟླ་བ་ལ་བསྒོམ་པར་བྱ་ཞེས་བྱ་བར་འབྲེལ་ཏོ། །སྣ་ཚོགས་མདུད་པ་ཞེས་བྱ་བ་ནི་དེའི ་དབུས་ཏེ། རྩ་གཅིག་པོ་ཉིད་ཀྱི་གཡས་དང་གཡོན་གྱི་ཆ་གཉིས་སུ་གྱེས་པ་ལས་གཡས་ཀྱི་ཆ་ན་གནས་པ་ནི་གཡོན་ནས་བསྐོར་ནས་སྟེང་དུ་རྒྱུ་ཞིང་དེ་བཞིན་དུ་འོག་ཏུ་རྒྱུ་བ་གཉིས་ཀྱང་ཕན་ཚུན་བསྐོར་ནས་རྒྱུ་བ་སྟེ། དེ་ལྟར་ཀུན ་དུ་འཁྱིལ་བའི་རྩའི་གནས་ནི་སྣ་ཚོགས་མདུད་པའོ། །དེ་ཉིད་འཆར་པ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་འབྱུང་བར་བྱེད་པའི་ཕྱིར་འཆར་པ་ཆེན་པོ་ཞེས་བྱ་བ་འདི་ནི་ཡན་ལག་ལ་མིང་སྤྱི་ཟེར་བའང་འདུག་པ་བརྟག་ཉེ་བར་བརྟགས ་པས། སྐྱེས་བུ་དང་པོའི་མཚམས་སྦྱར་བ་སྟེ། དཔེར་ན་ནོར་བུ་ལ་ཟླ་བ་ཞེས་བྱ་བ་བཞིན་ནོ། །དེ་ནས་ཡི་གེ་དགོད་ཅེས་བྱ་བ་ལ་ཡི་གེ་དགོད་པ་ནི་ས་བོན་གྱི་ཡི་གེ་རྣམས་ཉེ་བར་བཞག་པའོ། །བརྗོད་པ་ནི་རྣམ་པ་སྣ་ཚོགས ་ཀྱིས་འཛིན་པའོ། །དགོད་པ་དེ་ཉིད་གསུངས་པ། དབྱངས་ཡིག་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་གིས་ན་ཟླ་ཚེས་དང་བཅས་པའི་དབྱངས་ཡིག་དང་པོ་དང་ཐིག་ལེ་སྟེ་འོག་ནས་འབྱུང་བའི་བསྒོམ་པར་བྱ་ཞེས་བྱ་བ ་དང་འབྲེལ་ཏོ། །གང་དུ་ཞེ་ན། པདྨའི་སྟེང་དུ་སྟེ་འདབ་མ་དྲུག་ཅུ་རྩ་བཞི་པའི་པདྨ་ཁ་སྟེང་དུ་བལྟ་བར་རོ། །ཡང་དག་གནས་ཞེས་བྱ་བ་ནི་དེར་ཡི་གེ་སྟེང་དུ་བལྟས་ཏེ་གནས་པའོ། །རྟག་ཏུ་དབུགས་ཀྱི་ངོ་བོ་སྟེ་ཞེས་བྱ་བ་ནི་དབུགས་སྟེང་དུ ་རྒྱུ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འབྱུང་བ་རུ་ནི་བྱེད་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བཤད་པ་སྟེ་སྒྱུ་མ་ཆེན་མོ་དེ་ཉིད་དབྱངས་ཡིག་དང་པོའི་གཟུགས་ལས་མེའི་རང་བཞིན་དུ་འབར་ཏེ། སྟེང་དུ་འབར་ཞིང་དབུགས་ཕྱིར་རྒྱུ ་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུའོ། །འབར་བའི་ཕྲེང་བས་མཛེས་པའི་མདོག་ཅེས་བྱ་བ་ལ། འབར་བའི་ཕྲེང་བ་ནི་ཐིག་ལེ་ལས་མེ་ལྕེའི་ཚོགས་འབར་བས་འཇུ་བར་བྱེད་པའོ། །མཛེས་པ་ནི་རྣོ ་བའོ། །མདོག་ནི་ཁ་དོག་སྟེ་དཀར་པོའོ། །དེ་དག་ནི་དབྱངས་ཡིག་དང་པོའི་མཚན་ཉིད་དོ། །ཟླ་བའི་དབུས་གནས་བསྒོམ་པར་བྱ་ཞེས་བྱ་བ་ལ་པདྨའི་སྟེང་དུ་ཟླ་བའི་དབུས་སུ་དབྱངས་ཡིག་དང་པོ་ཟླ་ཚེས་དང་ཐིག་ལེར་བཅས ་པའོ། །ཤར་ལ་སོགས་པའི་འདབ་མ་རྣམས་ལ་ནི་ཟླ་བ་ལ་གནས་པར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཟླ་ཚེས་དང་ཐིག་ལེ་དང་བཅས་པར་བསྒོམ་མོ། །དེ་ལྟར་བཀོད་པ་དང་འོག་ནས་འབྱུང་བ་དག་གིས་མདོར་བསྡུས་ཏེ། ཅིར་འགྱུར ་བ་བསྟན་པའི་ཕྱིར་ཀུན་ཏུ་འགྲོ་བ་ཐོབ་འགྱུར་བ་ཞེས་བྱ་བ་སྟེ། ཀུན་ཏུ་འགྲོ་བ་ནི་ཐམས་ཅད་མཁྱེན་པའོ། །འདི་ནི་སངས་རྒྱས་ལྟར་རྙེད་དཀའ་ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་བསམ་གཏན་འདིའོ། །རྙེད་དཀའ་བ་ནི་བསྐལ་པ་མང་པོས་ཀྱང་སངས ་རྒྱས་ལྟར་རྙེད་དཀའ་བའི་ཕྱིར་རོ། །དེ་ཉིད་སྤངས་པས་ཡི་གེ་མེད་ཅེས་བྱ་བ་ལ་དེ་ཉིད་ནི་ཡི་གེ་རྣམས་ཏེ་སྤངས་པ་ནི་ཉེས་པ་དང་བྲལ་བའོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་འགྱུར་བ་མེད་པ་སྟེ ་འཇིགས་པ་མེད་པའི་ཕྱིར་རོ། །རྙོག་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །དུང་དང་ཟླ་འདྲ་ཞེས་བྱ་བས་ནི་དེ་དག་གི་ཁ་དོག་བསྟན་ཏོ། །དྲི་མ་མེད་ཅེས་བྱ་བས་ནི་ཆོས་ཀྱི ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པར་སྟོན་ཏོ། །བྱང་ཆུབ་སེམས་ཞེས་དེ་ལ་བྱའོ། །ཞེས་བྱ་བ་ལ་བྱང་ཆུབ་འདོད་པས་རྟོགས་པར་བྱ་བ་ནས་བྱང་ཆུབ་ནི་ལྷ་སྟེ་དངོས་པོའི་ཆའོ། །དེ་ཉིད་གཟུང་བ་ལ་སོགས་པ་དང་བྲལ་བའི་སྟོང ་པ་ཉིད་ཀྱི་ཆ་ནི་སེམས་ཏེ་བྱང་ཆུབ་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་བྱང་ཆུབ་ཀྱི་སེམས་ཏེ། སྙིང་རྗེ་དང་སྟོང་པ་ཉིད་དབྱེར་མེད་པའི་སེམས་སོ་དེ་ཡང་གསུངས་པ། དངོས་ལས་སྟོང་ཉིད་གཞན་མ་ཡིན་ཏེ། དེ་མ་གཏོགས་པའི་དངོས ་ཀྱང་མེད་ཅེས་བྱ་བའོ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་སྟེ། དེ་ལ་ཡི་གེར་བྲིས་པའི་གཟུགས་ནི་དངོས་པོའི་ཆ་སྟེ་སྙིང་རྗེའོ། །དེ་ཉིད་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་ནི་དངོས་པོ་མེད་པའི་ཆ་སྟེ་སྟོང་པ་ཉིད་དོ། །སྤྲུལ་པའི་འཁོར ་ལོའི་འོག་ཏུ་ཆོས་ཀྱི་གསུངས་པ། རང་གི་སྙིང་གའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་པདྨའི་སྟེ་པདྨའི་སྟེང་དུ་ཟླ་བའི་དབུས་སུ་གྱུར་པར་ས་བོན་ཞེས་བྱ་བ་ཡི་གེ་ཧཱུཾ་གངས་དང་འདྲ་བར་འཇོག་པ་ཞེས་བྱ་བ་ཁ་ཐུར་དུ་བལྟས ་ན་གངས་དང་ཤེལ་ལྟ་བུའི་ཆུ་རྒྱུན་འཛག་པའོ། །ས་བོན་བཏུ་བ་བསྟན་པའི་ཕྱིར། ཡི་གེ་དགོད་པས་དགོད་པར་བྱ་ཞེས་གསུངས་ཏེ། དགོད་པ་ནི་རྣམ་པར་བཞག་པའོ། །ཅི་ཞིག་ཅེ་ན། ཡི་གེ་སྟེ་ཧཱུཾ་ངོ། །བཞེས་གསུངས་པ། མཆོག་ཏུ་ཞི་བའི་ཧ ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ནི་དམ་པའོ། །ཞི་བ་ནི་དགེ་བའོ། །དབྱངས་ཡིག་དྲུག་པ་ནི་ཨའུའོ། །ཐིག་ལེས་སྟེང་དུ་བརྒྱན་པ་ནི་ཟླ་ཚེས་དང་བཅས་པ་སྟེ་དེ་དག་གིས་ཧཱུཾ་བྱེ་བྲག་ཏུ་བྱའོ། །རྣལ་འབྱོར་པའི་དབུགས་རྡུབ་བྱེད་ཅེས་བྱ་བ་ནི ་རླུང་འཇུག་པའི་ལམ་ནས་གཏུམ་མོའི་འོད་ཟེར་འོག་ཏུ་ཟློག་པར་བྱེད་པའི་ཕྱིར་རོ། །དངོས་དང་དངོས་མེད་རྣམས་སྤངས་པ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་ཞེན་པ་མེད་པའི་ཕྱིར་རོ། །དེ་དག་གིས་ནི་འདི་སྐད་དུ་སྙིང་གའི་པདྨ་དཀར་པོའི་ཟླ་བའི་? ་སུ་ཁ་ཐུར་བལྟ་བའི་ཧཱུཾ། ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་དབྱངས་ཡིག་དང་པོ་དང་གསུམ་པ་དང། ལྔ་པ་དང་བཅུ་གཅིག་པ་རྣམས་ཁ་ཐུར་དུ་བལྟས་ཤིང་ཐིག་ལེ་དང་ཟླ་ཚེས་ཀྱིས་བརྒྱན་པའོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་ལ་ནི་ཡ ་ཝ་ར་ལ་རྣམས་རིམ་བཞིན་སྔ་མ་ལྟར་དགོད་དོ་ཞེས་སྟོན་ཏོ། །ཆོས་ཀྱི་འོག་ཏུ་ལོངས་སྤྱོད་ཀྱི་འཁོར་ལོ་གསུངས་པ། རང་གི་མགྲིན་དབུས་ཞེས་བྱ་བ་ལ་སོགས་པ་པདྨ་དམར་པོ་ཀུན་འོད་མཛེས་ཞེས་བྱ་བ་ནི་པདྨ་མདོག་དམར་པོ་འདབ་མ་བཅུ་དྲུག་པ་ཁ ་སྟེང་དུ་བལྟས་པའོ། །དེར་ནི་ཞེས་བྱ་བ་ནི་པདྨའི་སྟེང་དུ་ཟླ་བ་ལ་དབྱངས་ཡིག་བཅུ་གསུམ་པ་ཐིག་ལེ་དང་ཟླ་ཚེས་ཀྱིས་བརྒྱན་པ་ཁ་ཐུར་དུ་བལྟས་ཤིང་གངས་ཀྱི་སྙིང་པོ་ལྟར་འཛག་པའོ། །ཕྱོགས་དང་མཚམས་ཀྱི་འདབ་མ་རྣམས་ལ་ཡང་དབྱངས་ཡིག ་གཉིས་པ་དང་བཞི་པ་དང་དྲུག་པ་དང་བཅུ་གཉིས་པ་རྣམས་ཐིག་ལེ་དང་ཟླ་ཚེས་སུ་བཅས་ཤིང་ཁ་ཐུར་དུ་བལྟས་ནས་ཁ་བ་ལྟ་དུ་འཛག་པ་དང་ཡ་ར་ལ་ཝ་རྣམས་དགོད་དོ། །དེ་ཉིད་གསུངས་པ། །དེར་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་པདྨ་རྣམས་སྟེང ་དུ་བལྟ་བ་ཡིན་གྱི་ཡི་གེ་རྣམས་ནི་མ་ཡིན་ནོ། །པུ་ལུ་ཏ་ཞེས་བྱ་བ་ནི་ཨོཾ་སྟེ་སུམ་འཕར་དུ་བརྗོད་པའི་ཕྱིར་རོ། །བདེ་བ་ཆེན་པོའི་འཁོར་གསུངས་པ་མགོའི་ཞེས་བྱ་བ་ལ་སོགས་པ་ལ། མགོའི་དབུས་ནི་སྨིན་མའི་དབུས་སོ། །གླང་བ་ཞེས་བྱ་བ་ནི་ཧཾ ་ངོ། །དེ་ཉིད་ཐིག་ལེའི་གཟུགས་ཅན་ཏེ་མགོ་མེད་ཅིང་ཐིག་ལེས་བརྒྱན་པའོ། །མི་ཤིགས་པ་ཞེས་བྱ་བ་ལ་མི་ཤིགས་པ་ནི་མ་གཅེས་པ་སྟེ་མགོ་དང་བྲལ་བའོ། །དེ་ཉིད་ཀྱིས་ན་སྟོང་པ་ཉིད་ཅེས་གསུངས་སོ། ། ཏ་སའི་མེ་ཏོག་བཞིན་ཞེས་སྐྱེ་བ ་ལ་ཨ་ཏ་སིན་ལྡུམ་བུའི་བྱེ་བྲག་ཞིག་གོ་།འདྲ་བ་ནི་དབྱིབས་འདྲ་བ་ཡིན་གྱི་ཁ་དོག་ནི་མ་ཡིན་ནོ། །འཁོར་ལོ་ཞེས་བྱ་བ་ནི་འདབ་མ་སུམ་ཅུ་རྩ་གཉིས་པའི་པདྨ་བཅུ་དྲུག་གི་ཁ་ཡར་བལྟས་ལ་བཅུ་དྲུག་ནི་མར ་བལྟས་པའི་ཁ་དོག་སྣ་ཚོགས་པའོ། །དབྱངས་ཡིག་ནི་ཁྱད་པར་སྦྱར་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ་།ཅི་འདྲ་ཞེ་ན། རང་གི་ཕྱག་རྒྱར་མངོན་ལྡན་པ་སྟེ་ཐིག་ལེ་དང་ཟླ་ཚེས་སུ་ལྡན་པའོ། །དེ་ལ་སྨིན་མའི་དབུས་སུ་འདབ ་མ་བཅུ་དྲུག་ཁ་ཐུར་དུ་བལྟས་པའི་དབུས་ཀྱི་ཟླ་བ་ལ་ནི་ཧཾ་མགོ་ཐུར་དུ་བལྟས་པའི་དབུས་ཀྱི་ཟླ་བ་ལ་ནི་ཧཾ་ལ་ཐུར་དུ་བལྟས་པའོ། །དེ་ནས་གྱེན་དུ་བལྟས་པའི་བར་བར་གྱི་འདབ་མ་བོར་བ་ཐུར་དུ་བལྟས་པའི་འདབ་མ་རྣམས་ལ་དབྱངས་ཡིག ་རྣམས་ཁ་ཐུར་དུ་བལྟས་ཤིང་བདུད་རྩི་འཛག་པའོ། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟེར་ཞེས་བྱ་བ་ནི་ཡི་གེ་ཐམས་ཅད་ཀྱིས་ཡེ་ཤེས་སྟེར་བའོ། །འདིའི་དོན་ནི་ལྟེ་བར་གཏུམ་མོ་འབར་བྱས་པས། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང། ་སྦྱར་ལ་སོགས་པ་བསྲེག་པར་བྱ། །བསྲེགས་པས་ཧཾ་ལས་ཟླ་བ་འཛག་ཅེས་བྱ་བ་འདིས་བསྟན་ཏེ། དེའི་དོན་ཡང་ཨཾ་གྱི་ཐིག་ལེའི་འོད་ཟེར་གྱིས་ཧཱུཾ་བསྐུལ་ཞིང་ཧཱུཾ་གི་ཐིག་ལེའི་འོད་ཀྱིས་ཀྱང་ཨོཾ་གྱི་ཐིག་ལེ་བཞུ་ནས་སླར་ཨཾ་གྱི་ཐིག་ལེ ་ལ་གཞུག་པར་བྱ་སྟེ། ཡང་དང་ཡང་དུ་བསྒོམ་པར་བྱ་བ་འདི་ཡིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་འམ་གཞན་དུ་ཡང་རུང་སྟེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང། ཤིན་ཏུ་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོའི་ཆོ་གས་དཀྱིལ ་འཁོར་དང་བཅས་པ་བསྐྱེད་ལ་སྔོན་དུ་སྔགས་བཟླས་ཏེ། རྣལ་འབྱོར་འདི་བྱའོ། །ཇི་ལྟར་འདོད་པ་བཞིན་སྤྱོད་པ་བསྟན་པའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རགས་པ་དང་ཕྲ་མོའི་རྣལ་འབྱོར་འདིར་གུས་པའི་སྒོམ ་ཆེན་གྱིས་བརྟུལ་ཞུགས་ལ་སོགས་པ་ངེས་པ་མེད་པའོ། །གཟུང་བ་ནི་གྲངས་གཟུང་བའོ། །གཅིག་ནས་གཅིག་ཏུ་ལྡོག་པ་ནི་རིམ་གྱིས་ལྡོག་པའོ། །ཡང་ན་གཟུང་བ་ནི་བགྲང་ཕྲང་གི་སྔགས་བཟླས་པའོ། །གཞན་དང་གཞན་ཞེས་བྱ་བ་ནི་ཕྱི་རོལ་ཏེ ་དེ་ལྡོག་པའོ། །དེ་ཅིའི་ཕྱིར་ཞེ་ན། གཏུམ་མོའི་རྣལ་འབྱོར་གྱི་སྒོ་ནས་སྔགས་ཏེ། ཨཾ་ལ་སོགས་པ་ཉིད་དུ་གཟུང་བ་སྟེ། སྒོམ་པ་ཕྲང་བ་སྟེ་ཡང་དང་ཡང་དུ་གོམས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་སྲེག་ལས་ཀྱང་གཞན་ཏེ། ཕྱི་རོལ ་པའི་མིང་ལ་སོགས་པ་བསྲེགས་པ་ལྡོག་པར་འགྱུར་རོ། །འདི་ལྟར་རང་བཞིན་གྱིས་གྲུབ་པའི་གཏུམ་མོའི་མེ་ལ་རྡོ་རྗེ་ཧཾ་བཞུ་བའི་མར་གྱི་སྦྱིན་སྲེག་བྱེད་པའི་ཕྱིར་རོ། །སྒྱུ་མ་ཆེན་པོའི་རྣལ་འབྱོར་འདི་བྱེ་བྲག་གསུམ་དུ་བསྟན་པའི་ཕྱིར་སྔགས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཨོ་ལ་སོགས་པའོ། །དེ་ཉིད་ཀྱིས་དཀྱིལ་འཁོར་ཏེ། འཁོར་ལོ་བཞིའི་ཚུལ་ཅན་བས་སོ། །དབྱིབས་ནི་དེ་རྣམས་ཀྱི་གནས་ཏེ་པདྨ་ལ་སོགས་པའི་གཟུགས་སོ། །འཛིན་པས་ན་ཆོས་ཏེ་འོད་ཟེར་གྱི་འགྲོ་བ ་དང་འོང་བ་བསྟན་པའོ། །དེ་ལྟ་བ་ན་རྣལ་འབྱོར་གང་གིས་ཁྱད་པར་སྔགས་ཀྱི་དཀྱིལ་འཁོར་དང་དབྱིབས་དང་ཆོས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཤེས་རབ་ཐབས་སོགས་རྣམས་ཀྱིས། དགའ་དང ་བདེ་བས་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་འདིར་བསྟན་ཕྱིར། དུག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པའི་ལོངས་སྤྱོད་མཆོག་འདིར་བསྟན་པར་བྱ་ཞེས་བྱ་བར་འབྲེལ་ཏེ། རྣལ་འབྱོར་པས་ཞེས་ཤེས་པར་བྱའོ། །དེ་ལ་ལས་དང་ཉོན་མོངས་པའི་དབང་གིས་བྱུང ་བས་ན་སྲིད་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེའི་མཆོག་ནི་དམ་པ་སྟེ་ལོངས་སྤྱོད་ཀྱི་ཡུལ་རྣམས་སོ། །འོ་ན་དེ་འཁོར་བའི་རྒྱུ་གྱུར་པ་ཡིན་ན། ཅིའི་ཕྱིར་བསྟེན་ཅེ་ན། བསྟེན་བྱ་ཞེས་གསུངས་ཏེ། བསྟེན་བྱ་བ་ནི་བསྟེན་པར་བྱ་བ་ཉིད་དོ། །མཁས ་པའི་ཐར་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསྟེན་ཅེ་ན། ཡུལ་མེད་བྱས་ནས་ཞེས་གསུངས་པ་སྟེ། ཡུལ་ནི་སྤྱོད་ཡུལ་ལོ། །མེད་པ་ནི་དགག་པའི་ཚིག་སྟེ། ཡུལ་རྣམས་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ། །འབད་པ་ནི་དེ ་ཤེས་པའོ། །ཡང་ན་བི་ཥ་ནི་དུག་སྟེ་ཡུལ་དེ་རྣམས་ལ་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་ཉིད་དུག་སྟེ། དེས་ཡུལ་རྣམས་དུག་ལྟར་ལོངས་སྤྱོད་པའི་དུས་སུ་བདེ་ལ་སྨིན་པའི་འོག་ཏུ་སྡུག་བསྔལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། ་གང་ཞིག་དེ་ཉིད་མཐོང་མེད་པའི། །ཕྱིན་ཅི་ལོག་གི་བློ་ཉིད་དུག། དེ་ཉིད་ཕྱིན་ཅི་མ་ལོག་པའི། །དེ་ཁོ་ན་མཐོང་བློ་དུག་མིན་ཞེས་སོ། །ཅི་སྟེ་འཛིན་པ་ལ་སོགས་པ་དུག་ཡིན་ན་དེ་ཇི་ལྟར་མེད་པར་བྱ་ཞེ་ན། དུག་མེད་ཅེས་བྱ་བ་གསུངས་ཏེ། འཛིན་པའི ་དུག་མེད་པ་ཉིད་ཀྱིས་ཡུལ་གྱི་དུག་མེད་པར་འགྱུར་རོ། །དེ་ཡང་ཇི་ལྟར་བྱ་ན་ནན་ཏན་དུ་ཞེས་བྱ་བ་སྟེ། རང་བཞིན་མེད་པའི་ལྷའི་རྣལ་འབྱོར་གྱིས་སོ། །དག་འགྱུར་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ཀྱི་?བྲིས་དག་པ་སྟེ། སྲིད་པའི་ཉེས་པས་གོས་མི་འགྱུར་ཞེས་བྱ་བ་དང ་འབྲེལ་ཏེ། སྲིད་པའི་ལོངས་སྤྱོད་དུག་མེད་པར་བྱས་པས་སོ། །སུ་ཞིག་ཅེ་ན། སྲིད་པས་སྲིད་པ་མཆོག་གི་བདག་ཅེས་བྱ་བ་ལ། སྲིད་པའི་དངོས་པོ་མཆོག་ཏུ་ཞུགས་པའི་བདག་ཉིད་དམ། མཆོག་གི་སྲིད་པ་ལ་ཞུགས་པའི་རྣལ་འབྱོར་པའི་བདག ་ཉིད་དེ་རྣལ་འབྱོར་པ་ཞེས་བྱ་བ་བར་གྱི་ཚིག་མི་མངོན་པར་ཡིན་ནོ། །ཡང་ན་སྲིད་པའི་སྲིད་པ་སྟེ་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་ཅན་གྱི་མཁས་པའོ། །དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་གི་བདག་ཉིད་ཅན་ནོ། །ཁ་ཅིག་ནི་མཆོག་ཏུ་ཞེས་བྱ ་བའི་སྒྲ་དངོས་པོར་སྦྱར་རོ་ཞེས་ཟེར་རོ། །དངོས་པོའི་སྒྲ་ཡང་སྐྱེ་བ་ལ་བྱའོ། །དེས་དངོས་པོར་འཛིན་པས་སྲིད་པར་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟ་ན་ཡང་སྲིད་པའི་ཉེས་པས་མི་གོས་པའི་རྒྱུ་གསུངས་པ། ཡེ་ཤེས་རྣམ་པ་གསུམ་ཞེས་བྱ་སྟེ། ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཡེ་ཤེས་ཀྱིས་སོ། །ཡང་ན་སྔགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཡེ་ཤེས་ཀྱིས་སོ། །ཅུང་ཟད་ཙམ་གྱིས་གཡེང་པ་དང་བཅས་པས་གོམས་པར་བྱ་འམ་ཞེ་ན། གསུངས་པ། རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ ་སོགས་པ་ལ་རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ། །རྒྱུན་ཏུ་ཞེས་བྱ་བ་ནི་དེ་ཉིད་རྒྱུན་ཆགས་སུའོ། །འོ་ན་དུག་རིང་པོར་གོམས་པས་སམ་ཞེ་ན་མ་ཡིན་ཏེ། གསུངས་པ་ཟླ་དྲུག་ཙམ་གྱིས་ཞེས་བྱ་བ་ལ་སོགས་པའོ། །ད་ནི་དགུག་པ་གསུངས་པ། ་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་ཐབས་ཀྱི་རིམ་པ་བཞིན་རང་གི་ས་བོན་སྙིང་གར་བསམས་ཏེ། དེའི་འོད་ལས་བྱུང་བའི་མཆོད་པས་བླ་མ་ལ་སོགས་པ་ཡང་དག་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་བྱས་ནས ་སྟོང་པ་ཉིད་བསྒོམས་ཏེ། རི་བོ་ལྷུན་པོའི་སྟེང་དུ་གནས་པའི་བྲུམ་ལས་བྱུང་བ་ཁང་པ་བརྩེགས་མའི་ནང་དུ་གནས་པའི་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཆོས་ཀྱི་འབྱུང་གནས་དེའི་སྟེང་དུ་དབྱངས་ཡིག་དང་པོ་ལས་གྱུར་པའི་ཟླ་བའི་དཀྱིལ ་འཁོར་ལ་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་དབུས་སུ་མི་ལས་བྱུང་བའི་ཞགས་པ་བསམས་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་སྒྱུ་འཕྲུལ་ཆེན་མོར་བསྒོམ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ཟླ་བའི་དཀྱིལ ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དབུས་འགྱུར་ས་བོན་ནི་ཞེས་བྱ་བ་ནི་ཡི་གེ་མཾ་མོ། །སྔོ་ཞིང་ཅུང་ཟད་དམར་བའི་འོད་ཅེས་བྱ་བ་ནི་མདོག་སྔོ་ཞིང་འོད་ཟེར་ཅུང་ཟད་དམར་བའོ། །འོད་ཟེར་སྔོན་པོ་ཞེས་བྱ་བ་ལ་སོགས་པས ་དེ་ཉིད་ངེས་པར་བསྟན་པའོ། །འདམ་སྐྱེས་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ལ་མགོར་སྐྱེས་ཁམ་པ་གྱེན་དུ་འགྲེན་ནི་སྐྲ་དམར་སེར་གྱེན་དུ་འཁྱིལ་བའོ། །འདིར་བསྟན་པ་དང་འོག་ནས་འབྱུང་བའི་ལྷ་རྣམས་ལ་གཡོན་བརྐྱང་གིས ་བཞུགས་པ་ནི་མན་ངག་གོ་།པདྨ་འདབ་མ་བརྒྱད་རྣམས་ལ་ནི་ལྷ་མོ་བརྒྱད་དེ། དེ་དག་དབུས་ཀྱི་གཙོ་མོ་དང་བཅས་པར་དུས་གཅིག་ཏུ་བསྐྱེད་པར་མན་ངག་གིས་བལྟ་བར་བྱའོ། །དེ་ནས་ཆོ་ག་ལ་སོགས་པ ་ཐམས་ཅད་བྱ་སྟེ། ཨོཾ་ཨཾ་མཾ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་སོ། །དེ་ལྟར་དུས་རིང་པོར་གུས་པ་དང་བཅས་པས་རྒྱུན་ཏུ་སྔར་བསྙེན་པ་བྱས་ནས་འོག་ནས་འབྱུང་བ་ལྟར་བསྒྲུབ་པར་བྱའོ། །དེ་ཉིད་གསུངས་པ་ཨིནྡྲ་ནཱི་ལ་ཞེས་བྱ་བ་ལ་སོགས་པ་ལན ་དང་པོའི་ཡི་གེ་ནི་ཕྱག་འཚལ་བའི་ཡི་གེ་སྟེ། ཡི་གེ་དེ་རང་གི་སྙིང་གར་ཆོས་འབྱུང་བའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨིནྡྲ་ནཱི་ལའི་མདོག་སྟེ་འོད་ཟེར་སྔོན་པོར་འཕྲོ་ཞིང་ཅུང་ཟད་དམར་བར་བསྒོམ་མོ། །དེ་ནས་འོད་ཟེར་དམར་པོར་རང་གིས་སྣ ་སྒོ་གཡས་ནས་སྤྲོས་ལ་བསྒྲུབ་བར་བྱ་བའི་སྣ་སྒོ་གཡོན་པར་བཞུགས་ཏེ། དེའི་རྣམ་པར་ཤེས་པ་མདོག་དམར་པོ་ནས་ཀྱི་འབྲུམ་བུ་ཙམ་སྙིང་ག་ན་གནས་པ་དང་འདྲེས་ནས་གཟུང་སྟེ། དེའི་སྣ་སྒོ་གཡས་པ་ནས་འོངས་པ་བདག་གི་སྣ་སྒོ ་གཡོན་པ་ནས་སྙིང་གར་བཅུག་སྟེ། རང་གི་རྣམ་པར་ཤེས་པ་དང་གཅིག་ཏུ་བྱས་ལ་ཞལ་ནས་སྔགས་ཟློས་ཤིང་དུས་དེ་ཉིད་དུ་བསྒྲུབ་པར་བྱ་བ་སྐྱེས་པ་ཡང་རུང་བུད་མེད་ཀྱང་རུང་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ་འོངས་པར་བསྒོམས ་ན་གདོན་མི་ཟ་བར་འགུགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གང་གི་རིག་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཞེས་བྱ་བ་ནི་གང་དང་གང་གི་ཕྱིར་རོ། །རིག་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་བདག་ཉིད་སྒྱུ་འཕྲུལ་ཆེན ་མོར་བསྒོམ་མོ། །རབ་ཏུ་སྦྱོར་བ་ནི་སྦྱོར་བའི་བྱེ་བྲག་སྟེ། དེ་བྱས་ནས་དེ་མ་ཐག་ཏུ་སྟེ་དེའི་མོད་ལ་རིང་པོ་མི་ཐོགས་པར་འགུགས་པ་སྟེ། མཉམ་པར་གཞག་མ་ཐག་ཏུ་འོང་བར་འགྱུར་རོ། །དམར་པོ་རུ་ནི་བསྒོམས་ནས་སུ་ཞེས་བྱ་བ ་ལ་སོགས་པ་ནི་སྦྱོར་བ་དེ་ཉིད་ཁ་བསྐང་པ་སྟེ། ཡི་གེ་ཨོཾ་མདོག་ཅུང་ཟད་དམར་བར་བྱའོ། །དེ་ནས་ཆོ་ག་བཞིན་དུ་བྱ་ཞེས་བྱ་བ་ནི་སྔར་བསྙེན་པའི་དུས་སུ་བཅོམ་ལྡན་འདས་མ་སྔོ་ཞིང་དམར་བར་བསྒོམས་ལ་ཕྱིས་བསྒྲུབ་པའི་དུས་སུ་ནི་དམར ་པོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པར་ཞེས་བྱ་བ་ལ་དབྱངས་ནི་ཨ་ལ་སོགས་པའོ། །གཉིས་པ་ནི་ཨཱའོ། །ལྡན་པ་ནི་ཐིག་ལེ་གཉིས་དང་བཅས་པ་སྟེ། དེས་ནི་ཨཱ(རྒྱུད་འགྲེལ་ཞིག་བྱ་ཞེ་ན། སྲིད་པ་གསུམ་པོ་བསྒོམ་པར་བྱ་ཞེས་བྱ་བ་གསུངས་ཏེ། སྔ་མ་ལྟར་ཐམས་ཅད་བསྒོམ་ལ་སྙིང་གར་ཟླ་བ་ལ་གནས་པའི་ཨཱ(རྒྱུད་འགྲེལ་འོད་ཟེར་བསམ་མོ། །འབད་པ་བསྒྲུབ་བྱ་སྣང་བྱས་ཏེ་ཞེས་བྱ་བ་ནི་སྔ་མ་ལྟར་འོད་ཟེར་འབྱུང་བ་དང་འཇུག་པས་བསྒོམ་ཞིང་སྔགས་བཟླས་ན་གདོན་མི་ཟ་བར་དབང་དུ་འགྱུར་རོ། །དེ་ཉིད་གསུངས་པ་དེས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུ ་ཞེས་བྱ་བ་ནི་ཐམས་ཅད་དེ། གང་དང་གང་གི་ལུས་ལ་ས་བོན་གྱི་སྦྱོར་བས་སྣང་བར་བྱས་པ་དེ་དང་དེ་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ངེས་པར་བསྟན་པའི་ཕྱིར་གསུངས་པ། ས་གསུམ་མ་ལུས་པ་ཞེས་བྱ་བ་སྟེ། ་ས་བླ་དང་ས་སྟེང་དང་ས་འོག་པ་རྣམས་ཀྱིའོ། །དེ་ཉིད་ཀྱི་སླར་ཡང་བཤད་པ་ནི། ཚངས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ་སོགས་ཀྱིས་ན་གཤིན་རྗེ་དང་མི་ལ་སོགས་པ་གཟུང་ངོ། །ཆུང་མ་དང་ནི་བཅས་ཏེ་དགུག་ཅེས་བྱ་བ་ནི་སྐྱེས་པ་འབའ་ ་ཞིག་མ་ཡིན་གྱི་འདིས་བུད་མེད་རྣམས་ཀྱང་འགུགས་པའོ། །ཡི་གེ་ཕན་ཚུན་བསྐུལ་བ་ཡིས། །ཞེས་བྱ་བ་ལ་ཡི་གེ་ནི་ཧཱུཾ་ངོ། །ཕན་ཚུན་ནི་ཨོཾ་དང་ཨཱ:ཱོ། །བསྐུལ་བ་ནི་ཨོཾ་དང་ཨཱ(རྒྱུད་འགྲེལ་བའི་མིང་དུ་བཅས་པ་སྤེལ་ཏེ་སྔགས་བཟླས་པའོ། །ཅི་ཞིག་ཅེ་ན་གང་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ཅེས་བྱ་བ་ནི་ཡི་གེ་གསུམ་གྱི་སྔགས་ཏེ། དེ་ཉིད་བཅོམ་ལྡན་འདས ་མའི་སྤྱོད་པ་ཞེས་བྱ་བ་ནི་གར་ཞེས་བྱ་བ་ལས་རྒྱས་པའི་མཚན་ཉིད་ཀྱི་གཙོ་བོ་སྟེ། སྒྲུབ་པ་པོ་ལ་རྫོགས་པར་བྱེད་པར་ཤེས་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེ་ལྟར་རྐང་པས་དགུག་པ་སྔར་བསྟན་ནས་ད་ནི་གོང་བུས་དགུག་པ་གསུངས་པ། དེ ་ནས་དབུ་མའི་མཛའ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་རྐང་པས་དགུག་པའི་འོག་ཏུ་སྟེ། དེ་ནི་གོང་བུས་དགུག་པ་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དབུ་མའི་མཛའ་ནི་མའོ། །ལྡན་པ་ནི་དེ་དང་མཚུངས་པར་ལྡན ་པའོ། །དེ་ཡང་ཅི་འདྲ་ཞེ་ན། ཐིག་ལེ་སྒྲ་ཡིས་ཡང་དག་མནན་པ་སྟེ་དེས་ནི་མཾ་ཞེས་བྱ་བར་འགྱུར་རོ། །དེ་དང་ལྡན་པ་ཅི་ཞིག་ཅེ་ན། གོང་བུ་དགུག་པའི་ལས་ཀྱི་ཆོ་གའོ། །དེ་ལྟར་ས་བོན་བཏུ་བ་བསྟན་ནས་བྱ་བ་གསུངས་པ། སྐུ་གསུང་ཐུགས ་ལ་ལེགས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་སྔ་མ་ལྟར་སྒྱུ་འཕྲུལ་ཆེན་མོར་བསྒོམས་ལ་བསྒྲུབ་པར་བྱ་བ་མེའི་དཀྱིལ་འཁོར་ལ་བཞག་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་ཏེ། བཀུག་ནས་དབང་ཆེན་གྱི་དཀྱིལ་འཁོར་ལ ་བཞག་སྟེ། མི་གཡོ་བར་བྱས་ལ་ཆུའི་དཀྱིལ་འཁོར་གྱིས་བཀྲུས་ནས་མགོ་བོ་དང་མགྲིན་པ་དང་སྙིང་ག་དང་ནུ་མའི་འོག་རྣམས་རླུང་དང་ཆུ་དང་མེ་དང་དབང་ཆེན་གྱི་དཀྱིལ་འཁོར་བཞི་ལ་ས་བོན་མཾ་བཀོད་དེ་ཡི་གེ་དེ་དག་ཉིད་བཟླས་ན་འགུགས ་པར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ཁུ་བ་དགུག་པ་གསུངས་པ། བྷ་གའི་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་ཐབས་ཀྱི་རིམ་གྱིས་བྷ་གའི་དབུས་སུ་ཡེ་ཤེས་ཀྱི་རྒྱ་མཚོ་བསྒོམས་ལ། དཔའ་བོ་སྟེ་རྡོ་རྗེ་མཁའ་འགྲོ ་བསྒོམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཡི་གེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ། འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཡི་གེ་ནི་ཧཱུཾ་སྟེ་རྫོགས་པ་ནི་དེས་རྡོ་རྗེ་མཁའ་འགྲོ་བསྐྱེད་པའོ། །ལྷག་མ་ནི་གོ་སླའོ། །གཤོར་ཞེས་བྱ་བ་ནི་ཉ་ཕྱིས་ཀྱི་རྣམ་པ་ལྟ་བུའི ་ཐོད་པའོ། །པདྨའི་ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་འདིར་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་ཐོད་པའི་སྟན་ཨ་གནས་པར་བཀོད་པའི་དབུས་སུ་བཅོམ་ལྡན་འདས་ཏེ། དེ་དག་མངོན་པར་བྱང་ཆུབ་པ་ལྔ་ལས་དུས་མཚུངས་པར་བསྒོམ་པར ་བྱ་བ་འདི་ནི་བསྡུས་པའི་དོན་ཡིན་ནོ། །དེ་ཉིད་ཀྱིས་ནི་སྤྲོ་བའི་བདག་ཉིད་ཅན་གྱི་སྤྲོ་བ་ཞེས་བྱ་བ་སྟེ། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ནི་ལྷག་མའོ། །དབུགས་མི་གཡོ་བར་བསྒོམ་པར་བྱ་ཞེས་བྱ་བ་ནི་ཇི་སྲིད་དུ་དབུགས་བརྟན་པར་གྱུར་པ་དེ་སྲིད ་ཀྱི་བར་དུ་བསྒོམ་པའོ། །རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་དུ་བསྒོམ་པ་སྟེ། ཁྱད་པར་དུ་སྐུ་གསུང་ཐུགས་ལ་གནས་པའི་མཾ་མདོག་དཀར་པོར་བྱ་བའོ། །འབད་དེ་བསྒྲུབ་བྱ་དམིགས་ནས་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི ་ཕྱག་མཚན་གྱི་གཙོ་བོ་རྡོ་རྗེས་བསྒྲུབ་པར་བྱ་བ་ཇི་ལྟ་བ་བཞིན་དུ་དམིགས་ནས་སྨིན་མའི་དབུས་སུ་ཕུག་ལ་ཁུ་བ་དྲངས་ནས་རང་གི་ལག་ན་གནས་པའི་ཐོད་པ་བཀང་བར་བསམ་ཞིང་ཡི་གེ་གསུམ་པོ་ཧཱུཾ་དང་བཅས་པ་བཟླས་པར་བྱའོ། །ཆང ་དགུག་པ་གསུངས་པ། ཅི་ཞེས་བྱ་བ་ལ་སོགས་པ་ལ་ཅི་ཉིད་ཡེ་ཤེས་ཏེ། རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་རོ། །ལས་བྱུང་བ་ནི་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བར་དེ་ཉིད་ཀྱིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ ་པར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །སྡིགས་མཛུབ་རྡོ་རྗེ་ཞགས་པ་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ཞགས་པས་བསྡིགས་པས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་གཡོན་དུ་སྒོམ་པའོ། །རྟའི་ཞལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གང་གི་ཞལ་རྟའི་ཚུལ ་ཅན་ཏེ། ལྷན་ཅིག་སྐྱེས་པའི་ཞལ་ཅན་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་དེ་ལྟ་བུར་གྱུར་པའི་ཞལ་དང་སྐུ་མདོག་ལ་སོགས་པར་བསྒོམ་ཞིང་གྱུར་ནས་ཆང་དགུག་པར་བྱ་ཞེས་སྟོན་ཏོ། །ཁྲག་དགུག་པ་གསུངས་པ། རའི ་ཞེས་བྱ་བ་ལ་སོགས་པ་ལ། ཅེ་སྤྱང་གི་གདོན་ཅན་ཏེ་ཞེས་བྱ་བ་ནི་སྤྱང་ཀིའི་ཁྱད་པར་ཅེ་སྤྱང་ཞེས་བྱ་བ་ཉིད་ཀྱི་གདོང་པ་བྱ་བའོ། །ཁྲག་གི་གང་བའི་ལུས་ཅན་བསྒོམ་ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དམར་པོར་བསྒོམ་པའོ།། ་མཁའ་འགྲོ་མའི་འཁོར་ལོ་སྤྲོ་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་ཀྱི་རིམ་གྱིས་ཨཱ་ལི་ངང་ཀཱ་ལི་དང་རཾ་ལས་བྱུང་བའི་རྡོ་རྗེ་རལ་གྲིས་མཚན་པ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་དང་ཐོད་པར ་བཅས་པ་དུས་མཚུངས་པར་སྤྲོ་སྟེ། བསྐྱེད་ཅེས་བྱ་བའི་དོན་ཏེ། །རྡོ་རྗེ་ཕྲ་མས་ཕུག་ནས་སུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པར་གྱུར་པའི་རྡོ་རྗེའི་མཚོན་ཆ་ཕྲ་མོས་བསྒྲུབ་པར་བྱ་བའི་རྩའི་གནས་ཀྱི་སྙིང་ག་ཕུག་པའོ། ། ་འཇིབ་པ་ཉིད་རབ་ཏུ་བསྒོམ་ན་ཞེས་བྱ་བ་ནི་བསྒྲུབ་པའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱང་ཅེ་སྤྱང་གི་གདོང་ཅན་དུ་བསྒོམས་ལ་སྔར་རྡོ་རྗེ་ཕྲ་མོས་ཕུག་པའི་རྨ་ནས་བདག་དང་མཁའ་འགྲོ་མ་རྣམས་ཀྱི་ཅེ་སྤྱང་གི་ཁས་རུས་པ་དང། པགས་པ་སྐམ ་པོ་ཙམ་ལུས་པའི་བར་དུ་འཇིབ་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །ལས་དེ་དག་ཐམས་ཅད་ནི་གུས་པས་རྒྱུན་མི་འཆད་པར་ཡུན་རིང་དུ་བསྒོམ་པ་དང་བཟླས་པས་འགྲུབ་ཀྱིས་གཞན་དུ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་ལས་ཡོངས་སུ་རྫོགས་པའོ། ། ་སྒྱུ་མ་ཀུན་ནི་རྣལ་འབྱོར་མ་ཐམས་ཅད་དོ། །རྣམ་པར་འཕྲུལ་པ་ནི་ངེས་རྣམ་པར་རོལ་ཅིང་རྩེ་བའོ། །མན་ངག་དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ ་ལས་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།ད་ནི་རྡོ་རྗེ་མཁའ་འགྲོའི་ཚུལ་གཞན་གྱི་སྒྲུབ་ཐབས་སྟོན་པའི་ལེའུ་གསུངས་པ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་ཉོན་ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན ་འདས་ལ་གསོལ་བ་བཏབ་པ་གང་ཡིན་པ་དེ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །དང་པོར་རོ་ནི་བསྒོམ་བྱ་སྟེ་ཞེས་བྱ་བ་ལ་མཆོད་པ་ལ་སོགས་པ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེས་ལ་རི་བོ་ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་མའི་ནང་དུ་པདྨའི ་སྟེང་ན་གནས་པ་རོ་བསྒོམ་པའོ། །དང་པོ་ཞེས་བྱ་བ་ནི་ཨ་ལ་སོགས་པ་དང་ས་བོན་ཧཱུཾ་ལ་སོགས་པ་ལ་བལྟོས་པའི་ཚིག་གོ་།མཁས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་རྟོགས་པའི་སྒྲུབ་པ་པོའོ།། ་ཆོས་ཀྱི་དབྱིངས་རང་བཞིན་ཞེས་བྱ་བ་ལ་ཆོས་ནི་ཕུང་པོ་ལ་སོགས་པའོ། །དབྱིངས་ནི་རང་བཞིན་ཏེ་དོན་དམ་པར་གཟུང་བ་ལ་སོགས་པའི་རང་བཞིན་དང་བྲལ་བའི་སྟོང་པ་ཉིད་དོ། །དེ་ཡང་འདི་ལྟར་སེམས་འབའ་ཞིག་པོ་ཉིད་ཐོག་མ་མེད ་པའི་དུས་ནས་སྤྲོས་པའི་བག་ཆགས་ཀྱིས་དཀྲུགས་པས་ཕྱི་རོལ་ལྟ་བུར་གཉིས་སུ་སྣང་བ་ཡིན་གྱི། དངོས་པོ་རྣམས་བདེན་པར་ཡོད་པ་མ་ཡིན་པར་སྔར་བསྟན་ཏོ། །ཡང་གསུངས་པ། ནང་གི་ཞེས་བྱ་བའི་ངོ་བོ་ནི་ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། ་དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ་ཞེས་སོ། །དེ་ནས་ཐམས་ཅད་དུ་རྣམ་པར་ཤེས་པའི་སྣང་བའི་ཡན་ལག་ཉིད་དམིགས་པ་ཡིན་གྱི་བརྫུན་ཀྱང་ཕྱི་རོལ་ཉིད་དུ་འོངས་པ་ནི་མ་ཡིན་ཏེ། བེམས་པོ་དང་ཉམས་སུ་མྱོང ་བ་འགལ་བའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་གཟུང་བ་ལ་སོགས་པས་སྟོང་པར་ལེགས་པར་གྲུབ་པ་ཡིན་ནོ། །དེ་ཡང་གསུངས་པ། ཇི་ལྟར་བྱིས་པས་རྣམ་བརྟགས་པ། །དེ་ལྟར་ཕྱི་རོལ་དོན་ཡོད་མིན། །བག་ཆགས་ཀྱིས་ནི་དཀྲུགས་པའི ་སེམས། །དོན་དུ་སྣང་བར་ཡང་དག་འབྱུང་ཞེས་སོ། །སྟོང་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་དང་འདྲ་བས་རོ་ཡང་ཆོས་ཀྱི་དབྱིངས་ཏེ། རྟོག་པ་དང་བྲལ་བའི་ཕྱིར་རོ། །དེས་ནི་ཆོས་ཀྱི་དབྱིངས་བསྒོམ་པ་ཉིད་དུ་སྟོན་ཏོ། །རྣལ་འབྱོར ་པ་ཞེས་བྱ་བ་ནི་སྔར་བསྟན་པའི་མཆོད་པ་ལ་སོགས་པ་སྦྱོར་བ་དང་ལྡན་པའོ། །དེར་གནས་ཞེས་བྱ་བ་ནི་རོའི་སྟེང་དུ་གནས་པ་སྟེ། འདིས་ནི་དེ་བཞིན་ཉིད་ལ་གནས་ནས་སྤྲོ་བ་རྣམས་བསྒོམ་པར་སྟོན་ཏོ། །གོ་འཕང་མཆོག་ནི་ཞེས་བྱ་བ་ལ་འཇིག ་རྟེན་དང། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་གཞིར་གྱུར་པས་ན་གོ་འཕང་སྟེ། རྡོ་རྗེ་མཁའ་འགྲོ་དེ་ཉིད་གཉིས་སུ་མེད་པས་ན་མཆོག་གོ་།བསྒོམ་པ་ནི་དེར་བསྐྱེད་པ་སྟེ་འོག་ནས་བཤད་པར་བྱའོ། །ད་ནི་བསྒོམ་པ་ལ ་རྩོམ་པ་གསུངས་པ། རང་སྙིང་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་རང་གི་སྙིང་གར་ཟླ་བའི་དབུས་སུ་དེ་ཉིད་ཐམས་ཅད་ཅེས་བྱ་བ་ཡི་གེ་ཧཱུཾ་དགོད་པར་བྱ་སྟེ། ཅིའི་ཕྱིར་ཏེ། དེ་ཉིད་ཐམས་ཅད་ཡིན་ཞེ་ན། རྡོ་རྗེ་འཛིན་པའི ་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་འོད་ཟེར་ཞེས་བྱ་བ་ནི་ཧཱུཾ་ལས་བྱུང་བའི་འོད་དོ། །མཁའ་འགྲོ་མ་སོགས་ཞེས་བྱ་བ་ནི། མཁའ་འགྲོ་མ་དང་མཛེས་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་སོ། །མཆོད་པ་ནི་ཡིད་ཀྱིས་རྡོ་རྗེ་བླ་མ ་ལ་སོགས་པ་ལ་ཡང་དག་པར་མཆོད་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བྱང་ཆུབ་ནི་ལྷ་རྣམས་ཀྱི་ཚོགས་ཏེ། གང་གིས་དེ་དག་རང་གི་སེམས་ཡིན་པར ་ཤེས་ཤིང་གང་ལ་དེའི་རྣམ་པ་ཅན་གྱི་སེམས་ཡོད་པའི་སློབ་བཞིན་པའི་སྒྲུབ་པ་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཀུན་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་སུ་གསོལ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བ་དང་བཅས ་པས་བྱིན་གྱིས་རློབ་ཅིང་བདག་གིར་མཛད་པ་ནི་དགོངས་པའོ། །བདག་མིང་འདི་ཞེས་བྱ་བ་ནི་རང་གི་མིང་ནས་སྨོས་པ་སྟེ། ཤིན་ཏུ་ཁས་ལེན་པའི་ཕྱིར་རོ། །དུས་འདི་ནས་བཟུང་ཞེས་བྱ་བ་ལ་དུས་འདི་ནི་གནས་སྐབས་འདི་སྟེ། གཟུང་བ་ནི་ཉེ ་བར་བརྩམས་པའོ། །ཡང་ན་གཟུང་བ་ནི་སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པ་ཉེ་བར་བླངས་ཤིང་རྒྱུར་བྱས་པའོ། །ཇི་སྲིད་ཅེས་བྱ་བའི་སྒྲ་ནི་དུས་ཇི་སྙེད་ཀྱི་བར་དུ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ཞེས་བྱ་བ་དང་འབྲེལ ་ཏོ། །དུས་ཇི་སྙེད་ཅིག་ཏུ་བསྐྱེད་པར་བྱ་ཞེ་ན། བྱང་ཆུབ་སྙིང་པོར་མཆིས་ཀྱིས་བར་ཞེས་བྱ་བ་ལ་བྱང་ཆུབ་སྙིང་པོ་ནི་དམ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །མཆིས་པ་ནི་དེར་གནས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ ་ཐོབ་ཀྱི་བར་དུའོ། །བྱ་བ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཏེ། དུས་དེ་རྣམས་སུ་སྤྱོད་པའི་གཤེགས་པ་དང། གཤེགས་བཞིན་པ་དང། བྱོན ་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཉིད་སྐྱོབ་པས་ན་མགོན་པོའོ། །ཡང་དག་བྱང་ཆུབ་ངེས་མཛད་པ་ཞེས་བྱ་བ་ལ། དེས་མཛད་ནི་སྦྱིན་པ་ལ་སོགས་པའི་ཚོགས་མ་ལུས་པ་བསགས་པའི་བྱ་བའི་མཚན་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཡང ་དག་བྱང་ཆུབ་ཕྱིར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་ཆེད་དུའོ། །འདིར་ཚད་ཀྱི་བདུན་པ་མི་མངོན་པ་ཡིན་ནོ། །བླ་མེད་བྱང་ཆུབ་སེམས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་བྱང་ཆུབ ་ཀྱི་སེམས་དང། འཇུག་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སྨོན་པའི་བྱང་ཆུབ་ཀྱི་སེམས་ནི་བདག་རྡོ་རྗེ་མཁའ་འགྲོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་གོ་འཕང་དེ་ལ་དགོད་པར་བྱའོ་སྙམ་པའི་འདོད་པ་དང་བཅས་པའི་སྨོན་ལམ་མོ། ། ་འཇུག་པ་བྱང་ཆུབ་ཀྱི་སེམས་ནི་དེའི་ལམ་སྦྱིན་པ་ལ་སོགས་པ་ཉམས་སུ་ལེན་པའི་རང་བཞིན་ཏེ། དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་ན་བླ་ན་མེད་པའོ། །དེ་བཞིན་བསྐྱེད་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར ་དུས་གསུམ་གྱི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱིར་ཐུགས་བསྐྱེད་པ་མཛད་པ་དང། བསྐྱེད་པ་དང། བསྐྱེད་པར་འགྱུར་བ་ལྟར་བདག་གིས་ཀྱང་བསྐྱེད་པའོ། །ཡང་ན་མགོན་པོ་ནི་བྱང་ཆུབ་སེམས་དཔའ་ ་སྟེ། སངས་རྒྱས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་གསུངས་པ། དེ་ལྟར་བྱང་ཆུབ་སེམས་བསྐྱེད་པ། །གང་ཡིན་སངས་རྒྱས་ཉིད་ཞེས་བྱ་ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་སེམས་ནི་སྨོན་པ་སྔོན་དུ་འགྲོ་བའི་འཇུག་པའི ་སེམས་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་བླ་ན་མེད་པའོ། །སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ་ཞེས་པ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །སྐྱེས་པ་ནི་དེའི་རིགས་ཀྱི་སྒྲུབ་པ་པོའོ། །སྡོམ་པ་ནི་དཀོན་མཆོག་གསུམ ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། ལུས་ལ་སོགས་པ་བྱ་བ་མ་ཡིན་པ་ལས་བཟློག་ཅིང་སྡུད་པའི་ཕྱིར་སྡོམ་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་དང། ཉོན་མོངས་པ་དང། ་ཤེས་བྱའི་སྒྲིབ་པའི་བག་ཆགས་བསལ་བས་ན་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ། །ཆོས་ནི་འཛིན་པས་ན་ཆོས་ཏེ། ལུང་དང་རྟོགས་པའི་རང་བཞིན་ནོ། །འདུས་པ་ན་དགེ་འདུན་ཏེ། འཇམ་དཔལ་རྡོ་རྗེ་ལ་སོགས་པའི ་བྱང་ཆུབ་སེམས་དཔའ་ཨོ། །བླ་ན་མེད་པའི་དཀོན་མཆོག་གསུམ་ཞེས་བྱ་བ་ལ་གསུམ་ནི་ལུས་དང་ངག་དང་ཡིད་དེ། དེ་རྣམས་ཀྱི་དགའ་བ་དང་རྒྱས་པར་བྱེད་པས་ན་དཀོན་མཆོག་གོ་།ཡང་ན་སངས་རྒྱས་ལ་སོགས་པ་ཉིད་དཀོན་པ་སྟེ། གསུམ ་པོ་དེ་དག་ཉིད་དཀོན་པའི་ནང་ན་གཙོ་བོ་ཡིན་པས་མཆོག་གོ་།དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ། གཟུང་ཞེས་བྱ་བར་འབྲེལ་ཏོ། །འདིར་གཟུང་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ། དང་པོ་སྐྱབས་སུ་སོང་ནས་དེའི་འོག་ཏུ་མངོན་སུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། ། ་བསླབ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་གསུམ་བྱ་བ་ནི་བསླབ་པའི་ཚུལ་ཁྲིམས་ལ་སོགས་པ་དེ་དག་ཉིད་དེ་མི་དགེ་བ་ལས་ལྡོག་པ་དང། དགེ་བ་ལ་འཇུག་པ་དང། གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ། །བདག་གིས་སོ་སོར ་བརྟན་པོར་གཟུང་ཞེས་བྱ་བ་ལ་བདག་ནི་བདག་ཉིད་དེ་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་ཁས་བླངས་ཤིང་ང་རྒྱལ་བྱ་བའོ། །སོ་སོར་གཟུང་བ་ནི་ཡང་དང་ཡང་དུ་འཇུག་པའོ། །བརྟན་པོར་གཟུང་བ་ནི་ཕྱིར་མི་ལྡོག་པ་སྟེ་སངས་རྒྱས་ལ་སོགས་པ་ལ ་བརྟེན་པའི་སྨོན་ལམ་དང་འཇུག་པ་དེ་དག་ལས་མི་ཤེས་པའི་དབང་གིས་སླར་ལྡོག་པར་མི་བྱའོ། །དེ་ལྟར་འོག་ནས་འབྱུང་བ་ཀུན་ལ་སྦྱར་བར་བྱའོ། །རྡོ་རྗེ་རིགས་མཐོ་ཆེན་པོ་ལ་ཞེས་བྱ་བ་ལ་རྡོ་རྗེ་མཐོ་ནི་མི་བསྐྱོད་པའོ། །རིགས་མིང་དང་འབྲེལ་བའི ་སྒྲུབ་པ་པོ་སྟེ་དེའི་སྡོམ་པ་ཡིན་པ་འམ་ཡང་ན་སྡོམ་པ་ཉིད་རྡོ་རྗེ་རིགས་མཐོ་ཆེན་པོ་སྟེ་མི་བསྐྱོད་པའི་རང་བཞིན་ནོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །ཡང་དག་པ་ཉིད་དུ་གཟུང་བ་ནི་ཡང་དང་ཡང་དུ་གཟུང་བའོ། ། ་སློབ་དཔོན་ནི་བླ་མ་སྟེ་བླ་མ་སློབ་དཔོན་ཞེས་བྱ་བར་མཁས་པ་རྣམས་ཀྱིས་ཡོངས་སུ་བསྒྲགས་ཞེས་ཟེར་བའི་ཕྱིར་རོ། །ཡང་ན་རྡོ་རྗེ་ལ་སོགས་པ་ནི་རྡོ་རྗེ་ལ་སོགས་པའི་དམ་ཚིག་གོ་།སློབ་དཔོན་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །རིན་ཆེན ་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་ཕྱེད་ལྔ་མ་འདིས་ནི་རིགས་ཀྱི་ཐ་སྙད་བསྟན་པ་ཡིན་ཏེ། དེ་ལ་རིན་ཆེན་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བས་ན་རིགས་ནི་རིན་ཆེན་འབྱུང་ལྡན་ནོ། །རྣལ་འབྱོར་ནི་དེའི ་རིགས་ཀྱི་སྒྲུབ་པ་པོ་སྟེ། དེའི་རྣམ་པར་ཡང་དང་ཡང་དུ་སེམས་རྩེ་གཅིག་གིས་སྦྱོར་བའི་ཕྱིར་རོ། །དམ་ཚིག་ནི་འདའ་བར་མི་བྱ་བར་ཉམས་སུ་བླང་བའོ། །ཡིད་དུ་འོང་བ་ནི་སྦྱིན་པ་ལ་སྦྱོར་བས་སོ། །ཅི་ཞིག་ཅེ་ན། ཉིན་རེ་ཞེས ་བྱ་བ་ལ་སོགས་པ་ལ། སྦྱིན་པ་རྣམ་པ་བཞི་ནི་ཟང་ཟིང་དང་ཆོས་དང་མི་འཇིགས་པ་དང་བྱམས་པའོ། །ཡང་ན་ནོར་དང་ནོར་གྱི་སྙིང་པོ་དང། ཡན་ལག་དང་ཡན་ལག་གི་སྙིང་པོའོ། །དེ་ལ་ནོར་ནི་གསེར་ལ་སོགས་པའོ། །ནོར་གྱི་དང་པོ་ནི་བུ་དང་བྲན་ལ ་སོགས་པའོ། །ཡན་ལག་ནི་རྐང་པ་ལ་སོགས་པའོ། །ཡན་ལག་གི་དང་པོ་ནི་མགོ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག ་པའི་ཡེ་ཤེས་ཡིན་ལ་འབྱུང་བ་ནི་དེ་ལས་སྐྱེས་པའོ། །སུ་ཞིག་ཅེ་ན། པདྨའི་རིགས་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། པདྨ་ཆེན་པོ་དག་པ་ནི་སྣང་བ་མཛའ་ཡས་སོ། །ཅིའི་ཕྱིར་ཞེ་ན། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་མེད་པའི་ཕྱིར ་རོ། །རིགས་ནི་དེའི་བདག་ཉིད་ཅན་ནོ། །ཕྱི་ནང་ཞེས་བྱ་བ་ལ་སོགས་པ་ནི་ཀྲི་ཡ་ལ་སོགས་པ་གསང་སྔགས་ཀྱི་ཐེག་པའོ། །ཐེག་པ་གསུམ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་ཐེག་པ་སྟེ། འདིས་དེའི་རིགས་ཅན་གྱི ་སྐྱེ་བོ་རྣམས་འགྲོ་བས་ན་ཐེག་པའོ། །དམ་ཆོས་ཞེས་བྱ་བ་ནི་དེ་དག་ཉིད་དེ་དམ་པ་ནི་སངས་རྒྱས་སོ། །དེས་བསྟན་པའི་ཆོས་ནི་དམ་ཆོས་སོ། །ལས་ཀྱི་རིགས་ཆེན་མཐོན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པོའི་བདག་ཉིད་དོ། །ཅི་ནུས་བགྱི་ཞེས་བྱ་བ་ནི ་རང་གི་སྟོབས་བཞིན་ཁས་བླངས་པའོ། །མཆོད་པ་དེ་ཉིད་ཁྱད་པར་དུ་བྱ་བའི་ཕྱིར། སྡོམ་པ་ཐམས་ཅད་ལྡན་པར་ནི་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་ཕྱི་དང་གསང་བའི་མཆོད་པ་རྣམས་སོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ལ་སོགས ་པའི་ཚིག་རྐང་གཉིས་ནི་སྡོམ་པ་ལྔའི་ཉེ་བར་བསྡུ་བའོ། །བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་ནི་སེམས་བསྐྱེད་པ་གཉིས་ཀྱི་བྱ་བ་སྟོན་པ་ཡིན་ནོ། །མ་རྒལ་བ་རྣམས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་སྟེ། ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་དང་ལྡན་པས་སོ། །མ་གྲོལ་བ་ནི་ཚངས་པ་ལ་སོགས་པའོ། །དབུགས་མ་ཕྱིན་པ་ནི་དམྱལ་བ་ལ་སོགས་པར་འགྲོ་བའོ། །ཀུན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ནས ་ཞེས་བྱ་བ་ནི་དེ་ལྟར་དམ་བཅས་ནས་སོ། །ོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། སརྦབ་དྷརྨམཱ:ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །སྭ་བྷ་བ་ཤུདྡྷ་ནི་དེ་དག་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། ། ཧཾ་ནི་བདག་སྟེ་བདག་གི་རང་བཞིན་དེ་ཡིན་ནོ།། ་དེ་ནས་ཚིག་འདི་བརྗོད་ནས་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་རང་བཞིན་དག་པའི་འོག་ཏུ་སྟེ། བཅོམ་ལྡན་འདས་བསྒོམ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་ན་ཚིག་འདི་ཀུན་ཏུ་བརྗོད་ཅེས་བྱ་བ་ལ་ཚིག་ནི་གནས་ཏེ་རང་བཞིན་དག་ཅིང་བདག་མེད་པ་ཉིད ་དོ། ། ནི་དགག་པ་སྟེ་བརྗོད་དུ་མེད་པའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་བྱ་བ་ལ་དེ་ཉིད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་སྨོན་ལམ་བྱེད་པའི་རྣལ་འབྱོར་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འོག་ནས ་འབྱུང་བའི་བྷ་ག་དང་སྦྱར་བའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ཅན་ཏེ་དེ་ཡང་འདི་ལྟར་རྡོ་རྗེ་འཛིན་དང་དབྱེར་མེད་པའི་ཕྱིར་ཏེ་ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་ནི་གཉིས་སུ་མེད་ཅིང་དབྱེར་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ནི་བརྩོན་འགྲུས་བརྟན་པའི ་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ཞིང་རང་བཞིན་རྣམ་པར་དག་པ་ཐོབ་པས་ན་དེ་བཞིན་གཤེགས་པ་ཡང་ཡིན་ནོ། །དེས་ཆོས་ཐམས་དཅད་བདག་མེད་པར་བལྟ་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ། ཆོས་རྣམས་བདག་མེད་པར་བལྟ་བའོ། །ཡང་ན་ཆོས་རྣམས ་དང་བདག་མེད་པ་ལྷན་ཅིག་ཏུ་བལྟ་བའོ། །སྐུ་མདོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པ་བསྟན་ཏེ། འོག་ནས་འབྱུང་བའི་པདྨའི་ལྟེ་བར་དགོད་པར་བྱའོ། །གར་དང་ལྡན་ཞེས་བྱ་བ་ནི་གཡས་བརྐྱང་བས་བཞུགས་པའོ།། ་ཡེ་ཤེས་རྒྱ་མཚོ་ནི་རྡོ་རྗེ་མཁའ་འགྲོའོ། །ཤར་ནི་ཞེས་བྱ་བ་ལ་སོགས་པས་ནི་ལྟུང་བྱེད་མ་ལ་སོགས་པའི་ལྷ་མོ་བཞིས་གསུངས་པ་ཡིན་ཏེ་དབུས་ཀྱི་པདྨའི་ཕྱོགས་ཀྱི་འདབ་མ་བཞི་ལའོ། །མཚམས་ཀྱི་འདབ་མ་རྣམས་ལ་ནི་བདུད་རྩི་ལྔའི་ཐོད་པ་རྣམས་སོ། །ཕྱི ་རོལ་གྱི་པདྨ་རིམ་པ་གསུམ་པ་ལ་ནི་སྔར་བསྟན་པ་བཞིན་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་དགོད་དོ། །ཤར་ལ་སོགས་པའི་སྒོ་བཞིར་ནི་ཁྭ་གདོང་མ་ལ་སོགས་པ་བཞི་དགོད་དོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ནི་གཤིན་རྗེ་བསྟན་མ་ལ་སོགས ་པའོ། །ལྷག་མ་ནི་སྒྲུབ་ཐབས་སུ་བལྟའོ། །ཐོད་པ་རྣམ་པ་བཞི་པོ་ཞེས་བྱ་བ་ནི་བདུད་རྩི་ལྔའི་ཐོད་པ་སྟེ་དབུས་ཀྱི་པདྨའི་མཚམས་བཞིར་དགོད་པའོ། །སངས་རྒྱས་གཟུགས་ཀྱིས་རྣམ་བརྒྱན་པ་ཞེས་བྱ་བ་ཉིད་ཀྱིས་བཤད་པ་ནི་སྤྱི་གཙུག་ཅེས་བྱ་བ་ལ་སོགས ་པ་སྟེ། སྤྱི་གཙུག་ཅེས་བྱ་བ་ནི་ཐོད་པ་གསལ་བ་ཞེས་བྱ་བ་ལ་ནམ་མཁའ་ལས་འོངས་པས་ན་གསལ་བ་སྟེ་དེའི་སྟེང་དུ་གནས་པའི་ཟླ་མཚན་ནོ། །ཡང་དག་ལྡན་པ་ནི་བདུད་རྩིའོ། །ལྷག་མ་རྣམས་ཏེ་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དང། མི ་བསྐྱོད་པ་དང། དོན་ཡོད་གྲུབ་པ་རྣམས་གཟུང་ངོ། །བདུད་རྩི་ལྔ་སྦྱང་བ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་ཡི་གེ་ནི་ཨོཾ་མོ། །དེ་དང་ལྡན་པ་ནི་ཐོད་པའོ། །བསྒོམ་པ་ནི་ཐོད་པ་དང་བྲུཾ་ལ་སོགས་བསྒོམ་པའོ། །དེས་ཅིར་འགྱུར་ཞེ་ན། ་གསུངས་པ། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་སྟེ་འབར་བའོ། །དེས་ཀྱང་ཅིར་འགྱུར་ཞེ་ན། རྫས་ཀྱི་དངོས་གྲུབ་འབྲས་རབ་སྟེར། ཞེས་བྱ་བ་སྟེ་གོ་སླའོ། །འདིར་དང་པོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དེའི ་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་དེའི་ནང་དུ་བྲུཾ་ཨཾ་ཛཾ་ཁཾ་ཧཱུཾ་གི་ས་བོན་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་བདུད་རྩི་ལྔའོ། །དེའི་སྟེང་དུ་ནི་ཨོཾ་བར་སྣང་ལ་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་དེ་ནས་རླུང་གིས་འབར་བའི་མེས་བསྐོལ་ནས་དེའི་དྲོད་ཀྱིས ་རྡོ་རྗེ་ཡང་བཞུ་སྟེ། དེ་ཉིད་བབས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བདུད་རྩི་འབར་བར་གྱུར་ན་དངོས་གྲུབ་སྟེར་བར་འགྱུར་རོ། །སྦྱོར་བའི་དངོས་གྲུབ་རིག་པ་ཆེ། །ཡིད་ཆེས་ཡང་འཇུག་པར་འགྱུར། །ཞེས་བྱ་བ་ལ་སྦྱོར་བར་གྲུབ་པའི་དངོས ་གྲུབ་ནི་སྦྱོར་བའི་དངོས་གྲུབ་སྟེ་གསུམ་པའི་དོན་གྱིས་དྲུག་པ་ཡིན་ནོ། །ཅི་ཞིག་གི་སྦྱོར་བ་ཡིན་ཞེ་ན། རིག་པ་ཆེན་པོ་སྟེ་སྔགས་ལ་སོགས་པའི་རིག་པའོ། །ཡིད་ཆེས་ནི་ཡང་དག་པའི་རྟོག་པའོ། །འཇུག་པ་ནི་སྐྱེ་བ་སྟེ་རྡོ་རྗེ་མཁའ་འགྲོའི་བསམ ་གཏན་གྱི་བྲུཾ་ལ་སོགས་པ་དང། ཡི་གེ་གསུམ་པོ་སྔོན་དུ་བཟླས་ནས་བསྒྲུབ་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །འབྲས་བུ་དེ་གསུངས་པ་མི་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་ཉེ་བར་ལེན་པའི་རྒྱུ་དང། ་དམ་ཚིག་གི་ལྷན་ཅིག་བྱེད་པའི་གྲོགས་ལས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བྱུང་བར་ཤེས་པར་བྱའོ། །ཐམས་ཅད་དང་ཞེས་བྱ་བ་ནི་རིལ་བུ་དང་མིག་སྨན་ལ་སོགས་པའོ། །སྒྲུབ་པ་པོས་སྐད་ཅིག་གིས་མཐོང་འགྱུར་ཞེས་བྱ་བ་ནི་རིལ་བུ ་ལ་སོགས་པའི་འབྲས་བུ་མི་སྣང་བའི་བྱ་བ་བསྟན་པ་ཡིན་ཏེ། རྒྱལ་པོའི་བཙུན་མོའི་ཕོ་བྲང་གི་ནང་དུ་ཞུགས་ནས་བདག་གིས་ཐམས་ཅད་མཐོང་ཞིང་ལོངས་སྤྱོད་པ་དང་གཞན་གྱིས་མི་མཐོང་བ་དང། ལྷ་མཆོག་ལ་སྐྱེས་ཏེ་བརྒྱ་བྱིན་ལས་སྐྱེས་པའི་བུ ་མོ་རྣམས་བླངས་ནས་སངས་རྒྱས་ཀུན་གྱི་བུ་མོ་སྟེ། སྒྱུ་འཕྲུལ་ཆེན་མོ་ལ་སོགས་པར་བྱིན་གྱིས་བརླབས་ལ་ལོངས་སྤྱོད་པ་སྟེ། དབང་བསྐུར་བ་ལ་སོགས་པ་བྱའོ། །ཡང་ན་སངས་རྒྱས་ཀུན་ལས་ཕྲོགས་ཤེས་བྱ་བར་སྦྱར་ཏེ། དེ་དག་གི་ཡོན་ཏན ་དང་ལྡན་པར་བྱས་པས་སངས་རྒྱས་དང་འདྲ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མི་མཐོང་བ་དང་མཐོང་བའི་འབྲས་བུ་བསྟན་ནས་ལྷའི་མིག་གི་འབྲས་བུ་བསྟན་པའི་ཕྱིར་གང་གཱའི་བྱེ་མ་སྙེད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་གནས་བཞུགས་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་དམ་ཚིག་མཆོག་ལ་གནས་པའོ། །གནས་ནི་ཕུང་པོའོ། །གསུམ་ནི་ཚོགས་གསུམ་སྟེ། གཾ་གཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི ་ཚོགས་གཅིག་དང་གཉིས་དང་གསུམ་གྱི་བར་དུའོ། །རྡོ་རྗེ་མིག་གིས་མཐོང་བར་འགྱུར་ཞེས་བྱ་བ་ལ་རྡོ་རྗེ་ནི་གཤིན་ཏུ་རྣོ་བ་སྟེ། གསལ་ཞིང་དྲི་མ་མེད་པ་དེས་མཐོང་བའོ། །ཇི་ལྟར་ཞེ་ན། ལག་ཏུ་ཤིང་རྟོག་བཞག་པ་བཞིན་ཏེ་ལག་པའི ་མཐིལ་ན་གནས་པའི་སྒྱུ་རུ་རའི་འབྲས་བུ་ལྟར་རོ། །ཡང་ན་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནས་ཀྱི་སངས་རྒྱས་ཀྱི་ཞིང་ངོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །ལུས་ཀྱི་རྫུ་འཕྲུལ་ཤེས་པ་གསུངས་པ་གང་གཱའི་བྱེ་མ་སྙེད་ཅེས ་བྱ་བ་ལ་སོགས་པ་སྟེ། ཉེ་བར་མཚོན་པ་འདིས་ན་བར་ན་གནས་པ་གསུམ་ཡང་གཟུང་ངོ། །སྔགས་ཀྱི་ཡི་གེ་གོ་བཟློག་པས་ཞེས་བྱ་བ་ལ་སྔགས་ཀྱི་ཡི་གེ་ནི་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །གོ་བཟློག་པ་ནི་གོ་རིམ་བཟློག ་སྟེ་བཟླས་པའོ། །རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་བསྒོམ་པ་སྟེ་བསམ་གཏན་དེས་སྔགས་སྔ་མ་ཉིད་ཀྱི་དངོས་གྲུབ་སྣ་ཚོགས་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྒྱུད་ནི་རྒྱུད་འདིར་རོ། །སྔགས་ནི་སྔགས་ཐམས་ཅད་དེ ་སྔགས་དེ་རྣམས་ཀྱི་ཡི་གེ་བསྟན་པའི་དུས་སུ་ནི་ལུགས་བྱུང་བར་བྲི་ལ་ཟློས་པའི་དུས་སུ་ནི་ལུགས་ལས་བཟློག་སྟེ་བཟླའོ། །དེ་དག་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོས་བདུད་རྩི་རྣམ་པ་ལྔ་སྦྱང་བའོ། །བཤད་པ་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་བཤད ་དོ་བ་སྟེ། དེ་ཉིད་ཀྱིས་ན་གུས་པར་བྱ་བ་ཉིད་དུ་སྟོན་ཏོ། །ད་ནི་ཕྱི་རོལ་རི་མོའི་དཀྱིལ་འཁོར་བྲི་བའི་བྱ་བ་གསུངས་པ། ཐོ་རངས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པའི་སེམས་ནི་བསྐྱེད་ནས་སུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྙིང་རྗེ་ལ་སོགས་པ་དག་ཀྱང་གཟུང ་བར་བྱའོ། །དེ་ལ་བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའོ། །སེམས་ནི་དེ་ལས་བྱུང་བའི་བསམ་པའམ་དེའི་རྣམ་པ་ཅན་གྱི་ཡིད་དོ། །བསྐྱེད་པ་ནི་བསྒོམ་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །ཁ་ཅིག་ན་རེ་ནི་མཆོད་པ་ལ་སོགས་པ ་སྔོན་དུ་འགྲོ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པ་སྡོམ་པ་གཟུང་བ་དང། སེམས་བསྐྱེད་པའི་སྨོན་ལམ་གྱི་བར་དུ་སྔར་བསྟན་པ་རྣམས་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲི་བར་བྱ་ཞེས་ཟེར་རོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི ་གོ་སླའོ། །དེའི་ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྲུ་བཞིའི་ནང་དུའོ། །འཁོར་ལོ་ཕྲེང་བས་རྣམ་པར་བརྒྱན་ཞེས་བྱ་བ་ནི་སྙིང་པོའི་དཀྱིལ་འཁོར་ཏེ། རྡོ་རྗེ་དཀར་པོའི་ཕྲེང་བས་ཀུན་ནས་ཟླུམ་པོར་བསྐོར་བའོ། །དེའི་དབུས་འགྱུར་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང ་པའི་ནང་དུ་སྟེ། པདྨ་དཀར་པོ་འདབ་མ་བརྒྱད་པ་ནི་སྐུ་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ། །དེའི་དབུས་འགྱུར་ཞེས་བྱ་བ་ནི་སྐུའི་འཁོར་ལོའི་ནང་དུ་སྟེ། པདྨ་དམར་པོ་ཞེས་བྱ་བ་ནི་གསུང་རྡོ་རྗེའི་རང་བཞིན་གྱི་ཕྱིར་པདྨ་དམར་པོ་འདབ་མ་བརྒྱད་པ་རྡོ་རྗེ་དམར་པོའི་ཕྲེང་བ ་དང་བཅས་པར་བྲི་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་ཀྱི་དཀྱིལ་འཁོར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ཀུན་འཁྲིགས་བྲི་ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར། རྡོ་རྗེ་ཡང་པདྨ་ལྟར་ཨིནྡྲ་ནཱི་ལར་བྲིའོ། །འཁོར་ལོ་གསུམ་པོ་ཀུན་གྱི ་ཡང་རྡོ་རྗེ་རྣམས་རྩེ་མོ་ལྔ་པར་བྱ་ཞིང་རྩེ་མོ་ལྔ་ལྔ་ལ་ཡང་ཐིག་ལེ་ལྔ་ལྔ་དགོད་པར་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེ་ཀ་བའི་ནང་ལོགས་སུ། །དཀྱིལ་འཁོར་ལྔས་ནི་རྣམ་བརྒྱན་པ་ཞེས་བྱ་བ་གསུངས་ཏེ། འདིར་ཀ་བའི་སྒྲ་ནི་རྩེ་མོ་ཡིན་ལ་དེ་ལ་བརྒྱན་པས་ན ་དཀྱིལ་འཁོར་ཏེ་ཐིག་ལེའོ། །རི་རབ་ལྷུན་པོའི་སྟེང་དུ་ནི་ཞེས་བྱ་བ་ལ་རི་མོའི་དཀྱིལ་འཁོར་དེ་ཉིད་དངོས་གྲུབ་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་གནས་ཡིན་པས་ན་རི་རབ་བོ། །ཕྱིར་རྒོལ་བ་རྣམས་ཀྱིས་མི་བསྐུལ་བས་ན་ལྷུན་པོ་སྟེ། གསང་སྔགས་ཀྱི ་ཐེག་པའོ། །སྟེང་ན་དེའི་བླ་མར་གྱུར་པ་སྟེ། རྣལ་འབྱོར་མའི་རྒྱད་ཆེན་པོའོ། །སྣ་ཚོགས་པདྨ་ནི་དེའི་ཚུལ་གྱིས་དཀྱིལ་འཁོར་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་སེམས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །ཡིད་འོང་ནི་ཡིད ་འཕྲོག་པའོ། །བསམ་པ་ནི་བྲི་བའོ། ཁ་ཅིག་ནི་འདི་དག་ནི་སྒྲ་ཇི་བཞིན་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་ལ་རྟེན་ཅིང་དཀྱིལ་འཁོར་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང། ་བ་ནི་བསྐྱེད་པའོ། །གཞུང་གང་གི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་སྟོན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །། ་རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་སྔགས་མང་དུ་བཟླས་ན་དཔའ་བོ་དང་གཉིས་སུ་མེད་པའི་རྣལ་འབྱོར་མ་རེ་རེའི་སྦྱོར་བས་ཀྱང་ལས་རྣམས་འགྲུབ་པོ་ཞེས་བསྟན་པའི་ཕྱིར་ལེའུ་བཅུ་གསུམ་པ་གསུམ་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ ་དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་སྔོན་དུ་སོང་བ་དེ་ལས་ཏེ། གཞན་དུ་ན་ཅུང་ཟད་ཙམ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ ་ཐམས་ཅད་རབ་བསྒྲུབ་པ་ཞེས་བྱ་བ་ནི་སྦྱོར་བའི་ཁྱད་པར་ཏེ། བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དེ་ལ་དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཏེ། རབ་སྒྲུབ་པ་ནི་ཁྱད་པར་དུ་སྒྲུབ་ཅིང་སྒྲུབ་པ་པོ་ལ་བྱེ་བྲག་དུ་བསྐྱེད ་པའོ། །ཅི་ཞིག་ཅེ་ན། གང་ཞིག་ཤེས་པ་ཙམ་གྱིས་ནི་ཞེས་བྱ་བ་ལ། གང་གིས་ནི་ཆོ་ག་གང་གི་སྟེ་ཤེས་པ་ནི་ཁོང་དུ་ཆུད་ནས་ཕྱིས་གོམས་པར་བྱས་པའོ། །ཇི་སྲིད་དུ་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་བྱ་བ་གསུངས་པ། ཨ་ནི་ཞེས་བྱ་བ་ལ ་སོགས་པ་ལ། སྣའི་རྩེ་མོ་ནི་བྱ་མཆུའི་སྒོ་སྟེ། དེར་ཟླ་བའི་དཀྱིལ་འཁོར་ལ་ཨ་བསྒོམ་པའོ། །དེ་བཞིན་དུ་ཡང་ལིང་གའི་ལྟེ་བ་སྟེ། རྡོ་རྗེ་ནོར་བུའི་ཟླ་བ་ལས་དགོད་པར་བྱའོ། །པདམོའི་ལྟེ་བ་རྣམས་སུ་སྦྱར་ཞེས་བྱ་བ་ལ་མང་པོའི་ཚིག་ནི་ཆོས་ཐམས་ཅད ་འབྱུང་བ་བློ་ལ་བསྡོགས་ནས་གསུངས་པ་ཡིན་ཏེ། དེར་རྣལ་འབྱོར་མའི་འཁོར་ལོ་ཀུན་སྦྱར་པ་ནི་བསྐྱེད་པར་བྱ་བའི་དོན་ཡིན་ནོ། །འཁོར་ལོ་དེ་དག་ཅི་འདྲ་ཞེ་ན། ཨ་བ་དྷུ་ཏཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་རྣམས་རྨེལ་ཞིང་སེམས་པ་ན་ཨ ་བ་དྷུ་ཏཱི་སྟེ་གཉིས་སུ་མེད་པའི་སེམས་སོ། །གནས་ནི་དེའི་མཚན་མ་སྦྱན་གསུམ་པའོ། །དེ་གང་དུ་བཞག་ཙ་ན་སྨིན་མའི་བར་དུ་སྟེ་སྨིན་མ་དང་ཉེ་བའི་དཔྲལ་བའི་དབུས་སུའོ། །འདིས་ནི་སྤྱན་གཡས་པ་ནི་སྐུའི་རང་བཞིན་ཡིན་ལ་གཡོན་པ་ནི་གསུང་ཡིན ་ཞིང་དབུ་མ་ནི་སེམས་ཀྱི་མཚན་མ་སྟེ་ཐམས་ཅད་ཀྱི་སྟེང་ན་གནས་པའོ་ཞེས་སྟོན་ཏོ། །དེས་ནི་ཡི་གེ་ཧཱུཾ་ཡང་ཟླ་བ་ཚེས་པ་དང་ཐིག་ལེ་དང་རྣམ་པ་གསུམ་གྱི་བདག་ཉིད་ཅན་ཏེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་དང། རྣལ་འབྱོར་མའི་ཚོགས་རྣམས་སྤྱན ་གསུམ་པར་བྱ་བ་ཡིན་ནོ། །དབྱངས་ཡིག་དང་པོ་ཞེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི་རྣལ་འབྱོར་ལ་དྲན་པ་བསྐྱེད་པ་ཡིན་ཏེ། བསྒོམས་ན་ཞེས་བྱ་བ་ནི། རླུང་གིས་བསྐྱོད་པའི་མེད་དཀྱིལ་འཁོར་དབྱངས་ཡིག་དང་པོ་དང་ལྡན་པ་བསྒོམ་པ་སྟེ། འདིས ་ནི་གཞན་དག་ཀྱང་གནས་པ་ཇི་ལྟ་བ་བཞིན་དུ་བཀོད་ནས་བསྟན་པར་བྱ་བ་ཉིད་དུ་སྟོན་ཏོ། །དེས་ཅི་འགྱུར་ཞེ་ན། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་སྟེ། མཉམ་པར་སྦྱོར་བའི་སྐད་ཅིག་དེ་ཉིད་ལ་དབྱངས་ཡིག་དང་པོའི་ཐིག་ལེ་ལས་སྟེང་དུ་འབར་ངོ་ཞེས་བྱ ་པའི་དོན་ཏོ། །དེས་ནི་རིགས་པའི་རྣལ་འབྱོར་གྱི་འོག་ཏུ་ཕྲ་མོའི་རྣལ་འབྱོར་བྱ་བའི་འབྲེལ་བ་བསྟན་པའོ། །ད་ནི་རྟེན་གྱི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་། ་དེ་ནས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་བསྒོམས་ཀྱི་འོག་ཏུའོ། །འབར་འཕྲེང་རྒྱ་མཚོའི་འཁོར་ལོ་ནི་ཁང་བུ་བརྩེགས་པ་སྟེ། ནང་གི་དཀྱིལ་འཁོར་ཀུན་ནས་ཟླུམ་པོ་ཡིན་པའི་ཕྱིར་འཁོར་ལོ་ཡིན་ལ་རྒྱ་མཚོ་དང་ཆོས་མཐུན་པར་འབར་བའི ་ཕྲེང་བས་ཀུན་ཏུ་ཁྱད་པ་སྟེ་ཁང་བུ་བརྩེགས་པའོ། །ཡང་ཅི་འདྲ་ཞེ་ན། ཀུན་ནས་སྒོ་ཞེས་བྱ་བ་སྟེ། སྒོ་བཞི་པ་ཡིན་པའི་ཕྱིར་རོ། །དེས་ནི་གྲུ་བཞི་ལ་སོགས་པ་ཐམས་ཅད་བལྟ་བར་བསྟན་ཏོ། །ལྟེ་བ་ཞེས་བྱ་བ་ལ་སོགས་པས་ནི་གོ་ཆ་གཉིས ་སྟོན་པ་ཡིན་ཏེ་དཔྲལ་སྟེང་ཞེས་བྱ་བ་ནི་མགོ་བོ། །སྤྱི་གཙུག་འཁོར་ལོ་ཞེས་བྱ་བ་ནི་ལུས་ཐམས་ཅད་བསྡུས་པས་སྤྱིར་ཙུག་ཉིད་འཁོར་ལོ་སྟེ་དེ་དག་ཏུ་དགོད་པའོ། །དང་པོ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་སྔགས་དང་པོར་བཏུ་བ་བསྟན ་བས་ན་དང་པོ་སྟེ། དཔའ་བོ་དྲུག་གི་སྔགས་ཀྱང་བལྟ་བར་བྱའོ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་དུས་སུ་བྱིན་གྱིས་བརླབས་པ་གསུངས་པ། ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྕེ་ཞེས་བྱ་བ་ནི་རྐན་དང་ལྕེ་གཟུང་བ་སྟེ། ཁའི་སྒོལ ་བྱའོ། །གཉིས་དཔའ་བོས་བྱིན་གྱིས་བརླབས་ཞེས་བྱ་བ་ལ་གཉིས་ནི་མིག་གཉིས་དང་ཕྲག་པ་གཉིས་སོ། །གནས་ལྔ་པོ་དེར་དཔའ་བོ་སྟེ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབ་པ་སྟེ། བཀོད་ལ་བསྲུང་བར་བྱའོ། །ཇི་སྐད་དུ་ཧཱུཾ་གིས་ཀུན་ཏུ་མཁས་པས ་བསྲུངས་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་དཔའ་བོ་དང་ནི་རྣལ་འབྱོར་མ། །གཉིས་མེད་ཆོ་ག་ཇི་བཞིན་དུ་ཞེ་བྱ་བ་སྟེ། ནང་དང་ཕྱི་རོལ་གྱི་ཤེས་རབ་དང་མཉམ་པར་སྐྱོར་བ་ལ་བྱིན་གྱིས་བརླབ་པ་ཉིད་དུ་བལྟ་བར་བྱའོ། ། ་དཔའ་བོ་དང་གཉིས་སུ་མེད་པའི་སྦྱོར་བས་ཅི་ཞིག་ཉམས་སུ་བླང་བར་བྱ་ཞེ་ན། གསུངས་པ་མགལ་མེའི་འཁོར་ལོ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་མགལ་མེ་མྱུར་དུ་བསྐོར་བ་འཁོར་ལོར་སྣང་བ་བཞིན་བརྫུན་པའི་བདག་ཉིད་ཅན་གྱིས་ལུས ་རྣམ་པ་གཞན་དུ་སྣང་བ་ཡིན་ལ་དེ་ལ་གནས་པ་ནི་དེར་དམིགས་པའོ། །དེ་གཉིས་ཀྱིས་ན་འཁོར་ཞེས་བྱ་བ་གསུངས་ཏེ། བཅོས་མ་ལ་རྣམ་པར་འཁྲུལ་པའོ། །དེ་བཞིན་ཞེས་བྱ་བ་ནི་ཉེ་པར་སྦྱར་བ་སྟེ། བདག་གི་ལུས་གཉིས་མེད་པར་ཉམས་སུ་བླང་བ་དེ ་བཞིན་དུ་དཀྱིལ་འཁོར་བའི་མཁའ་འགྲོ་མ་རྣམས་ཀྱང་བརྫུན་པའི་དོན་གྱིས་དོན་དམ་པར་གཉིས་སུ་མེད་པར་བསྒོམ་པའོ། །ཡིད་ཤུགས་ཆེན་པོའི་རིག་པ་ཆེ་ཞེས་བྱ་བ་ལ་ཡིད་ནི་ཡིད་ཙམ་སྟེ་སེམས་ཙམ་མོ་ཤུགས་ནི་དེའི་འཇུག་པའོ། །རིག་པ་ཆེ ་ནི་རང་རིག་པ་ཡིན་པའི་ཕྱིར་ཏེ། དེ་དག་གིས་ནི་མཁའ་འགྲོ་མ་དེ་དག་གིས་སྐྱེ་བ་དང། རང་རིག་པའི་སེམས་ཙམ་གྱིས་འཇུག་པ་ཡིན་པས་ཁྱད་པར་ཅན་དུ་སྟོན་ཏོ། །གློག་ལྟ་བུར་ནི་གསལ་བའི་འོད་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་ཏེ་མཁའ་ ་འགྲོ་མ་རྣམས་དེ་ལྟར་བསྒོམ་མོ་ཞེས་བྱ་བ་ལྷག་མའོ། །ཅི་འདྲ་ཞེ་ན། ལྷའི་ཞེས་བྱ་བ་ལ་སོགས་པ་སྟེ། དུས་སུ་ཞེས་བྱ་བ་ལ་ནི་ལུང་ཡིན་ལ་མན་ངག་གིས་ནི་ལ་ཕྱིས་ན་སར་སྦྱར་རོ། །དེས་ནི་རྣམ་པར་འགྱུར་ཏེ་ལྷའི་རྣམ་པའི་རྣལ་འབྱོར་དུ ་སྦྱར་རོ། །ཇི་ལྟར་སྤྲོ་བར་བྱ་ཞེ་ན། ཤིན་ཏུ་ཕྲ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཚོགས་ཞེས་བྱ་བ་ནི་དབུས་ཀྱི་རྡུལ་ལ་ཕྱོགས་དྲུག་ནས་རྡུལ་གྱིས་བསྐོར་བའོ། །དེས་ཅིར་འགྱུར་ཞེ་ན། ཤིན་ཏུ་ཕྲ་བ་སྟེ་གཅིག་དང་དུ་མ་དང་བྲལ ་པས་རང་བཞིན་མེད་པར་འགྱུར་རོ། །དེ་ཡང་གསུངས་པ། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར་ཞེས་བྱ་བ་སྟེ་རིགས་པའོ། །དངོས་པོར་བསྒོམ་ཞེས ་བྱ་བ་ལ་དངོས་པོ་ནི་རགས་པ་སྟེ། ཕྲ་བ་རང་བཞིན་མེད་པ་ལས་འདུས་པ་རགས་པར་སྣང་བ་སྟེ། ཆུ་ཟླ་ལྟ་བུའི་ལུས་ཉམས་སུ་མྱོང་བ་ཙམ་དུ་བསྒོམ་པའོ། །དེ་ཉིད་ཀྱིས་ན་འགྱུར་བ་མེད་ཅིང་སྣང་བ་མེད་ཅེས་གསུངས་སོ་། ་དེས་ཅིར་འགྱུར་ཞེ་ན། ཀུན་མཁྱེན་འབྲས་བུ་སྟེར་བའོ། །ཞེས་བྱ་བ་སྟེ། དེ་ལྟར་བསྒོམ་བཞིན་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅན་གྱི་འབྲས་བུར་འགྱུར་བའོ། །ཁ་ཅིག་ན་རེ་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྟེ་བ་ཞེས་བྱ་བ་ནི་སྙིང་ཀའི་པདྨའི ་ལྟེ་བ་སྟེ། དེར་རྣལ་འབྱོར་མ་ཞེས་བྱ་བ་ཟླ་ཚེས་དང་ཐིག་ལེར་བཅས་པ་དབྱངས་ཡིག་དང་པོ་དགོད་པའོ། །ལྕེ་གཉིས་ཞེས་བྱ་བ་ནི་ལྕེ་དང་ལྕེའི་ཆུང་སྟེ། དེ་དག་སྡིག་སྐྱོབ་ཀྱི་རྩ་དང་བཅས་པར་དཔའ་བོ་སྟེ། བཟླས་པའི་སྔགས་ཀྱི་ཕྲེང་བ་བྱིན་གྱིས་བརླབ ་པ་སྟེ། ལམ་དེ་ནས་སྤྲོ་བསྡུ་བྱ་ཞིང་དེས་བཟླས་པའོ། །དཔའ་བོ་དང་ནི་རྣལ་འབྱོར་མ། །གཉིས་མེད་ཆོ་ག་བཞིན་དུ་བྱ་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་མཉམ་པར་སྦྱོར་བ་ལས་རྡོ་རྗེའི་ལམ་ནས་སྔགས་ཀྱི་ཕྲེང་བ་ཕྱུང་སྟེ། ལྷ་མོའི་སྙིང་གར་ཞུགས ་ཤིང་དེའི་ཁ་ནས་བདག་གི་ཁར་ཨ་བ་དྷུ་ཏཱིའི་ལམ་ནས་ཞུགས་ཏེ། ཡང་དང་ཡང་དུ་དགོད་པར་བྱའོ། །དེ་ཉིད་ཀྱིས་ན་མགལ་མེ་འཁོར་ལོ་ལ་གནས་པ་ཞེས་བྱ་བ་གསུངས་ཏེ། སྔགས་ཀྱི་ཕྲེང་བ་མགལ་མེའི་འཁོར་ལོ་ལྟར་ཞི་བ་ལ་སོགས་པའི ་ལས་ཀྱི་ཆོ་ག་བཞིན་བཟླས་པའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བསྒོམ་པ་བསྟན་ཏེ་བཤད་པ་ནི་སྔ་མ་བཞིན་ནོ། །དེ་ཡང་འདི་ལྟར་ཞི་བ་ལ་ནི་སྔགས་ཀྱི་ཕྲེང་བའི་ཐམ་གཉིས་ཀར་ཨོཾ་དང་སྤེལ་ལོ། །རྒྱས་པ་ནི་སྭཱཧཱ། ་དྲག་པོ་ལ་ནི་ཧཱུཾ་ངོ། །ཡང་ན་ལྟེ་པའི་སྙིང་ག་དང་ནི་ཞེས་བྱ་བ་ལ་སོགས་པས་འོག་ནས་འབྱུང་བའི་ཆོ་ག་གཉིས་ཀྱི་རྗེས་ལ་ཆོ་གའི་རྣམ་པ་གཞན་བསྟན་པ་ཡིན་ཏེ། གནས་ལྔ་རྣམས་སུ་གོ་རིམ་བཞིན་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་སྭཱཧཱ་ཞེས ་བྱ་བ་དང། ཨོཾ་བཛྲ་བཻ་ཙ་ནཱི་ཡེ་སྭཱཧཱ་ཞེས་བྱ་བ་དང། ཨོཾ་ཧྲཱི(རྒྱུད་འགྲེལ་སྟེ། དགོད་པའོ། །ལྟེ་བའི་སྙིང་ག་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོའི་ལུས་ལའང་དེ་ལྟར་དགོད་པ་བསྟན་ཏེ། རྣལ་འབྱོར་མ་ཞེས་བྱ་བ་ནི་དྲུག་པའི་དོན་གྱིས་དང་པོ་ཡིན་ནོ། །ལྕེ་ཞེས་བྱ་བ་ནི་བདུན་པའི་དོན་གྱིས་དང་པོའོ། །གཉིས་ཞེས་བྱ་བ་ནི་དཔྲལ་བ་དང་སྤྱི ་གཙུག་སྟེ། འདི་ཡང་དོན་ནི་བདུན་པ་ཡིན་ནོ། །དཔའ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྔགས་དེར་དགོད་པའོ། །དེ་ཉིད་ཀྱིས་ན་དཔའ་བོ་དང་ནི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །མེ་ཏོག ་ཅེས་བྱ་བ་ལ་སོགས་པ་བདག་ཉིད་མེ་ཏོག་གི་ཤིང་རྟ་ལ་གནས་པའི་མཁའ་འགྲོ་མར་བསྒོམས་ལ་མཁའ་འགྲོ་མ་ཕུལ་བའི་མེ་ཏོག་ལ་ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་སྔ་མ་ལྟར་བཟླས་ཏེ། གང་ལ་བྱིན་པ་དེའི་ལུས་ལ་སོགས་པ་རྒྱས་བཏབ ་པར་འགྱུར་རོ། །དུང་དང་ཞེས་བྱ་བ་ལ་སོགས་པ་ནི་ལྟུང་བྱེད་མའི་སྦྱོར་བ་བསྟན་པ་ཡིན་ཏེ་བལྡད་ཅིང་བཟླས་ན་ཞེས་བྱ་བ་ནི་ལྟུང་བྱེད་མའི་སྦྱོར་བས་བསྒྲུབ་བྱ་ཁ་རུ་བཅུག་སྟེ་བལྡད་པར་བསམ་ཞིང་ཨོཾ་པ་ཏ་པ་ཏ་ནི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་སྔ་མ་བཞིན་དུ་བཟླས ་ན་ལྟུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་བསྟན་པ་ཡིན་ཏེ། མདུང་ཚུལ་ཉི་མའི་འོད་ཅན་ནི་ཞེས་བྱ་བ་ལ་བདག་ཉིད་གསོད་བྱེད་མ་མདུང་གི་དབྱིབས་ཅན་དུ་བསྒོམས་ནས་བསྒྲུབ་པར་བྱ་བའི་མགོ་བོ་ནས་ལུས་ཀྱི་ནང་དུ་ཞུགས ་པར་བསམས་ལ། ཧཱུཾ་མ་ར་ནི་དེ་བ་དཏྟ་ཧཱུཾ་ཞེས་བྱ་བའི་སྔགས་སྔ་མ་བཞིན་དུ་བཟླས་ནས་སྟེང་དུ་བལྟས་ན་ཞེས་བྱ་བ་བསྒྲུབ་བྱ་སྟེང་དུ་བལྟས་པར་བསྒོམས་ན་འཆི་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཡང་ལས་གཞན་གསུངས་པ་ཡིན་ཏེ། སྤྱོད ་བ་འདི་ནི་ཧཱུཾ་དེ་བ་དཏྟ་སྱེ་ཧྲི་ད་ཡ་ཨཱ་ཀ་ར་ཥ་ནི་ཧཱུཾ་ཞེས་ཟློས་ཤིང་བྱ་སྟེ་གོ་སླའོ། །རླུང་གི་དཀྱིལ་འཁོར་ལ་གནས་ཏེ་ཞེས་བྱ་བ་ནི་བདག་ཉིད་རླུང་གི་དཀྱིལ་འཁོར་ལ་གནས་པའི་གར་མཛད་པར་བསྒོམ་པའོ། །རླུང་མདོག་སྒྲུབ་བྱ་རླུང ་ནང་བསམ། ཞེས་བྱ་བ་ནི་བསྒྲུབ་བྱ་རླུང་ལྟར་མདོག་སྔོ་ཞིང་རླུང་ལ་གནས་པར་བསམ་ལ། རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི་ཞེས་བྱ་བ་ནི་བསྒྲུབ་བྱའི་སྙིང་གར་རླུང་གི་དཀྱིལ་འཁོར་གྱིས་སེམས་གཡོ་བ་དང་བཅས་པར་བསམ་པའོ། །སྔགས་ཟློས་ཤིང ་ཞེས་བྱ་བ་ནི་ཡུཾ་དེ་བ་དཏྟ་དང། ནརྟ་པ་ཡ་ནརྟ་པ་ཡ་ཡུཾ་ཞེས་བྱ་བ་སྔ་མ་ལྟར་བཟླས་པའོ། །ལྷག་མ་ནི་གོ་སླའོ། །མཆོད་པ་རྡོ་རྗེ་རབ་སྦྱར་གྱིས། ཞེས་བྱ་བ་ལ། མཆོད་པ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་དང་མཆོད་པ་ཆེན་པོ་སྟེ་བཞིའོ། །དེ་ལ ་ཕྱིའི་མཆོད་པ་ནི་མེ་ཏོག་ལ་སོགས་པའོ། །གསང་བ་ནི་ལྷ་མོ་དང་བདུད་རྩི་ལྔ་ལ་སོགས་པའོ། །དེ་ཁོ་ན་ཉིད་ནི་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་ཤེས་པའོ། །མཆོད་པ་ཆེན་པོ་ནི་པདྨའི་ནང་ནས་བདུད་རྩི་ལེན་པའོ། །རྡོ་རྗེ་ནི་རྟག་ཏུ་ལྷའི་གཟུགས ་ཀྱིས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། དོགས་པ་མེད་པའི་སེམས་ཀྱིས་ཉེ་བའི་ལོངས་སྤྱོད་ལ་ཅི་བདེར་ལོངས་སྤྱོད་པའོ། །རབ་ཏུ་སྦྱོར་བ་ནི་མཆོད་པའི་རབ་ཏུ་དབྱེ་བ་དེ་དག་གིས་སྦྱོར་ཞིང་ལེན་པའོ། །ལས་རྣམས་ཀུན་ནི་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་ཉིད་དེ། དེ་དག་སྦྱོར་བ་དེས་བསྒྲུབ་པར་བྱ་བའོ། །དངོས་གྲུབ་ཀྱིས་ལྷན་ཅིག་བྱེད་པའི་རྒྱུ་གཞན་བསྟན་པའི་ཕྱིར་རོ། །སྙིང་ག་ཞེས་བྱ་བ་ལ་སོགས་པས་གོ་ཆའི་སྔགས་དགོང་པ་བསྟན་ཏེ། སྙིང ་ག་ལ་སོགས་པ་བསྟན་པ་འདི་ཉིད་ཀྱི་བཤད་པ་ནི་ལྟེ་བ་སྙིང་ག་རྣམས་སུ་ནི་ཞེས་བྱ་བ་འདི་ཡིན་ཏེ། ནི་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བསྒྱུར་བ་སྟེ། ཡང་ཞེས་བྱ་བ་ཡིན་ནོ། །དེ་ནས་དཔྲལ་བ་ལ་སོགས་པ་གཟུང་ངོ། །དེ་དག་མིང་ནས་གཟུང ་སྟེ་བསྟན་པའི་ཕྱིར། དང་པོ་རྡོ་རྗེ་སེམས་དཔའ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྣལ་འབྱོར་མ་དྲུག་གི་གོ་ཆ་གསུངས་པ། སླར་ཡང་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ་སླར་ཡང་ཞེས་བྱ་བ་ནི་དཔའ་བོའི་གོ་ཆའི་གནས་གང་ཡིན ་པ་དེ་ཉིད་ཡང་རྣལ་འབྱོར་མ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དྲུག་པོ་འདི་དག་ཅེས་བྱ་བ་ནི་སྔགས་དྲུག་པོ་འདི་དག་གོ་།རིག་པ་ཆེ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་རང་བཞིན་ནོ། །གང་ལས་ཤེ་ན་གསུངས་པ། ་ཕ་རོལ་ཕྱིན་པ་རྣམ་པ་དྲུག་ཅེས་བྱ་བ་སྟེ། དྲུག་ནི་སྦྱིན་པ་ལ་སོགས་པའོ། །ཕ་རོལ་ནི་རྣམ་པར་དག་ཅིང་མཐར་གཏུགས་པའི་མཚན་ཉིད་དོ། །ཕྱིན་པ་ནི་སོན་པ་སྟེ་དེ་བཞིན་གཤེགས་པའི་བདག་ཉིད་དོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ ་འདིས་རྣལ་འབྱོར་མ་དྲུག་གི་སྔགས་རྣམ་པར་དག་པ་བསྟན་ཏེ། ཡེ་ཤེས་རྙེད་པའི་ངོ་བོ་ཉིད་དུ་སྟོན་ཏོ། །དེ་བཞིན་དུ་དཔའ་བོའི་གོ་ཆ་དྲུག་ནི་ཉོན་མོངས་པ་དྲུག་རྣམ་པར་དག་པ་ཡིན་པར་ཤེས་པར་ཡང་བྱའོ། །དབང་བསྐུར་བའི་རྗེས་ལ་མཆོད ་པ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །སྨོན་པའི་སེམས་ཀྱི་རྗེས་ལ་འཇུག་པའི་སེམས་བསྒོམ་པ་བསྟན་པའི་ཕྱིར། བདག་ཉིད་ཅེས་བྱ་བ་ལས་སོགས་པ་གསུངས་ཏེ། བདག་ཉིད ་ཧེ་རུ་ཀར་བྱས་ནས་སེམས་ཅན་ཐམས་ཅད་ཧེ་རུ་ཀར་བྱའོ། །སྙམ་པ་འདི་ནི་སྨོན་པའོ། །དཔལ་ལྡན་ཧེ་རུ་ཀ་དྲན་བྱ་ཞེས་བྱ་བ་ནི་འཇུག་པའི་སེམས་ཏེ། ཧེ་རུ་ཀར་བསྒོམ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་ཡེ་ཤེས་ཀྱི་སེམས་དཔའ་ ་གཅིག་ཏུ་བྱ་བ་གསུངས་པ། དམ་ཚིག་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ནི་དམ་ཚིག་གི་སེམས་དཔའ་ཨོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་སེམས་དཔའ་ཨོ། །གཅིག་གྱུར་ནི་འདྲེས་ཤིང་རོ་གཅིག་ཏུ་གྱུར་པའོ། །དེས་ཅིར་གྱུར་ཞེ་ན། ་དེས་འདི་རྡོ་རྗེ་ཅན་ཆེན་བརྗོད་ཅེས་བྱ་བ་སྟེ་དེས་ཞེས་བྱ་བ་ནི་དམ་ཚིག་དང་ཡེ་ཤེས་འདྲེས་པ་ངེས་སོ། །རྡོ་རྗེ་ཅན་ཆེན་འདི་ཞེས་བྱ་བ་ནི་སེམས་ཀྱིས་ཏེ་རང་བཞིན་མེད་པར་རིག་པས་སོ། །བརྗོད་པ་ནི་གདོན་པ་སྟེ། ཨོཾ ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །མཆོད་ཆེན་ཞེས་བྱ་བ་ནི་མཆོད་པ་རྣམ་པ་བཞིའོ། །སྔགས་ཀྱིས་དགོད་པ་ཞེ་བྱ་བ་ནི་གོ་ཆའི་སྔགས་ལ་སོགས་པ་དགོད་པའོ། །དཔའ་བོའི་མཆོད་པ་ཞེས་བྱ་བ་ནི་བརྡའི་མཚན་ཉིད་དང། ཚིགས་ཀྱི་མཆོད ་པའོ། །ལྷག་མ་ནི་གོ་སླའོ། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་ཞེས་བྱ་བ་ནི་རྒྱུད་འདི་ལས་སྔགས་ལ་སོགས་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་སྦྱར་བ་སྟེ། མན་ངག་ལས་ཤེས་པར་བྱའོ། །ལས་ཀྱི་མདོག་ཏུ་རྣམ་པར་བསྒོམ་ཞེས་བྱ་བ་ནི་ཞི་བ་ལ་སོགས ་པའི་ལས་དང་མཐུན་པའི་མདོག་ཏུ་བསྒོམ་པ་སྟེ་ཞི་བ་ལ་དཀར་པོའོ། །རྒྱས་པ་ནི་སེར་པོ་ཞེས་བྱ་བ་ལ་སོགས་པར་བལྟའོ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི་ཞེས་བྱ་བ་ལ་དེ་ཉིད་དབྱེ་བ་ནི་ལས་ཀྱི་དབྱེ་བའོ། །བྱེ་བ་ནི་དེས་སྔགས་ཀྱི་ཕྲེང་བས་ཁྱད་ ་པར་དུ་བྱ་བའོ། །རྩའི་ལམ་ཞེས་བྱ་བ་ན་རྡོ་རྗེ་དང་པདྨའི་ལམ་དུའོ། །སྦྱར་བར་བྱ་བ་ནི་ལམ་དེ་ནས་སྔར་བསྟན་པའི་ཚུལ་གྱིས་སྦྱར་བར་ཤེས་པར་བྱའོ། །སྦྱོར་བའི་དོན་ཀུན་ལ་ཞེས་བྱ་བ་ནི་ལས་ཐམས་ཅད་དེ་བསྒྲུབ་པར་བྱ་བ་དང་འབྲེལ་ཏོ། །ཅེས ་ཤེས་ན། དགའ་བ་ཆེན་པོ་འདིས་ཏེ་འདས་མ་ཐག་པའི་སྦྱོར་བ་ངེས་སོ། །ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། ལྷ་དང་ལྷ་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་བའི་ལྷ་དང་ལྷ་མིན་ཏེ་ལྷ་མ་ཡིན་དང་མིར་བཅས་ཏེ་མི་དང་བྱོལ་སོང་ལ་སོགས་པའོ། །ལྷག ་མ་ནི་གོ་སླའོ། །དཔའ་བོའི་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་ལས་དཔའ་བོའི་གཉིས་སུ་མེད་པའི་མཆོད་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རབ་ཏུ་འབྱུང་བ་སྟེ། སྐྱེ་བར་སྟོན་པ་དེ་ནི་རིམ་པར་ཕྱེ་བས་ཏེ་བཅུ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།འཁོར་ལོ་གསུམ་ལ་དབང་བསྒྱུར་བའི་རྣལ་འབྱོར་མ་རྣམས་ཀྱི་ཕྱི་དང་ནང་གི་གནས་བསྟན་པར་བྱ་བའི་ཕྱིར ་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་བཞི་པ་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་འདིར་གསོལ་བ་བཏབ་པ་དངོས་སུ་མ་མཐོང་བ་རྣམས་ལ་ཡང་དོན་གྱིས་བལྟ་བར་བྱ་སྟེ། གཞན་དུ་ན་དེ་ཁོ་ན་ཉིད་ཟབ་མོ་བསྟན་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་དེ ་ནས་ཞེས་བྱ་བ་ནི་དཔའ་བོའི་གཉིས་སུ་མེད་པའི་མཆོད་པ་ལ་སོགས་པ་བསྟན་གྱི་འོག་ཏུ་སྟེ། བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། ཅི་ཞིག་ཅེ་ན། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་གསུང་ཐུགས་ཀྱི་འཁོར་ལོར་གནས་པའི ་བྱེ་བྲག་ནི་འཁོར་ལོ་གསུམ་དང་འབྲེལ་པའི་གནས་རྣམས་ཀྱི་ཁྱད་པར་ཏེ། སྤྱི་བོ་ལ་སོགས་པའི་རབ་ཏུ་དབྱེ་བའོ། །ཡུལ་གྱི་དབྱེ་བ་ནི་མཱ་ལ་ཡ་ལ་སོགས་པའི་ཡུལ་རྣམས་སོ། །གནས་ཀྱི་རབ་ཏུ་དབྱེ་བ་ནི་དེ་དག་གནས་ལ་སོགས་པའི ་རང་བཞིན་གྱིས་དབྱེ་བའོ། །དེ་ཉིད་གསུངས་པ། མགོ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་མགོ་ནི་སྐྲའི་སྐྱེ་གནས་སོ། །སྤྱི་གཙུག་ནི་གཙུག་ཕུད་ཀྱི་སྐྱེ་གནས་སོ། །རྒྱབ་ཚོགས་ནི་སྒལ་ཚིགས་ཀྱི་དབྱུག་པའོ། །མིག་ཅེས་བྱ་བ་ནི་མིག་གཉིས་སོ། ། ་དཔུང་པ་ཞེས་བྱ་བ་ཡང་གཉིས་སུ་བལྟ་བར་བྱའོ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས་ཞེས་བྱ་བ་ལ། ཁ་ནི་སེམས་རྣམ་པར་དག་པ་སྟེ། དམིགས་མེད་ཡེ་ཤེས་ནམ་མཁའ་ཡིན་ཞེས་གསུངས་པའི་ཕྱིར་རོ། །སྤྱོད་པ་ནི་དེའི་རྒྱུ་བའོ། །ཡང་ན་ཁ་ནི་ཕྱི ་རོལ་གྱི་ནམ་མཁའ་སྟེ། དེ་ཐམས་ཅད་ཁྱབ་པར་རྒྱུ་བ་ནི་སྤྱོད་པའོ། །ཐུགས་ཀྱི་འཁོར་ལོར་གནས་ཞེས་བྱ་བ་ནི་མགོ་ལ་སོགས་པ་དང་མཱ་ལ་ཡ་ལ་སོགས་པ་ཕྱི་ནང་གི་ཡུལ་དེ་དག་ནི་ཐུགས་ཀྱི་རང་བཞིན་དུ་རྣམ་པར ་བཞག་ཅིང་ཐ་སྙད་དུ་བྱས་པའོ། །ཞེས་བྱ་བའི་དོན་ཏོ། །ཅི་ལྟ་བུ་ཞིག་ཙེ་ན། གནས་ཀྱི་ཁྱད་པར་ཚུལ་གྱིས་ཏེ། མཱ་ལ་ཡ་ལ་སོགས་པའི་ཡུལ་རྣམས་ལ་གནས་དང་ཉེ་བའི་གནས་སུ་བཞག་པས་སོ། །མཆན་ཁུང་ཞེས་བྱ་བ་ཡང་མཆན་ཁུང ་གཉིས་སོ། །ནུ་མ་ཡང་དེ་བཞིན་ནོ། །དེ་དག་ཅེས་བྱ་བ་ནི་ཡུལ་གཉིས་པོ་དེ་དག་གོ་།ཆུ་སོ་ཞེས་བྱ་བ་ནི་ས་བོན་གྱི་སྤུབས་གཉིས་སོ། །ས་སྤྱོང་གསུང་གི་འཁོར་ལོར་གནས་ཞེས་བྱ་བ་ལ་ས་ནི་སའི་དཀྱིལ་འཁོར་ཏེ་ས་སྟེང་ངོ། །སྤྱོད་པ་མི་དེར་རྒྱུ་བ་སྟེ ་དེ་ཡང་ཐ་སྙད་དུ་བཏགས་པའོ། །གནས་ཀྱི་ཁྱད་པར་ཚུལ་གྱིས་ན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཏེ། ལྟག་འོག་ཏུ་སྦྱར་བར་བྱའོ། །ཡང་ན་ཕྱི་ནང་གི་ཡུལ་གྱི་དབྱེ་བ་སྟེ་སྔར་བཤད་པ་བཞིན་ནོ། །མཚན་ཞེས་བྱ་བ་ནི་ཕོ་མཚན་ནོ། །བརླ་ནི ་བརླ་གཉིས་སོ། །སོར་མོ་རྣམས་ནི་རྐང་པའི་སོར་མོ་ཕལ་པ་བརྒྱད་དོ། །མཐེ་བོ་ནི་རྐང་པའི་མཐེ་པོ་གཉིས་སོ། །དེ་བཞིན་དུ་པུས་མོ་ཡང་གཉིས་སུ་བལྟའོ། །ས་འོག་ནི་ཞེས་བྱ་བ་ལ་སོགས་པ་ཡང་སྔར་བཤད་པ་བཞིན་རྣལ་འབྱོར་མ་རྣམས་ཀྱིས ་བརྡར་བཏགས་པར་བལྟ་བར་བྱ་སྟེ། འདི་ལྟར་ཛམྦུའི་གླིང་ཉིད་ཀྱིས་ཡུལ་དང་གནས་དེ་དག་ནི་རྣལ་འབྱོར་མ་རྣམས་བཞུགས་ཏེ། གླིང་འདི་ཉིད་ལས་ཀྱི་ས་ཡིན་པར་ལས་རྣམས་འགྲུབ་པར་འགྱུར་གྱི་གླིང་གཞན་ན་ནི་དེ་ཉིད་ཀྱི་ལས་ཀྱི་ས་དེར་འབྲས་བུ ་སྨིན་པར་མི་འགྱུར་ཏེ། གཞན་གྱི་འབྲས་བུ་ཡིན་པའི་ཕྱིར་དེ་དག་ཏུ་ལས་མི་འགྲུབ་པས་རྣལ་འབྱོར་མ་རྣམས་གླིང་གཞན་དུ་མི་གཤེགས་སོ། །གསེར་གླིང་ནི་ཛམྦུའི་གླིང་དང་ཉེ་བའི་ཕྱིར་གཟུང་ངོ། །རང་ལུས་སྐྱས་པའི་ཡུལ་འདི་དག་ཅེས་བྱ་བ་ནི ་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་ལུས་ཀྱི་གནས་མཱ་ལ་ཡ་ལ་སོགས་པའི་བརྡར་བྱས་པ་རྣམས་ནང་གི་ཛམྦུའི་གླིང་ཞེས་བྱ་བའི་དོན་ཏོ། །ཕྱི་དང་ནང་ན་ཡང་དག་གནས་ཞེས་བྱ་བ་ནི་ཇི་ལྟར་ཕྱི་རོལ་བཞིན་དུ་ནང་དུ་ཤེས་པར་བྱ་ལ་ནང་བཞིན་དུ་ཡང་ཕྱི་རོལ་ཤེས་པར་བྱ་སྟེ། ་ཕྱི་ནང་གི་ཡུལ་གྱི་དབྱེ་བ་དེ་རྣམས་སེམས་ཀྱི་ཉེ་བར་གཞག་པ་ལས་གཞན་པ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་གསུངས་པ། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་ལ་སོགས་པས་ཕྱི་དང་ནང་གི་ཡུལ་ཐམས་ཅད་དུ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ།། ་རྩ་རྣམས་ཀུན་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པའི་རྣལ་འབྱོར་མའི་རང་བཞིན་གྱི་རྩའོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་ཞེས་བྱ་བ་ནི་མཱ་ལ་ཡ་ལ་སོགས་པའི་བུ་མོ་རྣམས་ཏེ། ནང་དུ་ནི་རྩའི་གཟུགས་སུ་གནས་སོ་ཞེས་བྱ་བ་དང་འབྲེལ་ཏེ་ཞེས་བྱ་བ་ལ་སོགས་པ ་ནི་སྡུད་པ་པོའི་ཚིག་གོ་།སླར་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལུང་ངོ། །མུལླི་ར་དང་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མ་རྣམས་ཀྱིས་བྱ་བའི་སྒོ་ནས་ཁྱད་པར་བསྟན་པ་ཡིན་ནོ། །སྙིང་ཕུག་ཅེས་བྱ་བ་ནི་སྙིང་གི་པདྨའོ། །ལྷག་མ་ནི་གོ ་སླའོ། །སྙོམས་པར་ཞུགས་པས་ཡང་དག་གནས་ཞེས་བྱ་བ་ལ་འདས་མ་ཐག་པ་དེ་དག་ནི་ཐབས་གཙོ་བོར་བྱས་ནས་བསྟན་པ་ཡིན་ཏེ། དོན་གྱིས་ཤེས་རབ་ཀྱང་བལྟ་བར་བྱའོ། །དེས་ན་སྔར་བསྟན་པའི་ཐོད་པའི་དུམ་བུ་ཅན་ལ་སོགས་པ་དང། རབ་ཏུ་གཏུམ ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཇི་སྐད་སྨོས་པའི་གདན་རྣམས་ལ་སྙོམས་པར་ཞུགས་པ་ཡིན་ཏེ། དཔའ་བོ་རྣམས་ཀྱི་མདོག་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ། །བུང་བུ་རྣམས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་མཁའ་འགྲོ་མ་རྣམས་བོང ་བུའི་ཆ་བྱད་དུ་བྱ་བའོ། །ལྷའི་དགྲ་ཞེས་བྱ་བ་ནི་ཧེ་རུ་ཀའོ། །སྣངས?་གཞོན་ནུ་ཞེས་བྱ་བ་ནི་བད་ཀན་དུ་གཏོགས་པའི་སྣ་ཆུའོ། །ས་འོག་ཏུ་སྤྱོད་པ་ཞེས་བྱ་བ་ལ་པཱ་ཏཱ་ཞེས་བྱ་བ་ལ་པཱ་ཏཱ་ནི་ལྟུང་བ་སྟེ། འོག་ཏུ་ལྟུང་བའི་རྫས་སོ། །ལ་ནི་ལེན་པ་སྟེ་དེ་དག་བདག ་གིར་མཛད་པའོ། །དེས་ལྟུང་བའི་རྫས་ལུས་བདག་གིར་མཛད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་རྡོ་རྗེའི་རང་བཞིན་གྱིས་རྒྱུ་བའོ། །འདི་དག་ནི་ཚོགས་པ་རྙེད་ནས་རྫས་དེ་དག་སྐྱེ་བར་འགྱུར་ཏེ། རྫས་སུམ་ཅུ་རྩ་བདུན་ལས་སོ ་དང་སེན་མོ་ལ་སོགས་པ་རྫས་ཉི་ཤུ་རྩ་བཞི་གཙོ་བོར་བྱ་སྟེ། རྣལ་འབྱོར་མ་དང་བཅས་པའི་དཔའ་བོ་རྣམས་ཀྱིས་རྣམ་པར་དག་ཅིང་སྦྱར་བར་བྱའི། དཔའ་བོ་འབའ་ཞིག་གིས་ནི་མ་ཡིན་ཏེ། གཙོ་བོར་བསྟན་པ་ཙམ་དུ་ཟད་དོ། །དཔའ་བོའི་ཞེས་བྱ ་བ་ལ་སོགས་པ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་གཉིས་སུ་མེད་པའི་གནས་ཏེ། ཕྱི་ནང་གི་ཛམྦུའི་གླིང་ཡུལ་རྣམས་མཐོ་རིས་ལ་སོགས་པའི་ས་གསུམ་དུ་བསྟན་པའོ།། དེ་སྟོན་པའི་གཞུང་གིས་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་བཞི ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཕྱི་ནང་གི་ཡུལ་ལ་སོགས་པ ་བསྟན་པའི་འོག་ཏུའོ། །ལས་ཀྱི་རབ་མཆོག་ཅེས་བྱ་བ་ནི་བཤད་དོ་ཞེས་བྱ་བ་དང་འབྲེལ་ཏོ། །སྤྲུལ་པའི་འཁོར་ལོ་ལ་སོགས་པར་གྱུར་པའི་ལས་ཀྱི་རབ་མཆོག་གོ་།སྦྱར་བ་ཀུན་གྱི་དམ་པ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྦྱོར་བ་རྣམས་ཀྱིས ་ནང་ན་དམ་པ་སྟེ་གཙོ་བོའོ། །གང་ཡང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ལ་སྔགས་གང་དག་གིས་གྲུབ་པ་སྟེ། དངོས་གྲུབ་དམ་པ་བྱེད་པ་སྟེ། སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཞེས་བྱ་བ་ནི་སྔགས་དེ་རྣམས་ཀྱིའོ། །དབྱེ་བ་ཇི ་ལྟར་འབྱུང་བ་བཞིན་བཤད་ཅེས་བྱ་བ་ནི་སྔགས་རྣམས་ཀྱི་བྱེ་བྲག་སྤྲུལ་པའི་འཁོར་ལོ་ལ་སོགས་པས་ཇི་ལྟར་སྐྱེ་བ་བཞིན་བཤད་པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས་ཞེས་བྱ་བ་ལ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མ་ལ་སོགས་པའོ། །ཡི་གེ་ནི ་དེ་རྣམས་ཀྱི་ཡི་གེ་སྟེ་ཡི་གེ་ཉིད་སྔགས་སོ། །དེ་ཡང་རྐང་པ་བརྒྱད་པ་ལ་སོགས་པ་ཡིན་ཏེ། འདི་ལྟར་ཨོཾ་ཡ་མ་དུ་ཏཱི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་གཤིན་རྗེ་ཕོ་ཉ་མོའི་སྔགས་སོ། །སོགས་ཀྱིས་ན་དེ་བཞིན་དུ་ཨོཾ་ཡ་མ་དཱ་ཌཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ ་ཅེས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ཀྱིའོ། །དེ་བཞིན་དུ་པྲ་ཙཎྜ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས། ཨོཾ་མ་ཧཱ་བཱིར་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་དེ་བཞིན་དུ་ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས། ་ཨོཾ་སུ་ཀཱ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ་སྒོ་སྐྱོང་བཞིའི་སྔགས་ཡིན་ཏེ། དེ་དག་དང་གཞན་རྐང་པ་བརྒྱད་པ་ལ་སོགས་པ་རྩ་བ་དང་སྙིང་པོ་དང་ཉེ་བའི་སྙིང་པོ་ཐམས་ཅད་དོ། ཡང་ན་དེ་དག་ནི་ཕོ་ཉ་ལ་སོགས་པའི་ཡི་གེ་ཡིན་ལ། སྔགས་ནི་ཨོཾ་ན་མོ་བྷ ་ག་བ་ཏེ་བཱི་རེ་ཤཱ་ཡ་ཞེས་བྱ་བ་ལ་སོགས་པ་རྐང་པ་བརྒྱད་དང། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་རྩ་བའི་སྔགས་དང། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་གཉིས་པ་ལ་སོགས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་བར་དུའོ། །རྐང ་པ་བརྒྱད་པ་དང་ཀ་ར་ཀ་ར་ལ་སོགས་པ་སྔགས་རྣམས་ཀྱི་རྣམ་པར་དབྱེ་བ་མཆོད་པའི་དུས་སུ་ནི་གོ་སླའོ། །མདའི་ཤུགས་ཀྱིས་ཡོངས་སུ་འཁོར་ཞེས་བྱ་བ་ནི་བཟླས་པའི་དུས་ཀྱི་རྣམ་པར་དབྱེ་བ་སྟེ། མདའ་ནི་སྔགས་ཡིན་ལ་ཡོངས་སུ་འཁོར་བ་ནི་བདག ་ལས་ཤེས་རབ་ལ་འཇུག་ཅིང་ཤེས་རབ་ལས་ཀྱང་བདག་ལ་འཇུག་པས་མགལ་མེའི་འཁོར་ལོ་ལྟར་ཡང་དང་ཡང་དུ་འཁོར་བའོ། །ད་ནི་གང་ཡང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ལ་སོགས་པ་འདས་མ་ཐག་པ་དེ་ཤེས་པར་བྱ་བའི་ཕྱིར་དེ། ་འབྱུང་བའི་གནས་བསྟན་པ་སྤྲུལ་པའི་སྐུ་ལ་སོགས་པའི་འཁོར་ལོའི་གཟུགས་ཀྱིས་གསུངས་པ། སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདི་ལྟར་འཇིག་རྟེན་གྱི་ཁམས་མཛའ་དག་ཏུ་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཀྱི་འདོད ་པའི་དོན་རྣམ་པ་སྣ་ཚོགས་པ་རྣམས་དུས་གཅིག་ཏུ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་སྣ་ཚོགས་ཀྱིས་རྒྱུན་མི་འཆད་པར་འགྲོ་བ་ཐམས་ཅད་ལ་མཉམ་པ་ཉིད་དུ་ཕན་མདོགས་པར་མཛད་པ་འདི་ནི་སངས་རྒྱས་རྣམས ་ཀྱི་སྤྲུལ་པའི་སྐུའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་རྣམས་དང། ཚད་མེད་པ་རྣམས་དང། རྣམ་པར་ཐར་པ་རྣམས་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། ཟད་པར་གྱི་སྐྱེ་མཆེད་བཅུ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང ་ཉོན་མོངས་པ་མེད་པ་དང། སྨོན་ནས་ཤེས་པ་དང། མངོན་པར་ཤེས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང། དབང་བཅུ་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སྲུང་བ ་མེད་པ་གསུམ་དང། དྲན་པ་ཉེ་བར་གནས་པ་གསུམ་དང། བསྙེལ་བ་མེད་པའི་ཆོས་ཉིད་དང། བག་ཆགས་ཡང་དག་པར་བཙམ་པ་དང། ཐུགས་རྗེ་ཆེན་པོ་སྐྱེས་བ་དང། ཐུབ་པ་རྣམས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ནི་ཐུབ་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གཟུང་སྟེ། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། ་རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ནི་བྱང་ཆུབ་ལ་སོགས་པ་ཐམས་ཅད་དང་རྗེས་སུ་མཐུན་པའོ། །ཚད་མེད་པ་རྣམས་ནི་སྙིང ་རྗེ་ལ་སོགས་པ་ཚངས་པའི་གནས་པ་བཞིའོ། །དེ་ལ་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་དང། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་ལ་བལྟ་བ་དང། དག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ ་གནས་པ་གསུམ་དང། ནམ་མཁའ་མཛའ་ཡས་དང། རྣམ་ཤེས་མཛའ་ཡས་དང། ཅི་ཡང་མེད་པ་དང། འདུ་ཤེས་མེད་མིན་སྐྱེ་མཆེད་བཞི་དང། འདུ་ཤེས་དང། ཚོར་བ་འགོག་པ་སྟེ། བརྒྱད་པོ་དེ་དག་རྣམ་པར་ཐར་པ་རྣམས་སོ། །གཟུགས་ཀྱི་ཁམས་ཀྱི ་བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འདུ་ཤེས་དང་ཚོར་བ་འགོག་པ་སྟེ། དགུ་པོ་དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །ས་དང། ཆུ་དང། མེ་དང། རླུང་རྣམས་དང། སྔོན་པོ་དང། སེར་པོ་དང། ་དམར་པོ་དང། དཀར་པོ་རྣམས་དང། ནམ་མཁའ་དང་རྣམ་པར་ཤེས་པ་རྣམས་སུ་རིལ་བསྒོམ་པ་ནི་ཟད་པར་སྐྱེ་མཆེད་བཅུའོ། །ནང་གི་གཟུགས་ཀྱི་འདུ་ཤེས་རྣམས་སོ་སོར་ཡོངས་སུ་བཤིག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་གནས་ཀྱི་བྱེ་བྲག་གིས་ཟིལ་གྱི ་མནན་བཞིན་དུ་ཤེས་ཤིང་ཟིལ་གྱིས་མནན་བཞིན་དུ་མཐོང་བ་བཞི་དང། ནང་གི་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང། སེར་པོ་དང། དམར་པོ་དང་དཀར་པོ་རྣམས་ཟིལ་གྱིས་མནན་བཞིན་དུ་ཤེས་ཤིང་མཐོང་བ་བཞི་སྟེ། བརྒྱད ་པོ་དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཏེ། དེ་དག་ནི་མཐོ་རིས་ཀྱི་ལམ་དང་ཐུན་མོང་བའོ། །རང་དང་གཞན་དག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུན་ཏིང་ངེ་འཛིན་གང་གིས་སྤོང་བར་བྱེད་པ་ནི་ཉོན་མོངས་པ་མེད་པའོ། །དེ་རྣམ་པ་ཐམས ་ཅད་དུ་མཚན་མ་དང། བག་ཆགས་སྤངས་ནས་ཐེ་ཚོམ་རྣམ་པར་གསལ་ཏེ། འཁོར་བ་ཇི་སྲིད་པའི་བར་དུ་སྨོན་ལམ་རྣམ་པར་དག་པ་སྤེལ་ཞིང་མཉམ་པར་གཞག་པ་ལ་འཇུག་པའི་གནས་སྐབས་འདི་ནི་སྨོན་ནས་ཤེས་པའོ། །ལྷའི་མིག་ལ་སོགས ་པ་ནི་མངོན་པར་ཤེས་པ་རྣམས་སོ། །ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ཏེ། རྟེན་དང་དམིགས་པ་དང། སེམས་དང་ཡེ་ཤེས་རྣམས་ཡོངས་སུ་དག་པ་བཞིར་སྦྱར་རོ། །ཚེ་དང་སེམས་དང་ཡོ་བྱད་དང་ལས ་དང། སྐྱེ་བ་དང། ཐབས་དང། མོས་པ་དང། སྨོན་ལམ་དང། རྣམ་པར་ཤེས་པ་དང། ཆོས་ལ་དབང་བ་རྣམས་ནི་དབང་བཅུའོ། །གནས་དང་གནས་མ་ཡིན་པ་ལ་སོགས་པ་ཟག་པ་ཟད་པར་མཁྱེན་པའི་བར་དུ་བཅུ་ནི་སྟོབས་རྣམས་སོ། །ཆོས ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པའི་བར་དུ་བཞི་ནི། མི་འཇིགས་པ་རྣམས་སོ། །དེ་བཞིན་གཤེགས ་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་སྤྱོད་པ་རྣམས་ཡོངས་སུ་དག་པ་སྟེ། སྤྱོད་པ་དེ་དག་ཡོངས་སུ་མ་དག་པ་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་ཞེས་ཡོངས་སུ་སྤེད་ཅིང་བསྲུང་བ་མི་མངའ་བ་ནི་བསྲུང་བ་མེད་པ་རྣམས་སོ། །ཆོས་སྟོན་པ་ལ་རྣ་བ་བཏུད ་དེ་ཉན་པ་དང། མི་ཉན་པ་དང། གཉིས་ཀའི་མཚན་ཉིད་ཅན་ལ་སེམས་བཏང་སྙོམས་སུ་མཛད་པ་ནི་དྲན་པ་ཉེ་བར་གནས་པ་རྣམས་སོ། །སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའ་ཨི་མཚན་ཉིད་འདི་ནི་བསྙེལ་བ་མེད་པའི་ཆོས་ཉིད་དོ། །ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱི་ས་བོན་དང་བག་ལ་ཉ་བྱད་ནས་བཏོན་པ་འདི་ནི་བག་ཆགས་ཡང་དག་པར་སྤངས་པའོ། །དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱ་བ་ནས། ད་ལྟར་གྱི་དུས་ལས་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ ་ལ་འཇུག་པ་ཞེས་བྱ་བའི་བར་དུ་ནི་མ་འདྲིས་པའི་ཆོས་རྣམས་སོ། །ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཡོངས་སུ་དག་པའི་སྐུ་འཁོར་ལོ་སྒྱུར ་བའི་ཆ་བྱད་ཅན་འདི་ནི་ཐུབ་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེད་དེ། ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཁ་ན་མ་ཐོ་བ་མེད་པར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པས་དགའ་བ་དང་བདེ་བའི་རོ་ཉམས་སུ ་བལྟ་བའོ། །གང་ཟག་མེད་པའི་ཆོས་རྣམས་ནི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བརྙེས་པ་འདི་ནི་ཐུབ་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། གང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རང་བཞིན་གྱིས་ཆོས་ཀྱི་དབྱིངས ་རྣམ་པར་དག་པའི་མཚན་ཉིད་དེ་དྲི་མ་མེད་པ་ཡིན་པ་ལས་བློ་བུར་གྱི་དྲི་མ་དང་བྲལ་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་དག་ཅིང་བདེན་པ་ཐོབ་པ་འདི་ནི་མ་བཅོས་པའི་རང་བཞིན་གྱི་སྐུ་ཡིན་ནོ། །དེ་ལྟར་སྐུ་རྣམ་པ་བཞི་པོ་འཁོར་ལོའི་ཚུལ་གྱིས་ལྟེ་བ ་ལ་སོགས་པར་རིམ་བཞིན་དུ་རྣམ་པར་བཞག་པ་དང། ལེའུ་བཅུ་གཉིས་པར་དང་པོར་ཆོས་ཀྱི་འབྱུང་གནས་བསམ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པ་བཤད་པར་བྱ་བའི་ཕྱིར། ཡང་སྤྲུལ་པའི་འཁོར་ལོའི་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ལ་དབུས་སུ་ཞེས་བྱ་བ་ནི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་ལའོ། །སྡེ་ཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར་ཞེས་བྱ་བ་ནི་ཡི་གེ་ཨོཾ་སྟེ། སྔར་བསྟན་པའི་སྡེ་ཚན་བརྒྱད་པོ་རྣམས་ཀྱིས་ཀུན་ནས་བསྐོར་བའོ། །དེ་ལ་སྡེ་ཚན་བརྒྱད་ནི་དབྱངས ་ཀྱི་ཡི་གེ་བཅུ་དྲུག་ནི་དང་པོའོ། །ཀ་ཁ་ག་གྷ་ང་རྣམས་ནི་གཉིས་པའོ། །ཙ་ཚ་ཛ་ཛཧ་ཉ་རྣམས་ནི་གསུམ་པའོ། །ཊ་ཋ་ཌ་ཌཧ་ཎ་རྣམས་ནི་བཞི་པའོ། །ཏ་ཐ་ད་དྷ་ན་རྣམས་ནི་ལྔ་པའོ། །པ་ཕ་ག་བྷ་མ་རྣམས་ནི་དྲུག་པའོ། །ཡ་ར་ལ་ཝ་བཞི་ནི་བདུན་པའོ། །ཤ་ཥ་ས་ཧ ་བཞི་ནི་བརྒྱད་པའོ། །ཀྵ་ཞེས་བྱ་བ་ནི་ཀ་དང་ཥ་ཉིད་ལས་གུང་ན་མེད་པའི་ཕྱིར་ཡང་མི་བསྟན་ཏོ། །དེ་ལྟར་སྡེ་ཚན་བརྒྱད་པོ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་སྟེ། པདྨའི་དབུས་ཀྱི་འདབ་མ་བརྒྱད་ལ་ཀུན་ནས་བསྐོར་ཏེ་བྲི་བར་བྱའོ། །སྔགས ་རྣམས་ཐམས་ཅད་འབྱུང་བ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་སྔགས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སོ། །འབྱུང་བ་ནི་འཁོར་ལོ་འདི་བསྒོམ་པ་གོམས་པ་ཕུལ་དུ་བྱུང་བ་ལས་སྐྱེ་པར་འགྱུར་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་སྤྲུལ་པའི་སྒྱུ་ཐོབ ་པར་བྱེད་པའི་ཕྱིར་རོ། །གཞན་ཡང་ཅི་ཡང་རུང་བ་སྐྱེ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བ་རྣམས་དེ་ལས་སྐྱེ་བའི་ཕྱིར་རོ། །ཡང་ན་སྡེ་ཚན་བརྒྱད་ཀྱི་ཡི་གེ་འདི་དག་ལས་སྔགས་ཀྱི་དེ་ཁོ་ན་ཉིད་འབྱུང་བ་དང ་གཞན་ཡང་ཞེས་བྱ་བ་སངས་རྒྱས་ཉིད་དང་ཐུན་མོང་གི་དངོས་གྲུབ་ཕྲ་མོ་གཞན་དག་ཀྱང་སྐྱེ་བའོ། །ཆོས་ཀྱི་འཁོར་ལོ་གསུངས་པ། ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད་ཅེས་བྱ་བ་ནི་ཐོག་མ་དང་ཐ་མའི ་དངོས་གྲུབ་རྣམས་སྟེར་བའི་ཕྱིར་རོ། །སྒྲ་ལྔ་དང་ནི་ཡང་དག་ལྡན་ཞེས་བྱེ་བ་ལ་སྒྲ་ལྔ་ནི་དབྱངས་ཡིག་དང་པོ་དང། གསུམ་པ་དང། ལྔ་པ་དང། བཅུ་གཅིག་པ་དང། དབུས་ན་གནས་པའི་ཧཱུཾ་གི་འོག་ན་གནས་པའི་དབྱངས་ཡིག་དྲུག་པ་རྣམས་སོ།། ་ཡང་དག་པར་ལྡན་པ་ནི་ཆོས་ཀྱི་འཁོར་ལོ་དང་སྦྱར་ཏེ། འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཧཱུཾ་གནས་པའི་ཆོས་ཀྱི་འཁོར་ལོ་དེ་ཉིད་ནི་ཆོས་ཀྱི་སྐུ་ཐོབ་པར་བྱེད་པའོ། །ཡ་ར་ལ་ཝ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་ཡང་སྦྱར་ཏེ། ་སྔར་བཤད་ཟིན་ཏོ། །ལོངས་སྤྱོད་ཀྱི་འཁོར་ལོ་གསུངས་པ། ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ། རོ་རྣམས་ཀྱི་ནི་རྟེན་རང་བཞིན་ཞེས་བྱ་བ་ལ་རོ་ནི་ཉམས་སུ་མྱོང་བ་སྟེ། རང་རིག་པའི་རང་བཞིན་ཉམས་སུ་མྱོང་བའི་རྟེན་དེ་འཛིན་པར་བྱེད ་པའོ། །ཆ་རྣམས་བཞི་པོ་དག་གིས་ནི་ཞེས་བྱ་བ་ནི་དབྱངས་ཡིག་གཉིས་པ་དང། བཞི་པ་དང། དྲུག་པ་དང། བཅུ་གཉིས་པ་རྣམས་ཀྱིས་སོ། །ཀུན་ནས་ཡོངས་སུ་བསྐོར་བ་ནི་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་བཀོད་པའི་ཕྱི་རོལ་ཏུ་བསྐོར ་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའོ། །བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སུམ་ཅུ་རྩ་གཉིས་དང་ལྡན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་མཚན་སུམ་ཅུ་རྩ ་གཉིས་རྣམ་པར་དག་པའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ནི་བྱང་ཆུབ་ཡིན་ལ། དེའི་དབུས་ཀྱི་ལྟེ་བ་ལ་མགོ་མེད་པའི་ཧ་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་འདབ་མ་རྣམས་ལ་བཀོད་པ་ནི་ལྡན་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར ་བྱེད་པའོ། །ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་ནི་གཡོན་པའོ། །ཉི་མ་ནི་གཡས་པའོ། །སུའི་ཞེ་ན་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི་སྟེ། སྐྱེས་པ་དང་བུད་མེད་རྣམས་ཀྱིའོ། །དེ་དག་གིས་ནི་སྐྱེས་པ་དང་བུད་མེད་མཚོན་པར་བྱེད་དོ། །འགྲོ་བ་དང་འོང ་བ་ངེས་པར་བརྗོད་ཅེས་བྱ་བ་ལ་འགྲོ་དང་འོང་བ་ནི་གཡས་དང་གཡོན་གྱི་རླུང་གི་འཇུག་པ་དང་འབྱུང་བ་ཡིན་ལ། ངེས་པར་བརྗོད་པ་ནི་དེ་དག་དགོས་པ་བསྒྲུབ་པའོ། །ཡང་ན་མཁའ་འགྲོ་མ་དང་བཅས་པའི་དཔའ་བོ་རྣམས་འགྲོ་དང་འོང་བ་རྒྱུ་ཞེས ་བྱ་བར་བརྗོད་པར་བྱ་སྟེ། ཅི་ཞིག་ཅེ་ན། གཡས་གཡོན་གྱི་རླུང་སྟེ། རླུང་ལ་ཞོན་ནས་འགྲོ་འོང་བྱེད་པའི་ཕྱིར་རོ། །དེ་ལྟར་ནང་དཱུང་བསྟན་པའི་ཕྱིར་གཉིས་པ་ནི་མཉམ་པར་ཞོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་འདྲ་བས་ན་གནས་ཏེ། ་གཡས་གཡོན་གྱི་རྩའོ། །མཉམ་པ་ནི་དེར་རྒྱུ་བའི་རླུང་ངོ། །ཞོན་པ་ནི་སེམས་ཏེ་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུའོ། །འོག་དང་སྟེང་དུ་ཡང་དག་བརྟེན་ཞེས་བྱ་བ་ལ་འོག་ནི་ལྟེ་བའོ། །སྟེང་ནི་སྤྱི་གཙུག་གོ། བརྟེན་པ་ནི་རྩ་བ་དང་རྩེ་མོ་དེར་སྦྱར་བའོ། །དབྱངས ་ཡིག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཡིན་པས་ན་དབྱངས་ཏེ་མ་ནིང་སྤངས་པའི་དབྱངས་ཡིག་བཅུ་གཉིས་སོ། །སྟེང་བལྟས་ཞེས་བྱ་བ་ནི་རྩ་གཉིས་ཀ་ལས་ཚངས་པ་ལ་སོགས་པའི་རླུང་ཕྱིར་རྒྱུ་བ་ན་གོ་རིམ་བཞིན་སོར་བཞི་དང་དྲུག་དང ་བཅུ་གཉིས་དང། བཅུ་དྲུག་གི་བར་དུ་སྟེང་གི་ནམ་མཁའ་ལ་རྒྱུ་བ་ན་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱི་སྐུད་པར་བརྒྱུ་བའོ། །ཀ་སོགས་ཞེས་བྱ་བ་ནི་སྤེལ་ཞེས་བྱ་བ་དང་སྦྱར་ཏེ། ཀ་ལ་སོགས་པ་དང་སྤེལ་བའོ། །ཇི་ལྟ་ཞེ་ན། རླུང་ཕྱིར་རྒྱུ་བ་ནི་དབྱངས་ཀྱི་སྐུད་པ ་དེ་ཉིད་ལ་དེའི་རྗེས་སུ་འཇུག་པ་ཡིན་པས། ཀ་ལ་སོགས་པའི་ཕྲེང་བ་བྲིའོ། །འོག་ཏུ་བལྟས་པ་ཞེས་བྱ་བ་ནི་གང་གི་ཚེ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པའི་ཚེ། ཨ་ལ་སོགས་པའི་སྐུད་པ་དང་ཀ་ལ་སོགས་པའི ་ཕྲེང་བ་ཁ་འོག་ཏུ་བལྟས་པར་བྲིའོ། །དེས་ན་རླུང་ཕྱིར་རྒྱུ་བ་ལ་ནི་དེ་དག་སྟེང་དུ་བལྟ་བར་ཤེས་པར་བྱ་ལ། ནང་དུ་འཇུག་པ་ལ་ནི་འོག་ཏུ་བལྟ་བར་ཤེས་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ངོས་གཉིས་ཞེས་བྱ་བ་གསུངས་ཏེ། ངོས་ཀྱི་སྒྲ་ནི་མཚུངས ་པ་ཡིན་ལ་གཉིས་ནི་འབྱུང་བ་དང་འཇུག་པ་ཡིན་ནོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཁ་ཅིག་ན་རེ་ནི་ཞེས་བྱ་བ་ནི་ཚིག་ཁ་བསྐང་བ་ཡིན་ཏེ། དེ་ཡང་ཇི་སྐད་དུ། ནི་དང་སྟེ་དང་པ་ལ་སོགས། ཁ་བསྐང་དྲུག་ཏུ་མཁས་པས་བཤད་ཅེས ་ཟེར་བའི་ཕྱིར་རོ། །དེ་ལྟར་ན་ངོས་གཉིས་ནི་གཡས་གཡོན་གྱི་ཕྱོགས་གཉིས་སོ། །སྤེལ་བ་ནི་དེ་དང་སྤེལ་བ་སྟེ། ཨཱ་ལིའི་ཕྲེང་གི་གཡས་གཡོན་གཉིས་སུ་ཀཱ་ལིའི་ཕྲེང་བ་གཉིས་གཉིས་བྲི་བའོ། །དབུས་དེ་ནི་སྦྱར་བར་བྱ་ཞེས་བྱ་བ་ལ། ་དེ་ནི་གཡས་གཡོན་གྱི་རླུང་གི་འཕྲེང་བ་འཇུག་པ་དང་འབྱུང་བ་དེའོ། །དབུས་སུ་སྦྱོར་བ་ནི་འཇུག་པ་དང་འབྱུང་བ་དེ་རེ་རེ་ཞིང་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམ་པ་གསུམ་གསུམ་གྱིས་བསྐོར་བའོ། །གཞུང་དེ་ཉེ་བར ་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡང་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པ་རྐང་པ་དང་པོ་ནི་ཕྲ་མོའི་མཇུག་བསྡུ་བ་ཞེས་བྱ་བ་ལ་རྩ་དང་སྒྲའི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་རགས་པའི་རྣལ་འབྱོར ་བསྟན་པ་ཡིན་ཏེ། དེ་ལ་རྩ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ཉིད་དོ། །སྒྲ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་དོན་རྗོད་པར་བྱེད་པའི ་ཚིག་གི་ཚོགས་ཏེ། དངོས་གང་ཞེ་ན། ཨོཾ་པྲ་ཀྲི་ཏི་པྲ་བྷ་སཱ་ར(རྒྱུད་འགྲེལ་རྣམ་པར་རྟོག་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྡོ་རྗེ་མཁའ་འགྲོའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་རྡོ་རྗེའོ། །ཅིའི་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པར་རྟོག་པའི་དྲི་མ ་དང་བྲལ་བས་མི་ཕྱེད་པའི་ཕྱིར་རོ། །རང་བཞིན་ཞེས་བྱ་བ་ནི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་སྐད་དུ་ཡེ་ཤེས་གཉིས་མེད་གང་ཡིན་པ། རང་བཞིན་ཤེས་རབ་ཕ་རོལ་ཕྱིན་ཞེས་གསུངས་པའི་ཕྱིར་རོ། །མཁའ་འགྲོ་སྒྲའི ་རང་བཞིན་ནོ་ཞེས་བྱ་བ་ལ་སྒྲའི་རང་བཞིན་ནི་དེ་སྟོན་པའི་སྒྲ་སྟེ་བཤད་ཟིན་ཏོ། །མཁའ་འགྲོ་ཞེས་བྱ་བ་ལ་མཁའ་ནི་འདས་མ་ཐག་པའི་ཡེ་ཤེས་སོ། །འགྲོ་བ་ནི་སྐད་ཀྱི་བྱིངས་ལས་རྟོགས་པར་འདྲེན་པས་དེ་རྟོགས་པར་བྱེད་པའི་སྒྲའོ། །ཡང ་ན་རང་བཞིན་ནི་རྗོད་པ་དང་བརྗོད་པར་བྱ་བ་དེ་དག་གཉིས་སུ་མེད་པ་ལས་སྐྱེས་པའི་དཔལ་ཧེ་རུ་ཀ་སྟེ། ཇི་སྐད་དུ། བཅོམ་ལྡན་ཧེ་རུ་ཀ་རང་དངོས། །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །ཞེས་ཟེར་བའི་ཕྱིར་རོ། །ངེས་འབྱུང་ཞེས་བྱ་བ་ནི་འདིས་སངས་རྒྱས ་ཐམས་ཅད་འདུས་པ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་སྐྱེ་བ་ཞེས་བྱར་གྲགས་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་གང་དུ་འདུས་པ་དང། གང་ལས་སྐྱེ་བར་གྲགས་པ་སྟེ། དངོས་པོ་ཐམས ་ཅད་ཕྱེ་ནས་སྟོན་པའོ། །ངེས་འབྱུང་དེ་ཅི་ཞིག་ཅེ་ན། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ་ཞེས་བྱ་བ་སྟེ། གཉིས་སུ་མེད་པའི་སེམས་ཉིད་དེ་རྡོ་རྗེ་འཛིན་པའོ། །ཡང་དེ་ཇི་ལྟར་བལྟ་ཞེ་ན། ལྷ་མོ་ཀུན་གྱི་རང་བཞིན་གང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས ་དཔའ་ཞེས་བྱ་བ་ནི་མ་ནིང་གི་རྟགས་སུ་བསྟན་པའོ། །རང་འབྱུང་གི་ནི་གཟུགས་འདི་ཉིད་ཅེས་བྱ་བ་ལ། འདི་ཉིད་ནི་འདས་མ་ཐག་པའི་སེམས་སོ། །རང་འབྱུང་ནི་རང་དང་གཞན་གྱི་དོན་གྱི་ཕྱིར་ལྷའི་སྐུ་སྣ་ཚོགས་སུ་སྤྲུལ་པ་སྟེ། ་འདི་དག་ནི་སྔར་བཤད་ཟིན་ཏོ། །སྤྲོ་དང་སྡུད་པར་བྱེད་པ་པོ་ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའ་ཉིད་སྤྲོ་བ་སྟེ། དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་དང་སྡུད་པར་བྱེད་པའོ། །ཡང་ན་རང་བཞིན་གྱིས ་འོད་གསལ་བའི་བདག་མེད་པ་དང། ལྷ་ཉིད་དུ་མཉམ་པར་སྦྱོར་བ་བསྟན་པ་ཡིན་ཏེ། སྤྲོ་བ་ནི་སྐྱེ་ཞིང་གནས་པའོ། །སྡུད་པ་ནི་འཇིག་པའོ། །བྱེད་པ་ནི་རྒྱུའོ། ། ནི་དགག་པ་སྟེ་དོན་དམ་པར་རྒྱུ་ལ་སོགས་པ་དང་སྐྱེ་བ་ལ་སོགས་པ་མེད་པ་དེ་ལ་དེ ་སྐད་ཅེས་བྱའོ། །དེ་ལྟར་སྔགས་རྣམས་ཀྱང་བསྟན་པའི་ཕྱིར། ཡི་གེ་ཕོ་ཉ་ལ་སོགས་ཞེས་བྱ་བ་སྨོས་ཏེ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མོ་ལ་སོགས་པའོ། །སྔགས་ནི་དེ་རྣམས་ཀྱི་ཡི་གེའི་སྔགས་སོ། །དེར་ནི་ཞེས་བྱ་བ་ནི་གནས་ཏེ། བདག་མེད་པའི ་གནས་སུ་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་ཆ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ་གསུངས་ཏེ། གང་ཞེས་བྱ་བ་ནི་ཐེ་ཚོམ་གྱི་ཚིག་གོ་།ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཆ་ཞེས་བྱ་བ་ནི་རྗོད་པ་དང་བརྗོད་པར་བྱ་བའོ། །བྲལ་བ་ནི་དེ་དག་སྤང ་བའོ། །ཡང་ན་ཡི་གེ་ཕོ་ཉ་ལ་སོགས་སྔགས་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་སྔགས་རྣམས་ཀྱི་གནས་བསྟན་པའི་ཚུལ་གྱིས་སྤྲུལ་པའི་འཁོར་ལོ་ལ་སོགས་པའི་ཁྱད་པར་སྟོན་པ་ཡིན་ཏེ། དེར་ཞེས་བྱ་བ་ནི་གནས་ཏེ། དངོས ་གང་ཞེ་ན། སྤྲུལ་པའི་འཁོར་ལོའི་ལྟེ་བར་རོ། །ཆ་དང་བྲལ་བ་ཞེས་བྱ་བ་ནི་བརྗོད་པ་དང་བྲལ་བའོ། །གཟུགས་མེད་པ་ཞེས་བྱ་བ་ལ། ཨ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་ཡི་གེའོ། །གཟུགས་ནི་ཚོགས་སོ། །རྟག་ཏུ་གནས་པ་ཞེས་བྱ་བ ་ནི་བདེ་བ་ཆེན་པོའི་ཉམས་སུ་མྱོངས་པའི་ཚུལ་དུ་གནས་པའོ། །ཡང་ན་གཟུགས་མེད་པ་ཞེས་བྱ་བ་ནི་ལྟེ་བའི་དབུས་ཀྱི་ཡི་གེ་ཨ་དེ་ཉིད་ལས་རྐྱེན་གྱི་བྱེ་བྲག་གིས་ཡི་གེ་ངེས་པ་མེད་པར་འབྱུང་བའོ། །སྨིན་དབུས་པདྨའི་ཟླ་བ་རུ་ཞེས་བྱ་བ་ལ་སྨིན་དབུས་པདྨ་ནི་གོ་བར ་ཟད་དོ། །ཟླ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཆ་ཤས་བཅུ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ཉིད་གསུངས་པ། བཅུ་དྲུག་སྐུད་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུད་པ་ནི་སེམས་ཀྱི་རི་མོ་ཕྲ་མོའོ། །བཅུ་དྲུག་ནི་དབྱངས་ཀྱི་ཡི་གེ་རྣམས་ཏེ། དེས་དེ ་དག་བརྒྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐོར་བ་ཞེས་བྱ་བ་ནི་མགོ་མེད་པའི་ཧཾ་ལ་ཀུན་ནས་བསྐོར་བའོ། །ཡང་ན་སྐུད་པ་དང་འདྲ་བས་སྐུད་པས་ཏེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིད་དོ། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟས ་པས་འཁོར་ལོ་གཉིས་ལ་ས་བོན་རྣམས་བཀོད་པའོ། །དེ་ཉིད་ཀྱིས་ན་ཁ་སྦྱར་རོ། །ལག་གཉིས་ཞེས་བྱ་བ་ནི་ས་བོན་གཉིས་ཀྱི་འོད་ཟེར་རོ། །འཁྱུད་པ་ནི་ཕྲད་པའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད་ཅེས་གསུངས་ཏེ། ཇི་ལྟར་ལྕགས་ཀྱི་ལུ་གུ ་རྒྱུད་ཕན་ཚུན་སྦྲེལ་བས་དོན་བྱེད་པ་ལྟར་བལྟ་བར་བྱའོ། །བསྟན་པ་འདི་ཉིད་ཀྱི་བཤད་པ་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་པདྨ་དབྱེ་བ་དང་ཞེས་བྱ་བ་ལ། རྡོ་རྗེ་ཉིད་སྒྲོའི་ཆུན་པོ་སྟེ་ཡི་གེ་ཧཾ་ངོ། །པདྨ་ནི་ལྟེ་བའི་ཨོཾ་སྟེ་དབྱེ་བས་ནི་སྦྲང ་རྩིའི་ཆུས་གསལ་བར་བྱས་པའོ། །བསྐྱོད་པ་ཞེས་བྱ་བ་ནི་སྟེང་དུ་གཏུམ་མོའི་འོད་ཀྱིས་བསྐུལ་བའོ། །ལྷག་མ་ནི་གོ་སླའོ། །གཉིས་པར་ན་ཤེས་རབ་ཐབས་ཀྱི་མཉམས་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་འདི་ནི་ཕྱི་རོལ་ལས་ཀྱིས་ཕྱག་རྒྱ་དང་སྦྱོར་བ་ཡིན་ནོ། ། ་ལག་གཉིས་ཀུན་ཏུ་འཁྱུད་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། འོ་བྱེད་པ་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །སླར་ཡང་རྣམ་པར་གྲོལ་བའི་ལམ་ཤེས་བྱ་བ་ནི་རྡོ་རྗེ་དང་པདྨའི་སྒོའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་བདེ་བ་སྐྱེ་བའོ། །དེ་ཉིད་ཀྱི ་ཐབས་བསྟན་པའི་ཕྱིར་རོ། །རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ཡང་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། བསྐྱོད་པ་ཞེས་བྱ་བ་ལ་སོར་མོ་ལ་ཡི་གེ་ཀྲི་བསྒོམས་ཏེ། ཁ་ཁ་མུ་ཁའི་སྒོར་བྲུད་པའོ། །དེ ་ཉིད་ནི་ཆགས་པའི་ལྕགས་ཀྱུ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་དགུག་པའོ། །དེ་ཉིད་ཀྱིས་ན་མི་འཁྲུག་རྡོ་རྗེས་དཀྲུག་པ་སྟེ་དེས་རྩ་བ་ཐམས་ཅད་དཀྲུག་ཅིང་བསྐྱོད་པར་བྱའོ། །དེ་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ཅེས་བྱ་བའི་བྱང་ཆུབ་ཀྱི་སེམས་སོ། །གསལ་ཞིང་ཞེས་བྱ་བ་ལ་མུ་ས་ནི་འཇོམས་པའོ། །ལ་ནི་ལེན་པའོ། །གང་ལས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཉོན་མོངས ་པའི་བག་ཆགས་ནི་གཞན་དང་མཚམས་སྦྱོར་བའི་ནུས་པའོ། །ལྷག་མ་ནི་གོ་སླའོ། །གསུམ་པར་ན་ཤེས་རབ་ཐབས་ཀྱི་མཉམ་སྦྱོར་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་དེ་ལྟར་ཕྱི་ནང་གི་ཕྱག་རྒྱ་གཉིས་དང་མཉམ་པར་སྦྱོར་བ་ལས་སྐྱེས་པའི་དགའ་ ་བའི་ཁྱད་པར་སྟོན་པ་ཡིན་ཏེ། དེ་ལ་ལག་གཉིས་ཀུན་ཏུ་འཁྱུད་ཅེས་བྱ་བ་ནི་ཁུ་བ་དང་བདེ་བའི་སྦྱོར་བའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་དང་པོ་ཀུན་ཏུ་དགའ་བ་སྐྱེ་བའོ། །སླར་ཡང་རྣམ་པར་གྲོལ་བའི་ལམ ་ཞེས་བྱ་བ་ལ་སོགས་པས་ནི། དེའི་འོག་ཏུ་རྣམ་པར་སྨིན་པའི་སྐད་ཅིག་ལ་མཆོག་ཏུ་དགའ་བ་སྐྱེ་བར་སྟོན་ཏེ། རྣམ་པར་གྲོལ་བའི་ལམ་བདེ་བའོ། །ཚོགས་ནི་བགྲང་བ་སྟེ། སེམས་སུ་བགྲང་བའི་ཁུ་བའོ། །འབབ་པ་ནི་རྒྱུན་ཏེ་གནས་སྐབས་གཉིས ་པའོ། །དེ་ཉིད་གང་ཞེ་ན། མཆོག་ཏུ་དགའ་བ་སྟེ་གོ་སླའོ། །སྦྱོར་བ་ཞེས་བྱ་བ་ནི་དཔའ་བོ་དང་རྣལ་འབྱོར་མ་སྦྱོར་བའོ། །ཁ་སྦྱར་བ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྦྱར་བ་སྟེ། དཔའ་བོ་དང་ཐབས་ཀྱི་རང་བཞིན་ཀུན་ཏུ་དགའ་བ་དང། རྣལ་འབྱོར ་མ་དང། ཤེས་རབ་ཀྱི་རང་བཞིན་མཆོག་ཏུ་དགའ་བར་སྦྱོར་པའོ། །དེ་ཡང་གསུངས་པ་དང་པོ་ཀུན་དགའ་དཔའ་བོ་སྟེ། མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་སོ། །དེ་ལྟར་ན་ཀུན་ཏུ་དགའ་བའི་གནས་སྐབས་ཀྱི་ཁུ་བ་དང་བདེ་བ་ལས་མཆོག་ཏུ་དགའ་བའི་གནས ་སྐབས་སུ་ཁུ་བ་དང་བདེ་བ་ལྷག་པར་སྟོན་ཏོ། །དེ་ཡང་གསུངས་པ། ཅུང་ཟད་པ་དེ་བ་ཀུན་དགའ་སྟེ། མཆོག་ཏུ་དགའ་བ་དེ་ལས་ལྷག་ཅེས་སོ། །རྡོ་རྗེ་པདྨ་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འཇོམས་པའི་སྐད་ཅིག་ལ་ཁྱད་པར་གྱི་དགའ་བ་སྐྱེ་བ་སྟོན ་ཏེ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་སྟེ། མི་ཕྱེད་པའི་ཕྱིར་རོ། །པདྨ་ཞེས་བྱ་བ་ནི་བདེ་བ་སྟེ། ཁུ་བའི་སྦྲང་རྩི་འཛིན་པའི་ཕྱིར་རོ། །སྒོའི་ཆུན་པོ་ཡང་དེ་ཉིད་དེ། ཁུ་བའི་སྦྲང་རྩི་སྐྱུག་པའི་ཕྱིར་རོ། །དབྱེ་བ་ནི་གསལ་བ་སྟེ། འདས་མ་ཐག་པའི་མཆོག་ཏུ ་དགའ་བ་རྒྱུར་གྱུར་པའི་ཁུ་བ་དང། བདེ་བ་ལྷག་པར་གྱུར་པ་ལས་ཁྱད་པར་གྱི་དགའ་བ་གསུམ་པ་ཉམས་སུ་མྱོང་བའོ། །བསྐོར་བ་གང་ཕྱིར་བསྐྱོད་པ་སྟེ། ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་ཀྱིས་ནི་རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་ལ་ལྷན་ཅིག་སྐྱེས་པའི ་དགའ་བ་སྐྱེ་བ་སྟོན་ཏོ། །བསྐོར་བ་ནི་ཡུལ་ཐམས་ཅད་བཀུག་པའོ། །བ་སྐྱོད་པ་ནི་དེ་ལས་ལྷག་པར་གྱུར་པའོ། །ཀུན་ནི་ཕུང་པོ་ལ་སོགས་པའོ། །རིག་པ་ནི་རང་རིག་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ། ཁྱད་པར་གྱི་དགའ་བ་རྒྱུར་གྱུར་པ་ལས་ཁུ་བ་དང ་བདེ་བ་ཁྱད་པར་དུ་སྐྱེ་བའི་མཐར་ཐུག་པ་གནས་སྐབས་བཞི་པ་བསྟན་པ་ཡིན་ནོ། །དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་དེ་ཉིད་ཀྱི་ཁྱད་པར་བཤད་པ་ཡིན་ཏེ། དགའ་བ་ནི་ཁུ་བའོ། །མཆོག་ནི་དོན་གྱིས་ན་བཞུགས་པའོ། །ལྷག་མ་ནི་གོ་སླའོ། །ཤིན ་ཏུ་རྒྱ་ཆེར་དམིགས་པའི་ཞེས་བྱ་བ་ལ་དམིགས་པ་ནི་རྫུན་ནོ། །ཅི་ཞིག་ཅེ་ན། ཀུན་རྫོབ་སྟེ། དེ་ཁོ་ན་ཉིད་ལ་བསྒྲིབས་པས་ན་ཕུང་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀུན་རྫོབ་སྟེ། དེ་ཉིད་འཁོར་བ་ཇི་སྙེད་པའི་མཐར་རྒྱུན་ཆགས་པས་ན་རྒྱ་ཆེན་ནོ། །བརྡུང་བ ་ཞེས་བྱ་བ་ལ་བརྡུང་བ་ནི་དཔྱད་པའོ། ། ནི་དགག་པ་སྟེ་དཔྱད་པ་མི་བཟོད་པའོ། །དངོས་ཀུན་རྡོ་རྗེས་མིད་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པ་ཞེས་བྱ་བ་ནི་ལུང་གཞན་ལས་ཀྱང་བསྒྲགས་པར་སྟོན་ཏེ་དེ་ཡང་ཇི ་སྐད་དུ་རྡོ་རྗེས་མིང་པ་ཉིད་ནི། སྐུ་སོགས་དབྱེར་མེད་ཕྱིར་རྡོ་རྗེ། །དེ་ཉིད་ཕྱིན་ཅི་མ་ལོག་པར། །རྟོགས་པས་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་ཏེ། འདིས་ནི་ལྷན་ཅིག་སྐྱེས་པ་སྟོན་ཏོ། །ཕྱིན་ཅི་མ་ལོགས་པ་དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར ་བསྟན་གྱུར་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་རྣམས་ཀྱི་གནས་སྐབས་དང་རང་བཞིན་བསྟན་པ་སྟེ་རྟོགས་པའོ། །བརྗོད་པར་བྱ་བ་དང་བརྗོད་པ་གཉིས་སུ་མེད་པས་བསྟན་པ་ཡང་ཡིན་ཏེ། ཇི་ལྟར་གནས་པ་ལྟར་སྟོན་པས་དེ་བཞིན ་གཤེགས་པའོ། །ཡང་ན་མིད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཏེ་རྡོ་རྗེའི་ནོར་བུའོ། །རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་སྐད་དུ། །དུང་དང་ཟླ་འདྲ་དྲི་མེད་བཞིན། །སེམས་ནི་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་ཟེར་བའི་ཕྱིར་རོ། ། ་དེ་ཉིད་དེ་བཞིན་གཤེགས་པ་སྟེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་བསྟན་གྱུར་ཞེས་བྱ་སྟེ། ཇི་ལྟར་གནས་པའི་ལྷན་ཅིག་སྐྱེས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཡང་ཅི་འདྲ་ཞེ་ན། དེ་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེར་ཞེས་བྱ་བ་ནི་རྡོ་རྗེ་ནོར ་བུའི་ནང་དུའོ། །རྟག་སྟོང་ཞེས་བྱ་བ་ནི་བདེ་བ་སྟེ། གཟུང་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །དབུས་སུ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །དེ་ནི་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །རང་བྱུང་ཞེས་བྱ་བ་ནི། རང་རིག་པའི་བདེ་བ་ཆེན་པོ་ཉིད ་ཀྱིས་སོ། །གང་མིང་ཞེས་བྱ་བ་ནི་གང་གི་མིང་སྟེ་ལྷན་ཅིག་སྐྱེས་པར་རྒྱུད་གཞན་ལས་གསུངས་པའོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་ཐམས་ཅད་རྟོགས་པའི་ཕྱིར་རོ། །སྒྱུ་མ་ཞེས ་བྱ་བ་གྲགས་པ་སྟེ་ཞེས་བྱ་བ་ནི་རྒྱུད་གཞན་ལས་སྒྱུ་མའི་ཡེ་ཤེས་ཞེས་བསྒྲགས་པའོ། །ཡང་ན་སངས་རྒྱས་ཀུན་གྱི་རང་བཞིན་ཞེས་བྱ་བར་སྦྱར་ཏེ། ཇི་སྐད་དུ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་གང་གིས་མིང ་བསྒྲགས་པའོ། །གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་གང་གནས་པ་ཞེས་བྱ་བ་ཡང་གང་མིང་བསྒྲགས་པ་ཞེས་བྱ་བ་དང་འབྲེལ་ཏོ། །ཀུན་ཏུ་འགྲོ་བ་མི་ཤིགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་རྩ་ཐམས་ཅད་དུ? ་འགྲོ་བའི་ཕྱིར། འདི་ནི་ཞེས་བྱ་བ་སྔ་མ་ཉིད་དང་སྦྱར་རོ། །སེམས་འདི་ཉིད་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་བསྒོམ་པར་བསྟན་པའི་ཕྱིར་པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨའི་སྣའི་རྩེ་མོར་ཏེ་ཆོས་འབྱུང་བའི་ནང་དུ་མི་རྒྱུ་བ་སྟེ། ཁང ་བུ་བརྩེགས་པ་དང་རྒྱུ་བ་སྟེ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའོ། །དེ་ཉིད་ནང་གི་བཟླས་པ་ཡིན་པར་བསྟན་པའི་ཕྱིར། ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པས་ན་ཡིད་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་བདེ་བའོ། །བཟླས་པ་ནི་དེའི་བྱ་བའོ། །ཡང་ན་སྐྱེ་ཞིང ་འཛེག་པས་ན་བཟླས་པ་སྟེ་ཁུ་བའོ། །ལྡན་པ་ནི་ལྷན་ཅིག་སྐྱེས་པའོ། །ཡང་ནི་ཡིད་ཀྱི་བཟླས་པ་ནི་གཏུམ་མོའི་རྣལ་འབྱོར་རོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། ངེས་པ་ཞེས་བྱ་བ་ལ་སོགས་པ་ལ་ངེས་པ་ནི་གཏན་ལ་ཕབ་པ་སྟེ། ལུང་དང་རིག་པས ་ཡིད་ཆེས་པའོ། །གོ་འཕང་ནི་གནས་སོ། །སུའི་ཞེ་ན། རྟག་ཏུ་སྟེ་དེ་བཞིན་གཤེགས་པའི་འོ། །གནས་ནི་གནས་པ་སྟེ་སྲོག་ཉིད་ཀྱང་དེ་ཡིན་ནོ། །བརྟན་པ་ནི་བརྟན་པའི་འབྲས་བུ་བསྐྱེད་པའི་ཕྱིར་རོ། །ཆོས་དབྱིངས་རང་བཞིན་ཞེས་བྱ་བ་ནི་སྟོང་པ་ཉིད ་དང་རྡོ་རྗེ་དབྱེར་མེད་པའི་ཕྱིར་རོ། །རྟག་པ་ནི་དུས་ཐམས་ཅད་པའོ། །ཕྲ་བ་ནི་རང་བཞིན་བལྟ་དཀའ་བའི་ཕྱིར་རོ། །རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དྲེ་མའམ། །རྡུལ་གྱིས་མ་གོས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ཡེ་ཤེས་སྐུ་སྟེ། ཕུང ་པོ་ལ་སོགས་པ་ཡེ་ཤེས་སུ་བསགས་པའི་ཕྱིར་རོ། །དྲི་མ་མེད་ཅེས་བྱ་བ་ནི་ལུས་ལ་སོགས་པའི་སྤྱོད་པ་ངན་པ་དང་བྲལ་བའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་ཀུན་རྫོབ་ཀྱི་བདེན་པའོ། །རང་བཞིན ་ནི་དོན་དམ་པའི་བདེན་པའོ། །ཤེས་པ་ནི་རང་གི་ཡེ་ཤེས་སུ་དབྱེར་མེད་པའོ། །གསལ་བ་ནི་རང་བཞིན་གྱི་འོད་གསལ་བ་སྟེ། གཞན་དུ་ན་བེམས་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །འབའ་ཞིག་ཅེས་བྱ་བ་ནི་གཉིས་སུ་མེད་པ་འབའ་ཞིག་ཏུ ་བསྒོམ་པའོ། །ཡང་ན་ཞགས་པ་ཞེས་བྱ་བ་ལ་སོགས་པས་ནི་དགུག་པ་བསྟན་པ་ཡིན་ཏེ། ལྟུང་བྱེད་མ་ལ་སོགས་པ་གང་ཡང་རུང་བའི་ལྷ་མོ་ལག་ན་ཞགས་པ་དང་ལྕགས་ཀྱུ་དང་རྡོ་རྗེ་དང་གསལ་ཤིང་ཐོགས་པ་སྤྲོས་ཏེ་སྒྲུབ་པར་བྱ་བའི་སྙིང ་གའི་པདྨར་བཅུག་ལ་དེའི་སྙིང་རྡོ་རྗེ་ལ་སོགས་པས་དཀྲུག་ཅིང་ཞགས་པས་བཅིངས་ནས་ལྕགས་ཀྱུས་གཟུང་སྟེ་སྣ་སྒོ་གཡོན་པས་འོང་བར་བསྒོམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྙིང་ངོ། །ལྷག་མ་ནི་གོ་སླའོ། །ལས་ཀྱི་རྗེས་སུ ་མཐུན་པར་སྔགས་བཟླ་བ་བསྟན་པའི་ཕྱིར་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཚུན་འདུས་པའི་གསང་སྔགས་ཞེས་བྱ་བ་ནི་དྲག་པོའི་ལས་ལ་སྔགས་ཀྱི་ཡི་གེ་རྣམས་ཐ་གུའི་མདུད་པ་ལྟར་ཕན་ཚུན་རེག་པར་བྱའོ། །བྱེ་བྲག ་ཏུ་ནི་ཕྱེ་ནས་སུ་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གི་སྔགས་ཀྱི་ཕྲེང་བ་འཇུག་པ་ཐ་དད་པར་བྱ་སྟེ། འདི་ལྟར་ཞི་བའི་ལས་རྣམས་ནི་སྔགས་ཀྱི་ཕྲེང་བ་དག་གི་རྡོ་རྗེའི་སྒོ་ནས་ལྷ་མོའི་པདྨའི་སྒོ་དང། ལྷ་མོའི་ཁའི་སྒོ་ནས་བདག་གི་ཁའི་སྒོར་འཇུག ་པ་ཡིན་ནོ། །དྲག་པོའི་ལས་ལ་ནི་དེ་ལས་བཟློག་སྟེ། བདག་གི་ཁའི་སྒོ་ནས་ལྷ་མོའི་ཁའི་སྒོ་དང། ལྷ་མོའི་པདྨའི་སྒོ་ནས་བདག་གི་རྡོ་རྗེའི་སྒོར་རོ། །ས་བོན་ཕྲེང་བས་དེ་ནས་བསྒོམ། ཧཱུཾ་གི་སྐུད་པས་བརྒྱུ་བར་བྱ་ཞེས་བྱ་བ་ནི་དྲག་པོའི་ལས་ལ ་སྔགས་ཀྱི་ས་བོན་གྱི་ཕྲེང་བའི་ཐོག་མ་དང་ཐ་མར་ཧཱུཾ་དང་སྦེལ་བའོ། །འགོག་པར་གྱུར་ན་ནི་ཞེས་བྱ་བ་ནི་ཏིང་ངེ་འཛིན་གོམས་པའི་དབང་དུ་བྱས་པ་སྟེ་བསྒོམ་པ་ཕུལ་དུ་བྱུང་བའི་དུས་སུའོ། །གོམས་པ་ཟུངས་ཞེས་བྱ་བ་ནི་ལུས་དང་སེམས་སུ་བཅས་པའོ། །ཀུན་ཏུ ་འགྲོ་བ་ཞེས་བྱ་བ་ནི་འཇུག་པར་འགྱུར་བ་སྟེ། ཨ་ཞེས་བྱ་བ་ནི་ཉེ་བར་བསྒྱུར་བ་ཡིན་གྱི་འདིར་དགག་པ་ནི་མ་ཡིན་ནོ། །འདི་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་གཏུམ་མོའི་རྣལ་འབྱོར་ཁ་སྐང་བ་ཡིན་ཏེ། འདི་ཞེས་བྱ་བ་ནི་ཐབས་ཏེ་ཡི་གེ་ཧཱུཾ ་དོ། །ལྷག་མ་ནི་གོ་སླའོ། །དུས་མིན་འཆི་བ་ལས་རྒྱལ་ཉིད་ཅེས་བྱ་བ་ནི་འཆི་བ་བླུ་བའོ། །མཆོད་ཡོན་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །ལྷག་མ་ནི་གོ་སླའོ། །དེ་དག་གི་དོན་དུ་ནི་ལྟུང་བྱེད་མ་ལ་སོགས་པ་གང་ཡང་རུང་བའི་ལྷ་མོ་ཕྱག་ན་ཁ་ཊཝཱཾ་ག་དང ་བདུད་རྩིས་གང་བའི་ཐོད་པ་བསྣམས་པ་བསྒོམས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེའི་ཞལ་དུ་མཆོད་ཡོན་གསོལ་ལ་དེ་དང་གཅིག་ཏུ་གྱུར་ནས་ཀ་ར་ཀ་ར་ལ་སོགས་པའི་སྔགས་བཟླས་ན་དུས་མ་ཡིན་པར་འཆི་བ་ལས་རྒྱལ་བར་འགྱུར་རོ།། ་སྐུ་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་ནི་མངོན་པར་འདུས་བྱས་པའི་དབང་དུ་བྱ་བ་ཡིན་ཏེ། འདུས་མ་བྱས་ཀྱི་སྐུ་དང་བཞིར་བཞེད་པ་ཡིན་ནོ། །ཡང་ན་སྐུ་གསུམ་ནི་སྔར་བསྟན་པའི་འདས་པ་ལ་སོགས་པའི་དུས་གསུམ་སྟེ་རིམ ་པར་ཕྱེ་བ་གང་ལས་སྐུ་གསུམ་དང། སྔགས་དང་རྒྱུད་དང་འཆི་བ་བླུ་པ་འབྱུང་བ་ལ་དེ་སྐད་ཅེས་བྱ་སྟེ། རིམ་པར་ཕྱེ་བ་བཅོ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅོ་ལྔ་པའི་རྣམ་པར་བཤད ་པའོ།། །།ད་ནི་འཁོར་ལོ་གསུམ་གྱི་ངེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་གསུམ་ལ་སོགས་པ་བསྟན་པའི་འོག་ཏུའོ། །དངོས་གྲུབ་ཀུན་གྱི་གནས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་དངོས་གྲུབ་རྣམས་ཀྱི་རྟེན་གནས་ཏེ། གོང་ནས་གོང་དུ་འཕེལ་བར་བྱེད་པའི་རྟེན་ཡིན་ནོ། །ཡང་ན་དངོས་གྲུབ་ཀུན་ནི་བཅོམ་ལྡན་འདས་ཉིད་ལ་གནས་ནི་ཕོ་བྲང་ངོ། །ཅི་ཞིག་ཅེ་ན། གསང་བ་མཆོག་གི་དགྱེས་པ་སྟེ་ཁང་དུ་བརྩེགས ་པའོ། །དེར་བཞུགས་པའི་བཅོམ་ལྡན་འདས་ལ་ཞུས་པར་གྱུར་ཅེས་བྱ་བ་དང་སྦྱར་རོ། །གནས་དེ་ཅི་འདྲ་ཞེ་ན། ཡིད་འོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཡིད་འོང་ནི་མངོན་པར་འདོད་པའོ། །བཅུད་ནི་ཉམས་སུ་མྱོང་བའོ། །རྟེན་ནི་ཐོབ་པར་བྱེད ་པ་སྟེ་གང་གིས་ཐོབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གོ་སླའོ། །འདབ་སྟོང་ལྡན་ཞེས་བྱ་བ་ནི་མང་བ་ཙམ་དུ་ཉེ་བར་སྟོན་པའོ། །སྦྱོར་བའི་གདན་ཞེས་བྱ་བ་ནི་ཆོས་འབྱུང་བའོ། །ཞུས་པ་དེ་ཅི་ཞིག་ཅེ་ན། འཁོར་ལོ་ཀུན་གྱི་ཞེས་བྱ་བ་ལ་སོགས ་པ་སྟེ། འཁོར་ལོ་ཀུན་ནི་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་སྟེ། དབྱངས་རྣམས་ནི་ཨོཾ་ལ་སོགས་པའི་ཡི་གེ་རྣམས་སོ། །བྱེ་བྲག་ནི་དབྱངས་ཀྱི་བྱེ་བྲག་གང་གནས་སྐབས་གང་དང་འཚམ་པར་གྱུར་པའོ། །ཁ་དོག་དབྱེ་བ་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས ་དཀར་པོ་ལ་སོགས་པའི་མདོག་དབྱེ་བའོ། །མི་འཚལ་ཏེ་ཞེས་བྱ་བ་ནི་ལྟ་འོག་ཏུ་སྦྱར་བར་བྱའོ། །འཁོར་ལོ་ཞེས་བྱ་བ་ནི་ཀླུ་བསྐྱོད་པ་ལ་སོགས་པའི་འཁོར་ལོའོ། །ལས་ནི་བྱ་བའོ། །སྣ་ཚོགས་ཀླུའི་སྔགས་ཞེས་བྱ་བ་ནི་སྣ་ཚོགས་ཀླུའི་སྔགས་བཅུ ་བའོ། །དུས་ཞེས་བྱ་བ་ནི་སྐར་མ་རྒྱལ་ལ་སོགས་པའི་དུས་སུའོ། །ཡང་ན་མཆེ་བས་ཟིན་པ་བསླང་བའི་དུས་སོ། །དེ་བཞིན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་དང་སྦྱར་ཏེ། ཇི་ལྟ་བུ་ཞེས་བྱ་བ་དང་འབྲེལ་ཏོ། །བསྟན་པ་དེ་ཉིད་བཤད་པའི་ཕྱིར་འདི་དག་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། འདི་དག་ཅེས་བྱ་བ་ནི་འདས་མ་ཐག་པ་ཐམས་ཅད་དོ། །ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ། །ལྷག་མ་ནི་གོ་སླའོ། །དེ་དག་ཐམས་ཅད་ཞུ་འདོད་པ་ཞེས་བྱ་བ་ལ་དེ་དག་ནི་ཐེ་ཚོམ་མོ། །ཐམས་ཅད་ནི་ལྷ་མོ་རྣམས་ཏེ། ལྷ་མོ་གཞན ་ཐམས་ཅད་ཀྱང་ཞུ་བར་འདོད་པ་ཡིན་གྱི། ཁྱོད་གཅིག་པུ་ནི་མ་ཡིན་པའོ། །ཡང་ན་ཐམས་ཅད་ཅེས་བྱ་བ་ནི་ལྷ་མོ་གཞན་གྱི་ཞུ་པར་འདོད་པ་ཐམས་ཅད་དང། དེ་དག་སྟེ་ཞུས་པ་དེ་དག་ལེགས་སོ་ཞེས་གཟེང་བསྟོད་པའོ། དེ་དག་གིས་ནི་ཤིན་ཏུ་ཞལ་གྱིས ་བཞེད་པ་སྟོན་ཏོ། །གཞན་ཞེས་བྱ་བ་ནི་སྐྱེ་བོ་ཕལ་པ་གཞན་ནོ། །སྒྱུ་མ་ཆེ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའི་རང་བཞིན་ཡོད་པའོ། །གང་ཞིག་བྲིས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་འཁོར་ལོ་བྲིས་པ་ཙམ་གྱིས་སོ། །འཐོབ་པ་ནི་རྙེད་པའོ། །ལྷག ་མ་ནི་གོ་སླའོ། །གནག་དང་ཞེས་བྱ་བ་ལ་སོགས་པས་ནི་གཏོར་མ་གཏོང་བ་བསྟན་པ་ཡིན་ཏེ། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ལ་གནག་པ་ནི་མཚན་མོའི་ཆའོ། །རཀྟ་ནི་ནུས་པ་སྟེ། མཚན་མོའི་ཆ་ལ་ནུས་པ་ཇི་ལྟ་བ་བཞིན ་དུ་གཏོར་མ་སྦྱིན་པའོ། །ཁྱད་པར་དུ་ཞེས་བྱ་བ་ནི་ལས་ཀྱིས་བྱེ་བྲག་གི་དབྱེ་བའོ། །གཡོན་ནས་བསྐོར་ཞེས་བྱ་བ་ནི་གཡོན་གྱི་ཀུན་ཏུ་སྤྱོད་པ་ལ་འཇུག་པ་སྟེ། འདིས་ནི་མཆོད་པ་བྱ་བར་སྟོན་ཏོ། །ད་ནི་འཁོར་ལོ་གསུམ་གྱི་ངེས་པ་བསྟན་པའི་ཕྱིར་རོ། ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་སྟེ། རྡོ་རྗེ་མཁའ་འགྲོ་བསྐྱེད་ཀྱི་འོག་ཏུའོ། །ས་རྣམས་ལ་ནི་རྣམ་རོལ་པ་ཞེས་བྱ་བ་ནི་ཐུགས་དང་གསུང་དང། སྐུའི་འཁོར་ལོ་ལ་ཁྱབ་པའོ། །བརྩོན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་ལུགས་ལས་བཟློག་ནས་གསུངས་པ་སྟེ། འདིར་དང་པོར་རབ་ཏུ་གཏུམ་མོ་ནས་ནི་བརྩོན་ཆེན་མའི་མཐར་ཐུག་པ་ཞེས་འོག་ནས་འབྱུང་བའི་ཕྱིར་ཐུགས་ལ་སོགས་པའི་འཁོར་ལོ་གསུམ་ལ་རབ་ཏུ་གཏུམ་མོ་ལ་སོགས་པ་ནས་བརྩམས་ཏེ་རིམ་བཞིན ་དགོད་པར་བལྟའོ། །རང་མིང་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ནི་དབྱངས་ཀྱི་བྱེ་བྲག་བསྟན་པ་ཡིན་ཏེ། ཨོཾ་པྲ་ཙཎྚེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པར་འགྱུར་རོ། །ོཾ་ནི་ཐམས་ཅད་གསལ་བྱེད་དེ་ཞེས་བྱ་བ་ལ། ཐམས་ཅད་ནི་སྔགས་རྣམས་སོ། །གྲུབ ་གསོལ་ནི་གཞན་དང་སྦྱོར་བས་སོ། །རྣལ་འབྱོར་དམ་མཆོག་འདི་མཐོང་ན་ཞེས་བྱ་བ་ལ་རྡོ་རྗེ་མཁའ་འགྲོས་སྦྱར་བས་ན་རྣལ་འབྱོར་ཏེ་མཁའ་འགྲོ་མའི་ཚོགས་སོ། །དེ་ཉིད་ནི་ཐུན་མོང་མ་ཡིན་པས་ན་དམ་པའོ། །ངེ་སྤར་ལེགས ་པའི་གནས་ཡིན་པས་མཆོག་གོ་།ཡང་ན་སྲེ་ཏ་ནི་སྤངས་པ་སྟེ། སྙན་པ་དང་གྲགས་པ་ལ་སོགས་པ་སྤངས་པའོ། །མཐོང་བ་ནི་འདིའི་རྣལ་འབྱོར་པའོ། །གཞན་དག་ནི་རྣལ་འབྱོར་གཞན་ལས་སྐྱེས་པའོ། །སྙིང་པོ་མེད་པའི་རྩ་ནི་འབུས་ཟོས་པའི་རྩ་ལྟར ་བྱ་བ་བྱེད་མི་ནུས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པའོ། །དཔའ་བོ་ཉིད་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མཐོང་བ་ཉིད་དཔའ་བོ་སྟེ། ཉོན་མོངས་པ་དང་བྲལ་བ་ཡིན་ནོ། །དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་ཐེ་ཚོམ ་བསལ་བ་ཡིན་ནོ། །ད་ནི་འཁོར་ལོའི་གྲངས་ནི་ཅི་ལྟ་བུ་ཞེས་བྱ་བ་བསྟན་པའི་ཕྱིར། རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པའི་རྒྱལ་པོ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ། །འཁོར་ལོ་ཆེན་པོ་ནི་ལེའུ་གསུམ་པར་ཁམ ་ཕོར་གཉིས་ལ་བྲི་བར་བསྟན་པ་གང་ཡིན་པའོ། ཐོས་པ་ཞེས་བྱ་བ་ནི་མིང་ཙམ་ཐོས་ཀྱང་ངོ། །སྔར་ཡི་གེ་ཕུ(རྒྱུད་འགྲེལ་བོན་ནི་ཕུ:ཱོ། །གདེངས་ཀ་གསུམ་ལྡན་ཀླུ་མོ་ནི་ཞེས་བྱ་བ་སྔར་བསྟན་པ་དེ་བཤད་པའི་ཕྱིར་རིན་ཆེན་དང་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདེངས་ཀ་རྣམས་རིན་པོ་ཆེ་དང་ལྡན་པར་བྱ་བའོ། །ཕྱོགས་ནི་ཀུན་ཏུ་བསམ་ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས ་མཚམས་ཀྱི་འདབ་མ་ལ་གནས་པའི་ཀླུ་རྣམས་ཀྱི་གཡོན་ཕྱོགས་ཀུན་ཏུ་བསམ་པའོ། །འདིར་སྒྲུབ་པ་ནི་ལན་ཅིག་བཟླས་པའི་ཞེས་བྱ་བ་ལ་སོགས་པས་འོག་ཉིད་ནས་སྟོན་ཏེ་གོ་སླའོ། །ད་ནི་འཁོར་ལོ་ལ་བྲི་བའི་སྔགས་བཏུབ་བསྟན་པའི་ཕྱིར་ཤར་དུ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། འོག་ནས་ལག་པ་གཡོན་པ་ལ་འཁོར་ལོ་བྲི་ཞེས་བྱ་བའི་གནས་དང་འབྲེལ་ཏོ། །དེ་ལ་ལག་པ་གཡོན་པའི་མཐིལ་དུ་ཐིག་བཞིར་བཏབ་པས་རེའུ་ཆ་དགུར་བྱས་ལ། རིག་པའི་རྒྱལ་པོ་དགོད་པར་བྱའོ། །ཤར་དུ་ཞེས་བྱ་བ་ནི་ཤར ་གྱི་རེའུ་ཆ་ལའོ། །ཀྵྨཱཾ་བར་དུ་ཞེས་བྱ་ནི་ཀྵྨཱཾ་ལ་ཐུག་གི་ཤྲར་དུ་སྟེ། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནདྷ་བནདྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲ:ཧྲ:ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ་པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱ་ནྟྲ་མཱ་ལཱ་བ་ལཾ་བི་ནི། གྲིཧྞ་གྲིཧྞ། ་སཔཏ་པཱ་ཧཱ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་པཱ་ཏ་རྫ་ཡ་ཏ་རྫ་ཡ་ཨཱ་ཀརྡཌ་ཨཱ་ཀཌདྷཡ་ཧཱིཾ་ཧཱིཾ་ཀྵྨཱཾ་ཞེས་བྱ་བའི་བར་དུ་པྲིའོ། །ནུབ་ཏུ་ཧི་ཞེས་བྱ་བ་ནི་ཧིཾ་ཧིཾ་ཞེས་བྱའོ། །དེ་བཞིན་དུ་ཧཾ་དང་ཧཱུཾ་ཡང་གཉིས་གཉིས་སུ་བལྟ་བར་བྱའོ། །ཀི་ལི་ཀི་ལི་ཡི་དགས་སུ་ཞེས་བྱ་བ་ནི་དབང་ལྡན་གྱི་རེའུ་ཆལ་འོ།། ་སྲིན་པོར་ཞེས་བྱ་བ་ནི་བདེན་བྲལ་དུའོ། །ཙི་ལི་ཇི་སྙེད་ཞེས་བྱ་བ་ནི། ཙི་ལི་ཚིག་གཞན་གཉིས་པའང་བྲི་བའོ། །མེ་མཚམས་དྷི་ལི་མཛའ་དང་བཅས་ཞེས་བྱ་བ་ལ་མཛའ་ནི་དྷི་ལི་སྭཱཧཱ་ཞེས་བྱ་བ་སྟེ། དྷི་ལི་དྷི་ལི་སྭཱཧཱ་ཞེས་བྱ་བར་འགྱུར་རོ། །དབུས་སུ་ནི་ཧཱུཾ་ཕཊ་ཅེས་བྱ་བ ་བྲིའོ། །སྔགས་འདི་དག་ཅེས་བྱ་བ་ནི་རིག་པའི་རྒྱལ་པོའི་སྔགས་ཏེ། རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དང་སྦྱར་རོ། །དེས་ནི་ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་བན་དྷ་བན་དྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཾ་ས་ཡ་ཏྲ་ས་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ:ཧྲ(རྒྱུད་འགྲེལ་དཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་བཱ་ཏ་རྫ་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀརྡྡྷཡ་ཨཱ་ཀརྡྡྷཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ཧིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་ལི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙི་ལི་ཙི ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་སྟེ། རིག་པའི་རྒྱལ་པོ་དེ་དག་ཐམས་ཅད་ལ། ཐོག་མ་དང་ཐ་མར་ཨོཾ་དང་ཧུཾ་ཧཱུཾ་ཕཊ་དུ་སྦྱར་བར་བྱ་སྟེ། ཇི་སྐད་དུ། ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། ཧུཾ་ཧཱུཾ་ཕཊ་ནི་མཛའ་ ་རུ་སྦྱར་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རིག་པའི་རྒྱལ་པོའི་སྔགས་དེ་རྣམས་དང། རབ་གཏུམ་མོ་ལ་སོགས་པའི་རང་མིང་བརྗོད་པའི་སྔགས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པར་རིམ་བཞིན ་དུ་ལྷན་ཅིག་བྲི་བའམ། ཡང་ན་དཔའ་བོ་ཐོད་པའི་དུམ་བུ་ཅན་ལ་སོགས་པའི་མིང་དང་གསུམ་གསུམ་དུ་བཅས་པར་བྲིའོ་ཞེས་སྟོན་ཏོ། །འཁོར་ལོ་ཆེ་འདི་སྐལ་པ་དང་ལྡན་ཞེས་བྱ་བ་ལ་འཁོར་ལོ་ཆེ་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐིལ་ལ ་བྲིས་པའི་འཁོར་ལོ་སྟེ། མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་རིག་པའི་རྒྱལ་པོའོ། །སྐལ་ལྡན་ཞེས་བྱ་བ་ནི་སྔོན་དུ་གུས་པས་ཡུན་རིང་པོར་བསྙེན་པ་བྱས་པས་སོ། །དགྲ་རྣམས་ཀྱི་ནི་གནད་གཅོད་པ་ཞེས་བྱ་བ་ནི་དགྲ་རྣམས ་གསོད་པ་སྟེ། ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པས་འོག་ནས་བཤད་པར་བྱའོ། །ཧཱུཾ་ཕཊ་ཅེས་བྱ་བ་སྤེལ་བའི་ཞེས་བྱ་བ་ལ་སོགས་པས་ནི་ལག་པ་ལ་སོགས་པར་བྲི་བར་འཁོར་ལོ་ཀུན་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་ཧཱུཾ་ཕཊ་ཅེས་བྱ་བའི ་སྔགས་དང་སྤེལ་བ་སྟེ། མན་ངག་གིས་ན་ཧཱུཾ་གཉིས་སུ་བལྟའོ། །དེས་ནི་ཧུཾ་ཧཱུཾ་ཕཊ་དེ་བ་དཏྟ་ན་རཱ་བཱ་ཤ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བར་འགྱུར་རོ། །ལྷན་ཅིག་བཟླས་པའི་གུ་གུལ་གྱི་ཞེས་བྱ་བ་ལ་སོགས་པས་ནི་རིག་པའི་རྒྱལ་པོ་ལན་ཅིག་བཟླས་པའི་བདུག ་པ་སྟོན་པ་ཡིན་ཏེ། ལེའུ་གསུམ་པའི་གདེངས་ཀའི་དབང་ཕྱུག་གི་འཁྲུལ་འཁོར་གྱི་ཆོ་ག་ལྷག་མ་ཡིན་ནོ། །ལག་པ་གཡོན་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་འཁོར་འདི་ལས་བཅུ་གསུམ་སྟོན་པ་ཡིན་ཏེ། སྣ་སྒོ་གཡོན་པ་ནས་རླུང་རྒྱུ་བའི ་དུས་སུ་ལག་པ་གཡོན་པའི་མཐིལ་ན་ཙན་དན་ལ་སོགས་པས་ཤིང་རྫ་ཡནྟའི་སྨྱུ་གུས་འཁོར་ལོ་བྲིས་ལ་དབུས་སུ་ཧྲི:དེ་བ་དཏྟསྱ་བི་ཥ་ཨ་པ་ཧ་ར་ཧྲཱི(རྒྱུད་འགྲེལ་བས་ཟིན་པ་ཡང་གཡོན་ཕྱོགས་སུ་བཞག་ལ་མཐེ་བོའི་རྩེ་མོའི་མཛུབ་མོ་དང་གུང་མོ་བརྐྱང་བའི་མཛུབ་མོའི་རི་མོ་གསུམ་པ་དང་དུག་བཅུག་པ་ལྟར་བྱས་ཏེ། གུང་མོའི་རི་མོ་བར་བ་དང་གཉིས་ཀྱི་བར་དུ་བཙིར་ལ་རིག་པ་ལན་ཅིག་བཟླས་པ་ཙམ་གྱིས་མཆེ ་བའི་དུས་སུ་ཟིན་པ་སྟེ། གསོར་རུང་བའི་མཆེ་བ་བརྒྱད་ཀྱིས་ཟིན་ཅིང་བརྒྱལ་བ་ཡང་སློང་བར་བྱེད་དོ། །ཡང་ན་ཡིད་ཀྱིས་བྲི་བས་ཀྱང་ཆོ་ག་དེ་ལྟར་བྱ་སྟེ། རེའུ་མིག་དགུ་པའི་འཁོར་ལོའི་སྦྱོར་བ་དང་པོའོ། །ཀ་ར་བཱི་རའི་ཞེས་བྱ་བ་ལ་རིག་པ་ཅན་ཅིག་བཟླས ་པའི་ཀ་ར་བཱི་རའི་སྨྱུ་གུས་འཁོར་ལོ་ཇི་ལྟ་བ་བཞིན་བྲིས་ལ། དབུས་སུ་ཧུཾ་ཧཱུཾ་ཕཊ་དེ་བ་དཏྟ་ཡ་གརྦྷ་ཡ་ཛྙ་དཏྟ་ཡ་སཾ་ཀྲ་མ་ཡ་ཧུཾ་ཧཱུཾ་ཕཊ་ཅེས་བྲིས་ནས། ཡང་རིག་པ་ལན་ཅིག་བཟླས་ན་མངལ་འཕོ་བར་འགྱུར་ཏེ། སྦྱོར་བ་གཉིས་པའོ། །དག་དང་ཞེས་བྱ་བ ་ལ་སོགས་པ་ལ། ཀ་ར་བཱི་རའི་འདབ་མའི་ཁུ་བས་བསྒྲུབ་བྱའི་གཟུགས་བྲིས་ལ་དེའི་སྙིང་གར་དུག་ལ་སོགས་པས་ལག་པ་ལ་འཁྲུལ་འཁོར་སྔ་མ་ལྟར་བྲིས་ཏེ། འཕྲོ་བ་དང་བཅས་པས་གང་ལ་རེག་པ་དེ་འཆི་བར་འགྱུར་རོ། །ཁ་ཅིག་ན་རེ་དུག་ལ་སོགས་པ ་ལ་མངོན་པར་བཟླས་ནས་གང་ལ་བསྣུན་པ་དེ་འཆི་བར་འགྱུར་རོ། །ཞེས་ཟེར་ཏེ་སྦྱོར་བ་གསུམ་པའོ། །རོ་བསྲེགས་པའི་ཞེས་བྱ་བ་ལ་སོགས་པ་ལ་རོ་བསྲེགས་པའི་འགལ་བའི་དུམ་བུ་ཅུང་ཟད་ཚིག་པ་ལ་དྷ་དྷུ་རའི་ཁུ་བས་རོ་བསྲེགས་པའི་གནས་དེ་ཉིད་དུ་མེ ་བསད་ཅིང་ཤིན་ཏུ་རློན་པར་སྤངས་ཏེ། མགལ་དུམ་དེ་ཉིད་ལ་ཚེར་མས་འཁོར་ལོ་ཇི་ལྟ་བ་བཞིན་དུ་བྲིས་ལ་ལན་ཅིག་བཟླས་ནས་དེས་གང་ལ་བསྣུན་པ་དེ་དེ་མ་ཐག་ཏུ་ལྟུང་བར་འགྱུར་རོ། །ཡང་ན་དེ་ཉིད་ཀྱིས་ཞེས་བྱ་བར་སྦྱར་ཏེ། སོལ་བ་རློན་པ་དེ་ཉིད་ལ་རིང ་པ་ལན་ཅིག་བཟླས་ནས་བསྐམས་ལ་དེས་ལག་མཐིལ་དུར་འཁྲུལ་འཁོར་བྲིས་ནས་གང་ལ་རེག་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་ཏེ་སྦྱོར་བ་བཞི་པའོ། །སཾ་ཀོ་ཏ་ཀ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་པ་ཞེས་བྱ་བ་ནི ་རིག་པ་ཟླས་པའོ། །ཆོ་ག་སྔ་མ་བཞིན་ཞེས་བྱ་བ་ནི་ཀ་ར་བི་རའི་ལོ་མའི་ཁུ་བ་དང། དུག་ལ་སོགས་པའི་སྣག་ཚས་ལག་པ་ལ་འཁྲུལ་འཁོར་སྔ་མ་བཞིན་བྲི་བའོ། །ཁྱད་པར་དུ་ནི་འདིར་སཾ་ཀོ་ཏའི་སྨྱུ་གུས་བྲིའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ཐལ་བ་ཞེས ་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སྦྱོར་བ་ལྔ་པའོ། །དུར་ཁྲོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོའི་མཚན་མོ་ནི་མར་ངོའི་བཅུ་བཞིའི་མཚན་མོའོ། །གང་གི་སྙིང་གར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་བྲིས་ལ། དེའི་སྙིང་གར་འཁྲུལ་འཁོར་བྲིས ་དེ། དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་བ་སྔར་བསྟན་པ་ལྟར་བྲིས་ལ་སྔགས་བཟླའོ། །སྦྱོར་བ་དྲུག་པའོ། །བསྒྲུབ་བྱའི་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་བྱའི་གཟུགས་ནི་རྐང་རྗེས་ཀྱི་རྡུལ་ལས་བྱའོ། །དེའི་སྙིང་ག་ནི་གཟུགས་བརྙན ་གྱི་སྙིང་གར་རོ། །འཁྲུལ་འཁོར་ནི་གྲོ་ག་ལ་སོགས་པ་ལ་གུར་ཀུམ་ལ་སོགས་པས་སྔ་མ་ལྟར་བྲིས་པ་སྟེ། སྦྱོར་བ་བདུན་པའོ། །འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་དེ་ཉིད་ནི་སྔར་བསྟན་པ་ལྟ་བུའོ། །དུར་ཁྲོད་ཀྱི་རས་ལ་སོགས་པ་ནི་བྱེ་བྲག་གོ་། ་ཕོ་ཉའི་མདོག་ཏུ་བྲི་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་འོད་ཀྱིས་འཁོར་བ་དང་བཅས་པར་བྲི་བའོ། །ལས་ཀྱི་ཕོ་ཉ་དང་བཅས་ཞེས་བྱ་བ་ནི་མཁའ་འགྲོ་མའི་གདོན་གྱིས་ཟིན་པའོ། །གཟུང་བར་བྱ་ཞེས་བྱ་བ་ནི་ཚར་བཅད་པར་བྱ་བ་སྟེ། སྦྱོར་བ་བརྒྱད ་པའོ། །ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པ་ལ་ཀ་ར་བཱི་རའི་ལྕུག་མ་ནི་ཉི་མ་གཟས་ཟིན་པའི་དུས་སུ་སྔགས་ཟློས་ཤིང་བླངས་པའོ། །གང་ལ་མངོན་པར་ཕྱོགས་ཏེ་ཞེས་བྱ་བ་ནི་དགུག་པར་བྱ་བའི་སྐྱེས་པ་དང། བུད་མེད་གང་ཡང་རུང་བ་ལ་ཡིད་ཀྱིས་དམིགས་ནས་སོ། ་སྔགས་བྲིས་ནས་ཞེས་བྱ་བ་ནི་ལག་པ་ལ་འཁྲུལ་འཁོར་བྲི་བ་སྟེ། དེས་བསྲེགས་པ་དང་བླང་བ་ལ་སོགས་པ་ཐམས་ཅད་བྱའོ། །བསྐོར་བ་ནི་རྩ་བ་ནས་གཟུང་ནས་བསྐོར་བ་སྟེ། སྦྱོར་བ་དགུ་པའོ། །སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་པ་ནི་རོའི་བྱེ་བྲག་གོ་།རོའི་ཁམ་པོར་ནི ་དུར་ཁྲོད་དུ་རོ་བསྲེགས་པའི་ཁམ་པོར་རོ། །ལྷག་མ་ནི་གོ་སླའོ། །འདི་ནི་དབུགས་ནང་དུ་བསྡམས་ནས་བྲིས་ལ་འཁྲུལ་འཁོར་གོས་སེར་པོས་གཡོགས་ལ་མེ་ཏོག་སེར་པོ་ལ་སོགས་པས་མཆོད་པ་བྱ་སྟེ། སྦྱོར་བ་བཅུ་པའོ། །དུར་ཁྲོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འདིར ་ཡང་སྣག་ཚ་ནི་བ་བླ་དང་ཡུང་བའི་ཁུ་བའོ། །ཀླུ་རྣམས་སྤངས་པ་ཞེས་བྱ་བ་ནི་ལྟ་འོག་གི་ལས་བཅུ་གཉིས་ཀྱི་འཁྲུལ་འཁོར་ཏེ་དེ་དག་ནི་ཀླུ་དང་བྲལ་བའོ། །འདིར་བྲིས་ལ་ཞེས་བྱ་བ་ནི་འཁྲུལ་འཁོར་འདིར་ལེའུ་གསུམ་པ་ལས་སྨོས་པ་ལྟར་ཀླུ་དང་བཅས་པར་བྲིའོ། །ེ་དང་སྤེལ ་བ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡང་བྲི་བའོ། །ལུས་སྲུལ་པོ་ནི་ཡི་དགས་ཏེ་སྦྱོར་བ་བཅུ་གཅིག་པའོ། །འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཟླ་བས་བརྒྱན་པ་ནི་ཟླ་བའི་དཀྱིལ་འཁོར་ལ་བྲི་བའོ། །བུད་མེད་གང་གིས་རྟག་ཏུ་བཅངས་ན་ཞེས་བྱ་བ ་ནི་ལུས་ལ་གདགས་པའོ། །རིག་པའི་རྒྱལ་པོ་ཉིད་ལྷུམས་སུ་འཇུག་གོ་ཞེས་བྱ་བ་ནི། གདོན་མི་ཟ་བར་བུ་རྙེད་པར་འགྱུར་བ་སྟེ། སྦྱོར་བ་བཅུ་གཉིས་པའོ། །ཞི་བའི་འདུས་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང། །བའི་བྱང་ཆུབ་ཀྱི་སེམས་སོ། །ཀུན་ཏུ་སྤྱོད་པ ་ཞེས་བྱ་བ་ནི་དེ་ཡང་འཁོར་ལོར་བསྒོམས་ནས་སྔགས་ཀྱང་ཟློས་ཤིང་བདག་ཉིད་ཀྱིས་ཅུང་ཟད་ཟོས་ཏེ། ལྷག་མ་དེའི་ཁར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ་།ལྷག་མ་ནི་གོ་སླའོ། །སྦྱོར་བ་བཅུ་གསུམ་པའོ། །རབ་ཏུ་སྦྱོར་བ་དེ་ལྟ་བུའི་ཆོ་ག་དང་ལྡན་པར་ཞེས ་བྱ་བ་ལ། རབ་ཏུ་སྦྱོར་བ་ནི་རེའུ་མིག་དགུ་དང་ལྡན་པའི་སྦྱོར་བ་བཅུ་གསུམ་མོ། །དེ་ལྟ་བུའི་ཆོ་ག་ཞེས་བྱ་བ་ནི་སྔར་སྨོས་པའི་ཚུལ་གྱི་ཆོ་གའོ། །རྣལ་འབྱོར་ཞེས་བྱ་བ་ནི་འདི་ལས་རྣལ་འབྱོར་པས་རྣལ་འབྱོར་ཏེ། སྔགས་ཀྱིས་གཟུགས་སོ། །སྦྱོར་བ ་འདི་དག་ལ་བརྟུལ་ཞུགས་ལ་སོགས་པའི་ངེས་པ་མེད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ཆོ་ག་ཞི་བ་མོའི་སྦྱོར་བའི་ཚུལ་འདི་ཉིད་ཀྱིས་ཞེས་བྱ་བ་ལ། ཆོ་ག་ཞིབ་མོ་ནི ་བསྟན་བཅོས་སོ། །སྦྱོར་བ་ནི་རྒྱུད་ལས་བསྟན་པའི་རྡོ་རྗེ་མཁའ་འགྲོའི་མཚན་ཉིད་དོ། །ཚུལ་ཞེས་བྱ་བ་ནི་བྲི་བ་ལ་སོགས་པའི་ཆོ་གའོ། །ལས་ཐམས་ཅད་ཅེས་བྱ་བ་ནི་ཀླུ་དང་བ་པ་ལ་སོགས་པའོ། །ཇི་ལྟར་འདོད་པ་བཞིན་ཞེས་བྱ་བ་ནི་ཐེ་ཚོམ་མེད ་པའོ། །ཡང་ན་ཇི་ལྟར་འདོད་པ་ནི་མ་བསྟན་པའི་ལས་གཞན་དག་ཀྱང་བྱེད་པའོ། །ད་ནི་འཁོར་ལོ་གཞན་བསྟན་པའི་ཕྱིར་གསུངས་པ། ནམ་མཁའ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་གྲོ་ག་ལ་སོགས་པ་ལ་གིའུ་ཝང་ལ་སོགས་བས ་ཆོས་ཀྱི་འབྱུང་གནས་ལ་ཟླ་བའི་དཀྱིལ་འཁོར་བྲིས་ལ་དེར་འཁོར་ལོ་རྣམས་བྲི་བར་བྱ་སྟེ། འོད་ཟེར་ཚོགས་ནི་གསལ་པའི་མདངས་ཞེས་བྱ་བ་ནི་ཟླ་བའི་ཕྱི་རོལ་ཏུ་འོད་ཀྱི་ཕྲེང་བས་བསྐོར་བའོ། །འཁོར་ལོའི་ཕྲེང་བས་རྣམ་པར་ཀླུབས་ཞེས་བྱ་བ་ནི ་ཕྱི་རོལ་སྐུའི་འཁོར་ལོའི་ཕྲེང་བས་བསྐོར་བའོ། །ལྷག་མ་ཡང་དེ་ལྟར་ལྟ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། འཁོར་ལོ་དཀྱིལ་འཁོར་ལྟ་བུ་ཡིན་ཞེས་བྱ་བ་ནི་ནང་གི་འཁོར་ལོ་གསུམ་པོ་ཀུན་ནས་ཟླུམ་པོར་བྱ་བ་དང། ཟླ་བའི་ཕྱི་རོལ་ཏུ ་གྲུ་བཞི་དང་སྒོ་བཞིར་ལྡན་པར་བྲི་བའོ། །རང་གི་ལུས་ལ་སྤྲོ་བར་བྱ་ཞེས་བྱ་བ་ནི་འཁོར་ལོ་གསུམ་པོ་སོ་སོ་ལས་རང་གི་མདོག་གི་འོད་སྤྲོ་བའོ། །འཁོར་ལོ་ཡང་ལྟེ་བ་དང་རྩི་བས་དང་མུ་ཁྱུད་དང་བཅས་པར་བྲི་བའོ། །དཀར་དང་དམར་དང་སྔོན་པོ་སྟེ ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་འཁོར་ལོ་གསུམ་གྱི་རིམ་བཞིན་དུ་མདོག་བསྟན་པ་སྟེ། བྲི་བའི་ཁ་དོག་གོ་།ཁ་དོག་མཆོག་གི་བྱེ་བྲག་བྱ་ཞེས་བྱ་བ་ནི་བྲིས་པའི་འོག་ཏུ་བསྒོམས་པའི་ཁ་དོག་བསྟན་པ་སྟེ། ཞི་བ་ལ་སོགས་པའི་ལས་ཀྱི ་བྱེ་བྲག་གིས་འཁོར་ལོ་ཐམས་ཅད་ཀྱང་དཀར་པོ་ལ་སོགས་པར་བསྒོམ་པའི་དོན་ཏོ། །བྱ་བའི་ཆོ་ག་དེ་ཡིས་ནི་ཞེས་བྱ་བ་ལ། བྱ་བའི་ཆོ་ག་ནི་བྲི་བ་ལ་སོགས་པའི་ཆོ་གའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །དཔའ་བོའི་དབང་ཕྱུག་དེ ་བཞིན་བྲི་ཞེས་བྱ་བ་ལ། དཔའ་བོའི་དབང་ཕྱུག་ནི་ཐོད་པའི་དུམ་བུ་ཅན་ལ་སོགས་པ་སྟེ། དེ་རྣམས་དང་དབྱེར་མེད་པས་རྩ་བའི་རིགས་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་ལ། ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ་ཅེས ་བྱ་བའོ། །བྱང་གི་རྩི་བས་ལ་ནི། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལ། ཨོཾ་བནདྷ་བནདྷ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལ་ནི། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། དབང་ལྡན་དུ་ནི། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། མེར་ནི་ཨོཾ་ཧྲོཾ་ཧྲོཾ་ཧུཾ་ཧཱུཾ་ཕཊ། བདེན་བྲལ་དུ ་ནི་ཨོཾ་ཧྲ(རྒྱུད་འགྲེལ་བྷཀྵ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་པའོ། །ོཾ་བ་ས་རུ་དྷི་རཱནྟཱ་མཱ་ལཱ་བ་ལང་བི་ནི་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། དབང་ལྡན་དུའོ། །ོཾ་སབཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦ་བཱ་ཏ་རྫ་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ་མེའི་མཚམས་སུའོ། །ོཾ་ཨཱ་ཀཌཌཧཡ་ཧུཾ་ཧཱུཾ་ཕཊ། བདེན ་བྲལ་དུའོ། །ོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། རླུང་དུའོ། །ོཾ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། སྐུའི་འཁོར་ལོའི་ཤར་གྱི་རྩིབས་ལའོ། །ོཾ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལའོ། །ོཾ་ཧིཾ་ཧིཾ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལའོ། །ོཾ་ཧུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལའོ། །ོཾ་ཀི་ལི་ཀི་ལི ་ཧུཾ་ཧཱུཾ་ཕཊ། དབང་ལྡན་དུའོ། །ོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། མའི་མཚམས་སུ་ཨོཾ་ཙི་ལི་ཙི་ལི་ཧུཾ་ཧཱུཾ་ཕཊ། བདེན་བྲལ་དུའོ། །ོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་རླུང་མཚམས་སུ་དགོད་པར་བྱའོ། །དབུས་སུ་བསྒྲུབ་པར་བྱ་བའི་མིང། ཇི་ལྟར་འདོད ་བཞིན་སྦྱར་བར་བྱ་ཞེས་བྱ་བ་ལ་དབུས་སུ་ནི་འཁོར་ལོ་གསུམ་གྱི་ལྟེ་བ་ལའོ། །ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས་གང་འདོད་པའོ། སྦྱར་བ་ནི་སྲེལ་བའོ། དེ་ནི་ཨོཾ་དེ་བ་དཏྟ་སྱ་ཤཱན་ཏི་ཀུ་རུ་ཨོཾ ་ཞེས་བྱ་བར་འགྱུར་རོ། །ཕྱི་རོལ་ཞེས་བྱ་བ་ནི་རི་མོ་གྲུ་བཞིའི་ཕྱི་རོལ་ཏེ་དེར་རྡོ་རྗེའི་ཕྲེང་བ་ཟླུམ་པོས་བསྐོར་བའོ། །འོད་ཟེར་འབར་བའི་ཕྲེང་འཁྲུགས་བྲི་ཞེས་བྱ་བ་ནི་འཁོར་ལོ་དེ་དག་ཐམས་ཅད་འོད་ཟེར་གྱི་དྲ་བས་བསྐོར་བའོ། །འདི་ནི་ཞེས་བྱ་བ་ནི་རིག ་པའི་རྒྱལ་པོ་བྲིས་པ་གང་ཡིན་པའོ། །ཐམས་ཅད་བསྲུང་བ་ཞེས་བྱ་བ་ལ་ཐམས་ཅད་ནི་རྒན་བུ་དང་གཞོན་ནུ་དང་སྐྱེས་པ་དང་རུང་མེད་རྣམས་ཏེ། དེ་རྣམས་ཀྱི་བསྲུང་བའམ་ཡང་ན་རིམས་དང་ནད་ལ་སོགས་པ་ཐམས་ཅད་ལས་བསྲུང་བ་སྟེ། འཁོར་ལོ་འདི་བྲིས ་ནས་དཔུང་པ་ལ་སོགས་པར་བཅངས་ནས་རིམས་ལ་སོགས་པ་རྣམས་གྲིབ་མའང་མི་འགོད་ན་ལུས་ལྟ་ཅི་སྨོས་ཞེས་བྱ་བར་སྦྱར་རོ། །ནད་ནི་བློ་དད་དབུགས་མི་བདེ་བ་ལ་སོགས་པའོ། །མཁའ་འགྲོ་མའི་འཚེ་བ་དང་ཞེས་བྱ་བ་ལ། མཁའ་འགྲོ་མ་ནི་གྲགས་པར་ཟད ་དོ། །འཚེ་བ་ནི་སྲིན་པོ་ལ་སོགས་པས་བྱས་པའི་གནོད་པའོ། །ཟླ་གཟུགས་ལྟ་བུ་ཞེས་བྱ་བ་ལ་སོགས་པ། བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དཀར་པོར་བྱས་ཏེ། ལག་པ་གཡོན་པའི་མཐིལ་དུ་འཁོར་ལོ་བཀོད་ལ་སྔགས་ཀྱི་ཡི་གེ་རྣམས་མདོག་དཀར ་པོ་ཁ་བལྟ་བུའི་ཆུ་རྒྱུན་འཛག་པར་བསམས་ཏེ། རིམས་ལ་སོགས་པས། ཟིན་པ་ལ་བསྟེན་ན་འབྱེར་བ་སྟེ་འཐོར་བར་འགྱུར་རོ། །གང་དུ་ཞེ་ན། ཕྱོགས་བཅུར་ཏེ་ཕྱོགས་ཀུན་ཏུའོ། །འཁོར་ལོ་དེ་ཉིད་ལས་ཀྱི་བྱེ་བྲག་གིས་ཁ་དོག་ཐ་དད་པར་བསྟན་པའི ་ཕྱིར་དཀར་པོ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོད་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དབྱེ་བ་ལ་སོགས་དྲག་པོའི་ལས་གཞན་དག་ཀྱང་ཁ་དོག་ནག་པོ་དང་སྦྱར་རོ། །དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་ཁ་དོག་དམར་པོ་དེ་ཉིད་ཀྱིས་སོ། །ལྷག ་མ་ནི་གོ་སླའོ། །འདིས་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་ལག་པ་ལ་འཁོར་ལོ་བྲིས་ཏེ་བསྟན་པ་དང་སྔགས་བཟླ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་སྟོན་ཏོ། །ལས་ཐམས་ཅད་འབྱུང་བ་ཞེས་བྱ་བ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པ ་འོ། །འབྱུང་བ་ནི་འགྲུབ་པ་སྟེ། འཁོར་ལོ་གང་གིས་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །སྲུང་བའི་འཁོར་ལོ་ཞེས་བྱ་བ་ནི་ལྷག་པར་བསྲུང་བའི་དབང་དུ་བྱས་པའི་འཁོར་ལོ་སྟེ། དེ་ཡན་ཆད་ཀྱིས་ནི་གདེངས་ཀའི་དབང་ཕྱུག ་དང། འཁོར་ལོ་གཉིས་ཀའི་བྱ་བ་བསྟན་པ་ཡིན་ནོ། །དེ་ལྟར་རྩ་བའི་སྔགས་ཀྱི་ལས་ཀྱིས་ཆོ་ག་བསྟན་ནས། ད་ནི་སྙིང་པོའི་སྔགས་ཀྱི་འཁོར་ལོ་བསྟན་པའི་ཕྱིར་བཀའ་ཨི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་གསུངས་ཏེ། བཀའ་ནི་བཅོམ་ལྡན་འདས་ཀྱི ་སྙིང་པོའི་ཡི་གེ་ཉི་ཤུ་རྩ་གཉིས་སོ། །ཁྱད་པར་ནི་དམ་པ་སྟེ། འཁོར་ལོ་གང་གིས་རྣལ་འབྱོར་བས་སེམས་ཅན་ཀུན་གྱིས་དོན་བྱེད་པ་ཞེས་བྱ་བ་དང་འབྲེལ་ཏོ། །གང་གི་ཞེ་ན། ལས་ཀྱི་ཆོ་ག་མཐོང་བའི་སྟེ། ཆོ་ག་ནི་སྣག་ཚེ་དང་བྱང་བུ་ལ་སོགས་པའོ། །ལས ་ནི་བྲི་བ་དང་བསྒོམ་པ་དང་བཟླས་པ་ལ་སོགས་པས་སོ། །ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་ཕྱག་རྒྱ་བྲི་བའོ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཞེས་བྱ་བ་ནི་དེའི་ནང་དུ་རི་མོ་ཟླུམ་པོར་བྲི་བ་སྟེ། དེ་ཉིད་ཀྱིས་ན་དཀྱིལ་འཁོར་འཁོར་ལོ་ལྟ་བུ་བསམ་ཞེས ་གསུངས་ཏེ། བསམ་ཞེས་བྱ་བ་ནི་རྣལ་འབྱོར་ལ་དགའ་བ་རྣམས་ཀྱིས་ནི་ཏིང་ངེ་འཛིན་གྱིས་ཀྱང་འདི་དག་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དབུས་ཞེས་བྱ་བ་ནི་འཁོར་ལོ་དེའི་དབུས་སུའོ། །རྡོ་རྗེ་རྩེ་ལྔ་པ་ཡི་མཆོག་།འོད་ཟེར་དཀར་པོས་ཤིན་ཏུ་མཛེས། སྒྲུབ ་པོ་འཁོར་ལོ་ཕྱི་རོལ་བྲི། ཞེས་བྱ་བ་ལ། སྒྲུབ་པ་ནི་བསྒོམ་པའི་བདག་ཉིད་ཅན་ནོ། །འཁོར་ལོའི་ཕྱི་རོལ་ནི་པདྨའི་ཕྱི་རོལ་ཏེ། ཕྱི་རོལ་ཕྱོགས་བརྒྱད་དུ་ཇི་སྐད་སྨོས་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་བྲིའོ། །པདྨའི་ལྟེ་བར་སྭཱཧཱ་བྲི་ཞེས་བྱ་བ་ལ་འདིར་ཕྱི་རོལ་གྱི ་པདྨའི་འདབ་མ་བཅུ་དྲུག་པོ་རྣམས་ལ་ནི་ཤར་ནས་བརྩམས་ཏེ་གཡས་བསྐོར་དུ། ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ཞེས་བྱ་བ་བཅུ་དྲུག་དགོད་དོ། །ནང་གི་འདབ་མ་བརྒྱད་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་ནི་ར་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ ་ནི་བཞི་དགོད་དོ། །དབང་ལྡན་ལ་སོགས་པ་མཚམས་ཀྱི་འདབ་མ་བཞི་ལ་ནི་ཡི་གེ་ཧྲཱི་དང་སྤེལ་བའི་བསྒྲུབ་བྱའི་མིང་བྲིའོ། །དབུས་ཀྱི་ལྟེ་བ་ལ་ནི་སྭཱཧཱ་བྲིའོ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ་ཞེས་བྱ་བ་ནི་དངོས་གྲུབ་སྟེར་བའི་ནུས་པ་དང་ལྡན་པའོ། །མ ་མོའི་ཁྱིམ་ཞེས་བྱ་བ་ནི་མ་མོ་བདུན་གྱི་རྟེན་གྱི་གནས་སུའོ། །ཙནད་བཟང་པོ་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །འབོལ་ཞིང་ཤིན་ཏུ་འདམ་པའི་སྟན་ཞེས་བྱ་བ་ནི་ས་གཞི་མཉམ་ཞིང་ཡིད་དུ་འོང་བའོ། །སྐྱེ་གནས་ཕྱག་རྒྱ་བཅིང་ཞེས་བྱ་བ་ནི་རྡོ་རྗེའི་སྐྱིལ་ཀྲུང་དུ ་གནས་པའོ། །དེ་དག་གིས་ནི་འདི་སྐད་དུ་མ་མོ་རྣམས་ཀྱི་གནས་སུ་ས་གཞི་མཉམ་ཞིང་ཡིད་དུ་འོང་བ་ལ་བདུད་རྩི་ལྔས་བྱུགས་ཏེ་འོག་ནས་འབྱུང་བའི་སྣག་ཚས་འཁྲུལ་འཁོར་བྲིས་ལ་དེ་ཉིད་ཀྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་ནས་བསྒྲུབ་བྱ་ལ་ཁ ་ལྟས་ཏེ། ཡི་གེ་ཉི་ཤུ་གཉིས་པའི་སྔགས་སྤེལ་བ་དང་བཅས་པར་ཉིན་རེ་དུས་གསུམ་དུ་བརྒྱ་རྩ་བརྒྱད་ཟླས་ན་འགུག་པར་འགྱུར་རོ་ཞེས་སྟོན་ཏོ། །བྲི་བའི་དུས་ཀྱི་ཆོ་ག་གསུངས་པ། ཡན་ལག་ཅེས་བྱ་བ་ལ་སོགས་པ་སྟེ་ལྟ་འོག་ཏུ་སྦྱར་བར་བྱའོ། །སྣ ་ཚོགས་གསུངས་པ། ཡི་དགས་སེན་རྩི་ཞེས་བྱ་བ་ལ་སོགས་པ་ལ། ཁྲག་ཅེས་བྱ་བ་ནི་སྲིན་ལག་གི་ཁྲག་གོ་།རྣམ་པ་གཞན་གསུངས་པ། ཡི་དགས་གོས་སམ་ཞེས་བྱ་བ་ལ་སོགས་པ་ལ། རོའི་བུམ་པ་སྐམ་པོ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི ་ས་ཁུམ་སྐོམ་པོའི་གྱོ་མོའོ། །ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་དེ་བཞིན་བྲི་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །འཁོར་ལོ་དེའི་སྙིང་གར་གཞུག་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་རྡུལ་ལ་སོགས་པ་ལས་འོག་ནས་འབྱུང་བ་ལྟར་གཟུགས་བྱས ་དེའི་སྙིང་གར་འཁྲུལ་འཁོར་གཞུག་པའོ། །བློ་ལྡན་ཞེས་བྱ་བ་ནི་དགུག་པའི་ལས་ལ་རྩེ་གཅིག་ཏུ་དམིགས་པའོ། །མཐེའུ་ཆུང་བསྐྱོད་ཅེས་བྱ་བ་ནི་ལྕེ་བསྐྱོད་དེ་སྔགས་བཟླས་པའོ། །བྲམ་ཟེ་གསོད་པ་ཞེས་བྱ་བ་ལ་བྲམ་ཟེ་ནི་སངས་རྒྱས་ལ། ་གསོད་པ་ནི་བྲམ་ཟེ་གསོད་པའོ། །འང་གི་སྒྲས་ནི་མཚམས་མེད་པ་གཞན་བྱེད་པའང་གཟུང་ངོ། །ཉིན་བདུན་ཞེས་བྱ་བ་ལ། ཉི་མ་འང་ཡིན་ལ་བདུན་ཀྱང་ཡིན་པས་ཉི་མ་བདུན་ཞེས་གཅིག་ཏུ་མཚམས་སྦྱར་བར་བྱའོ། །བསྒྲུབ་བྱའི་གཟུགས ་པ་ཉིད་གསུངས་པ། ཙནད་དམར་པོའི་རྡུལ་ལས་ནི་ཞེས་བྱ་བ་ལ། ཙནད་དམར་པོ་དང་རྐང་པའི་རྡུལ་ལས་ཞེས་ཟླས་དབྱེ་བར་བྱ་སྟེ། བར་གྱི་ཚིག་མི་མངོན་པ་ཡིན་ནོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ཚ་བ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ ་གོ་སླའོ། །ཉིན་བདུན་བསྲེ་ཞེས་བྱ་བ་ནི་ཉི་མ་བདུན་དུ་དུས་གསུམ་དུ་བསྲོ་བའོ། །དེ་དག་གིས་འདི་སྐད་དུ་ཡི་དགས་ཀྱི་གོས་ལ་སོགས་པ་ལ་ཡི་དགས་ཀྱི་སེན་མོ་ལ་སོགས་པས་འཁྲུལ་འཁོར་སྔ་མ་ལྟར་བྲིས་ཏེ། ཁྱད་པར་དུ་ནང་གི་པདྨའི ་མཚམས་ཀྱི་འདབ་མ་ལ་ཧྲི(རྒྱུད་འགྲེལ་ཕུག?་ན། ཇི་ལྟ་བའི་མེ་ལ་ཉི་མ་བདུན་དུས་གསུམ་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་ཟློས་ཤིང་སྤྲ་ཚིལ་མ་ཞུའི་བར་དུ་བསྲོ་བར་བྱའོ་ཞེས་སྟོན་ཏོ། །སྤྲ་ཚིལ་མ་ཞུ་ཞེས་བྱ་བ་འོག་ནས་འབྱུང་བ་ནི་འདི་ལྟར་ཡང་བལྟའོ། །དེས་ཅིང་འགྱུར་ཞེ་ན། ་རྒྱལ?་པོ་བློན་བཅས་ཞེས་བྱ་བ་ལ། བློན་པོ་ནི་ལས་ཀྱི་སྣ་ལ་གཏོགས་པ་རྣམས། །འདུན་ན་འདོན་ནི་སྤྱན་སྔར་རྟག་ཏུ་བཀྲ་ཤིས་ཀྱི་སྨྲད་འདོན་པའོ། །ལྷག་མ་ནི་གོ་སླའོ། །ཡང་ན་རྣམ་པ་གཞན་བསྟན་པའི་ཕྱིར་གྲོ་ག་ཡིན་ནི་ཞེས་བྱ་བ་ལ་སོགས་ ་པ་གསུངས་ཏེ། འདི་ཡང་རྐང་རྗེས་ཀྱིས་རྡུལ་ལ་སོགས་པ་ལས་བསྒྲུབ་བྱའི་གཟུགས་བྱས་པས་སྙིང་གར་གཞུག་པ་སྔ་མ་དང་སྦྱར་རོ། །མངོན་པར་ཕྱོགས་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་ཁ་བལྟས་པའོ། །ཁ་ཅིག་ན ་རེ་བྲི་བའི་ཆོ་ག་ལས་བསྒྲུབ་བྱ་ལ་ཁ་བལྟས་ཏེ་བྲིའོ་ཞེས་ཟེར་རོ། །ཟློས་བཞིན་དུ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་ཟློས་པའོ། །ས་སྟེང་སྐྱེ་བོ་སྨོས་ཅི་དགོས་ཞེས་བྱ་བ་ནི་མིའི་འཇིག་རྟེན་ནོ། །ལྷག་མ་ནི་གོ་སླའོ། །རྣམ་པ་གཞན་གསུངས་པ། ཡི་དགས ་སེན་རྩི་ཞེས་བྱ་བ་ལ་སོགས་པ་ལ། ཡི་དགས་སེན་རྩི་ལ་སོགས་པས་གྲོ་ག་ལ་སོགས་པ་ལ་འཁྲུལ་འཁོར་བྲིས་ལ་སྙིང་གར་འཁྲུལ་འཁོར་བཅུ་གནས་ནི་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །བསྒྲུབ་པར་བྱ་བའི་རྐང་རྗེས་ས ་ཞེས་བྱ་བ་ནི་ལྟ་འོག་ཏུ་སྦྱར་བར་བྱའོ། །ཙནད་དམར་པོ་ཞེས་བྱ་བ་ནི་ཙནད་དམར་པོའི་ཕྱེ་མའོ། །དུར་ཁྲོད་ཟས་ལྷག་ཐལ་བ་རྣམས་ཞེས་བྱ་བ་ནི་ཐལ་བ་ཉིད་དུར་ཁྲོད་ཀྱི་ཟས་ལྷག་མ་སྟེ། དུར་ཁྲོད་དུ་ལོངས་སྤྱོད་པའི་མཛའ་ཡིན་པའི་ཕྱིར་རོ། ། ་གཅིག་བསྡུས་ན་ཞེས་བྱ་བ་ནི་རྫས་གསུམ་པོ་དེ་གཅིག་ཏུ་བསྲེ་བའོ། །སྦྱིན་སྲེག་བྱ་ཞེས་བྱ་བ་ནི་བསྲེག་པའོ། །གང་དུ་ཞེ་ན། སེང་ལྡེང་མེ་ནི་དུ་མེད་པ་ལ་ཏེ། སེང་ལྡེང་མདག་མར་ལྷགས་པའི་མེ་ལའོ། །ཇི་ལྟར་ཞེ་ན། ལག་པ་གཉིས་ཀྱི་ནི ་མཉེས་ནས་ཞེས་བྱ་བ་སྟེ། རྐང་རྗེས་ལ་སོགས་པའི་རྡུལ་ཏེ་ལག་པའི་ཐལ་མོ་གཉིས་ཀྱི་བར་དུ་ཉིད་ཅིང་ངོ། །ཐལ་བ་དེ་ནི་ཞེས་བྱ་བ་ནི་ད་ལྟར་བསྲེགས་པ་དང། སེང་ལྡེང་གི་མདག་མར་བཅས་པའི་ཐལ་བའོ། །བསྒྲུབ་པར་བྱ་བའི་གཟུགས ་བྱས་ཏེ། ཞེས་བྱ་བ་ནི་ཐལ་བ་དེ་དུར་ཁྲོད་ཀྱི་བུམ་པའི་ཆུས་སྤྲུལ་ལ་བསྒྲུབ་བྱའི་ཆ་བྱད་དུ་བྱ་བའོ། །སྙིང་གར་འཁྲུལ་འཁོར་བཅུག་ནས་ནི་ཞེས་བྱ་བ་ནི་སྔར་བསྟན་པའི་འཁྲུལ་འཁོར་དེའི་སྙིང་གར་གཞུག་པ་དེ་བཤད་ཟིན་ཏོ། །ཟློས་བཞིན ་དུ་ན་མེར་གདུངས་ན་ཞེས་བྱ་བ་ནི་དེ་ནས་གཟུགས་བརྙན་སྤྲ་ཚིལ་གྱིས་བྱུགས་ལ་དུས་གསུམ་གསུམ་དུ་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་ཟློས་ཤིང་དུ་བ་མེད་པའི་སེང་ལྡེང་གི་མེ་ལ་བསྲོས་ན་བུད་མེད་འགུགས་པར་འགྱུར་རོ། །དེ་ཉིད་ཀྱིས་ན་གསུངས་པ། ་བརྒྱལ་ཞིང་སེམས་དང་བྲལ་འགྱུར་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་བྲལ་བ་ནི་བྱ་བ་གཞན་མི་དྲན་པའོ། །རྨོངས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ལོག་པར་སྤྱོད་པའོ། །མྱོས་པ་ནི་ཆགས་པས་ལུས་ཞིག་པའོ། །ཆོ་གའི་བྱ་བ་ནི་པདྨ་བྲི ་བ་ལ་སོགས་པ་རྣམས་སོ། །ཡི་གེ་ཉི་ཤུ་གཉིས་དགོང་བཞེད་ཅེས་བྱ་བ་ལ་ཡི་གེ་ཉི་ཤུ་གཉིས་ནི་སྙིང་པོའི་སྔགས་སོ། །དགོད་པ་ནི་རིམ་པ་གཉིས་ཀྱི་པདྨའི་འདབ་མ་རྣམས་ལ་སོ་སོར་བྲི་བ་སྟེ། སྔར་བཤད་ཟིན་ཏོ། །བཞེད་པ་ནི་སངས་རྒྱས་ཉིད་ཀྱིས ་གསུངས་ཤིང་དགོངས་པའོ། །ད་ནི་མཁའ་འགྲོ་མ་རྣམས་ཀྱི་ཉེ་བའི་སྙིང་པོའི་ལས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཡི་གེ་ཉི་ཤུ་གཉིས་པའི་ལས་བསྟན་པའི་འོག་དུའོ། །དེ་བཞིན་གཤེགས་པ ་ཀུན་གྱི་ཡིད་འོང་ཞི་བ་སྐྱེད་པ་མོ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ། །དེའི་བཀའ་ཨི་འཁོར་ལོ་ནི་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་ཀྱི་འཁོར་ལོའོ། །མཁའ་དབྱིངས་དབུས་འགྱུར་ཞེས་བྱ་བ་ནི་ཆོས་འབྱུང་བའི་ནང་དུའོ། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ་ཞེས་བྱ ་བ་ནི་འཁོར་ལོ་སྟེ་ཟླུམ་པོར་གི་བའོ། །རྡོ་རྗེ་རྩེ་གསུམ་ཁ་བཞི་པ་ཞེས་བྱ་བ་ནི་རྩེ་གསུམ་པའི་རྡོ་རྗེ་རྒྱ་གྲམ་སྟེ། ཕྱོགས་བཞིར་རྩེ་མོ་གསུམ་གསུམ་པོ་ཅུ་གཉིས་སུ་གྱིས་པའོ། །དེར་ནི་ཞེས་བྱ་བ་ནི་འཁོར་ལོའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་སྣ ་ཚོགས་རྡོ་རྗེས་ཀུན་ཏུ་བསྐོར་བའོ། །དེ་དབུས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ཟླ་བ་ལྟ་བུའི་འཁོར་ལོའི་དབུས་སུའོ། །བཻ་རོ་ཙ་ནའི་རིག་པ་ཆེ་ཞེས་བྱ་བ་ནི་མཁའ་འགྲོ་མའི་ཉེ་པའི་སྙིང་པོའི་སྔགས་ཏེ། དེ་ལ་ཤར་ཕྱོགས་ནས་བརྩམས་ནས་འདབ་མ ་བརྒྱད་ལ་ནི་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཞེས་བྱ་བའི་ཡི་གེ་བརྒྱད་བྲིའོ། །དབུས་ཀྱི་ལྟེ་བ་ལ་ནི་སྭཱཧཱ་ཞེས་བྱ་བ་བསྒྲུབ་བྱའི་མིང་དང་སྤེལ་བར་བྲིའོ། །སེམས་ཅན་ཀུན་བསྐྱེད་སྡུག་པ་མོ་ཞེས་བྱ་བ་ལ། སེམས་ཅན་ཀུན་བསྐྱོས ་ནི་བུ་འདོད་པ་སྟེ་བུ་དོན་དུ་གཉེར་བའོ། །སྡུག་པ་ནི་ཆགས་པ་སྟེ་དབང་དུ་བྱ་བའོ། །ནད་ཐམས་ཅད་ནི་རིམས་ལ་སོགས་པའོ། །མེད་པ་ནི་བསལ་བར་བྱས་པ་སྟེ། བྱ་བ་དེ་དག་དང་གདོན་ལ་སོགས་པ་ལས་བསྲུང་བ་འདོད་ན་གྲོ་ག་ལ་སོགས་པའི་གཞི་ལ ་གོ་རོ་ཙ་ན་ལ་སོགས་པས་བྲིས་ལ་མཆོད་དེ་ལག་པ་ལ་གདགས་པར་བྱའོ། །ད་ནི་དཔའ་བོའི་ཉེ་བའི་སྙིང་པོའི་ལས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་མཁྱེན་ཡེ་ཤེས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་འབྲས་བུ ་འཐོབ་པ་དང། ལས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར་རོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་ལྷའི་མིག་ལ་སོགས་པ་ཐོབ་པའི་ཕྱིར་རོ། །གེ་སར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཟླ་བ་བཟང་པོས་ཉེ་བར་བརྒྱན་ཞེས་བྱ་བ་ནི་ཆོས་འབྱུང ་བའི་ནང་དུ་ཟླ་བ་ལྟར་དཀར་བའི་འཁོར་ལོ་བྲི་བ་སྟེ། དེའི་དབུས་སུ་པདྨ་བྲི་བར་བྱའོ། །རྡོ་རྗེ་ཕྲེང་བས་རྣམ་པར་ཀླུབས་ཞེས་བྱ་བ་ནི་པདྨའི་ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་འཁོར་ལོ་སྟེ་ཞེས་བྱ་བ་ལ་དེའི་ཕྱི་རོལ་ནི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུའོ། །འཁོར་ལོ་འཁོར ་ལོའི་ཕྲེང་བའོ། །སྟོན་ཀའི་ཟླ་ལྟར་དྲི་མ་མེད་ཅེས་བྱ་བ་ནི་དེ་དག་ཀུན་གྱི་ཁྱད་པར་རོ། །ཡི་གེ་མཆོག་ནི་རྣམ་པ་བདུན་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དགོད་པ་སྟོན་པ་ཡིན་ཏེ་ཤར་ལ་སོགས་པའི་འདབ་མ་དྲུག་ལ་ཨོཾ་ཧྲཱིཾ:ཧ་ཧ་ཧཱུཾ་ཧཱུཾ། ཞེས་བྱ་བའི ་ཡི་གེ་དྲུག་རིམ་པ་བཞིན་དུ་བྲིའོ། །ལྟེ་བར་ནི་ཕཊ་ཅེས་བྱ་བའི་ཡི་གེ་ལས་དང་རྗེས་སུ་མཐུན་པ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བྲི་སྟེ། དེ་དག་ཉིད་ལས་རྣམས་ལ་མི་འགྱུར་བའི་ཕྱིར་ཡི་གེའོ། །གཅིག་ཅེས་བྱ་བ་ནི་ཡི་གེ་ཕཊ ་ཉིད་དེ་དེ་ཉིད་ནི་ཕན་པའོ། །ཙནད་ཞེས་བྱ་བ་ལ་སོགས་པས་ནི་སྣག་ཚ་དང་བྱང་བུ་བསྟན་པ་ཡིན་ནོ། །འཁོར་ལོ་ལག་པ་གཡོན་པར་བཅང་ཞེས་བྱ་བ་ནི་སྔ་མ་ལྟར་བྲིས་ཏེ་ལག་པ་གཡོན་པའི་དཔུང་པར་གདགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ ་ནི་རྣམ་པ་གཞན་བསྟན་པ་ཡིན་ཏེ། ཉི་དབུས་སུ་ཞེས་བྱ་བ་ནི་བསྒྲུབ་བྱ་ནད་ཀྱིས་གདུངས་པ་ཉི་མའི་དཀྱིལ་འཁོར་གྱི་སྟན་ལ་བཞག་སྟེ། སྔོན་དུ་རིག་པ་སྟོད་དུ་བཟླས་པར་བྱའོ། །ཡི་གེ་ཤེལ་གྱི་རྣམ་པ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ལག་པ ་གཡོན་པ་ལ་འཁོར་ལོ་དཀར་པོ་བཀོད་ནས། ཕ་རོལ་ལ་སེངྒེའི་ལྟ་སྟངས་ཀྱིས་བལྟས་ཏེ། སྔགས་ཀྱི་ཡི་གེ་རྣམས་ཤེལ་དང་ཟླ་བ་ལྟར་བསམས་ཏེ། ལན་སྟོང་དུ་བཟླས་བརྗོད་བྱས་ལ་ནད་ཀྱིས་གདུངས་པ་ལ་བསྟན་པར་བྱའོ། །ནད་རྣམས་བདུན ་ལས་རྣམ་གྲོལ་བར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད་ཅེས་བྱ་བ་འདི་ཉིད་ཀྱི་བཤད་པ་ནི་སྟོན་ཀ་ཡི་ནི་ཟླ་འདྲར་འགྱུར་ཞེས་བྱ་བ་སྟེ་གོ་སླའོ། །ལག་པ་གཡོན་པར་ཞེས་བྱ་བ་ལ་སོགས་པ་ནི་ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ ་འཁོར་ལོ་ལས་དང་མཐུན་པའི་མདོག་དུ་བསྒོམས་ཏེ་ནད་པ་ལ་སོགས་པ་ལ། བྱ་བ་ལ་སོགས་པ་བྱས་ན་ཞི་བ་ལ་སོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཁོར་ལོ་འདི་ནི་ལྷ་མོ་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ ་བ་ནི་ཉེ་བའི་སྙིང་པོའི་སྔགས་སོ། །འཁོར་ལོ་ཆེ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཁྱད་པར་རོ། །ལས་ཀྱི་ཆོ་ག་མཐོང་བ་ཡིས་ཞེས་བྱ་བ་ལ། ཆོ་ག་ནི་རྡོ་རྗེ་མཁའ་འགྲོའི་བསྒོམ་པའོ། །ལས་ནི་འཁོར་ལོ་བྲི་བ་དང་བསྒོམས་པ་ལ་སོགས་པའོ། །མཐོང ་བ་ནི་ཤེས་པའོ། །ལས་ཀྱི་འོད་ཀྱིས་རབ་བརྒྱན་ན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ལ་དཀར་པོ་ལ་སོགས་པའི་འོད་ཀྱིས་བརྒྱན་པའོ། །བྱ་བ་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་སོ། །དུར་ཁྲོད་ཅེས་བྱ་བ་ལ ་སོགས་པ་ལ། ཨརྐའི་འདབ་མ་ཞེས་བྱ་བ་ནི་ཨརྐའི་འདབ་མའི་ཁུ་བའོ། །སྔར་བསྟན་པའི་སོལ་བ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་སོལ་བའོ། །སྐྱེས་པའི་ཁྲག་གི་སྣག་ཚ་ཡིས་ཞེས་བྱ་བ་ནི་སྐྱེས་པའི་ཁྲག་དང་ཨརྐའི་འདབ ་མའི་ཁུ་བར་བཅས་པས་སྣག་ཚ་བྱ་བའོ། །ཉི་མའི་དབུས་སུ་གཟུགས་བརྙན་བྱ་ཞེས་བྱ་བ་ནི་སྔར་སྨོས་པའི་སོལ་བ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལས་ཉི་མ་ཕྱེད་ནས་གཟུགས་བརྙན་བྱ་བའོ། །དབུས་སུ་དེ་ནི་བཅུག་ནས་སུ་ཞེས་བྱ་བ་ནི་དུར་ཁྲོད ་ཀྱི་རས་ལ་སྔར་སྨོས་པའི་སྣག་ཚས་མི་རུས་ཀྱི་སྨྱུ་གུས་ཉི་མའི་དབུས་སུ་ཞེས་བྱ་བ་ཉི་མའི་དཀྱིལ་འཁོར་ལ་འཁྲུལ་འཁོར་བྲིས་ཏེ་དབུས་སུ་ཧཱུཾ་དང་བསྒྲུབ་བྱའི་མིང་དུ་སྤེལ་བ་བྲིས་ནས་སྙིང་གར་བཅུག་ལ་སྐྱེ་ཆོས་བྱུག་པར་བྱའོ། །ཁྲོས་སེམས་ཀྱིས་ཞེས ་བྱ་བ་ནི་བསྲོ་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །འདིར་ཡང་ཉི་མའི་དབུས་སུ་ཞེས་བྱ་བ་དང་སྦྱར་རོ། །དེ་དག་གིས་ནི་གཟུགས་བརྙན་དེ་དུར་ཁྲོད་ཀྱི་སོལ་བའི་མེ་ལ་ཉི་མའི་གུང་ལ་བསྲོ་ཞིང་ཁྲོས་པ་བཞིན་དུ་སྔགས་དེ་ཉིད་སྤེལ་བ་དང་བཅས་པར་དུས ་གསུམ་དུ་ཡང་དང་ཡང་དུ་བཟླས་སོ་ཞེས་སྟོན་ཏོ། །སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། །ཞེས་བྱ་བ་ནི་བྱ་བ་ཐམས་ཅད་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ཐམས་ཅད་དང་སྦྱར་རོ། །འདི་ཡི་ནད་རྣམས་ཐམས་ཅད་ནི་ཞེས་བྱ་བ ་ལ། འདི་ཡི་ཞེས་བྱ་བ་ནི་རྣལ་འབྱོར་པ་འམ་སྔགས་འདི་ཡིའོ། །འཕེལ་ཞེས་བྱ་བ་ནི་སྣ་ཚོགས་སུའོ། །སྐྱོང་ཞེས་བྱ་བ་ནི་ཡུན་རིང་དུ་གནས་པའོ། །རིམས་ལ་ཡི་དགས་སྙིང་གར་བྲི་ཞེས་བྱ་བ་ནི་རིམ་གྱིས་གཟུང་བ་ལ་རོའི་སྙིང་གར་འཁྲུལ ་འཁོར་བྲི་བའོ། །རླུང་དང་སྤྲིན་ལ་ཞེས་བྱ་བ་ནི་རླུང་གིས་བརྒྱན་པའི་སྤྲིན་གྱི་དབུས་སུའོ། །མདུང་ནི་མདུང་རྩེ་གསུམ་པ་ལའོ། །ལྟོ་ཕྱེ་ནི་ལྟོ་འཕྱེའི་མགོ་ལའོ། །གཟའ་ནི་ཉི་མ་ལ་སོགས་པ་སྟེ་མཚན་མ་ནི་དེ་རྣམས་ཀྱི་མཚན་མ་ལའོ། །མདོར་བསྡུས ་ནས་ནི་འཁོར་ལོ་དགོད་ཅེས་བྱ་བ་ལ། ས་མས་ནི་མཚུངས་པ་སྟེ། མདོག་ལ་སོགས་པ་མཚུངས་པའོ། །རྣམ་པ་གཞན་གསུངས་པ། ཤེལ་དང་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བའི་འོད་འདྲ་བ་ནི་འཁོར་ལོའོ། །ཤེལ་དང་འདྲ་བ་ནི་སྔགས་ཀྱི་ཡི་གེ་རྣམས་དེ ་ཉིད་ཀྱིས་ན་ཡི་གེ་བདུད་རྩི་རྒྱུན་འབབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །བསམ་གཏན་བསམས་པ་ཙམ་ཞེས་བྱ་བ་ནི་སྔོན་དུ་བསྒྲུབ་པར་བྱ་བ་མཆེ་བས་ཟིན་པའི་སྙིང་གར་འཁོར་ལོ་དེ་ལྟར་བསྒོམས་ལ་ཡི་གེའི་འོད་ཀྱི་ཆུ་ཡིས་བཀྲུ་བར་བསྒོམ་ ་མོ། །བསྟན་པ་ཙམ་གྱིས་ནི་ཞེས་བྱ་བ་ནི་དེའི་འོག་ཏུ་ལག་པ་གཡོན་པའི་མཐིལ་དུ་འཁོར་ལོའི་བྲིས་ནས་མཆེ་བས་ཟིན་པ་ལ་བསྟན་པར་བྱའོ། །སློང་བར་བྱེད་པ་ནི་སད་པར་བྱེད་པའོ། །རིམ་ལ་སོགས་པའང་ཆོ་ག་དེ་ཉིད་བྱ་བ་བསྟན་པའི་ཕྱིར། རིམས་དང་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དཔུང་བཅིང་བ་བསྟན་པར་བྱ་བའི་ཕྱིར། ཟངས་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་པ་གཡོན་པར་ཞེས་བྱ་བ་ནི་ཁུ་ཚུར་བཅང་ནས་ཞེས་བྱ་བ་འོག་ནས་འབྱུང་བ་དང་ཡང་སྦྱར་རོ། །བྲི་ཞེས་བྱ་བ་ནི་ཟངས་བའི་བྱང་བུ ་ལ་བ་བླ་དང་ཡུང་བས་ཕ་རོལ་གྱི་དཔུང་གི་གཙོ་བོའི་མིང་དང་སྤེལ་ཏེ་འཁོར་ལོ་བྲི་བའོ། །དེ་ནས་ཆུའི་ནང་བཞག་ལ་ཞེས་བྱ་བ་ནི་བྱང་བུ་ཆུ་ལ་གན་རྒྱལ་དུ་བཞག་པའོ། །ཇི་ལྟར་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་དེ་ནས་མེ་ཏོག་སེར་པོ་ལ་སོགས་པས་མཆོད ་ལ། ཉི་མ་བདུན་དུ་ཉིན་རེ་དུས་གསུམ་དུ་བསམ་གཏན་སྔོན་དུ་འགྲོ་བས་ཡི་གེ་བདུན་གྱི་སྔགས་བཟླས་ན་བཅིངས་པར་འགྱུར་རོ། །ཆུའི་ནང་ན་ཞེས་བྱ་བ་ལ་སོགས་པས་ནི་སླར་གྲོལ་བ་གསུངས་པ་ཡིན་ཏེ། བཅིང་བ་གྲོལ་ན་ཆུ་ནས་བཏོན་ལ་འོ་མས་བཀྲས ་ཏེ་ཀླུ་གནས་པའི་མཚོར་སྦ་བར་བྱའོ། །གཡུལ་དུ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སྔར་ལག་པ་གཡོན་པར་འཁོར་ལོ་འདི་ཞེས་བྱ་བ་དང་སྦྱར་ཏེ། ལག་པ་གཡོན་པས་འཁོར་ལོ་བྲིས་ལ་ཁུ་ཚུར་བཅངས་ཏེ་གཡུལ་དུ་འཇུག་པར་བྱའོ། །དེ ་ལ་རྟག་ཏུ་ཟློས་བྱེད་ན་ཞེས་བྱ་བ་ནི་ཡིད་ཀྱིས་བཟླས་པ་འམ་ངག་ཏུ་བརྗོད་པའོ། །ཡིད་ཅེས་བྱ་བ་འདི་ནི་བྲི་བ་དང་ཡང་འབྲེལ་ཏེ། བྲི་བའང་ཡིད་ཀྱིས་བྲི་བའམ། བ་བླ་ལ་སོགས་པས་དངོས་སུ་བྲི་བར་བྱའོ། །ཐམས་ཅད ་ཅེས་བྱ་བ་ནི་མཚོན་ཆ་ཐམས་ཅད་དོ། །ལྷག་མ་ནི་གོ་སླའོ། །སྦྱོར་བ་གཞན་གསུངས་པ། ཡི་གེ་བདུན་དང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ་དྲུག་གི་ཡི་གེ་ཞེས་བྱ་བ་ནི་རྣལ་འབྱོར་མའི་གོ་ཆའི་ཡི་གེ་དྲུག་གོ་།འཁོར་ལོ་དྲུག་ལ་གནས ་པ་ཞེས་བྱ་བ་ནི་སྔར་བསྟན་པའི་པདྨའི་འདབ་མ་དྲུག་པ་ཡི་གེ་བདུན་དང་རྣལ་འབྱོར་མའི་གོ་ཆའི་སྔགས་དྲུག་བྲི་བའོ། ལག་པའི་དབུས་སུ་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐིལ་དུ་བྲི་བའོ། །དེའི་གཟུགས་གྱུར་གཟུང་ནས་ནི་ཞེས་བྱ་བ་ནི་བདག ་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དམར་པོར་བསྒོམས་ནས་ཁུ་ཚུར་བཅངས་པའི་ལག་པའི་འཁོར་ལོ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་སྤྲོས་ཏེ་བསྒྲུབ་པར་བྱ་བའི་སྙིང་ག་ནས་དྲངས་པར་བསྒོམ་མོ། །འགུགས་འགྱུར་ཞེས་བྱ་བ་ནི་དེ་ལྟར་ལག ་པ་ལ་འཁོར་ལོ་བྲིས་པ་དང། ཁ་ནས་སྔགས་བཟླས་པ་དང་སེམས་ཀྱི་བསྒོམ་པ་གསུམ་གྱིས་འོང་བའོ། །ཙནད་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གཞན་བསྟན་པ་ཡིན་ཏེ། ཙནད་ལ་སོགས་པ་བཏགས་པ་ལས་བསྒྲུབ་པར་བྱ་བའི་གཟུགས ་བྱ་བའོ། །འདིར་ཡང་སྔར་སྨོས་པ་ལྟར་གྲོ་ག་ལ་སོགས་པ་ལ་གོ་རོ་ཙ་ན་ལ་སོགས་པས་འཁྲུལ་འཁོར་བྲིས་ལ་སྙིང་གར་གཞུག་པར་བྱའོ། །རབ་བསྒོམས་ན་ཞེས་བྱ་བ་ནི་བསམ་གཏན་སྔོན་དུ་འགྲོ་བས་སོ། །ལན་བརྒྱར་བཟླས་ཞེས་བྱ་བ་ནི ་ཉི་མ་བདུན་དུ་ཉིན་རེ་ཞིང་བརྒྱ་བརྒྱ་བཟླའོ། །ས་བདག་ཅེས་བྱ་བ་ནི་རྒྱལ་པོའོ། །དབང་དུ་གྱུར་ནས་ནི་འགུགས་ཞེས་བྱ་བ་ནི་ཆགས་པ་བཞིན་དུ་འགུགས་པའོ། །བཅིང་བ་གསུངས་པ། རྡུལ་དེ་ཉིད་ནི་ཞེས་བྱ་བ་རྐང་རྗེས་ཀྱི་རྡུལ་ལོ། །དུར་ཁྲོད་རས ་ལ་གཏུམས་ནས་སུ་ཞེས་བྱ་བ་ནི་རྡུལ་དེ་དང་ལྕགས་ཕྱེར་བསྲེས་ལ་དུར་ཁྲོད་ཀྱི་རས་ཀྱི་ཐུམ་པོར་བྱ་བའོ། །ལན་བདུན་དུ་ནི་བཟླས་པར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མིང་ནས་གཟུང་སྟེ། དེ་ལ་ལན་བདུན་བཟླས་པའོ། །སྦ་བ་ནི་འཁོར་ལོ་བྲིས་པའི་ལག ་པས་སའི་འོག་ཏུ་སྦས་ན་ཇི་སྲིད་འཚོའི་བར་དུ་བཅིངས་པར་འགྱུར་རོ། །སླར་གྲོལ་བ་གསུངས་པ། ཕྱེ་མ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སྨྱོ་བར་བྱ་བ་གསུངས་པ། ཕྱེ་མ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སྨྱོ་བྱེད་ལྔ་ཞེས་བྱ་བ་ནི་དྷ་དྷུ་རའི ་འབྲས་བུ་ལ་སོགས་པའི་ཡན་ལག་ལྔའོ། །རོའི་གོས་ལ་བསྒྲུབ་བྱའི་མིང་བྲི་ཞེས་བྱ་བ་ནི་འཁྲུལ་འཁོར་བྲིས་པའི་རས་ལའོ། །ལན་བརྒྱ་བཟླས་ཏེ་ཞེས་བྱ་བ་ནི། སྨྱོ་བྱེད་ཡན་ལག་ལྔ་པ་སོ་སོར་བརྒྱ་བརྒྱ་བཟླས་ན་དེའི་འོག་ཏུ་གཅིག་ཏུ་བསྲེས་ཏེ ་གཏུམས་ལ་སྦ་བར་བྱ་ཞེས་བྱ་བར་སྦྱར་རོ། །ལྷག་མ་ནི་གོ་སླའོ། །སླར་གྲོལ་བ་གསུངས་པ། ཕྱུང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གོ་སླའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་སྔ་མ་ནི་སྔར་བསྟན་པ ་བཞིན་དུ་བལྟ་བར་བྱའོ། །ད་ནི་དཔའ་བོ་དྲུག་གི་གོ་ཆའི་སྔགས་ཀྱི་འཁོར་ལོ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར་རོ། །རྡོ་རྗེ་ཞེས ་བྱ་བ་ནི་རང་གི་བསྟན་པ་མི་ཕྱེད་པའི་ཕྱིར་རོ། །དཔའ་བོ་ཞེས་བྱ་བ་ནི་ཉོན་མོངས་པ་དྲུག་གི་གཡུལ་ལས་རྒྱལ་བའི་ཕྱིར་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །འཁོར་ལོ་གསུངས་པ་ནི་དེ་དག་གི་འཁོར་ལོ་བཀའ་སྩལ་པའོ། །གང་ཞེ་ན། ཟླ་བའི ་དབུས་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་བ་ནི་ཟླ་བ་ལྟ་བུའི་མུ་ཁྱུད་ཟླུམ་པོ་སྟེ། རི་མོ་གཉིས་སུ་བསྐོར་བའོ། །ཁ་དྲུག་པ་ཞེས་བྱ་བ་ནི་རྡོ་རྗེ་དེའི་ལྟེ་བར་པདྨ་འདབ་མ་དྲུག་པ་བྲི་བའོ། །སླར་ཡང་ཟླ་བ་ཞེས་བྱ་བ་ནི་དེའི་དབུས་སུ་ཡང་ཟླ་བ་ལྟ་བུའི ་རི་མོ་གཉིས་ཀྱིས་བསྐོར་བའོ། །སླར་ཡང་པདྨ་ཞེས་བྱ་བ་ལ་ཡང་གི་སྒྲས་ནི་ཟླ་བ་གཟུང་བར་བྱ་སྟེ། རྡོ་རྗེའི་ཕྱི་རོལ་ཏུ་ཡང་ཟླ་བ་ལ་གནས་པའི་པདྨ་འདབ་མ་དྲུག་པ་བྲིའོ། །དེའི་དབུས་སུ་ཞེས་བྱ་བ་ནི་ནད་རིམ་གྱི་པདྨའི་དབུས ་སུའོ། །ལྟེ་བ་ཞེས་བྱ་བ་ནི་དེའི་ཡང་པདྨའི་ལྟེ་བར་རོ། །ཅི་ཞིག་ཅེ་ན། ས་བོན་ཏེ་ཡི་གེ་ཧཱུཾ་ངོ། །བསྒྲུབ་བྱའི་མིང་དང་སྤེལ་བར་བྱ་ཞེས་བྱ་བ་ནི་མངོན་པར་འདོད་པའི་བསྒྲུབ་བྱའི་མིང་གི་ཐོག་མ་དང་ཐ་མར་ཧཱུཾ་བྲི་བའོ། །རྡོ་རྗེ་སེམས་སོགས་ཞེས་བྱ་བ་ལ་སོགས ་པས་ནི་དབུས་སུ་ལྔ་པའི་གསང་སྔགས་བྲི་ཞེས་བྱ་བ་དང་འབྲེལ་ཏོ། །དབུས་ཀྱི་པདྨའི་ཤར་ལ་སོགས་པའི་འདབ་མར། ཨོཾ་ཧ་ན་མ:ཧི་སྭཱཧཱ་ཧུ། ཝཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧཾ་ཕཊ་ཧི་ཅེས་བྱ་བ་དྲུག་བྲི་བའོ། །པདྨའི་འདབ་མར་དེ་བཞིན་བཞག། རིང་པོ་དྲུག་ན་ཡང ་སྤངས་པ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་པདྨའི་ཤར་ལ་སོགས་པའི་འདབ་མ་རྣམས་སུ་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་བྱ་བའི་ཡི་གེ་དྲུག་བྲིའོ། །རྡོ་རྗེ་ཡི་ནི་ལྟེ་བར་བྲི་ཞེས་བྱ་བ་ནི་རྡོ་རྗེའི་ལྟ་བའི་ཤར་ལ་སོགས་པ་རྣམས་སུ་ཧཱ་ཧཱི་ཧཱུ་ཧཻ་ཧཽ་ཧཱཾ་ཞེས་བྱ་བའི་སྔགས་ཀྱི་ཚིག ་རྣམས་ཏེ་རིང་པོ་དྲུག་གོ་།ལྷག་མ་ནི་གོ་སླའོ། །གཟུང་བར་བྱ་ཞེས་བྱ་བ་ནི་ཞི་བའི་ལས་ལ་སོགས་པ་ཐམས་ཅད་ལ་བལྟ་བར་བྱའོ། །གུར་ཀུམ་ཞེས་བྱ་བ་ལ་སོགས་པས་ནི་སྣག་ཚ་དང་བྱང་བུ་བསྟན་པ་ཡིན་ནོ། །ལན་བདུན་དུ་ནི་ཞེས་བྱ་བ་ལ ་སོགས་པས་ནི་གོ་ཆའི་སྔགས་འདི་སྔར་གྲངས་མང་དུ་བསྙེན་པ་བྱས་ནས་གོས་ཐ་མ་ལ་ལན་བདུན་བཟླས་ཏེ། གོས་ཀྱི་མཛའ་མ་ལ་མདུད་པ་བྱས་ན་ཇི་སྐད་སྨོས་པ་བཞིན་དུ་བྱེད་དོ། །བཅིང་པ་གསུངས་པ། ལྟེ་བ་དེར་ནི་ཞེས་བྱ་བ་ལ་སོགས་པ ་ལ་དེར་ནི་ཞེས་བྱ་བ་ནི་འཁོར་ལོ་སྔ་མ་ཉིད། ཐིག་ལེས་བསྐོར་བ་ཞེས་བྱ་བ་ནི་ཐིག་ལེ་དང་སྤེལ་ཏེ་བྲི་བའོ། །པ་རི་ཙ་ཏ་ཀ་ཞེས་བྱ་བ་ལ་སོགས་པས་ནི་སྣག་ཚ་ལ་སོགས་པ་གསུངས་པ་ཡིན་ཏེ་གོ་སླའོ། །བསྒྲུབ་བྱའི་མིང་དང་ཞེས་བྱ་བ་ལ་སོགས་པ་ལ། ་འཁྲུལ་འཁོར་བྲིས་ནས་སྔགས་དེ་ཉིད་བསྒྲུབ་བྱའི་མིང་དང་སྤེལ་བ་ལན་སྟོང་དུ་བཟླས་པའི་བསྙེན་པ་བྱས་ལ་དེའི་འོག་ཏུ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་གསུངས་པ། གླང་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། བཅིང་བས་བཅིངས་ཏེ་ཞེས་བྱ་བ ་ནི་གནས་གང་དུ་འཁོར་བའི་སྒྲ་བྱུང་ལ་སྒྲ་གྲགས་སའི་གནས་དེར་སྐུད་པ་སེར་པོས་འཁྲུལ་འཁོར་དྲིལ་བར་བྱའོ། །དེ་ནས་སྙིང་གར་བཞུག་པའི་དུས་སུ་ཡང་མིང་དང་སྤེལ་བའི་སྔགས་བཟླ་བར་བྱའོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་མ་དྲུག་གི་གོ་ཆའི་འཁོར ་ལོ་གསུངས་པ། མཁའ་འགྲོ་མའི་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གོ་།ནམ་མཁའ་ཨི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་དང་ལྡན་པས་ལས་འདི་དག་བྱའོ་ཞེས་སྟོན་ཏོ། །སྟོན་ཀའི ་ཟླ་ལྟར་དྲི་མ་མེད་པ་ཞེས་བྱ་བ་ནི་ཞི་བའི་ལས་སྟོན་པ་ཡིན་ཏེ། དེས་ནི་འདི་ལས་ཐམས་ཅད་པ་ཉིད་དུ་སྟོན་ཏོ། །རྩིབས་དེ་རྣམས་ལ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་འདབ་མ་རྣམས་ལའོ། །ཡི་གེ་མཆོག་ཏུ་ཕན་པ་དགོད་ཅེས་བྱ་བ་ནི། ཨོཾ་བཾ་ཧཾ ་ཡོཾ་ཧྲིཾ་མོཾ་ཧཾ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བ་ཡི་གེ་བཅུ་གཉིས་དགོད་དོ། །དེར་ལྟེ་བར་ཞེས་བྱ་བ་ནི་འཁོར་ལོ་དེའི་ལྟེ་བར་རོ། །ཅི་ཞིག་དགོད་ཅེ་ན། རིག་པ་ཆེན་མོའི་ཡི་གེ་ཆེ་ཞེས་བྱ་བ་ནི་རིག་པ་ཆེན་པོ་ཡང་ཡིན་ལ་ཡི་གེ་ཆེན་པོ་ཡང་ཡིན་པས་རིག་པ ་ཆེན་མོའི་ཡི་གེ་ཆེ་སྟེ་གོ་ཆའི་སྔགས་ཐམས་ཅད་ཡིན་ལ་དེ་བསྒྲུབ་བྱའི་མིང་དང་སྤེལ་བར་བྲི་ཞེས་བྱ་བར་སྦྱར་རོ། །སུ་ཡིས་ཤེ་ན། བསྲུང་བའི་རྡོ་རྗེའི་ཆོ་ག་རིག་པ་སྟེ། བསྲུང་བའི་དོན་དུ་རྡོ་རྗེ་དྲ་བ་ལ་སོགས་པ་བསྐོམས་པས་སོ། །ལྷག་མ་ནི་གོ་སླ ་འོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་སྔར་སྨོས་པའི་ཚིག་རྐང་གཉིས་ཀྱི་ལྷག་མ་རྐང་པ་གཉིས་བསྟན་པའི་ཕྱིར་རྣམ་པའི་མཆོག་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གི་དོན་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཞལ་ཡས ་ཁང་བརྩེགས་པའི་ནང་དུ་ས་བོན་ཧྲི(རྒྱུད་འགྲེལ་བསྟན་བཞིན་ཞེས་བྱ་བ་ནི་སྔར་ཚར་བཅད་པའི་ལས་ཀྱི་འཁྲུལ་འཁོར་བསྟན་པ་བཞིན་དུའོ། །དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་དེ་ཉིད་ཀྱི་ལས་གཞན་བསྟན་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་དག་གི་དངོས ་གྲུབ་སྟེ། རྣལ་འབྱོར་མ་རྣམས་ཀྱིས་ཇི་སྐད་སྨྲས་པ་བཞིན་འགྱུར་བའོ། །ལས་མཆོག་ཅེས་བྱ་བ་ལ། ལས་ནི་ཆུ་དང་གོ་རོ་ཙ་ནས་བྱུག་པ་ལ་སོགས་པའོ། །མཆོག་ནི་གྲུབ་པས་དབང་དུ་བྱ་བའི་མཚན་ཉིད་དེ་གང་གིས་ཞེས་བྱ་བ ་ནི་ཀ་ར་བཱི་རའི་མེ་ཏོག་དམར་པོའོ། །བསྒྲུབས་པ་ཙམ་གྱིས་ཞེས་བྱ་བ་ནི་ཆོ་ག་སྔོན་དུ་འགྲོ་བའི་བཟླས་པ་ཙམ་གྱིས་ཏེ། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ལྔ་པ་དང་སྦྱར་རོ། །ཀ་ར་བཱི་རའི་མེ་ཏོག་དམར་པོས་དབང་དུ་བྱ་བའི་ཆོ ་གའི་ཤེས་རབ་གསུངས་པ། སྐྱེ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྒྱལ་གྱི་སྦྱོར་བ་ཞེས་བྱ་བ་ནི་སྐར་མ་རྒྱལ་དང་རྒྱལ་དུ་སྦྱོར་བའོ། །ཁ་ཅིག་ནི་སྐར་མ་རྒྱལ་དང་གཟའ་ཉི་མར་སྦྱོར་བའོ་ཞེས་ཟེར་རོ། །མེ་ཏོག་དེ་ནི ་ཞེས་བྱ་བ་ནི་མེ་ཏོག་དེ་ཉིད་དོ། །ཆུར་གནས་པ་ཞེས་བྱ་བ་ནི་སྒྲུབ་པ་པོ་ཆུ་བོ་ཆེན་པོར་གནས་ནས་ལན་བརྒྱ་རུ་ནི་བཟླས་པར་བྱ་ཞེས་བྱ་བ་ནི་ཆུའི་ཁྱད་པར་ཏེ་ལན་བརྒྱ་བཟླས་པའི་ཆུ་དང་གོ་རོ་ཙ་ནས་མེ་ཏོག་ལ་བྱུག་པའོ། །སྒྲུབ ་པ་ཤིན་ཏུ་མཉམ་གཞག་པ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོར་བསྒོམ་པའོ། །ཆུ་བོ་ཆེན་པོར་ཞེས་བྱ་བ་ནི་ཆུར་གནས་པ་ཞེས་བྱ་བའི་བཤད་པ་ཡིན་ན། །ལག་པ་ཐལ་སྦྱར་ཞེས་བྱ་བ་ལ་སོགས་པས་ནི་སླར་ཡང་སྐར་མ་རྒྱལ་གྱི་ཉིན ་ར་ཆུ་བོ་ཆེན་པོར་ཞུགས་ཏེ། ཐལ་མོ་སྦྱར་བའི་དབུས་སུ་ཆུ་ཅུང་ཟད་དང་བཅས་པའི་མེ་ཏོག་དེ་ཉིད་ལ་གོ་ཆའི་སྔགས་ལན་སྟོང་དུ་བཟླས་པར་བྱ་སྟེ། འདིར་གྲངས་ནི་བསྒྲུབ་པའི་གྲོགས་མཆོག་གིས་བགྲང་འཕྲེང་མཛུབ་མོས་བགྲང་བས་གཟུང་བར ་སྟེ། སྒྲུབ་པའི་གྲོགས་ཀྱིས་ཀྱང་སྔགས་བཟླ་བར་བྱའོ། །ཡིད་ཀྱིས་འགུགས་ཞེས་བྱ་བ་ནི་ཡིད་ལ་བརྗོད་པ་ཙམ་གྱིས་སོ། །ལྷག་མ་ནི་གོ་སླའོ། །ཡང་འགུགས་པ་འབའ་ཞིག་གི་ལས་གསུངས་པ་ཀ་ར་བཱི་རའི་ཞེས་བྱ་བ་ལ་སོགས་པ་ལ། ལྕུག ་པའི་ཙ་ཏོ་ལ་གནས་པ་ཉིད་ལ་རིག་པ་ལན་བདུན་བཟླས་ནས་དེའི་འོག་ཏུ་གཟུང་ནས་ནི་ཞེས་བྱ་བ་དང་སྦྱར་རོ། །མེ་ཏོག་དེ་ནི་ཁ་སྦྱར་ན་ཞེས་བྱ་བ་ནི་མེ་ཏོག་གི་འདར་མ་ཁ་སྦྱར་བའོ། །ཁ་ཅིག་ནི་གཅིག་གི་ནང་དུ་གཅིག་ཞུགས་པའོ་ཞེས་ཟེར་རོ། ། ་གཞན་དག་ནི་མེ་ཏོག་སྐྱེ་གནས་སུ་བཅུག་ནས་སྙོམས་པར་འཇུག་པས་ཁ་སྦྱར་རོ་ཞེས་ཟེར་རོ། །བསད་པའི་གནས་ཞེས་བྱ་བ་ནི་སྐྱེ་གནས་ཞེས་བྱ་བའི་བཤད་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ད་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱི་སྦྱོར་བ་གཞན ་བསྟན་པར་གཞེང་ནས་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་བྲིས་པ་ཙམ་གྱིས་ནི། །དངོས་གྲུབ་མངོན་སུམ་སྟེར་འགྱུར་བ། །བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་སེམས་དཔའ་བརླག་འགྱུར་ཞིང་ཞེས་བྱ་བ་ནི ་ཐུའི?་བདག་ཉིད་སྟོན་པ་ཡིན་ནོ། །མངོན་སུམ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའོ། །ཟླ་བའི་དབུས་འགྱུར་རྡོ་རྗེ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་མཁའ་འགྲོ་མའི་རྣལ་འབྱོར་གསལ་བར་སྟོན་པ་ཡིན་ནོ། །མཁའ་འགྲོ་མའི་ས་བོན་དགོད་ཅེས་བྱ ་བ་ལ་སོགས་པས་ནི་གོ་ཆའི་སྙིང་པོ་དགོད་པ་སྟོན་ཏོ། །ལས་ཀྱི་བྱེ་བྲག་གིས་བསམ་པའི་ཁྱད་པར་གསུངས་པ། ཞི་བ་ཞི་བའི་ཡིད་ཀྱིས་བྱ་ཞེས་བྱ་བ་སྟེ། དེ་ལྟར་གཞན་དག་ཀྱང་བལྟ་བར་བྱའོ། །གོས་ཆེན་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་ཏེ། ་འདི་ནི་བསང་བའི་ལས་ལ་སོགས་པ་དང་སྦྱར་རོ། །ཆགས་པ་ཞེས་བྱ་བ་ནི་དབང་དང་དགུག་པའོ། །བཅིང་བ་ཡང་སེར་པོ་དང་སྦྱར་རོ། །དེ་བཞིན་ཞེས་བྱ་བས་ནི་ཞི་བ་ལ་ནི་དཀར་པོ་གཟུང་ལ་མངོན་སྤྱོད་ཀྱི་ལས་ལ ་ནི་སྔོན་པོར་གཟུང་བར་ཤེས་པར་བྱའོ། །དེ་དང་དེར་ནི་བསྒོམ་བྱས་ནས་ཞེས་བྱ་བ་ནི་ལས་ཇི་ལྟ་བ་བཞིན་དུ་བསམ་གཏན་བྱས་ནས་སོ། །ཅི་རིགས་པར་ནི་སྤྲུལ་པར་བྱ་ཞེས་བྱ་བ་ནི་སྣག་ཚ་ལ་སོགས་པ་ལས་དང་མཐུན་པར་ཉམས་སུ་བླང་པའོ། །བྲི་བ ་གསུངས་པ། བུ་མོ་ཞེས་བྱ་བ་ལ་སོགས་པ་ལ་བུ་མོ་ནི་ལང་ཚོ་མ་ཉམས་པ་སྟེ། དེའི་རོའི་གོས་གཟུང་བར་བྱའོ། །དེ་ཉིད་ལས་བྱུང་སོལ་པ་ཡིས་ཞེས་བྱ་བ་ནི་བུ་མོ་དེ་ཉིད་ཀྱི་རེ་བསྲེགས་པའི་སོལ་བས་སོ། །སྣ་ཚོགས་རྡོ་རྗེ་ཁ་བཞི་ལ། །སྔགས ་དང་སྤེལ་བར་བྲིས་ནས་ནི་ཞེས་བྱ་བ་ནི་འཁྲུལ་འཁོར་གྱི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་སྔགས་བྲི་བའོ། །དེ་ནི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ལུས་སོ། །རྣམ་པ་གཞན་གསུངས་པ། དེའི་རྐང་པའི་རྐང་སྤུབས་དང་ཞེས ་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་བུ་མ་དེ་ཉིད་ཀྱིའོ། །བུམ་པ་ལ་སོགས་དག་ཀྱང་དུང་ཞེས་བྱ་བ་ལ་བུམ་པ་ནི་དུར་ཁྲོད་ཀྱི་བུམ་པའོ། །རུས་པའི་ཕུར་བུ་ཞེས་བྱ་བ་ནི་རྐང་པའི་རྐང་ཞེས་བྱ་བའི་བཤད་པའོ། །འདིས་ནི་འཁྲུལ་འཁོར ་ལྔ་པ་ཉིད་བུ་མོ་དེ་ཉིད་ཀྱི་རྐང་པའི་བུ་གུ་འམ། དེ་ཉིད་ཀྱི་རོའི་བུག་པར་བཅུག་སྟེ། གང་གི་ཁྱིམ་སྒོར་སྦས་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་བ་ཡིན་ནོ། །ལས་རྣམས་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ནི་གཞུང་ཉེ་བར་བསྡུ་བ་བསྟན་པ་ཡིན་ཏེ། ་ལས་རྣམས་ཀུན་ཞེས་བྱ་བ་ནི་འདས་མ་ཐག་པའི་ལས་རྣམས་སོ། །ཆོ་ག་དང་ནི་ལྡན་པར་བྱ་ཞེས་བྱ་བ་ལ་ཆོ་ག་ནི་སྔར་སྨོས་པའི་བྲི་བ་ལ་སོགས་པའོ། །ལྡན་པ་ནི་དེ་དང་ལྡན་པ་སྟེ། བླ་མ་ལས་གཟུང་བའི་གསང་སྔགས་ཀྱིས་སོ། །རང་གིས་གཟུང ་བའི་སྔགས་ཀྱིས་ནི་ཞེས་བྱ་བ་ནི་སློབ་དཔོན་མེད་པར་གཟུང་བའོ། །ལས་འདི་ཞེས་བྱ་བ་ལ་སོགས་པས་འདི་དེ་བསྟན་པའི་སྔགས་རྣམས་ཀྱི་ཆེ་བ་བསྟན་པ་ཡིན་ཏེ། འདི་ཞེས་བྱ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་འདི་དག་གོ་།ལྷག་མ་ནི་གོ་སླའོ། །གང་དང ་གང་གིས་བསམ་གཏན་གྱི་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་དང་མཐུན་པའི་ཏིང་ངེ་འཛིན་གྱིས་སོ། །སྦྱོར་བ་དེ་དང་དེ་དག་གི་ཞེས་བྱ་བ་ནི། དཀར་པོ་ལ་སོགས་པའི་སྦྱོར་བས་སོ། །དེ་གཉིས་ཀའི་དཔེ་གསུངས་པ། ཇི་ལྟར་ནོར་བུ་དག་པ་ནི་ཞེས་བྱ་བ་ལ་སོགས ་པ་སྟེ། ནོར་བུ་དག་པ་ནི་ཤེལ་སྡོང་དྲི་མ་མེད་པའོ། །རྫས་གང་ལ་ཞེས་བྱ་བ་ནི་སྣམ་བུ་ལ་སོགས་པའི་རྫས་ལའོ། །བསྟན་པ་འདི་ཉིད་བཤད་པའི་ཕྱིར། བསམ་པ་གང་དང་གང་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ད་ནི་རྒྱུད་འདི་ཉིད་ཀྱི་ཆེ་བ ་བསྟན་ཅིང། གཞན་དག་ཏུ་དེ་ཁོ་ན་སྦས་པར་བསྟན་པའི་ཕྱིར། དེ་ཉིད་བསྡུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་ཀྱིས་ནི་དཔལ་མཆོག་དང་པོ་ལ་སོགས་པ་གཟུང་ངོ། །གཞན་ཡང་སྔོན་དང་ཐ་མའི་ཞེས་བྱ་བ་ནི་གང་ཞིག་སྔར་བཤད་པ་དང། ་ཕྱིས་འཆད་པར་འགྱུར་བའི་རྒྱུད་ཐམས་ཅད་དོ། །ཅི་འདྲ་ཞེ་ན། དེ་ཉིད་ཅེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །སྦྱོར་བ་ཞེས་བྱ་བ་ནི་འཁོར་ལོ་བྲི་བ་ལ་སོགས་པའོ། །ཆོ་ག་ནི་ཞི་བ་ལ་སོགས་པའི་ལས་སོ། །བྱ་བ་ནི་ཉམས་སུ་བླང ་བའི་བསྒྲུབ་ཐབས་ཏེ། དེ་དག་དང་ལྡན་དུ་ཟིན་ཀྱང་མན་ངག་ཤིན་ཏུ་སྦས་པའི་རྒྱུད་དེ་དག་གིས་ནི་སྒྲུབ་པ་པོ་ཉོན་མོངས་པར་འགྱུར་རོ། །འགྲོ་བ་ཞེས་བྱ་བ་ནི་སྒྲུབ་པ་པོའི་སྐྱེ་བོ་རྣམས་སོ། །ཇི་སྲིད་དུ་ཞེ་ན་མེའི་འཇིག་གི་བར་ཞེས་བྱ་བ་སྟེ། ཇི་སྲིད་དུ་མེའི་བསྐལ་པས ་འཇིག་རྟེན་ཞིག་པ་ལ་ཐུག་གི་བར་དུ་བསྒྲུབས་ཀྱང་མི་འགྲུབ་པའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་ནི་སྦས་པ་སྟེ། དེ་ཁོ་ན་ཉིད་ཀྱི་མན་ངག་དང་བྲལ་བའི་ཕྱིར་རོ། །ཕ་རོལ་ཞེས་བྱ་བ་ནི་རྒྱུད་གཞན་དག་གོ་།བརྩོན་འགྲུས་འཇོམས་པ་ཞེས་བྱ་བ་ནི་བརྩོན ་འགྲུས་དང་ལྡན་པ་ཡང་འབྲང་བུ་མེད་པའོ། །ཡང་ན་བརྩོན་འགྲུས་ནི་རྒྱུད་དེ་དག་ལ་བརྩོན་པའོ། །ཕ་རོལ་ནི་ཕྱི་རོལ་གྱི་ཐེག་པ་ལ་ཞུགས་པའོ། །གནོན་པ་ནི་དེ་དག་གི་བླ་མར་གྱུར་པ་སྟེ། རྒྱུད་ཀྱི་རྒྱལ་པོ་འདིའོ། །ཅིའི་ཕྱིར ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་མཚུངས་པ་ནི་ཡོན་ཏན་དུ་མ་དང་ལྡན་པའོ། །སུ་ཞིག་ཅེ་ན། རྡོ་རྗེ་སློབ་དཔོན་ཏེ་རྒྱུད་འདིའི་རྣལ་འབྱོར་པ་ཆེན་པོའོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་མཐུ་ཆེན་པོའོ། །ཅིའི་ཕྱིར་ཞེ་ན ་དངོས་གྲུབ་མྱུར་དུ་སྐྱེ་འགྱུར་བ་ཞེས་བྱ་བ་སྟེ། དངོས་གྲུབ་དང་མཐུན་པའི་མན་ངག་སྟེར་བའི་ནུས་པ་ཡོད་པའི་ཕྱིར་རོ། །དེ་ཉིད་བཤད་པའི་ཕྱིར། འཕྲལ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕྲལ་དུ་ཞེས་བྱ་བ་ནི་ཚེ་འདི་ལའོ། །ཉོན་མི་མོངས་པ་ཞེས ་བྱ་བ་ནི་ཚོགས་མེད་པར་རོ། །དེས་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པར་ཤིན་ཏུ་ཡུན་རིང་མོར་འབད་པ་དང་བཅས་པས་བསྒྲུབས་ཀྱང་མ་གྲུབ་པ་དེ་འདིར་ཚེ་འདི་ཉིད་ལ་བདེ་བླག་ཏུ་འགྲུབ་པར་སྟོན་ཏོ། །ཕྱག་རྒྱའི་སྦྱོར་བ་ཞེས་བྱ ་བ་ནི་ལྷའི་རྣལ་འབྱོར་གྱིས་སོ། །འོན་ཀྱང་དམ་ཚིག་དང་ལྡན་པར་བྱའོ་ཞེས་བསྟན་པའི་ཕྱིར། དམ་ཚིག་མི་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ནས་ཞེས་བྱ་བ་རྣལ་འབྱོར་པ་མཁའ་འགྲོ་མ་རྣམས་ཀྱིས་གསོད་པའོ། །ངན་འགྲོ་ཞེས ་བྱ་བ་ནི་མནར་མེད་པ་ལ་སོགས་པའོ། །ཡང་གསུངས་པ། གཡོན་གྱི་ཞེས་བྱ་བ་ལ་སོགས་པ་ལ་གཡོན་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་སོ། །རྒྱུད་ནི་དེའི་རྣལ་འབྱོར་ཏེ། དམིགས་པ་ནི་བསྒོམས་པས ་སོ། །ཡང་ན་གཡོན་ཞེས་བྱ་བ་ནི་བཟློག་པ་སྟེ། བྱ་རོག་དང་ཁྱི་ལ་སོགས་པའོ། །རྒྱུད་ནི་ཚོགས་ཏེ་དམིགས་པ་ནི་དེ་རྣམས་ཀྱི་ཤའི་སྟོན་མོ་ལ་ལོངས་སྤྱོད་པའོ། །སྐྱེ་བོ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཐམས་ཅད་གཡོན་ནས་སྤྱོད་ཅེས་བྱ་བ་ནི ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་བས་གཟའ་བ་དང་ཉལ་བ་དང། མཆོད་རྟེན་བསྐོར་བ་ལ་སོགས་པ་ཐམས་ཅད་གཡོན་ནས་བྱའོ། །ཐམས་ཅད་གཡོན་པས་ཀུན་ཏུ་བྱ་ཞེས་བྱ་བ་ལ། ཐམས་ཅད་གཡོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བདག་མེད་པའོ། །ཀུན ་ཏུ་ཞེས་བྱ་བ་ནི་བསྒོམ་པའོ། །དེས་ཅིར་འགྱུར་ཞེ་ན། མྱུར་དུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དཔའ་བོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ནི་རིག་པ་ཐམས་ཅད་ཀྱི་སྔགས་སོ། །འཁོར་ལོ་ནི་དེའི་འཁྲུལ་འཁོར ་ལའོ། །འབྱུང་བ་ནི་བསྟན་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་བཅུ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།ད་ནི་བཅུད་ཀྱིས ་ལེན་བསྟན་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དཔའ་བོ་ཐམས་ཅད་མཉམ་པར་སྦྱོར་བའི་འཁོར་ལོ་འབྱུང་བ་བསྟན་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ་གང་གི་ཕྱིར་ལུས་རྒྱས་བ་མ ་གཏོགས་པར་རྣལ་འབྱོར་དང་རྗེས་སུ་མཐུན་པར་མི་འགྱུར་བས་སོ། །སྙིང་པོ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི། སྨན་རྣམས་ཀྱི་སྙིང་པོའི་ཚོགས་སོ། །སྒྲུབ་པོའི་བདུད་རྩི་སྦྱོར་བའི་མཆོག་ཅེས་བྱ་བ་ནི་རྣལ་འབྱོར་པའི་སྦྱོར་བ་ལས་བྱུང་བའི་བདུད་རྩི་གང་ཡིན ་པའོ། །ག་བུར་ཞེས་བྱ་བ་ལ་སོགས་པ་ལ། གནདྷ་ཞེས་བྱ་བ་ནི་དྲིའི་རྐང་ངོ། །ཀུ་སུ་མ་ཞེས་བྱ་བ་ནི་ཀུ་སུམ་པའོ། །པ་ས་ཏ་ཞེས་བྱ་བ་ནི་གླ་རྩིའོ། །ཀུན་དུ་རུ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །རིའི་ཞག་ཅེས་བྱ་བ་ནི་དཔལ་གྱི་སྒོམ་པའོ། །རི་སྐྱེས་ཞེས་བྱ་བ་ནི ་བྲག་ཞུན་ནོ། །སྦུ་གུའི་ཞག་ཅེས་བྱ་བ་ནི་ཨུ་རིའི་ཤའོ། །དྲི་མར་ཀུ་ཞེས་བྱ་བ་ནི་ཛ་ན་ཏའི་མར་ཁུའོ། །སོ་ཞེས་བྱ་བ་ནི་དཔྱོད་དོ། །ལག་སྐྱེས་ཞེས་བྱ་བ་ནི་ཆུ་སྲིན་གྱི་སེན་མོའོ། །རྡུལ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ཕྱེ་མའོ། །རྒྱ་མཚོ་ལས་སྐྱེས་ཞེས་བྱ་བ ་ནི་རྒྱ་མཚོའི་དབུ་མའོ། །གངས་ཞེས་བྱ་བ་ནི་ཙནད་ནོ། །ནང་གི་ཕྱོགས་བཤད་པར་བྱ་སྟེ། ག་པུར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གུར་ཀུམ་ཞེས་བྱ་བ་ནི་པདྨ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ནོ། །དྲི་ཞེས་བྱ་བ ་རྣམ་པར་སྣང་མཛད་དོ། །གནདྷ་པ་ཏྲ་ནི་མིག་གི་དྲི་མའོ། །ཤིང་ཚ་ནི་པགས་པའོ། །སུག་སྨེལ་ནི་རྣ་སྤགས་སོ། །ཀུ་སུ་མ་ནི་ཁྲག་གོ་།ཆུ་ནི་མི་བསྐྱོད་པའོ། །པི་སི་ཏ་ནི་ཤའོ། །ཀུན་ཏུ་རུ་ནི་སྦྱོར་བ་ལས་བྱུང་བའི་མེ་ཏོག་དང་བཅས་པའི་བྱང་ཆུབ ་ཀྱི་སེམས་སོ། །རིའི་ཞག་ནི་སྒྲ་ལས་བྱུང་པའི་མར་ཁུའོ། །རི་སྐྱེས་ནི་ཀླད་པའོ། །སྤུ་གུའི་ཞག་ནི་རྐང་པའོ། །དྲིའི་མར་ཁུ་ནི་རྣམ་པར་སྣང་མཛད་ལས་བྱུང་བའི་མར་ཁུའོ། །སོ་ནི་སོ་ཉིད་དོ། །ལག་སྐྱེས་ནི་སེན་མོའོ། །རྡུལ་ནི་དེ་གཉིས་ཀྱི་ཕྱེ ་མའོ། །རྒྱ་མཚོ་ལས་སྐྱེས་ནི་མི་བསྐྱོད་པ་ལས་བྱུང་བའི་ལན་ཚའོ། །གངས་ཆུ་ནི་སྦུ་ལས་བྱུང་བའི་ལན་ཚའོ། །སྙིང་པོ་ནི་མཆིལ་མའོ། །ཡང་གནདྷ་ཞེས་བྱ་བ་ནི་མུ་ཟིའོ། །རི་སྐྱེས་ཞེས་བྱ་བ་ནི་ཀྲི་ཀར་ནི་ཀྲའི་ཙ་བའོ། །སོ་ཞེས་བྱ་བ་ནི་བ་སླ ་སྟེ། །དེ་ཡང་ཕྱིའི་ཡིན་ནོ། །ལུས་ཅན་རྣམས་ལ་ཕན་བྱེད་པ་ཞེས་བྱ་བ་ནི་ཕན་འདོགས་པའོ། །ཅི་ཞིག་ཅེ་ན། དེ་དག་སྟེ་ཁམས་དེ་དག་གོ་།དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། བཅོ་བརྒྱད་ཅེས་བྱ་བ་ནི་གྲངས་ཏེ། རྫས་ཞེས་བྱ་བ་ནི་ཕྱི ་ནང་གི་བདག་ཉིད་ཅན་ནོ། །བཅུད་ཀྱི་ལན་ཞེས་བྱ་བ་ལ། བཅུད་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ནོ། །ལེན་པ་ནི་མཉམ་ཞིང་འདྲེན་པར་བྱེད་པ་སྟེ། ཁམས་རྣམས་སྦྱོང་ཞིང་རྒྱས་པར་བྱེད་པས་ཞེས་བྱ་བའི་དོན་ཏོ། །འདི་ནི ་བསྟན་པ་ཙམ་སྟེ་བཤད་པ་ནི་ལེའུ་བཞི་བཅུ་རྩ་བདུན་པ་ལ་སོགས་པ་ལས་སྟོན་པར་འགྱུར་རོ། །འདི་རྣམས་སྦྱང་བའི་ཐབས་གསུངས་པ། དེ་ནས་བརྟག་པའི་ལས་དང་ནི། །ཡོན་ཏན་ཡན་ལག་ཆོ་ག་བཤད་ཅེས་བྱ་བ་དང། བརྟག ་པ་ཞེས་བྱ་བ་ནི་སྤྱད་པའོ། །ལས་ཞེས་བྱ་བ་ནི་སྦྱང་བའོ། །དེ་ཉིད་འདྲིས་པར་བྱས་ན་ཡོན་ཏན་ཏེ། ཡན་ལག་ནི་ཐབས་སོ། །ཅི་ཞིག་ཅེ་ན། ཙམ་པ་ལ་སོགས་པའི་རྫས་ཏེ། དེས་འདི་རྟོགས་པར་བྱེད་པའི་ཕྱིར་རོ། །ཆོ་ག་ནི་དེའི་བྱ་བ་སྟེ་བཤད་པའོ། །དེ ་ཉིད་གསུངས་པ། ཙམ་པ་ཀ་དང་ཞེས་བྱ་བ་ལ་སོགས་པ་ལ། སྦྲང་རྩི་འཛག་ཅེས་བྱ་བ་ནི་མེ་ཏོག་དམར་པོ་ཞེས་གོ་།པྲི་ཡང་ཀུ་ཞེས་བྱ་བ་ནི་སྔོ་བསངས་སོ། །ཀུ་སུ་མ་ནི་ཀུ་སུམ་པའོ། །འདིར་སྤྲི་ཀ་ཡང་བལྟ་བར་བྱ་སྟེ། ཇི་སྐད་ལེའུ་བཞི་བཅུ ་རྩ་བདུན་པ་ལས་སྤྲི་ཀ་དང་ནི་རེའུ་ནུ་ཀ་ནི་ཞེས་ཟེར་བའི་ཕྱིར་རོ། །དེ་ལ་རེའུ་ནུ་ཀ་ནི་འབྲས་བུར་ཡང་གཏོགས་པ་ཡིན་ནོ། །དང་ཞེས་བྱ་བ་ནི་མ་སྨས་པ་བཏུ་བ་ཡིན་ཏེ། གུར་ཀུམ་ཡང་གཟུང་བར་བྱའོ། །དེ་ཉིད་ཀྱིས་ན་འོག་དེ་ཉིད་ནས་བཅུ ་གཅིག་སྟེ་ཞེས་བྱ་བ་ལ། གུར་ཀུམ་བསྣན་ནས་བཅུ་གཅིག་ཏུ་འགྱུར་རོ། །ཤྲི་ཕ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཤྲི་པ་ལ་ནི་བིལ་བའི་འབྲས་བུའོ། །བོ་སོན་ཆ་ནི་པོ་སོན་ཆའི་འབྲས་བུའོ། །ལ་གུ་རྩ་ནི་དུ་ཧུའི་འབྲས་བུའོ། །ཀུ་བ་ནི་ཀུ་བ་ཁན ་དེའི་འབྲས་བུའོ། །བརྟ་ཀི་ནི་བ་ཛ་ཀིའོ། །མ་ར་ཙ་ནི་ཨ་བ་ཀུ་རྩི་ཞེས་བྱ་བའོ། །རེའུ་ནུ་ཀ་ཡང་འབྲས་བུའི་སྡེར་བལྟ་བར་བྱ་སྟེ། འོག་ནས་མེ་ཏོག་གི་སྡེར་བསྟན་མོད་ཀྱི་ཁྱད་པར་དུ་རེའུ་ནུ་ཀུ་ལ་དང་ཞེས་བྱ་བས་བསྡུ་བ་བསྟན་པའི་ཕྱིར་རོ། །འོག་ནས ་འབྲས་བུ་བཅུ་དྲུག་ཏུ་བསྟན་མོད་ཀྱི་དོན་གྱིས་ན་བཅུ་བདུན་དུ་ཤེས་པར་བྱའོ། །དེ་ལྟར་ཤྲི་ཕ་ལ་ནས་པི་པི་ལིང་ཡན་ཆད་ནི་འབྲས་བུའི་སྡེའོ། །བཅའ་བ་ཞེས་བྱ་བ་ལ་སོགས་པ་ནས་བཅའ་བ་ནས་མཚན་མོའི་ཤིང་ཞེས་བྱ་བ་ཡན་ཆད་ནི་རྩ་བའི ་སྡེའོ། །བཅའ་བ་ལ་སོགས་པ་ནི་གྲགས་པར་ཟད་དོ། །བཅའ་སྒ་ཞེས་བྱ་བ་ནི་རྭ་ཅན་ནོ། །རླན་ཅན་གྱི་དྭ་བ་ཞེས་བྱ་བ་ནི་ཆུ་ནང་དུ་སྐྱེ་བའི་དྭ་བར་གྲགས་པའོ། །ན་ག་པཱ་ལ་ཞེས་བྱ་བ་ནི་བ་ལང་སྐྱོང་གི་འབྲས་ཞེས་བྱའོ། །དཀར་པོ་ཞེས་བྱ་བ ་ནི་ཨ་བ་རཱ་ཛི་ཏ་དཀར་པོའོ། །རྒན་པོ་གཞོན་ནུར་བྱེད་པ་ནི་གྲགས་པར་ཟད་དོ། །འོག་ནས་འབྱུང་བའི་བྱིས་པ་དང་སྟུག་པོ་དང་མཚན་མོའི་ཤིང་དང་གསུམ་ཡང་རྩ་བའི་སྡེར་གཏོགས་པ་ཡིན་ཏེ། འོག་ནས་པ་ལི་ཀ་དང། ་མཚན་མོའི་ཤིང་བཅུ་གཉིས་རྩ་བའི་སྡེ་ཞེས་ཟེར་བའི་ཕྱིར་རོ། །དེ་ལ་བྱིས་པ་ནི་གྲགས་པར་ཟད་དོ། །སྟུག་པོ་ནི་གླ་སྒང་ངོ། །མཚན་མོའི་ཤིང་ནི་ཡུང་པ་ནག་པོའོ། །བྱིས་པ་དང་སྟུག་པོ་ནི་ཆུའི་སྡེར་ཡང་གཏོགས་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བའི ་སྒྲས་ནི་རལ་པ་ལ་སོགས་པ་མ་སྨོས་པ་ཡང་གཟུང་པ་ཡིན་ནོ། །གླང་ཆེན་སྒྲ་ཞེས་བྱ་བ་ནས། མྱུར་འགྲོ་དང་ཞེས་བྱ་བའི་བར་དུ་ནི་རྩ་བ་དང་ཡལ་ག་ལ་སོགས་པ་དང་བཅས་པ་སྟེ་ཆུའི་སྡེའོ། །གླང་ཆེན་སྒྲ་ཞེས་བྱ་བ་ནི། དངུལ་ཆུ་གསོད་པ་ཞེས་བྱ ་བའོ། །རི་མཛེས་ནི་འབྱུང་པོའི་སྒྲའི། །འཛག་པ་ནི་རྟག་ཏུ་ངུའོ། །རལ་པ་དམར་པོ་ནི་དམར་པོ་བསྐྲད་པ་ཞེས་བྱ་བའོ། །སྨྱོ་བྱེད་ན་དྷི་དྷུ་རའོ། །མྱུར་འགྲོ་ནི་ཨ་ཤ་གན་དྷའོ། །ཀ་ཏམ་པ་ཞེས་བྱ་བ་ལ་སོགས་པ་བརྒྱད་ནི་ཤུན་པའི་སྡེའོ། །ག་ཏམ་པ ་ལ་སོགས་པ་ནི་གྲགས་པར་ཟད་དོ། །ཤིང་ཁྲུ་ནི་སོ་ཕན་ཛའོ། །པི་ལ་སིན་པེ་ཏ་ཞེས་བྱ་བར་གྲགས་པའོ། །ཀུན་ཏུ་མ་ཛ་ཞེས་བྱ་བ་ལ་སོགས་པ་ལ་ཀ་ཏུ་མ་ཛའི་རི་ཞེས་བྱ་བ་ནི་ཀ་མ་ཛ་རེ་ཉིད་དོ། །པ་ལ་ཤ་ཞེས་བྱ་བ་ལ་སོགས་པ་ལ། བ་ལ ་ཤ་ནི་མེ་ཏོག་གི་སྡེར་བལྟའོ། །ལྷག་མ་གསུམ་ནི་སྡོང་པོའི་སྡེའོ། །བུ་རམ་ཞེས་བྱ་བ་ལ་སོགས་པ་ལ། གུར་ཤིང་ནི་གུར་ཤིང་ལས་བྱུང་བའི་ཁུ་བའོ། །མོཀྵ་ནི་པ་ར་ཞེས་བྱ་བ་སྟེ། ཐལ་སྨན་གྱི་སྡེའོ། །པུས་ཀ་ར་ན་པུས་ཀ་རུ་མུ་ལ་ཌའི་ཡུ་བ ་འམ་པས་ཀ་རའི་ཤིང་གི་ཆུའོ། །དེ་ལྟར་མོ་ཀ་མོ་ཀ་མོཀྵ་མ་གཏོགས་པ་ལྔའི་སྟེང་དུ་ལོ་ཏྲའི་ཁུ་བ་བསྣན་པ་དྲུག་པོ་དེ་དག་ནི་བཅུད་ཀྱི་སྡེ་ཞེས་བྱའོ། །བསྡུས་པའི་དོན་གསུངས་པ། མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྟེ། ཤིང་ངོ་ཞེས་བྱ་བ་ནི ་སྡོང་པོ་སྟེ། ངོ་ཞེས་བྱ་བ་ནི་སྡེ་ཚན་ཡོངས་སུ་རྫོགས་པའི་ཆོག་གོ་།ཁུ་བྱུག་ཅེས་བྱ་བ་ལ་སོགས་པ་ལ། ཟངས་ཀྱི་གཙུག་པུད་ཅན་ནི་ཁྱིམ་བྱའོ། །བྱ་རོག་ནི་བྱ་རོག་ཆེན་པོའོ། །ཀ་ར་ཀ་ར་ནི་བྱ་བྱེའུའི་ཁྱད་པར་ཞིག་གོ་།དྲང་སྲོང་བུ་ནི་ནེ་ཙོའོ། ། ་སྟོབས་འཕེལ་བར་བྱེད་ཅེས་བྱ་བ་ལ་བཅུད་ཀྱིས་ལེན་ལ་དེ་དག་གིས་ཤ་ཁུ་ཟོས་ན་སྟོབས་འཕེལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་འདབ་མ་ཅན་གྱི་སྡེའོ། །ཕྱུགས་ཀྱི་སྡེ་གསུངས་པ། ར་དང་རི་བོང་རི་དགས་དང་ཞེས་བྱ་བ་ལ་སོགས ་པ་ལ། རི་དགས་ཞེས་བྱ་བ་ནི་ཤྭ་རིགས་སུ་གཏོགས་པ་རྣམས་སོ། །ཕག་ཅེས་བྱ་བ་ནི་ཕག་གི་ཁྱད་པར་ཞིག་སྟེ། བ་སོ་ཡ་ཀ་ཞེས་བྱ་བར་གྲགས་པར་ཟད་པའོ། །ལྷག་མ་ནི་གོ་སླ་སྟེ་ཤའི་སྡེའོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་ཆང ་གི་སྡེ་གསུངས་པ་ཡིན་ཏེ། མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་ཆང་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་མེ་ཏོག་གི་ཆང་ནི་ཏཱ་ལའི་མེ་ཏོག་ལ་སོགས་པ་ལས་བྱུང་བའོ། །འབྲས་བུའི་ཆང་ནི་རྒུན་འབྲུའི་ཁུ་བ་ལ་སོགས་པའོ། །ཤུན་པའི་ཆང་ནི་ཤིང ་ཤུན་དང་འབྲས་ཅན་དུ་བསྲེས་པ་ལས་བྱུང་བ་སྟེ་ཛི་པོའོ། །འབྲུའི་ཆང་ནི་གོ་བར་ཟད་དོ། །གཞན་ཡང་ཆང་གི་བྱེ་བྲག་ཅེས་བྱ་བ་ནི་བུར་ཤིང་གི་ཁུ་བའི་ཆང་དང་ཟན་ཆང་ལ་སོགས་པ་གཟུང་ངོ། །མདོར་བསྡུས་ནས་ཞེས་བྱ་བ་ནི་ཤིན་ཏུ ་བསྡུས་པ་སྟེ། རྒྱས་པ་ནི་འོག་ནས་སྟོན་ཏོ། །འདི་དག་ཅེས་བྱ་བ་ནི་ཆང་རྣམས་སོ། །སྨན་ཞེས་བྱ་བ་ནི་ནད་ཀྱི་མཐུ་འཇིག་པའི་ཕྱིར་རོ། །དེ་དག་ཇི་ལྟར་བསྟེན་པར་བྱ་བ་གསུངས་པ། བཟའ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དྲུག་ཅུ ་རྩ་བཞི་ཞེས་བྱ་བ་ནི་མེ་ཏོག་ཙམ་པ་ཀ་ནས་བྱི་བའི་ཤའི་བར་གྱི་རྫས་རྣམས་སོ། །བཅོ་བརྒྱད་ཅེས་བྱ་བ་ནི་ག་པུར་ནས་སྟོང་པའི་བར་གྱིས་རྫས་རྣམས་སོ། །དེ་རྣམས་ཀྱིས་ཇི་ལྟར་ཕན་གདགས་ཤེ་ན། སྦོམ་པོ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྦོམ་པོ་ནི་མཆོག་གོ་།ཕྲ་མོ་ནི་ཐ་མའོ། །ཅི་ཞིག་ཅེ་ན། སྐྱེས་པ་དང་ནི་བུད་མེད་ཀྱང་སྟེ། ན་སོ་དང་མེ་དྲོད་ལ་སོགས་པའི་བྱེ་བྲག་གིས་མཆོག་དང་ཐ་མ་དང་དོན་གྱིས་ན་བར་མ་དང་གསུམ ་དུ་གཟུང་བར་བྱ་སྟེ། སྒྲུབ་པ་པོའི་བྱེ་བྲག་དེ་ལྟར་གསུམ་དུ་ཤེས་པར་བྱས་ནས་རྫས་ཀྱི་ཚད་ཆེ་ཆུང་རྣམ་པ་གསུམ་གྱིས་སོ་སོར་ཕན་གདགས་པར་བྱའོ། །དེ་ཡང་འདི་ལྟ་སྟེ། ཐ་མ་ལ་ནི་སྲང་གཉིས་ཏེ། །བར་མ་ལ་ནི་དེ་བཞིན་བཞི། །མཆོག ་ལ་སྲང་ནི་རྣམ་པ་དྲུག། སྨན་མར་དག་ནི་བསྐོལ་བར་བྱ་ཞེས་པ་ལྟ་བུའོ། །དེ་བཞིན་དུ་ནད་རྣམས་ཀྱང་ཆེ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་ན་རྫས ་དེ་རྣམས་ཀྱིས་ནང་གསལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོའི་ཐ་མལ་པའི་དབྱེ་བ་སྦོམ་པོ་དང་བར་པ་དང། ཕྲ་མོ་རྣམས་ལ་ཚེ་སྤེལ་བ་ལ་སོགས་པའི་ཕྱིར་ཡང་ཅི་རིགས་པའི་སྦྱོར་བས་ཕན་གདགས ་པར་བྱའོ། །སོགས་ཀྱིས་ན་ཆུ་སེར་ལ་སོགས་པ་གཟུང་བར་བྱ་སྟེ། རླུང་ལ་སོགས་པ་དེ་དག་འཕེལ་འབྲིར་གྱུར་པ་ཉིད་ནད་ཡིན་ནོ། །དེ་ལ་གང་བ་དང། ཞོམ་པ་དང། གཟུང་བ་དང། བསྐྱོད་པ་དང། འབུད་པ་རྣམ་པ་ལྔ་ནི་རླུང་གི ་མཚན་ཉིད་དོ། །ཆགས་པ་དང། དྲོད་དང། གཟི་བརྗིད་དང། དྲི་མ་དང། མེ་དྲོད་སྐྱེས་པར་བྱེད་པ་ནི་མཁྲིས་པའི་མཚན་ཉིད་དོ། །ཚིགས་སྦྱར་བ་དང། མཆིལ་སྣབས་དང་སྣུམ་པ་དང། ལྕི་བ་དང། བརྟན་པར་བྱེད་པ་ནི་བད་ཀན་གྱི་མཚན་ཉིད ་དོ། །ཚིམ་པར་བྱེད་པ་ནི་ཁྲག་ཆུ་སེར་རོ། །འཚོ་བར་བྱེད་པ་ནི་ཁྲག་གོ་།ཤ་ནི་ཕྱི་རོལ་བརྟན་པར་བྱེད་པའོ། །ཆིལ་གྱིས་སྣུམ་པའོ། །མཁྲང་ཞིང་འཛིན་པ་ནི་རུས་པའོ། །སྤུ་གུའི་ནང་འགེངས་པ་ནི་རྐང་ངོ། །ཉམས་སྟོབས་འཕེལ་ཞིང ་སྲེག?་པ་ནི་ཁུ་བའོ། །ཆུ་སོའི་གནས་གཟེར་བར་བྱེད་པ་ནི་གཅི་བའོ། །ཞུ་བའི་གནས་ན་གནས་ཤིང་མེ་དང། རླུང་གཟུང་སྟེ། ཚིམ་པར་བྱེད་པ་ནི་བཤང་བའོ། །པགས་པ་བརྟན་པར་བྱེད་པ་ནི་རྡུལ་ལོ། །ཁ་ཟས་ལེན་པ་ནི་སྙིང་པོའོ། །ནུ་མ་མཁྲང་ཞིང ་འཕྱིག་པར་བྱེད་པ་ནི་ནུ་མ་ཅན་ནོ། །ལུས་ཟུངས་བཅུ་དྲུག་པ་ཕྲ་མོས་ནི་མེ་འབར་ཞིང་སྲོག་འཛིན་པ་སྟེ། དེ་དག་ནི་རླུང་ལ་སོགས་པ་ལུས་ཟུངས་བཅུ་དྲུག་གི་མཚན་ཉིད་དོ། །དེ་དག་འབྲི་བ་དང། འཕེལ་བ་མི་མཐུན་པར་གནས་པ་ལས། འབྲི་ཞིང་ཟད ་པ?་བཤད་པར་བྱ་སྟེ། དེ་ལ་རླུང་བྲི་བས་ནི་སྨྲ་ཉུང་བ་དང། ཡན་ལག་ཉམ་ཆུང་བ་དང། སེམས་བླུན་ཞིང་རྨོངས་བག་ཏུ་འགྱུར་རོ། །མཁྲིས་པ་བྲི་བས་ནི་ཕྱིའི་དྲོད་ཆུང་བ་དང། ནང་གི་མེ་དྲོད་ཉམས་པ་དང། མདངས་མེད་པར་འགྱུར་རོ། །བད་ཀན་བྲི་བས་ནི་ཁོང ་ཚབ?་དང་སེམས་འཕྱར་བ་དང། ཁོང་སྐྱ་བ་དང། རྩ་རྣམས་སྟོང་པར་འགྱུར་རོ། །ཆུ་སེར་བྲི་བས་ནི་ལུས་སྐེམ་ཞིང་སྙིང་འཆུ་བ་དང། འདར་བ་དང་ཁ་ཟས་ཡི་གར་མི་འོང་བར་འགྱུར་རོ། །ཁྲག་ཟད་པས་ནི་ལུས་ཀྱི་མདངས་ཉམས་པ་དང་པགས་པ ་སྐམས?་པ་དང། རྩ་ལྷོད་པ་དང། སེམས་བྱིང་བར་འགྱུར་རོ། །ཤ་ཟད་པས་ནི་ལྐུབ་ཆེས་དང་བརླ་དང། དཀུ་ན་བ་དང་སྐྱུག་བྲོ་ཞིང་སྐྱེམ་པར་འགྱུར་རོ། །ཚིལ་ཟད་པས་ནི་མཆི་མ་འཕེལ་ཞིང་ཚིགས་འཕྲོག་པ་དང། ཁོང་སྐྱ་བ་དང། ཤ་ལྷོད་པར་འགྱུར་རོ།། ་རུས?་པ་ཟད་པས་ནི་རུ་ཤིང་ན་བ་དང། སོ་དང་སེན་མོ་མདངས་མེད་ཅིང་འགྲུབ་པར་འགྱུར་རོ། །རྐང་ཟད་པས་ནི་ཁུ་བ་ཉུང་བ་དང། རོ་རྒྱབ་ནི་ཞང་རུས་ཞིང་འཁོལ་བ་ཡིན་ནོ། །ཁུ་བ་ཟད་པས་ནི་ཆུ་སོ་དང་ཕོ་མཚན་ན་ཞིང་འདོད་པ་སྤྱོད་མི་ནུས་པ་དང། ་ཁུ?་བ་ཡུན་རིང་པོ་ཞིག་ནས་འབྱུང་བ་དང། ཁུ་བ་ཕྲ་ཞིང་ཁྲག་ཏུ་སྣང་བའོ། །གཅི་བ་ཟད་པས་ནི་ཆུ་སོ་གཟེར་བ་དང། གཅི་བ་ཉུང་བར་སྣང་ངོ། བཤང་བ་ཟད་པས་ནི་སྙིང་ག་དང་རྩིབས་ལོགས་སུ་ཟུག་ཅིང་དབུགས་མི་བདེ་བ་དང། དཀུ་འབྱར་བ ་ཡིན་ནོ། །རྡུལ་ཟད་པས་ནི་བ་སྤུ་ལངས་པ་དང། པགས་པ་ཚོར་བ་ཆུང་བར་འགྱུར་རོ། །སྙིང་པོ་ཟད་པས་ནི་ལྟོ་འཕར་བ་དང་ལུས་ཕྲ་བ་དང་དཀུ་ཟད་པར་འགྱུར་རོ། །ནུ་མ་ཅན་ཟད་པས་ནི་ནུ་མ་ཉམས་ཞིང་ན་བར་འགྱུར་རོ། །ལུས ་ཟུངས་ཕྲ་མོ་ཟད་པས་ནི་དབང་པོ་མི་གསལ་བ་དང། རླུང་ཉམས་པར་འགྱུར་རོ། །ཡིད་གཞུངས་ཤིང་མེ་དྲོད་བསྐྱེད་པའི་ཕྱིར། དེ་ལྟར་རླུང་ལ་སོགས་པ་ལུས་ཟུངས་ཕྲ་མོའི་མཐར་ཐུག་པ་དེ་དག་གི་ཟད་པའི་སྐྱེ་གནས་དང། ཡིད་གཞུངས་ཤིང་མེ་དྲོད ་བསྐྱེད་པའི་ཕྱིར་དེ་དག་སྐྱོང་བར་བྱེད་པའི་རྫས་བཤད་པར་བྱ་སྟེ། དེ་ལ་གསལ་བ་དང། སྐྱ་པ་དང། ཡང་བ་དང། རྩུབ་པ་དང། མཁྲེགས་པའི་ཡོན་ཏན་དང་ལྡན་པ་རྣམས་ནི། རླུང་གི་ཐུན་མོང་གི་སྐྱེ་གནས་ཏེ། དེ་དག་ཀྱང་རོ་བསྐ་བ་དང་སྦྱར ་རོ། །དེ་ཡང་གསིལ་བས་ནི་བསིལ་བ་མངོན་པར་སྤེལ་བའོ། །དེ་བཞིན་དུ་སྐྱ་བོ་ལས་ནི་སྐྱ་བོར་རོ། །ཡང་བ་ལས་ནི་ཡང་བར་རོ། །རྩུབ་པ་ལས་ནི་རྩུབ་པར་རོ། །མཁྲེགས་པ་ལས་ནི་མཁྲེགས་པར་རོ། །དེ་ལ་རྣོ་བ་དང། སྐྱ་བ་དང། ཡང་བ་དང། ་བརྩུབ་པའི་ཡོན་ཏན་རྣམས་ནི་མཁྲིས་པའི་ཐུན་མོངས་ཀྱི་སྐྱེ་གནས་ཏེ། རོ་ནི་ཚ་བ་དང་སྦྱར་རོ། །དེ་ཡང་རྣོ་བ་ལས་ནི་རྣོ་བར་རོ། །སྐྱ་བ་ལས་ནི་སྐྱ་བར་རོ། །རྩུབ་པ་ལས་ནི་རྩུབ་བར་རོ། །དེ་ལ་མངར་བག་དང། སྣུམ་བག་དང། ལྕི་བ་དང། ་བསིལ་བ་དང། སྤྱི་བག་གི་ཡོན་ཏན་ཅན་རྣམས་ནི་བད་ཀན་ཅན་གྱི་སྐྱེ་གནས་ཏེ། རོ་ནི་མངར་བ་དང་སྦྱར་རོ། །དེ་ཡང་མངར་བག་གིས་ནི་མངར་བག་ཅན་ནོ། །སྣུམ་པས་ནི་སྣུམ་པར་རོ། །ལྕི་བ་ལས་ནི་ལྕི་བར་རོ། །བསིལ་བ་ལས་ནི་བསིལ་བར ་རོ། །སྤྱི་བག་ལས་ནི་སྤྱི་བག་ཅན་དུ་བྱའོ། །ད་ནི་མི་མཐུན་པའི་སྐྱེ་གནས་བཤད་པར་བྱ་སྟེ། དེ་ལ་རོ་ཚ་བ་ནི་བད་ཀན་གྱི་མི་མཐུན་པ་སྟེ། རོ་ཚ་བས་མངར་བའི་རོ་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེ་བཞིན་དུ་སྐྱ་བ་ནི་སྣུམ་པའི་གཉེན་པོའོ། །ཡང ་བ་ནི་ལྕི་བའོ། །རྣོ་བ་ནི་བསིལ་བའོ། །རྩུབ་པ་ནི་སྤྱི་བག་གིའོ། །དེ་ལྟར་རླུང་གི་མི་མཐུན་པའི་སྐྱེ་གནས་ནི་མངར་བ་ལ་སོགས་པ་སྟེ། ངེས་བསྐ་བ་ལ་སོགས་པ་ཟིལ་གྱིས་གནོན་པའི་ཕྱིར་རོ། །མཁྲིས་པའི་མངར་བ་དང་ཁ་བའོ། །དེ་ཡང་གསུངས་པ་མངར་དང ་སྐྱུར?་བ་དང་ལན་ཚྭའི་རོས། །རླུང་ནི་འཇོམས་པར་བྱེད་པ་ཡིན། མཁྲིས་པ་མངར་དང་ཁ་དང་བསྐས། །ཚ་དང་ཁ་བས་བད་ཀན་ནོ་ཞེས་སོ། །དེ་ལ་ཚིམ་པ་དང། ཁར་ཆགས་པ་དང། མྱུག་མྱུག་པོ་རྣམས་ནི་མངར་བའི་རོའོ། །སོ་བརྩེ་བ་དང། འགྲམ་མཆུ་ལྡང་བར་བྱེད་པ ་ནི?་སྒྱུར་བའོ། །ཁ་བས་ཡི་གར་འོང་བ་དང། མཆིལ་མ་འཛག་པ་དང། འབུགས་པར་བྱེད་པ་ནི་ལན་ཚྭའི་རོའོ། །ལྕེ་དང་རྐན་དང། མིག་དང་སྣ་བ་ལ་སོགས་པ་ཚ་ཞིང་སྲེག་ལ་མཆི་མ་འཛེག་པར་བྱེད་པ་ནི་ཚའོ། །ཁ་རྩུབ་པ་དང་གྲེ་བ་སྐམ་པ་དང། ཁ་ཟས ་ཡི?་གེར་འོང་བར་བྱེད་པ་ནི་ཁན་ཏེའོ། །ལྕེ་རྩུབ་པ་དང་གྲེ་བར་འཆགས་པ་དང། སྙིང་ག་ན་བར་བྱེད་པ་རྣམས་ནི་བསྐ་བའི་མཚན་ཉིད་དོ། །དེ་ལ་རོ་མངར་པ་ནི་ཁྲག་དང་ཚིལ་དང། ཤ་དང་རུས་པ་དང། རྐང་དང། ཁུ་བ་དང། ནུ་མ་རྣམས་འཕེལ་བར་བྱེད་ལ ་མིག?་དང་སྐྲའི་མདོག་བཟང་བར་བྱེད་དེ་ཁྲག་དང་རླུང་འཇོམས་པར་བྱེད་ཅིང་བྱིས་པ་དང་རྒན་པོ་དང། ཉམས་སྟོབས་ཟད་པ་ལ་ཕན་ཏེ། སྦྲང་རྩི་དང་པི་པི་ལིང་དུ་བསྲེས་ན་ཡིད་དུ་འོང་བ་དང། ཚ་བ་དང་བརྒྱལ་བ་རྣམས་འཇོམས་པར་བྱེད་ཅིང་དབང་པོ ་རྣམས?་དག་པར་བྱེད་དེ། དེ་ཡང་ཤིན་ཏུ་བསྟེན་གྲོགས་པས་ནི་བློ་དང་དབུགས་མི་བདེ་བ་དང། སྐྱུག་བྲོ་བ་དང། སྐད་ཀྱི་གསང་མི་སྙན་པ་དང། སྲིན་བུ་དང་ལྐོག་འབྲས་རྣམས་སྐྱེ་པར་འགྱུར་རོ། །སྐུར་བས་ནི་འཛུ་ཞིང་སྨིན་པ་དང། མཆིལ་མ་སོགས་ལ ་སོགས་པའི་དྲི་མ་འབྱིན་པ་དང། རླུང་ལུགས་སུ་རྒྱུ་བ་དང། ཁོང་གི་ཚབ་ཕྱིར་འབྱིན་པ་དང། གྲང་པ་འཇོམས་ཤིང་ཡིད་དུ་འོང་བ་ཡིན་ཏེ། ཤིན་ཏུ་བསྟན་གྲགས་པས་ནི་སོ་ན་ཞིང་བརྩེ་བ་དང། མིག་རབ་རིབ་ཏུ་འགྱུར་བ་དང། བ་སྤུ་བརྩེ་བ་ལ་སོགས ་པ་བྱེད་པར་འགྱུར་རོ། །ལན་ཚྭའི་རོས་ནི་དྲི་མ་ཁྱིམ་པ་དང། འཇུ་ཞིང་སྨིན་པ་དང། ཚིམ་པ་དང། ཁོང་ལྟོད་པ་དང། ལུས་ཀྱི་དྲོད་བསྐྱེད་པ་དང། ཁུ་གའི་སྒོ་སྦྱོང་བ་དང། ལུས་ཀྱི་ཡན་ལག་ཐམས་ཅད་དུ ་ཁྱབ་པས་མཉེན་པར་བྱེད་དེ། ཤིན་ཏུ་བསྟེན་གྲགས་པས་ནི་ལུས་གཡའ་ཞིང་ཟ་བ་དང། ཁ་སྐོག་སྐམ་པ་དང། སྐོམ་དང་ཆེ་ཞིང་པོ་དང་མོའི་དབང་པོ་འཇོམས་ལ་རླུང་དང་ཁྲག་དང་མཁྲིས་པ་བསྐྱེད་པར་བྱེད་དོ། །རོ་ཚ་བས་ནི་མོ་དྲོད་བསྐྱེད ་པ་དང། སྦྱིན་པ་དང། ཁ་ཟས་ཡི་གར་འོང་བ་དང། ཚོ་ཆེས་པ་དང། ལུས་ལྟམ་ལྟམ་པོར་བྱེད་པ་དང། སྲིན་བུ་དང། དུག་དང། མཛེ་དང། ཟ་འབུམ་ལ་སོགས་པ་སེལ་བར་བྱེད་དེ། ཤིན་ཏུ་བསྟེན་གྲགས་པས་ནི། གྲེ་བ་དང། རྐན་དང ་མཆུ་རྣམས་སྐམ་ཞིང་མའོ་འཁོར་བར་འགྱུར་རོ། རོ་ཁ་བས་ནི། མེ་དྲོད་བསྐྱེད་ཅིང་ཡི་གར་འོང་བ་དང། དྲི་མ་སྤྱོད་པ་དང། གཞན་ཡང་ཟ་འབྲུམ་ལ་སོགས་པ་དང། སྐོམ་དང་ཆེ་བ་དང། རྨོངས་པ་དང། རིམས་རྣམས་སེལ་བར་བྱེད ་ཅེར་ལུས་སྦྱོང་ལ་གཤང་བ་དང་གཅི་བ་དང་ཚིལ་སྐེམས་པར་བྱེད་དེ། ཤིན་ཏུ་བསྟེན་གྲགས་པས་ནི་ལུས་འཁྲུག་པ་དང། མགོ་འཁོར་བ་དང་ཁོང་ཟུག་པ་དང། ཡན་ལག་འབུགས་པ་སྙམ་བྱེད་པར་འགྱུར། །རོ་བསྐང་ས་ནི་དྲི་མ་རྣམས ་སྡུད་པ་དང། སྒོ་རྣམས་འགེགས་པ་དང། སྦྱོང་བ་དང། ཟློག་པ་དང། འཆིང་བ་དང། དྲི་མ་ཕལ་ཆེར་འབྱིན་པར་བྱེད་དེ། ཤིན་ཏུ་བསྟེན་གྲགས་པས་ནི་སྙིང་མི་དགའ་བ་དང། ངལ་ཞིང་དུབ་པ་དང། མིག་མི་གསལ་བ་དང། ལུས་ཐམས་ཅད ་བེར་བེར་པོར་བྱེད་པར་འགྱུར་རོ། །ད་ནི་དེ་དག་གི་སྡེ་ཚན་བཤད་པར་བྱ་སྟེ། དེ་ལ་ཀ་ལྷ་ལ་སོགས་པ་དང། འོ་མ་དང། མར་དང། ཞག་དང། རྐང་དང། ས་ལི་དང། ནས་དང། གྲོ་དང། མོན་སྲན་གྲེའུ་དང། སྲིང་ག་ཏ་ཀ་དང། ཀ་སེ་རུ་དང། ཀ་ལི་ཡ་ལ་དང། ་བུས་ཀ་རའི་ས་བོན་དང། གུར་ཀུམ་དང་སྦྲང་རྩི་དང། རྒུན་འབྲུམ་དང། ཁ་ཛུར་དང། རྒྱལ་པོས་བྱིན་དང། ན་རི་རྐེལ་དང། གུར་ཤིང་ལས་གྱུར་པའི་བྱེ་བྲག་དང། འབའ་ལ་དང། ཨ་ཏི་བཱ་ལ་དང། ཨཏ་མ་གུ་པ་ཏ་དང། རྒྱ་ཤུག་དང། འོ་མ་ཅན་དང། ་གཟེམ་དང། ཁྲིར་མོ་ཏ་ཀ་དང། མ་དུ་ལ་ག་དང། ཀུ་སྨན་ཏ་ལ་སོགས་པ་ནི་མངར་བའི་སྡེ་ཚན་མདོར་བསྡུས་པའོ། །བལ་པོའི་སེའུ་དང། སྐྱུ་རུ་ར་དང། མ་དུ་ལུང་ག་དང། ཨ་འབྲ་དང། ཀ་བི་ཏ་དང། ཀ་ར་མ་ཏ་དང། བ་ད་ར་དང་ག་ར་པྲ་ཙི་དང། ཨ་མ ་ལ་ཀ་དང། སྤའི་འབྲས་བུ་དང། ཏི་ནི་ཏི་ཏི་ཀ་དང། ཀ་དམ་པ་དང། སྟང་བུ་དང། དྷ་དཱ་ཤ་ཐ་དང། ཞོ་དང། དར་བ་དང། ཆང་དང། ཚེ་དང། སངས་པོ་དང་རྩབས་ལ་སོགས་པ་ནི་སྐྱུར་བའི་སྡེའོ། ལྕེ་མྱང་ཚ་དང། སོ་རྩི་ཀ་དང། ལན་ཚྭ་དང། ནས་ཚིག ་འཁྲུས་པའི་ཐལ་པ་དང། སུ་ཙ་རྩིཀྲ་ལ་སོགས་པ་ནི་ལན་ཚྭའི་སྡེའོ། །པི་མི་ལང་དང། སུ་ངས་ལ་སོགས་པ་དང། སྤྲང་རྒོད་དང། སེ་གྲུ་དང་ལ་ཕུག་དང། སྒོག་པ་དང། སུ་མུ་ཁ་དང། རུ་རྟ་དང། ད་བ་རྡ་རུ་དང། ཧ་རེ་ནུ་ཀ་དང། བ་ལ་ཁུ་ཚའི་འབྲས ་བུ་དང། སྐྱེ་ཚེ་དང། གུ་གུལ་དང། གླ་སྒང་ལ་སོགས་པ་ནི་ཚ་བའི་སྡེའོ། །ར་ཀ་བ་ཐ་དང། སླེ་ཏྲེས་ལ་སོགས་པ་དང། མ་དུ་ཀ་པ་ད་རི་ན་དང། སྤའི་ལྡུམ་བུ་དང། སྨྱིག་མའི་ལྡུམ་བུ་དང། སེར་པོ་གཉིས་དང། དབང་པོའི་གནས་དང། བ་རུ ་ར་དང། ས་དུ་དང། ཀ་རུ་ཀ་དང། སྠ་ཏ་པར་ནི་དང། བྲི་ཧ་ཏི་གཉིས་དང། ཤང་གི་ནི་དང། ཀར་ཀོ་ཏཀ་དང། ཀ་ར་བིལ་བ་དང། བ་ཏ་ཀུ་དང། ཀ་ར་བཱི་ར་དང། སུམ་ན་དང། ཤང་ཀ་པུས་པ་དང། ཨ་པ་མར་ག་དང། ཏྲ་ས་མ་ན་དང། བུ་རྩེ་ཤེལ་དང། ་བི་རྩ་ཡན་ཏི་དང། སུ་པར་ཙ་ལ་དང། བྲི་རྩི་ཀ་ལ་དང། ཛོ་ཏི་སྨ་ཏི་ལ་སོགས་པ་ནི་ཁན་དའི་སྡེའོ། །ན་གོ་ལ་སོགས་པ་དང། ཨ་བ་ཐ་ལ་སོགས་པ་དང། པྲི་ཡང་ཀུ་ལ་སོགས་པ་དང། འབྲས་བུ་གསུམ་དང། ས་ལ་ཀི་དང། ཛམ་བུ་དང།། ་ཨ་བྲ་དང། ཏེན་ཏུ་ཀ་ལ་སོགས་པ་དང། ས་གའི་འབྲས་བུ་དང། པ་ཤ་ན་བེ་ཏ་ཀ་དང། བ་ན་ཡ་ཏའི་འབྲས་བུ་དང། པྲ་ལ་ས་དང། ཀུ་རུ་པ་ཏ་ཀ་དང། ཀོ་པི་ད་ར་དང། ཛི་བན་ཏི་དང། ཞོ་མ་དང། སོ་ནི་ཤ་ཀ་ལ ་སོགས་པ་དང། བ་ར་ཀ་དང། མོན་སྲན་སྡེའུ་ལ་སོགས་པ་ནི་བསྐ་བའི་སྡེའོ། །དེ་ལྟར་དེ་རྣམས་ཉེ་བར་བསྟེན་པས་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་རྣམས་ཞི་བར་འགྱུར་རོ། །དེ་ཡང་གསུངས་པ། རོ་དྲུག་དག་ནི་བཟློག་བསྟེན་པས། ཤིན་ཏུ་སྟོབས ་ལྡན་ནད་རྣམས་ཀྱིས། །ཉེས་པ་ཇི་ལྟར་འཁྲུགས་གྱུར་ཀྱང། དེ་ནི་ཞི་བར་ཉེ་བར་འགྲོ་ཞེས་སོ། །ལུས་ཟུངས་རྣམས་འཕེལ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། རླུང་འཕེལ་བས་ནི་ལུད་པ་དང། འདར་བུ་དང། གྲང་ཤུམ་དང། གཉིད་མེད་པ ་དང། སྟོབས་ཆུང་བ་དང། རྟུག་སྐམས་པ་ལ་སོགས་པར་འགྱུར་རོ། །མཁྲིས་པ་འཕེལ་བས་ནི་མདོག་སེར་པོར་སྣང་བ་དང། ཚ་ཞིང་གྲང་བར་འདོད་པ་དང། གཉིད་ཆུང་བ་དང། མྱོས་པ་དང། སྟོབས་ཆུང་བ་དང། བཤང་གཅི་མདོག་སེར ་བར་འགྱུར་རོ། །བད་ཀན་འཕེལ་བས་ནི་མཆིལ་སྣབས་མང་བ་དང། ལུས་ལྕི་བ་དང། ལྟམ་ལྟམ་པོར་བྱེད་པ་དང། སྐད་འཛེར་བ་དང། གཉིད་ཆེ་བར་འགྱུར་རོ། །ཆུ་སེར་འཕེལ་བས་ནི་སྙིང་གཟེར་བ་དང། རྡུལ་ཆེ་བར་འགྱུར་རོ། །ཁྲག་འཕེལ ་བས་ནི་མིག་དམར་པོར་འགྱུར་རོ། །ཤ་འཕེལ་བས་ནི་རྐུབ་ཚོས་དང། བརླ་དང། བྱིན་པ་དང། དཔུང་པ་ལ་སོགས་པ་འཕེལ་ཞིང་ལྕི་བར་འགྱུར་རོ། །ཚིལ་འཕེལ་བས་ནི་ལུས་སྣུམ་པ་དང། ལྟོ་བ་དང་རྩིབ་ལོགས་འཕེལ་ཞིང་ལུད་པ་དང། དབུགས ་དྲི་མི་ཞིམ་པ་ཡིན་ནོ། །རུས་པ་འཕེལ་བས་ནི་སེན་མོ་མཁྲེང་ཞིང། སོ་ལྷག་ལ་སོགས་པ་སྐྱེ་བར་འགྱུར་རོ། །རྐང་འཕེལ་བས་ནི་ལུས་ཐམས་ཅད་དང་མིག་ལྕི་བར་འགྱུར་རོ། །ཁུ་བ་འཕེལ་བས་ནི་ཁུ་བ་རྡོ་ལྟར་སྲ་བ་དང། ཆུ་སོར ་རྡེའུ་ཆགས་པར་འགྱུར་རོ། །གཅི་བ་འཕེལ་བས་ནི། ཆུ་རྡེའུ་དང། ཆུ་སོ་ཚ་བྲེང་བྲེང་པོར་བྱེད་ཅིང་དབྲེ་བསྣམས་པར་འགྱུར་རོ། །གཤང་བ་འཕེལ་པས་ནི། དགུ་ན་བ་དང། ཁ་དྲི་མི་ཞིམ་པ་དང། ཁ་ཟས་མི་ལེན་པར་འགྱུར་རོ། །རྡུལ་འཕེལ་བས་ནི་ཟས་ཚག་དང། ་ལུས་ཀྱི་དྲི་མི་ཞིམ་པར་འགྱུར་རོ། །ནུ་མ་ཅན་གྱི་ནི་ནུ་མ་སྐྲང་ཞིང་ཡང་ཡང་དུ་ཕྱི་ས་འབྱུང་བ་དང། ལུས་ཚ་བར་འགྱུར་རོ། །སྙིང་པོས་ནི་གསུས་པ་སློ་ཞིང་རྡུལ་འབྱུང་བར་འགྱུར་རོ། །ཕྲ་མོས་ནི་ལུས་ཐམས་ཅད་འཁོལ་ཞིང་ཉམས་སྟོབས་ཆུང་བར ་འགྱུར་རོ། །དེ་ལྟར་ཟད་པ་དང་འཕེལ་བ་དག་བྱ་བའི་ཁྱད་པར་གྱིས་བཟློག་ནས་ལུས་ཟུངས་མཉམ་པར་བྱ་སྟེ། དེ་ཡང་གསུངས་པ། གོང་ནས་གོང་དུ་འཕེལ་བ་དང། །དེ་ལ་བཟློག་སྟེ་བྲི་བ་དག་།ནད་ཡིན་པས་ན་དེ་བཟློག་ནས། །ལུས་ཟུངས ་སྙོམས་པ་མར་བྱ་ཞེས་སོ། །ད་ནི་མཁྲིས་པ་ནས་ཁུ་བའི་བར་དུ་ལུས་ཟུངས་རྣམས་ཤིན་ཏུ་འཕེལ་བ་དང་འབྲི་བ་བཟློག་ནས་ལུས་ཟུངས་སྙོམས་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། གཟའ་བ་དང་གཏུང་བ་དང་སྨན་ལ་སོགས་པའི་སྦྱོར་བ་རྣམས ་ཀྱིས་ཁམས་སྙོམས་པར་འགྱུར་ཞིང་དེས་ཡུན་རིང་དུ་འཚོ་བར་འགྱུར་ཏེ། གང་གི་ཕྱིར་བཟའ་བ་དང། གཏུང་བ་དང། སྨན་ལ་སོགས་པའི་སྦྱོར་བས་ཇི་ལྟར་རིགས་པས་བསྟེན་པ་འདིས་བཅུད་དང་མདངས་མ་ལུས་པ་ཐམས་ཅད་དུ་ཁྱབ་ ་པར་འཇུག་པས་སྟོབས་འཕེལ་ཞིང་སོགས་པའི་ཕྱིར་ཤིན་ཏུ་ཕྲ་ཞིང་རིང་བ་ཡང་མ་ཡིན་ལ། ཤིན་ཏུ་སྦོམ་པ་ཡང་མ་ཡིན་པར་བར་མར་འགྱུར་ཏེ། བྱ་བ་ཐམས་ཅད་ལ་ཐོག་པ་མེད་པར་འགྱུར་རོ། །དེ་ལྟར་གསུངས་པ། སྦྱོར་བ་ཅི་རིགས ་བསྟན་པ་ཡིས། །བཅུད་ནི་ལུས་ལ་རིམ་གྱིས་འཕོ། །ལུས་ཟུངས་སྙོམས་པ་བར་མར་འགྱུར། །བྱ་བ་ཀུན་ལ་ཐོགས་པ་མེད། །བཀྲེས་དང་སྐོམ་དང་གྲང་དང་ཚ། །རླུང་དང་ཆར་པ་ཚད་སོགས་བཟོད། །སླར་ཡང་སྟོབས་དང་ལྡན་པར་འགྱུར། །ཤིན ་ཏུ་ཕྲ་རིང་སྡོམ་པའི་མི། །གཉིས་པུ་འདི་དག་སྡང་བར་བྱ། །དམ་པའི་ལས་ལ་བར་མ་མཆོག་།གཞན་དུ་འདི་གཉིས་མཆོད་གནས་ཡིན་ཞེས་སོ། །ད་ནི་རླུང་ལ་སོགས་པའི་གནས་བཤད་དེ། རླུང་གི་གནས་ནི་ཆུ་སོ་དང། ་རྒྱུ་ཞབས་མན་ཆད་ལུས་ཀྱི་སྨད་དང་རྣ་བ་ཡིན་ནོ། །མཁྲིས་པ་ཡིས་ནི་ཞུ་བའི་གནས་ནས་སྙིང་ག་མན་ཆད་ལུས་ཀྱི་བར་དང་མིག་དག་ཡིན་ནོ། །བད་ཀན་གྱི་ནི་ནམ་ཚོམས་དང་མགྲིན་པ་ལ་སོགས་པ་ལུས་ཀྱི་སྟོང་དང་ཚིགས་རྣམས་དང་ལྕེ་ཡིན ་ནོ། །དེ་དག་སྙོམས་པར་འཇུག་པས་ལུས་འདི་བརྟན་པར་འཛིན་པ་ཡིན་ཏེ། ཇི་སྐད་དུ་ཆུ་དང་མེ་དང་རླུང་རྣམས་ནི། །གོང་ནས་གོང་དུ་སྙོམས་འཇུག་པས། །འགྲོ་བ་ཡང་དག་འཛིན་པ་ལྟར། །རླུང་མཁྲིས་བད་ཀན་ལུས་དེ་བཞིན་ཞེས་གསུངས་པ་ཡིན་ནོ། ་ད་ནི་དེ་དག་གི་རྒྱུ་མཚན་བརྗོད་པར་བྱ་སྟེ། དེ་ལ་རླུང་འཁྲུགས་པའི་རྒྱུ་མཚན་ནི་སྟོབས་འགྱེད་པ་དང། མང་དུ་སྣ་བ་དང། རྩོལ་བ་མང་བ་དང། ཡུན་རིང་དུ་འགྲོ་བས་བྱས་པ་དང། བང་དང་མཆོངས་པ་དང། གཡང་ཁ་མཐོན་པོར་ཕྱིན་པ་དང། ་ཆུ་ལ་ཡུན་རིང་དུ་བརྒལ་ཤིང་རྒྱལ་པ་དང། ཤིང་རྟ་ལ་སོགས་པ་ལ་ཞོན་པ་དང། ཁ་བ་དང། སྐ་བ་དང། ཡང་བ་དང། རྩུབ་པ་དང། བསིལ་བ་དང། གཞན་ཡང་ལོ་མ་སྐམ་པོའི་ཚོད་མ་དང། བ་རུ་ར་དང། ཤ་མ་དང། ཀ་རི་པ་ར ་དང། སྲན་མུད་ཀ་དང། སྲན་ཆུང་དང། སྲན་ཨ་ད་ཀྱི་དང། སྲན་ཟླུམ་ལ་སོགས་པའི་ཁ་ཟས་དང། སེར་བུ་ཡུན་རིངས་སུ་བསྟན་པ་དང། བཤང་གཅི་དང། ཁུ་བཟང་བ་དང། མྱ་ངན་དང། སེམས་ལ་སོགས་པ་དང། ཤིན་ཏུ་གྲང་བ ་དག་ཡིན་ནོ། །དེ་ལྟར་ཡང་གསུངས་པ། ཤིན་ཏུ་གྲང་དང་གྲང་བའི་དུས། །ཁྱད་པར་དུ་ཡང་སོས་ཀྱི་མཛའ་། །ཐོ་རངས་དང་ནི་ཕྱི་དྲོའི་དུས། །ཞུ་རྗེས་རླུང་ནི་འཁྲུག་པར་འགྱུར་ཞེས་སོ། །མཁྲིས་པ་འཁྲུགས་པའི་རྒྱུ་མཚན་ནི། །དཀའ་ཐབ ་དང། སྨྱུང་བ་དང། རྩོལ་བ་གྲགས་པ་དང། འདོད་ཆགས་ལ་དགའ་བ་དང། ཤིན་ཏུ་དྲོ་ཞིང་ཚ་བ་བསྟེན་པ་དང། ཁ་ཟས་ཡང་བ་དང། རྩུབ་པ་དང། ཏིལ་མར་དང། བི་ན་ཀ་དང། སྐྲན་ཀུ་ལ་ཐ་དང། ཡུངས་ཀར་དང། སྔོ་ཚོད་དང། ཕག་ཤ་དང། ཉ ་ཤ་དང། ཉ་བིཀ་སངས་དང། ཞོ་དང། ཞོ་ཁ་ཆུ་དང། དར་བ་དང། སིངས་པོ་དང། ཆང་གི་བྱེ་བྲག་དང། སྐྱུར་པོ་དང་ལན་ཚྭ་ལ་སོགས་པའི་ཁ་ཟས་དང། མྱ་ངན་དང། གདུང་བ་དང། ཁྲོ་བ་དང། ཤིན་ཏུ་དྲོ་བ་དག་ཡིན་ནོ། །དེ་ཡང་གསུངས་པ། ་ཤིན་ཏུ་དྲོ་དང་དྲོ་བའི་དུས། །ཁྱད་པར་དུ་ཡང་སེར་ཁ་དང། །ཉི་མའི་གུང་དང་མཚན་ཕྱེད་ལ། །འཇུ་བའི་དུས་སུ་མཁྲིས་པ་འཁྲུག་ཅེས་སོ། །བད་ཀན་འཁྲུགས་པའི་རྒྱུ་མཚན་ནི། ཉིན་མོ་གཉིད་ལོག་པ་དང། ལེ་ལོ་དང། སྙོམས་ལས་ཆེ་བ་དང། མངར ་བག་དང། ལན་ཚྭ་དང། སྐྱུར་པོ་དང། སྣུམ་བག་དང། སྤྱི་བག་དང། ཛ་འ་ཀ་དང། ཨུད་ཀ་ཏ་དང། སྲན་མ་ཤ་དང། མ་ཤ་ཆེན་པོ་དང། གྲོ་དང་ཏིལ་དང། ཁུར་བ་རྣམས་དང། འོ་མ་དང། ཞོ་དང། ཕྲུམ་དང། གུར་ཤིང་ལས་གྱུར་བའི་རྫས་རྣམས་དང། ་ཤ་སྙིང་པ་དང། ཞག་དང། པདྨའི་རྩ་བ་དང། པདྨའི་སྣལ་མ་དང། ཀ་ཤེ་རུ་དང། སྲིང་ག་ཏ་ཀ་དང། སྦྲང་རྩི་དང། འབྲས་བུ་མངར་པོ་རྣམས་དང། འབའ་ལི་ཕ་ལ་སོགས་པའི་ཁ་ཟས་ཟ་བ་དང། མུན་པ་ཡིད་ལ་བྱེད་ཅིང་རྨོངས་བག་དུ་གནས་པ ་དང། ཤིན་ཏུ་གྲང་བ་དག་ཀྱང་ངོ། །དེ་ལྟར་ཡང་གསུངས་པ། ཤིན་ཏུ་གྲང་ཞིང་གྲང་བའི་དུས། །ཁྱད་པར་དུ་ཡང་དཔྱིད་དང་ནི། །སྲོད་དང་ཐོ་རངས་དག་ལ་ནི། །ཟོས་མ་ཐག་ཏུ་བད་ཀན་འཁྲུག་ཅེས་སོ། །སློབ་དཔོན་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་ཀྱང། རླུང ་ལ་སོགས་པའི་ལས་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་རླུང་གི་ལས་ནི་རྩུབ་པ་དང། ཞུམ་པ་དང། གྲང་སྣ་དང། བུད་མེད་དང། རེག་པ་ལས་རྡུལ་འབྱུང་བ་དང། གཉིད་ཡོད་པ་དང། མལ་དུ་ཞུགས་ན་གྲང་བ་དང། སྐབས་སྐབས་སུ་ཚ་བ་ལ་སོགས་པ ་དེ་དག་ནི་རླུང་གི་ལས་སུ་ཤེས་པར་བྱའོ། །མཁྲིས་པའི་ལས་ནི་དེ་བཞིན་དུ་རྡུལ་འཛག་པ་དང། གཉིད་ཡ་ར་བ་དང། རེག་ན་ཚ་བ་དང། པགས་པ་བེམ་བེམ་པོར་བྱེད་པ་དང། ཆགས་པ་སྤྱོད་ན་དྲི་མི་ཞིམ་པ་འབྱུང་བ ་དང། མང་དུ་སྨྲས་ན་བརྒྱལ་བར་འགྱུར་བ་དང། མདོག་སེར་བ་དང། སེར་པོར་སྣང་བ་ལ་སོགས་པ་དག་ནི་མཁྲིས་པའི་ལས་དང་མཚན་མར་ཤེས་པར་བྱའོ། །རྨ་ཤུ་ལ་སོགས་པ་སླ་ཞིང་འཛག་པ་དང། ཤ་རུལ་པ་ལ་སོགས་པ་དྲི་མི་ཞིམ་པ་དང། ་སྐྲངས་འབུར་དང། རྣག་མང་བ་དང། ཡན་ལག་དང་ཉིང་ལག་གི་ཚིགས་རྣམས་སུ་འབྲུམ་པ་དམར་པོ་མྱུར་དུ་འབྱུང་ཞིང་མྱུར་དུ་ཞི་བ་དང། མིག་གློ་གློར་སེར་བ་དང། སྐབས་སྐབས་སུ་སྐྱ་རླག་ཏུ་འདུག་པ་དང། མགོ་འཁོར་བ་དང། ལུས་ལྕི་ཞིང་ཟ་བ་དང། ་ལུས་རླན་པ་ལ་སོགས་པ་ནི་བད་ཀན་གྱི་ལུས་སུ་ཤེས་པར་བྱའོ། །དེ་ལ་སྣུམ་དྲོན་མོ་མགོ་ལ་བསྐུ་བ་དང། ལུས་ཁྲུས་བྱས་ཏེ་ཏིལ་མར་གྱིས་བྱུག་པ་དང། སྣུམ་གྱིས་དྲིལ་ཕྱིས་བྱ་བ་དང། ལུས་མཉེ་བ་དང། ལན་ཚྭ་དང། སྐྱུར་བ་དང། ཤ་དང། ཉ་ཤ་དང། ་ཆང་དང། སྣུམ་བག་བཟའ་བ་དང། སྣུམ་གྱི་དུགས་བྱ་བ་དང། རླུང་མེད་པའི་གནས་སུ་ཉལ་བ་དང། བསྲོ་བ་དང། དྲོད་བསྟེན་པ་དང། སེམས་ལས་བསྐྱུང་བ་དང། བྱ་བ་བསྐྱུང་བ་དང། ཁ་ཟས་བསྟེན་པས་གནས་པ་འདི་ནི་རླུང་འཇོམས ་པར་བྱེད་པ་ཡིན་ནོ། །སེར་བུ་གྲང་མོ་བསྟེན་པ་དང། གྲིབ་མ་ལ་འདུག་པ་དང། བསིལ་ཡབ་ཀྱིས་བྱབ་བ་དང། ཟླ་བའི་འོད་ལ་ཉལ་བ་དང། ཆུའི་འཁྲུལ་འཁོར་གྱིས་གཏོར་བ་དང། བུད་མེད་དང་རེག་པ་བསྟེན་པ་དང། མར་སར་དང། འོ་མའི་བཀྲུ ་སྨན་བཏང་བ་དང། ཁྲག་གཏར་བ་དང། ཙན་དན་ལ་སོགས་པའི་དྲིས་བསྒོ་བ་དང། ཁ་བ་དང་བསྐ་བ་ལ་སོགས་པ་དང། པདྨ་ལ་སོགས་པའི་རླན་ཅན་གྱི་ཁ་ཟས་བཟའ་བས་གནས་པ་འདི་ནི་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །འགྲོ་ལས ་དང། རྩོལ་བ་དང། གཉིང་བསྐྱུང་བ་དང། སེམས་ལས་དང། ཁ་ཟས་རྩུབ་པ་དང། བསིལ་བ་བསྟེན་པ་ལ་སོགས་པ་ནི་བད་ཀན་སེལ་བར་བྱེད་པའི་ཆོ་ག་སྟེ། སྔར་བཤད་ཟིན་ཏོ། །དུས་རྣམས་སྔར་བཤད་མོད་ཀྱི་ཡང་གསུངས་པ། དབྱར་དང་དགུན་སྟོད ་དགུན་སྨད་རྣམས། །རླུང་གི་དུས་སུ་ཤེས་པར་བྱ། །ཆར་མཛའ་སྟོན་ནི་མཁྲིས་པའི་དུས། །བད་ཀན་མེ་ཏོག་རྒྱས་སོ་ཀ་།ཞེས་གསུངས་སོ། །དེ་ལ་སྨན་རྣམས་ཀྱང་སྔར་བཤད་མོད་ཀྱི། འདིར་གཙོ་བོའི་རླུང་ཅན་གྱིས་ནི་དགུན་གྱི་དུས་སུ་འཇམ་རྩི་མས་བཏང ་བ་ལ་སོགས་པ་ལ་བསྟེན་པར་བྱའོ། །མཁྲིས་པ་ཅན་གྱིས་ནི་སྟོན་གྱི་དུས་སུ་སྤྲིན་དངས་པ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་ལ་སོགས་པ་བསྟེན་པར་བྱའོ། །བད་ཀན་ཅན་གྱིས་ནི་དཔྱིད་ཀྱི་དུས་སུ་རླུང་ཉེ་བར་ཞི་བ་དང། སྐྱུགས་སྨན་བཏང་བར་བྱ་སྟེ། ་དེ་ཡང་གསུངས་པ། རླུང་ཅན་འཇམ་རྩི་བཅུད་ཀྱིས་གསོ་བར་བྱ། །མཁྲིམ་པ་དཀྲུ་སྨན་མས་བཏང་བ་ལ་སོགས་བསྟེན། །བད་ཀན་ཚིགས་སུ་བབ་ན་སྐྱུགས་སྨན་བཏང། །འདུ་འཕྲོད་ལྡན་པ་འདྲེན་མས་གསོ་བར་བྱ་ཞེས་སོ། །འདི་དག་ཐམས་ཅད་བཅོམ ་ལྡན་འདས་ཀྱིས་འདིར་རྒྱས་པར་མ་གསུངས་མོད་ཀྱི་མར་དང་མར་ནག་བཀྲུ་སྨན་སོགས་ཞེས་བྱ་བ་ལ་སོགས་པ། མདོར་བསྡུས་ཏེ་གསུངས་པ་ལ་བརྟེན་ཏེ་བསྟན་པ་ཡིན་ནོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་པ་རྣམས ་ཀྱིས་སེམས་ཅན་རྣམས་ཀྱིས་བསམ་པ་བཞིན་དུ་ཕྱི་ནང་གི་སྨན་གྱི་སྦྱོར་བ་རྣམས་བསླབ་པར་བྱ་སྟེ། སྦྱོར་བ་དེ་དག་སྨན་དཔྱད་ཀྱི་བསྟན་བཅོས་གཞུང་རྒྱས་པ་གཞན་དག་ལས། འཇམ་རྩི་མ་བཏང་བ་ལ་སོགས་པའི་ཆོ་ག་བཤད་པ་རྣམས་དང། ཁྱད་པར ་དུ་ཡང་སློབ་དཔོན་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་མཛད་པའི་སྦྱོར་བ་བརྒྱ་པ་ལ་གོམས་པར་བྱའོ། །དེ་ལྟར་ལུས་ཟུངས་རྣམས་ཤིན་ཏུ་བྲི་ཞིང་རིད་པ་དང། ཤིན་ཏུ་འཕེལ་ཞིང་རྒྱས་པ་དག་སྤངས་ཏེ། ལུས་ཟུངས་སྙོམས་པར་གསུངས་པར་བྱའོ།། །། ་དེ་ཉིད་ཀྱི་ཕྱིར་གསུངས་པ། རེ་རེ་ཞིང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ནག་པོ་དཀར་པོ་སྔོ་བསངས་ཏེ་ཞེས་བྱ་བ་ལ་ནག་པོ་དང་དཀར་པོ་སྔོ་བསངས་རྣམས་ནི་གསུམ་པའི་གཉིས་ཀྱི་ཚིག་གམ་དྲུག་པའི་མང ་པོའི་ཚིག་ཏུ་སྦྱར་བར་བྱ་སྟེ། དེ་ལ་ནག་པོ་ནི་རླུང་གི་རང་བཞིན་གྱི་བུ་མོའོ། །དཀར་མོ་ནི་མཁྲིས་པའི་རང་བཞིན་གྱི་བུ་མོའོ། །སྔོ་བསངས་ནི་པད་ཀན་གྱི་རང་བཞིན་གྱི་བུ་མོ་སྟེ། ལོ་བརྒྱད་ནས་བརྩམས་ཏེ་ལོ་ཉི་ཤུ་རྩ་ལྔའི་བར་གྱི་བུ་མོ ་ཁམས་སྙོམས་པའི་བཅུད་ཀྱི་སྨན་དུ་སྦྱར་བར་བྱའོ། །དེ་ལ་བྱང་ཆུབ་སེམས་ལ་སོགས་པ་གང་ཡིན་པ་དེས་འཛག་པ་སྟེ། ཁམས་རྣམས་སྙོམས་པར་གྱུར་པ་ནི་འཛག་པ་ཞེས་བྱའོ། །ཇི་ལྟ་ཞེ་ན། འཕོ་བ་ཞེས་བྱ་བ་ལ། འདི་ལྟར ་རྩ་ཐམས་ཅད་ཡོངས་སུ་སྦྱངས་ན་མཁྲིས་པ་ལ་སོགས་པ་དང། ཆུ་སེར་ལ་སོགས་པའི་ལུས་ཟུངས་རྣམས་རིམས་ཀྱིས་འདྲེན་ཞིང་ཐམས་ཅད་དུ་ཁྱབ་པར་སྙོམས་པ་ནི་འཕོ་བའོ། །དེས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་གོམས་པས་ལུས ་ཡུན་རིང་དུ་འཚོ་ཞིང་བརྟན་ལ་སྟོབས་ལ་སོགས་པ་འཕེལ་བར་འགྱུར་རོ། །དེ་ལྟར་རྣམ་པར་དག་པས་ཕྱིའི་སྨན་རྣམས་ཀྱིས་ཀྱང་ཕན་འདོགས་པར་འགྱུར་རོ། །དེ་ལ་ནག་མོ་ནི་ཟླ་བ་མར་ངོ་ལ་ཟླ་མཚན་འཛག་ལ་སེར་སྐྱ་མ་དང་སྔོ་བསེངས་མ ་ནི་ཟླ་བ་ཡར་ངོ་ལ་སྟེ། དེ་དག་གི་ཟླ་མཚན་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པས་བཅུད་རྣམས་འཛགས་པ་དང་འཕོ་བར་འགྱུར་རོ། །དེ་ལ་ཡོངས་སུ་དག་པའི་རྡུལ་ཆུ་ར་ཏི་གཅིག་ལ་སོགས་པ་རིམ་གྱིས་འཕེལ་བ་སྦྱར་ཏེ། ནག་མོའི་ཟླ ་མཚན་ནི་ཟླ་བ་མར་ངོ་ལ་སྣ་སྒོ་གཡས་པ་ནས་རླུང་རྒྱུ་བའི་དུས་སུ་སྒོ་དེ་ཉིད་ནས་རྡུབ་པར་བྱ་ལ། སེར་སྐྱ་མ་དང་སྔོ་བསངས་མ་ནི་ཟླ་བ་ཡར་ངོ་ལ་སྣ་སྒོ་གཡོན་པ་ནས་རྡུབ་པར་བྱའོ། །འདི་ལྟར་ཁུ་བ་ཡང་ཟླ་བ་ཡར་ངོའི་ཚེས་གཅིག་ལ་རང ་གི་ལག་པའི་མཐིལ་དུ་བླུག་ལ་བརྟག་པར་བྱ་སྟེ། གལ་ཏེ་དེ་ན་རི་མོ་ནག་མོ་ཐིག་ལེ་ལྟ་བུ་གཅིག་སྣང་བ་ཡིན་ན་ནི། ཟླ་བ་བཅུ་གཉིས་ན་འཆི་བར་འགྱུར་རོ། །གཉིས་ཀྱིས་ན་བཅུ་གཅིག་ནའོ། །གསུམ་གྱིས་ན་བཅུ་ནའོ། །བཞི་ཡིས་ནི་དགུ་ནའོ། །ལྔ་ཡིས ་ནི་བརྒྱད་ནའོ། །དྲུག་གིས་ནི་བདུན་ནའོ། །བདུན་གྱིས་ནི་དྲུག་ནའོ། །བརྒྱད་གྱིས་ནི་ལྔ་ནའོ། །དགུ་ཡིས་ནི་བཞི་ནའོ། །བཅུ་ཡིས་ནི་གསུམ་ནའོ། །བཅུ་གཅིག་གིས་ནི་གཉིས་ནའོ། །བཅུ་གཉིས་ཀྱིས་ནི་གཅིག་ནའོ། །བཅུ་གསུམ་གྱིས་ནི་ཟླ་བ་ཕྱེད་ནའོ།། ་བཅུ་བཞིས་ནི་ཉི་མ་བརྒྱད་ནའོ། །བཅོ་ལྔས་ནི་ཉི་མ་བཞི་ནའོ། །བཅུ་དྲུག་གིས་ནི་ཉི་མ་གཉིས་ནའོ། །བཅུ་བདུན་གྱིས་ནི་ཉི་མ་གཅིག་ནའོ། །དེ་ནས་ཐིག་ལེ་ནག་པོ་རྣམས་བསལ་ཏེ། ཁུ་བ་དེ་དང་དངུལ་ཆུ་ར་ཏི་གཅིག་ལ་སོགས་པ་སྣ་སྒོ་གཡོན ་པ་ནས་རྡུབས་ན་འཆི་བ་བླུ་བར་འགྱུར་རོ། །སྤེལ་བའི་དབང་དུ་བྱས་པ་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ཞེས་བསྟན་པའི་ཕྱིར། ཡང་ནག་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ནི་ནག་མོ་དང་སྔོ་བསངས་ནི་ཚེ་སྤེལ་བ་ཡིན་ལ ་སེར་སྐྱ་ནི་འཛག་པ་དང། འཕོ་བ་ལ་སྦྱར་བར་བྱའོ་ཞེས་ཟེར་ཏེ། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་དང་འགལ་ལོ། །དགྲ་དང་ཞེས་བྱ་བ་ལ་སོགས་པ་ནི་སྡེ་ཚན་ཞེས་བྱ་བ་དང་སྦྱར་ཏེ། དགྲ་བོའི་སྡེ་ཚན་དང་མཛའ་བོའི་སྡེ་ཚན་དང། བར་མའི ་སྡེ་ཚན་རྣམས་ཏེ། དེ་དག་གིས་རབ་ཏུ་སྦྱོར་བའི་སྦྱོད་ཡུལ་ཤེས་པར་བྱའོ། །ཅི་ཞིག་གི་ཞེ་ན། ཁམས་ཀྱི་སྟེ་རྫས་རྣམས་ཀྱི་སྡེ་ཚན་ཏེ་རང་བཞིན་ནོ། །དཔའ་བོ་གཅིག་ཅེས་བྱ་བ་ནི་རང་སྐྱུར་ཀཉྫི་འམ་དཔའ་པོ་གཅིག་བགྲེང་ཉིད་དོ། །སྐྱེ ་གཉིས་ཞེས་བྱ་བ་ནི་སོའོ། །རྩ་བ་ནི་རྩ་བ་ཉིད་འབྲས་བུ་ཆེན་པོ་བསྐ་བ་གསུམ་ཞེས་བྱ་བ་ནི་འབྲས་བུ་གསུམ་མོ། །ནང་གི་བཤད་པར་བྱ་སྟེ་དཔའ་བོ་གཅིག་ཅེས་བྱ་བ་ནི་ཁྲག་གོ་།ཅི་ཞེ་ན། སྐྱེ་གཉིས་ཏེ་ཟླ་མཚན་གྱིའོ། །རྩ་བ་ཞེས་བྱ་བ་ནི ་སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །ལྡང་ཚེར་བཞི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །དངུལ་ཆུ་བཞི་ཞེས་བྱ་བ་ནི་བཅུད་ཅན་ལ་སོགས་པ་བཞིའོ། །དེའི་དོན་གྱི་སྨན་ཏེ། དངུལ་ཆུ་ལ ་སོགས་པའོ། །རྫས་རྣམས་ཀྱིས་དངུལ་ཆུ་གཟིགས་པའི་མཚན་ཉིད་གསུངས་པ། རྨ་བྱ་ཡིས་ནི་མགྲིན་འདྲ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྦལ་པ་དང་སྦྲུལ་དང། ཆུ་འཛིན་རྣམས་ནི་དེ་དག་གི་འགྲོས་དང་འདྲ་བའི་དབྱིབས་སུ་ཤེས་པར་བྱའོ།། ་ས་ལི་ལྟ་བུར་དྲི་ཞིམ་དང། །དེ་བཞིན་ཆང་དང་སྦྲང་རྩི་དང་ཞེས་བྱ་བ་ལ་ཆད་རྣོན་པོ་ལ་སོགས་པའི་དྲི་ཉིད་ས་ལི་ལས་སྐྱེས་པ་ལྟར་དྲི་ཞིམ་པའོ། །ཆ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་བུ་མོའི་རྐེད་པའི་ཁྱད་པར་བསྟན་པ་ཡིན་ཏེ། ་གཞན་ལས་བལྟོས་ནས་རྐེད་པ་ཉིས་འགྱུར་སུམ་འགྱུར་དུ་ཕྲ་བའོ། །མདོག་ཉམས་ཞེས་བྱ་བ་ནི་སྣུམ་བག་མེད་ཅིང་སྐྱ་བའོ། །ལྷག་མ་ནི་གོ་སླའོ། །སྦྲང་རྩི་ལྟ་བུའི་དྲི་དང་ལྡན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དྲིའོ། །སྒྲུབ་པོའི་དབང་པོའི་ཡོན ་ཏན་བྱེད་ཅེས་བྱ་བ་ནི་སྒྲུབ་པ་པོའི་ཡོན་ཏན་ཐོབ་པར་བྱེད་པའོ། །ཅིས་ཞེ་ན། དེ་རྣམས་ཐབས་ཀྱིས་སྦྱངས་ནས་ཞེས་བྱ་བ་སྟེ། སྔགས་ལ་སོགས་པས་སྦྱངས་ནའོ། །དེ་དང་འཁྱུད་ལ་ཞེས་བྱ་བ་ནི་ཉེ་བར་མཚན་པ་སྟེ། སེན་མོ་གདབ་པ་ལ ་སོགས་པ་གསུང་བར་བྱའོ། །རྣོན་པོ་དང་ནི་ལྷང་ཚེར་དང། ཐུན་མོངས་དུ་ནི་བསྟེན་ནས་སུ་ཞེས་བྱ་བ་ལ། ཐུན་མོང་དུ་ནི་མཚུངས་པ་སྟེ་གཅིག་ཏུ་གྱུར་པའོ། །གང་གི་ཚེ་རྣོན་པོ་དང། ལྷང་ཚེར་དང་ཞ་ཉེ་རྣམས་གཅིག་ཏུ་འདྲེ་བར་ནུས ་པ་དེའི་ཚེ་ཞ་ཉེ་ཙམ་གྱིས་ཀྱང་མེའི་ནང་དུ་བཙོས་ན་འཆིང་བར་ནུས་པའོ། །དེའི་ཚེ་ཚན་ཉིད་གསུངས་པ། རོ་ནི་ཁ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །བཅོས་ན་ཞེས་བྱ་བ་ནི་རང་སྐྱུར་དྲོན་མོའི་ནང་དུ་འམ། ལྕི་བ་ཁ་སྦྱར་གྱི་ནང་དུའོ། ་སྦྱར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བླར་ཡང་ཙུ་ཏ་ཛཱ་ཏི་ཏ་ཞེས་བྱ་བ་ནི་ས་ཧ་ཛ་ག་རིལ་བུ་བའོ། །ཚྭ་དམར་པོ་ཉིད་དམ་ནི་ཞེས་བྱ་བ་ནི་ག་རའོ། །པིཉྫར་ནི་ཀ་ར་ནི་ཀ་རའོ། །ཙམ་པ་ཀ་ནི་བན་དའོ། །སྨྱོ་བྱེད་ནི་དུ་ར་ཀའོ། །ཆ་སྙམ་དངུལ ་ཆུ་རིན་ཆེན་བྱ་བ་ལ། ཚད་དམར་པོ་ལ་སོགས་པ་དེ་དག་གིས་བརྡུང་བ་དང་མཉེ་བ་ལ་སོགས་པས་དངུལ་ཆུ་དག་པས་རིག་པར་བྱ་སྟེ། རྣལ་འབྱོར་པས་ཞེས་བྱ་བའི་ལྷག་མ་ཡིན་ནོ། །དེ་དང་མཉམ་པའི་སྦྲང་རྩི་ཞེས་བྱ་བ་ནི་ཕག་གི་ཁྲག་ལ ་སོགས་པ་དང་མཉམ་པའི་སྤྲང་རྩི་སྟེ། དེར་མཉེ་བ་ལ་སོགས་པས་དག་པར་འགྱུར་རོ། །ནམ་མཁའ་ཆར་ཆུ་ཞེས་བྱ་བ་ལ་ཆར་ཆུ་ནི་སྨན་གྱི་ཁུ་བའོ། །ནམ་མཁའ་ནི་ལྟང་ཚེར་རོ། །མ་ཧེའི་རྨིག་པར་ནི་བཙོ་ཞེས་བྱ་བ་དང་འབྲེལ་ཏོ། །བཙོ་ཞེས་བྱ་བ ་ནི་ཆུ་བསྐམས་ཀྱི་པར་དུ་བཅོ་པའོ། །ཟངས་ཀྱི་ཕྱེ་མ་ཞེས་བྱ་བ་ལ་སོགས་པ་ལ་འཁར་བ་ཞེས་བྱ་བ་ནི་བརྒྱད་དེ་སྲང་བརྒྱད་དོ། །ཅི་ཞིག་ཅེ་ན། ཟངས་ཀྱི་ཕྱེ་མའོ། །མིག་སྨན་ཞེས་བྱ་བ་ནི་མིག་སྨན་དྲི་མ་མེད་པའོ། །སྦྲང་རྩི་དང་ནི་བཙོས་ནས ་གཞིལ་ཞེས་བྱ་བ་ལ། ཟངས་ཕྱེ་དང་མིག་སྨན་དུ་བཅས་པར་བཙོས་ནས་དང་ལ་སྦྲང་རྩི་བླུགས་ཏེ། འབྱུང་པོའི་སྐྲ་ལ་སོགས་པའི་ཁུ་བས་ཆེ་བ་གཞིལ་ཞིང་བླུག་ན་བཅིངས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་ཁྲག་ནི་ཆ་བདུན ་གྱིས་སྦྱངས་ནས་ཞེས་བྱ་བ་ནི་ཁྲག་ཆ་བདུན་གྱིས་དངུལ་ཆུ་དག་པར་བྱའོ། །ཁ་ཅིག་ན་རེ་ཁྲག་ཆ་བདུན་གྱིས་གསེར་རྔོ་ལ་སོགས་པ་སྦྱང་བར་བྱའོ་ཞེས་ཟེར་རོ། །སླར་ཡང་ཆ་མཉམ་ཁྲག་དང་ནི་ཞེས་བྱ་བ་ནི་སྦྲང་རྩི་དང་ཁྲག་ཆ་མཉམ ་པར་བྱས་ལ། དངུལ་ཆུ་མཉེ་བའོ། །སྣུམ་ཞིང་རྩུབ་འགྱུར་ཉེས་པ་མང་ཞེས་བྱ་བ་ལ་ཉེས་པ་ནི་སྐྱོན་ཏེ། དེ་དག་གསལ་བས་རྩུབ་པ་ལ་སོགས་པར་འགྱུར་བ་ཡིན་ནོ། །སེན་མོ་ཞེས་བྱ་བ་ནི་སྨན་གོ་ས་ལི་ཀ་ཞེས་བྱ་བའོ། །མ་ཧ་ཧ་ཧ་ནི ་གསེར་གྱི་འབྲས་བུའོ། །མོ་ཀྵ་ནི་གན་ད་བ་ར་ལིའོ། །པུ་ཀ་རི་ནི་ཁ་ར་ཀ་ངོ། །ལྷག་མ་ནི་གོ་སླའོ། །དེ་ནས་ལྟང་ཚེར་དངུལ་ཕྱེ་དང་ཞེས་བྱ་བ་ལ་དངུལ་ཕྱེ་ནི་དཀར་པོ་སྟེ། ལྷང་ཚེར་དཀར་པོ་བླུགས་པའོ། ། ་གང་དུ་ཞེ་ན། རྩི་ལ་སྟེ་དངུལ་ཆུ་ལའོ། །དེས་བཅིངས་པས་ནི་དངུལ་གྱི་བྱ་བ་བྱེད་པར་འགྱུར་རོ། །པན་དུ་ཞེས་བྱ་བ་ནི། བན་དུ་ལས་སྐྱེས་པ་སྟེ་ས་ཧ་དེ་བའོ། །སྐྱོ་མར་བཅས་པའི་ནང་དུ་བརྡུང་ཞེས་བྱ་བ་ནི། འབྱུང་པོའི་སྐྲ་ལ་སོགས་པའི ་སྨན་གྱི་ཁུ་བ་བླུགས་པ་སྔོན་དུ་འགྲོ་བས་ལྷང་ཚེར་དཀར་པོ་དང། ཧ་ས་བདེ་བའི་སྐྱོ་མའི་ནང་དུ་མཉེས་པས་བཅིང་བར་སྟོན་ཏོ། །ལྷང་ཚེར་དངུལ་ཆུ་རྣོན་པོའི་ཞེས་བྱ་བ་ནི་དངུལ་ཆུ་ལྷང་ཚེར་གྱིས་བཅིང་བ་ལྟར་རྣོན་པོས་ཀྱང་བཅིང་བ་སོན་ཏོ། ། ་སོ་སོར་ཞེས་བྱ་བས་ནི་སོ་སོར་རེ་རེ་ཞིང་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅུང་ཞིག་ངལ་སོ་བྱ་ཞེས་བྱ་བ་ནི་དེའི་འོག་ཏུ་བཞག་ལ་ཅུང་ཞིག་དབུགས་དབྱུང་བའོ། །བཞག་པའི་གནས་གསུངས་པ། བཞག་པ་ཞེས་བྱ་བ་ལ་སོགས་པའོ།། ་དངུལ་ཆུའི་ཞ་ཉེ་ལ་སོགས་པའི་སྐྱོན་ཤེས་པར་བྱ་བ་གསུངས་པ། མྱ་ངན་དང་ཞེས་བྱ་བ་ལ་སོགས་པ་སྟེ། ལྕེ་མྱང་བས་རོ་ཁ་བ་ལ་སོགས་པ་ཞེས་པར་བྱ་བའོ། །བལྟ་བ་ནི་མིག་གི་གཟུགས་སྣུམ་པ་ལ་སོགས་པ་ཤེས་པར ་བྱའོ། །བདུད་རྩི་ཡི་ནི་སྙིང་པོ་ལྔ་ཞེས་བྱ་བ་ནི་རྩལ་རུ་ཚ་དང་ནས་ཚིག་འཁུས་པའི་ཐལ་བ་དང། ཐལ་སྨན་སེར་རྫི་ཀ་དང། ལྕེ་མྱང་ཚ་དང། ཁ་རུ་ཚ་རྣམས་སོ། །དུས་དྲུག་ཅེས་བྱ་བ་ནི་དཔྱིད་ལ་སོགས་པའི་དུས་དྲུག་པོ་རྣམས་ཏེ། དེ་དག་གིས ་སོ་སོའི་རྫས་གཟུང་བར་བྱའོ། །ནམ་ཞེ་ན། དེ་བཞིན་དྲུག་ཅུ་སྟེ་ཞེས་བྱ་བ་དབྱུག་ཚོད་དྲུག་ཅུའོ། །བདུན་པོ་ཡལ་ག་འདབ་སོགས་བཅས་ཞེས་བྱ་བ་ནི་གླང་ཆེན་སྐྲ་ལ་སོགས་པ་བདུན་ནི་འདབ་མ་ལ་སོགས་པ་དང་བཅས་པར་གཟུང་ངོ ་ཞེས་བྱ་བའི་དོན་ཏོ། །སྐམས་དང་ནི་རླན་ཅན་ཡུལ་ཞེས་བྱ་བ་ལ། སྐམས་ནི་ཆུ་མེད་པའོ། །རླན་ཅན་ནི་ཆུ་དང་བཅས་པ་སྟེ། དེ་ལ་སྐམས་ལས་སྐྱེས་པའི་སྨན་ནི་མཐུ་ཆེ་ལ་རླན་ཅན་ནི་མཐུ་ཆུང་བའོ་ཞེས་བྱ་བར་སྦྱར་རོ། །མར་དང་མར་ནག་བཀྲ?་སྨན ་ནི་ཞེས་བྱ་བ་ལ། མར་དང་མར་ནག་ནི་འཇམ་རྩི་སྦྱར་བ་ཡིན་ཏེ། དེ་ལ་མར་ནི་ཕྱི་རོལ་གྱི་ཤ་ལ་སོགས་པ་ལས་བྱུང་བའོ། །མར་ནག་ནི་ནང་གི་སྟེ་རྐང་ལ་སོགས་པ་ལས་བྱུང་བའོ། །རྣོ་དང་དངུལ་ཆུ་ཟས་སུ་སྦྱིན་ཞེས་བྱ་བ་ལ། ཟས་ནི ་བཟའ་བ་སྟེ། རྣོན་པོ་དང་ནི་དངུལ་ཆུའི་བཟའ་ཞེས་བྱ་བའི་བར་དུའོ། །དེ་གལ་ཏེ་བཅིང་བར་འགྱུར་ན་རང་སྒྱུར་ཞེས་བྱ་བ་ལ་སོགས་པ་སྟེ། རང་སྐྱུར་ཀཉྫི་དང་ཡུང་བ་ཆ་བསྙམས་པའི་ཁུ་བ་བཏུང་བར་བྱིན་ན་རྣོན་པོ་ཡང་རུང་དངུལ་ཆུ་ཡང་རུང་སྟེ། ་སྨིན་ཅིང་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཉི་མའི་འོད་ཅེས་བྱ་བ་ལ་སོགས་པ་ལ་ཉི་མ་ནི་ཟངས་ཀྱི་ཕྱི་མའོ། །འོད་ནི་ཨ་པ་རཱ་ཛི་ཏ་དཀར་པོའོ། །གཟེར་ནི་རང་སྐྱུར་ཀཉྫིའོ། །དེ་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞན་གྱི་ཁུ་བ་དག་དང་ཡར་སྦྱར་བས་དངུལ ་ཆུར་བླུགས་ཏེ་བརྡུང་བ་དང། དཀྲུག་པ་དང། མཉེ་བ་ལ་སོགས་པ་བྱ་བ་དང་ཡང་སྦྱར་རོ། །དྲོན་མོར་སྦྲང་རྩི་ཐིགས་པ་བླུགས་ཞེས་བྱ་བ་ལ། དྲོན་མོ་ནི་དངུལ་ཆུ་དྲོན་མོར་སྦྲང་རྩིའི་ཐིགས་པ་བླུགས་ལ། ཡང་མཉེ་བ་ལ་སོགས་པ་བྱས་ན་རྣམ་པར་དག ་པར་འགྱུར་རོ། །ཁ་ཅིག་ནི་ཉི་མའི་འོད་ཟེར་ལ་དངུལ་ཆུ་བསྲོས་ནས་སྦྲང་རྩི་དྲོན་མོའི་ཐིགས་པ་བླུགས་ཏེ། དགུག་པ་ལ་སོགས་པ་བྱའོ་ཞེས་ཟེར་རོ། །རོ་ནི་བསྐ་བ་རྣམས་དང་ཡང། །ལྷང་ཚེར་དཀར་པོ་སྐྱོ་མ་སྦྱིན་ཞེས་བྱ་བ་ནི་འབྲས་བུ་གསུམ་གྱི་ཁུ ་པ་དང། ལྷང་ཚེར་དཀར་པོའི་ཕྱེ་མར་བཅས་པའི་སྐྱོ་མར་བླུགས་ཏེ་མཉེས་པས་སྦྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཐལ་སྨན་ལན་ཚྭས་བུ་གར་བསྒྲུབ་ཅེས་བྱ་བ་ལ་སྦྱངས་པ་བྱས་ནས་བཅིང་བར་བྱ་བའི་ཕྱིར་ཚྭ་དང། ཐ་སྨན་དང། །ཙན་དྲ་དང། ་རབ་ལ་སོགས་པའི་སྨན་དང། ལྟོ་སྐྱེས་མ་རྙིང་རྫས་ཀྱི་ལས་ཞེས་བྱ་བའི་ཤ་ཁུ་དང་བཅས་པར་འཁྲུལ་འཁོར་གྱི་བུམ་པར་བླུགས་ནས་བཙོས་ཏེ་སླར་ཡང་སྦུ་གུ་ཞེས་བྱ་བ་རྐང་གི་སྦུ་གུར་བླུགས་ནས་བཅིང་བར་བྱའོ། ། ་དེ་དག་ནི་གཞུང་གི་དོན་བསྡུས་པ་ཙམ་སྟེ། རྒྱས་པར་ནི་འོག་ཉིད་ནས་སྟོན་པར་འགྱུར་རོ། །དངུལ་ཆུ་དྲུག་ཆར་བྱ་ཞེས་བྱ་བ་ནི་དངུལ་ཆུ་ཆ་གཅིག་དང་སྨན་ཆ་ལྔ་སྟེ་དྲུག་པོ་དེ་དག་གཞུག་པར་བྱའོ། །ལྟོ་སྐྱེས་ཀྱི་རྫས་ཀྱིས་བསྒྲུབས་པས་ཅིར་འགྱུར་ཞེ་ན། ་སྐྱེད་བྱེད་དོན་ནི་དགའ་བའང་འཇོམས་ཞེས་བྱ་བ་ལ་སྐྱེད་བྱེད་ནི་པའོ། །དེའི་དོན་ནི་དགའ་བ་འཇོམས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔར་བསྟན་པ་ལྟར་སྦྱངས་པའི་བཅུད་ཟླ་བ་དྲུག་པ་དང་ལྡན་པ་ཟོས་པས་སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཇོམས ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཆ་ནི་ཚད་དང་ལྡན་པས་བཅིང་ཞེས་བྱ་བ་ནི་ཐལ་སྨན་སྲང་བརྒྱ་རྩ་བརྒྱད་དང་བཅས་པར་བཅིང་ངོ། །འབྲས་བུ་བྱ་བ་བྱེད་པར་འགྱུར་ཞེས་བྱ་བ་ལ། འབྲས་བུ་ནི་འབྲས་བུ་ལས་བྱུང་བའི་མར་ནག་སྟེ། བྱ་བ་བྱེད་པ ་ནི་དེས་ཕན་བཏགས་པའོ། །སྔོན་དུ་གསེར་ཤོག་བླུགས་པ་ནི་ཞེས་བྱ་བ་ནི་གསེར་ཤོག་གི་ཕྱེ་མ་དང་ལྷན་ཅིག་ཏུ་བཞུ་བའོ། །སྐྱོན་འཇོམས་རང་གི་ཆོ་ག་ཡིན་ཞེས་བྱ་བ་ལ་སྐྱོན་ཞ་ཉེ་ལ་སོགས་པའི་སྐྱོན་ཞུགས་པའོ། །འཇོམས་པ་ནི་འགྲོ་བའོ།། ་རང་ནི་རང་གི་རང་བཞིན་ཏེ་རོ་ཁན་ཏེར་འགྱུར་བའོ། །དྲོན་མོ་ཞེས་བྱ་བ་ལ་སོགས་པ་ལ། བཅུད་དྲོན་མོ་ཟོས་ནས་མི་བསྐྱོད་པ་དྲོན་མོ་འཐུངས་ན་སྐྲ་དཀར་ལ་སོགས་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །སྦྱང་བའི་ཐབས་གསུངས་པ། དེ་ནས་ཆུའི་ལན་ཚྭ ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆུ་ནི་འཛག་པའི་འཁྲུལ་འཁོར་གྱི་བུམ་པའོ། །ལན་ཚྭ་ནི་ལྕེ་མྱང་ཆ་ལ་སོགས་པའོ། །ཐལ་བ་འམ་རྡུལ་ནི་བླུགས་པར་བྱ་ཞེས་པ་ལ། ཐལ་བ་ནི་ཡང་བག་ཤ་ར་ལ་སོགས་པའོ། །རྡུལ་ནི་སོ་ཕག་པ་སོགས ་པའི་ཕྱེ་མའོ། །གླང་ཆེན་མགོའི་བཅུད་ཅེས་བྱ་བ་ནི། སྨན་གླང་སྣའི་ཁུ་བའོ། །སེང་གེའི་ཚད་དུ་བཙོ་བར་བྱ་ཞེས་བྱ་བ་ནི་ཇི་སྲིད་དུ་དངུལ་ཆུ་ཁྲོས་ཏེ་ཁྲོལ་ཁྲོལ་གྱི་སྒྲ་འབྱིན་གྱི་བར་དུ་བཙོ་བ་འདི་ནི་སེང་གེའི་ཆད་དུ་བཙོ་བའོ། །དེས་འདི་སྐད་དུ་སྟོན་ཏེ་དངུལ་ཆུ་སེང ་གེའི་ཚད་དུ་བཙོས་ནས། དེའི་འོག་ཏུ་སྨན་གླང་སྣའི་ཁུ་བ་བླུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་སླར་ཡང་ཕྱུང་ནས་སུ། ཨརྐའི་ཤིང་གི་ཁུ་བ་བླུགས་ཞེས་བྱ་བ་ལ། དེ་ལྟར་བསྐོལ་གྱི་འོག་ཏུ། ཨརྐའི་ཤིང་སྟེ་དང་པོར་བྱུང་བའི་ཁྲག་དང་ཁུ་བ་སྟེ་བྱང་ཆུབ ་ཀྱི་སེམས་ཏེ་གཉིས་པོ་དེ་དག་བླུག་གོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་ཤིང་ཨརྐའི་འདབ་མའི་ཁུ་བ་བླུག་གོ་ཞེས་ཟེར་རོ། །གཞན་དག་ནི་ལྕམ་པའི་ཁུ་བ་བླུག་གོ་ཞེས་ཟེར་རོ། །བཙོས་པས་སྙིང་དང་མིག་ནི་འཇོམས་ཞེས་བྱ་བ་ནི་བཙོས་མ་ཐག་གི་དྲོན་མོ ་ཟོས་པས་སྙིང་མི་དྲན་པ་དང། མིག་མི་གསལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཙན་ཏྲ་ཞེས་བྱ་བ་ལ་སོགས་པ་ལ། ཙན་ཏྲ་ནི་ཤེས་པ་ལ་ཀའོ། །ར་ས་ན་ནི་སྨན་བ་ལང་ལྕེའོ། །སྒོག་སྐྱ་ནི་ཕན་ཛ་ནའོ། །ཀེ་ས་ནི་འབྱུང་པོའི་སྐྲའོ། །ད་ཏྲ་ནི་འབའ་ཀྲ་སེ་ན ་འོ། །དེ་དག་གི་འདབ་མ་དང་རུས་པ་སྟེ། རྐང་དང་མེ་ཏོག་རྣམས་བཟུང་ངོ། །གཞན་ཡང་བྱ་གྲི་དང་ཞེས་བྱ་བ་ལ་སོགས་པ་ལ། བྱ་གྲི་དང། ཀུན་ཏུ་རུ་དང། ཤ་རི་བ་ནི་གྲགས་པར་ཟད་དོ། །སེན་མོ་ཞེས་བྱ་བ་ནི་སྨན་སྟག་གི་སེན་མོ་ཞེས་བྱའོ། །ནོར ་བུ་ནི་མུ་མེན་ལ་སོགས་པའོ། །ཟླ་འོད་ནི་ཟླ་ཤེའོ། །གེ་སར་ནི་བཀུ་ལའོ། །ཐིགས་པའི་རྒྱུན་ཞེས་བྱ་བ་ནི་སྐྱུ་རུ་རའི་ཁུ་བ་སྟེ། རྒྱུན་ཞེས་བྱ་བ་ནི་རྒྱས་པའོ། །ཐིག་ལེ་ཞེས་བྱ་བ་ནི་སྐྱུ་རུ་རའོ། །ཤི་ཤུ་ཞེས་བྱ་བ་ནི་སྣུ་ཏའོ། །བཅས་ཤེས་བྱ་བ་ནི་སྡེ་ཚན་ཏེ། ཙན ་ཏྲ་ནས་གཟུང་སྟེ། འཛག་པའི་བར་རྣམས་ཀྱིས་སྦྱང་བར་བལྟ་བར་བྱའོ། །དེ་དག་ཀྱང་འོག་ནས་རྒྱས་པར་འགྱུར་རོ། །བྱུང་ན་སྦྲུལ་གྱི་གཟུགས་ལྟར་འགྱུར་ཞེས་བྱ་བ་ནི་དེ་ལྟར་སྦྱངས་པའི་དངུལ་ཆུ་སྤྲུལ་དང་འདྲ་བར་འགྱུར་རོ། །ཡང་གསུངས་པ། ་ཁྲག་དང་ཞེས་བྱ་བ་ལ་སོགས་པ་ལ་སྨྱོ་བྱེད་ཅེས་བྱ་བ་ནི་དྷ་དྷུ་རའི་ཁུ་བའོ། །མཚན་མོའི་ཤིང་ཞེས་བྱ་བ་ནི་ཡུང་བ་སྟེ། དེའི་ཁུ་བར་ཤེས་པར་བྱའོ། །དེ་དག་གིས་ཀྱང་སྦྱངས་ན་སྦྲུལ་ལྟར་འགྱུར་ཞེས་བྱ་བ་སྔ་མ ་དང་སྦྱར་རོ། །དེས་ཅིར་འགྱུར་ཞེ་ན། སྐྲ་དཀར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འབའ་ཞིག་གིས་སྐྲ་དཀར་གྱི་ཉེས་པ་འཆིང་བར་བྱེད་དོ། །ཐལ་སྨན་རྣོན་པོར་བཅོས་པ་ཡིས། །རྒས་དང་འཆི་ནང་སེལ་པར་བྱེད་ཅེས་བྱ་བ་ལ། དང་བ་ཐལ་སྨན ་རྣོན་པོ་དང་བཅས་པའི་དངུལ་ཆུས་བྱུགས་ལ་དེའི་འོག་ཏུ་ཐལ་སྨན་གྱི་ཆུས་བཀྲུས་ན་ཉེས་པ་གཉིས་པོ་དེ་འཇོམས་པར་བྱེད་དོ། །བཀྲུས་ཤིང་བསྐུས་ན་གཞང་འབྲུམ་འཇོམས་བྱ་བ་ལ། བསྐུ་བ་དང་བཀྲུ་བ་སྔ་མ་ལྟར་བྱས་ལ་སྨན་བ་ལང་ལྕེའི་ཁུ་བས ་དངུལ་ཆུ་མཉེས་ལ་མེར་བསྲེགས་ཏེ་གཞང་འབྲུཾ་ལ་བྱུགས་ན་དེ་སེལ་བར་འགྱུར་རོ། །ལྟོ་སྐྱེས་མ་བརྙི་དམ་རྫས་ཀྱི་ལས་ཞེས་བྱ་བ་ལ། ལྟོ་སྐྱེས་ནི་ཟླ་བ་དྲུག་དང་བརྒྱད་ལོན་པའི་བྱིས་པའི་རོ་དང་པོར་བྱུང་བའོ། །མ་བརྙ་ངེས་པ་ནི་འབུ་ལ་སོགས་པའི ་སྐྱོན་དང་བྲལ་བའོ། །བཅུད་དང་བཅུད་ལེན་མར་ཞག་བསྔགས་ཞེས་བྱ་བ་ལ། བཅུད་ནི་འདས་མ་ཐག་བའི་ཤ་ཁུའོ། །བཅུད་ལེན་ནི་དངུལ་ཆུ་འཕོ་བ་སྟེ། དེ་ཡང་བཅུད་ནི་དངུལ་ཆུ་ཡིན་ལ། ཨ་ཡ་ན་ན་འཕོ་ཞིང་ཁྱབ་པའོ། །དེས་ན་བྱས་པའི་བཅུད ་ཀྱི་དངུལ་ཆུ་འཕོ་བའི་ཡོན་ཏན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མར་ཞག་བསྔགས་ཞེས་བྱ་བ་ལ་མར་ནི་མར་ནག་སྟེ། འབྲས་བུ་ལས་བྱུང་བ་དང། ཤ་ལ་སོགས་པ་ལས་བྱུང་བའོ། །ཞག་ནི་མར་དང་གླད་པ་ལ་སོགས་པ་ལས་བྱུང་བ་སྟེ། དེ ་གཉིས་ཀྱང་སྔ་མ་ལྟར་དངུལ་ཆུ་ལ་བསྔགས་ཤིང་གནང་བ་ཡིན་ནོ། །ཤི་རི་ཤའི་རྩས་ཀྱང་གཟག་ཅེས་བྱ་བ་ལ། གསེར་ཤོག་དང་དངུལ་ཆུ་མེའི་ནང་དུ་བཙོས་ཏེ་གཟགས་པ་ལ་ཤིའི་ཤའི་རྩ་བའི་ཁུ་བ་སྦྱིན་ནོ། །ཞེས་བྱ་བའི་དོན་ཏོ། །ཀྱང ་ཞེས་བྱ་བ་ནི་ལྷང་ཚེར་ལ་སོགས་པའི་འདབ་མ་གཟགས་པ་ལ་ཡང་བལྟ་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། མདོག་དམར་དངུལ་ཆུ་རྨོངས་པ་གསོ་ཞེས་བྱ་བ་ལ་སོགས་པ་ནི་འཕོ་ཞིང་ཁྱབ་པ་སྟེ་དེ་བྱ་བའོ། །ཅི་ཞེ་ན། མདོག་དམར་ཏེ་གསེར ་བསྒྱུར་བའི་ལས་སོ། །དེ་ཡང་གསེར་བཙག་དང། གསེར་རྡོ་དང། ལྡོང་རོས་རྣམས་ལྷན་ཅིག་ཏུ་གཟགས་ན་འགྱུར་ཏེ། དེ་ཉིད་རྨོངས་ཤིང་འཕོ་བ་ཡིན་ནོ། །དངུལ་ཆུའི་ཚད་གསུངས་པ་མགོར་གནས་ལས་སྐྱེས་ལྡན་པར་བྱ་ཞེས་བྱ་བ་ལ། ལྡན ་པ་ནི་ཤི་རི་ཤའི་རྩ་བའི་ཁུ་བ་ཆ་ལྔ་དང་དངུལ་ཆུ་ཆ་གཅིག་ཏུ་བྱས་པའོ། །མགོར་གནས་ཞེས་བྱ་བ་ལ་སོགས་པ་ལ། དངུལ་ཆུ་བསད་པ་དང། སླར་བསོ་བ་དང། རྨོངས་པར་བྱ་བ་དང། གཟག་པ་དག་ལ་མགོར་གནས་ལ་སྐྱེས་ཏེ། སྨན ་རི་མཛེས་དང། གླང་ཆེན་སྐྲ་དང། རྟག་ཏུ་འཛག་ལ་སོགས་པ་དང། ཡང་དེ་དག་གི་འདབ་མ་ལས་སྐྱེས་པའི་ཁུ་བ་དག་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །འཁྲུགས་པར་གྱུར་ན་འབྲས་བུའི་ལམ་ཞེས་བྱ་བ་ལ་འཁྲུགས་པ་ནི་བཤང་བ་སྟེ། ་བཤང་བ་དང་རབ་ཏུ་བཤང་བ་དང། ཤིན་ཏུ་བཤང་བ་ན་འབྲས་བུའི་ལམ་སྟེ་བྱ་བ་བྱེད་པར་འགྱུར་རོ། །དེ་ལ་བཤང་བ་ནི་བའི་ནུ་མའི་དབྱིབས་ལྟ་བུའི་ཞི་ག་རྫར་མར་ནག་གིས་བཀང་ལ་བསོ་བ་དང། བརྡུང་བ་དང། མཉེ་བ་ལ་སོགས་པ ་བྱས་པའི་དངུལ་ཆུ་དེར་བླུག་སྟེ། ཞ་ཉེ་དང་རོ་ཉེ་དང་གསེར་ཅུང་ཟད་བླུགས་ནས་བཙོས་ན་བཤང་བར་འགྱུར་ཏེ། རབ་ཏུ་བཤང་བ་ལ་སོགས་པའང་དེ་ལྟར་བལྟ་བར་བྱའོ། །ཚད་ལས་འདས་ན་དུག་ཏུ་འགྱུར་ཞེས་བྱ་བ་ནི་སྨན་རྣམས་ཀྱི ་ཚད་འདོད་པ་ལས་བཟློག་ན་དུག་དང་འདྲ་བར་འགྱུར་བའོ། །གཞུང་ཁ་ཅིག་ལས་སྨན་ནི་ཆ་ལྔའི་ཚད་དུ་བྱ་ཞེས་འབྱུང་སྟེ་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁ་དང་བསྐ་དང་མངར་བ་དང་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པའི་སྨན ་དེ་དག་གི་རོ་ཁ་བ་ལ་སོགས་པ་རྣམས་མཁྲིས་པ་དང་བད་ཀན་དང་རླུང་ཅན་གྱི་མི་ལ་རིམ་བཞིན་དུ་དངུལ་ཆུ་དང་སྦྱར་བའོ། །ཚ་བ་དང་ནི་སྒྱུར་བའོ། །ཚ་བ་དང་ནི་སྐྱུར་བའི་ཆུས་ཞེས་བྱ་བ་ནི་བད་ཀན་ཅན་ལ་ནི་ཚ་བ ་བཏང་ངོ། །རླུང་ཅན་ལ་ནི་སྐྱུར་པོ་བཏང་ངོ། །མཁྲིས་པ་ཅན་ལ་ནི་ཆུ་འབའ་ཞིག་བཏང་ངོ། །ཁ་མེད་རྫར་ནི་བཙོ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། ཁ་དང་བཅས་པས་ཞེས་བྱ་བ་ནི་སའི་འཁྲུལ་འཁོར་ཞེས་བྱ་སྟེ། མེ་ཐབ་ཁ་ཡེལ་བར ་གནས་པའོ། །དེར་བསྲེགས་པ་དང། ཚར་བཅད་པ་དང། མནན་པ་དག་བྱའོ། །ཁ་མེད་ཅེས་བྱ་བ་ལ་སོགས་པ་ནི་བཙོ་བའི་ཞིག་རྫ་བསྟན་པ་ཡིན་ཏེ། བཙོ་གཞི་བྱས་ཀྱི་འོག་ཏུ་སྨན་གླང་སྣའི་ཁུ་བ་སྦྱིན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །བཅིར ་དང་ཞེས་བྱ་བ་ལ་སོགས་པ་ནི་དངུལ་ཆུ་སྦྱང་བ་བསྟན་པ་ཡིན་ཏེ། དེ་ཡང་གསུངས་པ། བསོ་བ་མ་གཏོགས་རྣོན་པོ་མིན། །མ་མཉེས་པར་ཡང་དྲི་མེད་མིན། །མ་བསོས་པར་ཡང་སྟོབས་ལྡན་མིན། །མ་གཟགས་པར་ཡང་འཆིང་མི་འགྱུར ་ཞེས་སོ། །མཉེས་པས་དྲི་མའི་རྡུལ་འཐོར་འགྱུར། །ཞེས་བྱ་བ་ནི་དངུལ་ཆུ་མཉེ་བ་ལ་སོགས་པས་དྲི་མ་མེད་པར་འགྱུར་བའོ། །དེའི་འོག་ཏུ་ཡང་བཙོ་བ་བསྟན་པ་རྣོན་པོ་རུ་ནི་བཙོ་བར་བྱ་ཞེས་བྱ་བ་སྟེ། ཤིན་ཏུ་ཡང་བཙོ་བའོ། །བློ་གྲོས་འཁྲུལ ་པ་མེད་པ་ཡིས། །རིམ་གྱི་རིམ་གྱི་ཉེ་བར་བྱ། །ཞེས་བྱ་བ་ནི་གཡེང་བ་མེད་པས་ཚད་ལ་བབ་ཀྱི་བར་དུ་འབད་དེ་མཉེ་བའོ། །ཆ་དང་མཉམ་པས་བསོ་བ་ནི། །དག་ན་འགྱུར་གྱི་གཞན་དུ་མིན། །ཞེས་བྱ་བ་ལ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན ་ཏོ། །གང་གི་ཕྱིར་མཉེ་བས་དག་པར་གྱུར་བ་ཆ་གཞན་དེ་རྫས་གཞན་གསོ་བ་སྟེ། གཞན་པ་ཟ་བར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ནས་ཆ་གཞན་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་བསྟན་པ་ཡིན་ཏོ། །གོ་རི་ཀར་ནི་ཀའི་ཕྱེ ་མ་དང་ལྷན་ཅིག་ཏུ་མཉེ་བས་དྲི་མ་སྦྱང་བ་མ་གཏོགས་བར་ཆ་གཞན་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ལུགས་ལས་བཟློག་པའི་ལམ་གྱིས་གཟུགས་ཞེས་བྱ་བ་ལ། ལུགས་ལས་བཟློག་པ་ནི་དྲི་མ་སྦྱང་བའོ། །ལམ་ནི་གཟག ་པ་ལ་སོགས་པའི་ཐབས་སོ། །གཟུགས་པ་ནི་དེ་དག་གིས་བསྒྲུབ་པའོ། །ཇི་ལྟ་ཞེ་ན། བྱ་བ་ཚད་དང་ལྡན་པས་བཙོ་ཞེས་བྱ་བ་ལ་བྱ་བ་ནི་སྨན་རྣམས་ཏེ། ཚད་ནི་དེ་རྣམས་ཀྱི་ངེས་པའོ། །ཞི་ག་རྫར་བཅོས་ཤིང་ཟགས་པ་དང། ཏུ་ར་ཀ ་ལ་སོགས་པ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་ཏུ་ར་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །དེ་དག་གི་ནི་རྟོགས་བྱས་ལ། །ཡིད་ལ་སེམས་དཔའ་ཨི་འཁྲུལ་འཁོར་གྱིས་ཞེས་བྱ་བ་ལ། དེ་དག་གི་ཞེས་བྱ་བ་ནི་སྔར ་སྨོས་པའི་བུ་མོ་རྣམས་ཏེ། རྟོགས་པར་བྱ་བ་ནི་དེ་རྣམས་ཀྱི་བསམ་པ་ཤེས་པ་བྱ་བའོ། །ཡིད་ལས་སེམས་དཔའ་ཨི་འཁྲུལ་འཁོར་ནི་ཤིང་ལ་སོགས་པ་ལས་བོ་མཚན་བྱ་བ་སྟེ། སོ་སོའི་ལུས་ཀྱི་རྩ་དང་མཐུན་པར་བྱས་པའི་ཕོ ་མཚན་དང་སྦྱར་བས་དྲང་བའོ། །དེ་དག་གིས་ནི་ཤེས་རབ་ཀྱི་བྱ་བ་བསྟན་པ་ཡིན་ནོ། །གཅིག་དང་གཉིས་དང་ཞེས་བྱ་བ་ལ་སོགས་པས་ནི་གཟག་པ་ལ་སོགས་པའི་བསྒྲུབ་པའི་གྲངས་བསྟན་པ་ཡང་ཡིན་ནོ། །ལྷར་ཚེར་དངུལ་ཆུ་བཅིང ་ནས་ནི། །དེ་ཚེ་ཤིང་ཆེན་འབྲས་བུར་སྨིན། །ཞེས་བྱ་བ་ལ་ལྟང་ཚེར་ལ་སོགས་པ་བཅིང་བར་ནུས་པ་དེའི་ཚེ་འབྲས་བུ་སྨིན་ཅིང་བྱ་བ་བྱེད་པ་ཡིན་ནོ། །ཤིང་ཆེན་ཞེས་བྱ་བ་ནི་དངུལ་ཆུ་ཉིད་དོ། །བྱ་བ་ཀུན་གྱི་ལམ་གྱིས་ནི། ཞེས་བྱ་བ ་ནི། གདུལ་ཆུ་སྤྱོད་པ་ལ་སོགས་པའི་སྨན་སྣ་ཚོགས་ཀྱིས་བསྒྲུབས་ཤིང་གསོས་ན་དེའི་ཚེ་བྱེད་པ་པོ་སྟེ་གཞན་གྱི་དོན་བྱེད་པ་དང། ཟ་བ་པོ་སྟེ་རང་གི་དོན་བྱེད་པར་འགྱུར་རོ། །ལྷ་ཡིས་རྒྱ་མཚོ་བསྲུབས་པ་བཞིན་ཞེས་བྱ་བ་ནི་ལྷ་རྣམས ་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་མེ་ཏོག་མ་རི་ཛ་ཏ་ཀ་དང། དཔལ་མོ་ལ་སོགས་པའི་ལོངས་སྤྱོད་ཐོབ་པ་བཞིན་དུ་དངུལ་ཆུའི་རྒྱ་མཚོ་གཟག་པ་ལ་སོགས་པས་བསྲུབས་ཤིང་བསྒྲུབས་པ་ན ་སུམ་ཅུ་གསུམ་པའི་བདག་པོའི་མིག་སྔ་ན་གནས་པའི་མེ་ཏོག་མ་རི་ཛ་ཏ་ཀ་ཡང་འཕྲོག་པར་ནུས་སོ་ཞེས་བྱ་བའི་དོན་ཏོ། །སྟོབས་ལྡན་གཟུང་བ་ཡིས་ནི་གནས་ཞེས་བྱ་བ་ལ། སྟོབས་ལྡན་ནི་ཡོན་ཏན་ཅན་གྱི་བུ་མོའོ། །གཟུང་བ་ནི་བདག ་གིར་བྱ་བའོ། །གནས་ནི་ཡོན་ཏན་གྱི་རྟེན་ནོ། །རྫུ་འཕྲུལ་གྱི་ནི་ཆ་དང་ལྡན་ཞེས་བྱ་བ་ལ་རྫུ་འཕྲུལ་ནི་ནམ་མཁར་འཕུར་བ་ལ་སོགས་པའོ། །ཆ་ནི་སོགས་ཀྱིས་ན་ལུས་ཀྱིས་རེག་པས་ལྕི་བ་ལ་སོགས་པ་ཤེས་པར་བྱའོ། །སྒྲ་དང་དྲི་ཞེས་བྱ་བ ་ནི་མཆོད་པའི་དུས་སུ་བརྟག་པ་སྟེ། དྲི་སྦྲང་རྩི་དང་འདྲ་བ་ལ་མནམ་པ་ལ་སོགས་པ་མཆོད་པའི་དུས་སུ་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །ཉེས་པ་དག་ནི་བརྒྱད་ལྡན་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ལྷར་ཚེར་ལ་སོགས་པའི་ཉེས་པ ་དུ་མ་དང་ལྡན་པའི་ཕྱིར་བློ་གྲོས་དང་ལྡན་པས་ནན་ཏན་དུ་དཔྱད་དེ། གང་གི་ཚེ་ནམ་མཁའ་ལྟར་སྔོ་བསངས་དང་ནག་པོར་གྱུར་པ་དེའི་ཚེ་བཟང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླ་སྟེ། འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་འོག་ནས ་རྒྱས་པར་སྟོན་པར་འགྱུར་རོ། །བཅུད་ཀྱི་ལེན་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ནི་བཅུད་ཀྱིས་ལེན་བཅིང་བ་ལ་སོགས་པའི་བྱ་བའོ། །དོན་དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ། །།ངེས་པར་འདུ་བའི་ལེའུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཅུད་ཀྱི ་ལེན་གྱི་ཆོ་ག་བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་རྣལ་འབྱོར་མ་མཉེས་པར་བྱ་བའི་ཕྱིར་ངེས་པར་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སྦས་པ་ནི་གབ་པའོ། །གང་དུ་ཞེ་ན། རྒྱུད་དུ་སྟེ་རྒྱུད་གཞན་དུའོ། །ཡང་དག ་བསྡུས་པ་ནི་འདུ་བའི་གནས་ཏེ་དེ་དང་གཏོར་མའི་མཆོད་པའོ། །ཅི་འདྲ་ཞེ་ན་སྒྲུབ་པ་པོ་རྣམས་ཏེ་མཆོད་པའི་ཆོ་ག་འདིས་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པས་ན་བསྒྲུབ་པ་པོ་སྟེ་གསང་བའི་བྱེ་བྲག་གིས་མང་པོའི་ཚིག་ཡིན་ནོ། །བདེ་མཆོག ་བླ་མ་ཞེས་བྱ་བ་ལ། རྒྱུད་བདེ་མཆོག་གི་བླ་མ་སྟེ། ཡང་དག་པར་སྦྱོར་བ་དང། ཀུན་ཏུ་སྦྱོར་བ་ལ་སོགས་པའོ། །ཡང་ན་བདེ་མཆོག་གི་རྒྱུད་ཉིད་བླ་མ་སྟེ། མང་པོའི་ཚིག་ནི་ཞེས་སར་བྱས་པ་ཡིན་ནོ། །དེ་ཅི་ཞིག་ཅེ་ན། གནས་ལ་སོགས་པའི་མཁའ་འགྲོ ་མ་སྟེ་སོགས་ཀྱི་ན་ཉེ་བའི་གནས་ལ་སོགས་པ་གཟུང་ངོ། །འདི་ལྟར་གནས་ལ་སོགས་པ་དེ་དག་ཏུ་བདེ་མཆོག་བླ་མའི་མཁའ་འགྲོ་མ་རྣམས་ཀྱིས་ཁྱབ་པའོ། །རང་སྐྱེའི་གནས་ཞེས་བྱ་བ་ནི་དེ་དག་བྲམ་ཟེ་ལ་སོགས་པའི་སྐྱེ་གནས་ལས་བྱུང་བའོ། །ཁྱབ ་པ་དེ་ཉིད་གསུངས་པ། ཡུལ་དང་ཡུལ་དུ་ཞེས་བྱ་བ་སྟེ། པུལླི་ལ་སོགས་པའི་ཡུལ་དུའོ། །སུ་ཞིག་ཅེ་ན། རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། ཐུགས་ཀྱི་འཁོར་ལོ་ལ་སོགས་པ་ལ་གནས་པའི་རབ་ཏུ་གཏུམ་མོ་ལ་སོགས་པའི་མཁའ་འགྲོ་མ་རྣལ་འབྱོར ་མ་དྲུག་གི་རིགས་ལས་བྱུང་བ་ཉི་ཤུ་རྩ་བཞི་པོ་དག་ཡིན་ནོ། །སྒྲུབ་པ་པོས་ཞེས་བྱ་བ་ནི་མཁའ་འགྲོ་མ་མཉེས་པར་འདོད་པས་སོ། །བརྡའི་སྐད་དུ་བཤད་པ་ཡིན་ཞེས་བྱ་བ་ནི་བརྡར་བཏགས་པའི་ཚིག་བསྟན་པར་བྱའོ། །དེ་དག་གི་དབྱེ་བ་གསུངས་པ། ་ཀུ་ལུ་ལཱ་ཞེས་བྱ་བ་ལ་སོགས་པ་ལ། མ་མོ་ཞེས་བྱ་བ་ནི་ཕག་མོའི་རིགས་ལས་བྱུང་བའོ། །རིགས་ཀྱི་གཙོ་མོ་ཞེས་བྱ་བ་ནི་གཤིན་རྗེ་མའི་རིགས་ལས་བྱུང་བའོ། །རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི་རྨོངས་བྱེད་མའི་རིགས་ལས་བྱུང་བའོ། །བྱིས་བཅས ་མོ་ཞེས་བྱ་བ་ནི་སྐྱོང་བྱེད་མའི་རིགས་ལས་བྱུང་བའོ། །ལྷན་ཅིག་སྐྱེས་པའི་བུ་མོ་ཞེས་བྱ་བ་ནི་སྐྲག་བྱེད་མའི་རིགས་ལས་བྱུང་བའོ། །བརྟུལ་ཞུགས་འཛིན་མ་ཤ་ཆེན་ཟ་ཞེས་བྱ་བ་ནི་གཏུམ་མོའི་རིགས་ལས་བྱུང་བའོ།། ་སྦོམ་དབང་ཕྱུག་ཁཎྜ་རོ་ཧ་ཞེས་བྱ་བ་ནི་ཡང་ཕག་མོའི་རིགས་སོ། །ཙཎྜ་ལིའི་བུད་མེད་ཅེས་བྱ་བ་ནི་ཡང་གཤིན་རྗེ་མའི་རིགས་སོ། །བུ་མོ་ཆེན་མོ་ཞེས་བྱ་བ་ནི་ཡང་རྨོངས་བྱེད་མའི་རིགས་སོ། །བུ་མོ་ཡང་འདོད་ཅེས་བྱ་བ་ནི་ཡང་སྐྱོད་བྱེད་མའི་རིགས་སོ།། ་མཁའ་འགྲོ་མའི་དབང་ཕྱུག་མཆོག་ཅེས་བྱ་བ་ནི་ཡང་སྐྲག་བྱེད་མའི་རིགས་སོ། །དེ་བཞིན་ནོ་ཞེས་བྱ་བ་ནི་ཡང་གཏུམ་མོའི་རིགས་སོ། །དེ་ལ་པཉྩ་ལིའི་ཡུལ་ཞེས་བྱ་བ་ནི་མཱ་ལ་བེའོ། །པུལླིའི་རི་ཞེས་བྱ་བ་ནི་པུལླི་ར་དང་མ་ལ་ཡའོ། །ལྷག་མ་ནི ་གོ་སླའོ། །ཡང་རྣམ་པར་དབྱེ་བར་བྱ་སྟེ། ཀུ་ལུ་ཏཱ་དང། མ་རུ་དང། པྲེ་ཏ་པུ་རི་དང། ཏྲི་ཤ་ཀུ་ནི་རྣམས་ཀྱི་བུ་མོ་ནི་ཕག་མོའི་རིགས་སོ། །སིན་བྷུ་དང། ན་ག་ར་དང། པུལླིའི་རི་དང། ཛཱ་ལན་དྷ་ར་རྣམས་ཀྱི་ནི་གཤིན་རྗེ་མའི་རིགས་སོ། །ལཾ་པཱ་ཀ་དང། སཽ་རཱཥྚ ་དང། ཨོ་ཊཾ་དང། ཀཱ་མ་རཱུ་པ་རྣམས་ཀྱིས་ནི་རྨོངས་བྱེད་མའི་རིགས་སོ། །ཧེ་མའི་ཤ་རི་དང། ཀཉྩི་དང། དེ་པི་ཀོ་ཊ་དང། རཱ་མེ་ཤྭ་རི་རྣམས་ཀྱི་ནི། སྐྱོང་བྱེད་མའི་རིགས་སོ། །པཉྩ་ལ་དང། གྲི་ཧ་དེ་ཀ་ཏ་དང། གོ་དཱ་བ་རི་དང། ཨར་བུ་ད་རྣམས་ཀྱི་ནི་སྐྲག་བྱེད ་མའི་རིགས་སོ། །ཀ་ལིང་ག་དང། ཀོ་ས་ལ་དང། སུ་བརྞ་དྭཱི་པ་དང། ཨོཾ་ཊི་ཡ་ན་རྣམས་ཀྱི་ནི་གཏུམ་མོའི་རིགས་ཏེ། དེ་དག་ནི་རྣལ་འབྱོར་མའི་རིགས་སུ་འདུས་པ་ཡིན་ནོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་ཞེས་བྱ་བ་ནི་ཁྱབ་པ་ཞེས་བྱ་བ་དང་སྦྱར་རོ། ། ་དེ་ལ་བུ་མོ་ཞེས་བྱ་བ་ནི་དེ་དག་གི་ཆ་ཚང་མེད་པའི་ཕྱིར་རོ། །དཔའ་བོ་གཉིས་མེད་ཁྱབ་པ་ཞེས་བྱ་བ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དཔའ་བོ་དང་བཅས་པར་ཁྱབ་པ་སྟེ། བྱེད་པའི་ཚིག་མི་མངོན་པའི་ཕྱིར་རོ། །དེ་དག་གིས་ནི་འཁོར་ལོ་གསུམ་ལ ་དབང་སྒྱུར་མ་ཐམས་ཅད་བཅས་པར་བསྟན་ཅིང་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དྲུག་གི་རིགས་སུ་འདུས་པར་སྟོན་ཏོ། །ཡང་འདི་ལྟར་པུལླི་ར་མ་དང། ཛཱ་ལན་དྷ་ར་དང། ཨོ་ཌི་ཡ་ན་དང། ཨར་བུ་ད་དང། གོ་དཱ་བ་རི་དང། རཱ་མེ་ཤྭ་རི་དང། དེ་པི་ཀོ ་?་དང། མཱ་ལ་པེ་དང། ཀཱ་མ་རུ་བ་དང། ཨོ་ཊེ་དང། ཇི་ཤ་ཀུ་ནེ་དང། ཀོ་ས་ལ་དང། ཀ་ལིང་ག་དང། ལམ་པཱ་ཀ་དང། ཀཱཉྩི་དང། ཧི་མཱ་ལ་ཡ་དང། པྲེ་ཏ་པུ་རི་དང། གྲི་ཧ་དེ་བ་ཏ་དང། སཽ་རཱཥྚ་དང། སུ་བརྞ་དྭཱི་པ་དང། ན་ག་ར་དང། སིན་དྷུ་དང། ་མ་རུ་དང། ཀུ་ལུ་ཏཱ་སྟེ། འཁོར་ལོ་གསུམ་པོ་དེ་དག་གི་རིགས་འཕོ་བ་རིམ་བཞིན་དུ་སླར་ཡང་བཤད་པར་བྱ་སྟེ། དེ་ལ་རབ་ཏུ་གཏུམ་མོ་དང། གཏུམ་མིག་མ་ནི་ཕག་མོའི་རིགས་ལས་བྱུང་བའོ། །འོད་ལྡན་མ་དང། སྣ་ཆེན་མོ་ནི་རྨོངས ་བྱེད་མ་དང། གཏུམ་མོའི་རིགས་ལས་བྱུང་བའོ། །དཔའ་བོའི་བློ་མ་དང། མིའུ་ཐུང་མ་ནི་སྐྲག་བྱེད་མ་དང། སྐྱོར་བྱེད་མའི་རིགས་ལས་བྱུང་བའོ། །ལང་ཀའི་དབང་ཕྱུག་མ་དང། ལྗོན་གྲིབ་མ་ནི་སྐྱོང་བྱེད་མ་དང། སྐྲག་བྱེད་མའི་རིགས་སོ། །ས་སྲུང་མ ་དང། འཇིགས་བྱེད་ཆེན་མོ་ནི་རྨོངས་བྱེད་མའི་རིགས་སོ། །རླུང་ཤུགས་མ་དང། ཆང་འཐུང་མ་ནི་ཕག་མོ་དང་གཏུམ་མོའི་རིགས་སོ། །ལྷ་མོ་སྔོ་བ་སངས་མ་དང། ཤིན་ཏུ་བཟང་མོ་ན་གཏུམ་མོ་དང་རྨོངས་ཁྱེད་མའི་རིགས་སོ། །རྟ་རྣམས་དང། བྱ་གདོང ་མ་ནི་སྐྱོང་བྱེད་མའི་རིགས་སོ། །འཁོར་ལོའི་ཤུགས་ཅན་མ་དང། དུམ་སྐྱེས་མ་ནི་ཕག་མོ་དང་སྐྲག་བྱེད་མའི་རིགས་སོ། །གླང་སྣ་མ་དང། འཁོར་ལོའི་གོ་ཆ་མ་ནི་རྨོངས་བྱེད་མ་དང། གཏུམ་མོའི་རིགས་སོ། །ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མ་ནི་གཤིན ་རྗེ་མའི་རིགས་སོ། །འཁོར་ལོ་སྒྱུར་མ་དང། བརྩོན་ཆེན་མ་ནི་ཕག་མོའི་རིགས་ཏེ། འདི་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་ནི་རྣམས་ཀྱི་རྣལ་འབྱོར་མ་དྲུག་གི་རིགས་འཕོ་བའོ། །ཀུན་ཀྱང་འདོད་པའི་གཟུགས་ཅན་མི་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་གཟུགས་སུ ་འཛིན་པའོ། །དེ་ཉིད་ཀྱིས་ན་ཡིད་ཀྱི་ཤུགས་ཅན་ཏེ། གང་དག་ལ་ཡིད་ཀྱི་ཤུགས་འགྲོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལོག་མ་ཡིན་ཞེས་བྱ་བའི་འཁོར་ལོ་ལས་ལོག་པའོ། །ལྷག་མ་ནི་གོ་སླའོ། །དེ་ཉིད་ཆེན་པོ ་མཁའ་འགྲོ་ལྔ་ཞེས་བྱ་བ་ལ་མཁའ་འགྲོ་ལྔ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ལྔའོ། །དེ་ཉིད་དེ་ཉིད་ཆེན་མོ་སྟེ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པ་ཡིན་པའི་ཕྱིར་རོ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ་ཞེས་བྱ་བ་ནི་དེ་དག ་གི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་ཕྱིར་རོ། །དེ་དག་དང་ལྡན་པའི་བཅོམ་ལྡན་འདས་བསྒོམས་ནས་ནག་པོ་དྲག་པོ་ལ་སོགས་པ་དང་བཅས་པར་དགུག་པའི་ཕྱིར་སྦྱོར་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རྒྱལ་ཆེན་མ་ནི་རྣལ་འབྱོར་མ་རྣམས་སོ། །རྡོ་རྗེ་དབང་ཕྱུག་ནི་དཔའ་བོ་ཉི་ཤུ་རྩ་བཞི་སྟེ། སྦྱོར་བ་ནི་དེ་རྣམས་འཇོམས་པར་འཇུག་པ་ཡིན་ལ་དེའི་གཙོ་བོ་ནི་རྡོ་རྗེ་མཁའ་འགྲོ་སྟེ། དེའི་དཀྱིལ་འཁོར་གྱི་བདག་པོར་བྱས་ནས ་གཏོར་མ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ་ནི་ཆོས་ཀྱི་སྐུའོ། །དེ་ཉིད་རྡུལ་མེད་པ་སྟེ། ཉོན་མོངས་པའི་རྡུལ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་རྣལ་འབྱོར་ཏེ་གཟུང་བ་ལ་སོགས་པ་དང་བྲལ་བའི་སྟོང་པ་ཉིད་དུ ་སྦྱར་བའི་ཕྱིར་རོ། །དེ་ནི་དཀྱིལ་འཁོར་འདི་སྙིང་རྗེ་དང། སྟོང་པ་ཉིད་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྒོམ་པར་བྱ་བ་སྟོན་ཏོ། །སྤྱན་དྲང་བའི་སྔགས་གསུངས་པ། ཨོཾ་ཀཀྐ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས ་ནི་རིད་སྐད་དུ་ལྷའི་རྣལ་འབྱོར་ཅན་གྱིས་ཙན་དན་དམར་པོས་དཀྱིལ་འཁོར་གྲུ་གསུམ་བྱས་ལ་དེའི་དབུས་སུ་འཇིག་རྟེན་སྐྱོང་བ་ལ་སོགས་པ་བལྟ་སྟེ། ཕྱི་རོལ་གཡས་དང་གཡོན་དུ་བདུད་རྩི་ལྔ་དང་ལྡན་པའི་བཟའ་བ་ལ་སོགས་པ་ཐམས་ཅད ་ཀྱིས་བཀང་བའི་གཏོར་མ་གཉིས་བཤམས་ལ་གཏོར་མ་གཡོན་པ་ནི་རང་གི་ལྷའི་ཞལ་དུ་དབུལ་བར་བྱའོ། །གཏོར་མ་གཡས་པ་ནི་ཨོཾ་བྷཀྵ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་རུ་དྲ་ནག་པོ་ལ་སོགས་པ་ལ་དབུལ་བར་བྱའོ་ཞེས་སྟོན ་ཏོ། །དེ་ཉིད་གསུངས་པ། བདུད་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདུད་རྩི་ཞེས་བྱ་བ་ནི་བཟའ་བ་ལ་སོགས་པ་དེ་དག་ཧ་ཧོ:ཧྲཱི(རྒྱུད་འགྲེལ་བའོ། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ་ཞེས་བྱ་བ་ནི་ཕྱི་ནང་གི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་བསྒོམས་ཏེ་མཉེས་པར་བྱའོ། །ལས་རྣམས་སྦྱོར་བ་ཇི་བཞིན་དུ། །གཏོར་མའི་ལས་ནི་སྦྱར་བྱས་ཏེ་ཞེས་བྱ་བ་ནི་ཞི་བ་ལ་སོགས ་པའི་ལས་ཐམས་ཅད་ལ་གཏོར་མའི་ཆོ་ག་དེ་སྦྱར་བའོ། །དེ་ལ་དཀྱིལ་འཁོར་གྱི་རིམ་པ་ནི་འདི་ཡིན་ཏེ། ཙན་དན་གྱིས་དཀྱིལ་འཁོར་གྲུ་གསུམ་བྱུགས་པའི་དབུས་སུ་ཟླུམ་པོར་བསྐོར་ལ་དེར་ཐིག་པ་ཞེས་རེའུ་མིག་དགུར་བྱའོ། །དེ ་ལ་དབང་ལྡན་གྱི་རེའུ་མིག་དུ་ནི་རུ་དྲ་ནག་པོ་ཁྱུ་མཆོག་ལ་ཞོན་པ་ཁ་དོག་དཀར་པོ་ལག་པ་གཉིས་ན་ཐོད་པ་དང། མདུང་རྩེ་གསུམ་པ་ཐོགས་པའོ། །ཤར་དུ་ནི་དྲག་པོ་ཆེན་པོ་མདོག་སེར་པོ་གཡས་ན་རྡོ་རྗེ་ཐོགས་ཤིང་གཡོན་པ་གླང་པོ ་ཆེའི་མགོར་ཐལ་མོ་བཞག་པ་གླང་པོ་ཆེ་ལ་ཞོན་པའོ། །མེ་མཚམས་སུ་ནི་ལྷས་བྱིན་མདོག་སེར་པོར་སྐྱེས་ལ་ཞོན་པ། ལག་པ་གཡས་གཉིས་ན་ཧོ་མ་གཟའ་དང་དབྱུག་གུ་གསུམ་ཐོགས་པ་གཡོན་གཉིས་ན་བ་དན་དང་རིལ་པ་སྤྱི ་བླུགས་ཐོགས་པའོ། །ལྷོར་ནི་ནག་པོ་སྟེ་མ་ཧེ་ལ་ཞོན་ཞིང་མདོག་སྔོ་བ་ལག་པ་གཉིས་ན་དབྱུག་པ་དང་མདུང་ཐོགས་པའོ། །བདེན་བྲལ་དུ་ནི་གཙིགས་པ་སྔ་མི་རོལ་ཞོན་ཞིང་མདོག་སྔོ་ནག་སྐྲ་ཁཾ་བགྱེན་དུ་བརྫེས་པ་རལ་གྲི ་དང་ཕུབ་ཆུང་ཐོགས་པའོ། །ནུབ་ཏུ་ནི་འཇིགས་བྱེད་དེ་ཆུ་སྲིན་ལ་ཞོན་ཞིང་མདོག་དཀར་བ་གདེངས་ཀ་བདུན་དང་ལྡན་པ་ལག་ན་ཞགས་པ་ཐོགས་པའོ། །རླུང་མཚམས་སུ་ནི་རླུང་ལྷ་རྒ་ལས་འདས་པ་སྟེ་རིགས ་ལ་ཞོན་ཞིང་མདོག་ནག་པོ་ལག་པ་གཉིས་ཀྱིས་རླུང་གི་སྣམ་བུ་བ་དན་འཛིན་པའོ། །ལུས་ངན་གྱི་ཕྱོགས་སུ་ནི་ལོག་འདྲེན་སྟེ་མི་ལ་ཞོན་ཞིང་མདོག་སེར་བ་ལག་པ་གཉིས་ཀྱིས་ལྕགས་ཀྱུ་དང་རིན་པོ་ཆེའི་དབྱུག་པ་འཛིན་པའོ། །དེ་ཐམས་ཅད ་ཀྱང་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཅིང་རང་དང་འདྲ་བའི་ཆུང་མ་དང་བཅས་པ་ལག་པ་གཞན་གཉིས་ཀྱིས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདུད་པའོ། །དེ་ལ་རྒན་བྱང་མ་ལ་སོགས་པ་ནི་ནག་པོ་དྲག་པོ་དང་མཚུངས་པའོ། ། ་རྒྱལ་བ་མ་ལ་སོགས་པ་ནི་དྲག་པོ་ཆེན་པོ་ལྟ་བུའོ། །ནག་པོ་བཟང་མོ་ལ་སོགས་པ་ནི་ལྷས་བྱིན་ལྟ་བུའོ། །ཟླ་བ་མོ་ལ་སོགས་པ་ནི་ནག་མོ་ལྟ་བུའོ། །སུམ་ཅུ་གསུམ་དབང་ལ་སོགས་པ་ནི་གཙིགས་པ་ལྟ་བུའོ། །དྲག་པོ་ལ་སོགས ་པ་ནི་འཇིགས་བྱེད་ལྟ་བུའོ། །ཐོད་འཕྲེང་མ་ལ་སོགས་པ་ནི་རྒ་ལས་འདས་པ་ལྟ་བུའོ། །རལ་གྲི་ཅན་ལ་སོགས་པ་ནི་ལོག་འདྲེན་ལྟ་བུ་སྟེ། མཆེ་བ་གཙིགས་མ་དང་འཁྱུད་མ་དང་ཁ་ཊཝཱཾ་མ་དང་རལ་གྲི་ཅན་དང་དགྲ་སྟ་ཅན་དང། ་རྡོ་རྗེ་ཅན་དང་གཞུ་ཅན་མ་རྣམས་ནི་སོ་སོའི་མིང་བཞིན་དུ་ལག་པ་རེ་རེས་མཚན་མ་དེ་དག་ཐོགས་ཤིང་ལྷག་མ་རྣམས་ནི་གཙོ་བོ་དང་འདྲ་བའི་མཚན་མ་ཐོགས་པ་ཡིན་ནོ། །ཀུན་ཏུ་འཁྱུད་མ་ནི་ལག་པ་གཉིས་ཀྱིས་འཁྱུད་པའི ་ཕྱག་རྒྱ་འཆིང་བའོ། །གཞན་དག་ནི་རྒན་འདབ་མ་ལ་སོགས་པ་འདི་དག་གི་མདོག་དང་མཚན་མ་གཟུངས་ཀྱི་དཀྱིལ་འཁོར་ལྟ་བུར་བྱའོ་ཞེས་ཟེར་ཏེ། དེ་ནི་གཟུངས་ཀྱི་དཀྱིལ་འཁོར་ཉིད་དུ་ཡིན་གྱི་རྒྱུད་འདི་མན་ངག་ལས་གཏོར་མའི ་སྐབས་སུ་ནི་དེ་ལྟ་མ་ཡིན་པར་ཤེས་པར་བྱའོ། །ཙ་མུཎ་ཌི་ལ་སོགས་པའི་རྣལ་འབྱོར་མ་བཞི་བཞི་ཞིང་རུ་དྲ་ནག་པོ་ལ་སོགས་པ་རྣམས་ཀྱིས་རིམས་བཞིན་འཁོར་དུ་བལྟ་བར་བྱའོ། །ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་གིས། རང་འདོད་ལྷ་ནི་ཚིམ ་པར་བྱ་ཞེས་བྱ་བ་ལ། རང་འདོད་ལྷ་ཞེས་བྱ་བ་ནི་རེའུ་མིག་དབུ་མར་རྡོ་རྗེ་མཁའ་འགྲོའི?་རྣལ་འབྱོར་མ་དང་བཅས་པར་བཀོད་པའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་ལྕགས་ཀྱུ་ལྔ་ཞེས་བྱ་བ་གོ་ཀུ་ད་ཧ་ན་ཞེས་བྱ་བ་དང ་བཅས་པའི་བདུད་རྩི་ལྔ་སྟེ་དེ་དག་གིས་གཏོར་མའི་སྣོད་བཀང་སྟེ་རྡོ་རྗེ་མཁའ་འགྲོ་དང་དུ་དྲ་ནག་པོ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཚིམ་པར་བྱ་ཞེས་བྱ་བའི་དོན་ཏོ། །རོ་ལངས་ཀྱི་སྒྲུབ་པ་གསུངས ་པས་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། རྨ་མེད་ཅེས་བྱ་བ་ནི་མཚོན་གྱིས་དྲལ་ཞིང་ཕུག་པ་ལ་སོགས་པའི་རྨས་ར་པ་མེད་པའོ། །མཛེ་དང་ཤུ་བ་ལ་སོགས་པ་སྤངས་ཞེས་བྱ་བ་ནི་ཕྱི་རོལ་གྱི་པགས་པ་ལ་མཛེ་དང་ཤུ་བ་ལ ་སོགས་པའི་སྐྱོན་དང་བྲལ་བ་དང། གཞན་ཡང་ཟ་གུ་ལ་སོགས་པའི་ནད་ཀྱིས་མ་ཉམས་པའོ། །ལྷག་མ་ནི་གོ་སླའོ། །ཧ་ཧ་ཞེས་བྱ་བ་ལ་སོགས་པའི་རྒོད་པའི་སྔགས་ནི་འདིར་བཟླས་པའི་སྔགས་སོ། །མེ་ཞེས་བྱ་བ་ནི་རའོ། །ས་བོན ་ཞེས་བྱ་བ་ནི་ཧའོ། །རླུང་གི་ས་བོན་ཞེས་བྱ་བ་ནི་ཡའོ། །སྤྱི་གཙུག་ཏུ་ནི་སྦྱར་ཞེས་བྱ་བ་ནི་སྟེང་དུ་ཟླ་ཚེས་དང་ཐིག་ལེ་བྲི་བ་སྟེ། བསྡུས་པས་ཧཡཾ་ཞེས་བྱ་བར་འགྱུར་རོ། །མཆོད་པར་བྱ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་ཕྱིའི་མཆོད ་པས་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མའི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ལྷའི་རྣལ་འབྱོར་བྱ་བར་སྟོན་ཏོ། །སྐྱེ་གནས་དབུས་སུ་ཞེས་བྱ་བ་ལ་སོགས་པས་ནི་རོའི་ཕོ་ཉ་དེ་ཆོས་ཀྱིས ་འབྱུང་གནས་ཀྱི་ནང་དུ་ས་བོན་ཧཡཾ་ལས་བྱུང་བ་འོད་དང། བཅས་པའི་ལུས་སུ་བསྒོམ་པའི་དོན་ཏོ། །གནས་ནི་དུར་ཁྲོད་ལ་སོགས་པ་དབེན་པར་བསྒྲུབ་པར་བྱའོ། །འདུ་བའི་གནས་ངེས་པ་ཞེས་བྱ་བ་ནི་གནས ་གང་དུ་རྣལ་འབྱོར་རྣམས་ངེས་པར་འདུ་བའོ། །སྒྲུབ་པའི་ཆོ་ག་ནི་གཏོར་མ་དང་རོ་ལངས་སྒྲུབ་པའི་ཆོ་གའོ། །དེའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ། བཅོ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར ་བཤད་པ་ལས་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།འདུ་བའི་གནས་དེ་དང་དེར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་དེ་བསྒྲུབ་པར་བྱའོ། །ཞེས་བསྟན་པའི་ཕྱིར་དེའི་སྒྲུབ་ཐབས་ཀྱི་ལེའུ་གསུངས་པ། དེ་ནས ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གནས་ལ་སོགས་པ་བསྟེན་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གནས་རྣམས་སུ་གཏོར་མ་གཏང་བ་སྔོན་དུ་འགྲོ་བའི་མ་མོའི་དཀྱིལ་འཁོར་མདུན་དུ ་བསྒོམ་པ་མ་གཏོགས་བསྒྲུབ་པར་མི་ནུས་པས་མ་མོའི་དཀྱིལ་འཁོར་དགེ་བ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པ་ལ་སོགས་པའོ། །ཕོ་ཉའི་ཁྱད་པར་ནི་འཕྲོག་བྱེད་མ་ལ་སོགས ་པའོ། །འབྱུང་པོ་ནི་ལོག་འདྲེན་ལ་སོགས་པའོ། །གཟའ་ནི་ཉི་མ་ལ་སོགས་པ་སྟེ། རིག་པ་ཆེ་ནི་དེ་རྣམས་བསྒྲུབ་པར་བྱེད་པའོ། །ལུས་སྲུལ་པོ་ནི་ཡི་དགས་ཏེ། དེ་རྣམས་སྒྲུབ་པར་བྱེད་པར་དཀྱིལ་འཁོར་བཤད་ཀྱིས་ཞེས་བྱ ་བ་དང་སྦྱར་རོ། །སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྔགས་ཀྱི་ཕྲེང་བའོ། །ད་ནི་ཞེས་བྱ་བ་ནི་རིམ་གྱིས་དོན་ཏེ། རིམ་གྱིས་བཤད་ཀྱིས་ཉོན་ཅིག་པའོ། །དཀྱིལ་འཁོར་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པའི ་བ་ལང་ཀོ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་ཀྱིས་ན་རའི་པགས་པ་ལ་སོགས་པ་གཟུང་ངོ། །སྒྲུབ་པ་པོའི་མཆོག་ནི་དམ་ཚིག་ཅན་ནོ། །འབྱུང་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་འབྱུང་པོ་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་ཏེ། འབྱུང་པོ་འདུལ་བྱེད ་ཀྱི་དཀྱིལ་འཁོར་རོ། །སྒྲུབ་པ་ནི་རས་རིས་ལ་སོགས་པ་བྱ་བའོ། །དེ་ནས་འབུམ་ཕྲག་གཅིག་བཟླས་པ་ཞེས་བྱ་བ་ནི་ཨོཾ་ཨཱ:ག་ཧཱུཾ་སྭཱཧཱ་ཞེས་བྱ་བའི་སྔགས་སྔོན་དུ་འབུམ་ཕྲག་གཅིག་བཟླས་པ་བྱའོ། །ལྷག་མ་ནི་གོ་སླའོ། །འབྱུང་བ་ལས་ཀྱང ་ཞེས་བྱ་བ་ནི་བདག་མེད་པའི་ཏིང་ངེ་འཛིན་ལས་སོ། །ཅི་ཞིག་ཅེ་ན། འབྱུང་བའི་གཟུགས་ཏེ་འབྱུང་པོ་འདུལ་བྱེད་ཀྱི་གཟུགས་སུ་བསྒོམ་པའོ། །དབུས་སུ་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་རོ། །རི་མོ་མཛེས་པས་བསྐོར་བར་བྱ་ཞེས་བྱ་བ་ནི་པདྨ་འདབ ་པ་བརྒྱད་ཀྱི་ཕྱི་རོལ་ཏུ་རི་མོ་ཟླུམ་པོར་བསྐོར་བའོ། །རྡོ་རྗེ་འབར་བ་བ་དན་གསུམ་ཞེས་བྱ་བ་ལ་མཐེ་བོས་མཐེ་ཆུང་གི་སེན་མོ་མནན་ཏེ། སོར་མོ་ལྷག་མ་གསུམ་བསྒྲེང་བ་འདི་ནི་བ་དན་གསུམ་པའི་ཕྱག་རྒྱ་ཡིན་ལ་རྡོ་རྗེ་འབར་བ་དང་བཅས ་པའོ། །ཁྲག་མཆོག་མཛེས་པའི་གཤོར་དང་བཅས་ཞེས་བྱ་བ་ནི་གཤོར་ལྟ་བུའི་ཐོད་པ་ཁྲག་གིས་བཀང་བའོ། །ཡང་ན་ར་ཙེ་ནི་ཞེས་བྱ་བ་ནི་མཚན་མོ་རྒྱུ་བས་ན་ཟླ་བ་ལ་བྱ་ལ་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་མཚན་མ་དེ་ལ་དེ་སྐད་ཅེས་བྱའོ།། ་འདིར་རྡུལ་ཚན་གྱི་དཀྱིལ་འཁོར་ལ་ནི་མཚན་མ་རྡོ་རྗེ་བྲི་བའོ། །རས་རིས་ལ་ནི་ཡན་ལག་རྫོགས་པའི་གཟུགས་བྲི་བར་བྱ་ལ། བསམ་གཏན་གྱིས་ནི་ས་བོན་ཧཱུཾ་ལས་བསྐྱེད་པར་བྱའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ལ། ཤར་གྱི ་འདབ་མ་ལ་ནི་མཁའ་འགྲོ་མ་སྟེ་ས་བོན་ཕྲུཾ་ལས་བསྐྱེད་ཅིང་མདོག་དཀར་བ་ལག་པ་གཉིས་ཀྱི་ཐལ་མོ་ཁར་བཅུག་པའོ། །ལྷོར་ནི་འཕྲོག་བྱེད་མ་སྟེ་ས་བོན་ཕྲེཾ་ལས་བྱུང་ཞིང་མདོག་སྔོ་བ་ལག་པ་ན་སྡིག་མཛུབ་དང་གཏུན་ཤིང་ཐོགས་པའོ།། ་ནུབ་ཏུ་འཇིབ་བྱེད་མ་སྟེ་ས་བོན་ཕེཾ་ལས་བྱུང་ཞིང་ལག་པ་གཉིས་ཀྱིས་སྙིམ་པ་ཁྲག་གིས་བཀང་སྟེ་འཐུང་བའོ། །བྱང་དུ་ནི་མེ་འབར་མ་སྟེ་ས་བོན་ཕེཾ་ལས་བྱུང་ཞིང་མདོག་སེར་བ་ཐལ་མོ་སྤྱི་བོར་སྒྱུར་བའོ། ། ་དེ་དག་ཐམས་ཅད་ཀྱང་སྐྲ་གྲོལ་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རོའི་སྟན་ལ་འདུག་པའོ། །དེ་སྔར་རིམ་པ་གཉིས་པ་ཞེས་བྱ་བ་ནི་ནད་རིམ་གྱི་པདྨ་འདི་ལ་བལྟོས་པ་ཡིན་ཏེ་དེ་ཡང་གྲུ་བཞི་ལ་སོགས་པ་དང་ལྡན་ཞིང་རྟ་བབས་མོད?་པ་ཡིན ་ནོ། །དེའི་ཤར་ཕྱོགས་ཀྱི་སྒོར་ནི་མདོག་དང་མཚན་མ་ལ་སོགས་པ་ཇི་སྐད་བསྟན་པ་ལྟ་བུའི་ཕག་མོའོ། །ལྷོར་ནི་ཞི་བ་མོའོ། །ནུབ་ཏུ་གཞོན་ནུ་མའོ། །བྱང་དུ་ནི་རྒན་བྱང་མའོ། །དབང་ལྡན་གྱི་མཚམས་སུ་ནི་ཚངས་མའོ། །མེ་མཚམས་སུ་ནི ་ཚོགས་ཀྱི་དབང་མོའོ། །བདེན་བྲལ་དུ་ནི་ཁྱབ་འཇུག་མའོ། །རླུང་མཚམས་སུ་ནི་དབང་མོའོ། །ཡང་དེ་ཉིད་ཀྱི་རིམ་པ་གསུམ་པར་དབང་ལྡན་ལ་སོགས་པ་སྟེ། དབང་ལྡན་ཞེས་བྱ་བ་མོའི་རྟགས་སུ་བྱུང་བ་ནི་རྣམ་པར་བསྒྱུར་བ་རྣམས་འདོད་རྒྱལ ་གྱིས་འཇུག་པའི་ཕྱིར་རོ། །དེ་དག་ཀྱང་མདོག་དང་མཚན་མ་ལ་སོགས་པ་ཇི་ལྟར་བསྟན་པ་བཞིན་རང་རང་གི་གནས་སུ་དགོད་པ་གཞུང་ལས་གསལ་པོར་བཤད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་རིམ་པ་བཞི་པར་ནི་ཉི་མ་ལ་སོགས་པ་སྟེ། དེ ་ལ་ཤར་ཕྱོགས་ཀྱི་སྒོར་ནི་ཉི་མ་རྟ་དཀར་པོ་ལ་ཞོན་ཞིང་མདོག་དམར་བ་ལག་པ་གཉིས་ཀྱིས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཐོགས་པའོ། །མེ་མཚམས་སུ་ཟླ་བ་སྟེ་ངང་པ་ལ་ཞོན་ཞིང་མདོག་དཀར་བ་ལག་པ་གཉིས་ཀྱིས་པདྨའི་སྟེང ་ན་ཟླ་བའི་དཀྱིལ་འཁོར་ཐོགས་པའོ། །ལྷོར་ནི་མིག་དམར་སྟེ་ར་སྐྱེས་ལ་ཞོན་ཞིང་མདོག་དམར་བ་ལག་པ་གཡས་ཀྱིས་གྲི་ཐོགས་པ་གཡོན་གྱིས་མི་མགོ་ཐོགས་ཏེ་ཟ་བའོ། །བདེན་བྲལ་དུ་ནི་གཟའ་ལྷག་སྟེ། པདྨ་ལ་གནས་ཤིང་མདོག ་སེར་བ་ལག་ན་མདའ་གཞུ་ཐོགས་པའོ། །ནུབ་ཕྱོགས་ནི་ཕུར་བུ་སྟེ། པདྨ་ལ་གནས་ཤིང་མདོག་སེར་སྐྱ་བགྲང་ཕྲེང་དང། རིལ་པ་སྤྱི་བླུགས་ཐོགས་པའོ། །རླུང་མཚམས་སུ་ནི་པ་བ་སངས་ཏེ། དེ་ཡང་པདྨ་ལ་གནས་ཤིང་མདོག་དཀར་བ་བགྲང་ཕྲེང ་དང་རིལ་པ་སྤྱི་བླུགས་ཐོགས་པའོ། །བྱང་དུ་ནི་སྤེན་པ་སྟེ་རུས་སྦལ་གྱི་སྟན་ལ་འདུག་ཅིག་མདོག་སྔོ་བ་ལག་པ་གཉིས་ཀས་དབྱིག་པ་ཐོགས་པའོ། །དབང་ལྡན་དུ་ནི་སྒྲ་གཅན་འཛིན་དང་རྒྱལ་མཚན་ཏེ། དེ་ཡང་སྒྲ་གཅན་འཛིན་ནི་མདོག ་དམར་ཞིང་ཉི་མ་དང་ཟླ་བ་ཐོགས་པའོ། །རྒྱལ་མཚན་ནི་མདོག་སྔོ་ཞིང་ལག་ན་རལ་གྲི་དང་ཞགས་པ་ཐོགས་པའོ། །ཕྱི་རོལ་གྱི་ཤར་སྒོར་ནི་ཚངས་པའོ། །ལྷོར་ནི་དྲག་པོའོ། །ནུབ་ཏུ་ནི་སྐྱེ་མཆེད་དོ། །བྱང་དུ་ནི་ཁྱབ་འཇུག་གོ་།དབང་ལྡན་དང ་མེ་མཚམས་དང་བདེན་བྲལ་དང་རླུང་མཚམས་བཞིར་ནི་སའི་ལྷ་མོ་དང་མེ་དང་ཆུ་དང། རླུང་རྣམས་རིམ་པ་བཞིན་དུ། ལཾ་དང་རཾ་དང་བཾ་དང་ཡཾ་གྱི་ས་བོན་ལས་བྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ་དང། མེ་འབར་བའི་གཟུགས ་དང་སྤྲིན་དང་བ་དན་གཡོ་བས་མཚན་པའི་རླུང་གི་གཟུགས་ཅན་དགོད་པར་བྱའོ། །གཞན་ཡང་འདིར་གང་གི་ས་བོན་མ་བསྟན་པ་དེ་དག་གི་ས་བོན་ནི་རང་གི་མིང་གི་ཡི་གེ་ལ་ཐིག་ལེས་བརྒྱན་པ་ཡིན་པར་བལྟ་སྟེ། རྡུལ་ཚོན་དུ ་བྲིས་པ་འམ། རས་རིས་ཀྱི་ལྷའི་གཟུགས་ཀྱང་རུང་སྟེ། བསམ་གཏན་གྱིས་སོ་སོར་རེ་ཞིང་རང་རང་གི་ས་བོན་ལས་བསྐྱེད་པར་བྱའོ། །གཟའ་དང་སྐར་མ་ཐམས་ཅད་ཀྱང་རང་རང་དམ་ཚིག་ལས་བྱུང་ཞིང་ཞེས་བྱ་བ་ནི་སྐར་མའི ་ཚོགས་དང་བཅས་པའི་གཟའ་རྣམས་།རང་རང་གི་མིང་གི་ས་བོན་ལས་བྱུང་བའོ། །ཡང་ན་རང་རང་གི་དམ་ཚིག་ལས་བྱུང་བ་སྟེ། སེམས་ཅན་གྱི་དོན་གྱི་ཕྱིར་འདུས་པའོ། །དེ་ཉིད་ཀྱིས་ན་རྫུ་འཕྲུལ་དང་ལྡན་ཞིང་ཞེས་བྱ་བ་ལ ་སོགས་པ་སྨོས་སོ། །རང་རང་སྟན་ལ་གནས་པར་བསམ་ཞེས་བྱ་བ་ལ་ཉི་མ་དང་སྤེན་པ་དང་སྒྲ་གཅན་འཛིན་དང་རྒྱལ་མཚན་རྣམས་ནི་ཁྱད་པར་དུ་ཉི་མའི་དཀྱིལ་འཁོར་གྱི་སྟན་ལ་གནས་པ་ཡིན་ལ་ལྷག ་མ་ནི་སྔར་བཤད་ཟིན་ཏོ། །མ་མོ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་བཞིའི་སྒྲུབ་པའི་ཐབས་ལ་འཇུག་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་བསྐྱེད་པའི་ཕྱིར་མ་མའོ། །ཡང་ཅི་འདྲ་ཞེ་ན། འབྱུང་པོའི་རིག་པ་དང་ནི་གཞན་ཞེས་བྱ་བ ་ལ་འབྱུང་པོ་ནི་མི་མ་ཡིན་པ་སྟེ། དེ་ཚར་གཅོད་པར་བྱེད་པའི་རིག་པའོ། །གཞན་ཞེས་བྱ་བ་ནི་ཕོ་ཉ་ཞེས་བྱ་བ་དང་སྦྱར་རོ། །ཅི་ཞེ་ན། ལས་རྣམས་ཀུན་གྱིའོ། །སུས་སྒྲུབ་པར་བྱ་ཞེ་ན་ལོངས་སྤྱོད་ལ་དགའ་ཨི་སྒྲུབ་པ་པོ་སྟེ། ཕ་ཉའི་ལོངས ་སྤྱོད་དོན་དུ་གཉེར་བས་སོ། །ཟླ་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ལྷའི་ཏིང་ངེ་འཛིན་གྱི་ཡན་ལག་སྟོན་པ་ཡིན་ཏེ། ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྟོན་ཏོ། །སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི ་རིགས་ཀྱིས་ནི་གཅིག་གིས་ཚིག་ཏུ་བྱས་པ་ཡིན་ནོ། །ཐམས་ཅད་བྲན་བཞིན་བྱེད་པར་འགྱུར་ཞེས་བྱ་བ་ནི་ཕོ་ཉ་ལ་སོགས་པ་རྣམས་བྲན་ལྟར་བཀུག་སྟེ། འཁོར་བའོ། །དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་དང། ཤར་དང་ཞེས་བྱ ་བ་ལ་སོགས་པས་ནི་རི་མོའི་དཀྱིལ་འཁོར་བྲི་བའི་གནས་བསྟན་པ་ཡིན་ཏེ་ཕོ་ཉའི་བྱེ་བྲག་གིས་དུར་ཁྲོད་ལ་སོགས་པའི་ཤར་ལ་སོགས་པར་བྱའོ། །དྲུག་དྲུག་ཏུ་ནི་དྲིས་ནས་སུ་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཀྱི་རྣལ་འབྱོར ་རྩོམ་པ་སྟོན་པ་ཡིན་ཏེ། ཉིན་མོ་ལ་དུས་གསུམ་དང་མཚན་མོ་ལ་དུས་གསུམ་དུ་མཆོད་པའི་མཆོད་པའི་དབྱེད་རྣམ་པ་དྲུག་གིས་མཆོད་པའོ། །དེ་ཡང་དྲི་དང་ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ། །མཆོད་པ་ནི་ཉེ་བར་མཚོན་པ་སྟེ ་སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང། སྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། ལམ་བསྟེན་པར་དམ་བཅའ་བ་ལ་སོགས་པའང་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་པའི་འོག་གོ། ་བརྩམ་པར་བྱ་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་ཞེས་བྱ་བའི་ལྷག་མའོ། །ཡང་ན་དྲུག་དྲུག་ཅེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་མཆོད་པའི་བྱ་བ་ཉིད་བསྟན་པ་ཡིན་ནོ། །དཀྱིལ་འཁོར་གྱི་མཚན་མ་དགོད་པ་གསུངས་པ། གནས ་ལ་སོགས་པ་ཞེས་བྱ་བ་སྟེ། པུལླི་ར་དང་མཱ་ལ་ཡ་དང་ཛཱ་ལན་དྷ་ར་ལ་སོགས་པ་རྣམས་སུ་རབ་ཏུ་གཏུམ་མོ་དང། གཏུམ་མིག་མ་ལ་སོགས་པའི་མཚན་མ་དགོད་པར་བྱ་སྟེ། འཁོར་ཉི་ཤུ་རྩ་བཞི་བསྟན་པ་ཡིན་ནོ། །དྲི་དང་ཞེས་བྱ་བ ་ལ་སོགས་པས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ཀྱི་འོག་ཏུ་མཆོད་པ་བསྟན་པ་ཡིན་ཏེ། དཔའ་བོའི་ནི་སྟོན་མོ་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །དེ་ཡང་རྡུལ་ཚོན་བྲིས་ནས་བསམ་གཏན་གྱིས་དཀྱིལ་འཁོར་སོ་སོར་བསྒོམས་ཏེ། ་སྔར་བསྟན་པ་བཞིན་དུ་མཆོད་པར་བྱའོ། །དྲི་ཆུ་ཞེས་བྱ་བ་ནི་ས་གཞི་ལ་སོགས་པའི་གསང་གཏོར་བྱ་བའི་ཆུའོ། །བུམ་པའི་ཆོ་ག་ནི་གོ་སླའོ། །ཉིན་མཚན་དུ་ནི་གནས་ནས་སུ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པ་བསྟན་པ ་ཡིན་ནོ། །ཇི་སྲིད་དུ་ཞེ་ན། མཚན་གཅིག་ལེགས་པར་གནས་པར་བྱ་ཞེས་བྱ་བ་སྟེ། མཚན་ཐོག་ཐག་བསམ་གཏན་ལ་སོགས་པས་འབད་དེ་གནས་ན་ཕོ་ཉ་ལ་སོགས་པ་འགྲུབ་པའོ། །དེ་ནས་བཟོད་པ་གསོལ་བར་བྱ་ཞེས ་པ་ནི་དཀྱིལ་འཁོར་ཟིན་གྱི་འོག་ཏུའོ། །ལྷག་མ་ནི་གོ་སླའོ། །བསྒྲུབ་པའི་དཀྱིལ་འཁོར་གསུངས་པ་དམ་ཚིག་ལྡན་པ་ཞེས་བྱ་བ་ལ་དམ་ཚིག་ལྡན་པའི་འབྲི་མཁན་གྱིས་བྲི་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཁྲག་ཅེས་བྱ ་བ་ནི་ཉེ་བར་མཚོན་པ་སྟེ། །བྲག་ལ་སོགས་པའི་བདུད་རྩི་ལྔ་གཟུང་བར་བྱའོ། །སྟེང་དུ་སྐྱེས་པའི་ནང་དུ་གཞག་ཅེས་བྱ་བ་ལ། སྟེང་དུ་སྐྱེས་པ་ནི་ཐོད་པ་སྟེ། དེའི་ནང་དུ་བདུད་རྩི་ལྔ་དང་བསྲེས་པའི ་ཚོན་རྩི་རྣམས་གཞག་པའོ། །སྐར་མ་རྒྱལ་ལ་སོགས་པ་ནི་བྲིས་སྐུ་བརྩམ་པའི་དུས་བསྟན་པ་ཡིན་ནོ། །ཡི་དགས་སེན་རྩི་ཞེས་བྱ་བ་ལ་སོགས་པ་ལ་རོའི་སོན་རྩི་དང། བལ་གྱི་སྡོང་བུ་བྱས་ལ་མར་ཆེན་ཞེས་བྱ་བ་ཏིལ་མར ་ཆེན་པོའི་མར་ལས་མེ་སྦར་བར་བྱའོ། །དྲིའི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ་དེས་བསྒོས་པའོ། །འདིར་གདུག་པ་ནི་ཤ་ཆེན་སྐམ་པོ་དང་ཙོང་དུ་བཅས་པ་གཟུང་བར་བྱའོ། །མཆོད་པའི་ཆོ་ག་དེ་ཉིད་སླར་གསུངས་པ། མེ་ཏོག་དམར ་དང་ཞེས་བྱ་བ་ལ་སོགས་པའོ། །ཉེ་བར་སྤྱོད་པའི་གཏོར་མ་ཞེས་བྱ་བ་ནི་ཉ་རློན་དང་བཅས་པའི་ཕྱིར་རོ། །རྫས་ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔ་དང་ལྡན་པའི་རྣམ་པ་ལྔ་ལ་སོགས་པའོ། །བདུད་རྩི་ལྔ་ཞེས་བྱ་བ་ནི་དམ་ཚིག་གི ་ཨརྒའི་ཆུ་སྦྱིན་པའོ། །རྣལ་འབྱོར་མ་དང་གཉིས་མེད་པར། །བྱིན་གྱིས་རློབས་ལ་ད་བསྒྲུབས་ཤིང་ཅེས་བྱ་བ་ནི་སྒྲུབ་པ་པོས་སྨྲ་བར་བྱ་བ་སྟེ། ཀྱཻ་ཁྱོད་དང་གཉིས་སུ་མེད་པར་གྱིས་ཞེས་པའི་བར་དུའོ། །ཟད་པ་ཉིད་དུ་ལོངས་སྤྱོད ་བྱ་ཞེས་བྱ་བ་ནི་ལྷག་མ་མེད་ན་སྟེར་གྱི་གཞན་དུ་མ་ཡིན་ནོ། །དྲག་པོའི་ས་བོན་ནི་ཀྵུཾ་སྟེ་གལ་ཏེ་སྔོན་དུ་འབུམ་ཕྲག་དུ་བཟླས་ཀྱང་མ་གྲུབ་པ་དེའི་ཚེ་ཨོཾ་དི་པེ་ཤ་རི་ཧཱུཾ་ཕུ་ཕུ་ཀྵུཾ་ཞེས་བྱ་བའི་སྔགས་འབུམ་དུ་བཟླས་པས་གཟིར་བར ་བྱའོ། །ལྷག་མ་ནི་གོ་སླའོ། །ས་ལ་ཁྲག་གིས་བྱུགས་ནས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་ས་གཞི་ལ་ཁྲག་གིས་ཀུན་ཏུ་ཕྱུགས་ནས་བསྒྲུབ་པར་བྱའོ། །རྡོ་རྗེ་མའི་ས་བོན་ནི་ཡི་གེ་སུ་ངོ། །རོ་ལངས་མའི་ས་བོན་ནི་ཡི་གེ་ཡུཾ་ངོ། །གཞན ་ཡང་རླུང་ཞེས་བྱ་བ་ནི་གང་དང་གང་འདོད་པའོ། །ཀྲིཾ་ཞེས་བྱ་བ་དང་གསོད་པ་དང། ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཕཊ་དོ། །མེ་སྦར་བའི་དབུས་སུ་ནི་ཞེས་བྱ་བ་ནི་སྦྱིན་སྲེག་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །བ་ལ་ཏ་ཀ་ནག་པོའི་ཤིང་ཞེས་བྱ ་བ་ནི་བ་ལ་ཏ་ཀ་དང་རི་ཏི་ཀ་ཞེས་བྱ་བའི་ཤིང་ངོ། །ཡུངས་ཀར་དང་ནི་བསྲེས་ནས་སུ་ཞེས་བྱ་བ་ནི་ཕོ་ཉ་དེའི་རས་རིས་རལ་གྲིས་དུམ་བུ་དུམ་བུར་གཏུབས་པ་དང་ངོ། །ཁ་ཅིག་ནི་ཕོ་ཉའི་མིང་ནས་གཟུང་ནས་ཡུངས་ཀར་འབའ་ཞིག ་བསྲེག་གོ་ཞེས་ཟེར་རོ། །མུ་སུན་དི་ཞེས་བྱ་བ་ནི་ཕུབ་ཆུང་ངོ། །ཁ་ཅིག་ནི་མཚོན་ཆའི་བྱེ་བྲག་ཞིག་གོ་ཞེས་ཟེར་རོ། །སྦྱོར་བའི་རིམ་པ་དེ་ཉིད་ཀྱི་ཞེས་བྱ་བ་ནི་རང་གི་མིང་གི་ཡི་གེའི་ས་བོན་ལས་བྱུང་བའི་སྦྱོར་བ་དེ་ཉིད་ཀྱིས་གཟའ ་རྣམས་ཀྱང་བསྒྲུབ་པར་བྱ་བའི་དོན་ཏོ། །ོཾ་ཞེས་བྱ་བ་དང་པོ་སྟེ། སྭཱཧཱའི་མཛའ་ཅན་བྱིན་གྱིས་བརླབ་ཅེས་པ་ནི་སྔགས་ཐམས་ཅད་ཀྱི་སླད་དུ་ཨོཾ་ཞེས་བྱ་བ་གདོན་ཞིང་མཐར་སྭཱཧཱ་ཞེས་བྱ་བ་བཟླའོ། །དེ་དག་གིས་ནི་འདི་སྐད་དུ་གང་གང ་གི་ཚེ་གཟའ་རྣམས་དུས་གཅིག་ཏུ་བསྒྲུབ་པར་འདོད་ན་དེའི་ཚེ་པདྨ་འདབ་མ་བརྒྱད་པའི་འདབ་མ་རྣམས་ལ་ཉི་མ་ལ་སོགས་པ་རིམ་བཞིན་བཀོད་ལ་དབུས་སུ་འབྱུང་པོ་འདུལ་བྱེད་ཀྱི་གཟུགས་བསམས་ནས། ཨོཾ་སརྦ་ཞེས་བྱ་བ་ལ ་སོགས་བཟླ་བར་བྱའོ། །གང་གི་ཚེ་སོ་སོར་བསྒྲུབ་པར་འདོད་ན་ནི་གང་སྒྲུབ་པར་བྱ་བ་དེ་ཉིད་དབུས་སུ་བཞག་ནས་རང་གི་མིང་དབུས་སུ་བཅུག་པའི་ཨོཾ་དང་སྭཱཧཱའི་སྔགས་བཟླ་བར་བྱའོ། །གལ་ཏེ་དེ་གཟས་ཟིན་པ་ཞི་བར་འདོད་པ ་ཡིན་ན་ནི་གཟའ་རྣམས་ཀྱི་ཐུན་མོང་གི་སྔགས་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བཟླ་བར་བྱའོ། །ཞེས་སྟོན་པར་འགྱུར་རོ། །འབྱུང་ཐམས་ཅད་ཅེས་བྱ་བ་ནི་བདེ་བྱེད་ལ་སོགས་པའོ། །གདོན་ཐམས་ཅད་ཅེས་བྱ་བ་ནི་གཟའ་ཉི་མ་ལ་སོགས ་པའོ། །སྒྲུབས་ཐབས་ནི་དེ་རྣམས་བསྐྱེད་པའི་ཆོ་ག་ལ་སོགས་པའོ། །འབྱུང་བ་ནི་བསྟན་པའོ། །གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ ་པར་བཤད་པ་ལས་ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་འཆི་ལྟས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གཟའ་ལ་སོགས་པ་ལ་གདུལ་བྱའི་ཆོ་ག་བཤད ་ཀྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གཟའ་ལ་སོགས་པའི་ཉེས་པས་འཆི་བར་འགྱུར་བས་དེའི་མཚན་མ་ཤེས་པར་བྱ་སྟེ། གཟའ་ལ་སོགས་པའི་གདོན་ཞི་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ ་ལྷ་མོ་རྣམས་ཀྱིས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་དེ་ཉིད་ཅེས་བྱ་བ་ནི་ནང་གི་འཆི་ལྟས་ལས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དེ་རླུང་གི་རང་བཞིན་གྱི་འཆི་ལྟས་སོ། །སྒྱུ་མ་ཆེ་ཞེས་བྱ་བ་ནི་བོད་པའོ། །རྩ་ཆེན་པོ་ནི་སུམ་ཅུ་རྩ ་གཉིས་ཞེས་བྱ་བ་ནི་ཇི་ལྟར་གྲགས་པའི་རྩ་ཆེན་པོ་སུམ་ཅུ་རྩ་གཉིས་ཏེ། འདི་ལ་མཛེས་མ་དང་རོ་བཅུད་མ་དང་ཀུན་བསྐྱོད་མ་གསུམ་ནི་བུལླི་ར་དང་མཱ་ལ་ཡའི་མིང་ཅན་གྱི་མགོ་བོའི་ཡན་ལག་གི་སྨིན་མའི་དབུས་དང ་གཡས་གཡོན་གྱི་ཆ་ལ་གནས་ཏེ། རྡུལ་དང་སྙིང་སྟོབས་དང་མུན་པའི་རང་བཞིན་གྱིས་གནས་པ་ཡིན་ནོ། །སུམ་རིམ་མ་དང་འདོད་པ་མོ་དང། ཁྱིམ་མ་དང་གཏུམ་མོ་དང། བདུད་འདུལ་མ་སྟེ་ལྔ་པོ་འདི་དག་ནི་ཀཱཉྩའི་མིང ་ཅན་གྱི་སྙིང་གའི་པདྨར་བསྟེན་ནས་བདུད་རྩི་ལྔ་འབབ་པས་ཉེ་བར་གནས་པ་ཡིན་ནོ། །ལྷག་མ་ཉི་ཤུ་རྩ་བཞི་དགོད་པ་འདིར་བརྗོད་པར་བྱ་སྟེ། མི་ཕྱེད་མ་ནི་ཡུལ་མཱ་ལ་ཡའི་མིང་ཅན་གྱི་མགོའི་དཔྲལ་བའི་ཆ་ལ་གནས་པ ་ཡིན་ནོ། །ཕྲ་མོའི་སྤྱི་གཙུག་ནའོ། །གསལ་བ་ནི་རྣ་བ་གཡས་ནའོ། །གཡོན་པ་ན་ནི་མགོ་བོའི་རྒྱབ་ཀྱི་ཆ་ལའོ། །འདུལ་བྱེད་མ་ནི་རྣ་བ་གཡོན་པ་ནའོ། །རུས་སྦལ་སྐྱེས་མ་ནི་སྨིན་མའི་དབུས་ནའོ། །སྲེད་པ་མོ་ནི་མིག་གཉིས་ནའོ། །དབང་སྒྱུར་མ་ནི ་ཕྲག་པ་གཉིས་ལའོ། །སྡང་བ་མོ་ནི་མཚན་ཁུང་གཉིས་ནའོ། །འཇུག་པ་མོ་ནི་ནུཾ་མ་གཉིས་སུའོ། །མ་མོ་ནི་ལྟེ་བར་རོ། །མཚན་མོ་ནི་སྣ་རྩེར་རོ། །བསིལ་སྟེར་མ་ནི་ཁར་རོ། །དྲོད་མ་ནི་མགྲིན་པར་རོ། །ཚད་མ་ནི་སླར་ཡང་སྙིང་གར་རོ། །མདོག་སྔོན་པོ ་ནི་ཆུ་སེར་རོ། །ཐུན་མོང་མ་ནི་མཆན་ལའོ། །རྒྱུ་སྦྱིན་མ་ནི་གཞད་ལའོ། །བྲལ་བ་མོ་ནི་བརླ་གཉིས་ལའོ། །ཛ་མོ་ནི་བྱིན་པ་གཉིས་ལའོ། །གྲུབ་མ་ནི་སོར་མོ་ཐམས་ཅད་ལའོ། །མེ་མོ་ནི་རྐང་པའི་བོལ་གཉིས་ལའོ། །ཡིད་འོང་མ་ནི་རྐང་པའི ་མཐེ་བོང་གཉིས་ལའོ། །གསུམ་པ་མ་ནི་པུས་མོའི་ལྷ་ང་གཉིས་ཏེ། ཐམས་ཅད་བསྡོམས་པས་སུམ་ཅུ་རྩ་གཉིས་སོ། །དེ་དག་གཞན་ལས་ཤིན་ཏུ་གཙོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྩ་གཉིས་པོ་དེ་དག་རྩ་གཞན་ལས་བལྟོས་ནས ་གཙོ་བོ་འམ་དམ་པ་ཞེས་བྱ་བའི་དོན་ཏོ། །བཅུ་དང་གཉིས་ནི་དེ་བཞིན་དུ་ཞེས་བྱ་བ་ལ། བཅུ་དང་གཉིས་ནི་བཅུ་གཉིས་པ་ཕྲག་གཉིས་ཏེ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་དག་གི་ནང་ན་ཡང་དམ་པར་འགྱུར་བའོ། ། ་ཅིའི་ཕྱིར་ཞེ་ན། དབྱངས་རྣམས་འཕོ་བའི་མཚན་ཉིད་དེ་ཞེས་བྱ་བ་ལ་དབྱངས་རྣམས་ནི་མ་ནིང་གི་ཡི་གེ་བཞི་སྤངས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ། །འཕོ་བ་ནི་ཆོས་ཀྱི་བྱེ་བྲག་གིས་རྩ་དེ་དང་དེར་ཡི་གེ་དེ་དང་དེའི་གཟུགས་ཀྱིས ་འགྲོ་བའོ། །མཚན་ཉིད་ནི་དེའི་རང་བཞིན་ནོ། །ཇི་ལྟར་འགྲོ་ཞེ་ན་ཡར་ངོ་མར་ངོའི་བྱེ་བྲག་གིས་ཏེ་ཟླ་བ་ཡར་ངོ་མར་ངོའི་བྱེ་བྲག་གིས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཁ་སྟེང་དུ་བལྟས་པ་དང་ཐུར་དུ་བལྟས་པའི་རང་བཞིན་གྱི ་དབྱངས་ཀྱི་ཡི་གེ་བཅུ་གཉིས་སུ་འཕོ་བ་སྟེ། དེ་ལ་པུལླི་ར་དང་མཱ་ལ་བ་དང། ཛཱ་ལན་དྷ་ར་དང། ཨོ་ཊི་ཡ་ན་དང། ཨ་བུར་ད་དང། གོ་དྷ་བ་རི་དང། རཱ་མེ་ཤྭ་ར་དང། དེ་བི་ཀོ་ཊི་དང། ཧི་མཱ་ལ་ཡ་དང། ཀཱ་མ་རུ་བ་དང ་ཨོ་ཊེ་དང། ཏྲི་ཤ་ཀུ་ནེ་དང། ཀོ་ས་ལའི་ཡུལ་རྣམས་སུ་ཡར་ངོའི་ཉི་མ་བཅུ་གཉིས་ལ་ཨ་ལ་སོགས་པའི་གཟུགས་ཀྱིས་གནས་པ་ཡིན་ཏེ། དེའི་ཚེ་ཕོ་ཉ་ལ་སོགས་པས་གནས་དེ་དང་དེར་རེག་པ་ལས་ཡི་གེ་དང་དེའི་སྐྱོན་དང་ཡོན་ཏན ་ཤེས་པར་བྱའོ་ཞེས་སྔར་བཤད་པ་དང་སྦྱར་བར་བྱའོ། །དེ་བཞིན་དུ་ཟླ་བ་མར་ངོ་ལ་ཀ་ལིང་ག་ལ་སོགས་པའི་གནས་རྣམས་སུ་ཡི་གེ་བཅུ་གཉིས་ཀྱི་གཟུགས་ཀྱིས་གནས་པ་ལ་རེག་པའི་མཚན་མ་བལྟ་བ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །ཉི་ཤུ་རྩ ་བཞིར་བརྗོད་པ་ཡིན་ཞེས་བྱ་བ་ནི་ཚེས་བཅུ་གསུམ་དང། བཅུ་བཞི་དང་བཅོ་ལྔ་རྣམས་ཟླ་བའི་ངོ་གཉིས་ཀ་ལ་ཡང་ཚེས་གསུམ་དང་བཞི་དང་ལྔར་བསྡུས་ནས་ཉི་མ་ཉི་ཤུ་རྩ་བཞིར་བརྩི་བར་བྱའོ། །དུས་ནི་གསར་དང་སྙིང་པ་དག་ཅེས་པ་ལ་གསར ་པ་ནི་དུས་མྱུར་བར་འཆི་བའོ། །རྙིང་པ་ནི་དུས་རིང་མོ་ཞིག་ན་འཆི་བ་སྟེ་དེ་དག་གི་མཚན་མའོ། །འཆི་བའི་དུས་ལ་བབ་པར་གནས་བྱ་བ་ངེས་པར་འཆི་བའི་དུས་ལ་བབ་པར་སྟོན་པའོ། །དགུགས་ནི་རྣམ་པར་རྒོད་ཙམ་གྱིས་ཤེས་བྱ་བ་ནི་དབུགས ་ཐ་མལ་བར་གནས་པའི་མཚན་ཉིད་ལས་ཕྱིན་ཅི་ལོག་ཏུ་རྒྱུ་བ་སྟེ། འཕེལ་བ་དང་འབྲི་བར་གནས་པའོ། །རྒྱས་པར་འོག་ནས་བཤད་པར་བྱའོ། །ལུས་ཅན་དྲུག་དང་གཉིས་ཀྱིས་འཆི་ཞེས་བྱ་བ་ལ། དྲུག་དང་གཉིས་ནི་བརྒྱད་དེ། གལ་ཏེ་ཉི་མ ་བརྒྱད་དུ་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བར་གྱུར་ན་ལོ་གཉིས་དང་ཟླ་བ་བཞི་དང་ཉི་མ་ཉི་ཤུ་རྩ་བཞིས་འཆི་བར་འགྱུར་བ་ཡིན་ཏེ། དེ་བཞིན་ལོ་གཉིས་ཟླ་བ་ནི་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་དང་སྦྱར་བར་བྱའོ། འཆི་བ་ནི ་སྲོག་ཟད་པར་འགྱུར་བའོ། །སྔ་དྲོ་རོ་ཧི་ཏ་དུས་སུ། །དེའི་མཚན་མ་མཚོན་པར་བྱ་ཞེས་བྱ་བ་ལ། ན་མ་ལངས་ནས་ཐུན་ཕྱེད་ཀྱི་བར་དུ་ནི་རོ་ཧི་ཏའི་དུས་ཏེ་དུས་དེར་བརྟག་ཏུ་བལྟ་བ་དང། དེ་ནས་གཟུང་སྟེ་བརྩི་བར་བྱ་བའི་དོན་ཏོ། །ལུས་ཀྱི་མཚན ་མའི་གནས་གསུངས་པ། སྣང་དང་ཞེས་བྱ་བ་ལ་སོགས་པ་ལ་བརླ་དང་བྱིན་པ་དེ་བཞིན་གཞན་ཞེས་བྱ་བ་ནི་བརླ་དག་དང་བྱིན་པ་དག་ཏུའོ། །དབུགས་ནི་ཆད་ཅིང་ཆད་གྱུར་པ་ཞེས་བྱ་བ་ནི་སྲོག་འཆད་པ་སྟེ་འཆི་བར་འགྱུར་བའོ། །འཆི་བའི་དུས་ནི ་སྟོན་པར་བྱེད་ཅེས་བྱ་བ་ནི་ལུས་ཅན་རྣམས་ཀྱི་སྲོག་དུས་ཇི་སྙེད་ཅིག་གིས་འཇིག་པར་འགྱུར་བའི་མཚན་མ་གསལ་པོར་སྟོན་པའོ། །ཉི་མའི་གྲངས་ཀྱི་ཚད་ཀྱིས་ནི་ཞེས་བྱ་བ་ནི་ཉི་མ་ལྔ་དང་དྲུག་ལ་སོགས་པའི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི ་སྟོབས་ཀྱིས་སོ། །འཁོར་ལོས་དུས་ཀྱི་བདག་ཉིད་བརྩི་ཞེས་བྱ་བ་ལ་དུས་ཀྱི་བདག་ཉིད་ནི་ལོ་དང་ཟླ་བ་ལ་སོགས་པ་ཇི་སྙེད་ཅིག་གིས་འཆི་བར་འགྱུར་བའོ། །གང་གི་ཞེ་ན། འཁོར་ལོས་ཏེ། དུས་ཀྱི་འཁོར་ལོ་སྔར་བཤད་པ་ལྟ་བུས་སོ། །སྒོ ་གཅིག་ནས་ནི་ཉིན་དྲུག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། འོག་ནས་ལྔ་ནས་ཉི་ཤུ་ལྔའི་བར་འདི་དག་གི་བརྗོད་བྱ་སྟེ། དེ་ནས་བཅུ་གསུམ་གསུམ་གྱི་བར་དུ་རེ་རེ་སྤེལ་བར་བྱ། དགུན་ཟླ་ཐ་ཆུང་ཉི་མ་ལ་མཚུངས་གསུམ་མིག་ཟླ་བ་དྲུག་། ་གསུམ་ཟུང་ཟླ་སྟེ་ཟླ་ལྟག་ཆོས་ཕྱོགས་མདའ་ཡན་ཏན་ཐིག་ལེ། །ཞག་གྲངས་ཡིན་ཏེ་དེ་དག་འཚོ་བ་བཤད་པ་ཡིན། ལྔ་ལས་བཅུ་ཡི་བར་དང་དེ་བཞིན་བཅུ་ལས་ནི། །བཅོ་ལྔའི་བར་ཏེ་དེ་ནས་ཉི་ཤུའི་བར་དང་ནི། །དེ་ནས་ཉི་ཤུ་ལྔའི་བར ་དུ་ཡང་སྦྱར་བར་བྱ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་གྱི་འཁོར་ལོ་སྔར་བཤད་པ་ལས་འདིར་ནི་ལྔ་ནས་ཉི་ཤུ་རྩ་ལྔའི་བར་གྱི་བར་བར་གྱི་ཉི་མ་དག་གི་དུས་བསྟན་པ་ཡིན་ནོ། །དེ་ལས་ལྔ་དང་བཅུའི་བར་གྱི་དང་པོ་བརྩི་བར་བྱ་སྟེ། ? ་དྲུག་དྲུག་དུ་སྒོ་གཅིག་ནས་ཞེས་བྱ་བ་གཡས་ཀྱི་སྒོ་ནས་རྒྱུ་གྱུར་པ་ཞེས་བྱ་བ་དང་སྦྱར་ཏེ། དེས་ཇི་སྙེད་ཅིག་གིས་འཆི་བར་འགྱུར་ཞེ་ན། དེ་ཉིད་བསྟན་པའི་ཕྱིར་ཡོན་ཏན་གསུམ་གྱི་ལོ་དག་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ལོ་རེ་རེ་ཞིང་ཞག་དྲུག་ཅུ་དང་བཅས་པའི་ཞག་སུམ་བརྒྱ་སུམ་བརྒྱར་གནས་པ་ལས་སྔར་བསྟན་པ་ལྟར་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བ་ལ་ཡོན་ཏན་གསུམ་གྱི་ལོ་སྟེ་ལ་གསུམ་དུ་འཚོ་བ་ལས། ཉི་མ་དྲུག་ཏུ་རླུང་ཕྱིན་ཅི ་ལོག་ཏུ་རྒྱུ་བ་འདིའི་ཉི་མ་ལ་སོགས་པའི་ཚེའི་ཚད་དབྲི་བར་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར། ལོ་གཉིས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཀྱི་གྲངས་ཞེས་བྱ་བ་ནི་ཟླ་བ་དྲུག་གོ་།ལྷག་མ་ནི་གོ་སླའོ། །ཉི་མ་དག་ནི་བདུན ་དང་མཛའ་། །གལ་ཏེ་རླུང་ནི་རྒྱུ་གྱུར་ན། །ཞེས་བྱ་བ་ལ། ཉི་མ་བདུན་དུ་རླུང་སྟེ་སྣ་སྒོའི་དབུགས་ཕྱིན་ཅི་ལོག་ཏུ་རྒྱུ་བར་གྱུར་ནའོ། །ལོ་གཉིས་དང་ནི་དེ་བཞིན་དུ། །ཟླ་བ་དྲུག་ཏུ་འཚོ་འགྱུར་ཞིང་ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་ཉི་མའི ་གྲངས་བསྟན་པ་སྟེ་ཉི་མ་བཅུའོ། །འཚོ་ཞེས་བྱ་བ་ནི་དུས་དེར་གནས་པ་སྟེ་དེའི་འོག་ཏུ་འཇིག་པར་འགྱུར་རོ། །དེ་ལྟར་ན་ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅུས་འཆི་བར་སྟོན་ཏོ། །དེ་བཞིན་ལོ་གཉིས་ཟླ་བ་ནི་ཞེས་བྱ་བ་ལ་སོགས ་པ་ལ། དེ་བཞིན་ཞེས་བྱ་བ་ནི། དབུགས་ནི་རྣམ་པར་རྒོད་གྱུར་ན། །ལུས་ཅན་དྲུག་དང་གཉིས་ཀྱིས་འཆི་ཞེས་བྱ་བ་དང་འབྲེལ་བར་བྱེད་པའི་ཚིག་ཡིན་ནོ། །རིག་བྱེད་ཅེས་བྱ་བ་ནི་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང ་སྙན་ཚིག་གི་རིག་བྱེད་དང། སྲིང་སྲུང་གི་རིག་བྱེད་དེ། དེའི་གྲངས་ཀྱིས་ཟླ་བའོ། །གལ་ཏེ་ཉིན་དགུ་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་གྲངས་ནི་ཉི་མ་བཅུ་གཉིས་ཀྱི་གྲངས་ཀྱིས་ཉིན་ཞག་གོ་།ལུས་ཅན་རྣམས་ཀྱི་སྦྱོར་བ་ཡིན་ཞེས་བྱ་བ་ལ། ་སྦྱོར་བ་ཞེས་བྱ་བ་ནི་འཚོ་ཞིང་གནས་པའོ། །གལ་ཏེ་ཉིན་ཞག་བཅུ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་འདི་ནི་རྐང་པ་ལྔ་པའི་ཚིགས་སུ་བཅད་པ་ཡིན་ཏེ། སྒོ་གཅིག་ཅེས་བྱ་བ་ནི་གཡས་ཀྱི་སྒོ་འབའ་ཞིག་གོ་།ཉིན་ཞག་བཅུ་གཉིས་ཞེས་བྱ་བ་ལ་སོགས ་པ་ལ། དབྱངས་ཀྱི་གྲངས་ཞེས་བྱ་བ་ནི་ཀླུའི་བྱེ་བྲག་སྟེ་རྣམ་པ་བདུན་ནོ། །དུས་ཀྱི་གྲངས་ནི་དྲུག་སྟེ་བཤད་ཟིན་ཏོ། །གལ་ཏེ་ཉི་མ་བཅུ་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གལ་ཏེ་བདུན་ཕྲག་གཉིས་སུ་ནི་ཞེས་བྱ་བ་ལ་སོགས་པ་ལ་བདུན ་ཕྲག་གཉིས་ནི་བཅུ་བཞིར་རོ། །ཉི་མ་བཅུའི་ཕྱེད་དག་ཏུ་ཞེས་བྱ་བ་ནི་ཉི་མ་ལྔའོ། །གང་ཞིག་ཉི་མ་ལྔ་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་གསུམ་པའི་ཚིགས་སུ་བཅད་པ་སྟེ། ལྟ་འོག་གཞན་དག་ཏུ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །ལྔ་གསུམ ་ཞེས་བྱ་བ་ནི་བཅོ་ལྔ་པའོ། །གང་ཞིག་བརྒྱ་ཕྲག་གཉིས་སུ་ན་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་ཕྲག་གཉིས་ནི་བཅུ་དྲུག་དྲུག་སྟེ། ཉི་མ་བཅུ་དྲུག་ཏུ་རླུང་ལུགས་ལས་བཟློག་ནས་རྒྱུ་བའི་ཚེའི་ཚང་བསྟན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །གལ་ཏེ ་ཉིན་ཞག་བཅུ་དགུ་རུ་ཞེས་བྱ་བ་སོགས་པ་ལ། དྲིའི་བཞོན་པ་ཞེས་བྱ་བ་ནི་རླུང་སྟེ་དྲི་ཐམས་ཅད་བསྡུས་ནས་འདྲེན་པར་བྱེད་པ་སྟེ་རྟ་ལྟ་བུའོ། །ཉི་མའི་ལམ་ཞེས་བྱ་བ་ནི་སྣའི་སྒོ་གཡས་པ་སྟེ། ཕལ་ཆེར་རླུང་ཚེ་བ་འཇུག་པའི་ཕྱིར་རོ། །ལྷག་མ་ནི ་གོ་སླའོ། །དེ་ལས་གོང་མ་སྔར་བསྟན་པའི་གྲངས་ལས་མདོར་བསྡུ་ཤེས་པར་བྱ་ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་དྲུག་ནས་སུམ་ཅུའི་བར་དུ་ནི་ལྔ་པའི་ཚུལ་གྱིས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལས་ཏེ་སྔར་བསྟན་པ་དག་ལས། གོང ་མ་སྟེ་ལྔ་ནས་ཉི་ཤུ་ལྔའི་བར་གྱི་གྲངས་ཏེ་འཆི་བའི་དུས་ཀྱི་གྲངས་རྣམས་ཤེས་པར་བྱ་སྟེ། འོག་ནས་སྟོན་པས་དེར་ཤེས་པར་བྱའོ། །བཅུ་དང་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གཞུང་ཉེ་བར་བསྡུ་བ་ཡིན་ནོ། །བཅུ་དང་གཉིས་ནི་བཅུ ་གཉིས་ཏེ། ཉི་མ་ལྔ་ནས་ཉི་ཤུའི་བར་གྱི་ཉི་མ་བཞི་ཕྲག་གསུམ་པོ་དག་གི་བརྩི་བ་ཡིན་ནོ། །བར་ཞེས་བྱ་བ་ནི་ཉི་ཤུ་ནས་ཉི་ཤུ་རྩ་ལྔའི་བར་གྱིས་བཞི་ཕྲག་ཐ་མའོ། །གཞུང་ཁ་ཅིག་ལས་ནི་བཅུ་དང་དྲུག ་གི་རྩིས་ལས་ནི་ཞེས་འབྱུང་སྟེ། དེའི་ཚེ་ཤིན་ཏུ་གོ་སླའོ། །ཤིན་ཏུ་ཕྲ་བ་ངས་བཤད་ལ་ཞེས་བྱ་བ་ནི་ནང་གི་མཚན་མ་རླུང་གི་རྒྱུ་བའོ། །ཁམས་རྣམས་སྙོམས་པའི་ལུས་ལ་ནི་ཞེས་བྱ་བ་ནི་ཁ་ཟས་ཚོད་ཟིན་པ་དང། རྗེས་སུ་མཐུན་པའི་ཁ་ཟས་ཟ ་བ་དང། ནད་ལ་སོགས་པས་མ་ཉམས་ཤིང་མི་མཐུན་པའི་རྐྱེན་མེད་པའི་ཐ་མལ་པའི་ལུས་ལ་བལྟ་བར་བྱའི་གཞན་དུ་ནི་ཡིད་མི་ཆེས་པའི་རྒྱུར་འགྱུར་རོ། །དེ་དག་ཅེས་བྱ་བ་ནི་སྔར་བསྟན་པའི་ཉི་མ་དྲུག་ལ་སོགས་པའི་འཆི་ལྟས་དེ་དག་གོ་། ་ད་ནི་ངེས་པར་འཆི་བར་འགྱུར་བའི་ལུས་ཀྱི་མཚན་མ་བསྟན་པར་བྱ་བའི་ཕྱིར་སྒོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཁམས་རྣམས་སྙོམས་པའི་ཡུལ་ལ་ནི་ཞེས་བྱ་བ་དང་སྦྱར་རོ། །སྟེང་དུ་བལྟས་པས་ཞེས་བྱ་བ་ནི་དུས། ་ལ་བབ་པ་ན་རྩ་དེ་སྟེང་དུ་བལྟས་པའོ། །ཡང་ན་ཡི་གེའི་གཟུགས་ཀྱིས་སྟེང་དུ་བལྟས་པར་གནས་པའོ། །སྣའི་བར་ཤ་ཞེས་བྱ་བ་ནི་སྣ་སྒོ་གཉིས་ཀྱི་བར་ན་གནས་པའི་སྣ་ཟམ་གྱི་ཤའོ། །ཆད་པ་ནི་དེའི་དབུས་ན་གནས་པའི་རྩ་ཆད་ན ་སྟེང་དུ་བལྟས་པར་འགྱུར་ཞིང་སྣ་ཡོན་པོར་འགྱུར་ཏེ། དེ་ནི་ཡི་གེ་རིའི་གཟུགས་ཀྱིས་གནས་པ་ཡིན་ནོ། །ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད་ཅེས་བྱ་བ་ནི་དེ་བཞིན་ལོ་གཉིས་ཟླ་བ་ནི་རིག་བྱེད་ཀྱི་གྲངས་དང་ནི་ཞེས་བྱ་བ་དང་སྦྱར ་བའི་ཉི་མ་བདུན་གྱིས་སོ། །ཆ་ཤས་དགུ་ནི་ཡང་དག་གནས་ཞེས་བྱ་བ་ལ། ཆ་ཤས་ནི་ཆ་སྟེ་དབྱངས་ཡིག་དགུ་པ་ལ་བྱ་ལ་དེར་ཡང་དག་པར་གནས་པ་ནི་ལིའི་གཟུགས་སུ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཅེ་ན། མིག་གི ་སྟེ་མིག་གི་རྩ་ལའོ། །ཆུ་ནི་ཆད་གྱུར་ན་ཞེས་བྱ་བ་ནི་མིག་ཆུ་དང་མཆི་མ་མེད་ཅིང་སྐམ་པོར་གྱུར་པའོ། །སྟེང་དུ་བལྟས་ཞེས་བྱ་བ་ནི་མིག་གི་རྩ་དེ་ཆད་པའི་ཚེའི་སྟེང་དུ་བལྟ་བའོ། །ཆ་ཤས་བཅུ་ཞེས་བྱ་བ་ནི་ཡི་གེ་ལིའོ། །རྣ་བ་གཡོན་དང་འགྲམ ་པའི་ཞེས་བྱ་བ་ནི་གོ་དཱ་བ་རིའི་མིང་ཅན་གྱི་རྣ་བ་གཡོན་པའི་འོག་འགྲམ་པའི་ཕྱི་རོལ་གྱི་སྣ་རྩེའི་རྩ་སྟེ། དེ་ཆད་ན་ཉིན་ཞག་གཅིག་ལས་མི་འཚོ། །ཤ་ཤས་བཅུ་གཅིག་ཅེས་བྱ་བ་ནི་ཡི་གེ་ཨེའོ། །རྣ་བ་གཡས་པར་བརྟེན་པ་ཞེས་བྱ་བ་ནི་རྣ ་བ་གཡས་ཀྱི་འོག་འགྲམ་པའི་ངོས་སྣ་རྩེའི་རྩ་སྟེ། དེ་ཆད་པའི་ཚེ་འགྲམ་པའི་མཚམས་འབྱེད་ཞིང་རི་མོ་སྣང་བར་འགྱུར་རོ། །དེ་ལྟར་གཡོན་པ་ལ་ཡང་སྦྱར་བར་བྱའོ། །ཉིན་ཞག་བཅོ་བརྒྱད་དག་ན་འཆད་ཅེས་བྱ་བ་ནི་གྲི་ལྟར་སྲོག་གཅོད་པར ་བྱེད་པའི་རྩའོ། །ཆ་ཤས་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ཆ་ཤས་བཅུ་གཉིས་ནི་ཡི་གེ་ཨེའོ། །ལྕེའི་སྐུད་པ་གནག་མཐོང་ན་ཞེས་བྱ་བ་ནི་ལྕེ་ལ་གནས་པའི་རྩ་འཆད་པར་གྱུར་ན་ལྕེའི་སྐུད་པ་སྟེ་ལྕེའི་རྩེ་མོའི་སྟེང་གི་རི་མོ་ནག་པོར ་འགྱུར་བའོ། །དུས་ཀྱི་ཉིན་ཞག་ཅེས་བྱ་བ་ནི་ཉི་མ་དྲུག་ནའོ། །ཁ་ཅིག་ནི་ཞག་གཉིས་ནའོ་ཞེས་ཟེར་རོ། །ཆ་ཤས་བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་ཆ་ཤས་བཅུ་གསུམ་ནི་ཡི་གེ་ཨོའོ། །དེ་བཞིན་དུ་སྟེང་དུ་འབར་བའི་ཞེས་བྱ་བ ་ནི་སའི་མཚམས་ན་གནས་པའི་རྩ་དོན་འབར་བའི་སྒོ་ཞེས་བྱ་བར་གྲགས་པའོ། །འབྱུང་བ་དག་ནི་མ་ལུས་འདྲེན་ཞེས་བྱ་བ་ནི་རྩ་དེ་འབྱུང་བ་ཆེན་པོ་བཞི་འཇུག་པའི་ལམ་ཡིན་པའི་ཕྱིར་རོ། །སྟེང་འོག་སོ་ནི་འཐམས་གྱུར་ན། ཞེས་བྱ་བ་ནི་སོའི ་མཚམས་ཀྱི་རྩ་དེ་འཆད་པའི་ཚེ་སྟེང་འོག་གི་སོའི་ཕྲེང་བ་གཉིས་འཐམས་ཤིང་མི་ཕྱེད་པར་འགྱུར་རོ། །དུས་གྲངས་ཉི་མས་འགྲོ་ཞེས་བྱ་བས་ན་ཉི་མ་དྲུག་ནའོ། །ཁ་ཅིག་ནི་ཉིན་ཞག་གསུམ་ནའོ་ཞེས་ཟེར་རོ། །དབྱངས་ཡིག་བཅུ་བཞི་ཞེས ་བྱ་བ་ནི་ཡི་གེ་ཨཽ་སྟེ་ཆ་ཤས་བཅུ་བཞི་ཞེས་བྱ་བར་སྦྱར་རོ། །སྟེང་དུ་བལྟས་པ་ཞེས་གྲགས་པ་ཞེས་བྱ་བ་ནི་མགྲིན་པའི་ཕྱི་རོལ་བདུན་གྱི་བློ་ན་གནས་པའི་རྩ་གཉིས་པོ་དེ་འཆད་པ་ན་སྟེང་དུ་བལྟ་བར ་འགྱུར་ཏེ། དེའི་ཚེ་དབུགས་རྩེག་པར་འགྱུར་རོ། །ཆ་ཤས་བཅོ་ལྔ་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤས་བཅོ་ལྔ་ནི་ཡི་གེ་ཨཾ་ངོ། །སྟེང་དུ་བལྟས་པ་ནི་བཤད་ཟིན་ཏོ། །བྲང་གི་དྲ་བ་ཞོམ་གྱུར་ན་ཞེས་བྱ་བ་ནི་བྲང་གི་དྲ་བ་ལ ་གནས་པའི་རྩ་དེ་ཆད་པ་ན་བྲང་གི་དྲ་བ་དམའ་ཞིང་ཞོམ་པར་འགྱུར་རོ། །ཟླ་བ་ཕྱེད་ན་གདོན་མི་ཟ་ཞེས་བྱ་བ་ལ། གདོན་མི་ཟ་བ་ནི་ངེས་པ་སྟེ་འཆི་བར་འགྱུར་བ་ཞེས་བྱ་བའི་ལྷག་མ་ཡིན་ནོ། །ཆ་ཤས་བཅུ་དྲུག་ཅེས་བྱ་བ་ནི་དབྱངས ་ཡིག་བཅུ་དྲུག་པ་ཨ:ཱོ། །རྫོགས་པ་ཞེས་བྱ་བ་ནི་མཐར་གྱུར་པའོ། །སེན་མོའི་ཁྲག་ནི་མེར་གྱུར་ན་ཞེས་བྱ་བ་ནི་ལྟེ་བའི་དབུས་ན་གནས་པའི་རྩ་ཆད་པར་གྱུར་པའི་ཚེ་དབུགས་མི་ཐོན་པ་དང་སེན་མོ་ཁྲག་མེད་པ་སྟེ། སེན་མོའི ་མདོག་མེད་ཅིང་སྐྱེ་བོར་གྱུར་པ་ཞེས་བྱ་བའི་བར་དུའོ། །ཉིན་ཞག་བཅུ་ན་ཡང་དག་ཉལ་ཞེས་བྱ་བ་ནི་ཉི་མ་བཅུའི་མཐར་ཡང་དག་ཉལ་སྟེ་ལེགས་པར་ཉལ་ཞིང་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་ཞེས་བྱ་བ་ལ་སོགས ་པ་ལ། ཆ་ཤས་བཅུ་བདུན་ཞེས་བྱ་བ་ནི་ཐིག་ལེའོ། །བརླའི་མཚན་མ་ཞེས་བྱ་བ་ནི་བརླ་ལ་གནས་པའི་རྩ་དེ་ཆད་པ་ན་དབུགས་སྟེང་དུ་འགྲོ་ཞིང་རྒྱུ་བ་མི་བདེ་པར་འགྱུར་རོ། །ཆ་ཤས་བཅོ་བརྒྱད་ཅེས་བྱ་བ་ནི་ཐིག་ལེའི་སྟེང་ན་གནས་པའི་རི ་མོའོ། །བྱིན་པ་ལ་ནི་གནས་པའི་རྩ་ཞེས་བྱ་བ་ལ་སོགས་པ་ལ། བྱིན་པ་ལ་གནས་པའི་རྩ་ཆད་ན་བྱིན་པ་མི་ཐེག་ཅིང་རེངས་པར་འགྱུར་རོ། །ཆ་ཤས་ཉི་ཤུ་ཞེས་བྱ་བ་ནི་བཅུ་དང་གཉིས་ཏེ། འོག་ནས་འབྱུང་བའི་བཅུ་གཉིས་པ་ཞེས ་བྱ་བ་དང་མཐུན་པར་སྦྱར་རོ། །དེ་ཡང་འདིར་ཨ་གཟུང་བར་བྱའོ། །ཆུ་སོ་དེ་བཞིན་སྟེང་བལྟས་པ་ཞེས་བྱ་བ་ནི་ཆུ་སོ་ལ་གནས་པའི་རྩ་ཆད་པ་ནི་ཆུ་སོའི་ཚངས་པའི་སྐུད་པ་མི་མཐོང་བར་འགྱུར་རོ། །བཅུ་གཉིས་ཞེས་བྱ་བ་ནི་ཆ་ཤས་བཅུ་དྲུག་པ་གཟུང་བར ་བྱའོ། །ལྷག་མ་ནི་གོ་སླའོ། །རེའུ་མིག་བཅུ་གཉིས་བརྩིས་པ་ལ་ཞེས་བྱ་བ་ནི་དུས་ཀྱི་འཁོར་ལོ་བྲི་བ་སྟེ་སྔར་བཤད་ཟིན་ཏོ། །བདུན་ཅུ་རྩ་གཉིས་རིམ་པ་དང་ཞེས་བྱ་བ་ལ་ལོ་གཅིག་གི་།ཟླ་བ་བཅུ་གཉིས་སུ་ཆད་པ་ལ་ཟླ་བ་རེ་རེ་ཞིང་ཞག་དྲུག་དྲུག་དབྲི་བར་བྱ་བ ་ཡིན་ཏེ། འདི་ལྟར་ཟླ་བ་ཡར་ངོ་ལ་ཚེས་བཅུ་གསུམ་དང། བཅུ་བཞི་དང། ཉའི་ཉི་མ་རྣམས་ཚེས་གསུམ་དང། བཞི་དང། ལྔ་ལས་གུང་དུ་བགྲང་བར་མི་བྱ་བ་དང། དེ་བཞིན་དུ། ཟླ་བ་ངོ་གཅིག་གི་མར་ངོ་ལ་ཡང་མར་དོའི་བཅུ་གསུམ་དང། བཅུ་བཞི་དང། ་གནམ་སྟོང་གི་ཉི་མ་རྣམས་མར་དོའི་ཚེས་གསུམ་དང། ཚེས་བཞི་དང། ཚེས་ལྔ་ལས་གུད་དུ་བགྲང་བར་མི་བྱ་སྟེ། དེ་ལྟར་ན་ལོ་གཅིག་ལ་ཞག་བདུན་ཅུ་རྩ་གཉིས་དབྲི་བའི་དོན་ཏོ། །ད་ནི་ལོ་དང་ཞག་གི་དབུགས་དང་ཆུ་ཚོད་ཀྱི་གྲངས་ངེས་པ་སླར ་ཡང་བསྟན་པའི་ཕྱིར། སུམ་ཅུ་རྩ་དྲུག་བཅོ་བརྒྱད་ཀྱི་ཞེས་བྱ་བ་གསུངས་ཏེ། འདི་ལྟར་སུམ་ཅུ་རྩ་དྲུག་གི་མཚན་མ་དུམ་བུ་གཉིས་སུ་བགོས་པས་བཅོ་བརྒྱད་ཀྱི་མཚན་མ་གཉིས་སུ་བྱའོ། །དེ་ལ་བཅུ་ཕྲག་གཉིས་ཀྱི་མཚན་མ་གཅིག་ཏུ་གུད་དུ ་བྱས་ལ། བརྒྱ་ཕྲག་གཉིས་བསྡོམས་པའི་མཚན་མ་ཡང་དེའི་དྲུང་དུ་བྲི་སྟེ། དེའི་གློར་ཐིག་ལེ་ལྔ་པ་གཉིས་པོ་སྦྲེང་བའི་ཚུལ་བཞག་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱི་མཚན་མར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ཞེས་བྱ་བ་ནི་ཡོངས་སུ ་རྫོགས་པའི་ཚིག་གོ་།རྩ་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་རྩའི་མཉམ་པར་སྦྱོར་བ་ནི་རྩ་རྣམས་ཀྱི་ཆ་ཇི་ལྟར་གནས་པའོ། །དབུགས་འབྱུང་བ་ཞེས་བྱ་བ་ནི་ཉི་མ་དྲུག་ལ་སོགས་པའི་དབུགས་ཀྱི་རྒྱུ་བའོ། །ཆོ་ག་ནི་དེ་སྟོན་པར ་བྱེད་པའི་རིམ་པར་ཕྱེ་བ་ཉིད་དོ། །གཉིས་པར་ན་རྩ་དང་མཉམ་པར་སྦྱོར་བ་ནི་སྣ་ལ་གནས་པའི་རྩ་ལ་སོགས་པ་ཆད་པས་སྣ་ཡོན་པར་འགྱུར་བ་ལ་སོགས་པའི་མཚན་མ་ནི་རྩ་དང་མཉམ ་པར་སྦྱོར་བའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། རིམ་པར་ཕྱེ་བ་ཉི་ཤུ་བའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།ད་ནི་འཆི་བའི་མཚན་མ་ཤེས་སུ ་ཟིན་ཀྱང་གང་གི་ཚེ་ལྟས་ངན་བཟློག་པར་མ་ནུས་པ་དེའི་ཚེ་གོང་དུ་འཕོ་ཞིང་རྣམ་པར་ཤེས་པས་ལུས་གཏང་ནས་གནས་ཁྱད་པར་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་འཆི་ལྟས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་བཤད་ནས། གོང་དུ་འཕོ་བའི་ཡན ་ལག་དང་ཉིང་ལག་ཐམས་ཅད་བསྟན་པར་བྱ་བའི་ཕྱིར། སྒོ་དགུ་པོའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྒོ་དགུ་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་སྒོ་དགུའོ། །མཚན་ཉིད་ནི་རང་བཞིན་ནོ། །རྩ་ནི་མངོན་པར་གནས ་པའི་ཞེས་བྱ་བ་ནི་སྒོ་ཡངས་པའི་སྒོ་དགུའི་རྩའོ། །ཡོན་ཏན་སྐྱོན་རྣམས་ཇི་ལྟར་བལྟ་ཞེས་བྱ་བ་ནི་སྒོ་དེ་རྣམས་ཀྱིས་འགྲོ་བ་དང་འོང་བའི་སྐྱོན་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ནི་སྒོ་ཡངས་བ་དེ་རྣམས་ཀྱིའོ། བྱེ་བྲག་ནི་ཕན་ཚུན་གྱི་ཁྱད་པར་རོ།། ་ཡེ་ཤེས་དབང་ལ་ཞེས་བྱ་བ་ནི་གོང་དུ་འཕོ་བ་ལ་སོགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་ལ་ཏེ་བོད་པའོ། །ལན་གསུངས་པ་གོང་དུ་འཕོ་བ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་བདག་ཉིད་སྦྱངས་བྱས་ལ་ཞེས་བྱ་བ་ནི་གོང་དུ་འཕོ་བའི་དངོས ་གྲུབ་ཀྱི་ཕྱིར་དང་པོ་བདག་ཉིད་ཀྱི་ལུས་གཏུམ་མོའི་རྣལ་འབྱོར་གྱིས་སྦྱངས་ལ་ཁམས་མཉམ་པ་ཉིད་དུ་བྱའོ། །ཕྱི་ནས་ལས་ནི་བརྩམས་པར་བྱ་བ་ནི་སྦྱངས་ཀྱི་འོག་ཏུ་གོང་དུ་འཕོ་བའི་ལས་བརྩམས་པར་བྱ་སྟེ། དཔེར་ན་ཞི་བས་ལེགས ་པར་བྱི་དོར་བྱས་ནས་ས་བོན་བཟང་པོ་བཏབ་ན་ངེས་པར་འབྲས་བུ་སྨིན་པར་འགྱུར་བ་བཞིན་དུ་བལྟ་བར་བྱའོ། །རྣལ་འབྱོར་དེ་གསུངས་པ། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་ལ། གཟུགས་མེད་གནས་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར ་ལོ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཡིན་པས་བརྗོད་དུ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། གཟུགས་ནི་བརྗོད་པའི་ངོ་བོ་ཉིད་དུ་འདོད་པའི་ཕྱིར་རོ། །མདོག་སྔོ་བའི་པདྨ་ཞེས་བྱ་བ་ནི་མགོའི་ནང་དུ་བདེ་བ་ཆེན་པོའི་འཁོར་ལོ ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་སྔོན་པོའོ། །ཟླ་བ་ལྟ་བུར་འཛག་ཅེས་བྱ་བ་ནི་དེའི་དབུས་སུ་ཧཾ་དཀར་པོ་ཁ་ཐུར་དུ་བལྟས་ཏེ་བདུད་རྩི་འཇིག་པའོ། །སླར་ཡང་གཟུགས་སུ་གནས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའི་འཁོར ་ལོ་བསྟན་པ་ཡིན་ཏེ། དེ་ལ་གཟུགས་ཞེས་བྱ་བ་ནི་བརྗོད་པའི་ངོ་བོ་ཉིད་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ཁྱད་པར་གྱི་དགའ་བའི་རང་བཞིན་ཡིན་པས་མགྲིན་པར་གནས་ནས་སྒྲ་བརྗོད་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །རྣམ་པ ་ཀུན་གྱིས་བརྒྱན་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ནི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཐོབ་པར་དགོངས་སོ། །ཆ་ཤ་བཞི་ཞེས་བྱ་བ་ནི་ཨཱ་ཨའི་ཨའུ་ཨི་སྟེ་དབྱངས་ཀྱི་ཡི་གེ་བཞིའོ།། ་ཡང་དག་ལྡན་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་སུ་གནས་པ་དང་ཉེ་བར་ལྡན་པའི་ཨོཾ་མོ། །ཁ་ནི་ཐུར་དུ་བལྟས་ཏེ་འཕྱང་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཁྱད་པར་ཏེ། མགོ་བོའི་ཆ་ལ་བརྟེན་ནས་ཁ་འོག་ཏུ་བལྟ་བའོ།། ་ཡང་ན་འཕྱང་བ་ནི་ཁ་དོག་ཏུ་བལྟ་བའོ། །ཡང་ན་འཕྱང་བའི་ཁ་དོག་ཏུ་བལྟས་ཏེ་བདུད་རྩི་འཛག་པའོ། །འདིར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ནི་མདོག་དམར་ཞིང་ས་བོན་དཀར་བའོ། །གོ་འཕང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་འཁོར ་ལོ་སྟོན་ཏེ་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ཡིན་པས་གོ་འཕང་ནི་ཤེས་པའོ། །གནས་ནི་དེའི་རྟེན་ཏེ་ཆོས་ཀྱི་འཁོར་ལོའོ། །ཡང་གནས་ཞེས་བྱ་བ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་རྟེན་ནོ།། ་རྟག་ཏུ་ཞེས་བྱ་བ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འཇུག་པ་སྟེ། ཁྱད་པར་གཉིས་པོ་དེ་ནི་ལྟ་འོག་གཞན་དུ་ཡང་སྦྱར་བར་བྱའོ། །ཀུན་ད་ཟླ་འདྲ་ཞེས་བྱ་བ་ནི་འཁོར་ལོ་དེ་ཡང་དཀར་པོའི་མདོག་ཏུ་སྟོན་ཏོ། །རྣམ་ཤེས་ཡེ་ཤེས་བདུད་རྩི་ནི། ལྷ་མོ་ཆེན ་མོ་འབབ་པའི་མཆོག་།ཅེས་བྱ་བ་ལ། རྣམ་ཤེས་ནི་བདུད་རྩི་དང་སྦྱར་བས་ཡེ་ཤེས་ནི་འབབ་པ་དང་སྦྱར་རོ། །དེ་ལ་ཡེ་ཤེས་འབབ་པ་ནི་འཁོར་ལོ་དེ་དག་གོམས་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཇུག་པའོ། །ཇི་ལྟ་བུ་ཞིག ་ཅེ་ན། རྣམ་ཤེས་བདུད་རྩི་སྟེ་ཞེས་བྱ་བ་ལ་རྣམ་ཤེས་ནི་སེམས་སོ། །དེ་ཉིད་ནི་འཆི་བ་མེད་པས་བདུད་རྩིའོ། །ཡང་ན་རྣམ་ཤེས་བདུད་རྩི་ནི་བག་ཡོད་པའི་རྣལ་འབྱོར་པ་རྣམས་ཡེ་ཤེས་ཀྱིས་འཚོ་ཞིང་འཆི་བར་མི་འགྱུར་བའོ། །དེ་ཡང་གསུངས ་པ། བག་ཡོད་མི་འཆིའི་གནས་ཡིན་ཏེ། །བག་མེད་འཆི་བའི་གནས་ཡིན་པས། །བག་ཡོད་པས་ནི་འཆི་མི་འགྱུར། །བག་མེད་པ་ནི་རྟག་ཏུ་མཆི། །ཞེས་སོ། །སྤྲུལ་པའི་འཁོར་ལོ་གསུངས་པ། རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས ་པ་ལ། རྟེན་དུ་གྱུར་པ་ཞེས་བྱ་བ་ནི་ལྟེ་བར་བརྟེན་པའི་པདྨ་སྟེ་འདིས་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར་རོ། །ཟླ་བའི་འོད་ཀྱིས་རྣམ་པར་བརྒྱན་ཅེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ལྟེ་བར་གནས་པ་ཧཱུཾ་གི་ཐིག་ལེའི་འོད་ཟེར་གྱིས་དེའི་སྟེང་བརྒྱན་པའོ ་དེ་ནི་ཆ་དང་ཆའི་གཟུགས་ཞེས་བྱ་བ་ལ་ཆ་ནི་འཚོ་བའོ། །ཆའི་གཟུགས་ནི་བགྲང་བའི་རང་བཞིན་ཏེ། དབུགས་ཀྱི་གྲངས་བགྲང་བར་གནས་པ་ཞེས་བྱ་བའི་དོན་ཏོ། །གོང་བུ་གནས་པ་ཞེས་བྱ་བ་ལ་གོང་བུ་ནི་སེམས་ཅན་གྱི་ཚོགས ་བསྡུ་བའོ། །གནས་པ་ནི་ངེས་ཉེ་བར་གནས་པ་སྟེ། འདིས་སྤྲུལ་པའི་སྐུས་འགྲོ་བའི་དོན་གྱི་ཚོགས་ཀྱི་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་གཉིས་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ཀུན་ཏུ་དགའ་བའི་རང་བཞིན་དུ་ཤེས་པར་བྱ། དེ་དག ་གིས་གཏུམ་མོའི་རྣལ་འབྱོར་གྱིས་གོང་དུ་འཕོ་བ་སྒོམ་པའི་ཕྱིར་ལུས་སྦྱར་བ་བསྟན་ཏོ། །ད་ནི་སྦྱང་བ་གཞན་གཉིས་པ་སྒོ་སྦྱང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལུས་སྦྱངས་ཀྱི་འོག་ཏུའོ། ་གནས་ཀྱི་མཛའ་ནི་དག་པར་བྱ་ཞེས་བྱ་བ་ལ་གནས་ནི་ལུས་ཏེ་བདེ་བ་དང་སྡུག་བསྔལ་གྱི་སྣོད་ཡིན་པའི་ཕྱིར་རོ། །མཛའ་ནི་ནང་སྟེ་ནང་གི་སྒོ་རྣམས་སོ། །ཀྱི་ཞེས་བྱ་བ་ནི་འབྲེལ་བའི་དོན་གྱི་དྲུག་པ་ཡིན་ནོ། །གཞན་དུ་ན་ནི་ཞེས་བྱ་བ་ནི་སྦྱང་བ ་གཉིས་མ་གཏོགས་པར་ཏེ། སྦྱང་བ་གཉིས་དང་བྲལ་ན་གོང་དུ་འཕོ་བའི་འབྲས་བུར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །སྦྱང་བ་གཉིས་པ་དེ་གསུངས་པ་དགང་པ་ཞེས་བྱ་བ་ལ་སོགས་པ་ལ། དགང་བ་སེམས་ནི་ལུས་བཀང་ན་ཞེས་བྱ་བ་ནི་དབུགས ་ནང་དུ་བརྡུབས་ཏེ། མགྲིན་པ་ནས་ལྟེ་བའི་མཐར་ཐུག་པའི་ཇི་སྲིད་ནུས་ཀྱི་བར་དུ་དྲངས་ལ་གང་གི་ཚེ་མ་ནུས་ན་རིམ་གྱིས་དལ་བུས་ཕྱིར་བཏང་བར་བྱའོ། །དེ་ཡང་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ལ། མཐོང་ཀ་དཀྱིལ་འཁོར་ལྟར་ཡངས་པར་བྱས་ནས ་མིག་སྣའི་རྩེ་མོར་ཕབ་སྟེ་བལྟས་ལ་རླུང་དྲངས་པས་ལྟོ་ཐམས་ཅད་མགྲིན་པའི་བར་དུ་གང་བར་བྱ་བ་འདི་ནི་དགང་བའི་མཚན་ཉིད་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། དུག་དང་རིམ་གྱི་ཚ་བ་འཕྲོག་ཅེས་བྱ་བ་སྟེ། དགང་བའི་མཚན་ཉིད་གྲུབ་པ་འདིས ་དུག་ལ་སོགས་པའི་ཉེས་པ་འཇོམས་པ་སྟེ་འཕྲལ་གྱི་ཕན་ཡོན་ནོ། །གཉིས་པ་གསུངས་པ། བུམ་པ་ཅན་གྱི་སྒོ་བཅིངས་ན་ཞེས་བྱ་བ་ལ་སྔ་མ་ལྟར་རླུང་ནང་དུ་དྲངས་ཏེ་བུམ་པ་མི་གཡོ་བ་ལྟར་དབང་པོའི་སྒོ་ཐམས་ཅད་བཀག་ནས། །ཇི་སྲིད ་ནུས་ཀྱི་བར་དུ་ལུས་ནི་ནང་དུ་རླུང་བསྡམ་པ་འདི་ནི་བུམ་པ་ཅན་གྱི་མཚན་ཉིད་དོ། །དེས་ཅིར་འགྱུར་ཞེ་ན། སྒོའི་བུ་ག་དག་པར་འགྱུར་ཞེས་བྱ་བ་སྟེ། བུ་ག་ཐམས་ཅད་ཀྱི་གནོད་པ་དང་བྲལ་བར་འགྱུར ་བའོ། །གསུམ་པ་གསུངས་པ། འཐོར་བ་ཞེས་བྱ་བ་ལ་སོགས་པ་ལ། འཐོར་བ་ནི་སྣ་སྒོའི་དབུགས་ཀྱི་ཕྱི་རོལ་སོར་བཅུ་གཉིས་ཀྱི་བར་དུ་རིམ་གྱིས་སྤྲོ་བའོ། །སྣ་ཚོགས་རྡུལ་དུ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པས་དངོས་པོ་སྣ་ཚོགས་པ ་རྣམས་དེའི་རང་བཞིན་དུ་བྱས་ནས། རླུང་ཟད་པར་ཕྱིར་སྤྲོ་བར་བྱ་བཞིན་ཡུན་རིང་དུ་བཏང་བར་བྱའོ། །འདི་ནི་འཐོར་བའི་མཚན་ཉིད་དེ་འཐོར་བའི་མཚན་ཉིད་འདིས་སྒོ་བརྒྱད་པོ་རིམ་གྱིས་འགག་ཅིང་སྟེང་གི་སྒོ་ནས་བདེ་བླག་དུ་འཕོ་བར ་འགྱུར་བར་ཤེས་པར་བྱའོ། །བཞི་པ་གསུངས་པ་རབ་ཏུ་ཞི་བས་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་ཕྱིར་སྤྲོས་པའི་འོག་ཏུ་སྤྲོ་བར་ཡང་མི་བྱ་བསྡུ་བར་ཡང་མི་བྱ་བར་མིག་སྣ་རྩེ་ཉིད་དུ་གཏང་དེ། སྒོ་ཐམས་ཅད་བཀག་ནས་གནས ་པ་འདི་ནི་རབ་ཏུ་ཞི་བའི་མཚན་ཉིད་དེ་ཞི་བར་འགྱུར་ཞེས་བྱ་བ་ནི་རབ་ཏུ་ཞི་བ་དེས་རླུང་དབང་དུ་འདུས་ཤིང་རླུང་བདེ་བར་གྱུར་པ་སྟེ། དེའི་ཚེ་སྒོ་གང་ནས་འདོད་པ་དེ་ནས་འཕོ་བའི་འབྲས་བུ་ཐོབ་པར་འགྱུར་རོ། །ད་ནི་སྔར་བཤད་པ་ལྟར་ནང ་སྦྱངས་ནས། ཕྱི་རོལ་གཞན་སྦྱང་བར་བྱ་སྟེ། རྣམ་པར་ཤེས་པ་དབྲོག་པའི་ཆོ་ག་དང། གཞན་དུ་འགྲོ་བ་བཤད་པར་བྱ་བའི་ཕྱིར་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་ཞེས་བྱ་བ་ནི་དེ་དག་གི་བྱ་བའི་མན་ངག་གོ་།ཕྱི་རོལ ་ཞེས་བྱ་བ་ནི་མཁས་པ་ཡིས་ནི་སྦྱང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །གནས་གཉིས་དག་ཏུ་བསམ་བྱ་བ་ཞེས་བྱ་བ་ལ་གནས་གཉིས་ནི་རྟེན་གནས་གཉིས་ཏེ། ལྟེ་བ་དང་སྙིང་གའི་གནས་སུའོ། །བསམ་པ་ནི་སེམས་པ་སྟེ་ལུས་སུ་སེམས ་པ་དང་སེམས་སུ་སེམས་པའོ། །ཇི་ལྟར་ཞེ་ན། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ལྟེ་བ་ནས་སོར་བཞི་བོར་བའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་པར་བྱའོ། །དེའི་སྟེང་དུ་ཅི་ཞིག་བྱ་ཞེ་ན། རླུང་གི་ཞེས་བྱ་བ་ལ་སོགས་པ་ལ། ་དབུས་ཞེས་བྱ་བའི་སྒྲ་ནི་སྟེང་དུ་ཞེས་བྱ་བའི་དོན་ཏོ། །མེ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་རོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ། །དབྱེ་བར་བྱ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་མེ་སྦར་བའོ། །ཱ་ལི་ཞེས་བྱ་བ་ལ་སོགས ་པ་ལ་ཨཱ་ལའི་ས་བོན་ནི་ཨཾ་ངོ། །ཀཱ་ལིའི་ས་བོན་ནི་ཧཱུཾ་ངོ། །དེར་ནི་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་གའི་པདྨ་དག་ཏུའོ། །སྦྱར་བར་བྱ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་གའི་པདྨར་ཨཾ་དང་ཧཱུཾ་གི་ས་བོན་བཀོད་པ་དེ་བསམ་པར་བྱ་ཞེས་བྱ་བ་ལྔ་པ ་དང་སྦྱར་ཏེ་ལུས་སུ་བསམ་པ་དང་སེམས་སུ་བསམ་པ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་པ་ནི་རྣམ་པ་དེ་ལྟ་བུས་སེམས་རྩེ་གཅིག་པའི་སྒྲུབ་པ་པོའོ། །ཁྱད་པར་ནི་ས་བོན་གྱི་ཁྱད ་པར་གྱིས་སོ། །འབྱུང་དང་འཇུག་པས་བཟླས་པར་བྱ་ཞེས་བྱ་བ་ལས་འབྱུང་བ་ནི་ཕྱིར་འཕྲོ་བའོ། །འཇུག་པ་ནི་ནང་དུ་སྡུད་པ་སྟེ་དེ་གཉིས་བཟླ་བའོ། །དེས་ཅི་ལྟར་བྱ་ཞེ་ན། འབྱུང་བ་ཡེ་ཤེས་ས་བོན་ནི་ཞེས་བྱ་བ་ལ། ཡེ་ཤེས་ས་བོན་ནི་སྙིང ་གའི་པདྨའི་ཡི་གེ་ཧཱུཾ་སྟེ། དེ་འབྱུང་བ་བས་ནི་བསྣུན་དང་ལྡན་པར་བསམ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་གཏུམ་མོའི་ས་བོན་འོད་ཟེར་འབར་བ་དང་ལྡན་པ་རླུང་དང་མེས་སྦར་བའི་རང་བཞིན་གྱིས་ཧཱུཾ་དང་བཅས་པའི་སྙིང་གའི་པདྨ་ལ་བསྣུན ་པས་གྱེན་དུ་ཁ་བཟློག་པར་ཡང་དང་ཡང་དུ་བསམ་པར་བྱའོ། །ཡང་ཅི་ཞིག་བྱ་ཞེ་ན། འདུག་པ་དང་སྙིང་གི་རྣམ་ཤེས་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་འབྱུང་བས་བསྣུན་ནས་སྙིང་གའི་རྣམ་པར་ཤེས་པའི་ས་བོན་དེ་འགྱུར ་བ་ཉིད་ཀྱིས་མགྲིན་པ་དང་མགོའི་གནས་ཀྱི་བར་དུ་འདྲེན་ཅིང་འཕུལ་དང་བསམ་ལ། སླར་ཡང་འཇུག་པས་ཁ་ཐུར་དུ་བཟློག་སྟེ་སྙིང་གའི་བར་དུ་འོངས་པར་བསམ་མོ། །མེ་ཏོག་ལྟ་བུར་བསྣུན་ཞེས་བྱ་བ་ནི་ཀ་ཤི ་ཀའི་མེ་ཏོག་རླུང་གིས་བསྐྱོད་པ་ལྟར་སྙིང་གའི་པདྨ་དེ་རླུང་གིས་ཡང་དང་ཡང་དུ་ཁ་གྱེན་དུ་བསྟན་པ་དང་ཐུང་ངུ་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཟླས་པ་གོམས་པའི་རྣལ་འབྱོར་པས་རང་གི་རྣམ་པར་ཤེས་པ་ཕྱི་རོལ་དུ་བྱ་བ་བསྟན ་པའི་ཕྱིར། རྣལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བཟླས་ཏེ་ཞེས་བྱ་བ་འབྱུང་བ་དང་འཇུག་པའི་བཟླས་ཏེ་བར་གྱི་ཚིག་མི་མངོན་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའོ། །ཕྱི་རོལ་ཏུ་བྱ་བའི་ཕྱིར ་དབྱུང་བའོ། །གང་གིས་ན་འབྱུང་དང་འཇུག་པའི་མཚན་ཉིད་ཀྱི་ཞེས་བྱ་ལ་སོགས་པ་སྟེ། འཇུག་པ་དང་ལྡན་པའི་འབྱུང་བའི་བཟླས་པས་སོ། །ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་མཉམ་པར་འཇུག་ཅེས་བྱ་བ་སྟེ། རྣལ་འབྱོར་པས་མཉམ་པ ་ཉིད་དུ་བསྒོམས་པའོ། །ཅི་ཞིག་ཅེ་ན། དེ་ཁོ་ན་ཉིད་དེ་རྣམ་པར་ཤེས་པ་དང་རླུང་གི་དེ་ཁོ་ན་ཉིད་དོ། །འདི་ལྟར་རྣར་ཤེས་པའི་དེ་ཁོ་ན་ཉིད་རང་བཞིན་གྱིས་འོད་གསལ་བ་ལྟར་རླུང་ཡང་དེ་དང་དབྱེར་མེད་པར་འོད་གསལ་བར་བསྒོམ་པའོ། །ཡང་ན་འཇུག་པ་དང་འབྱུང་བ་མཉམ ་པ་སྟེ་གཅིག་ཏུ་བྱ་བའོ། །ཅི་ལན་ཅིག་ཙམ་གོམས་པས་སམ་ཞེ་ན་མ་ཡིན་ཏེ། མཉམ་གཞག་དངོས་པོ་བསྒོམས་ན་ནི་འདི་ལྟར་དངོས་པོ་ནི་བསྒོམ་པར་བྱའོ། །མཉམ་གཞག་ནི་ཡང་དང་ཡང་དུ་གོམས་པས་འགྲུབ་པར་འགྱུར་བའོ།། ་ཐེ་ཚོམ་མེད་པ་ནི་ཡིད་གཉིས་སྤངས་པ་སྟེ། དེ་ཡང་ནོར་བུ་བསྔགས་དང་སྨན་རྣམས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་སྟེ་ཞེས་བྱ་བ་ལ་སོགས་པས་ཡིད་ཆེས་པར་བྱའོ། །ད་ནི་རྣམ་པར་ཤེས་པ་དབྲོག་པ་དང་ནང་གི་ལས་ཀྱི་སྦྱོར་བ ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གོང་དུ་འཕོ་བའི་སྦྱོར་བ་ལས་སྦྱར་བ་དང་བཟླས་པ་ལ་སོགས་པ་དེ་ལྟར་བྱས་ཀྱི་འོག་ཏུའོ། །ཕྱི་རོལ་ཏུ་ནི་ཞེས་བྱ་བ་ན་ཕ་རོལ་གྱི་སྟེ་རྣམ་པར་ཤེས་པ ་དབྲོག་གོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ནི་ཞེས་བྱ་བ་ནི་བཤད་པར་བྱ་ཞེས་བྱ་བ་ལྔ་པ་དང་སྦྱར་རོ། །སྒྲུབ་པ་བོ་ཡིས་རྣམ་པར་སྤྲུལ་ཞེས་བྱ་བ་ནི་ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པའི་ཕྱིར་སྒྲུབ་པ་པོས་དང་པོར་སྔ་མ་ལྟར་རང་གི་ལུས་རྣམ ་པར་སྤྲུལ་ཞིང་བསྒོམ་པའོ། །དབྲོག་པ་དེ་ཉིད་གསུངས་པ། ཉི་མའི་ལམ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་ལམ་ནི་སྣ་སྒོ་གཡས་པའོ། །ང་ཞེས་བྱ་བ་ནི་ཐབས་ཀྱི་ཆ་སྟེ། ཀཱ་ལིའི་ས་བོན་ནོ། །ཕྱུང་བ་ནི་གདོན་པའོ། །ཇི་ལྟར་ཞེ་ན། ལྷ་མོ་ཞེས ་བྱ་བ་ལ་སོགས་པ་ལྷ་མོ་ནི་ཤེས་རབ་ཀྱི་ཆ་སྟེ། ཨཱ་ལིའི་ས་བོན་ནོ། །ཆུ་ཤས་ནི་ཟླ་ཆོས་དང་ཐིག་ལེ་སྟེ། དེས་བརྒྱན་པའི་ཨཱ་ལི་དང་ཀཱ་ལིའི་ས་བོན་སྔར་བཤད་པ་དེ་ལྷན་ཅིག་གདོན་པའོ། །བསྒྲུབ་བྱའི་སྙིང་གར་ཞུགས་ནས་ནི་ཞེས་བྱ་བ་ནི་དེའི་རྣམ་ཤེས ་དབྲོག་པར་བ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན། གཟུང་ནས་སུ་ཞེས་བྱ་བ་སྟེ། ང་དང་ལྷ་མོས་གཟུང་ནས་སུ། །ལུས་ཀྱི་དཀྱིལ་འཁོར་དུ་ནི་གཞུག་ཅེས་བྱ་བ་ནི་རང་གི་ལུས་ལ་བསྡུ་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། འོག་གི་འཁོར་ལོར་སྦྱར་བར་བྱ་ཞེས ་བྱ་བ་དང། ལྟེ་བའི་དཀྱིལ་འཁོར་གྱི་འོག་ནི་མེའི་དཀྱིལ་འཁོར་ལ་གདུང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རླུང་དང་མེའི་འབར་བ་དག་།ཞེས་བྱ་བ་གསུངས་སོ། །དེ་དག་གིས་ནི་འདི་སྐད་དུ། སྤྲུལ་པའི་འཁོར་ལོར་གནས་པའི་གཏུམ་མོའི་ས ་བོན་གྱི་ཐིག་ལེ་ལས་འཕྲིས་པའི་འོད་ཟེར་དང་སྙིང་གའི་ས་བོན་གྱི་འོད་གཅིག་ཏུ་གྱུར་ནས་ཤེས་རབ་དང་ཐབས་ཀྱིས་ས་བོན་འབར་བའི་གཟུགས་སུ་རང་གི་སྣ་སྒོ་གཡས་པ་ནས་ཕྱུང་སྟེ། བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ནས། སྙིང་གར་བརྟེན་པའི ་རྣམ་པར་ཤེས་པ་རིན་པོ་ཆེ་འབར་བའི་རྣམ་པ་ལྟ་བུ་ལ་ཁྱབ་སྟེ། དྲངས་ནས་དེའི་སྣ་སྒོ་གཡས་ནས་བྱུང་ནས་རང་གི་སྣ་སྒོ་གཡོན་པར་ཞུགས་ཏེ། ལྟེ་བའི་རླུང་དང་མེའི་དཀྱིལ་འཁོར་འབར་བའི་སྟེང་དུ་བཅུག་སྟེ་བསྲེག་པར་བསྒོམ ་མོ་ཞེས་སྟོན་ཏོ། །འདི་ནི་ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པའོ། །ཇི་སྲིད་ཟད་པར་བྱས་པར་ཞེས་བྱ་བ་ནི་ཕ་རོལ་གྱི་ལུས་རང་གི་རྣམ་པར་ཤེས་པས་མ་བཀང་གི་བར་དུའོ། །འདིས་ནི་གཞན་གྱི་གྲོང་དུ་འཇུག་པ་ཡང་བསྟན་ཏེ། འོན་ཀྱང་རང་གི་ལུས ་སྤངས་ཏེ་འཇུག་པའོ། །ད་ནི་སྔར་བསྟན་པའི་སྐབས་ཀྱི་དབྱེ་བའི་ཕྱིར་འཆི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་འཆི་བལྟས་མཐོང་ནས་གང་གི་ཚེ་བཟློག་པར་མ་ནུས་པ་དེ་ནི་འཆི་བའི་དུས་ལ་བབ་པར་གྱུར་པའོ། །ཇི་ལྟར་ཤེས་པར ་བྱ་ཞེ་ན། འཆི་བའི་མཚན་མ་སྟོན་པ་སྟེ་འཆི་ལྟས་ཀྱིས་འཆི་བར་སྟོན་པའི་དུས་སོ། །རིམས་ལ་སོགས་པས་མ་ཕོག་པར་ཞེས་བྱ་བ་ནི་རིམས་ལ་སོགས་པའི་ནད་ཀྱི་ཚོགས་ཀྱིས་མ་གཟིར་བར་གོང་དུ་འཕོ་བའོ། །གོང་དུ་འཕོ་བ་མཆོག་ཡིན་ནོ་ཞེས ་བྱ་བ་ནི་དེའི་ཚེ་སྟེང་གི་སྒོ་ནས་འཕོ་བ་དེ་བདེ་བླག་ཏུ་འབྲས་བུར་སྨིན་པ་དང། སྐྱེ་བོ་རྣམས་གདུལ་བར་བྱེད་པའི་ཕྱིར་མཆོག་སྟེ་དམ་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེངྒེ་རྣམ་རོལ་ཕྱག་རྒྱ་ཡིས། །རྣལ་འབྱོར་མ་ནི་བཅིང ་བར་བྱ་ཞེས་བྱ་བ་ལ་རྣལ་འབྱོར་མ་ནི་བོད་པའོ། །སེངྒེ་རྣམ་རོལ་ཕྱག་རྒྱ་ཡིས་ཞེས་བྱ་བ་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་དང་འབྲེལ་ཏོ། །བཅིང་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ཁའི་བུ་ག་རྣམས་རང་གི་སོར་མོ་རྣམས་ཀྱིས་བསྡམས་ལ། ་སྟེང་འོག་གི་རླུང་རྣམས་མར་ནག་འཆིར་བའི་འཁྲུལ་འཁོར་ལྟར་བཙིར་ཞིང་བསྡམས་ཏེ། དེའི་འོག་ཏུ་སྟེང་ནས་བཏང་བར་བྱའོ། །ཁ་ཅིག་ནི་ཡུལ་རྣམས་ལ་འབད་པ་མེད་པར་ལོངས་སྤྱོད་པ་ནི་སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་ཡིན་ནོ་ཞེས་ཟེར་ཏོ།། ་དེ་ཉིད་གསུངས་པ། ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་ཞེས་བྱ་བ་ནི་ལྷ་མོའི་རང་བཞིན་ཏེ་ཤེས་རབ་ཀྱི་ཆའོ། །འདི་ནི་ཉེ་བར་མཚོན་པ་སྟེ། ང་ཞེས་བྱ་བ་སྔར་གསུངས་པའི་ཐབས་ཀྱི་ཆ་ཡང་བལྟ་བར་བྱའོ། །གནས་ཞེས་བྱ་བ་ནི་ཐབས་དང་ཤེས ་རབ་ཀྱི་གོ་འཕང་དེ་ཉིད་འདི་ལྟར་རླུང་སྟེང་དུ་འགྲོ་བ་ནི་ཤེས་རབ་ཀྱི་ཆ་ཡིན་ལ། འོག་ཏུ་འགྲོ་བ་ནི་ཐབས་ཀྱི་ཆ་ཡིན་ཏེ། སྦྱར་བ་ནི་གཅིག་ཏུ་བཟླུམས་ཤིང་བཙིར་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རང་གི་ལུས་ནི་ཡོངས་སུ་བཏང་ཞེས་བྱ་བ་སྟེ། རང་གི་ལུས ་ཡོངས་སུ་བཏང་བ་སྟེ་བོར་ནས་འགྲོ་བའོ། །ཇི་ལྟར་ཞེ་ན། རིམ་གྱིས་སྦྱོར་བས་ཕྱེ་ནས་སུ་ཞེས་བྱ་བ་ལ་གོམས་པ་དབང་དུ་གྱུར་པས་ཚོགས་མེད་པར་རང་གི་སྟེང་གི་སྒོ་ཕྱེད་ནས་རྣམ་པར་ཤེས་པ་གཞན་གྱིས་ལུས་ལ་གཞུག་པར་བྱའོ། །དེ་ཉིད་གསུངས ་པ། སྦྱོར་བའི་རིམ་པ་དེ་ཉིད་ཀྱིས་ཤེས་བྱ་བ་སྟེ། འཆི་ལྟས་སྣང་བར་གྱུར་ནས་ཕྱི་ནང་གི་སྦྱོར་བ་ལ་སོགས་པའི་རིམ་པ་དེ་ཉིད་ཀྱིས་སོ། །རང་གི་ལུས་སུ་སྦྱར་བར་འདོད་ཅེས་བྱ་བ་ལ་རང་གི་ལུས་སུ་སྦྱར་བ་ནི་གང་དུ་གཞུག་པར་བྱ་བ་ནི་ལུས་ཏེ་རང་གི་རྣམ ་པར་ཤེས་པ་དང་བསྲེས་ནས་རང་གི་ལུས་སུ་བྱ་བའོ། །འདོད་ཅེས་བྱ་བ་ནི་སྒྲུབ་པ་པོ་ནུས་པ་དང་ལྡན་པས་ཕ་རོལ་གྱི་ལུས་གཞོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གང་དུ་གཞུག་པར་དེའོ། །ཆོ་ག་འདིའི་ཆེ་བའི་བདག་ཉིད་བསྟན་པར་བྱ་བའི ་ཕྱིར། ཆོ་ག་འདི་ལྟར་བྱས་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་དང་འོང་བ་ཞེས་བྱ་བ་ནི་རླུང་གི་འགྲོ་བ་དང་འོང་བའོ། །བྱེ་བྲག་ཅེས་བྱ་བ་ནི་དེ་གོམས་པར་བྱས་པས་ཕུལ་དུ་བྱུང་བའི་གནས་ཐོབ་པའོ། །མཁའ་འགྲོ་མ་དང་སྦྱོར་བའི་མ་ཞེས ་བྱ་བ་ལ་སྦྱོར་བའི་མིན་སྦྱོར་བའི་དངོས་གྲུབ་དང་ལྡན་པ་སྟེ། དེ་ལྟར་ན་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་སྦྱོར་བའི་དངོས་གྲུབ་ཅན་ཐམས་ཅད་ཀྱི་མཆོད་པ་འདིས་ནི་ཕན་ཡོན་ཏན་པ་ཡིན་ནོ། །གང་གིས་མི་ནས་ཐོས་གྱུར་པ་ཞེས་བྱ་བ་ལ་སོགས ་པས་ནི་མངོན་པར་ཤེས་བ་དྲུག་བསྟན་ཏེ། རིང་ནས་ཞེས་བྱ་བ་ནི་ཡུལ་དང་དུས་ལ་སོགས་པས་བསྐལ་པའོ། །བསམ་པ་རྗེས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་རྗེས་སུ་ནི་རྗེས་སུ་མཐུན་པ་སྟེ། ཕ་རོལ་གྱི་སེམས་ཀྱི་རྣམ་པར་བྱུང ་པའི་ཤེས་པས་ཤེས་པར་བྱ་པའོ། །འདིར་ཡང་རིང་ནས་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྷག་མ་བསྟན་པ་ཡིན་ནོ། །སུས་ཤེ་ན་མཁས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་བསྒོམ་པ་དང་བཟླས་པའི་ཁྱད་པར ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་གང་གི་ཁྱད་པར་བསྒོམ་པ་དང་བཟླས་པ་ལ་གོམས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ལམ་ནས་བསམས་ནས་ནི་ཞེས་བྱ་བ་ལ། གང་གི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །བསམ ་པ་ནི་བསྒོམ་པ་སྟེ་རྣལ་འབྱོར་པ་གང་གི་ལམ་གང་དང་གང་ནས་བསྒོམས་པ་དེ་དང་དེའི་འབྲས་བུ་འགྲུབ་པར་འགྱུར་བའོ། །དེ་ཡང་གོམས་པའི་སྟོབས་ནི་རྫོགས་པ་ཡིས་འགྲུབ་པར་མི་འགྱུར་ཅི་ཡང་མེད་ཅེས་གང་གསུངས་པ་བཞིན་ནོ། །འཁོར ་ལོ་གང་ཞིག་སྔར་བསྟན་པ་ཞེས་བྱ་བ་ནི་གཏུམ་མོའི་རྣལ་འབྱོར་སྔར་གོམས་པར་བྱས་པའོ། །ཞུགས་ཏེ་ཞེས་བྱ་བ་ནི་གཏུམ་མོའི་འོད་ཟེར་རོ། །འཇིག་རྟེན་གསུམ་དང་འདྲེས་ནས་ནི་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ན་ཡོད་པའི་སྒྲ་རྣམས ་བཟླུམས་ཞིང་གཅིག་ཏུ་འདྲེས་པའོ། །ཅི་ལྟ་བུ་ཞེ་ན། མེ་སྟག་བཞིན་དུ་རྣམ་པར་འཁོར་ཞེས་བྱ་བ་ནི་མེ་སྟག་འཕྲོ་བའི་མེའི་ཕུང་པོ་ལྟར་བྱུང་བའི་འོད་ཀྱི་ཚོགས་སོ། །ཅིའི་འོད་ཅེ་ན། རླུང་གིས་བསྐྱོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། རླུང་དང་མེའི་བསྐྱོད་པ་ཡིས་ཤེས་རབ་ཅེས་བྱ་བ་གཏུམ་མོའི་འོད་དང། དེས་བསྐུལ་བའི་སྙིང་གའི་པདྨར་རྟེན་པ་ཡི་གེ་ཧཱུཾ་གི་འོད་རླུང་གི་བསྐྱོད་པའི་གཏུམ་མོའི་འོད་དང་ལྷན་ཅིག་ཏུ་གྱུར་ནས་ཕྱིར་བྱུང་བ་དེ་དང་དེ་འདྲེས་པའོ། །ཞུགས ་བསམས་ན་ཞེས་བྱ་བ་ནི་འོད་དེ་དག་དང་འདྲེས་པའི་སྒྲའི་ཚོགས་མེ་ལྕེའི་ཕུང་པོ་ལྟ་བུ་དེ་སླར་ཡང་རང་གི་སྙིང་གར་བསྟེན་པའི་པདྨའི་གནས་སུ་གཞུག་པར་བྱ་ཞེས་བྱ་བའི་དོན་ཏེ། འདི་ནི་ཡན་ལག་གི་དོན་ཡིན་ནོ། །འདི་དག་གིས་བསྡུས་པའི་དོན ་ནི་སྔར་བསྟན་པ་ལྟར་ལྟེ་བའི་ནང་དུ་ཆུད་པའི་སྦྲུལ་པའི་འཁོར་ལོ་བསྒོམས་ཏེ། རླུང་གི་མེ་སྦར་བ་བལྟས་ལ་དེར་གནས་པའི་ས་བོན་གྱི་འོད་ཟེར་གྱིས་སྙིང་གའི་ཆོས་ཀྱི་འཁོར་ལོར་ཆུད་བའི་ཧཱུཾ་ལས་བསྐུལ་ནས་དེའི་འོད་དང་ལྷན་ཅིག་ཏུ་གྱུར ་ནས་སྣ་སྒོ་གཡས་པ་ནས་བྱུང་སྟེ། འཇིག་རྟེན་གསུམ་ན་གནས་པའི་སྒྲའི་ཚོགས་དང་འདྲེས་ནས་ཡེ་ཤེས་ཀྱི་གཟི་བརྗིད་ཀྱི་ཕུང་པོར་གྱུར་ཏེ། གང་འདོད་པའི་རྣ་བའི་ལམ་ནས་བཅུག་ལ་སྙིང་གའི་པདྨར་ཐིམ་པར་བསྒོམ་པ་འདི་ཡིན་ནོ། །བསྒོམ ་པའི་སྦྱོར་བ་འདི་ཡིས་ནི། ཞེས་བྱ་བ་ནི་འདས་མ་ཐག་པའི་སྦྱོར་བ་དེའི་སྟེ། བྱེ་བྲག་ཏུ་ནི་གཟུགས་ཐམས་ཅད་དང་འདྲེས་ནས་མིག་གི་ལམ་གནས་གཞུག་པར་བྱ་བའོ། །སྐད་ཅིག་གིས་ཤེས་བྱ་བ་ནི་ད་ལྟར་གནས་པ་བཞིན་དུ་འམ་ཐོགས་པ་མེད ་པར་འགྱུར་རོ། །གསལ་བར་མཐོང་ཞེས་བྱ་བ་ནི་ལག་མཐིལ་ན་གནས་པའི་དངོས་པོ་ལྟར་མཐོང་བའོ། དེ་བཞིན་དུ་གཞན་གྱི་སེམས་ཤེས་པ་དང། ལུས་ཀྱི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དེ་དག་ཀྱང་ཆོ་གའི་སྦྱོར་བ་དེ་ཉིད་ཀྱི་རྗེས་སུ་དཔག་པར་བྱའོ། ་དེ་ཉིད་ཀྱི་ཕྱིར་གསུངས་པ་བསྟན་དང་མ་བསྟན་གང་ཅིའང་རུང་ཞེས་བྱ་བ་ལ་སོགས་པ་སྟེ། མ་བསྟན་པ་ནི་ལེའུ་འདིར་མ་བསྟན་པའི་མངོན་པར་ཤེས་པ་ལྷག་མ་རྣམས་སོ། །བསྟན་པ་ནི་དེ་ཉིད་ལེའུ་གཞན་དང་རྒྱུད་གཞན་དག་ཏུ་བསྟན་པའོ། །དེ་ཀུན་ང ་ཡིས་ཡང་དག་བཤད་ཅེས་བྱ་བ་ནི་ཆོ་གའི་སྦྱོར་བ་འདིར་བསྟན་པ་གཉིས་ལ་ལྟོས་པའི་ཕྱིར་བསྟན་བ་དང་འདྲའོ་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི་ཕོ་བའི་སྒོ་རྣམས་ཀྱི་སྐྱོན་ཡོན་གསུངས་པ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ ་མ་ཆེ་ནི་བོད་པའོ། །དགེ་བའི་སྒོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བ་དང་སྦྱར་རོ། །ཐར་པའི་དངོས་གྲུབ་རབ་སྟེར་བ་ཞེས་བྱ་བ་ནི་ཐར་པ་དང་མཐུན་པའི་ལྷའི་ལུས་ཏེ། གསེར་གྱི་སྒོ་ནས་འགྲོ་བ་དང ་སྦྱར་རོ། །དེ་ཉིད་ཀྱིས་ན་མཆོག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོག་ནི་ཐར་པ་དང་མཐུན་པའི་རིགས་འཛིན་གྱི་ལུས་སོ། །ཐ་མ་ནི་ངན་སོང་གསུམ་གྱིས་ལུས་སོ། །དོན་གྱིས་ནི་པར་པ་ཡང་གཟུང་བར་བྱ་སྟེ། ལྷ་དང་མིའི་ལུས་སོ། །དེ་དག་གིས་ནི་འགྲོ ་བའི་བྱེ་བྲག་གི་སྒོ་རབ་འབྲིང་གསུམ་དུ་བསྟན་པ་ཡིན་ནོ། །ལྟེ་བ་ལ་ནི་འདོད་ཁམས་ལྷ་ཞེས་བྱ་བ་ནི་གང་གི་རྣམ་པར་ཤེས་པ་ལྟེ་པའི་སྒོ་ནས་འགྲོ་བ་དེ་ནི་འདོད་ཁམས་ཀྱི་ལྷར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐིག་ལེ་གཟུགས་ཅན་མཐོ་རིས་ཏེ ་ཞེས་བྱ་བ་ནི་སྨིན་མའི་དབུས་ཀྱི་སྒོ་ནས་འགྲོ་བ་གང་ཡིན་པ་དེ་གཟུགས་ཀྱི་ཁམས་ཀྱི་ལྷར་སྐྱེ་བའོ། །སྟེང་ནས་འགྲོ་བ་ཞེས་བྱ་བ་ནི་གསེར་གྱི་སྒོ་ནས་འགྲོ་བའོ། །མྱུར་དུ་འགྲོ་བ་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་འཕོ་བ་སྟེ། སྟེང་གི་འགྲོ་བ་ཞེས་བྱ་བ་ཐར ་པའི་ལམ་དང་མཐུན་པའི་ཡིད་ལས་བྱུང་བ་ནི་ལྷའི་ལུས་ཏེ། འགྲོ་བ་ཐམས་ཅད་ཀྱི་བླ་མར་གྱུར་བའི་ཕྱིར་རོ། །ཡང་ན་མྱུར་བར་བདེ་འགྲོ་ཁྱད་པར་ཅན་ཐོབ་པའོ། །སྲིད་པའི་སྒོ་ཞེས་བྱ་བ་ནི་ཁའོ། །ཆུ་ཞེས་བྱ་བ་ནི་གཅི་བའི་ལམ་མོ། །ཆུ་མིན་ཞེས་བྱ་བ་ནི ་བཤད་པའི་ལམ་མོ། །ཐར་པའི་ལམ་ལས་གཞན་དུ་འགྲོ་ཞེས་བྱ་བ་ནི་སྒོ་དེ་དག་ཐར་པ་དང་མི་མཐུན་པའོ། །ཁ་ཅིག་ན་རེ་ཐར་པའི་ལམ་ནི་གསེར་གྱི་སྒོ་ཡིན་ལ། གཞན་དུ་འགྲོ་ཞེས་བྱ་བ་ནི་གང་དུ་འདོད་པར་འཕོ་བའོ་ཞེས་ཟེར་རོ། །གཞན ་དག་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ལྷའི་ཏིང་ངེ་འཛིན་གྱིས་ནི་ཐར་པར་འགྱུར་ལ། གཞན་དུ་སྟེ་བདག་མེད་པའི་ཤེས་རབ་དང་བྲལ་ན་འགྲོ་བ་སྟེ་འཁོར་བར་འགྱུར་རོ། །དེ་ཡང་གསུངས་པ། ཡང་དག་ཇི་བཞིན་ཡོངས་ཤེས་ནས།། ་མཐར་ནི་ཡང་སྲིད་མེད་པར་འགྱུར་ཞེས་བྱ་བར་འདོད་དོ། །གོང་དུ་འཕོ་བ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར་སྔོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་བུམ་པ་བརྩམ་པ་ཡིས་ཞེས་བྱ་བ་ནི་སྒོ་སྦྱང་བའི་དུས་སུ་བུམ་པ་ཅན་བསྟན་པ་ལྟར་འཕོ་བའི ་དུས་སུ་ཡང་བུམ་པ་ཅན་བྱ་སྟེ། སྒོ་ཐམས་ཅད་དུ་ས་བོན་རྣམས་བཀོད་པས་བསྡམས་ཤིང་བཙིར་བ་ལ་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ས་བོན་རྣམས་དགོད་པ་གསུམ་པ། རྒྱས་པ་ལྔ་ཡིས་ཞེས་བྱ་བ་ལ་སོགས་པ་རྒྱས་པ་ལྔའི་མཆོད་རྟེན ་ནི་མགོ་བོའོ། །དེའི་སྒོའི་བུ་གའི་ནི་གསེར་གྱི་སྒོའོ། །བསྒོམ་པར་བྱ་བ་ནི་དེར་ཧཱུཾ་དཀར་དགོད་པར་བྱའོ། །ཡང་ན་རྒྱས་པ་ལྔའི་མཆོད་རྟེན་ནི་ཡི་གེ་ཧཱུཾ་ངོ། །ལྷག་མ་ནི་སྔར་བཞིན་ནོ། །འོག་གི་སྒོ་ཞེས་བྱ་བ་ནི་དེའི་འོག་ཏུ་སྟེ་མགྲིན་པའི་ནང་དུའོ། །ཅི་ཞིག ་ཅེ་ན། ཆུའི་ས་བོན་དཀར་པོ་བསམ་ཞེས་བྱ་བ་སྟེ་ཡི་གེ་སྨྲཡུཾ་ངོ། །དེ་ལ་ཕྲག་པ་གཉིས་སུ་ནི་ཧམྲཡུཾ་ངོ། །སྙིང་གར་ནི་ཡམྲཡུཾ་ངོ། །ལྟེ་བར་ནི་ཀྵྨཡུཾ་ངོ། །ཆུ་དང་ཆུ་མིན་གྱི་སྒོ་ནི་བཤད་ཟིན་ཏོ། །མེའི་ས་བོན་འབར་བ་ནི་སྒོ་དེ་གཉིས་སུ་ཡང་མེའི་མདོག་ཅན་གྱི་ཀྵྨརྱུཾ་དགོད ་པའོ། །ཡང་ན་གསེར་གྱི་སྒོར་ས་བོན་ཀྵུཾ་སེར་པོའོ། །མིག་གཉིས་སུ་ནི་ཧཱུཾ་སྔོན་པོའོ། །རྣ་བ་གཉིས་དང་སྣ་གཉིས་དག་ཏུ་ནི་ཡུཾ་དམར་པོའོ། །ཁར་ནི་ས་བོན་སྟེ་དེ་དག་གིས་བུམ་པ་ཅན་དུ་བྱ་ནས་འཇུག་པ་དང་འབྱུང་པའི་བཟླས་བ་ལ ་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ་ཞེས་སོ། །དེ་ལྟར་སྔོན་དུ་བརྩམས་ནས། ད་ནི་དངོས་སུ་འཕོ་པ་བསྟན་པའི་ཕྱིར། ལུས་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ལུས་ནི་རླུང་གི་མདོག་ཏུ་སྟེ། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ་བ་ནི་སྙིང་གར་རླུང་གི་དཀྱིལ་འཁོར་བསྒོམས་ལ་དེའི་དབུས་སུ་ལུས་ནི་སྟེ་ཧཱུཾ་གི་ལུས་རླུང་གི་མདོག་ཏུ་སྟེ་རླུང་ལྟར་སྔོ་བ་བསྒོམ་པ་སྟེ་བསམ་པར་བྱའོ། །འདིར ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བར་བལྟ་སྟེ། དྲུག་པ་དང་དབུས་ཀྱི་སྒྲ་མི་མངོན་པ་ཡིན་ནོ། །རླུང་གི་ས་བོན་རྩ་བར་ཏེ་ཞེས་བྱ་བ་ལ་རླུང་གི་ས་བོན་ནི་ཡའོ། །ས་བོན་དེ་ཐིག་ལེའི་སྒྲ་དང་ལྡན་པ་སྟེ་བསྡུས ་པས་ཡཾ་ཞེས་བྱ་བར་འགྱུར། །རྩ་བ་ནི་རླུང་གི་རྩ་བར་ཏེ་བསྒོམ་ཞེས་བྱ་བ་དང་འབྲེལ་ཏེ། །རླུང་གི་མཛའ་ནི་རྩ་བ་ཅན་ཏེ་ཞེས་བྱ་བ་ལ་རླུང་གི་མཛའ་ནི་རླུང་གི་སྟེང་ངོ། །རྩ་བ་ནི་རླུང་གི་ས་བོན་ཡཾ་སྟེ་དེ་དང་ལྡན་པར་བྱའོ། །རྩ་བའི་ས་བོན་ནི་ས་བོན་ཧི་དང། ་ས་བོན་ཀའོ། །དྲང་བ་ནི་ཡན་མན་བཟློག་ཅིང་བསྣུར་བའོ། །དེ་དག་གིས་ནི་འདི་སྐད་དུ་སྙིང་གར་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་ཧཱུཾ་བསྒོམས་ལ། རླུང་གི་སྟེང་དང་འོག་ཏུ་ཡང་ས་བོན་ཡཾ་གཉིས་བཀོད་ལ་དེ་གཉིས་ཀྱི་དབུས་སུ་རྩ་བའི ་ས་བོན་ཧ་ཀཾ་བསམས་ལ། གང་གི་ཚེ་རླུང་སྟེང་དུ་ལྡང་བའི་ཚེ་ཡཾ་གི་ས་བོན་གྱི་སྟེང་དུ་ཧི་ནི་འོག་ཏུ་བསམ་ཞིང་དེ་བཞིན་དུ་ཀའི་ས་བོན་ནི་སྟེང་དུ་བསམ་ཞིང་ཡཾ་གི་ས་བོན་ནི་འོག་ཏུ་བསམ་མོ། །གང་གི་ཚེ་རླུང་འོག་ཏུ་འབབ་པའི་ཚེ་ནི་དེ་ལས ་བཟློག་པར་བལྟ་བར་བྱའོ། །འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས། སྒྲ་དང་སྒྲ་ཡིས་འཕུལ་བར་བྱེད་ཅེས་བྱ་བ་ལ་འོག་ཏུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་སྟེང་དང་འོག་ཏུ་འོ། །འཕུལ་ཞེས་བྱ་བ་ནི་ཡན་མན་ཏུ་རླུང་གི་དཀྱིལ་འཁོར་འདྲེན ་པའོ། །གང་གིས་ཞེ་ན། སྒྲ་དང་སྒྲ་ཡིས་ཏེ་ཧི་ཀའི་སྔགས་ཡང་དང་ཡང་དུ་བཟླས་པས་ཡན་མན་དུ་དྲངས་ཏེ་གོམས་པར་བྱས་ལ་མཐར་དེ་ཉིད་ཀྱིས་འདོད་པའི་ལམ་ནས་བཏང་བར་བྱའོ། །གོམས་པ་དེ་ཡང་ཉི་ཤུ་རྩ་གཅིག་ཙམ་དུ་སྦྱང ་བར་བྱའོ། །གོང་དུ་འཕོ་བའི་དུས་ཤེས་པར་བྱ་བ་བཟླས་ཏེ་བསྟན་པའི་ཕྱིར་དུས་ལ་བབ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་ལྟས་ཀྱི་འཆི་བའི་དུས་ལ་བབ་ན་བྱའི་གཞན་དུ་ནི་མ་ཡིན་ནོ། །གཞན་དུ་མཉེས་པ་ཅིར་འགྱུར་ཞེ་མདུས ་མིན་ལྷ་རྣམས་གསོད་པར་འགྱུར་ཞེས་བྱ་བ་སྟེ་རང་གི་ཕུང་པོ་ལ་སོགས་པའི་ལུས་ཉིད་ལྷ་རྣམས་ཀྱི་རང་བཞིན་ཏེ། དེ་རྣམས་གསོད་པ་པོར་འགྱུར་རོ། །ངེས་ཀྱང་ཅིར་འགྱུར་ཞེ་ན། ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ། །སྐྲ་དཀར ་བཅིངས་པ་གསུངས་པ་རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་སྔར་བསྟན་པ་ཞེས་བྱ་བ་ནི་མགོ་བར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་བསྟན་ཏོ། །སྔོ་ཞེས་བྱ་བ་ནི་དེར་ཡི་གེ་ཧཾ་སྔོན་པོ་བདུད་རྩིའི་ཆུ་རྒྱུན་འབབ་པ་སྟེ། ་བསྒོམ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བདེ་བ་ཕུན་སུམ་ཚོགས་ཞེས་བྱ་བ་ནི་རྣལ་འབྱོར་པ་ལ་བདེ་བ་སྟེར་བའི་གནས་ཏེ། ཚེས་དང་ནད་མེད་པ་ལ་སོགས་པའི་བདེ་བ་སྟེར་བའི་ཕྱིར་རོ། །སྟེང་གི་རྩ་བ་བཟའ་བར་བྱ་ཞེས་བྱ་བ་ལ་སྟེང་གི་རྩ་བ ་ནི་པདྨ་དེ་ཉིད་ཀྱི་ཁྱད་པར་ཏེ། རྩ་བ་སྟེང་དུ་ཟུག་པའི་ཕྱིར་རོ། །བཟའ་བར་བྱ་བ་ནི་དེའི་བདུད་རྩི་ལ་ལོངས་སྤྱོད་པའོ། །རྣམ་པ་གཞན་གསུངས་པ། ཆུ་དང་སྐྱ་རེངས་ལྡན་པ་དག་ཅེས་བྱ་བ་ལ་སོགས་པ་ལ། ཆུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས ་སོ། །སྐྱ་རེངས་ཞེས་བྱ་བ་ནི་ལུང་པའོ། །གཡོན་པའི་བདུད་རྩི་ཞེས་བྱ་བ་ནི་མེ་ཏོག་གོ་།སྦྱར་བྱས་ལ་ཞེས་བྱ་བ་ནི་རྫས་གསུམ་པོ་དེ་དག་ཆ་བསྙམས་ཏེ་སྦྱར་ནས་ཐོ་རངས་ཀྱི་དུས་སུ་རྒྱུན་ཏུ་བཟའ་བར་བྱའོ། །ཁ་ཅིག་ནི་སྟེང་གི་རྩ་བ་ཞེས་བྱ་བ ་ནི་ཟླ་བ་བརྒྱད་པའི་ལྟོ་སྐྱེས་ཀྱི་ཤ་སྟེ། དེ་དང་མེ་ཏོག་ལ་སོགས་པའི་རྫས་སུ་བསྲེས་ཏེ་བཟའ་པོ་ཞེས་ཟེར་རོ། །ཟོས་ན་ཞི་དང་རྒྱས་པ་སྟེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཞི་བ་ལ་སོགས་པའི་ལས་འགྲུབ་པའོ། །ཡང་ནད་ལ་སོགས་པ་ཞི་བ་དང། ཚེ་དང ་ན་སོ་ལ་སོགས་པ་འཕེལ་བའོ། །སྦྱོར་བ་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་ཏོ། །བརྙིངས་དང་མིན་པ་འཇོམས་པར་བྱེད་ཅེས་བྱ་བ་ལ། བརྙིངས་པ་ནི་གཉེར་མ་ལ་སོགས་པའོ། །སྨིན་པ་ནི་སྐྲ་དཀར་པོ། །ནམ་མཁར་འཕུར་བའི་སྒྲུབ་པ་གསུངས་པ། ་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སླར་ཡང་བཟློག་པ་ཡིས་ཞེས་བྱ་བ་ནི་རྣམ་པ་གཞན་སྟོན་པར་བྱེད་པའི་ཚིག་ཕྲད་དོ། །རླུང་དང་མེའི་བྱེ་བྲག་གིས་ཞེས་བྱ་བ་ལ་རླུང་ནི་རླུང་གི་དཀྱིལ་འཁོར་རོ། །མེ་ནི་མེའི་དཀྱིལ་འཁོར ་ཏེ། དབྱིབས་གཞུ་ལྟ་བུ་དང། གྲུ་གསུམ་གྱི་ཚུལ་དུ་སོ་སོར་བསྒོམ་པ་ནི་བྱེ་བྲག་གོ་།རྐང་པའི་འཁོར་ལོར་དྲན་པར་བྱ་ཞེས་བྱ་བ་ལ། རྐང་པ་ནི་རྐང་པའི་འོག་ཏུའོ། །དྲན་པ་ནི་བསྒོམ་པའོ། །ཡིད་ཀྱིས་རབ་ཏུ་ཞི་སྦྱར་ནས་ཞེས་བྱ་བ་ནི་རང་གི་ལུས ་འོད་རྩམ་གྱིས་ལུས་ལ་བདག་མེད་ཅིང་མིག་ཡོར་ལྟ་བུར་བསྒོམ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ནམ་མཁར་འཕུར་བའི་འབྲས་བུ་གསུངས་པ། མཁའ་འགྲོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ནང་གི་ངག་གི་དངོས་གྲུབ་གསུངས་པ། ་སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ་ལུགས་ལས་བཟློག་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ཁ་དག་དཀར་པོའི་པདྨ་བསམ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་གར་པདྨ་དཀར་པོ་བསམ་ལ། དེའི་སྟེང་དུ་རྣམ་པར་ཤེས་པའི་ཧཱུཾ་བཀོད་དེ ་སྔར་བཤད་པ་བཞིན་ཙཎྜ་ལིའི་ས་བོན་གྱི་རང་གི་སྙིང་གར་ཡང་དེ་བཞིན་དུ་ཧཱུཾ་གི་ས་བོན་བཀོད་པ་བསྐུལ་ལ། དེའི་འོད་ཟེར་གྱིས་བསྒྲུབ་པར་བྱ་བའི་རྣམ་པར་ཤེས་པ་ཕྲོགས་ནས་རང་གི་སྙིང་གར་གཞུག་པ་དང་རང་གི་རྣམ་པར་ཤེས་པ ་ཡང་བསྒྲུབ་བྱའི་སྙིང་གར་གཞུག་པར་བྱའོ། །དེའི་ཕྱིར་བསྒྲུབ་བྱའི་དབུས་སུ་སྦྱར་ནས་ནི། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟག་ཏུ་ངག་གི་དངོས་གྲུབ་བྱེད་ཅེས་བྱ་བ་ནི་ངག་ཙམ་གྱིས་དངོས་གྲུབ་བྱེད་པ་སྟེ་ཚེགས་མེད་པར་གྲུབ་པའི་དོན་ཏོ ་རླུང་གི་དཀྱིལ་འཁོར་འཁྲུག་པ་ལྟ་ཞེས་བྱ་བ་ནི་རང་གི་རྣམ་པར་ཤེས་པ་བསྒྲུབ་བྱའི་སྙིང་གར་གཞུག་པ་སྟོན་པ་ཡིན་ཏེ། རང་གི་རྣམ་པར་ཤེས་པ་རླུང་གི་དཀྱིལ་འཁོར་འཁྲུག་པ་ལ་ཞོན་ནས་རང་གི་ཁ་ནས་བྱུང་སྟེ་བསྒྲུབ་བྱའི་ཁར ་ཞུགས་ནས་སྙིང་གའི་པདྨར་ཐིམ་པར་བསྒོམ་པར་བྱའོ། །བསྒྲུབ་པར་བྱ་བའི་རྣམ་ཤེས་དགུག་པ་ལ་ཡང་དེ་ལྟར་བལྟ་བར་བྱའོ། །རླུང་གི་ལམ་ནས་བསྒྲུབ་བྱའི་ལུས་ཐིམ་པར་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་ནང་གི་བདག་ཉིད་ཀྱི ་ཚར་བཅད་པའི་ཉེ་བར་བསྡུ་བ་བསྟན་པ་ཡིན་ཏེ་གོ་སླའོ། །ཚིགས་དགུ་ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་འཕོ་བ་ཉེ་བར་བསྡུ་བ་གསུངས་པ་ཡིན་ཏེ། སྟེང་ཞེས་བྱ་བ་ནི་སྟེང་གི་སྒོ་ནས་སོ། །མོད་ལ་ཞེས་བྱ་བ་ནི་འཕྲལ་དུའོ། །མཆོག་ཅེས་བྱ་བ་ནི ་དམ་པའོ། །སྟེང་དུ་འཕོ་བའི་སྔགས་པ་ལྷ་དང་བྲམ་ཟེ་གསོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ཞེས་བྱ་བ་ནི་མ་གསོད་པ་དང་ཕ་གསོད་པ་དང་དགྲ་བཅོམ་པ་གསོད་པ་དང། དགེ་འདུན་འབྱེད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན ་སེམས་ཀྱི་ཁྲག་འབྱིན་པ་རྣམས་ཏེ་དེ་དག་བྱེད་པའོ། །རྐུ་འཕྲོག་འདོད་ལ་སྤྱོད་པའང་ཞེས་བྱ་བ་ལ་རྐུ་འཕྲོག་ནི་མ་བྱིན་པར་ལེན་པའོ། །འདོད་པ་ལ་སྤྱོད་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་ལ་སྤྱོད་པའོ། །ལམ་འདིའི་ནི་དག་འགྱུར་ཏེ་ཞེས་བྱ་བ་ནི་གོང ་དུ་འཕོ་བའི་ལམ་འདིས་སྡིག་པ་ཆེན་པོ་བྱེད་པ་དེ་དག་ཀྱང་དག་ཅིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ལས་ནི་ཉིན་རེ་བྲམ་ཟེ་གསོད་པ་དང་ཞེས་འབྱུང་སྟེ། རྒྱུན་ཏུ་བྲམ་ཟེ་གསོད་པའི་སྡིག་བྱེད་པའོ། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ ་ཞེས་བྱ་བ་ལ། སྡང་ཞིང་སུན་འབྱིན་པར་བྱེད་པས་ན་སྲིད་པའི་སྐྱོན་ཏེ་ཉོན་མོངས་པའི་སྡིག་དང་ངན་འགྲོའི་སྐྱེ་བའོ། །རྣམ་པར་དག་པའི་དཔེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལུས་ཀྱི་འདམ་ལས་ནི་ཞེས་བྱ་བ་ནི་ལས་དང་ཉོན ་མོངས་པའི་སྡིག་ལས་སྐྱེས་པའི་ལུས་སོ། །ཡེ་ཤེས་སྐུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་འཇམ་དཔལ་དང་འདྲ་བར་འགྱུར་པའོ། །དེ་ཉིད་ཀྱི་ཕྱིར་འདོད་བཞིན་འགྲོ་ཞེས་བྱ་བ་གསུངས་ཏེ། རང་གི་འདོད་པ་བཞིན་རྒྱུ་ཞིང་སྤྱོད་པའོ། །གོང་དུ ་འཕོ་བ་ཞེས་བྱ་བ་ལ། གོང་དུ་འཕོ་བའི་བསམ་གཏན་ནི་བདག་ཉིད་ཚར་བཅོད་པའི་ཏིང་ངེ་འཛིན་གྱི་བདག་གོ་།སེངྒེ་རྣམ་པར་རོལ་པའི་ཕྱག་རྒྱ་ནི་གོ་སླའོ། །སྦྱོར་བ་ནི་གཞན་གྱི་རྣམ་པར་ཤེས་པར་སྲོག་པ ་ལ་སོགས་པའི་ཏིང་ངེ་འཛིན་ནོ། །འབྱུང་བ་ནི་བསྟན་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད ་པའོ།། །།བརྡ་མ་གཏོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཐ་སྙད་ལ་འཇུག་པར་མི་འགྱུར་བས་གོང་དུ་འཕོ་བ་ལ་སོགས་པ་བསྟན་པའི་འོག་ཏུ་ལག་པའི་བརྡ་དང་ངག་གི་བརྡ་གསུངས་པ། ་ངག་གི་ཕྱག་རྒྱའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ལ། ངག་ཅེས་བྱ་བ་ནི་ངག་གི་ཕྱག་རྒྱའོ། །འདིས་རྣལ་འབྱོར་པ་དང་རྣལ་འབྱོར་མར་མཚོན་པར་བྱེད་པས་ན་མཚན་ཉིད་དེ་དག་དང་ཕྱག་རྒྱའི་མཚན་ཉིད་དོ། །གཡས་ཀྱི་ཆ་རུ ་རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཡས་ཀྱི་ཆ་གཙོ་བོར་བྱས་ནས་ཕྱག་རྒྱ་བསྟན་པར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མས་ནི་གཡོན་གྱི་ཆ་གཙོ་བོར་བྱས་ནས་བསྟན་པའོ། །གོ་ཀུ་ཞེས་བྱ་བ་ནི་རྣལ་འབྱོར་མས་ལག་པའི ་ཕྱག་རྒྱ་བསྟན་པའི་འོག་ཏུ་རྣལ་འབྱོར་པས་གོ་ཀུ་ཞེས་བྱ་བའི་ངག་གི་ཕྱག་རྒྱ་བརྗོད་པར་བྱའོ། །མཐེ་བོང་འཆིར་བར་བྱེད་པ་ཞེས་བྱ་བ་ནི་མཐེ་བོང་ཆེན་པོ་གཉིས་འཇིབ་ཅིང་བཏུང་བར་བྱེད་པའོ། །ལག་པ་རྣ་བར་རྡེབས་པ་ནི་ཞེས་བྱ ་བ་ནི་ལག་པ་གཡོན་པ་རྣ་བའི་རྩར་རྡེབས་པའོ། །བློ་ལྡན་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། དེས་འཕྲོག་བྱེད་མེའི་རྟགས་སུ་ཤེས་པར་བྱ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཥ་ཞེས་བྱ་བ་ནི་ལྕེ་རྩ་ཅན་གྱི་ཤ་ཏའི་སྟན་ལ་གནས་པ་ཡིན་ནོ།། ་ཤ་བའི་མགོ་ལྟར་སྟོན་བྱེད་པ་ཞེས་བྱ་བ་ནི་སོར་མོ་བཅུ་མགོར་འཇོག་པའོ། །རྣལ་འབྱོར་ནན་ཏན་བྱེད་པར་མཚོན་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་རྣལ་འབྱོར་ལ་འབད་པར་སྟོན་པའོ། །ངའི་སྙིང་སྡུག་གྲོགས་པོའི་ཞེས་བྱ་བ་ནི་ཆེ་གེ་མོ་ཡིད་དུ ་འོང་བའི་མཛའ་བོར་སྟོན་པའོ། །བཀྵ་མ་ཡོ་ཞེས་བྱ་བ་ནི་མའི་ཡོ་ཞེས་བྱ་བ་ནི་མའི་གནས་སུ་ཡོ་བྲིས་པར?་སྟེ། དོར་ཐབས་ཀྱི་བརྗོད་པའོ། །ལག་པ་རྩ་ལ་འཇུ་བྱེད་ན་ཞེས་བྱ་བ་ནི་རྩའི་འདབ་མ་ལ་སོགས་པ་ལ་རེག་པའོ། །ཁྱོད་ཀྱི་ཁྱིམ་དུ་ངས་ཕྱིན་པ ་ཞེས་བྱ་བ་ནི་ཁྱོད་ཀྱི་ཁྱིམ་དུ་བས་ཕྱིན་ཏེ་སླར་ཡང་འོངས་པའོ་ཞེས་བྱ་བའི་དོན་ཏོ། །མེད་དོ་ཞེས་བྱ་བ་སྟོན་པ་ནི་ཅི་ཡང་མེད་དོ་ཞེས་བྱ་བར་སྟོན་པ་སྟེ་ཤཱུ་ནྱ་ཏྭཱ་ཞེས་བརྗོད་པར་བྱའོ། །ལག་པ་བརྐྱང་སྟེ་ཞེས་བྱ་བ་ནི་གྲི་མོ་བསྲང་སྟེའོ། །ཕུན་སུམ ་ལྡན་པར་ཡོད་ཅེས་པའོ་ཞེས་བྱ་བ་ནི་ཅི་འདོད་པ་ཐམས་ཅད་བདག་གོ་ཞེས་སྟོན་པ་སྟེ། དེར་ཏྲི་ཀ་ཧ་ས་ཞེས་བརྗོད་པར་བྱའོ། །ཁ་ཟས་ཟ་བར་འདོད་པའོ་ཞེས་བྱ་བ་ནི་བཀྲེས་པར་སྟོན་པའོ། །ཞེ་གནག་གཏུམ་ལ་དྲག་པོའོ་ཞེས་བྱ་བ་ནི་ད་ནི་ཤིན ་ཏུ་ཞེ་གནག་ལ་གཏུམ་པའོ་ཞེས་སྟོན་པར་བྱེད་པའོ། །འདིར་འདོད་པ་ནི་ད་ལྟ་སྟོན་པ་ཞེས་བྱ་བ་ནི་ངའི་འདོད་པ་སྟོན་ཅིག་པ་སྟེ་དེར་ཨ་ནད་གྷ་ཡུ་ཏ་ཞེས་བརྗོད་པར་བྱ་སྟེ་ཁས་ལེན་པའི་ཚིག་གོ་།ལྕེ་དྲི་འདྲིལ་བར་བྱེད་པ་ནི་ལྕེ་ཕྱིར་ཕྱུང་སྟེ་བསྐྱོད ་པའོ། །ད་ལྟ་ཞེས་བྱ་བ་ནི་དི་རིང་ངོ། །འཆི་བ་ནི་སྲོག་དང་འབྲལ་བའོ། །ཚེས་གྲངས་ཤེས་པར་འདོད་པའོ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་འཚོག་པ་ཉི་མ་ཤེས་པར་འདོད་པའོ། །མཐེ་བོས་རི་མོ་བྲི་བར་བྱ་ཞེས་བྱ་བ་ནི་མཐེ་བོས་སོར་མོ་བཞིའི ་ཚིགས་གསུམ་གསུམ་བཅོ་ལྔའི་གནས་སུ་རེག་པས་ཚེས་གྲངས་བསྟན་པའོ། །ཡི་གེ་ལ་སོགས་པ་ཞེས་བྱ་བ་ནི་གྲངས་ཏེ་ཡི་གེ་ཨ་ལ་སོགས་པ་བརྗོད་པས་བསྟན་པ་སྔར་བསྟན་ཞེས་བྱ་བ་ནི་སྔར་བསྟན་པ་དྲངས་བའོ། །ཉིན་ཕྱེད་དགའ་བས་རོལ ་པའོ་ཞེས་བྱ་བ་ནི། ཉི་མ་ཕྱེད་དང་མཚན་ཕྱེད་ལ་སོགས་ཏེ་རོལ་པར་བྱའོ་ཞེས་སྟོན་པའོ། །རྒྱ་མཚོ་ལྟ་བུར་སྟོན་བྱེད་པ་ཞེས་བྱ་བ་ནི་ལག་པའི་སོར་མོ་སྦྲེལ་ནས་ཕྱོགས་ཀུན་ཏུ་རྒྱ་མཚོའི་ཆུ་རླབས་ལྟར་?? ་པའོ། །ད་ལྟར་འགྲོགས་ལ་འདོད་ཅེས་བྱ་བ་ནི་གནས་ཆེ་གེ་མོར་ད་ལྟ་ལྷན་ཅིག་ཏུ་འདོངས་ཤིག་ཅེས་སྟོན་པའོ། །མཐེ་བོ་ཡིས་ནི་སྲིན་ལག་ལ་རེག་པ་ཞེས་བྱ་བ་ནི་མཐེ་བོང་དང་སྲིན་ལག་གི་སེན་མོ་ལ་ཕན་ཚུན་རེག་པའོ། །འཆི་བར་མི ་འགྱུར་བ་ཞེས་བྱ་བ་ནི་བདུད་རྩི་སྟེ་ཆང་ཡོད་དོ་བར་སྟོན་པའོ། །བཟའ་བ་ལ་སོགས་པ་ཞེས་བྱ་བ་ནི་བཟའ་བ་ལ་སོགས་པའི་ཁ་ཟས་ཡོད་པར་སྟོན་པའོ། །རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་ལྡན་པ ་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཏེ་དེ་རྣམས་རོལ་པའི་ཕྱིར་དག་དང་ཕྱག་རྒྱའི་བརྡར་བྱས་པའི་ཆོ་ག་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་དེ་ཁོ་ན་ཉིད་རྟོགས་པའི་གླུ་དང་དབྱངས་ལ་སོགས་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ ་མོས་གླུ་འདི་ཡིས་ནི་མཉེས་པར་བྱས་ཞེས་བྱ་བར་སྦྱར་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན་གར་མཛད་དེ་ཞེས་བྱ་བ་སྟེ། གར་སྔོན་དུ་འགྲོ་བའི་གླུས་མཉེས་པར་བྱས་ནས་གསོལ་བ་བཏབ་པ ་ཡིན་ཏེ། མཉེས་པ་དེ་ཡང་ལུས་དང་ངག་གི་བྱ་བར་གྱུར་པའི་གར་དང་གླུའི་མཆོད་པས་ཡང་དག་པར་མཆོད་པའོ། །གླུ་དེ་ཉིད་གསུངས་པ། ཨེ་བཾ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་ཞེས་བྱ་བ་ནི་ལྟེ་བའི་ཆོས་འབྱུང་བའོ། །བཾ་ཞེས་བྱ་བ་ནི ་བཅིང་བ་སྟེ་མདུད་པའི་གནས་ཞེས་བྱ་བའི་དོན་ཏོ། །སི་ཏ་ཨ་ནུ་ར་ན་ནི་བྷ་ཞེས་བྱ་བ་ལ་དེར་སི་ཏ་ནི་བྱང་ཆུབ་ཀྱི་སེམས་སོ། ། ནུ་ར་ན་མེ་ཏོག་གོ་།ནི་བྷ་ནི་རྟེན་དེ་གཉིས་འབྱུང་བའི་ལྟེ་བའི་དབུས་ཀྱི་རྩ་བའོ་ཡང་ན་ནི་བྷ་ནི་འོད་དེ་ལྟེ་བའི་དཀྱིལ ་འཁོར་ནས་འབྱུང་བའི་མེ་དང་བཅས་པའི་རླུང་གི་འགྲོ་བའོ། །དེ་ཉིད་གསུངས་པ། ཛ་ཏི་ཏ་མ་དང་མ་གམ་ཡ་ག་མ་ཞེས་བྱ་བ་ལ། མ་དྷ་མ་ནི་ལྟེ་བའི་དབུས་ཏེ་རྐེད་པ་ཡིན་ལ་དེར་རླུང་གི་གཟུགས་ཀྱི་འགྲོ་བ་དང་འོང་བར་རོལ་པ་དེ་ལ་དེ་སྐད་ཅེས ་བྱའོ། །དྷ་དྷ་ཤ་རི་ར་ཞེས་བྱ་བ་ལ་དྷ་ཞེས་བྱ་བ་ནི་འཛིན་པའོ། །ཅི་ཞིག་ཅེ་ན། དབྱངས་ཀྱི་ཡི་གེའི་ལུས་ཏེ་ཤ་རི་རའོ། །ཡང་ན་རྣམ་པར་འཁོར་བས་ན་དྷའོ། །མ་ཡ་ཞེས་བྱ་བ་ནི་ཨཾ་ཞེས་བྱ་བའི་མའི་ཕྱེད་ཚལ་ཡིན་ཏེ། སྟོང་པ་ཉིད་རྟོགས་པར ་བྱེད་པའི་ཐིག་ལེ་དེའི་སྟེང་དུ་བཞག་པའོ། །ནི་ས་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །ས་ནི་ཞི་བ་སྟེ་ཆོས་ཐམས་ཅད་རང་བཞིན་མེད་པར་ཞི་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིར་ཚིག་དྲག་མི་མངོན་པ་ཡིན་ནོ་ས་ས་ཞེས་བྱ་བ་ནི་རང་བཞིན་མེད་པའི་གཏུམ ་མོའི་རྣལ་འབྱོར་དེ་ཉིད་ཀྱི་རྟོག་པ་ཐམས་ཅད་དྲངས་ནས་འཇོམས་པར་བྱེད་པ་སྟེ། དེས་ནས་གཉིས་སྨོས་པ་ཡིན་ནོ། །ནི་ཨ་ག་མ་ས་ཞེས་བྱ་བ་ལ་ནི་འགྲོ་བ་སྟེ་འཁོར་བ་ཡིན་ལ་ཨ་ག་མ་ནི། དེ་ལས་དྲངས་ཞིང་དགུག་པའོ། །ངེས་པའི ་ཚིག་དང་ལྡན་པ་དང་སྡིག་པའི་ལས་ཐམས་ཅད་འདྲེན་པ་ན་ས་སའོ། །རི་ག་བྷུ་ཡ་དེ་ཞེས་བྱ་བ་ནི་བོད་པ་སྟེ་དེ་ལ་རི་ག་ནི་བདག་མེད་རྣལ་འབྱོར་མ་ཉིད་དོ། །མ་ཞེས་བྱ་བ་ནི་མཉམ་པར་གྱུར་པ་སྟེ། སུ་ཞིག་ཅེ་ན། བྷུ་ཡ་སྟེ་ཞེས་བྱ་བ་རབ ་ཏུ་དགའ་བ་ལ་སོགས་པའི་སའི་བདག་པོ་སྟེ། བཅོམ་ལྡན་འདས་ཡིན་ལ་དེའིའོ། །ཅི་ཞིག་ཅེ་ན། ས་རི་ར་ཞེས་བྱ་བ་ལ་སོགས་པ་ལས་རི་ར་ནི་ལུས་ཏེ་ཅི་ཞིག་ཅེ་ན། ས་ཞེས་བྱ་བ་སྟེ་རྩའོ། །ས་རི་ར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ་དེར་ཆུད་པའི ་རྣལ་འབྱོར་རོ། །ཡང་ནི་ཅི་འདྲ་ཞེ་ན་ནི་ཤ་ཞེས་བྱ་བ་ལ་ནི་ནི་མ་ལུས་པའོ། །ཤ་ནི་འདོད་པ་སྟེ་རྣལ་འབྱོར་མ་མ་ལུས་པའི་འདོད་པའོ། །ཡང་ན་ཨའི་ཤ་ནི་དབང་ཕྱུག་སྟེ། དབང་ཕྱུག་ཐམས་ཅད་ཐོབ་པར་བྱེད་པའོ། །མ ་དྷ་མ་ཨ་དྷ་མ་ཞེས་བྱ་བ་ནི་དབུས་རང་འོག་ཏུའོ། །ཡང་ན་འབར་བར་བྱེད་པའོ། །ས་ས་ཞེས་བྱ་བ་ལ་ས་ནི་དེ་སྟེ་ཨའོ། །ཡང་ས་ཞེས་བྱ་བ་ནི་བཅས་པ་སྟེ་ཐིག་ལེ་ལ་སོགས་པ་དང་བཅས་པར་འཇུག་པའོ། །ཤྲུ་ཏ་ནི་ས་ས་ཞེས་བྱ་བ་ལ་ཤྲུ་ཏ་ནི ་འདོད་པའི་དོན་ཤེས་པའོ། །ནི་ནི་འདྲེན་པ་སྟེ་ཨིད་ཀྱི་རྣམ་པར་ཤེས་པའོ། །ས་ནི་ཡང་དག་པར་འགྲོ་བ་སྟེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་འགྲོ་བ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །ཅི་ཞིག་ཅེ་ན། ས་ས་ཞེས་བྱ་བ་ལ། ལྷན་ཅིག ་ཏུ་འཇུག་པས་ནས་ཏེ་ཡི་གེ་ཨའོ། །ཡང་ས་ཞེས་བྱ་བ་ནི་ཡིག་འབྲུ་ཐམས་ཅད་ཀྱི་མཆོག་གོ་།ས་ནི་ས་རི་ཏེ་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་ཨ་དེ་དང་ལྷན་ཅིག་ཏུ་འཇུག་པ་སྟེ་ཐིག་ལེའི་སྟེང་ན་གནས་པའི་སྒྲའོ། །ནི་ཞེས་བྱ་བ་ནི་མ་ལུས་པའི ་སྐྱེ་བོ་ཐམས་ཅད་བདེ་བར་གཤེགས་པའི་གནས་སུ་འདྲེན་པའོ། །ས་རི་ཏ་ནི་གནས་ཏེ་རྩའོ། །འདི་དག་ནི་ཅི་བྱེད་ཅེ་ན། བྷ་གེ་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པའི་ཕྱིར་སྐལ་བ་དང་ལྡན་པར་བྱེད་པའོ། །ཡང ་ན་བྷ་ག་ནི་བཅོམ་ལྡན་འདས་སོ། །མ་ནི་བདག་སྟེ་བདག་དང་ཁྱོད་དབྱེར་མེད་པ་ཞེས་བྱ་བའི་བར་དུའོ། །མ་ག་མ་ཞེས་བྱ་བ་ནི་སླར་ཡང་རྩའི་ཁྱད་པར་བསྟན་པ་ཡིན་ཏེ། དེ་ལ་མ་ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས་པས་ན་མ་སྟེ་རྩ ་རྣམས་སོ། །དེ་རྣམས་ནས་ཁྲག་དང་ཆུ་སེར་ལ་སོགས་པ་རྒྱུ་ཞིང་འགྲོ་བས་ན་ཨ་ཀ་མའོ། །ཡང་ཅི་འདྲ་ཞེ་ན། ཨ་དྷ་མ་སས་ཞེས་བྱ་བ་ལ། ཨ་དྷ་མ་ནི་མ་ལུས་པའོ། །དྷ་མ་ནི་གོ་སྐབས་འབྱེད་པ་སྟེ་ནམ་མཁའ་ཨི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན ་དྷ་མ་ན་བདུད་འདུལ་བ་སྟེ་མ་ལུས་པའི་བདུད་འདུལ་པའོ། །ས་ས་ཞེས་བྱ་བ་ནི་བདུད་རྣམས་འཆིང་པ་པ་དང་འཇོམས་པར་བྱེད་པའི་ཕྱིར་གཉིས་སྨོས་སོ། །པཱ་པ་མ་ཡ་པཱ་པ་དྷ་ན་མ་ཞེས་བྱ་བ་ལ། པཱ་པ་མ་ཡ་ཞེས་བྱ་བ་ནི་ནད་ཐམས་ཅད་ཀྱི་སྡིག་འཐུང་བར? ་བྱེད་པས་ན་པཱ་པ་མ་ཡ་སྟེ་བཅོམ་ལྡན་འདས་ལ་བོད་པའོ། །ཡང་ན་རྩའི་ཁྱད་པར་རོ། ། པཱ་ལ་དེ་ཞེས་བྱ་བ་ལ། ། པཱ་པ་ནི་དཀར་པོའི་ལས་སོ་དེ་ཞེས་བྱ་བ་ནི་སྟེར་ཞིང་སྦྱིན་པ་སྟེ་དཀར་པོའི་ལས་སྟེར་བའོ། །ཡང་ནི་ཨ་ནི་ཉེ་བར་བསྒྱུར་བའོ། །པཱ་པ་ནི་རྣ? ་པོའི་ལས་སོ། །ད་ནི་འདུལ་བའོ། །ན་མ་ནི་ཕྱག་འཚལ་བའོ། །ཀྱེ་བཅོམ་ལྡན་འདས་སྡིག་གི་རང་བཞིན་སྡིག་མེད་པ་སྩོལ་བ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །ེ་པཾ་མ་ཡཱ་ཤྲུ་ཏཾ་ཞེས་བྱ་བའི་ཚིག་གི་དོན་སླར་ཡང་བཤད་པར་བྱ་སྟེ། དེ་ལ་ཨེ་བཾ་ཞེས་བྱ ་བ་ནི་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་བར་དུ་རྒྱུན་ཆགས་པར་འདུག་པའི་འགྲོ་བ་རྣམས་སོ། །དེ་ཡང་ཅི་འདྲ་ཞེ་ན། ཤྲུ་ཏཾ་ཞེས་བྱ་སྟེ་རྣ་བའི་རྣམ་པར་ཤེས་པས་སྤྱོད་ཡུལ་དུ་བྱས་པའོ། །འདི་ནི་ཉེ་བར་མཚོན་པ་སྟེ་མཐོང་བ་དང་རེག་པ་དང་བསྣམས་པ་དང ་མྱོང་པ་དང་བསམ་པ་ཞེས་བྱ་བ་ཐམས་ཅད་སོ་སོར་སྦྱར་བར་བྱའོ། །ཅི་ཞིག་ཅེ་ན། མ་ཡཱ་ཞེས་བྱ་བ་ནི་བདག་གི་ཐོས་པ་ལ་སོགས་པ་རྣམས་བདག་སྟེ་རང་གི་སེམས་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདི་ལྟར་མ་ཡཱ་སྟེ་སེམས་ཤེལ་ལྟར་རང་བཞིན ་རྣམ་པར་དག་པ་རང་རིག་པ་ཙམ་ཡིན་པས། སྐད་ཅིག་ལ་རྣམ་པར་རྟོག་པའི་ཚོན་གྱིས་ཁ་བསྒྱུར་བས་དེ་དང་དེར་སྣང་དུ་ཟིན་ཀྱང་གང་གིས་མཐོང་བ་དང་ཐོས་པ་ལ་སོགས་པའི་དོན་རྣམས་འཇིག་པར་བྱེད་པ་དེ་ནི་དཔེར་ན་མེ་ལོང་གཡའ་དག་པ་ལ ་གཟུགས་བརྙན་སྣང་བ་ལྟར་ལེགས་པར་བྱས་པ་དང། ཉེས་པར་བྱས་པ་དང། བདེ་བ་དང། སྡུག་བསྔལ་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ནི་གཟུང་བ་དང་འཛིན་པའི་བློ་བུར་གྱི་དྲི་མ་དང་བྲལ་ནས་རང་གི་སེམས་ཀྱི་སྣང་བ་ཙམ་དུ་རྟོགས ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་བ། ཆོས་རྣམས་འདི་ཀུན་སྟོང་པ་སྟེ། རྟེན་ཅིང་འབྲེལ་འབྱུང་སྟོན་པ་ཡིན་ཞེས་གསུངས་སོ། །ཡང་ན་བདག་གིས་ཐོས་པ་དང་མཐོང་བ་ལ་སོགས་པ་འདི་དག་དང ་དབང་པོ་དྲུག་ནི་ཡུལ་ཅན་དང་ཡུལ་ཅན་མ་ཡིན་ལ། དེ་དག་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟར་བརྫུན་ནོ་ཞེས་བྱ་བའི་དོན་ཏེ། །ཡང་ན་ཨེ་བཾ་སྟེ་དེ་དག་ཐམས་ཅད་རང་གིས་བྱས་ཤིང་བཅོས་པས་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་ལྟར་མཆོད ་པ་བྱས་ཀྱི་འོག་ཏུ་གསོལ་བ་བཏབ་པར་བལྟ་བར་བྱའོ། །དེ་ལྟར་གསོལ་བ་བཏབ་ཀྱི་འོག་ཏུ་གཟིལ་འཁོར་ལོ་དང་རྡ?་སའི་འཁོར་ལོ་ལ་སྤྱོད་པའི་འཁོར་ལོ་གསུངས་པ། ཤར་དུ་མེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྔར་བསྟན་པ ་བཞིན་དུ་ཕན་ཚུན་དུ་ཐིག་བཞི་བཏབ་ལ་ཡང་མཚམས་བཞི་དྲིས་ནས་ཐ་མ་བསྐོར་བ་དང་ལྡན་པས་རྩིབས་བཅུ་གཉིས་པའི་འཁོར་ལོར་འགྱུར་རོ། །དེའི་ཤར་ཕྱོགས་ཀྱི་རྩིབས་སུ་ནི་ཡི་གེ་མེ་བྲིའོ། །གཤིན་རྗེར་ནི་བྷྲེ་ཞེས་བྱ་བ་ནི་ལྷོའི་རྩིབས ་ལ་ཡི་གེ་བྷྲེ་བྲི་བའོ། །ནུབ་དུ་མི་ཞེས་བྱ་བ་ནི་ནུབ་ཕྱོགས་སུ་ཡི་གེ་མི་བྲི་བའོ། །བྱང་དུ་དེ་བཞིན་དུ་ཀུ་ཞེས་བྱ་བ་ཡང་དེ་བཞིན་ཏེ། དེ་དག་གིས་ནི་ལུག་དང་ཁྱུ་མཆོག་དང་འཁྲིག་པ་དང་ཀ་ར་ཀ་ཊ་ཞེས་བྱ་བའི་རཱ་སི་བཞིའི་མིང་བསྟན་པ་ཡིན་ཏེ། ་དཔེར་ན་སྣམ་བུའི་གྲཝ་ནས་སྣམ་བུ་རངས་པ་འདྲེན་པ་ལྟར་མིང་གི་ཡི་གེ་དང་པོ་ཙམ་གྱིས་ཀྱང་མིང་རངས་པ་བསྟན་པར་འགྱུར་རོ། །དཱ་སི་ཞེས་བྱ་བ་ནི་ཡི་གེ་རཱ་སི་བྲི་བའོ། །དེ་བཞིན་དུ་མ་ག་དང། ཏུ་ཀུ་དང་བི་མ་རྣམས་ཀྱང་ཤེས་པར་བྱ་སྟེ། ་དེ་དག་གིས་ཀྱང་གཞུ་དང། སེངྒེ་དང། ཆུ་སྲིན་དང། གཞོན་ནུ་མ་དང། སྲང་དང། བུམ་པ་དང། སྡིག་པ་དང། ཉ་ཞེས་བྱ་བ་རཱ་སི་བརྒྱད་རིམ་བཞིན་དུ་སོ་སོར་བསྟན་པ་ཡིན་ནོ། །ད་ནི་གཟའ་རྣམ་པ་ལྔ་དང་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ ་ལྔ་སྦྱར་བ་བསྟན་པའི་ཕྱིར་ཨ་ནི་སྒུར་པོའོ་ཞེས་བྱ་སྟེ་མིག་དམར་རོ། །ི་ནི་ཟླ་བ་ལས་སྐྱེས་པའོ། །ཞེས་བྱ་བ་ལས་ཟླ་སྐྱེས་ནི་བཟའ་ལྷག་སྟེ་ཟླ་བའི་པུ་ཞེས་གྲགས་པའི་ཕྱིར་རོ། །ུ་ནི་ལྷའི་བླ་མའོ་ཞེས་བྱ་བ་ལ། ལྷའི་བླ་མ་ནི་ལྷ་རྣམས་ཀྱི་སྟོན་པ ་སྟེ། གཟའ་ཕུར་བུའོ། །ཉི་མའི་བུ་ཞེས་བྱ་བ་ནི་སྤེན་པའོ། །འོ་ཞེས་བྱ་བ་ནི་ལྟ་འོག་ཀུན་ཏུ་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་ཉི་མའི་གསུངས་པ། གཟའ་རྣམས་ཀྱི་ནི་ཆོ་ག་ལ་ཞེས་བྱ་བ་ལ། ཆོ་ག་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ ་སྟེ། གཟའ་རྣམས་ཀྱི་ནང་ནས་ཟླ་བ་དང་ཉི་མས་བསྐྱེད་པར་བྱ་བའི་གཟའ་ལྷག་པ་དང་སྤེན་པ་གཉིས་ཀྱི་ནང་དུ་ཟླ་བ་དང་ཉི་མ་གཉིས་བསྡུ་བར་བརྗོད་དོ། །ད་ནི་རཱ་སི་བཅུ་གཉིས་བྲིས་པའི་འཁོར་ལོ་ལ། གཟའ་རྣམས་ཀྱི་ཡི་གེ་བྲིས་ནས་སོ་སོར་སྦྱར་བ ་བསྟན་པའི་ཕྱིར། ཟླ་བ་ཀར་ཀ་ཊ་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀར་ཀ་ཊའི་རེའུ་མིག་ལ་ཟླ་བའི་ཡི་གེ་བཀོད་ནས་དེས་དེ་ལ་ལོངས་སྤྱོད་ཅིང་མཐུན་པར་བརྩི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉི་མ་དྲང་སྲོང་གདོང་ལྔ་ལ་ཞེས་བྱ་བ་ལ། དྲང་སྲོང ་གདོང་ལྔ་ནི་སེངྒེ་སྟེ། སེངྒེའི་རེའུ་ཆ་ལ་བྲིའོ། །གཟའ་རྣམས་ལྷག་མ་ཇི་སྙེད་པ་ཞེས་བྱ་བ་ནི། མིག་དམར་ལ་སོགས་པའི་གཟའ་ལྷག་མ་ལྔའོ། །རཱ་སི་གཉིས་གཉིས་ལ་ནི་སྤྱོད་ཅེས་བྱ་བ་ནི་ལུག་ལ་སོགས་པའི་རཱ་སི་ལྷག་མ་བཅུའི་རེ་ཆར་རིམ་བཞིན ་དུ་རཱ་སི་གཉིས་གཉིས་ཀྱི་གནས་སུ་གཟའ་རེ་རེ་བྲི་བའོ། །སྤྱོད་ཅེས་བྱ་བ་ནི་སྐྱོང་ཞིང་གསོ་བ་སྟེ། འདི་ལྟར་འདྲི་བའི་ཕོ་ཉ་མེ་ཏོག་དོར་བ་དང་ལག་པས་རེག་ཀྱང་རུང་སྟེ། གཟའ་དང་དེའི་རེ་ཆ་རྣམས་ཀྱི་མཐུན་པ་རཱ་སི་ལས་ཤེས་པར་བྱའོ། །རཱ་སི་རྣམས ་ཀྱང་སྔར་བསྟན་པའི་ཚུལ་གྱིས་འཕེལ་བ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། དེའི་སྐྱོན་དང་ཡོན་ཏན་ཤེས་པར་བྱའོ། །དེ་བཞིན་དུ་རཱ་སི་གང་ལས་སྐྱེས་པའི་མིའི་མཚན་ཉིད་ཀྱང་འཕེལ་བ་ལ་སོགས་པ་ལས་ཤེས་པར་བྱའོ། །ད་ནི་སྒང་ཤོང་གི ་འཁོར་ལོ་ཞུ་བ་གསུངས་པ། སྒང་ཤོང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། སྒང་ཤོང་ཞེས་བྱ་བ་ནི་རཱ་སི་རྣམས་སོ། །ཁྱོད་ཀྱིས་བཤད་ཅེས་བྱ་བ་ནི་སྔར་གསུངས་པའོ། །སྔར་གསུངས་མོད་ཀྱི་འོན་ཀྱང་སྐར་མ་དུས ་དང་ཞེས་བྱ་བ་ལ་སོགས་པས་ཁྱད་པར་ལ་རྨོངས་པ་སྟོན་པ་ཡིན་ཏེ། སྐར་མ་ཞེས་བྱ་བ་ནི་རྒྱུད་སྐར་རོ། །དུས་ཞེས་བྱ་བ་ནི་ཟླ་བའོ། །ཉི་མ་ཞེས་བྱ་བ་ནི་ཆོས་གྲངས་ཏེ། གཟའ་རྣམས་ཀྱང་གཟུང་བར་བྱའོ། །བྱེ་བྲག་ནི་དེ་རྣམས་ཀྱི་ཁྱད་པར་རོ། །ལུག ་དང་རོ་ཧི་ཏ་ལ་སོགས་པའི་སྒྲ་ནི་གཉིས་ཀར་སྦྱོར་ཏེ། ལུག་ལ་སོགས་པའི་རཱ་སི་དང། རོ་ཧི་ཏ་ལ་སོགས་པའི་སའི་དབང་ཕྱུག་རྣམས་ཀྱིའོ། །གང་གི་འཆི་བ་བཤད་ཀྱིས་ཉོན་ཞེས་བྱ་བ་གང་གི་ཞེས་བྱ་བ་ནི་ལུག་ལ་སོགས་པ་རཱ་སི་གང ་ལས་སྐྱེས་པའི་མིའི་སྟེ་དེའི་འཆི་བ་ངེས་པ་ཉོན་ཅིག་པའོ། །ངེས་པ་དེ་ཡང་གསུངས་པ། ཟླ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། དུས་ཤེས་བྱ་བ་ནི་རྐོངས་མོ་ལ་སོགས་པའོ། །གདོན་ཞེས་བྱ་བ་ནི་མགུལ་ནང་ལ་སོགས་པའོ། །ནད་ཞེས་བྱ ་བ་ནི་སྨྱོ་བ་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །སྒང་ཤོང་ཞེས་བྱ་བ་ནི་སྒང་ཤོང་གི་འཁོར་ལོའོ། །ཚང་ཞེས་བྱ་བ་ནི་ངེས་པའོ། །གང་ཞིག་ལས་ནི་སྐྱེས་པ་ཞེས་བྱ་བ་ནི་རཱ་སི་གང་ལས་སྐྱེས་པའོ། །བརྗོད་ཅེས་བྱ་བ་ནི་ཐུབ་པ་རྣམས་ཀྱིས ་བརྗོད་ཅིང་གསལ་བར་མཛད་པ་སྟེ་དེ་འདིར་བཤད་ཀྱིས་ཉོན་ཞེས་བྱ་བ་དང་སྦྱར་རོ། །ད་ནི་རཱ་སི་གང་ལས་སྐྱེས་པའི་མི་འཆི་བའི་དུས་ཀྱི་ཟླ་བ་དང་སྐོར་མ་དང་གཟའ་དང་དུས་ལ་སོགས་པ་རིམ་པ་བཞིན་དུ་སྦྱར་ཏེ་གསུངས་པ། བྷ་དྲ་ཡི་ནི ་ཉི་མ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། བྷ་དྲའི་ཉི་མ་ནི་ལུག་གི་ཉི་མ་ལ་སྐྱེས་པའི་མིའོ། །དགུན་ཟླ་ར་བའི་ཞེས་བྱ་བ་ནི་དགུན་ཟླ་ར་བ་དེའི་ཚེས་གསུམ་དང་སྦྱོར་རོ། །དགུན་ཟླ་ར་བ་དེའི་གཟའ་མིག་དམར་དང་རྒྱུ་སྐར་སྨིན་དྲུག་ལྡན་ཏེ་འཛོམ ་པར་གྱུར་པ་དེ་ནི་དེའི་འཆི་བའི་དུས་ལ་བབ་པའི་ཡིན་ནོ། །ལུག་གི་མི་འཆི་བའི་དུས་བསྟན་ནས། ཁྱུ་མཆོག་གི་དུས་བསྟན་པའི་ཕྱིར། ཁྱུ་མཆོག་ཅེས་བྱ་བ་གསུངས་ཏེ། ལུས་ཀྱི་མཚན་མ་ལ་སོགས་པ་ཞེས་བྱ་བ་ཉིས་སྨྲ་ཞིང་མགུལ་བའི ་ནད་ཅེས་བྱ་བ་ཡིན་ཏེ་དེ་ལ་མགུལ་བའི་ནད་ནི་ལྐོག་འགགས་ཀྱི་ནད་དེ་གདོན་ལས་གྱུར་པ་ཡིན་ལ། དེ་ནི་ལུས་ཀྱི་མཚན་མ་ཡིན་ནོ། །སྨྱོ་བ་ནི་སེམས་དྲན་པ་མེད་པར་གྱུར་པ་སྟེ། སེམས་ཀྱི་མཚན་མའོ། །དེ་ཡང་ད་གཉིས་གཅིག་གིས་འཆི་བར ་ཤེས་པར་བྱའོ། །ནམ་ཞེ་ན་དགུན་ཟླ་འབྲིང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགུན་ཟླ་འབྲིང་པོའི་ཚེས་བཞི་ལ་ལག་སྟེ་གཟའ་ལྷག་དང་སྣར་མ་འཛོམ་པར་གྱུར་ན་དགོངས་མོ་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྣར་མ་ཞེས་བྱ་བ ་ནི་པདྨ་ལས་བྱུང་བའི་ཕྱིར་རོ། །འཁྲིག་པ་ལས་སྐྱེས་པའི་མིའི་དུས་གསུངས་པ། དགུན་ཟླ་ཐ་ཆུངས་ཞེས་བྱ་བ་ལ་སོགས་པ་ལ་མགོ་ཞེས་བྱ་བ་ནི་རི་དགས་ཀྱི་མགོ་སྟེ་རི་དགས་ཀྱི་མགོ་ཞེས་བྱ་བར་གྲགས་པའོ། །འཁྲིག་པའི་མི་ཞེས་བྱ་བ་ནི ་འཁྲིག་པ་ལས་སྐྱེས་པའི་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །ཀར་ཀ་ཊ་ལས་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་ར་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཀར་ཀ་ཊ་ཞེས་བྱ་བ་ནི་ཀར་ཀ་ཊ་ལས་སྐྱེས་བའི་མིའོ། །ལྷག་མ་ནི་གོ་སླའོ། །སེང་གེ་ལས ་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་འབྲིང་པོའི་གཉིས་ལྔ་ལ་ཞེས་བྱ་བ་ལ་སོགས་པ་ལ་གཉིས་ལྔ་ནི་བཅུ་སྟེ་དེའི་ཚེས་བཅུ་ལ་འཆི་བར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །གཞོན་ནུ་མ་ལ་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་ཐ་ཆུང་ཞེས་བྱ ་བ་ལ་སོགས་པ་སྟེ། བཅུ་གཉིས་ཞེས་བྱ་བ་ནི་ཚེས་བཅུ་གཉིས་ལའོ། །སྲང་ལས་སྐྱེས་པའི་དུས་གསུངས་པ། དབྱར་ཟླ་ར་བའི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་བཅུ་བཞི་ཞེས་བྱ་བ་ནི་ཆོས་ཡིན་ནོ། །གཞན་དག་ལ་ཡང་དེ་ལྟར་སྦྱར་པར ་བྱའོ། །དབྱར་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་ནི་སྡིག་པ་ལས་སྐྱེས་པའི་མིའི་དུས་བསྟན་པ་ཡིན་ནོ། །དབྱར་ཟླ་ཐ་ཆུང་ཞེས་བྱ་བ་ལ་སོགས་པ་ནི་གཞུ་ལས་སྐྱེས་པའི་དུས་བསྟན་པ་ཡིན་ཏེ། དེ་དག་ནི་གོ ་སླའོ། །དེ་དག་ངེས་པར་ལྡན་གྱུར་ན་ཞེས་བྱ་བ་ནི་ཟླ་བ་དང་གཟའ་དང་སྐར་མ་རྣམས་ཏེ། དེ་རྣམས་ཇི་སྐད་སྨོས་པ་བཞིན་ལྡན་པར་གྱུར་ནའོ། །སྟོན་ཟླ་ར་བ་ཞེས་བྱ་བ་ལ་སོགས་པས་ནི་ཆུ་སྲིན་ལས་སྐྱེས་པའི་དུས་བསྟན་ཏོ། །སྟོན་ཟླ་འབྲིང་པོ ་ཞེས་བྱ་བ་ལ་སོགས་པས་ནི་བུམ་པ་ལས་སྐྱེས་པའི་དུས་བསྟན་པ་ཡིན་ཏེ། དེ་ལ་ཟད་པ་ཞེས་བྱ་བ་ནི་ཟད་པར་བྱས་པ་སྟེ་གཤིན་རྗེའོ། །འགྲོ་བ་ནི་དེའི་གྲོང་ཁྱེར་དུ་འགྲོ་བའོ། །ཡང་ན་ཟད་པ་ནི་ཚེ་ཟད་པའོ། །འགྲོ་བ་ནི་འཆི་བའི་དེ་ཁོ ་ན་ཉིད་དུ་འགྲོ་བའོ། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ་ལ་སོགས་པས་ནི་ཉ་ལས་སྐྱེས་པའི་དུས་བསྟན་པ་ཡིན་ཏེ། དེ་དག་ཀྱང་གོ་སླའོ། །སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་དུས་ཞེས་བྱ་བ་ནི་ལུག་ལ་སོགས་པ་ལས་སྐྱེས་པའོ། །ཞི་དང་དྲག ་བོའི་དཔྱད་པར་བྱ་ཞེས་བྱ་བ་ནི་སྔོན་དུ་ཞེས་བྱ་བ་དང་སྦྱར་ཏེ། སྔོན་དུ་གཟའ་ལ་སོགས་པ་འཇམ་པ་དང་རྩུབ་པའི་ཤེས་པར་བྱའོ་ཚེ་དང་འཆི་དུས་ལས་ལ་སོགས་པ་ཞེས་བྱ་བ་ནི་ཇི་སྲིད་ཅིག་གནས་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ ་ནི་ལེགས་པར་ཤེས་ནས་སོ། །དེ་དག་གིས་ནི་འདི་སྐད་དུ་མེ་ཏོག་བོར་བ་ལ་སོགས་པའི་ཆོ་ག་ཙམ་གྱིས་ཀྱང་འཇམ་པ་དང་རྩུབ་པའི་གཟའ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱས་ལ། རོ་ཧི་ཏ་ལ་སོགས་པའི་བྱིས་པ་འདིས་ནི་འདི་སྲིད ་ཅིག་འཚོ་བར་འགྱུར་རོ། །ཞེས་རིམ་པ་བཞིན་ལུང་བསྟན་པར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ངེས་པར་འཆི་བ་ཚར་གཅད་པའི་དབང་དུ་བྱས་པ་བསྟན་པའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ངེས་པར་འཆི་བ་ནི་སྲོག ་འདོར་བའོ། །ཚར་བཅད་པ་ནི་བདག་གི་དབང་དུ་བྱ་བ་སྟེ། ཐིག་ལེ་དང་སྒྲའི་རྣལ་འབྱོར་རོ། །གཞུང་གང་དུ་དེ་ལྷག་པར་སྟོན་པ་དེ་ནི་ངེས་པར་འཆི་བར་ཚར་བཅད་པའི་དབང་དུ་བྱས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་ལྟས་ལ་སོགས་པའི་སྒོ་ནས་སྐྱེ་བོ་རྣམས་གཞུག་པར་བཞེད་ནས། རྩིས་ཀྱི་ལེའུ་གསུངས་པ། ལྟས་ཀྱི་མཚན ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨ་ལི་ཞེས་བྱ་བ་ལ་སོགས་པ་ནི་ཨ་ལ་སོགས་པའི་ཡི་གེའོ། །ཀཱ་ལི་ནི་ཀ་ལ་སོགས་པའོ། །མཉམ་བྱས་ནི་མཚུངས་པར་བྱ་བ་སྟེ། ཇི་ལྟར་མཚུངས་པར་བྱ་ཞེ་ན། སྡེ་ཚན་དུ་ནི་སྡེབ་པར་བྱ་ཞེས་བྱ་བ ་ལ་སྡེ་ཚན་ནི་སྡེ་ཚན་བརྒྱད་དོ། །སྡེབ་པ་ནི་སྡེ་ཚན་སོ་སོ་རེ་རེ་ཞིང་དང་པོ་དང་འོག་མ་ལ་སོགས་པ་མཐུན་པ་དགུ་དགུར་སྡེབ་པའོ། །དེས་ཅི་ཞིག་ཅེ་ན། དབྱངས་དང་གསལ་བྱེད་དང་པོ་སྟེ་ཞེས་བྱ་བ་ལ་དབྱངས་ནི་ཨ་ལ་སོགས་པའོ། ། ་གསལ་བྱེད་ནི་ཀ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྡེ་ཚན་ལྔ་པོའི་ཡི་གེ་གང་དག་གི་མིང་གི་དང་པོར་གནས་པ་དེ་དག་ཕན་ཚུན་དུ་མཐུན་ཞིང་འཕྲོད་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆ་ཤས་ལྡན་ལ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས ་པའི་ཆ་ཤས་ལ་གནས་པ་རྣམས་སོ། །སྙིང་སྟོབས་སྟོབས་ཅན་ཞེས་བྱ་བ་ནི། འབད་ཅིང་བརྩོན་འགྲུས་བརྩམ་པར་བྱ་བ་སྟེ་མཐུན་པའི་ཕྱིར་རོ། །དེ་ཉིད་གསུངས་པ། དེའི་རིགས་སུ་ཤེས་པར་བྱ་ཞེས་བྱ་བ་སྟེ། སེམས་ཅན་དེ་དང་དེའི་མིང་གི ་ཡི་གེ་མཐུན་པས་རིགས་གཅིག་པ་ཉིད་ཡིན་པ་དང། དེ་བཞིན་དུ་ལྷ་དང་དེའི་སྒྲུབ་པ་པོ་དག་ཀྱང་སྡེ་ཚན་རྣམ་པར་དག་ཅིང་མཐུན་པར་བསྒྲུབ་པར་བྱ་བ་དང། སྒྲུབ་པ་པོ་ཉིད་དུ་འོས་པར་དེའི་རིགས་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །སེམས ་ཅན་གྱི་རིགས་མཐུན་པ་དེ་ཉིད་གསུངས་པ། མཛའ་ཡས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་དག་ཅེས་བྱ་བ་ནི་སྡེ་ཚན་དེ་དག་གོ་།ཡི་གེ་བཅུ་གཉིས་སྒྱུ་མ་ཆེ་ཞེས་བྱ་བ་ལ་སོགས ་པ་ནི་རཱ་སི་ལ་སོགས་པའི་རྩིས་བསྟན་པ་ཡིན་ཏེ། ཡི་གེ་བཅུ་གཉིས་ནི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ། །འཚེ་དང་དུས་ཀྱི་རང་བཞིན་བརྗོད་ཅེས་བྱ་བ་ལ་འཚོ་བ་ནི་སྲོག་གོ་།དུས་ནི་འཆི་བའོ། །དེ་དག་རཱ་སི་ཞེས་བྱ་བ་སྟེ་ཞེས་བྱ ་བ་ནི། །ཡི་གེ་དེ་དག་ཉིད་རཱ་སིའི་གཟུགས་སུ་བརྩི་བའོ། །སྐར་མ་ཀུན་དང་ཡང་དག་ལྡན་ཞེས་བྱ་བ་ནི་དབྱངས་དེ་རྣམས་ཉིད་རྒྱུ་སྐར་རྣམས་ལ་ལོངས་སྤྱོད་པ་ནང་གི་སྦྱོར་བས་བརྩི་བར་བྱའོ། །ཟླ་བ་ཉི་མ་བྱེ་བྲག་གིས། །དེ་བཞིན་འོག་དང ་སྟེང་དུ་བལྟས་ཞེས་བྱ་བ་ལ་ཟླ་བ་དང་ཉི་མའི་བྱེ་བྲག་ནི། ཟླ་བ་དང་ཉི་མ་རྒྱུ་བའི་ལྷག་པར་བྱས་པ་སྟེ། ཟླ་བ་ཡར་ངོ་དང་མར་ངོ། །འོག་དང་སྟེང་དུ་བལྟ་བ་ནི་དབྱངས་དང་རཱ་སི་རྣམས་ཀྱི་རྒྱུ་བ་སྟེ། ཡར་ངོ་ལ་ནི་འོག་ཏུ་བལྟས་ལ། མར ་ངོ་ལ་ནི་བཟློག་སྟེ་བརྩི་བར་བྱའོ། །ནང་གི་ལ་ཡང་དབུགས་འཇུག་པ་ནི་འོག་ཏུ་བལྟ་བ་ཡིན་ལ་འབྱུང་བ་ནི་སྟེང་དུ་བལྟ་བའོ། །བརྟན་པ་ཉིད་དང་གཡོ་བ་ཉིད་ཅེས་བྱ་བ་ལ་བརྟན་པ་དང་གཡོ་བ་ནི་སེམས་རྣམ་པར་གཡོ་བ་དང ་བརྟན་པ་སྟེ། བརྟན་པ་ལས་ནི་དགེ་བའི་མཚན་མ་ཤེས་པར་བྱས་ལ། གཡོ་བ་ལས་ནི་སྡིག་པའི་མཚན་མར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་པོ་གཉིས་སུ་བརྗོད་པ་ཡིན་ཞེས་སོ། །རྐང་པ་དང་ནི་སྦྱར་བ་སྟེ་ཞེས་བྱ་བ་ལ ་རྐང་པ་ནི་ཐུང་ངོ། །སྦྱར་བ་ནི་རིང་པོ་སྟེ་དེ་ཉིད་ནི་ཡང་བ་དང་ལྕི་བ་ཞེས་ཀྱང་བྱའོ། །རྒྱལ་དང་འཕམ་ཞེས་པ་ནི། ཤིས་པ་དང་མི་ཤིས་པ་སྟེ། ཐུང་ངུ་ནི་ཤིས་ལ་རིང་པོ་ནི་མི་ཤིས་པའོ། །དེ་དག་གིས་བསྡུས་པའི་དོན་ནི་ཨ་ལ ་སོགས་པའི་ཡི་གེ་བཅུ་གཉིས་དང་ལྡན་པའི་རེའུ་མིག་བཅུ་གཉིས་པའི་འཁོར་ལོ་ལ་མེ་ཏོག་ལ་སོགས་པ་བོར་བ་ལས་ཐུང་ངུ་རྣམས་ནི་ཤིས་ལ་རིང་པོ་རྣམས་ནི་མི་ཤིས་པའོ་ཞེས་བྱ་བ་འདི་ཡིན་ནོ། །ཁྱད་པར་རྣམས་ནི་བཤད་ཟིན་ཏོ།། ་དེ་ཉིད་ཀྱི་ཕྱིར་གསུངས་བ། གཉིས་པོ་སྟེང་གི་རྒྱལ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་སྟེང་ནི་ཐུང་ངུའོ། །འོག་ནི་རིང་བའོ། །འཆི་བ་ནི་ཉེ་བར་མཚོན་པའོ། །ཡང་རཱ་སི་ལ་སོགས་པ་རྣམས་ཉི་མ་དང་ཟླ་བའི་བྱེ་བྲག་གིས་རྒྱ་བའི་དབྱེ་བ་བསྟན་པའི ་ཕྱིར། ཉི་མའི་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མའི་རྒྱུ་བ་ནི་ཉི་མའི་འགྲོ་བའོ། །ཉི་མ་ལ་ནི་གནས་ཏེ་འཆར་ཞེས་བྱ་བ་ནི་ཉི་མའི་རྒྱུ་བའི་དབང་དུ་བྱས་པའོ། །རཱ་སི་རྒྱུ་བ་གསུམ་དུ་འདོད་ཅེས་བྱ་བ་ལ་གསུམ་ནི་གཟའ་དང་སྐར་མ ་དང་སྦྱར་བ་སྟེ། དེ་དག་རྒྱུ་བ་རཱ་སི་དབུགས་ཀྱི་རྒྱུ་བ་དང་རིམ་པ་བཞིན་དུ་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབུགས་རྒྱུ་བ་ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དབུགས་རྒྱུ་བ་ནི་སྣ་སྒོའི་དབུགས་ཕྱི་ནང་དུ་གཏུམ་བའོ། །ཐམས ་ཅད་ཅེས་བྱ་བ་ནི་གཟའ་དང་སྐར་མ་དང་སྦྱོར་བ་རྣམས་ཀྱི་ཤུགས་རྒྱུ་བའོ། །རཱ་སི་ཤེས་བྱ་ཞེས་བྱ་བ་ནི། རཱ་སི་དབུགས་ཀྱི་ངོ་བོར་ཤེས་པར་བྱའོ། །ཟླ་བའི་རྒྱུ་བ་ལ་རཱ་སི་རྒྱུ་བ་གསུངས་པ། ཀར་ཀ་ཊ་ཞེས་བྱ་བ་ལ་སོགས་པ་ལ་གླང་པོའི་དགྲ ་ཞེས་བྱ་བ་ནི་སེངྒེའོ། །ཆ་ཤས་དྲུག་ཅེས་བྱ་བ་ནི་ཟླ་བའི་ཆ་ཤས་དྲུག་གོ་།གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར་ཞེས་བྱ་བ་ནི། གཟའ་ཟླ་བ་དང་ཡང་དག་པར་ལྡན་པའོ། །ཆུ་སྐྱེས་ཞེས་བྱ་བ་ནི་ཆུ་སྲིན་ནོ། །ཟུང་དུ་སྤྲོད་པ་ཞེས་བྱ་བ་ནི ་འཁྲིག་པའོ། །ཆ་ཤས་ལྔ་དང་བཞི་ཞེས་བྱ་བ་ཡང་ཟླ་བ་ཡིན་ཏེ། དེ་ལྟར་ན་ཟླ་བའི་རི་མོ་གསལ་བ་ཆ་ཤས་བཅོ་ལྔ་དང། རཱ་སི་བཅུ་གཉིས་ཀྱི་རྒྱུ་བ་སྦྱར་བ་ཡིན་ནོ། །དེ་ལ་ཉི་མའི་རྒྱུ་བ་ནི་ཟླ་བ་མར་ངོའོ། །ཟླ་བའི་རྒྱུ་བ་ནི་ཡར་ངོའོ། །དེ་བཞིན ་དབུགས་ཕྱིར་རྒྱུ་བ་ནི་ཉི་མའི་རྒྱུ་བའོ། །ནང་དུ་འཇུག་པ་ནི་ཟླ་བའི་རྒྱུ་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔ་མ་བཞིན་དུ་འཆར་བར་འགྱུར་ཞེས་སོ། །ད་ནི་གཟའ་ལ་སོགས་པ་འཆར་བའི་བལྟས་བརྩི་བ་གསུངས ་པ་སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུའི་མིང་དང་ལྡན་པར་བྱ་ཞེས་བྱ་བ་ནི་འབྲས་བུ་འམ་མེ་ཏོག་གི་མིང་འདོན་ཞིང་གཟུང་བར་བྱ་སྟེ། འབྲས་བུ་དང་མེ་ཏོག་གི་མིང་གི་ཡི་གེ་དང། བསྒྲུབ་པར་བྱ་བ་དང། སྒྲུབ་པ་པོའི་མིང་གི་ཡི ་གེ་རྣམས་གལ་ཏེ་སྡེ་ཚན་གཅིག་ཏུ་གྱུར་ན། དེའི་ཚེ་མཚན་མ་དགེ་བ་ཡིན་ལ། གཞན་དུ་ན་དེ་ལས་བཟློག་པར་བལྟ་བར་བྱའོ། །ཡང་རྣམ་པ་གཞན་གསུངས་པ། ལྟས་ཆེན་འབྱུང་བ་མཉན་པར་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ནག་མོ་དང ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉི་ཤུ་རྩ་བཞི་ཞེས་བྱ་བ་ནི་སྔར་བསྟན་པ་ལྟར་ཟླ་བ་གཅིག་ལ་ཚེས་ཉི་ཤུ་རྩ་བཞིར་ཕྱེ་བའི་མིང་གིས་ལྷ་མོ་ཉི་ཤུ་རྩ་བཞིའི་མིང་གཟུང་ཞིང་བརྩི་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཉིས་འགྱུར་དུ་ནི ་བྱས་ནས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། ཉིས་འགྱུར་ནི་གཉིས་སུ་བསྒྱུར་ཏེ་བརྩི་བའོ། །ཅི་ཞིག་ཅེ་ན། དབང་པོའི་ཆ་སྟེ་དབང་པོ་དྲུག་གཉིས་སུ་བསྒྱུར་བས་བཅུ་གཉིས་ཡིན་ནོ། །དེ་དག་གིས་ནི་ཟླ་བ་ཡར་ངོ་མར་ངོ་ལ་ཉི་མ་བཅུ་གཉིས ་བཅུ་གཉིས་སུ་སྟོན་པ་ཡིན་ནོ། །ལྟས་ནི་ལྷག་མ་གཟུང་ནས་སུ་ཞེས་བྱ་བ་ནི་རི་མོ་ཐ་མ་མ་མོ་གང་གི་མིང་ཡིན་པ་དེས་བརྩི་བ་སྟེ། དེ་དག་གིས་དོན་ནི་འདི་ལྟར་ཐོད་ལེ་ཀོར་ལ་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་མངོན་པར ་བཟླས་ནས་དེར་སྔར་བསྟན་བསྟན་པ་ལྟར་གླང་གི་གཅིན་རྗེས་ལྟ་བུའི་རི་མོ་ཅི་ཙམ་གྱིས་འདོད་པར་བྲིས་ལ་དེའི་རི་མོ་ཐ་མ་ནས་བརྩམས་ཏེ། རི་མོ་འབུར་བ་རྣམས་རི་མོ་དང་པོའི་བར་དུ་ཕྱོགས་གཅིག་བརྩི་བར་བྱ་སྟེ། རྩིས་ཀྱི་ཐ་མ་རི་མོའི ་དང་པོ་རྣལ་འབྱོར་མ་གང་ལ་འབབ་པ་དེའི་སྐྱོན་དང་ཡོན་ཏན་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ལུས་ལ་གནས་པའི་དབུགས་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ནོ། །འདི་དག་གིས་ནི་མེ་ཏོག་དང་འབྲས་བུ ་དང་དབྱངས་ལ་སོགས་པའི་མིང་གཟུང་བའི་རྩིས་ཀྱིས་སོ་སོའི་འབྲས་བུ་རྟོགས་པ་བསྟན་པ་ཡིན་ནོ། །གཟའ་རྣམས་དང་ལྟས་ཀྱི་རྒྱུ་བ་དང་མིང་དང་སྡེ་ཚན་གྱི་ཆོ་གའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ། རཱ་སིའི་རྒྱུ་བ་གང་གིས་གཟའ་དང་ལྟས ་རྣམས་རྒྱུ་བ་དེ་ནི་གཟའ་དང་ལྟས་ཀྱི་རྒྱུ་བ་དང། མིང་ཞེས་བྱ་བ་ནི་གསལ་བར་བྱས་པའོ། །དེ་ཅི་ཞིག་ཅེ་ན་སྡེ་ཚན་གྱི་ཆོ་ག་སྟེ། དགུ་སྡེ་རྣམ་པ་ལྔ་བྱས་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བཞིའི་རྣམ་པར་བཤད་པའོ།། །།ད་ནི་རྒྱུ་སྐར་དང་གཟའ་རྣམས་འཆར་བའི་ལེའུ་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་རྒྱུ་བ་ཞེས་བྱ་བ་ནི་གཟའ་ཉི ་མའི་རྒྱུ་བའོ། །ཉིན་མོ་ནི་ཞེས་བྱ་བ་ནི་ཚེས་རྣམས་ལའོ། །ཐུན་ཕྱེད་ལྔ་དང་བདུན་པ་ལ་ཞེས་བྱ་བ་ནི། ཉིན་མོ་དང་མཚན་མོའི་ཐུན་ཕྱེད་པ་བརྒྱད་བརྒྱད་དུ་གནས་པ་ལས། ཐུན་ཕྱེད་པ་ལྔ་པ་དང་བདུན་པ་ལ་གཟའ་ཉི་མ་རྒྱུ་བ་དེའི་དུས་སུ ་བྱ་བ་ཅི་ཡང་མི་འགྲུབ་བོ་ཞེས་སྦྱར་བར་བྱས་ཏེ། བྱ་བ་མི་འགྲུབ་ཅིང་འཇོམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྔ་ཞེས་བྱ་བ་ནི་ལྔ་པ་སྟེ། པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ། །རྩིས་འདིས་ཀུན་ལ་བསྒྲེ་བར་བྱའོ། །ཟླ་བ་ཡི་ནི་བཞི་དང ་དྲུག་ཅེས་བྱ་བ་ནི་ཐུན་ཕྱེད་པ་བཞི་པ་དང་དྲུག་པ་སྟེ། གཟའ་ཟླ་བའི་རྒྱུ་བ་དེང་གདོན་མི་ཟ་བར་འཇོམས་འགྱུར་ཞེས་བྱ་བར་སྦྱར་ཏེ། དུས་ཀྱི་རང་བཞིན་ཅན་ཞེས་བྱ་བའི་བར་དུའོ། །གསུམ་པ་དང་ལྔ་པ་ནི་མིག་དམར་གྱིའོ། །གཉིས་པ་དང ་བཞི་པ་ནི་བཟའ་ལྷག་གིའོ། །བླ་མ་ཞེས་བྱ་བ་ནི་ཕུར་བུ་སྟེ། དའི་ནི་དང་པོ་དང་གསུམ་པའོ། །ངན་སྤོང་ཞེས་བྱ་བ་ནི་བ་སངས་སོ། །དེའི་ནི་གཉིས་པ་དང་བདུན་པ་སྟེ། ཤེས་པར་བྱ་ཞེས་བྱ་བ་དང་འཆི་བ་ཉིད ་དུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དང་པོ་དང་དྲུག་པ་ནི་ངལ་བའི་སྟེ་དལ་པ་ནི་སྤེན་པའོ། །དེ་དག་ལས་བཟློག་པའི་ཐུན་བྱེད་པ་རྣམས་ནི་བྱ་བ་རྣམས་ལ་ཤིས་པ་ཡིན་ནོ། །ཁ་ཅིག་ནི་སྐྱེ་བའི་དུས་སུ་གཟའ་དེ་རྣམས་ལ་སྐྱེས་པ་དེ་རྣམས ་ཀྱི་འཆི་བའི་དུས་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །རིགས་འཆར་བ་ཞེས་བྱ་བ་ནི་འཆི་པའི་དུས་ལ་བབ་པའོ། །དེ་དག་གི་དུས་ནི་ཡོངས་སུ་འཆད་པར་བསྟན་ཞེས་བྱ་བ་ལ་དེ་དག་ནི་གཟའ་དེ་རྣམས་ཏེ་དེ་རྣམས་ཀྱི་འཆར་བའི་དུས་ཀྱི་ཡོངས ་སུ་འཆད་པ་སྟེ། ངེས་པ་བསྟན་པ་ཡིན་ནོ། །དེ་དག་ཐུན་མོང་མཚན་ཉིད་དེ་ཞེས་བྱ་བ་ནི་འཆི་བའི་དུས་ལ་སོགས་པ་སྔར་བསྟན་པ་དེ་དག་རྣལ་འབྱོར་པ་རྣམས་དང། སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་ཀྱི་ཐུན་མོང་བ་ཡིན་ནོ། །རྣལ་འབྱོར ་པ་ཡི་གཞན་བཤད་ཉོན་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་འཆི་བའི་དུས་ཀྱི་མཚན་མའོ། །དེ་ཉིད་གསུངས་པ། ལྔ་ནས་ཉི་ཤུ་ལྔའི་བར་འདི་དག་གི་བརྗོད་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ལྔ་ནས་ཞེས་བྱ་བ ་ལ་སོགས་པ་འདིའི་དོན་སྔར་ལེའུ་ཉི་ཤུ་པར་ཉི་མ་དྲུག་ལ་སོགས་པའི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི་དུས་བསྟན་པའི་ལྷག་མར་གྱུར་པ་ལྔ་པ་དང་བཅུ་པ་དང་བཅོ་ལྔ་པ་དང་ཉི་ཤུ་པ་དང་ཉི་ཤུ་རྩ་ལྔའི་བར་དུ་རྣམ་པ་ལྔར་སྤེལ་བའི་དུས ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྔ་ཞེས་བྱ་བ་ལ་སོགས་པ་འདི་དག་ཀྱང། པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ། །དེ་ལས་བཅུ་གསུམ་གསུམ་གྱི་བར་དུ་རེ་རེ་ཞིང་སྤེལ་བར་བྱ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔའི ་ལས་གོང་དུ་གྱུར་པའོ། །བཅུ་གསུམ་ཞེས་བྱ་བ་ནི་བཅུ་ཕྲག་གསུམ་སྟེ་སུམ་ཅུའོ། །གསུམ་ཞེས་བྱ་བ་ནི་གྲངས་ལྷག་པ་གསུམ་མོ། །རེ་རེ་སྤེལ་ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་དྲུག་ནས་སུམ་ཅུ་རྩ་གསུམ་གྱི་བར་དུ་རེ་རེ་ཞིང་སྤེལ་བར་བྱའི། ་སྔ་མ་ལྟར་ནི་མ་ཡིན་ནོ། །དེ་ལྟར་ཉི་མ་དྲུག་པ་དང། བདུན་པ་དང། བརྒྱད་པ་དང། དགུ་པ་དང། བཅུ་པ་དང། བཅུ་གཅིག་པ་དང། བཅུ་གཉིས་པ་དང། བཅུ་གསུམ་པ་དང། བཅུ་བཞི་པ་དང། བཅོ་ལྔ་པ་དང། བཅུ་དྲུག་པ་དང། བཅུ་བདུན ་པ་དང། བཅོ་བརྒྱད་པ་དང། བཅུ་དགུ་པ་དང། ཉི་ཤུ་རྩ་གཅིག་པ་དང། རྩ་གཉིས་པ་དང། རྩ་གསུམ་པ་དང། རྩ་བཞི་པ་སྟེ། བར་བར་གྱི་ཉི་མ་རྣམས་མ་གཏོགས་པ་ལྔ་ནས་ཉི་ཤུ་རྩ་ལྔའི་བར་དུ་ལྔ་ལྔར་སྤེལ་བའི་ཚིག་རྣམས་དང ་ཉི་ཤུ་རྩ་དྲུག་ལ་སོགས་པར་སྤེལ་ནས་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །དགུན་ཟླ་ཐ་ཆུང་ཉི་མ་ལ། མཚུངས་གསུམ་མིག་གི་ཟླ་བ་དྲུག་ཅེས་བྱ་བ་ལ་དགུན་ཟླ་ཐ་ཆུང་ཉི་མ་ལ་ཞེས་བྱ་བ་ནི། སྔ་དྲོའི་ཆུ་ཚོང་གསུམ་ལ་ཏེ། འཕེལ་བའི་ཆ ་ཤེས་ཞེས་བྱ་བའི་དོན་ཏོ། །མཚུངས་ཞེས་བྱ་བ་ནི་སྔར་ཉི་མ་དྲུག་ལ་སོགས་པ་བོར་བ་ལ་འཕེལ་བའི་དུས་སུ་བརྩི་བ་ལྟར་འདིར་ཡང་བརྩི་བར་བྱ། ཁ་ཅིག་ནི་མཚུངས་ཞེས་བྱ་བ་ནི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི་བྱེ་བྲག་གིས་ལོ་ལ ་སོགས་པ་ཁྲི་བ་སྟེ་མཐུན་པར་སྤེལ་ཞིང་དབྲི་བར་བྱའོ་ཞེས་ཟེར་རོ། །མིག་ཅེས་བྱ་བ་ནི་གཉིས་སོ། །ཟླ་བ་ཞེས་བྱ་བ་ནི་གཅིག་སྟེ། དེ་ལྟར་ན་ཉི་མ་ལྔ་དང་བཅུ་དང་བཅོ་ལྔའི་རླུང་བཟློག་སྟེ་རྒྱུ་བ་ན་ལོ་གསུམ་དང་གཉིས་དང་གཅིག་ཏུ་འཚོ་བ ་ཡིན་ཏེ་ཞེས་བྱ་བ་དང་སྦྱར་རོ། །གསུམ་ཟུང་ཟླ་སྟེ་ལྷག་ཚེས་ཕྱོགས་མདའ་ཡོན་ཏན་ཐིག་ལེ་ཞེས་བྱ་བ་ལ་ཟུང་ནི་གཉིས་སོ། །ཟླ་བ་ནི་གཅིག་སྟེ་ཅི་ཞིག་ཅེ་ན། ཟླ་བའི་གྲངས་སོ། །ངེས་ན་ཞག་ཉི་ཤུ་པ་དང་ཉི་ཤུ་ལྔ་པ་དང་དྲུག་པ་དང་བདུན ་པའི་བར་དུ་ཕྱིན་ཅི་ལོག་ཏུ་རྒྱུ་བ་ན་ཟླ་བ་དྲུག་དང། གསུམ་དང་གཉིས་དང་གཅིག་ཏུ་འཚོ་བའོ། །ལྷག་ཅེས་པ་ནི་ལྷག་མ་སྟེ་ལྷག་པ་ཞག་གྲངས་སོ། །ཡང་ན་ཉི་མ་ཉི་ཤུ་བརྒྱད་པ་ལ་སོགས་པར་རླུང ་ཕྱིན་ཅི་ལོག་ཏུ་རྒྱུ་བ་ནི་ལྷག་མ་སྟེ་དེ་དག་གིས་འཚོ་བའི་དུས་ནི་ཚེས་ལ་སོགས་པའོ། །ཚེས་ནི་ཞག་བཅོ་ལྔའོ། །ཕྱོགས་ནི་བཅུའོ། །མདའ་ནི་ལྔའོ། །ཡོན་ཏན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་གསུམ་མོ། །ཐིག་ལེ་ནི་ཉི་མ་གཉིས ་དང་ཡང་གཅིག་གོ་།པར་བར་གྱི་ཉི་མ་མདོ་ཙམ་དུ་བསྟན་པའི་ཕྱིར་ལྔ་ལས་བཅུའི་བར་དང། དེ་བཞིན་དུ་བཅུ་ལས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་ནས་བཅུའི་བར་ཞེས་བྱ་བ་ནི་སྦྱར་བྱ་ཞེས་བྱ་བ་དང་སྦྱར་ཏེ། སྔར ་བཤད་པ་བཞིན་དུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེ་ལ་ལྔ་ནས་བཅུའི་བར་ཞེས་བྱ་བ་ནི་ཉི་མ་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་སོ། །བཅུ་ནས་བཅོ་ལྔའི་བར་ཞེས་བྱ་བ་ནི་དེ་བཞིན་དུ་བཅུ་གཅིག་པ་དང་བཅུ་གཉིས་པ ་དང་བཅུ་གསུམ་པ་དང། བཅུ་བཞི་པ་རྣམས་ཏེ་དེ་ལྟར་ལྷག་མ་རྣམས་ཀྱང་སྦྱར་བར་བྱའོ། །ཟླ་བའི་གནས་སྐབས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་སྒྲུབ་པ་པོས་ཤེས་པར་བྱ་བའི་ཕྱིར། བཤད་པར་བྱ་ཞེས་བྱ ་བ་དང་སྦྱར་རོ། །ཅི་ཞིག་ཅེ་ན། གནས་སྐབས་སུ་འགྱུར་བ་སྟེ། ཟླ་བའི་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །དང་པོ་སྐར་མ་བགྲང་བར་བྱ་ཞེས་བྱ་བ་ནི་དེའི་དུས་ཀྱི་སྐར་མ་གང་ལ་ཟླ་བ་གནས་པའི་རྩིས་བྱས་ལ། ཟླ ་བ་དེའི་ཆུ་ཚོད་དག་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་རི་མོ་བྲི་བའོ། །ཉི་མ་ཡིས་ནི་ཆུ་ཚོད་དག་ཅེས་བྱ་བ་ནི་ཞག་གང་ལ་སྐྱེས་པའི་དུས་ནས་གཟུང་སྟེ། ཞག་གི་དང་པོའི་བར་དུ་ཆུ་ཚོད་ཇི་སྙེད་པ་དེ་སྙེད་ཀྱི་མཚན་མ་བྲི་བའོ། ་ཟླ་བའི་གནས་སྐབས་རྒྱུ་ཡི་ཕྱིར་ཞེས་བྱ་བ་ནི་ཟླ་བའི་གནས་སྐབས་ཀྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དང་པོར་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྟེ་ཐོག་མ་ཉིད་དུ་ཟླ་བའི་ཆུ་ཚོད་བྲིས་ལ། དེའི་འོག་ཏུ་ཉི་མ་ཇི་སྙེད་འདས་པའི་ཆུ ་ཚོད་ཀྱི་རི་མོ་བྲི་བའོ། །དེ་ནི་དྲུག་ཅུར་བསྒྱུར་བར་བྱ་ཞེས་བྱ་བ་ནི་མཚན་མ་གཉིས་ཀྱི་གྲངས་ཇི་སྙེད་པ་དེ་དྲུག་ཅུ་འགྱུར་དུ་སྤེལ་བའོ། །སླར་ཡང་ཉི་ཚོད་ཟླ་བ་བསྣན་ཞེས་བྱ་བ་ལ་ཉི་ཚོད་དང་ཟླ་བ་ནི་རྩིས་བྱེད་པའི་དུས་ཀྱི་ཟླ་བ་ཆུ་ཚོད ་ཇི་སྙེད་ཡོད་པ་དང་དེའི་ཉིན་མོ་ཞག་གི་དང་པོའི་བར་དུ་ཆུ་ཚོད་ཇི་སྙེད་ཅིག་འདས་པའི་མཚན་མ་དེ་གཉིས་བསྣན་པར་བྱའོ། །དྲུག་ཅུ་རུ་ནི་བསྒྱུར་བྱས་ལ་ཞེས་བྱ་བ་ནི། དེ་དག་ཐམས་ཅད་གཅིག་ཏུ་བཟླུམས་ནས་སླར་ཡང་དྲུག་ཅུ་འགྱུར ་དུ་སྤེལ་པའོ། །མདའ་དང་སྲེག་བྱེད་རོ་ཡི་ན། །དཀར་པོར་བཅས་པས་དེ་བཞིན་བཅད་ཅེས་བྱ་བ་ནི་དེའི་འོག་ཏུ་སླར་དབྲི་བར་སྟོན་པ་ཡིན་ནོ། །དེ་ལ་མདའ་ཞེས་བྱ་བ་ནི་ལྔའོ། །སྲེད་བྱེད་ནི་གསུམ་མོ། །རོའི་དབང་པོ་ནི་གཅིག་སྟེ། ་དེ་ལྟར་ན་དང་པོ་གྲངས་དགུ་དགུར་དབྲི་བའོ། །བཅུ་གཉིས་དག་གི་ནང་ནས་ནི་ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་བཅུ་གཉིས་བཅུ་གཉིས་དབྲི་བའོ། །ལྷག་མའི་ཆ་ཤས་གཟུང་བར་བྱ་ཞེས་བྱ་བ་ནི་དེ་ལྟར་དབྲི་བ་ལས། གང་ཞིག་ལྷག་པར ་གྱུར་པའི་ཆ་ཤས་ཐ་མ་གཅིག་ནས་བརྩམས་ཏེ། བཅུ་གཉིས་ཀྱི་བར་དུ་ལྷག་མ་གང་ཡིན་པ་དེ་གཟུང་ལ་བརྟག་པར་བྱའོ། །ཉིན་དང་མཚན་གྱི་སྦྱོར་བ་ཞེས་བྱ་བ་ནི་ཉིན་མཚན་གྱི་ཆུ་ཚོད་ཇི་སྙེད་པ་རྣམས་ཀྱིའོ། །དང་པོ་ཟླ་བ་རབ་གནས་པ་ཞེས ་བྱ་བ་ནི་ཟླ་བའི་ཆུ་ཚོད་དེ་དག་ལས་ལྷག་མའི་ཆ་ཤས་གལ་ཏེ་གྲངས་གཅིག་ལུས་པར་གྱུར་པ་དེ་ནི་དང་པོའི་ཟླ་བའོ། །དེའི་བྱ་བ་ཉམས་པར་འགྱུར་ཞེས་བྱ་བ་ནི་ཟླ་བའི་ཆུ་ཚོད་དེའི་བྱ་བ་རྣམས་ཉམས་ཤིང་མི་འགྲུབ་ལ་གནས་སྐབས་ཕན ་པར་བགྲང་བའོ། །གཉིས་པ་བཀྲ་ཤིས་པ་སྟེ། ཞེས་བྱ་བ་ལ་གཉིས་པ་ནི་ལྷག་མར་གྱུར་པའི་ཆ་ཤས་ཀྱི་རི་མོའོ། །གཉིས་ཤིག་ལུས་པ་སྟེ། དེ་ནི་སྒྲུབ་པ་པོ་ལ་ཤིས་པར་བྱེད་པའི་ཕྱིར་བཀྲ་ཤིས་ཡིན་ནོ། །གསུམ་པ ་འཆི་སྟེ་གསོད་པར་འགྱུར་ཞེས་བྱ་བ་ལ། ལྷག་མ་ནི་ཆ་ཤས་གསུམ་ལུས་པ་ནི་སྒྲུབ་པ་པོ་གསོད་ཅིང་འཆི་བར་འགྱུར་བ་ཡིན་ནོ། །བཞི་པ་དགོད་དེ་ཚིམ་པར་བྱེད་ཅེས་བྱ་བ་ལ་ཆུ་ཚོད་བཞིའི་རི་མོ་ལྷག་པས་ནི་བཞི་པ་སྟོན་ཏེ། དེས་ན་དགོད་པ ་དང་བཅས་ཤིང་ཚིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རབ་གནས་པ་ཞེས་བྱ་བ་དང། བཀྲ་ཤིས་ཞེས་བྱ་བ་དང། འཆི་བྱེད་ཅེས་བྱ་བ་དང། དགོང་པ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ཟླ་བ་བཅུ་གཉིས་ཀྱི་མིང་ཡིན་ཏེ། ཟླ་བ་དེ་དག་ཉིད ་ཆུ་ཚོད་ཀྱི་རི་མོ་གཅིག་དང་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ལྷག་མ་ལུས་པ་ལས་སྐྱིད་སྡུག་གི་གནས་སྐབས་སྟོན་པ་ཡིན་ནོ། །ལུག་ལ་སོགས་པ་བསྟན་པ་ཡིས། །ཟླ་བ་རིམ་པ་བཞིན་དུ་རྒྱུ་ཞེས་བྱ་བ་ནི་ཟླ་བ་དག་གི་ཆུ་ཚོད ་ཀྱི་གྲངས་ནི་ལུག་ལ་སོགས་པའི་རཱ་སི་ཆུ་ཚོད་ཀྱི་གྲངས་ཀྱིས་ཤེས་པར་བྱའོ། །ཐམས་ཅད་རྒྱུ་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ཐམས་ཅད་ནི་གཟའ་ཟླ་བ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུ་བ་ནི་འབྱུང་བའོ། །གཞུང་གང་ལས ་ཐམས་ཅད་ཀྱི་འབྱུང་བ་སྟོན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནི་དུས་རྣམས ་ཀྱི་རང་བཞིན་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་ཅིང་ཞེས་བྱ་བ་ནི་གར་ལ་སོགས་པའི་མཆོད་པའོ། །སྒང་ཤོང་འཁོར་ལོ་ཞེས་བྱ་བ་ནི་དབུས་ཀྱི་འཁོར་ལོའོ། །དེ་རྣམས་ཞེས་བྱ་བ་ནི་དབུགས་རྣམས་ཀྱིའོ།། ་དུས་ཀྱི་གྲངས་ནི་ཇི་བཞིན་གསུངས་ཞེས་བྱ་བ་ལ། དུས་ནི་མིག་བཙུམས་པ་ལ་སོགས་པའོ། །རྒྱུ་བ་ཡི་ནི་ཁྱད་པར་དག་ཅེས་བྱ་བ་ནི་དུས་རྣམས་འཆར་བའི་བྱེ་བྲག་གོ་།དུས་ཀྱི་བགྲང་བ་ལུས་མེད་ཅིང་ཞེས་བྱ་བ་ལ་དུས་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི ་གནས་སྐབས་སོ། །བགྲང་བ་ཞེས་བྱ་བ་ནི་གནས་སྐབས་ཀྱི་ཁྱད་པར་ཏེ། སྐྱེ་བ་དང་གནས་པ་དང་འཆི་བའོ། །ལུས་མེད་པ་ཞེས་བྱ་བ་ནི་དེ་དག་ལུས་ཅན་ལས་གུད་དུ་མིག་ལ་སོགས་པས་མི་དམིགས་པའི་ཕྱིར་རོ། །ཡང་ན་བགྲང་བ་ནི་དངོས་པོ ་རྣམས་ཀྱི་གནས་སྐབས་ཡིན་ལ། དུས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཡིན་ཏོ་འཆི་བར་འགྱུར་བའོ། །དེ་ལྟར་ཡང་གསུངས་པ། མདའ་ནི་བརྒྱ་སྙེད་བསྣུན་གྱུར་ཀྱང། །དུས་ལ་མ་བབ་འཆི་མི་འགྱུར། །རྩ་རྩེ་རེག་པ་ཙམ་གྱིས་ཀྱང། །དུས་ལ་བབ་ན ་འཆི་བར་འགྱུར་ཞེས་སོ། །དུས་ལ་བབ་པ་དེ་ཡང་གནས་པའི་མཐུན་པའི་རྐྱེན་ཟད་པ་དང། འགལ་བའི་རྐྱེན་ཉེ་བར་གནས་པ་ལས་སོ། །འགལ་བའི་རྐྱེན་ཉེ་བར་གནས་པས་ཀྱང་མཐུན་པའི་རྐྱེན་ལ་གནོད་པར་བྱེད་པ་ཡིན་ཏེ། ཡང་དག་པར་ན་རྒྱུ་ཟད ་པ་ཉིད་ཀྱིས་འཆི་བར་ཤེས་པར་བྱའོ། །དེ་ཡང་གསུངས་པ། རྒྱུ་ཟད་པ་ཡིས་ཤི་བ་ནི། །ཟད་ཅེས་བྱ་བར་བརྗོད་པ་སྟེ། །རང་བཞིན་གྱིས་ནི་གང་མ་ཟད། །དེ་ཡི་ཟད་པ་ཇི་ལྟར་བརྗོད་ཅེས་སོ། །དེ་ལ་མཐུན་པའི་རྒྱུ་ནི་མཐུན་པའི་ཁ་ཟས་ལ་སོགས་པའོ།། ་མི་མཐུན་པའི་རྐྱེན་ཉེ་བར་གནས་པའི་རླུང་དང་མཁྲིས་པ་དང་བད་ཀན་དང། འདུ་བ་ལ་སོགས་པའི་ཕྱི་ནང་གི་ནད་བཞི་འཁྲུགས་པ་དང། བདག་དང་གཞན་གྱིས་སྲོག་འཇོམས་པར་བྱེད་པའི་རྩོལ་བར་བྱེད་པའོ། །དེ་ལ་རང་གི་རྩོལ་བ་ནི་འགེགས་པ་དང། ་མེ་དང་ཆུར་མཆོང་བ་དང་དུག་ཟ་བ་ལ་སོགས་པའོ། །གཞན་གྱི་རྩོལ་བ་ནི་སྟག་དང་སྦྲུལ་ལ་སོགས་པའི་སེམས་ཅན་གྱི་གནོད་པ་དང། ཕྱི་རོལ་གྱི་མཚོན་ཆ་ལ་སོགས་པས་བཅོམ་པའོ། །དེ་དག་གིས་འཚོ་བའི་ཉེ་བར་ལེན་པའི་རྒྱུ་ལ་གནོད་པ ་བྱས་པ་མར་ཟད་པའི་མར་མེ་བཞིན་དུ་འཆི་བར་ཤེས་པར་བྱའོ། །དེ་ཡང་འཆི་བ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ཀྱི་རྒྱུན་མི་རྟག་པ་མི་བརྟན་པ་ཡིན་ཏེ། གཞན་དུ་འདུས་བྱས་ཐམས་ཅད་ལ་ཁྱབ་པར་བསྟན་པའི་ཕྱིར། ་ཐམས་ཅད་དུ་ནི་ཐམས་ཅད་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཁྱབ་པ་ཐམས་ཅད་དུ་དུས་ཀུན་ཏུ་གནས་པའོ། །དངོས་པོ་ཀུན་ལ་ཁྱབ་པ་སྟེ་ཞེས་བྱ་བ་ནི་རྫས་ཐམས་ཅད་ལ་ཁྱབ་པ་སྟེ། འདི་ལྟར་ཤིང་བུ་དང་བུམ་པ ་ལ་སོགས་པ་རྣམས་ལ་ནི་བྱུང་ཞིང། བྱུང་ནས་ཀྱང་རྒྱུན་མི་རྟག་ཅིང་འཇིག་པར་མངོན་སུམ་དུ་མཐོང་བ་ཡིན་ལ། ཉི་མ་ལ་སོགས་པ་ཐོག་མ་དང་ཐ་མ་མངོན་སུམ་དུ་མཐོང་བ་རྣམས་ལ་ཡང་འཆར་བ་དང་ནུབ་པ་ལ་སོགས་པའི་གཏན་ཚིགས ་ཀྱི་ཁྱད་པར་ལས་མི་རྟག་པ་ཉིད་དུ་འགྱུར་བར་རྗེས་སུ་དཔག་པར་བྱའོ། །འོ་ན་རྡོ་རྗེའི་སྐུ་དང་ལྡན་པ་རྣམས་ཀྱི་ཇི་ལྟ་བུ་ཞེ་ན། དེ་ནི་འཇིག་རྟེན་ན་མ་གྲགས་པའི་ཕྱིར་ཆོས་ཐམས་ཅད་མ་ཡིན་ནོ། །ཡང་ན་སྐད་ཅིག་མ་ཉིད་མི་རྟག་པས་རྡོ་རྗེ་ལྟ ་བུའི་སྐུ་ལ་ཡང་ཁྱབ་པས་དངོས་པོ་ཐམས་ཅད་དུས་ལས་འདའ་བར་དཀའ་བ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་དུས་ཀྱི་འདུལ་བ་རྣམས་ལ་དངོས་པོ་ཐམས་ཅད་དུས་ལས་མི་འདའ་བ་སྟོན་པར་མཛད་དེ། དེ་ཡང་ཇི་སྐད་དུ། དུས་ཀྱི ་འབྱུང་བ་སྨིན་པར་འགྱུར། །སྐྱེ་དགུ་དུས་ཀྱིས་བསྡུས་པ་སྟེ། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བའོ་ཞེས་སོ། །ཇི་སྟེ་ཕ་རོལ་པའི་གཞུང་ལས་འབྱུང་ངོ་ཞེ་ན། དེའི་ཚེ་ཡང་ཉེས་པ་མེད་དེ་ཕྱི་རོལ་པ་རྣམས་ཀྱིས་དུས ་ཅན་ལས་ཐ་དད་པ་དང། རྟག་པ་ལ་སོགས་པའི་མཚན་ཉིད་དུ་གཟུང་བས་ཉམས་པ་ཡིན་གྱི། དུས་ཙམ་དུ་སྨ་བ་ནི་མ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། དངོས་ལ་ཞོན་པས་འཛིན་པ་དང། དག་པ་ཡིད་ཀྱིས་འཛིན་པ་དག། ཆུང་མ་ཆགས ་པས་འཁྱུད་པ་དང། །བུ་མོ་བྱམས་པས་འཁྱུད་པ་འདྲ་ཞེས་སོ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ་ཞེས་བྱ་བ་ལ། ཚུལ་དེ་ལྟར་ལུས་ཅན་རྣམས་ལ་ཁྱབ་ཀྱང་དོན་དམ་པར་བློ་བུར་ཉིད་ཡིན་པའི་ཕྱིར་ལུས་དེ་ངོ་བོ་ཉིད་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར ་དུས་ཉིད་དུས་ནི་མེད་པ་དང། །འཇིག་རྟེན་ཉིད་ནི་འཇིག་རྟེན་མིན་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་ནི་བསྟན་པའོ། །འཇིག་རྟེན་ནི་བཤད་པ་སྟེ། འཇིག་རྟེན་པ་ནི་སྐྱེ་བ་ལ་སོགས་པ་མི་རྟག་པ་ཉིད་ཀྱི་མཐར་ཐུག་པའོ། །རྟེན་པ་ནི་རྐྱེན་ལས་བལྟོས་པ་སྟེ། ་དེ་དག་རྣམ་པར་དཔྱད་ན་ངོ་བོ་ཉིད་མེད་པའི་ཕྱིར། ཆུའི་ཟླ་བ་ལྟར་གཅིག་ཏུ་བདེན་པ་དང་གཅིག་ཏུ་བརྫུན་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །ལྷ་ཁྱོད་ཀྱིས་ནི་སྔར་བཤད་པའི། །བསམ་གྱིས་མི་ཁྱབ་དུས་མཚན་ཉིད་ཅེས་བྱ་བ་ལ་སོགས ་པས་ནི་རྣལ་འབྱོར་པ་རྣམས་ཀྱི་ནང་གི་དབུགས་བགྲང་བ་ལས་སྐད་ཅིག་ལ་སོགས་པའི་དུས་མ་ལུས་པར་ཤེས་པའི་མཚན་ཉིད་བསྟན་པ་ཡིན་ཏེ། གང་དང་གང་ལྷ་ཁྱོད་ཀྱིས་སྔར་བསྟན་པའི་དབུགས་བགྲང་བའི་དོན་དམ་པའི་དུས་བསྟན་པ ་དེ་དང་དེ་ནི་ལུས་ལས་འདས་ཤིང་དྲི་མ་མེད་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་ཞིང་ཤིན་ཏུ་རྙེད་པར་དཀའ་བ་སྟེ། སྐྱེ་བོ་ཕལ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་གསུངས་སོ། །དེའི་ཕྱིར་སྐྱེ་བོ་ཀུན་ལ་སྨན་སླད་དུ ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ཕལ་པ་རྣམས་ལ་སྨན་སླད་དུའོ། །དབུགས་ཀྱི་ངེས་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་གྲངས་ཀྱི་གཏན་ལ་ཕབ་པའི་སྐད་ཅིག་ལ་སོགས་པའི་དུས་རྣམས་བཤད་པར་གསོལ་བའོ། །ནད་མེད་ཅེས ་བྱ་བ་ལ་སོགས་པོ་ལ། རླུང་དང་བྲལ་བ་ཞེས་བྱ་བ་ནི་ནད་མེད་པའི་ཁྱད་པར་རོ། །ཁམས་ནི་སྙོམས་པར་གནས་པ་དང། ཞེས་བྱ་བ་ལ་ཁམས་ཀྱི་སྒྲ་ནི་དབང་པོ་རྣམས་ལ་བྱ་སྟེ། དབང་པོ་རྣམས་ནད་ཀྱིས་མ་གཟིར་ཅིང་ངལ་བ་ལ་སོགས་བསམ ་གདུངས་པ་ནི་སྙོམས་པའོ། །རན་པར་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རན་པར་ནི་འཚམས་པར་ཏེ། ཁ་ཟས་འདྲངས་དྲགས་པ་དང། ཧ་ཅང་ལྟོགས་པ་དང། ཧ་ཅང་སྐྱ་བ་དང། ཧ་ཅང་སྣུམ་པ་དང། ཧ ་ཅང་ཡང་བ་དང། ཧ་ཅང་ལྕི་བ་རྣམས་སྤངས་ཏེ། རླུང་ལུགས་རྒྱུ་བ་དང། བཤང་བ་སྣུམ་ལ་མི་བསྲི་ཞིང། །ལྟོ་བ་བདེ་བར་ཟའོ། །ཚུལ་བཞིན་རྒྱུ་ཞེས་བྱ་བ་ནི་ཤིན་ཏུ་ངལ་དུབ་དང། དྲག་ཤུལ་ལ་སོགས་པ་སྤངས་ནས་གནས་པ་སྟེ། སྐྱེས་བུ ་ཐ་མལ་པ་དེའི་མིག་བཙུམས་གཟུང་བར་བྱའོ། །མིག་བཙུམས་དྲུག་ལ་ཡུད་ཙམ་ནི། །ཅིག་ཅེས་བྱ་བར་བརྗོད་པ་ཡིན་ཞེས་བྱ་བ་ནི། སྐྱེས་བུ་ཐ་མལ་པ་དེའི་མིག་ཤིན་ཏུ་མྱུར་བ་དང་དལ་བ་མ་ཡིན་པར་ཐ་མལ་པར་ཕྱེ་བ་དང། བཙུམས ་པ་དྲུག་ལ་ཡུད་ཙམ་ཅིག་ཅེས་བྱ་བར་ཤེས་པར་བྱའོ། །དུས་ཀྱི་གོ་རིམ་བྱ་བ་འདིས་ཞེས་བྱ་བ་ནི། དེ་ལྟར་མིག་བཙུམས་པ་ལ་སོགས་པ་ནས་ཅུང་ཟད་ཀྱི་བར་དུ་བརྩེ་བ་འདིས་སོ། །སུམ་ཅུ་ཐམ་པར་བསྒྱུར་བ་ལ་ཞེས་བྱ་བ་ནི་ཅུང་ཟད ་སུམ་ཅུ་ཐམ་པར་སྤེལ་བའོ། །ཡི་གེ་ལྕི་བའི་དུས་ཤེས་བརྗོད་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་གང་ལ་ཡི་གེ་ལྕི་བ་ཞེས་བྱ་བ་མིང་དུ་གྲགས་པ་སྟེ། ཡི་གེ་ལྕི་བའི་དུས་གཅིག་ཏུ་བརྗོད་པར་བྱའོ། །སྲོག་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར ་གང་ལ་སྲོག་དང་འཚོ་བ་ཞེས་བྱ་བར་བརྗོད་པའོ། །དེ་ནི་ཞེས་བྱ་བ་ནི་སྲོག་གི་དུས་དེའོ། །བཅུ་གསུམ་བསྒྱུར་ཞེས་བྱ་བ་ནི་སུམ་ཅུར་སྦེལ་བའོ། །དེ་ཡང་གཉིས་སུ་བསྒྱུར་བ་ནི་ཞེས་བྱ་བ་སྲོག་གི་དུས་དེ་སུམ་ཅུ་པ་ཕག་པ་གཉིས་སུ་སྤེལ་བ་སྟེ ་དྲུག་ཅུར་སྤེལ་པའོ། །ལྷག་མ་ནི་གོ་སླའོ། །དེ་བརྒྱད་ཅེས་བྱ་བ་ནི་ཆུ་ཚོད་བརྒྱད་ལའོ། །དེ་བཞི་ལ་ཞེས་བྱ་བ་ནི་ཐུན་བཞི་ལའོ། །དེ་ལྟར་ཉིན་མོའི་ཐུན་བཤད་ནས་མཚན་མོའི་བསྟན་པའི་ཕྱིར་མཚན་མོའི་དེ་དང་མཉམ་པར་བཤད ་ཅེས་བྱ་བ་གསུངས་ཏེ། ནམ་ཞེ་ན། ཉིན་མཚན་དུས་ནི་མཉམ་པ་ལ་སྟེ་བི་ཤུའི་དུས་སོ། །ད་ནི་ཉིན་མཚན་འཕེལ་འགྲིབ་བསྟན་པའི་ཕྱིར། ཆུ་སྲིན་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགུན་ཟླ་ཐ་ཆུང་གི་མཇུག་ནས་དབྱར་ཟླ་ཐ་ཆུང་གི་མགོའི་བར་དུ ་ཟླ་བ་དྲུག་གི་བར་དུ་ཟླ་བ་དྲུག་པོ་འདི་ལ་ནི་ཉིན་མོའི་ཆུ་ཚོད་རྣམས་ཉིན་རེ་ཞིང་སྲང་གསུམ་གསུམ་དུ་སྤེལ་བར་བྱ་ལ། དེ་བཞིན་དུ་མཚན་མོ་ནི་དབྲི་བར་བྱའོ། །ཆུ་སྲིན་ལས་ནི་འདས་ནས་སུ་ཞེས་བྱ་བ་ནི་ཆུ་སྲིན་ནས་སྦལ་པའི་བར་གྱི་ཟླ་བ་དྲུག་པོ ་དེ་དག་འདས་ནས། ཟླ་བ་ལྷག་མ་དྲུག་ལ་མཚན་མོ་སྲང་གསུམ་གསུམ་དེ་བཞིན་དུ་སྤེལ་བར་བྱའོ། །གཞུང་ཁ་ཅིག་ལས་མཚན་མོ་སྲང་ནི་གསུམ་གསུམ་དབྲི་ཞེས་འབྱུང་སྟེ། དེའི་ཚེ་ཆུ་སྲིན་ལས་འདས་པ་ཞེས་བྱ་བ་ནི་དགུན་ཟླ་ཐ་ཆུང་གི་ཟླ་བ ་འདས་ཀྱི་འོག་ཏུའོ། །ཚད་མ་དེ་དག་བསྟན་པའི་ཕྱིར་ཞེས་བྱ་བ་ནི། སྐྱེ་བོ་ཕལ་པ་རྣམས་ལ་དུས་ཀྱི་ཚད་དེ་བསྟན་པའི་ཕྱིར། བརྡུང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏེ། ཅི་ལས་ཅི་ཞིག་ཇི་ལྟར་ཞེ་ན་ཟངས་མ་ཞེས་བྱ་བ་ལ། ཟངས་མ་སྲང་བཅུ་གཉིས ་ནི་ཇི་ལྟར་གྲགས་པའི་ཟངས་མ་སྲང་བཅུ་གཉིས་ཏེ། དེ་ལས་ཆུའི་སྣོད་བརྡུང་བའོ། །ཇི་ལྟར་ཞེ་ན། དཔངས་སུ་སོར་བརྒྱད་དང་རྒྱ་རུ་སོར་བཅུ་གཉིས་པ་སྟེ། རྔམས་སུ་སོར་བརྒྱད་ཡོད་ཅིང། ཁའི་རྒྱར་སོར་བཅུ་གཉིས་ཀུན་ནས་ཡོད་པར་བརྡུང ་བར་བྱའོ། །ལེགས་པ་ཞེས་བྱ་བ་ནི་མཐོ་དམན་དང་མཐུག་སྲབ་ལ་སོགས་པ་སྙོམས་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། གསེར་ནི་འོལ་སེ་སུམ་ཅུ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གྲགས་པའི་མན་ཆ་གསུམ་གྱི་གསེར་ལས ་ཐུར་མ་བྱ་བའོ། །ཅི་འདྲ་ཞེ་ན། སོར་དྲུག་པའི་ཚད་ཙམ་དུ་ཞེས་བྱ་བ་སྨོས་ཏེ། རིང་ཐུང་སོར་དྲུག་གི་ཚད་དུ་བྱའོ། །ལེགས་པར་བྱ་བ་ནི་སྦོམ་ཕྲ་མེད་པར་རོ། །དེ་དག་གིས་ནི་རྫས་དང་ཚད་ལ་སོགས་པའི་ཁྱད་པར་ངེས་པ་བསྟན་པ་ཡིན་ནོ། །ཐུར ་མ་དེ་ཡི་བུ་ག་ནི། །ཟངས་མའི་སྣོད་ལ་མཁས་པས་དབུགས་ཅེས་བྱ་བ་ལ། མཁས་པ་ནི་བཟོ་བ་སྟེ། ཡོ་བ་དང་རལ་བ་ལ་སོགས་པ་མེད་པར་དབུག་པའོ། །ཆུ་ནི་རྙོག་མ་མེད་པ་ལས་ཞེས་བྱ་བ་ནི་ཤིན་ཏུ་དངས་པའི ་ཆུའི་སྟེང་དུ་བཞག་པ་སྟེ། གཞན་དུ་ནི་མྱུར་དུ་གང་བར་མི་འགྱུར་བ་དང། མ་གང་བར་འོག་ཏུ་འབྱིན་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ། །སྲང་ནི་དྲུག་ཅུའི་ཚད་དུ་འགྱུར་ཞེས་བྱ་བ་ནི། སྔར་བསྟན་པའི་སྲང་དྲུག་ཅུའི་ཚད་དེ་དེ་ནི་ཆུ་ཚོད་དེ ་འགྱུར་བ་ཡིན་ནོ། །སྐྱེ་བོ་རྣམས་ལ་ཕན་ཕྱིར་བཤད་ཅེས་བྱ་བ་ནི། ཐ་མལ་པའི་སྐྱེ་བོ་རྣམས་ལ་ཆུ་ཚོད་ཀྱི་ཚད་ཚེགས་མེད་པའི་ཕྱིར་བཤད་པའོ། །ཆུ་ཚོད་དེ་ནི་ཡུད་ཙམ་པ་སྟེ་ཞེས་བྱ་བ་ནི་ཆུ་ཚོད་ཉིད་ཡུད་ཙམ་བཤད་ཀྱི་གཞན་དུ ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུན་ཕྱེད་ཅེས་བྱ་བ་ནི་ཆུ་ཚོད་བཞི་ལའོ། །ཐུན་གཅིག་ཅེས་བྱ་བ་ནི་གོ་སླའོ། །ཟླ་བ་གཉིས་ནི་དུས་ཡིན་ཏེ་ཞེས་བྱ་བ་ནི་ཟླ་བ་གཉིས་གཉིས་ཤིང་དཔྱིད་ལ་སོགས་པའི་དུས་དྲུག་པོ་རེ་རེར་བསྟན་པའོ། །དུས ་གསུམ་ཉི་མ་འགྲོ་ལྡོག་བརྗོད་ཅེས་པ་ནི། དགུན་དང་དཔྱིད་ལ་སོགས་པའི་དུས་གསུམ་གསུམ་དུ་ཉི་མ་ལྷོ་བྱང་དུ་འགྲོ་བའོ། །ཡང་ན་ཡུད་ཙམ་ཞེས་བྱ་བ་ནི་འཇིག་རྟེན་ཕལ་པ་ཁ་ཅིག་ལ་གྲགས་པས་བསྟན་པ་ཡང་ཡིན་ཏེ། དེ ་དག་གི་ལྟར་ན་སྔར་བསྟན་པའི་མིག་བཙུམས་བཅོ་བརྒྱད་ལ་ནི་སྐད་ཅིག་གཅིག་གོ་།དེ་སུམ་ཅུ་ལ་ནི་ཐང་ཅིག་གོ་།དེ་སུམ་ཅུར་བསྒྱུར་བ་ལ་ནི་ཅུང་ཟད་ཅིག་གོ་།ཅུང་ཟད་གཉིས་ལ་ནི་ཡུད་ཙམ་ཅིག་སྟེ། དེས་བརྩི་བར་བྱའོ ་ཞེས་ཟེར་ཏེ། ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །དུས་འབྱུང་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་གཞུང་གང་ལ་མིག་བཙུམས་པ་ལ་སོགས་པའི་དུས་རྣམས་ཀྱི་འབྱུང་བ་སྟེ། བསྟན་པ་ཡོད་པ་དེ་ལ་དུས་འབྱུང་བའི་རིམ་པར་ཕྱེ་བ ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་མའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།ད་ནི་རྒྱུ་སྐར་རྣམས་ཀྱི་རིགས་ངེས་པར་ཤེས་པར་བྱ་བའི་ཕྱིར། དེ ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དུས་འབྱུང་བ་བསྟན་གྱི་འོག་ཏུའོ། །སྐར་མའི་རིགས་གང་ཡིན་ཞེས་བྱ་བ་ནི་སྐར་མ་གང་ལ་སྐྱེས་པའི་ཐུན་མོང་དང་ཁྱད་པར་གྱི་རིགས་ལྷ་ལ་སོགས་པ་དང། ར་ལ་སོགས་པ་གང ་ཡིན་པ་སྟེ། དེ་དག་བཤད་པར་བྱ་བ་ཞེས་བྱ་བ་དང་འབྲེལ་ཏོ། །མདོར་བསྡུས་ཞེས་བྱ་བ་ནི་གཞུང་ཉུང་བ་དང་ཚེགས་མེད་པར་རོ། །ཐ་སྐར་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། སྐར་མ་དགུ་དགུ་ཞིང་ལྷ་ལ་སོགས་པའི་རིགས་རྣམ་པ་གསུམ་དུ ་བསྟན་པ་འདིས་ན་ཉེ་སྦྱོར་ལ་སོགས་པའི་སྟོབས་བརྩི་བ་བསྟན་པ་ཡིན་ནོ། །སྨིན་དྲུག་རྒྱལ་ནི་ང་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སྐར་མ་གཉིས་གཉིས་ཤིང་རིགས་རེ་རེ་བསྟན་པ་ཡིན་ཏེ། ཁྱད་པར་རིགས་བཅུ་བཞིར་བསྟན་པ་ཡིན ་ནོ། །སྟོབས་འདོད་པས་ནི་ཤེས་པར་བྱ་ཞེས་བྱ་བ་ནི། ཁྱུ་མཆོག་གི་རིགས་གང་ཡིན་པ་དེ་སྟག་གི་རིགས་ཀྱི་སྟོབས་ཀྱིས་འཇོམས་པར་བྱེད་པས་ན། ཁྱུ་མཆོག་གི་མིག་གི་རིགས་ཀྱི་བུ་མོ་བག་མར་མི་བླང་ཞིང་སྤང་བར་བྱའོ་ཞེས ་པར་དགོངས་སོ། །ད་ལྟར་ལྟ་འོག་ཏུ་སྦྱར་བར་བྱའོ། །རང་གི་སྐྱེ་བའི་སྐར་མ་ནི། །ཤེས་ནས་གཟུང་ན་དཔྱད་མི་དགོས། །ཞེས་བྱ་བ་ལ། གཟུང་ན་ཞེས་བྱ་བ་ནི་བག་མར་བླངས་པ་སྟེ། དེ་ལ་རང་གི་སྐྱེ་སྐར་སྟོབས་ཆེ་བར་ཤེས་པར་བྱའོ་ཞེས ་པའི་དོན་ཏོ། །སྐར་མའི་ཆ་ནི་བཟློག་པ་དག་།གཟུང་ན་ངེས་པར་འཆི་བར་འགྱུར། །ཞེས་བྱ་བ་ནི་བུ་མོའི་སྐར་མ་སྟོབས་དང་ལྡན་པར་གཟུང་སྟེ། བག་མར་བླང་ན་ངེས་པར་བྱ་སྟེ། གདོན་མི་ཟ་བར་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ ་ཉིད་ཀྱི་ཕྱིར། སྐར་མ་མི་ཡི་སྲོག་ཡིན་ཏེ། །གཞན་དུ་ངས་ནི་མ་བཤད་དོ་ཞེས་གསུངས་སོ། །ལུག་དང་སྲང་དང་ཞེས་བྱ་བ་ལ་སོགས་པས་ཀྱང་རཱ་སི་བཞི་བཞི་ཞིང་བརྟན་པ་དང་གཡོ་བའི་མཚན་ཉིད་རེ་རེར་བསྟན ་ཏེ། དེ་དག་ཤེས་ནས་བྱ་བ་རྣམས་དང་སྦྱར་བར་བྱའོ། །ལྷག་མ་ནི་གོ་སླའོ། །སྐར་མ་རྣམས་ཀྱི་སྟོབས་ཀྱི་དབང་དུ་བྱས་པའི་ཆོ་གའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ཆོ་ག་ནི་བསྟན་པའོ། །དེས་ན་གཞུང་གང་གི་སྐར་མའི་སྟོབས་ཀྱི་དབང་དུ་བྱས ་ནས་བསྟན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་མའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།ད་ནི་གཟའ་དང་ཚེས་དང་རྒྱུ་སྐར་རྣམས ་ལ་འགྲོན་དུ་འགྲོ་བ་ལ་སོགས་པའི་ཁྱད་པར་ཤིས་པ་དང་མི་ཤིས་པ་བསྟན་པའི་ཕྱིར། ཚེས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེས་དང་སྐར་མ་གཟའའཆར་བ་ཞེས་བྱ་བ་ནི་ཚེས་ལ་སོགས་པ་དེ་དག་གི་སྦྱོར་ལ་འཆར་བ་སྟེ ་འགྲོན་ལ་སོགས་པའི་བྱ་བ་ཤིས་པ་དང་མི་ཤིས་པ་ཡིན་ནོ། །རོ་ཧི་ཏ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཚེས་གཅིག་ལ་སོགས་པ་གཟུང་བར་བྱའོ། །རོ་ཧི་ཏའི་ཚེས་ཞེས་བྱ་བ་མགྲོན་པོ་ལམ་དུ་འཇུག་པར་བཟང་ཞེས་བྱ་བ་ནི་ཚེས་གཅིག་གི ་ཉིན་བར་གང་གི་ཚེ་རྒྱུ་སྐར་སྨིན་དྲུག་དང་གཟའ་མིག་དམར་འཛོམ་པ་དེའི་ཚེ་ལམ་དུ་ཞུགས་ན་རྙེད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་ཀ་རའི་ཉི་མ་ལ་ཞེས་བྱ་བ་ནི་ཚེས་གཉིས་ལའོ། །དེ་ལྟར་ལྷག་མ་རྣམས་ལ་ཡང་སྦྱར་བར ་བྱའོ། །སྟོབས་ལྡན་གྱི་བློན་པོ་ཞེས་བྱ་བ་ནི་པ་བ་སངས་སོ། །འབྱུང་པོ་ཉི་མ་ཞེས་བྱ་བ་ནི་མར་ངོའི་བཅུ་བཞིའོ། །ལྷག་མ་ནི་ཤིན་ཏུ་གསལ་བས་མ་ཕྱེའོ། །མེའི་མཚམས་སུ་ཞེས་བྱ་བ་ལ་སོགས་པས་ནི། སྒྲ་གཅན་འཛིན་རྒྱུ་བའི་འཁོར་ལོ ་བསྟན་ཏེ། འདིར་ཕན་ཚུན་དུ་གཉིས་གཉིས་བཏབ་ལ་ཕྱི་རོལ་བསྐོར་བས་རིའུ་མིག་དགུར་བྱས་ལ། །དེ་མེའི་མཚམས་སུ་མི་ཀི་རི་བྲིས་ཏེ་ཚེ་བརྒྱད་དོ། །གཤིན་རྗེའི་ཕྱོགས་སུ་ར་དྷ་སྟེ་ཚེས་བདུན་ནོ། །སྲིན་པོར་ནི་ཀུར་མ་སྟེ་ཚེས་བཅོ་ལྔའོ། །ཆུའི་ཕྱོགས་སུ་ནི་ཁྱུ ་མཆོག་སྟེ་ཚེས་བཞིའོ། །འཇིག་བྱེད་ནི་རླུང་སྟེ་དེའི་མཚམས་སུ་ནི་བྱ་ཀུ་ལ་དེ་ཚེས་བཅུའོ། །གཏེར་ནི་གནོད་སྦྱིན་ཏེ་དེའི་ཕྱོགས་སུ་སྦ་བ་ནི་སྟེ་ཚེས་བཅུ་གཅིག་གོ་།མི་གསུམ་ནི་དབང་ལྡན་ཏེ། དེའི་ཕྱོགས་སུ་བཟང་པོ་སྟེ་ཚེས་གསུམ་མོ། །ཡང་ཁྱུ་མཆོག ་ནི་ཚེས་བཅུ་བཞིའོ། །ཟླ་བ་ཉི་མའི་བྱེ་བྲག་གིས་ཞེས་བྱ་བ་ནི་ཟླ་བ་ཡར་ངོ་མར་པོའི་བྱེ་བྲག་གིས་སོ། །རྒྱུ་བ་ཞེས་བྱ་བ་ནི་སྒྲ་གཅན་འཛིན་རྒྱུ་བའོ། །བྷ་ཏྲ་ནས་ནི་ར་འདར་ཏ་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་སུ་གནས་ནས་ར་འདར་ཏེ། གཤིན་རྗེའི་ཕྱོགས་སུ ་རྒྱུ་བའོ། །བྱ་ཀུ་ལི་ཞེས་ནི་ལྷོ་ཕྱོགས་ནས་ནུབ་ཏུ་རྒྱུ་བའོ། །བྲེ་ཤ་པ་ཞེས་བྱ་བ་ནི་བྱང་ནུབ་ནས་ཤར་ཕྱོགས་སུ་རྒྱུ་བ་སྟེ། རྟའི་འགྲོས་ཀྱིས་རྒྱུ་བའོ། །འདི་དག་ཉི་མའི་རྒྱུ་བ་ནི། རིགས་མཆོག་མ་ནི་ཁྱོད་ལ་བཤད་ཅེས་བྱ་བ་ནི་ཟླ་བ་མར་ངོའི་ཆོས ་རྣམས་དང། ཕྱོགས་ཀྱི་རྒྱུ་བ་བཤད་པ་སྟེ། དེ་དག་ནི་གཡས་བསྐོར་ཡིན་ན། །དེ་ལ་གང་གི་ཚེ་སྒྲ་གཅན་འཛིན་བཟང་པོའི་ཚེས་ལ། དབང་ལྡན་གྱི་མཚམས་ན་གནས་པའི་ཚེ་དབང་ལྡན་ནས་ལྷོ་ཕྱོགས་སུ་འགྲོ་བ་དང། གང་གི་ཚེ་སྒྲ་གཅན་འཛིན་ར ་དྷར་འགྲོ་བའི་ཚེ་བཟང་པོ་ནས་བྱ་གུ་ལི་ཕྱོགས་སུ་འགྲོ་བ་དང། གང་གི་ཚེ་བྱ་ཀུ་ལིའི་ཕྱོགས་སུ་སོང་བའི་ཚེ་ཁྱུ་མཆོག་གི་ཕྱོགས་སུ་འགྲོ་བ་རྣམས་ནི་གནོད་པ་མེད་ཅིང་སྐྱོན་མེད་པ་ཡིན་ནོ། །དེ་བཞིན་དུ་ཁྱུ་མཆོག་གི་ཕྱོགས་སུ་སོང་བའི་ཚེ་རླུང་གི ་ཕྱོགས་སུ་འགྲོ་བ་ཡང་ཉེས་པ་བསྐྱེད་པར་མི་འགྱུར་རོ། །ཁྱུ་མཆོག་དང་ནི་ཞེས་བྱ་བ་ལ་སོགས་པས་ནི། ཟླ་བ་མར་ངོའི་རྒྱུ་བ་བཤད་པ་ཡིན་ཏེ། ཡང་རང་གི་གནས་དབང་ལྡན་གྱི་གནས་སུ་གནས་ནས། ཁྱུ་མཆོག་ལ་སོགས་པའི་གནས ་རྣམས་སུ་གཡོན་སྐོར་དུ་རྟའི་འགྲོས་ཀྱིས་རྒྱུ་བར་གསུངས་སོ། །གང་གི་ཚེ་དབང་ལྡན་གྱི་གནས་ན་གནས་དེའི་ཚེ། སྐྱེས་བུས་ཁྱུ་མཆོག་གི་ཕྱོགས་སུ་འགྲོ་བར་བྱའོ། །གང་གི་ཚེ་ཁྱུ་མཆོག་ཏུ་འགྲོ་བ་དེའི་ཚེ་མི་ཀི་རིང ་དོན་གཉེར་ན་འགྲུབ་པར་འགྱུར་རོ། །གང་གི་ཚེ་མི་ཀི་རིར་སོང་བ་དེའི་ཚེ་ཁྱུ་མཆོག་གི་ཕྱོགས་སུ་དོན་གཉེར་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་གཞན་དག་ཀྱང་རྗེས་སུ་དཔག་པར་བྱའོ། །ཉ་ལ་མེ་མཚམས་གནས་པ་སྟེ། སྟོང་ལ་རླུང་གི་ཕྱོགས་སུ ་གནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉའི་ཉིན་པར་སྒྲ་གཅན་འཛིན་མེ་མཚམས་སུ་གནས་ནས། མེ་དང་རླུང་མཚམས་གཉིས་བལྟ་བས་ལྟ་བའི་ཆད་པ་འབྱུང་བའི་ཕྱིར་སྐྱེས་བུས་ཕྱོགས་དེ་གཉིས་སུ་འགྲོ ་བ་སྤང་བར་བྱའོ། །དེ་བཞིན་དུ་སྟོང་གི་ཉིན་པར་རླུང་མཚམས་སུ་གནས་ཏེ། རླུང་དང་མེ་མཚམས་གཉིས་ཀར་ལྟ་བས་སྐྱེས་བུ་ཕྱོགས་དེ་གཉིས་སུ་འགྲོ་བ་སྤང་བར་བྱའོ། །ཁ་ཅིག་ནི་ཚེས་དེ་གཉིས་ཀ་ལ་དབུས་སུ་གནས་ནས། ་མཚམས་དེ་གཉིས་གཉིས་ཀར་བལྟ་བ་ཡིན་ཏེ། གནས་པའི་སྒྲས་ནི་ལྟ་བ་ལ་བྱའོ་ཞེས་ཟེར་རོ། །བློ་ལྡན་འབད་དེ་ཤེས་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པ་མཁས་པ་རྣམས་ཀྱིས་ནི་ཚེས་རྣམས་ཀྱི་ཆུ་ཚོད་ཀྱི་སྒྲ་གཅན་འཛིན་གྱི ་གནས་སུ་རྒྱུ་བ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཚེས་གྲངས་སྐར་མའི་ངེས་པ་ཞེས་བྱ་བ་ལ། གཞུང་གང་དུ་ཚེས་གྲངས་དང་སྐར་མ་གཏན་ལ་ཕབ་པ་དེ་ལ་ཚེས་གྲངས་དང་སྐར་མ་ངེས་པ་རིམ་པར་ཕྱེ་བ་ཞེས་བྱ་སྟེ་ཉི་ཤུ་རྩ ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང། ཡེ་ཤེས་ཀྱི་མཚན་མའི་ལེའུ་བསྟན ་པར་བཞེད་ནས། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ཆེ་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ། །སྒྱུ་མ་ཀུན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆའོ། །རྣམ་པར་རོལ་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དེ་དག་གིས་སེམས་ཅན་གྱི་དོན་གྱི ་ཕྱིར། རྣམ་པ་སྣ་ཚོགས་སུ་སྤྲུལ་པའོ། །དེ་དག་ནི་ལྷ་མོ་ལ་བོད་པའོ། །ལུས་ཅན་ཐམས་ཅད་རྣམ་ཤེས་ཏེ་ཞེས་པ་བལ་ལུས་ཅན་ཐམས་ཅད་ནི་བཟུང་བ་དང་འཛིན་པར་སྣང་བའི་ཚོགས་སོ། །རྣམ་ཤེས་ནི་རྣམ་པར་རིག་པ་ཙམ་ཉིད་དེ་རང་རིག ་པའི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་བདེ་བ་དང། འོད་གསལ་བའི་ངོ་བོ་ཉིད་ཅེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ལུས་ལས་འདས་ཤིང་དྲི་མ་མེད་ཅེས་གསུངས་ཏེ། དྲི་མ་མེད་ཅེས་པ་ནི་འདོད་ཆགས་ལ་སོགས་པའི ་རྣམ་པ་སྟེ། དེ་དག་ཀྱང་རང་རིག་པའི་མཐར་ཐུག་པའོ། །ལུས་དང་ལུས་ཅན་རྣམས་འོད་གསལ་བར་འགྱུར་བ་དེ་ཉིད་གསུངས་པ། ལྷུན་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབིགས་བྱེད་སོགས་ཞེས་བྱ་བ་ལ་སོགས་ཀྱིས ་ན་གངས་ཅན་ལ་སོགས་པ་ལྕགས་རིའི་མཐར་ཐུག་པ་གཟུང་ངོ། །དེ་དག་གིས་ནི་རི་རྣམས་བསྟན་ཏོ། །ཤར་གྱི་ལུས་འཕགས་ཞེས་བྱ་བ་ལ་སོགས་པ་ལ། བཅས་ཞེས་བྱ་བ་ནི་གླིང་ཕྲན་རྣམས་ཏེ། འདི་དག་གིས་ནི་གླིང་རྣམས ་བསྟན་ནོ། །ལན་ཚྭ་ཅན་ཞེས་བྱ་བ་ལ་སོགས་པ་ལ་ལན་ཚྭ་ཅན་གྱི་རྒྱ་མཚོ་ཞེས་བྱ་བར་སྦྱར་རོ། །སོགས་ཀྱིས་ནི་ངན་སྐྲུགས་ཀྱི་རྒྱ་མཚོ་ལ་སོགས་པ་གཟུང་ངོ། །འོག་ཅེས་བྱ་བ་ནི་ས་འོག་གོ་།སྟེང་ཞེས་བྱ་བ་ནི་མཐོ་རིས་སོ། །ཁམས ་གསུམ་མ་ལུས་ཟད་པར་བྱ་ཞེས་པ་ནི་དེ་ལྟར་རི་ལ་སོགས་པའི་ཁམས་གསུམ་པོར་གཏོགས་པའི་དངོས་པོ་རྣམས་ཤེས་རབ་ཀྱི་མཚོན་ཆས་རྡུལ་ཕྲ་རབ་ཏུ་གཏུབས་ཤིང་བཤིག་ལ་ཟད་ཅིང་མ་སྣང་བར་བྱའོ་ཞེས་བྱ་བའི་དོན་ཏོ། ། ་དེ་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་སྟོང་པ་ཉིད་དུ་བསྟན་ནས། རང་གི་ལུས་ཀྱང་སྟོང་པ་ཉིད་དུ་བསྟན་པའི་ཕྱིར། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་ཀྱིས་ནི་ཚོར་བ་ལ་སོགས་པ ་གཟུང་ངོ། །སྐྱེ་མཆེད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཁམས་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཁམས་རྣམས་ཏེ། ནང་གི་སྐྱེ་མཆེད་ཉིད་ཡིན་ནོ། །འབྱུང་བ་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་བསྡུ་བ ་བསྟན་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཀུན་དང་བཅས་པ་ཡི། བདག་ཉིད་ཀྱང་ནི་མི་ཟད་པར་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །སྟོད་པ་དེ་ཡང་ཅི་འདྲ་ཞེ་ན། དངོས་དང་དངོས་མེད་འདྲེས་པ་སྟེ་ཞེས་བྱ་བ་གསུངས་ཏེ། དངོས་དང ་དངོས་པོ་མེད་པ་གཉིས་ཀ་རང་བཞིན་མེད་པ་གང་དུ་རོ་གཅིག་ཅིང་མཉམ་པར་འདྲེས་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཡེ་ཤེས་ཀྱི་མཚན་མ་བསྟེན་པར་བྱ་བའི་ཕྱིར། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས ་ལ་སོགས་པའི་རང་གཞན་རྣམས་སྟོང་པ་ཉིད་དུ་མཉམ་པར་བསམས་ལ་དེར་ནི་མཚན་མ་བརྟག་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཐམས་ཅད་ནམ་མཁར་ཐིམ་པ་ཡིས། །བ་ལ་རྨིག་པར་གྲོང་ཁྱེར་བསྒོམ། །ཞེས་བྱ་བ་ལ་གྲོང ་ཁྱེར་ཏེ་སྐྱེ་མཆེད་ལ་སོགས་པའི་ཚོགས་རྣམས་བ་ལང་རྨིག་པ་སྟེ་སྟོང་པ་ཉིད་དུ་བསྡུ་བས་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། ཐམས་ཅད་ནམ་མཁར་ཐིམ་པ་སྟེ་བཤད་ཟིན་ཏོ། །སེམས་ནི་མར་མེ་ལྟ་བུར་བསྒོམ་ཞེས་བྱ་བ་ལ ་སེམས་ནི་སྟེ་རྣམ་པར་རིག་པ་ཙམ་ཉིད་མར་མེ་ལྟ་བུ་སྟེ་འོད་གསལ་བར་བསྒོམ་པའོ། །དེ་དབུས་ཡིད་ཀྱིས་བལྟས་ནས་སུ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་དོ། །དབུས་ཞེས་བྱ་བ་ནི་སྟོང་པ་ཉིད་དོ། །བལྟ་ཞེས ་བྱ་བ་ནི་དམིགས་པའོ། །དེར་ནི་མཚན་མ་བརྟག་པར་བྱ་ཞེས་བྱ་བ་ལ་དེར་ནི་ཞེས་བྱ་བ་ནི་འོད་གསལ་བ་དེར་རོ། །མཚན་མ་ཞེས་བྱ་བ་ནི་བྱ་བའི་ལྟས་སོ། །དེ་ཉིད་གསུངས་པ། མར་མེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྟོང ་པ་ཉིད་དུ་ཐམས་ཅད་ཐིམ་ཞིང་འོད་གསལ་བས་མི་གཡོ་བར་གནས་པ་དེའི་ཚེ་ཏིང་ངེ་འཛིན་གྱི་མཐར་འོད་ཟེར་མར་མེ་ལྟ་བུ་སྣང་བར་གྱུར་ན། དེའི་ཚེ་ཞི་བའི་ལས་འགྲུབ་པར་གྱུར་པ་དེའི་མཚན་མ་ཡིན་ནོ། །ཆགས་པའི་ལ་སོགས་པ་ཞེས་བྱ ་བ་ནི་ཆགས་པ་དབང་དུ་བྱ་བའོ། །སོགས་ཀྱིས་ནད་དགུག་པ་གཟུང་བར་བྱ་བ་ཡིན་ནོ། །འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་དཀར་པོ་ལོང་ལོང་པོས། །བཀྲ་ཤིས་ཀྱི་ནི་ལམ་སྟོན་ཡིན། །ཞེས་བྱ་བར་སྦྱར་ཏེ། བཀྲ་ཤིས ་ཀྱི་ལམ་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་དུས་ཀྱི་ཆའོ། །དེ་བཞིན་དུ་སྔགས་ཀྱི་དངོས་གྲུབ་འགྲུབ་ཅེས་བྱ་བ་ཡང་འོད་ཟེར་དཀར་པོ་ལོང་ལོང་པོ་སྣང་བ་དང་སྦྱར་བར་བྱའོ། །ཆོ་ག་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ཀྱི་རྣལ ་འབྱོར་སྔོན་དུ་འགྲོ་བས་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱ་ཞེས་བྱ་བར་སྟོན་ཏོ། །ཆོ་ག་འདིས་ནི་ཞེས་བྱ་བ་ལ་འདིས་ནི་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་བསྒོམ་པའི་ཆོ་ག་འདིས་སོ། །ཅི་ཞིག་སྟོང་པར་བྱ་ཞེ་ན། གཞན་གསལ་དང་ཞེས་བྱ་བ ་ལ་སོགས་པ་ལ་གཞན་ཞེས་བྱ་བ་ནི་རི་བོ་ལྷུན་པོ་ལ་སོགས་པའོ། །གསལ་ཞེས་བྱ་བ་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ། །གཞན་གྱི་གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ལ་སོགས་པའོ། །དབུ་མ་རྣམས་ཞེས་བྱ་བ་ནི ་པར་ལ་གནས་པ་རྣམས་སོ། །དེ་འོག་རྣལ་འབྱོར་བསྐྱེད་པར་བྱ་ཞེས་བྱ་བ་ནི། དེ་ལྟར་འགྲོ་བ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཀྱི་འོག་ཏུ་ལྷའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལྟར་སྟོང་པ་ཉིད་བསྒོམ་པ་ལ་ཡོན་ཏན་ཅི ་ཡོད་ཅེ་ན། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ལ་སོགས་སེམས་ཀྱིས་ནི། །སེམས་ནི་མྱུར་དུ་ཐར་བར་འགྱུར་ཞེས་བྱ་བར་སྦྱར་རོ། །དེ་ལ་ཡེ་ཤེས་ལ་སོགས་སེམས་ཞེས་བྱ་བ་ནི་ལྷའི་རྣལ ་འབྱོར་རོ། །གང་ཞིག་ཅེས་བྱ་བ་ནི་སྒྲུབ་པ་པོ་གང་ཞིག་གིས་སོ། །མཐར་བར་འགྱུར་ཞེས་བྱ་བ་ནི་ཐ་མལ་པའི་འཆིང་བ་ལས་གྲོལ་བ་སྟེ། མཐོ་རིས་དང་ཐར་པའི་དངོས་གྲུབ་བོ། །དེ་དག་གིས་ནི་འདི་སྐད་དུ། རྣལ་འབྱོར་པ་གང་ཞིག ་གིས་སྟོང་པ་ཉིད་མངོན་སུམ་དུ་བྱས་ན་ལྷའི་ཏིང་ངེ་འཛིན་གྱིས་མྱུར་དུ་མཐོ་རིས་དང་ཐར་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག་།ཤེས་བྱ་འགྲོ་བ་བརྟག ་པར་བྱ་ཞེས་བྱ་བ་ལ་ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཤེས་བྱ་ནི་ལྷའི་ཏིང་ངེ་འཛིན་ཏོ། །བརྟག་པ་ནི་མཉམ་པར་སྦྱར་བའོ། །འགྲོ་བ་ནི་དངོས་གྲུབ་ཀྱི་གོ་འཕང་ངོ། །བརྟག་པ་ནི་བསྐྱེད་པའོ། །སྔར་བསྟན་པའི་བསྡུས ་པའི་དོན་ཉེ་བར་བསྡུ་བ་གསུངས་པ། ཕ་དང་མ་ནི་བསད་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཕ་ཞེས་བྱ་བ་ལ་སོགས་པ་ནི་ང་རྒྱལ་ལོ། །མ་ནི་སྲེད་པའོ། །བྲམ་ཟེ་གཙང་མ་གཉིས་ནི་འདོད་ཆགས་དང་ཞེ་སྡང་ངོ། །རྒྱལ་པོ་ནི་མ ་རིག་པའོ། །ཡུལ་འཁོར་ནི་ལུས་སོ། །བཅས་པ་ནི་དབང་པོ་རྣམས་ཏེ། དེ་དང་ལྷན་ཅིག་ཏུ་འཇུག་པའི་ཕྱིར་རོ། །བཅོམ་པ་ནི་རྣམ་པར་རྟོག་པ་རྣམས་བཤིག་སྟེ་སྣང་བ་མེད་པར་བྱས་པའོ། །ཡེ་ཤེས་ཞེས་བྱ་བ་ནི་མཚན་མའི་ཡེ ་ཤེས་སོ། །རང་བཞིན་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ། །སུ་ཞིག་ཅེ་ན། ཀུན་དང་སྦྱོར་བ་ཞེས་བྱ་བ་སྟེ། མཁའ་འགྲོ་མ་ཀུན་དང་སྦྱོར་བའི་རྡོ་རྗེ་མཁའ་འགྲོའོ། །ཡེ་ཤེས་འབྱུང་བ་ཞེས་བྱ་བ་ལ་ཡེ་ཤེས་ནི་མཚན་མའི་ཡེ་ཤེས་སོ། །འབྱུང ་པ་ནི་བསྟན་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་སོ། །ཉི་ཤུ་རྩ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི ་འཆི་བའི་དུས་ཀྱི་བློའི་ཁྱད་པར་བཞིན་དུ་སྐྱེ་བ་ལེན་པར་བསྟན་པའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཡེ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །ཁྱད་པར་ནི་བློའི་ཁྱད་པར་གང་དང་གང་གིས་འགྲོ་བ་ཁྱད་པར ་ཅན་ཐོབ་པར་བྱེད་པའི་ཁྱད་པར་རོ། །དེ་ཡང་ཅི་འདྲ་ཞེ་ན། ཡེ་ཤེས་ཐུན་མོང་བྱིན་བརླབས་པ་ནི་རང་གྲུབ་པའོ་ཞེས་ཟེར་རོ། །བྱེ་བྲག་གཞན་ནི་ཇི་ལྟ་བུ་ཞེས་བྱ་བ་ནི་བྱེ་བྲག་མ་རྟོགས་པར་རྣམ་པར་ཤེས་པ་བསྟན་པར་མི་ནུས ་པས་བྱེ་བྲག་གི་ཁྱད་པར་ཉིད་གསོལ་བ་བཏབ་པ་ཡིན་ནོ། །སྔར་བསྟན་པ་བཞིན་དུ་ཡང་ཅིའི་ཕྱིར་གསོལ་བར་བྱེད་ཅེ་ན། འདི་ལ་སྔར་ནི་ཐོས་པ་ཙམ་དུ་ཟད་ཀྱི། ཁྱད་པར་ངེས་པར་མ་བཟུང་ངོ་ཞེས་བྱ་བར་དགོངས་སོ། ། ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གསུངས་པ། ལྕི་བར་གྱུར་པ་སུམ་ཅུ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕི་བར་གྱུར་པ་ནི་དུས་ཀྱི་ཁྱད་པར་གྱི་མིང་ངོ། །ཇི་སྙེད་ཅིག་ཅེ་ན། སུམ་ཅུ་ཡིས་ཏེ་དབུགས་རྒྱུ་བའི་གྲངས ་སུམ་ཅུ་རྒྱུ་བའོ། །དགེ་དང་སྡིག་པའི་འབྲས་འབྱུང་བ། །ཞེས་བྱ་བ་ནི་མཐོ་རིས་དང་ངན་འགྲོའི་ལུས་སོ། །གང་གིས་ཞེ་ན། ང་རྒྱལ་གྱིས་ནི་བྱིན་བརླབས་པའོ། །སེམས་ཀྱིས་བྱས་པའི་ལས་ཚོགས་ཀྱིས་ཞེས་བྱ་བ་སྟེ། དགེ་བ་དང་སྡིག ་པའི་བདག་ཉིད་ཀྱི་ལས་ཀྱི་ཚོགས་སེམས་ཀྱིས་བྱས་པ་ནི་དམིགས་པའི་ཁྱད་པར་རོ། །དེ་ཅི་འདྲ་ཞེ་ན། ང་རྒྱལ་གྱིས་ནི་བྱིན་བརླབས་པ་ཞེས་བྱ་བ་སྟེ། བློའི་བདག་ཉིད་ཀྱིས་ཞེས་བྱ་བའི་བར་དུའོ། །དེ་དག་གིས་ནི་འདི་སྐད་དུ ་གང་གི་ཚེ་འཆི་བའི་དུས་ལ་བབ་པ་ན། ལྕི་བའི་དུས་སུ་དབུགས་རྒྱུ་བ་སུམ་ཅུ་སྙེད་ཙམ་དུ་འོག་ནས་འབྱུང་བའི་བློ་ཁྱད་པར་རྩེ་གཅིག་ཏུ་དམིགས་པར་འགྱུར་ན། བློའི་ཁྱད་པར་བཞིན་དུ་ལྷ་ལ་སོགས་པའི་འགྲོ་བ་དེ་དང ་དར་སྐྱེ་བར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བསྒོམ་པར་གྱུར་པའི་རང་རིག་པའོ། །སེམས་ནི་འགྲོ་བ་དེ་རུ་འགྲོ་ཞེས་བྱ་བ་ལ་བསྒོམ་པར་གྱུར་པ་ཞེས་བྱ་བ་ནི། ཉོན་མོངས་པའི་རྐྱེན་ཅན་གྱི་དམིགས་པའི་ཁྱད་པར་གྱི ་ལས་ཀྱིས་བསྒོམ་པའོ། །རང་རིག་ཅེས་བྱ་བ་རང་གི་བསམ་པས་འགྲོ་བའོ། །འགྲོ་བ་དེ་རུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ཁྱད་པར་ཅན་དུའོ། །གལ་ཏེ་རང་རིག་པའི་རང་དགས་འགྲོ་བ་ཡིན་ན། ངན་འགྲོའི་འགྲོ་བ་མེད་པ་ལ་སོགས ་པ་ཤིན་ཏུ་ཐལ་ཆེས་པར་འགྱུར་རོ་ཞེ་ན། སྲིད་པའི་ཞགས་པས་རྟག་འཇིགས་པ། །དེ་ཡི་འགྲོ་བ་མི་མཐོང་ངོ་ཞེས་བྱ་བ་གསུངས་ཏེ། སྲིད་པའི་ཞགས་པ་ཞེས་བྱ་བ་ནི་ལྕགས་སྒྲོག་ལྟ་བུའི་རྣམ་པ་ལྕི་བའི་དུས་ཀྱི་འོག་ཏུ་ནམ་མཁའ་ལས ་འཕྱང་བར་སྣང་བར་འགྱུར་རོ་ཞེས་མན་ངག་ལས་ཤེས་པར་བྱའོ། །རྟག་འཇིགས་པ་ཞེས་བྱ་བ་ནི་དེས་བློ་དམན་པ་རྣམས་ཀྱི་རྣམ་ཤེས་དཀྲུག་ཅིང་བརྒྱལ་བར་གྱུར་པས་སོ། །དེའི་འགྲོ་བ་མི་མཐོང་ངོ་ཞེས་བྱ་བ་ནི་བདེ་འགྲོ་ལ་སོགས་པའི ་དམིགས་པ་མི་དྲན་ཅིང་མཚམས་སྦྱོར་བར་མི་ནུས་པའོ། །ཡང་ན་མན་ངག་དང་བྲལ་བ་ནི་མི་མཐོང་བའོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། ཉེ་བའི་སྐྱེ་བའི་ལས་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ནི་འཆི་ཀ་མའི་སེམས་ཀྱི་ཁྱད་པར་ཡིན་ལ། དེ་ཡང་སྲིད་པའི ་ཞགས་པ་མཐོང་བ་སེམས་དཀྲུགས་ཤིང་མྱོས་ན། རང་དགའ་དེ་བློ་དམན་པ་ཁ་ཅིག་ལ་ཇི་ལྟར་སྐྱེ་བར་འགྱུར། རང་བཞིན་བློ་བརྟན་པ་ཁ་ཅིག་ལ་སྐྱེར་རུང་ཡང་བླ་མའི་གདམས་ངག་དང་བྲལ་བ་ཡིན་ནོ། །འདུ་ཤེས་རྣམ་པ་ལྔ་ཞེས་བྱ ་བ་ནི་ལྷའི་ལུས་ལ་སོགས་པར་དམིགས་པའོ། །ལྟ་བ་ལྔ་ཡིས་ཕ་རོལ་འགྲོ་ཞེས་བྱ་བ་ལ་ལྟ་བ་ནི་བསོད་ནམས་ལ་སོགས་པའི་བློའི་ཁྱད་པར་ཏེ་ང་རྒྱལ་ལོ། །དེ་ཉིད་གསུངས་པ། ལྷ་ཡེ་ཤེས་གསང་བར་སྟོན་ཞེས་བྱ་བ་ལ་སོགས་པ་སྟེ། གསང ་བ་ནི་བསོད་ནམས་ཀྱི་བློའོ། །སྟོན་པ་ནི་ལྟ་བའོ། །ལྷ་ནི་དེས་ལྷར་སྐྱེ་བ་སྟེ། གང་གི་འཆི་ཀའི་སེམས་བསོད་ནམས་ཀྱི་རང་བཞིན་གྱི་བློའི་ཁྱད་པར་གནས་པ་དེ་ལྟར་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་དེ་ལྟར་བལྟ་བར་བྱའོ། །ཁྲོ་བ ་ཞེས་བྱ་བ་ནི་ཁྲོ་བོའི་ང་རྒྱལ་ལོ། །གཞན་པ་ཞེས་བྱ་བ་ནི་ཞུམ་ཞིང་སེར་སྣའི་ང་རྒྱལ་ལོ། །འཇིགས་པས་གནོན་ཞེས་བྱ་བ་ནི་ཁྲོ་བ་དང་སྐྲག་པའི་ང་རྒྱལ་ལོ། །བླུན་པ་ཞེས་བྱ་བ་ནི་རྨོངས་ཤིང་དམན་པའི་ང་རྒྱལ་ལོ། །སེམས་མེད་པ་ཞེས ་བྱ་བ་ནི་ཤིན་ཏུ་ཡང་བླུན་པའོ། །བརྟན་པ་ཞེས་བྱ་བ་ནི་གཡོས་པ་སྟེ། ཆུ་དང་མེ་ལ་སོགས་པའི་སྲོག་ཆགས་ཤིན་ཏུ་ཕྲ་ཞིང་གཟུང་དུ་མེད་པས་སྐྱེ་བའོ། །རྒྱུའི་ཡེ་ཤེས་རྣམ་པ་ལྔ་ཞེས་བྱ་བ་ནི། བརྟན་པ་མ་གཏོགས་པ་སྔར་བཤད་པ་རྣམ ་པ་ལྔའོ། །ད་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། གླེན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླེན་པ་ཞེས་བྱ་བ་ནི་བློ་དམན་པའོ། །བསྒྲིབ་པས་ཞེས་བྱ་བ་ནི་སྨན་ལ་སོགས་པས་ཤེས་པ་ཉམས་པའོ། །ལྐུགས་པ་ནི་སྨྲ་བར་མི ་ནུས་པའོ། །བྱིས་པ་ནི་ཤད་མ་ཕྱེ་བའོ། །ཤེས་འདོད་ཤེས་པ་ཅན་ཞེས་བྱ་བ་ནི་ལོག་པའི་ངག་ཅན་རྣམས་སོ། །སེམས་ཅན་ཡོངས་སུ་མ་སྨིན་དང་ཞེས་བྱ་བ་ནི་བསོད་ནམས་དང་སྡིག་པའི་རང་བཞིན་མི་ཤེས་པའོ། །བླ་མའི་ལམ་ནི་སུན་འབྱིན ་པ་ཞེས་བྱ་བ་ནི། བདེ་བར་གཤེགས་པའི་གསུང་རབ་ལ་ཞེ་སྡང་བའོ། །ཡང་ན་ཐབས་དང་ཤེས་རབ་ཀྱི་ལམ་ལ་སྨོད་པའོ། །དེ་དག་ཀུན་གྱིས་མི་ཤེས་ཏེ་ཞེས་བྱ་བ་ནི། དེ་དག་ནི་རྨོངས་པ་སྟེ་བརྟན་པ་ལྟར་ཡང་དག་པའི་སེམས་མེད་པའི ་ཕྱིར་རོ། །ཅི་ཞིག་མི་ཤེས་ཞེ་ན། གསང་ཆེན་སངས་རྒྱས་སྤྱོད་ཡུལ་ཏེ། ཉན་ཐོས་ལ་སོགས་པའི་ཡུལ་ལས་ཤིན་ཏུ་རིང་བར་སོང་བའི་ཕྱིར་རོ། །དེ་ཉིད་མི་ཤེས་ནས་ཡེ་ཤེས་ཞེས་བྱ་བ་ལ་སོགས ་པས་ཞུས་པ་ཡིན་ནོ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག་ཅེས་བྱ་བ་ནི་ལན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །འོ་ན་ཅིའི་ཕྱིར་འཁོར་ཞེ་ན། ལས་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ལྷན་ཅིག་སྐྱེས་པ་ཡིན་ཡང་རྨོངས་པ་ཟིལ་གྱིས་མནན་ནས་གཉིས་སུ་མངོན་པར་ཞེན་པར་བྱས་པའི་ལས་ཀྱིས་སྤྲུལ་ཞིང་བསྐྱེད་པའི་ཕྱིར་རོ། །གང་ལས་ཤེ་ན། ཡེ་ཤེས་བྱེ་བྲག་ལས་ཏེ་ལྷན་ཅིག་སྐྱེས་པ་ལས་སོ། ། ་དམན་དང་རབ་དམན་དམན་པ་ཅན་ཞེས་བྱ་བ་ལ་སོགས་པས་ནི། ལས་ཀྱི་སྤྲུལ་པའི་ཁྱད་པར་ཏེ། དམན་པ་ནི་ཡི་དགས་བཀྲེན་པའོ། །རབ་ཏུ་དམན་པ་ནི་འདྲེ་རྣམས་སོ། །དམན་པ་ཅན་ནི་ངར་སྣབས་ཟ་བ་ལ་སོགས་པའོ།། ་གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་སོ། །གསང་བ་ཞེས་བྱ་བ་ནི་མི་སྣང་བར་རྒྱུ་བའི་གནོད་སྦྱིན་གྱི་ཁྱད་པར་རོ། །ཡི་དགས་ཞེས་བྱ་བ་ནི་ཡི་དགས་ཁྱད་པར་ཅན་ནོ། །གསལ་བའི་གཟུགས་སུ་མངོན་པར་བརྗོད་པ་ཞེས་བྱ་བ་ནི་གཟུགས ་ན་སྤྱོད་པ་ལ་སོགས་པའོ། །ཕྲ་མོ་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་སྐྱེ་བོ་ཕྲ་མོ་རྣམས་སོ། །སྒོ་ང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པའོ། །ཆུ་དང་ཞེས་བྱ་བ་ནས་བྲག་ལ་སོགས་ཞེས་བྱ་བའི་བར་དུ་བརྟན་པ་རྣམས་ནི་ཆུ་ལ ་སོགས་པའི་རང་བཞིན་གྱི་སྐྱེ་བོ་ཕྲ་མོ་གཟུང་བར་མི་ནུས་པ་རྣམས་སོ། །ཐབས་ཡེ་ཤེས་བྱིན་གྱིས་བརླབས་ཞེས་བྱ་བ་ནི་གཉིས་སུ་མངོན་པར་ཞེན་པའི་ལས་ཀྱི་དབང་གིས་ལྷན་ཅིག་སྐྱེ་བའི་ཡེ་ཤེས་ཉིད་ལས་སྐྱེས་ཤིང་སྤྲུལ་པའོ།། ་སྣང་བ་ཐམས་ཅད་དེ་ཉིད་ཀྱི། །ཡེ་ཤེས་མེད་ན་སྐྱེ་མི་འགྱུར། །ཞེས་བྱ་བ་ནི་སྐྱེ་གནས་བཞིས་བསྡུས་པའི་སྐྱེ་བོ་ཐམས་ཅད་རང་རང་གི་རང་རིག་པའི་ཡེ་ཤེས་མྱོང་བ་ལ་སྐྱེས་པའོ། །ཡང་ན་བརྟན་པ་དང་གཡོ་བའི་འགྲོ་བ་ཐམས་ཅད་རང་གི ་ཡེ་ཤེས་ཙམ་གྱི་སྣང་བ་ཡིན་ཏེ། གཞན་དུ་ན་སྣང་བར་མི་འགྱུར་སྙམ་དུ་དགོངས་པ་ཡིན་ནོ། །དེས་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཡིན་ནོ། །དེ་ལྟར་འཁོར་བ་ལས་འདྲེན་པར་བྱེད་པ་ནི་གསང་སྔགས་ཀྱི་ཐེག་པ་ཉིད་ཡིན ་པར་བསྟན་པའི་ཕྱིར། སྐྱེ་བ་བྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཐེག་པའི་ལམ་མོ། །ཡང་ན་གསང་སྔགས་ཀྱི་ཐེག་པ་ལ་དད་པ་ནི་སྐྱེ་བ་མང་པོར་སངས་རྒྱས་ཀྱི་བྱིན་གྱིས ་བརླབས་ཤིང་དགེ་བའི་རྩ་བ་སྨིན་པ་ལ་སྐྱེའི་གཞན་དུ་ནི་མ་ཡིན་ནོ་ཞེས་རྙེད་པར་དཀའ་བར་སྟོན་ཏོ། །རྣལ་འབྱོར་བསྟན་བཅོས་མཚན་མ་ཡིས་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་མོས་པས་སོ། །ཕྱི་རོལ་བསྟན་བཅོས་སྐྲ་སུན་དབྱུང་ཞེས་བྱ་བ ་ནི་སྒྲ་ལ་སོགས་པ་ལ་ལྟོས་པའི་ཕྱི་རོལ་གྱི་བསྟན་བཅོས་སྤང་བའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའི་ཤེས་པའོ། །རྣམ་པར་འཕྲུལ་པ་ནི་དེ་ལས་འགྲོ་བ་སྣ་ཚོགས་སུ ་སྣང་བའོ། །འབྱུང་བ་ནི་བསྟན་པའོ། །རིམ་པར་ཕྱེ་བ་ནི་དོན་དེའི་གཞུང་གི་ཚོགས་ཏེ་སུམ་ཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །། ་ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་རྣལ་འབྱོར་པས་གཟུང་བར་བྱ་བའི་ཕྱིར་དེའི་ཚད་དང་མཚན་ཉིད་སྟོན་པའི་ལེའུ་གསུངས་པ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་འོག་ཏུའོ། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ་ཞེས་བྱ་བ་ནི། རྩེ་མོ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས ་པ་ལྷའི་རྣམ་པར་དག་པ་སོ་སོའི་ངེས་པའོ། །རྡོ་རྗེ་དག་ནི་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཞི་བ་སོགས་པའི་ལས་རྣམས་དང་འབྲེལ་པའི་རྡོ་རྗེའི་ཁྱད་པར་རྣམས་སོ། །ལེགས་པར་བརྡུང་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པར་རོ། །ཀུན་གྱིས ་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི་ཆུ་སྲིན་གྱི་ཁ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཡང་ནི་ཤིང་ལ་སོགས་པ་ལས་བྱས་པ་ཡིན་ན། ཚོན་རྩིས་ཁ་བསྒྱུར་བའོ། །ཆ་གསུམ་དུ་ནི་བཟུང་ནས་སུ་ཞེས་བྱ་བ་ནི་རྭ་གཉིས ་དང་ལྟེ་བའི་སྲིད་ཀྱི་ཆ་གསུམ་མཉམ་པོར་བྱ་བའོ། །ཆ་བརྒྱད་སྐེ་རགས་ཀྱིས་ནི་བརྒྱན་ཞེས་བྱ་བ་ལ་ཆ་བརྒྱད་ནི་ཡན་ལག་འབྱེས་པའོ། །སྐ་རགས་ཞེས་བྱ་བ་ནི་རྩེ་མོའི་འོག་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐ་རགས་ཀྱིས་བསྐོར ་བར་བྱ་སྟེ་ཁ་ཁྱེར་ཞེས་བྱ་བར་གྲགས་པའོ། །ཡང་ན་ཆ་གསུམ་ཞེས་བྱ་བ་ནི་ཆ་གསུམ་པ་སྟེ་དབུས་ཀྱི་ལྟེ་བའོ། །སྐ་རགས་ནི་དེ་ལ་རི་མོ་གཉིས་ཀྱིས་བསྐོར་བ་སྟེ། འདིར་བའི་སྒྲ་མི་མངོན་པ་ཡིན་ནོ། །ཕྱོགས་ལ་སོགས་པ་ཇི ་བཞིན་དུ་ཞེས་བྱ་བ་ལ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་རང་རང་གི་ཕྱོགས་ཇི་ལྟ་བ་བཞིན་དུའོ། །དབུ་མ་ཉིད་དང་སངས་རྒྱས་དགུ་ཞེས་བྱ་བ་ནི། དབུས་ཀྱི་རྡོ་རྗེ་འཛིན་པ་དང་ལྷ་དགུ་སྟེ། དེ་རྣམས་ཀྱི་སོ ་སོར་རྩེ་མོ་དགུ་པ་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ། སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ་པ་རྣམ་པར ་སེལ་བ་དང། ཀུན་ཏུ་བཟང་པོ་དང། འཇམ་དཔལ་དང། བྱམས་པ་རྣམས་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྩེ་མོ་དགུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོ་དགུ་ལྷ་དགུས་སོ་སོར་བྱིན་གྱིས་བརླབས་པར ་བྱའོ་ཞེས་བྱ་བའི་དོན་ཏོ། །ཆུ་སྲིན་ལས་ནི་འབྱུང་བ་ཡིས། །རྩེ་མོ་པདྨ་ཟླ་བར་གནས། །ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་རྩེ་མོ་རྣམས་ཆུ་སྲིན་ཁ་ནས་འབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། ་རྩེ་དགུ་ཞེས་བྱ་བ་ནི་ངོས་རེ་རེ་ཞིང་ངོ། །དབུ་མ་རིང་པོ་ཉིད་ཀྱིས་སུ། །ཆ་གསུམ་གྱི་ནི་ཆད་དག་བྱ། །ཞེས་བྱ་བ་ནི། སྔར་ཆ་གསུམ་དུ་ནི་གཟུང་བར་བྱ། ཞེས་བྱ་བའི་བཤད་པ་ཡིན་ཏེ། རྡོ་རྗེའི་རྭ་དབུ་མ་རྭ་གཞན་པས་ཅུང་ཟད་རིང་བ་དེའི ་ཚད་ཀྱི་ཆ་གསུམ་ཡིན་གྱི། རྭ་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཐུན་མོང་ཚད་ཡིན་ནོ་ཞེས་བྱ་བ་ནི་ཆ་མཉམ་པོ་གསུམ་དུ་བགོ་བ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་ཚད་ཡིན་གྱི། རྩེ་དགུ་པ་འབའ་ཞིག་གི་མ་ཡིན ་པའོ། །ཡང་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་གསུངས་པ། ཀུན་གྱི་རྩེ་མོ་དབུ་མ་ཟླུམ་ཞེས་བྱ་བ་ལ་སོགས་པ་ལ། རྩེ་དགུ་པ་ལ་སོགས་པ་ཀུན་གྱི་རྩེ་མོ་སྟེ་རྭ་དབུ་མ་ཟླུམ་པོར་བྱའོ། །ཐ་མའི་རྭ་རྣམས་ནི་མན་ངག་ལས་གྲུ ་བཞི་པར་ཞེས་པར་བྱའོ། །ཕྱོགས་སོགས་རྩེ་མོ་འདུས་པས་གནས་ཞེས་བྱ་བ་ལ་སོགས་པའི་རྭ་རྣམས་ཀྱི་རྩེ་མོ་བཀུག་ནས་རྭ་དབུ་མ་ལ་འདུད་པར་བྱའོ། །དབུས་ནི་ཟུར་བརྒྱད་དག་ཏུ་བྱ་ཞེས་བྱ་བ་ནི་རྡོ་རྗེ་དབུ་མའི་ཆ་ལྟེ་བ་གང་ཡིན་པ་དེ ་ནི་ཆ་བརྒྱད་པར་བྱ་བའོ། ཆ་བརྒྱད་པ་དེ་ཅི་འདྲ་ཞེ་ན། རིན་ཆེན་མ་རཀྟ་ལྟར། དེ་ནི་ཅུང་ཟད་ཟུར་བརྒྱད་བྱ། །ཞེས་བྱ་བ་སྨོས་ཏེ་གོ་སླའོ། །ཁ་ཅིག་ནི་ཚིག་རྐང་ཐ་མ་དེ་གཉིས་ཀུན་གྱི་རྩེ་མོ་དབུ་མ་ཟླུམ་ཞེས་བྱ་བའི་བཤད་པ་ཡིན་པར ་འདོད་དོ། །སྟེང་དང་འོག་དང་དབུས་དག་ནི། །སོ་སོར་ཆ་ནི་གསུམ་གསུམ་འདོད། །ཅེས་བྱ་བ་ལ། སྟེང་དང་འོག་དང་དབུས་ཞེས་བྱ་བ་ནི་སྔར་ཆ་གསུམ་དུ་གཟུང་ཞིང་བཤད་པའོ། །སོ་སོར་ཆ་ནི་གསུམ ་གསུམ་འདོད། །ཅེས་བྱ་བ་ནི་དེ་རེ་རེ་ཞིང་ཡང་ཆ་གསུམ་གསུམ་དུ་བགོས་ལ། དབུ་མའི་དབུ་མ་ཟུར་བརྒྱད་པར་བྱ་བའི་ཆ་གཉིས་པོ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་དབུས་ཀྱི་ཆའི་ཚད་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས། །དེ་ ་བཞིན་དུ་རྭ་གཉིས་ཀྱི་ཡང་སོ་སོར་དབུ་མ་གཉིས་ཅུང་ཟད་སྦོམ་པར་བྱས་ལ། ཐ་མ་ཆ་གཉིས་ནི་ཕྲ་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཡང་ན་སོ་སོར་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཀུན་ལ་སོ་སོར་ལྷག་མ་ནི་སྔར ་བཤད་པ་བཞིན་སྦྱར་བར་བྱའོ། །སྟེང་གི་པདྨ་ཟླ་བ་ནི། །དྲུག་ཆ་ཀུན་ནས་ཟླུམ་པོར་བྱ། །ཞེས་བྱ་བ་ལ་དྲུག་ཆ་ཞེས་བྱ་བ་ནི་འོག་ནས་བཤད་པར་བྱའོ། །ཀུན་ནས་ཟླུམ་པོར་བྱ་ཞེས་བྱ་བ་ནི། ཟླ་བའི་སྟེང་གི་ཁ་ཁྱར་ཏེ་དེའི་ཚད་དྲུག ་ཆར་བྱ་བའོ། །དེ་དག་ལ་ནི་སེངྒེའི་སྣ། །ནས་ཕྱེད་ཙམ་དུ་མཐོང་བར་བྱ། །ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ནི་ཟླ་བ་ལས་བྱུང་སྐྱེས་པའོ། །སེངྒེའི་སྣ་ཞེས་བྱ་བ་ཆུ་སྲིན་གྱི་སྣའོ། །དེ་ནས་ཕྱེད་ཙམ་ཞེས་བྱ་བ་ནི་རྡོ་རྗེའི་རྭ་ལས ་ཕྱིར་འཕགས་པའི་ཚད་དོ། །ད་ནི་སྔར་ཐལ་བའི་དྲུག་ཆ་བསྟན་པའི་ཕྱིར། མཆེ་བ་ཡིས་ནི་མཐར་གནས་པ། །དེའི་དྲུག་ཆ་ཞེས་བྱར་གྲགས་ཞེས་བྱ་བ་སྨོས་ཏེ། རྡོ་རྗེའི་རྭའི་ཆ་གང་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མཛའ་ནང་དུ་ཞུམ་པ ་དེའི་དྲུག་ཆར་ཤེས་པར་བྱའོ། །དེ་དག་ནི་ཐུན་མོང་གི་ཚད་དང་མཚན་ཉིད་དོ། །ད་ནི་རྩེ་དགུ་པའི་ཚད་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། ཆ་ནི་ཉི་ཤུ་རྩ་བདུན་ལ། །སོ་སོ་རུ་ནི་དགུ་དགུར་འདོད། །ཅེས་བྱ་བ་གསུངས་ཏེ། དེ་ལ་ཆ་ནི་ཉི་ཤུ་རྩ་བདུན་ ་ལ་ཞེས་བྱ་བ་ནི། སྔར་ཆ་དགུར་བགོས་པ་དེ་རེ་རེ་ཞིང་ཡང་གསུམ་གསུམ་དུ་བྱའོ། །ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱ་ཞེ་ན། རྭ་སོ་སོའི་ཆ་དྲུག་དྲུག་པོར་བརྩེ་མོའི་ཆ་གསུམ་གསུམ་པོ་རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ནི་མན་ངག་གོ་སོ་སོ་རུ་ནི ་དགུ་དགུར་འདོད་ཅེས་བྱ་བ་ནི། དེས་གཉིས་ཀའི་རྩེ་མོ་དགུ་དགུ་བཅོ་བརྒྱད་དུ་བྱ་བའོ། །ཆ་གསུམ་བླ་མའི་མཛའ་མ་ནི་ཞེས་བྱ་བ་འདི་ནི་ཡང་ཐུན་མོང་གི་མཚན་ཉིད་སྟོན་པ་ཡིན་ཏེ། རྩེ་མོ་རེ་རེ་ཞིང་ཡང་ཆ་དགུ་དགུར་བགོས་པའི་རྩེ་མོའི་ངོས་ཀྱི ་ཆ་གསུམ་ནི་བླ་མའི་མཛའ་མ་སྟེ། རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྟེང་གི་ཆ་གཉིས་སྤངས་ནས་ནི་ཞེས་བྱ་བ་གསུངས་ཏེ། སྟེང་གི་རྭ་རྣམས་སོ། །ཆ་གཉིས་ནི་ལྟེ་བ་དང་འབྲེལ་བའི་ཆ་དྲུག་གོ་།དབུས་ཀྱི་མཛའ་ཡང ་དེ་བཞིན་ནོ་ཞེས་བྱ་བ་ནི། རྭ་དབུ་མ་ཟླུམ་པོའི་རྩེ་མོ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །འདབ་མ་པོ་ནི་གང་གནས་པའི། །ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏེ་ཞེས་བྱ་བ་ལ། འདབ་མ་ལ་ནི་གང་གནས་པ་ཞེས་བྱ་བ་ནི། པདྨའི་སྟེང་གི་ཟླ་བ་ལས་བྱུང་བའི ་ཕྱི་རོལ་གྱི་རྭ་རྣམས་ཏེ་འདབ་མའི་ཆ་ལ་གནས་པའི་ཕྱིར་རོ། །ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏེ་ཞེས་བྱ་བ་ནི་ཆུ་སྲིན་དཔངས་རྭ་དེའི་རྩ་བའི་བཞི་ཆར་བྱའོ། །དེའི་ཕྱེད་དུ་སྐ་རགས་འདོད་ཅེས་བྱ་བ་ནི་ལྟེ་བའི་སྐ་རགས་སོ། །རྡོ་རྗེ་ཀུན་ལ་བློ་ལྡན་པས། །ཆུ་དང ་ཞེང་ནི་མཉམ་པོར་བྱ་ཞེས་བྱ་བ་ལ་རྡོ་རྗེ་ཀུན་ནི་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་དུ་བྱའོ། །ཞེང་ཞེས་བྱ་བ་ནི་རྭ་གཉིས་ཀྱི་ཆ་ཀུན་ནས་བསྐོར་བ་སྟེ། དེ་དང་ཆུར་མཉམ་པོར་བྱ་བའོ། །བློ་ལྡན་ནི་ཤེས་རབ་དང་ལྡན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ་ཆ་ལ་སོགས་པ་སྔོན་དུ་ནི། །ཇི་ལྟར་བསྟན་བཞིན་ལྡན་པར་བྱ་ཞེས་བྱ་བ་ནི། རྒྱུད་འདི་ཉིད་ཀྱི་སྔར་བསྟན་པ་དང་གཞན་དག་ཏུ་བསྟན་པ་ཡང་བསྡུ་བར་བྱའོ། །དེ་ལ་རྡོ་རྗེ་ཀུན་གྱི་ཚད་ནི་འདིར་གསལ་པོར་མ་གསུངས་ཏེ། འོག་ནས་དྲིལ་བུའི་ཚད་སོར ་དྲུག་ནས་སོར་ཉི་ཤུའི་བར་དུ་བསྟན་པ་ཉིད་ཀྱིས་རྡོ་རྗེའི་ཚད་ཀྱང་ཤེས་པར་བྱའོ། །ཁ་ཅིག་ནི་ཇི་ལྟར་འདོད་པ་བཞིན་དུ་བྱའོ་ཞེས་ཟེར་རོ། །དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ནི་དེ་བཞིན་གཤེགས་པ་ལྔའོ། །དེ ་དང་གྲངས་མཉམ་པའི་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་གྱི་དབུས་སུ་རྣམ་པར་སྣང་སྟེ་ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་ཆའི་རཱ་རྣམ་པ་ལྔ་དེ་བཞིན་གཤེགས་པ་ལྔས་སྦྱང་བ་བསྟན་པ་ཡིན་ཏེ་གོ་སླའོ། ་འོག་གི་ཆའི་རྭ་ལྔ་ནི་འོག་ནས་བཤད་བར་བྱའོ། རཱ་དགུ་པ་ལ་ཡང་ཡེ་ཤེས་ལྔ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་དོན་གྱིས་ཤེས་པར་བྱའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ལ། ས་ཤེས་བྱ་བ་ནི་རབ་ཏུ་དགའ་བ་ལ ་སོགས་པའི་ས་བརྒྱད་དེ། །གནོད་སྦྱིན་བདག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ། །ལྷག་མ་ནི་གོ་སླའོ། །དབུས་སུ་ཞེས་བྱ་བ་ནི་ལྟེ་བ་ལའོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །བཅུ་གསུམ་ཞེས་བྱ་བ་ནི་སུམ་ཅུ་པའི་ལྷ་རྣམས ་ཏེ། ད་དག་ཀྱང་འདིར་ཐིམ་པར་བསྒོམ་པར་བྱའོ། །གཞན་ཡང་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི། འོག་གི་ཆའི་པདྨའི་འདབ་མ་དང་རྡོ་རྗེའི་རྩེ་མོ་རྣམས་སྦྱར་བ་སྟོན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་ལྕགས་ཀྱུ་ཞེས་བྱ ་བ་ལ་སོགས་པ་སྟེ་གོ་སླའོ། །རྩེ་མོ་རྣམས་ཀྱི་གསུངས་པ་རྩེ་མོ་དག་ནི་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་དོན་ཡང་གསལ་ལོ། །དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ཞེས་བྱ་བ་ནི། རྭ་དབུས་མ་ཡེ་ཤེས་མཁའ་འགྲོ་མས ་བྱིན་གྱིས་བརླབས་པའོ། །རྩེ་དགུ་པའི་ཕྱོགས་ལ་ཡང་འོག་གི་རྭ་རྣམས་ཕུང་པོ་ལྔ་དག་པའི་རང་བཞིན་དུ་སྦྱར་བར་བྱའོ། །དམ་ཚིག་རྡོ་རྗེ་བསྒོམ་པར་བྱ་ཞེས་བྱ་བ་ལ། མི་འདའ་བའ་ཨི་དོན་གྱིས་ན་དམ་ཚིག་སྟེ། ཅི་ཞིག་ཅེ་ན། རྡོ་རྗེ་སྟེ ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །བསྒོམ་པ་ནི་དེར་ལྷག་པར་མོས་པར་བྱའོ། །རྣམ་པ་གཞན་དུ་གསུངས་པ། འདུག་པ་རྡོ་རྗེ་རྩེ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལྷག་མ་ངེས་པར་འདུལ་བྱེད་པ། །ཞེས་བྱ་བ་ལྷག་མ་ཞེས་བྱ་བ་ནི་ཡང ་རྩེ་གསུམ་པའི་ངེས་པར་འདུལ་བ་ཞེས་བྱ་བ་ནི་ལྷ་མ་ཡིན་འཇོམས་པ་སྟེ་དེ་ནི་དེའི་ཕྱིར་བྱ་བའོ། །ཞི་ལ་ཞི་བའི་ལྷ་ཉིད་དེ་ཞེས་བྱ་བ་ལ་ཞི་བ་ནི་དྲག་པོའི་རྡོ་རྗེ་གདེངས་པོ་ལས་ལྟོས་ནས་ཁ་ཟུམ་པའི་རྡོ་རྗེའོ། །ཞི་བའི་ལྷ་ཉིད་ཅེས་བྱ་བ་ནི་ཞི ་བའི་ལྷའི་བསྒྲུབ་པའོ། །རིགས་ཀྱི་རིམ་པའི་ཆོ་གས་དབྱེ་ཞེས་བྱ་བ་ནི། ཞི་བ་དང་ཁྲོ་བ་ལ་སོགས་པའི་ལྷའི་དབྱེ་བས་རྡོ་རྗེའི་ཁྱད་པར་གྱིས་སོ་སོར་བསྒྲུབ་ན། བྱ་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པའི་ལས་བྱེད་པ་སྟེ། འགྲུབ ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་རྒྱན་གྱི་མཚན་ཉིད་ཀྱི་རྡོ་རྗེ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཞེས་བྱ་བ་ནི་སོར་མོའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེའོ། །དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་བསྟན་ནས། དེ་ནི་དྲིལ་བུའི་མཚན ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དབུས་ཀྱི་ཁོག་བ་ཞེས་བྱ་བ་ནི་ནང་གི་བུ་ག་སྟེ་ཡངས་པར་བྱ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེས་ཅར་འགྱུར་ཞེ་ན། ཟབ་པ་ཞེས་བྱ་བ་གསུངས་ཏེ། སྒྲ་སྙན་ཅིང་ཟབ་ལ་རིང་བར་འགྱུར ་བའོ། །ཐམས་ཅད་དགའ་བྱེད་བཅུད་ཀྱིས་གནས་ཞེས་བྱ་བ་ནི། ཐམས་ཅད་དུ་དགའ་བ་བསྐྱེད་པར་བྱ་བའོ། །གཞུང་ཁ་ཅིག་ལས་ཐམས་ཅད་དུ་ནི་དགའ་བའི་མཆོག་ཅེས་འབྱུང་སྟེ། དེའི་དོན་ཡང་འདི་ཉིད་ཡིན་པར་བལྟ་བར་བྱའོ། །པདྨ་ཞེས ་བྱ་བ་ལ་སོགས་པས་ནི་རྩེ་མོ་དགུ་པའི་དྲིལ་བུའི་མཚན་ཉིད་བསྟན་པ་ཡིན་ཏེ། དྲིལ་བུའི་ཁོག་པའི་སྟེང་ན་ཤེས་རབ་ཀྱི་ཞལ་གནས་པའི་འོག་གི་ཉེ་འཁོར་དུ་པདྨ་འདབ་མ་བརྒྱད་པ་བྱས་ལ། དེར་ལྷ་མོ་བརྒྱད་བསམ་པར་བྱའོ་ཞེས་བྱ་བའི ་དོན་ཏོ། །དེའི་སྟེང་དུ་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་སྟེང་དུའོ། །ལྷ་མོ་ཞེས་བྱ་བ་ནི་བསམ་པར་བྱ་བ་དང་འབྲེལ་ཏོ། །ཅི་ལས་ཤེ་ན། ས་བོན་བརྒྱད་ལས་ཏེ་ཏམ་ལ་སོགས་པའི་ས་བོན་བརྒྱད་བཀོད ་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། མདོག་མཛེས་ཞེས་བྱ་བ་ནི་ལྷ་མོ་ནོར་རྒྱུན་མའོ། །སྦྲང་རྩི་ཞེས་བྱ་བ་ནི་སྐུལ་བྱེད་མའོ། །ཡིད་འོང་མ་ཞེས་བྱ་བ་ནི་ཁྲོ་གཉེར་མའོ། །རིན་ཆེན་འཁྱིལ་མ ་ཞེས་བྱ་བ་ནི། དོན་ཇི་ལྟ་བ་བཞིན་གྱི་མིང་ངོ། །ནམ་མཁའ་ཨི་ཕྱོགས་ཞེས་བྱ་བ་ནི་སྙིང་པོ་ལ་བྱའི། ནམ་མཁའ་ཉིད་ནི་མ་ཡིན་ནོ། །གཟུགས་རྫོགས་བསྐོར་བས་ཡང་དག་གནས་ཞེས་བྱ་བ་ནི་ཡེ་ཤེས་བདུད་རྩིའི་བུམ་པའི་རྩ་བར་རི་མོ་གསུམ་གྱིས ་བསྐོར་བའོ། །པདྨ་རྒྱས་པ་ལྟ་བུའི་དབྱིབས་ཞེས་བྱ་བ་ནི་ཁོག་པའི་དབྱིབས་སོ། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་དང་རི་མོ་གསུམ་གྱི་སྟེང་གི་དབྱིག་པའི་རྩ་བའི་ཆའོ། །དེ་ཅི་འདྲ་ཞེ་ན། ཡེ་ཤེས་བདུད ་རྩིའི་བུམ་པ་འདྲ་ཞེས་བྱ་བ་སྟེ། བདུད་རྩིའི་བུམ་པའི་དབྱིབས་ལྟ་བུའོ། །ཤེས་རབ་བདུད་རྩིའི་གནས་ཡིན་ཏེ་ཞེས་བྱ་བ་ལ་ཤེས་རབ་དང་ཡེ་ཤེས་ཉིད་བདུད་རྩི་སྟེ་དེའི་གནས་དང་རྟེན་དུ་གྱུར་པའོ། །དེས་ན་བུམ་པའི་སྟེང་དུ་ཤེས་རབ་ཀྱི་ཞལ ་དབྱུང་ངོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེའི་དབུས་ཀྱི་བསྟན་ལ་ནི་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཞལ་བྲིའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ནི་འོག་ནས་སྟོན་མོད་ཀྱི་འདིར་སྨོས་པ་ནི་ཚོགས་མེད་པར་བྱ་བའི་ཕྱིར་རོ། ། ་དབུགས་ཀྱི་དབྱུག་པ་ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་སྟེང་གི་དབྱུག་པ་གཉིས་ཀ་གཟུང་བར་བྱ་བའོ། །ཡེ་ཤེས་ཏེ་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྲགས་པའོ། །ོཾ་ལྟར་མཆོག་ནི་སྩོལ་བར་གྲུབ་ཞེས་བྱ་བ་ནི། དེ་ལྟ་བུའི་དྲིལ་བུ་དེ ་ཨོཾ་ལྟར་བཀྲ་ཤིས་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་ཆེན་པོའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་རྩེ་དགུ་པའི་དྲིལ་བུ་ནི་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་མ་ཞེས་བྱ་བའི་བར་དུའོ། །བདུད་རྩིའི་གནས་ཀྱི་དབུས་སུ་ནི། །ལྷ་མོ་ཡི་ནི་ཞལ ་གཅིག་བྲི། །ཤེས་རབ་ཕ་རོལ་ཕྱིན་མའོ་ཞེས་བྱ་བ་ལ། བདུད་རྩིའི་གནས་ནི་བུམ་པའོ། །གཅིག་ནི་གཉིས་སུ་མེད་པ་སྟེ། འདིས་ནི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལས་བྱུང་ཞེས་བྱ་བར་སྟོན་ཏོ། །གཟུགས་མཛེས་བསྐོར ་བས་ཡང་དག་གནས་ཞེས་བྱ་བ་ནི། སྔ་མ་ལྟར་ཤེས་རབ་ཀྱི་སྟེང་དུ་སྐ་རགས་ཀྱིས་བསྐོར་བས་མཛེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟེང་གི་པདྨ་དང་རྡོ་རྗེ་ནི་ཞེས་བྱ་བ་ནི་དེའི་སྟེང་དུ་པདྨ་དང་ཟླ་བ་དང་རྡོ་རྗེ་རྩེ་མོ་རྣམས་སྔ ་མ་ལྟར་བྱ་བའོ། །སྔ་མ་བཞིན་དུ་བསམ་པར་བྱ་ཞེས་བྱ་བ་ནི་དེ་དག་ལྷ་རྣམས་ཀྱིས་སྦྱང་བ་སྔར་བསྟན་པ་བཞིན་དུ་བྱ་བའོ། །དབུས་ཀྱི་ཡེ་ཤེས་དབྱུག་པ་སྟེ། ཆ་བརྒྱད་ཀྱིས་ནི་མཛེས་པར་བྱ་ཞེས་བྱ་བ་ནི། རྩེ་མོ་དགུ་པར་བྱ་བའོ། །ཡང་ན་དབུས ་ཀྱི་རྩེ་མོ་ཟླུམ་པོ་ཆ་བརྒྱད་དུ་བྱ་བའོ། །ད་ནི་རྡོ་རྗེ་མཁའ་འགྲོའི་དྲིལ་བུ་གསུངས་ཏེ། དེ་ནས་དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ད་ནི་དེ་བཞིན་གཤེགས་པའི་དྲིལ་བུའི་མཚན་ཉིད་བཤད་པར་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་བདག་ཉིད་ཅན་གྱི་དྲིལ་བུའོ། །འཁར་བ་ལས་བྱུང་ཞེས་བྱ་བ་ནི་ཐུན་མོང་དུ་བལྟ་བར་བྱའོ། །དེ་ཉིད་ཀྱིས་ན་ཀུན་ལ་འཁར་བ་འམ་ཡང་ན་ལྕགས་ཀུ་གསུམ་ལས་བྱུང་དྲིལ་བུ་སྟེ་ཞེས་བྱ་བ་སྨོས་སོ། །ད་ནི་དྲིལ་བུའི་ཚད་དུ ་གསུངས་པ་སོར་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སོར་ལྔ་མན་ཆད་སྤང་བར་བྱ་བ་ནི་སོར་དྲུག་ལས་ཆུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཡང་ཆོ་གའི་རིམ་པ་བཞིན་ཞེས་བྱ་བ་ནི། དཀྱུས་དང་ཞིང་གི་ཚད་རྗེས་སུ་མཐུན་པར་བྱ་བའོ། །དེ་ཉིད་ ་ཀྱིས་ནི་རྡོ་རྗེའི་ཚད་ཀྱང་ཤེས་པར་བྱའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་ཕྱེའོ། །རྡོ་རྗེ་དྲིལ་བུའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ་མཚན་ཉིད་ནི་པདྨ་དང་ཟླ་བ་ལ་སོགས་པ་དང་ལྡན་པའོ། །ཚད་ནི་ཆ ་གསུམ་དང་སོར་ཉི་ཤུ་ལ་སོགས་པ་དང་ལྡན་པའོ། །ཆོ་ག་ནི་གསལ་བར་བྱས་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ ་སུམ་ཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟ་བུའི་རྡོ་རྗེ་དང་དྲིལ་བུ་རྡོ་རྗེ་སློབ་དཔོན་གྱིས་གཟུང་བར་བྱ་བ་ཡིན་པས་དེའི་མཚན་ཉིད་སྟོན་པར་བྱེད་པའི་ལེའུ་གསུངས་པ། རྡོ་རྗེ་སློབ་དཔོན་མཚན་ཉིད་ནི་ཞེས ་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་མི་ཕྱེད་པའི་ཕྱིར་རོ། །དེར་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུས་སྤྱོད་པས་ན་སློབ་དཔོན་ནོ། །མཚན་ཉིད་ནི་སློབ་དཔོན་དུ་འོས་པའི་རང་བཞིན་ནོ། ། ་དེ་གང་ཞེ་ན། དུལ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དུལ་བ་ཞེས་བྱ་བ་ནི་དབང་པོ་དུལ་བའོ། །ཆ་ལུགས་མཛེས་པ་ཞེས་བྱ་བ་ནི་རྗེས་སུ་འཆེམ་པའི་སྤྱོད་པ་དང་ལྡན་པ་སྟེ། གནས་སྐབས་གང་དུ་གང་གིས་དུལ་བར་འགྱུར་བའི་སྤྱོད་པ་རྗེས་སུ་འཇུག ་པའོ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་ཞེས་བྱ་བ་ནི་བྱམས་པ་བསྒོམ་པར་བྱེད་པའོ། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཞེས་བྱ་བ་ལ་སྔགས་ནི་རྐང་པ་བརྒྱད་པ་ལ་སོགས་པའོ། །རྒྱུད་ནི་སྨན་རྣམས་སོ། །སྦྱོར་བ་ནི་བྱ་བའོ། །ཤེས་པ་ནི ་མཁས་པའོ། །རྣལ་འབྱོར་བཟོའི་ཆ་ལ་མཁས་ཞེས་བྱ་བ་ནི་དཀྱིལ་འཁོར་འབྲི་བ་ལ་སོགས་པའི་བྱ་བ་ལ་བཟོ་བའོ། །ཐམས་ཅད་དུ་ནི་འཇམ་པོར་སྨྲ་ཞེས་བྱ་བ་ནི། དགྲ་དང་ཟུན་དང་བར་རྣམས་ལ་འཇམ་པ་སྟེ་མཉེན་པར་སྨྲ་བའོ། ། ་སེམས་ཅན་ཀུན་ལ་བུ་བཞིན་བལྟ་ཞེས་བྱ་བ་ནི། ཇི་ལྟར་བུ་རྣམས་ལ་ཕ་རིམ་གྲོ་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བྱེད་པ་འམ། ཡང་ན་སེམས་ཅན་ཐམས་ཅད་ལ་བུ་ལྟར་སྡུག་བར་བལྟ་བའོ། །བསམ་གཏན་སྦྱོར་བ ་ལ་མངོན་པར་བརྩོན་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཉེ་བར་སྦྱོར་བའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་ནན་ཏན་བྱེད་པའོ། །རྟག་ཏུ་མཉམ་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་བཏང་སྙོམས་ཚད་མེད་པ་དང་ལྡན་པར་སྟོན་པའོ། །སེམས་ཅན ་རྣམས་ཀྱི་མགོན་སྐྱབས་ཏེ་ཞེས་བྱ་བ་ནི་སྡུག་བསྔལ་ལས་འདྲེན་པའི་ལམ་སྟོན་པའི་ཕྱིར་རོ། །སེམས་ཅན་བསམ་པའི་བྱེ་བྲག་མཁས་ཞེས་བྱ་བ་ནི་བྱ་བ་ཅུང་ཟད་ཙམ་གྱིས་སོ་སོའི་བསམ་པའི་ཁྱད་པར་རྟོགས་པར་ནུས་པ་དེ་བག་རྣོ་བའོ།། ་མགོན་མེད་རྣམས་ལ་གཉེན་ལྟར་བརྩེ་ཞེས་བྱ་བ་ནི་སེམས་ཅན་དམན་ཞིང་སྡུག་བསྔལ་གྱིས་གཙོས་པ་རྣམས་ལ་ལྷག་པར་ཡང་བརྩེ་བའོ། །དེ་ལྟར་གསུངས་པ། བུ་ནི་ནད་པ་གང་ཡིན་ལ། །མི་ན་ལྷག་པར་གདུང་བར་འགྱུར། །དེ་བཞིན ་སེམས་ཅན་དམན་པ་ལ། །བྱང་ཆུབ་སེམས་དཔའ་ལྷག་པར་བརྩེ་ཞེས་སོ། །མཛའ་སྡུག་གིས་ནི་ལེགས་པར་བལྟ་ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཕན་འདོགས་པའི་བསམ་པས་མཐུན་ཞིང་འཇམ་པར་བལྟ་བ་དེ་ནི་མཛའ་སྡུག་གིས ་བལྟ་བ་སྟེ། དེ་ཉིད་ལེགས་པ་སྟེ་དགེ་བ་ཡིན་ནོ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས་ཞེས་བྱ་བ་ནི་གསང་སྔགས་ཀྱི་ལམ་གྱི་མན་ངག་རྣམས་ལ་ཐོགས་པ་མེད་པའོ། །དམ་ཚིག་སྤྱོད་ལ་རབ་ཏུ་གུས་ཞེས་བྱ་བ་ནི་སྦ་བར་བྱ་བ་རྣམས་སྤེད ་པའོ། །ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ། །མི་ཕྱེད་གནས་ཞེས་བྱ་བ་ལ། ཕྱེད་པ་ནི་དམན་པའོ། །དེ་ལས་བཟློག་པ་ནི་མི་ཕྱེད་གནས་ཏེ་དགེ་བའི་ལམ་ལ་མངོན་པར་སྤྲོ་བའོ། །གཉིས་མེད་ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའོ། །སྔགས་ཀྱི ་འཁོར་ལོ་སྤྱོད་ལ་གུས་ཞེས་བྱ་བ་ལ། སྔགས་ཀྱི་འཁོར་ལོ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའོ། །སྤྱོད་པ་ནི་སྤྲུལ་པའོ། །གུས་པ་ནི་གོ་རིམས་ལ་མཁས་པའོ། །དབང་བསྐུར་དོན་གྱིས་ཡོན་ཏན ་འབྱུང་ཞེས་བྱ་བ་ལ། དབང་བསྐུར་བ་ཉིད་གོམས་པར་བྱས་ན་ཡོན་ཏན་ཏེ། དོན་ནི་དེའི་དོན་དུ་གཉེར་ཞིང་ལེན་པའོ། །འབྱུང་བ་ནི་གནས་ཏེ་བླ་མ་བརྒྱུད་པའི་རིམ་གྱིས་དབང་བསྐུར་བའོ། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས་ཞེས་བྱ་བ་ལ། ་དེ་ཉིད་བཅུ་ནི་དཀྱིལ་འཁོར་དང། ཏིང་ངེ་འཛིན་དང། ཕྱག་རྒྱ་དང། ཀ་ར་ན་དང། འདུག་སྟངས་དང། བཟླས་པ་དང། སྦྱིན་སྲེག་དང། མཆོད་པ་དང། ལས་ཀྱི་སྦྱོར་བ་དང། ཉེ་བར་བསྡུ་བ་སྟེ་བྱ་བ་དེ་དག་ལ་མཁས་པའོ། །དེ་ལྟར་གྱུར ་པའོ་སློབ་དཔོན་གྱི་སྐུ་ལ་སོགས་པ་ལ་ཇི་ལྟར་བལྟ་བར་བྱ་བ་དེ་བསྟན་པའི་ཕྱིར། གསོལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་ཀུན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ་ཞེས་བྱ་བ་ནི་མིག ་དང་ལག་པ་ལ་སོགས་པའི་ཡན་ལག་རྣམས་སའི་སྙིང་པོ་ལ་སོགས་པར་བལྟའོ། །དགྲ་བཅོམ་ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་སོ། །རིགས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །འཇིག་རྟེན་པ ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ། །སློབ་དཔོན་གྱི་ལུས་ལ་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་གྱི་སྐུར་བལྟ་བར་བྱ་བའི་ཕྱིར། དེ་ལྟར་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་མཚན་ཉིད་ཤེས་པར་བྱས་ལ། ཡེ་ཤེས་དོན་དུ་གཉེར ་བའི་རྣལ་འབྱོར་པས་རྟག་ཏུ་བསྟེན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་མཚན་ཉིད་དང་ལྡན་པའོ། །ཡེ་ཤེས་ཅན་གྱི་མཚན་མ་ཤེས་ནས། །དེ་ལྟའི་བླ་མ་འབད་དེ་བསྟན་ཞེས་གསུངས་སོ། །བླ་མར་མི་རུང་བའི་མཚན་ཉིད་གསུངས་པ། ་གང་ཡང་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བ་ཞེས་བྱ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་སེམས་ཀྱིས་ཀུན་ནས་མནར་སེམས་པའོ། །སྒྱུ་ཞེས་བྱ་བ་ནི་སྡིག་པ་མཁྱུད་པའོ། །དག་ནི་ཤིན་ཏུ་རྩུབ་དང་ཞེས་བྱ་བ་ནི་གཞན་ལ་གནོད་པར་འགྱུར ་བའི་ཚིག་དང་ལྡན་པའོ། །ཡོན་ཏན་དག་གིས་ཆོ་ག་ཤེས་པ་ཞེས་བྱ་བ་ནི་རིགས་དང་ནོར་ལ་སོགས་པས་དྲེགས་ནས་དམན་པའི་གནས་ལས་ཡོན་ཏན་མཐོང་ཡང་མི་ལེན་པའོ། །ད་ནི་སློབ་མའི་མཚན་ཉིད་གསུངས་པ། གཞན་ཡང་ཞེས་བྱ་བ ་ལ་སོགས་པ་ལ། ཁྲོ་དང་བཅས་ཞེས་བྱ་བ་ནི་སྤྲོ་ཐུང་བ་དང་གནོད་ཅན་སེམས་པ་སྟེ་ཞེས་བྱ་བ་དྲིན་དུ་མི་གཟོ་བའོ། །རྟོག་གེར་གུས་ཞེས་བྱ་བ་ནི་ཚད་མའི་བསྟན་བཅོས་ལ་གུས་པའམ། འཇིག་རྟེན་པའི་བསྟན་བཅོས་དོན་དུ་གཉེར་བའོ། །ན་སོ ་དག་ནི་ཡོལ་བ་དང་ཞེས་བྱ་བ་ནི་ལུས་རྙིང་པ་སྟེ་ཁུ་བ་འབྱིན་མི་ནུས་པའོ། །ཞན་དང་ཆགས་པས་བཅིངས་པ་ལ་ཞེས་བྱ་བ་ནི་ཞན་པ་ནི་སེར་སྣ་ཆེ་བའོ། །ཆགས་པས་བཅིངས་པ་ནི་མ་ནིང་སྟེ་དེ་དག་ལ་བསྟན་པར་མི་བྱ་བའོ། །ཅི་ཞིག་ཅེ ་ན། རིན་ཐང་མེད་པའི་རིན་ཆེན་ཏེ། །དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་གང་ལ་རིན་གྱི་ཚད་བཟུང་མེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གསང་བའི་དབང་བསྐུར་བ་ལ་སོགས་པ་མི་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་སུ་ལ་སྦྱིན་པར་བྱ་ཞེ་ན། སྣོད་གསུངས ་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ང་རྒྱལ་ཞེས་བྱ་བ་ནི་དྲེགས་པ་སྟེ། གང་ལ་མེད་པ་དེ་ནི་ང་རྒྱལ་མེད་པའོ། །སྒྱུ་མེད་པ་ནི་སྒྱུ་སྤངས་པའོ། །བདག་ཏུ་འཛིན་པ་ནི་བདག་དང་བདག་གི་སེམས་རློམ་པའོ། །གང་ལ་མེད་པ་དེ་ནི་བདག་ཏུ ་མི་འཛིན་པའོ། །དེ་བཞིན་ཆོས་ལ་མངོན་པར་དང་ཞེས་བྱ་བ་ལ། ཆོས་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དད་པ་ནི་མངོན་པར་དགའ་བའོ། །ཡང་ན་ཆོས་ནི་བདེ་བར་གཤེགས་པའི་གསུངས་རབ་བོ། །དེ་ལ ་མན་ངག་སྦྱིན་པར་བྱ་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང། ང་རྒྱལ་ལ་སོགས་པ་མེད་པའི་ཡོན་ཏན་ཅན་དེ་དག་ལ་གསང་བའི་དབང་བསྐུར་བ་ལ་སོགས་པའི་མན་ངག་སྦྱིན་པར་བྱའོ་ཞེས་བྱ ་བའི་དོན་ཏོ། །གཞན་དུ་ན་ནི་ལྟུང་བར་འགྱུར་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང། ང་རྒྱལ་མེད་པ་ལ་སོགས་པའི་ཡོན་ཏན་ཅན་ལ་ཡང་སེར་སྣས་དཔེ་མཁྱུད་བྱས་ན་ལྟུང་བའི་སྡིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། ་སློབ་དཔོན་སྨོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པའི་ཕྱིར། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་གྱིས་གསང་བ་ཞེས་བྱ་བ་ནི་སྐུ་ལ་སོགས་པ་ཐམས་ཅད་དོ། །དམ་ཚིག་སྤྱོད་པ་ཞེས་བྱ་བ་ནི་ཇི་ལྟར ་འདོད་པའི་དམ་ཚིག་ཉམས་སུ་ལེན་པའོ། །ལྷག་མ་ནི་གོ་སླའོ། །བླ་མའི་མལ་བསྟན་བརྫིས་པ་ལ་སོགས་པའི་སྐྱོན་བསྟན་པའི་ཕྱིར། སློབ་དཔོན་གྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མལ་བསྟན་ཞེས་བྱ་བ་ལ་མལ་སྟན་ཏེ། སྟན ་ནི་ཁྲིའུ་ལ་སོགས་པ་འདུག་པའི་གནས་སོ། །གྲིབ་མ་ལ་འགོམ་པ་ནི་གྲིབ་མ་ལ་རྐང་པས་བརྫི་བའོ། །ཅོ་འདྲི་བ་ནི་བཞད་གང་ལ་སོགས་པས་སློང་པའོ། །དེ་ནི་ཀུན་ཏུ་གཟིར་འགྱུར་ཞིང་ཞེས་བྱ་བའི་བཤད་པ་ནི་དོན་ཉམས་དཔལ་ལས ་རིང་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་ཉམས་དཔལ་ལས་རིང་དུ་འགྱུར་ཞེས་བྱ་བ་ནི་བདེ་བ་ཐོབ་པ་དང་བྲལ་བ་དང། འདོད་པ་དང་མི་ཕྲད་པའོ། །གྲིབ་མ་ཞེས་བྱ་བ་ནི་བླ་མའི་གྲིབ་མའོ། །ལྷག་མ་ནི་གོ་སླའོ། །དངོས་པོ ་རང་བཞིན་མེད་པར་ནི། །མཐོང་བར་བྱང་ཆུབ་རིམ་པ་སྟེ། །ཞེས་བྱ་བ་ལ། དངོས་པོ་ནི་ཕུང་པོ་ལ་སོགས་པའོ། །རང་བཞིན་མེད་པ་ནི་ངོ་བོ་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་རིམ་པ་ནི་བྱང་ཆུབ་པར་བྱེད་པའི ་ལམ་མོ། །རང་བཞིན་དག་པའི་ཆོས་རྣམས་ནི། །ངོ་བོ་མེད་ལས་དངོས་མཐོང་བས་ཞེས་བྱ་བ་ནི་རང་གི་སེམས་ཀྱི་སྣང་བ་ཙམ་ལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བློས་བསླད་པ་སྟེ། དེས་ཅིར་འགྱུར་ཞེ་ན། དེའི་ཚེ་དཀར་པོ་ཡིས་ནི་དཀར ་འགྱུར་ལ། །ནག་པོས་དེ་བཞིན་འབྲས་ནག་འབྱིན་ཞེས་བྱ་བ་དང་འབྲེལ་ཏོ། །གཞུང་ཁ་ཅིག་ལས་རང་བཞིན་མེད་པའི་རང་བཞིན་ཅན་ཞེས་བྱ་བ་འབྱུང་སྟེ། དངོས་པོ་རང་བཞིན་དང་བྲལ་ཞིང་འོད་གསལ་བ་ཉིད་དངོས་པོ་རྣམས་ཀྱི་ཡང་དག ་པའི་རང་བཞིན་ཡིན་ཞིང། དཀར་པོའི་ལས་ཀྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དཀར་པོ་ཡིས་ཞེས་བྱ་བ་ནི་དགེ་བའི་ལས་ཀྱི་ལམ་མོ། །དཀར་འགྱུར་ལ་ཞེས་བྱ་བ་ནི་བདེ་འགྲོ་དང་བྱང་གྲོལ་གྱི་གནས་སོ། །ནག་པོས་དེ་བཞིན ་འབྲས་ནག་འབྱིན་ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །དེ་ན་དེ་དག་སྤང་བར་བྱ་སྟེ། ནག་པོའི་ལས་སྤང་བའོ། །ཡང་ན་ལས་དང་འབྲས་བུའི་རྣམ་པར་རྟག་པ་སྤང་པའོ། །ལྷག་མ་ནི་གོ་སླའོ། །བཟའ་བ་ལ་སོགས་པའི་དམ་ཚིག་ལ་སྤྱོད་པ ་དང། གཏོར་མ་ལ་སོགས་པ་བྱ་བའི་དུས་སུ་ལེགས་པར་བསྡམས་པ་བསྟན་པའི་ཕྱིར། དགའ་བ་དག་ལ་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོད་ཟིན་ཞེས་བྱ་བ་ནི་གསང་བ་བསྲུང་ཞིང་ཁ་ན་མ་ཐོ་བ་མེད་པས་ལེགས་པར ་བསྡམས་པའོ། །དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་དངོས་གྲུབ་འདོད་པ་རྣམས། །སེམས་ཅན་གསང་བ་དངོས་གྲུབ་འབྱུང། །ཞེས་གསུངས་ཏེ། འདིས་ནི་སྐྱེ་བོའི་ཁ་ན་མ་ཐོ་བ་དང་བཅས་པས་དངོས་གྲུབ་འགྲུབ་པར་མི་འགྱུར་རོ་ཞེས་བྱ ་བར་སྟོན་ཏོ། །སྔར་བསྟན་པའི་མཚན་ཉིད་ཅན་གྱི་སློབ་དཔོན་གྱི་སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་གཟུང་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་གོ་སླའོ། །དང་པོ་བླ་མའི་དམ་ཚིག་དང། འཐོབ་པ་རྒྱུ ་དང་འབྲས་བུ་འབྱུང་ཞེས་བྱ་བ་ལ། བླ་མ་ལས་དམ་ཚིག་ཐོབ་པ་ནི་བླ་མའི་དམ་ཚིག་ཐོབ་པ་སྟེ། འདིར་ལྔ་པ་མི་མངོན་པ་ཡིན་ནོ། །དེ་ཉིད་ནི་རྒྱུ་སྟེ་དངོས་གྲུབ་ཀྱི་འབྲས་བུ་འབྱུང་བའི་རྒྱུའོ། །དེ་ཉིད་གསུངས་པ ་བསྟན་དང་ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཉེ་བར་ཟད་པ་སྟེ། དེ་དག་ནི་བསྟན་པ་དང་ངེས་པར་བསྟན་པའི་བརྡས་བཤད་པའོ། ་སྔགས་རྣམས་ཀྱི་མི་མན་ངག་གིས་ཞེས་བྱ་བ་ལ་སྔགས་ནི་སྔགས་སྦྱིན་པའོ། །མན་ངག་ནི་ཏིང་ངེ་འཛིན་སྦྱིན་པ་སྟེ། གཉིས་པོ་དེའི་གནས་སུ་བྱ་བ་ལ། མིང་སོགས་ཆོ་ག་བཞིན་དབང་བསྐུར་ཞེས་བྱ་བ་འདི་དང་སྦྱར་ཏེ། ཆུའི་དབང ་བསྐུར་བ་ནས་མིང་གི་དབང་བསྐུར་བའི་མཐར་ཐུག་པ་བསྐུར་ནས། དེའི་འོག་ཏུ་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པར་བྱའོ། །ཞེས་བྱ་བར་དགོངས་སོ། །དངོས་པོར་བསྒོམ་ནས་སུ་ཞེས་བྱ་བ་ནི་ལྷའི་བསྐུར་བསྒོམ་པ་སྟེ་ལོངས་སྤྱོད་པ་དང་སྦྱར ་རོ། །མྱ་ངན་འདས་པ་བསྟན་པར་བྱ་ཞེས་བྱ་བ་ནི་དེ་ཉིད་བདག་མེད་པ་དང་སྦྱོར་བ་སྟེ། ངེས་པར་བསྟན་པ་དང་སྦྱར་རོ། །ལྷག་མ་ནི་གོ་སླའོ། །བདག་ཉིད་ལུས་དང་གཞན་གྱི་ལུས། །བདག་ཉིད་བདེ་མཆོག་བྱང་གྲོལ་ཏེ། །ཞེས་བྱ་བ་ནི། བདག་གི ་ལུས་དང་གཞན་གྱི་ལུས་བརྗེ་བར་སྟོན་པ་ཡིན་ཏེ། བདག་ལྟར་གཞན་ལ་ལྟ་བ་དང། གཞན་ལྟར་བདག་ལ་ལྟ་བས་མཉམ་པ་ཉིད་དུ་བལྟའོ། །བདག་ཉིད་བདེ་མཆོག་བྱང་གྲོལ་ཏེ། །ཞེས་བྱ་བ་ནི་རང་གི་སེམས་ཡོངས་སུ་རྟོགས་པ་ཉིད་བྱང ་གྲོལ་ཏེ་བྱང་ཆུབ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། སེམས་རྟོགས་པ་ཡིས་འཚང་རྒྱ་བས། །སེམས་ཉིད་རྫོགས་པའི་བྱང་ཆུབ་ཡིན་ཞེས་སོ། །བདེ་བ་ཁོ་ན་སྒྲུབ་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བདེ་མཆོག་ཞེས་བྱ་བ ་གསུངས་ཏེ། ཕུལ་དུ་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་གི་ལུས་ལ་མ་ཆགས་ཤིང་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་མེད་པའོ། དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་བརྙན་སོགས་འདྲིའི་ལྷ་རུ་རྟག་ཅེས་བྱ ་བ་སྟེ། ཁྱོད་ཀྱིས་ཞེས་བྱ་བ་ནས་ལྟ་རུ་བརྟག་ཅེས་བྱ་བ་འདི་ནི་དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་སློབ་མ་ལ་སྨྲ་བར་བྱའོ། །བླ་མའི་ཞལ་ཞེས་བྱ་བ་ལ་སོགས་པ་གཞུང་གང་གིས་བླ་མའི་བསྙེན་བཀུར་དང་དམ་ཚིག་སྡོམ་པའི་ཆོ་ག་སྟོན་པར་བྱེད ་པ་དེ་ནི་བླ་མའི་བསྙེན་བཀུར་དང་དམ་ཚིག་དང་སྡོམ་པ་སྟོན་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །། ་གསང་བའི་དབང་བསྐུར་བའི་འོག་ཏུ་སྔགས་སྦྱིན་པ་བསྟན་པའི་ཕྱིར་སྔགས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་བླ་མའི་བསྙེན་བཀུར་བྱས་པའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས ་བྱ་བའི་དོན་ཏོ། །གང་གི་ཕྱིར་སྔགས་མ་བྱིན་པར་གསང་བའི་དབང་བསྐུར་ཡང་དགོས་པ་མེད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །འདི་ནི་བཅོམ་ལྡན་ལྷ་དེ་ཉིད་ཅེས་བྱ་བ་ནི་ཨཱ་ལི་ཀཱ་ལིའི་སྔགས་ཏེ། དེ་ཉིད་ལྷ་རྣམས་ཀྱི་རང་བཞིན་ཞེས་བྱ་བའི་དོན ་ཏོ། །གནས་ཞེས་བྱ་བ་ནི་བསྐྱེད་པར་བྱེད་པ་ས་བོན་གྱི་ངོ་བོ་ཉིད་དོ། །སྔགས་རྣམས་ཐམས་ཅད་སྐྱེད་བྱེད་པ་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཨཱ་ལི་ཀཱ་ལི་ལས་བཏུས་པའི་ཕྱིར་རོ། །རྒྱུད་ཅེས་བྱ་བ་ནི་སྒྲའི་བདག་ཉིད་ཀྱི་རྒྱུར་རོ། །སྔགས་ཞེས་བྱ་བ་ལ་སོགས ་པ་ལ་སྔགས་ཀྱི་ཆོ་ག་ནི་སྔགས་རྣམས་བསྟན་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད ་པའོ།། །།གསང་བའི་དབང་བསྐུར་བའི་འོག་ཏུ་ཤེས་རབ་དང་བཞི་པ་སྦྱིན་པའི་ཕྱིར་དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་ཚོགས་བསྟན་པའི ་འོག་ཏུའོ། །དེ་ལ་ཞེས་བྱ་བ་ནི། གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གསང་བའི་དབང་བསྐུར་བའི་འོག་ཏུ་ཤེས་རབ་ལ་སོགས་པའི་དབང་བསྐུར་བར་བྱ་བ་ཡིན་པའི་ཕྱིར་རོ། །རྒྱུད་དུ་སྦས་པ་ངེས་པར་བྱ་ཞེས་བྱ་བ་ལ། ངེས་པར་བྱ་ཞེས་བྱ་བ ་ནི་ལྷན་ཅིག་སྐྱེས་པ་སྟེ། མ་ལུས་པར་བསྡུས་ནས་ཐོབ་པའི་ཕྱིར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་འདིས་བཞི་པ་གཏན་ལ་ཕབ་པའི་ཕྱིར་ཅེས་པར་བྱ་བ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །རྒྱུད་དུ་སྦས་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་དུ་གྲུབ་པའོ། །དེ་ཉིད ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལས། དེ་ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་རྟོགས་ཀྱི་འོག་ཏུའོ། །ཐམས་ཅད་ཆོས་འབྱུང་བར་ཞེས་བྱ་བ་དང། བྲི་ཞེས་བྱ་བར་འབྲེལ་ཏེ། བྲི་ཞེས་བྱ་བ་ནི་མྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐམས་ཅད ་ཆོས་ཞེས་བྱ་བ་ནི་ཨ་ལ་སོགས་པ་དང། ཀ་ལ་སོགས་པའི་ཡི་གེ་རྣམས་ཏེ། དེ་དག་ལས་གང་བྱུང་བ་ནི་ཐམས་ཅད་ཚེས་འབྱུང་བ་སྟེ་བྱང་ཆུབ་ཀྱི་སེམས་སོ། །འདིར་ཆོས་ལས་ཤེས་པར་བལྟ་བར་བྱའོ། །གང་དུ་ཞེ་ན། སྣ་ཚོགས་ལྟེ་བར་མི་ཤིགས ་དགེ་ཞེས་བྱ་བ་ལ་སྣ་ཚོགས་ནི་གཟུགས་སྣ་ཚོགས་ཀྱི་དཀྱིལ་འཁོར་རོ། །ལྟེ་བ་ནི་དེའི་གནས་ཏེ། དེར་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་འོག་ཏུ་ལྕེ་ཡི་མྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །མི་ཤིགས་དགེ་ཞེས་བྱ་བ་ལ་ཤིགས་པ་ན་ཁོང་དུ་ཆུད་པའོ།། ་དེ་ལས་བཟློག་པས་ན་མི་ཤིགས་པ་སྟེ། སོ་སོ་སྐྱེ་བོའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་བསྟེན་པ་ཡིན་ཞིང་ཞི་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་དགེ་བའོ། །བྲི་ཞེས་བྱ་བ་ནི་ལྕེས་མྱང་བར་བྱ་བ་དེ་ཉིད་ཇི་ལྟར་བྱ་བ་དང། བཞི་པ་གསལ་བར་བྱ ་པའི་ཕྱིར། ཆོ་ག་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་སྤྱད་པའི་ཆོ་གས་སོ། །སྔགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་ཏེ། དེས་ནི་བྱང་ཆུབ་ཀྱི་སེམས་ཉིད་དཀྱིལ་འཁོར་དང་སྔགས་ལ་སོགས ་པའི་རང་བཞིན་དུ་བསྟན་ཏོ། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ་ཞེས་བྱ་བ་ལ། ཆོས་ཀུན་ནི་ཕུང་པོ་དང་ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་དག་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བའི་དུས་སུ་རོ་གཅིག་ཏུ་བསྡུ་བར་བྱ་ཞེས་བྱ་བའི ་དོན་ཏོ། །ཱ་ལི་ཀཱ་ལི་མཉམ་བྱས་ནས། སྡེ་ཚན་ལ་ནི་ཐིམ་པར་བྱ་ཞེས་བྱ་བ་ལ། ཨཱ་ལི་ཀཱ་ལི་ནི་ཡི་གེའི་ཚོགས་རྣམས་ཏེ། དེ་དག་གི་སྡེ་ཚན་རྣམས་མཉམ་ཞིང་མ་ལུས་པའི་ཁུ་བའི་གཟུགས་སུ་ཐིམ་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག ་གིས་ནི་ལྷན་ཅིག་སྐྱེས་པ་གསལ་བར་བསྟན་ཏོ། །དོར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་བཏུ། །ཞེས་བྱ་བ་ལ་དེར་གནས་པ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ལ་གནས་པའོ། དཔའ་བོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྣམ ་པར་རྟོག་པའི་དགྲ་ལས་རྒྱལ་བའི་ཕྱིར་རོ། །བཏུ་ཞེས་བྱ་བ་ནི་གནས་དེ་ནས་ལྕེ་ཉིད་ཀྱིས་བླང་བར་བྱ་ཡིས་ཉ་ཕྱིས་ལ་སོགས་པས་ནི་མ་ཡིན་ཏེ། དེས་ནི་རྣལ་འབྱོར་པའི་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བས་དེ་སྐད་ཅེས་བྱའོ། །ཁ་ཅིག་ན་རེ ་འདི་ཡང་ལྷན་ཅིག་སྐྱེས་པ་ཉིད་ཀྱི་ཁྱད་པར་ཡིན་ཏེ། དེ་ལ་དཔའ་བོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །དེར་གནས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་གནས་པའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ཞེས་བྱ་བ་ནི་རྒྱུད་ཐམས་ཅད་ཀྱི་དོན་ཏོ། །བཏུ་བ་ནི ་རྟོགས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ་ཞེས་ཟེར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པ་ཡང་སྤྲུལ་པའི་སྐུ་སྟེ། ཐོབ་འགྱུར་གདོན་མི་ཟ་ཞེས་བྱ་བ་ནི་བཞི་པའི་སྦྱོར་བ་དེས་སྐུ་གསུམ་པོ ་ངེས་པར་ཐོབ་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འོག་དང་སྟེང་གྲུབ་རྟག་ཏུ་སྟེར་ཞེས་བྱ་བ་ལ་འོག་ནི་ཤེས་རབ་བོ། །སྟེང་ནི་ཐབས་སོ། །དེ་དག་གིས་གྲུབ་པ་ནི་སངས་རྒྱས་ཀྱི་མཚན་ཉིད་ཀྱི་ལྷའོ། །སྟེར་བ་ནི་གྲུབ ་པ་པོ། །ཤེས་རབ་ཀྱི་དབང་བསྐུར་བ་གསུངས་པ། བདག་གི་ཕོ་ཉ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ཞེས་བྱ་བ་ནི་ཤེས་རབ་བོ། །ཀུན་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ཏེ། དེ་ལྟ་བུར་གྱུར་པའི་ཕོ་ཉ་ལ། དངོས་གྲུབ་ཐམས་ཅད་ཀྱི་ཆེད་དུ ་བལྟ་བ་ལ་སོགས་པ་རྣམས་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་ནང་གི་ཤེས་རབ་ནི་གཏུམ་མོའི་རང་བཞིན་ཏེ། དེ་དེ་ལྟར་བལྟ་བ་ནི་ཐིག་ལེ་དང་ཟླ་ཚེས་ལ་སོགས་པ་དང་བཅས་པར་བསྒོམ་པའོ། །འོད་ཟེར་གྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ ་ལ་སོགས་པར་འགྲོ་བ་ནི་རེག་པའོ། །འོད་ཟེར་གཉིས་ཀྱི་མཉམ་པར་སྦྱོར་བའི་གནས་སྐབས་ནི་ཙུམ་པ་ནའོ། །བསྒོམ་པ་ཕུལ་དུ་བྱུང་བ་ལས་རོ་གཅིག་ཏུ་གྱུར་པའི་གནས་སྐབས་ནི་འཁྱུད་པ་སྟེ། རྟག་པ་ནི་དུས་ཐམས་ཅད་དུ་བདེ་བའོ། །དེ་དག་གང་དུ ་བྱ་ཞེ་ན། སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད་ཅེས་བྱ་བ་སྟེ། ཆོས་འབྱུང་བར་གནས་པ་ལ་བལྟ་བ་ལ་སོགས་པ་བྱ་སྟེ། ཡེ་ཤེས་ཉམས་སུ་མྱོང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་གི་ཤེས་རབ་སྦྱོར་བའི་གནས་ནི་ལྟེ་བའི་དབུས་ཏེ། དེར་གནས་པའི་ཤེས ་རབ་ལ་བལྟ་བ་ལ་སོགས་པ་བྱའོ་ཞེས་བྱ་བར་སྦྱར་རོ། དེ་ནི་སྔགས་བྱིན་ནས་དེའི་ལྷའི་ཏིང་ངེ་འཛིན་ཇི་ལྟར་སྦྱིན་པ་བསྟན་པའི་ཕྱིར། ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ནི་སྔགས་དང་མཐུན་པའི་ལྷའི་ཏིང་ངེ་འཛིན ་ཐམས་ཅད་དོ། །ཇི་ལྟར་སྦྱིན་ཞེ་ན། བདེ་བ་ཐམས་ཅད་སྦྱིན་བྱས་ཏེ་ཞེས་བྱ་བ་ལ། བླ་མས་ཀྱང་སེར་སྣ་མེད་པའི་སེམས་ཀྱིས་མན་ངག་ཇི་ལྟ་བ་བཞིན་དུ་ལྷའི་ཏིང་ངེ་འཛིན་སྦྱིན་པར་བྱ་ལ། སློབ་མས་ཀྱང་དེ་བཞིན་དུ་བཟུང་ན་དངོས་གྲུབ་བྱེད་པར ་བཤད་ཅེས་བྱ་བ་དང་སྦྱར་རོ། །ཡང་ན་བདེ་བ་ཐམས་ཅད་ཅེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཏེ། དེ་རྣམས་མ་གཏོགས་པར་དངོས་གྲུབ་ཏུ་མི་འགྱུར་བས་རྣལ་འབྱོར་མའི་ཚོགས་རྣམས་ཀྱི་སྦྱོར་བ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་བསྟན་པའི་ཤེས ་རབ་དེ་དག་གང་དག་ཡིན་པ་བསྟན་པའི་ཕྱིར། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་སྔགས་གང་བྱིན་པ་དེ་དང་རྗེས་སུ་མཐུན་པའི་སྙོམས་པར་འཇུག་པས་སྦྱོར་བ་བྱའོ་ཞེས་བྱ་བར་སྟོན་ཏོ། །ད་ནི་སྔར་སྨོས་པའི ་དབུ་རྒྱན་གྱི་དབང་བསྐུར་བསྟན་པའི་ཕྱིར། ཐོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོད་པའི་ཕྲེང་བ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །སངས་རྒྱས་གཙུག་གི་ནོར་བུ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད ་པདྨ་དཔལ་གྱི་གནས་ཀྱི་རྩ་བ་ཡང་ཡིན་ནོ། །སངས་རྒྱས་ཕྱག་རྒྱ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་མཚན་མ་སྟེ་དེ་ཉིད་བརྡ་ཡིན་ནོ། །དེ་དག་གིས་ནི་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་གྱི་ཐོད་པའི་ཕྲེང་བའི་མཚན་མས་དབུ་རྒྱན་གྱི་དབང་བསྐུར་བསྟན ་ཏོ། །བཅོམ་ལྡན་འདས་དེ་ཉིད་གཟུགས་སྣ་ཚོགས་སུ་སྤྲུལ་པ་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་དབང་པོའི་སྒོ་གང་དང་གང་ལས་བྱུང་བའི་རྫས་དེ་དང་དེ་དག་རང་བཞིན་འགྲོ་བ་སྟེ། རྡོ་རྗེ་འཛིན་ཆེན ་པོའི་རང་བཞིན་ཡོངས་སུ་གྱུར་པ་ཡིན་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་ཏུ་རང་ཉིད་དུ་གྱུར་ཞེས་བྱ་བ་ནི། སླར་ཡང་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་བའོ། །གང་གིས་ཤེ་ན། མཆོག་ཏུ་མཉམ་གཞག་སྦྱོར་བ་སྟེ། །རང་བཞིན་ཆོས་ཀྱི་སྦྱོར ་བས་སོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དབང་བསྐུར་བ་ནི་རྡོ་རྗེ་འཛིན་པའི་དབང་བསྐུར་བའོ། །བརྡ་ནི་བརྡར་བརྟགས་པའོ། །དེ་སྟོན་པའི་གཞུང་ནི་རིམ་པར་བྱ་བ་སྟེ་སུམ་ཅུ་རྩ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི ་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།བོང་བུའི་ཆ་བྱད་ཀྱི་རྣལ་འབྱོར་གྱིས་གཞན་མངོན་པར་ཤེས་པ་བསྒྲུབ་པའི་ཕྱིར། དེ་སྟོན་པར་བྱེད་པའི་ལེའུ་གསུངས ་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བ་བསྟན་པའི་འོག་ཏུའོ། །མཁའ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་ནི། ཡེ་ཤེས་འབྱུང་བ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་ཏེ། ཡེ་ཤེས་འབྱུང་བ་ཞེས་བྱ་བ་ནི་བོང་བུའི ་རྣལ་འབྱོར་རོ། །ཅི་འདྲ་ཞེ་ན། དངོས་གྲུབ་ཐམས་ཅད་རབ་སྟེར་བ་ཞེས་བྱ་བ་སྟེ། ལྐོག་ཏུ་གྱུར་པའི་དོན་ཤེས་པ་ལ་སོགས་པ་འགྲུབ་པར་བྱེད་པའོ། །བོང་བུའི་ཆ་བྱད་རྣལ་འབྱོར་བདག། ཡིད་ཀྱི་ཤུགས་ནི་བཟློག་པར་བྱེད་ཅེས་བྱ་བ་ནི། ་རྣལ་འབྱོར་པས་བོང་བུའི་ཆ་བྱད་ཅན་གྱི་ཏིང་ངེ་འཛིན་བསྒོམ་པར་བྱས་ན་ཐ་མལ་པའི་ཡིད་ཀྱི་རྒྱུ་བ་འགགས་ནས། ལྐོག་ཏུ་གྱུར་པའི་དོན་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ལ། ་རྣལ་འབྱོར་མ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ། །དེ་དག་གིས་ནི་འདི་སྐད་དུ། སྔར་བཤད་པའི་ཚུལ་གྱིས་ཁང་བུ་བརྩེགས་པའི་བར་དུ་བསྒོམ་ལ་བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་རྡོ་རྗེ་ཕག་མོའི་ས་བོན་བཀོད་ལ། དེ་ཉིད་ལས་ལྷ་མོ་ཐམས ་ཅད་དུས་མཚུངས་པ་ཉིད་དུ་བསྐྱེད་པར་བྱ་སྟེ། དེ་ལ་བདེ་བ་ཆེན་པོའི་འཁོར་ལོ་ལ་ནི་རྡོ་རྗེ་ཕག་མོ་དང། མཁའ་འགྲོ་མ་དང། མཛེས་མ་དང། དུམ་སྐྱེས་མ་དང། གཟུགས་ཅན་མ་རྣམས་སོ། །དེ་བཞིན་དུ་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་ལ་ནི། ་རབ་ཏུ་གཏུམ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །སྒོ་ལ་སོགས་པ་རྣམས་སུ་ནི་ཁ་གདོང་མ་ལ་སོགས་པ་རྣམས་སོ། །དེ་དག་གི་ཆ་བྱད་གསུངས་པ་བསམ་གཏན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའོ། །སྦྲུལ་གྱིས་དཀྲིས་པའི་མདུད་རྩེ་ནི།། ་གསུམ་པ་མཁའ་འགྲོའི་ལག་ན་ཐོགས་ཞེས་བྱ་བ་ལ། མཁའ་འགྲོ་ནི་མཁའ་འགྲོ་མ་རྣམས་སོ། །སྦྲུལ་གྱིས་དཀྲིས་པའི་མདུང་རྩེ་གསུམ་པ་ནི་ལག་པ་གཡོན་གྱི་དང་པོ་ན་ཐོགས་པར་སྦྱར་རོ། །སྟེང་དུ་བསྟོད་ཅེས་བྱ་བ་ནི་ལག་པ་གཡས་པ་སྟེ། ་གཡས་ཀྱི་དང་པོ་ན་ཁ་ཊཝཱཾ་ག་དང་སྦྱར་རོ། །ཐོད་པ་ནི་གཡོན་གྱི་ཐ་མ་ནའོ། །ཕྱག་ན་ཟངས་གྲི་བསྣམས་ཤིང་རྩེ་ཞེས་བྱ་བ་ནི། ཕྱག་གཡས་ཀྱི་ཐ་མ་ན་ཟངས་གྲི་ཕྱར་ནས་གཅོད་པར་བྱད་པས་ན་རྩེ་བའོ། །དེ་ལྟར་ན་ཐམས་ཅད་ཀྱང་ཕྱག་བཞི་པར ་བྱའོ། །ལྷག་མ་ནི་གོ་སླའོ། །ཁ་ཅིག་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྣལ་འབྱོར་མ་རྣམ་པ་ལྔ་བོང་བུའི་ཆ་བྱད་དུ་བྱས་ལ། ལྷག་མ་ཐ་མལ་པར་བྱའོ་ཞེས་ཟེར་རོ། །སྣ་ཚོགས་མེ་ཏོག་འབྲས་ལྡན་པའི། །རིན་ཆེན་མཐོན་པོའི་གནས་སུ་བསྒོམ ་ཞེས་བྱ་བ་ནི་བ་རི་ཛ་ཏ་ཀ་ལ་སོགས་པའི་མེ་ཏོག་དང་འབྲས་བུར་ལྡན་པའི་ལྗོན་ཤིང་གིས་ཁྱབ་པའི་རི་བོ་ལྷུན་པོ་བསྒོམས་ལ། དེའི་སྟེང་དུ་ཁང་བུ་བརྩེགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཅི་ཞིག་ཏུ་འགྱུར་ན། ཚེ་ཐུང་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ཤི་བ་ཡང་ཞེས་བྱ་བ་ནི་དུས་ཉེ་བའི་འཆི་ལྟས་དང་བཅས་པ་རྣམས་སོ། །ཚེ་ཐུང་བ་ནི་རིང་བའི་འཆི་ལྟས་ཅན་ནོ། །ཡང་ན་ཤི་བ་ནི་སྒྲ་ཇི་བཞིན་པ་སྟེ། གཞན་ཤི་བ་ཡང་དེ་དག་གི་སྔགས་ཀྱིས་སློང་བར་བྱེད་པའོ།། ་མདོར་བསྡུས་ཏེ་གསུངས་པ། བོང་བུ་ཞེས་བྱ་བ་ལ་སོགས་པ་ལ། ལག་མཐིལ་གནས་པ་བཞིན་དུ་མཐོང་ཞེས་བྱ་བ་ནི་ཁམས་གསུམ་པ་ཞེས་བྱ་བ་ལྷག་མ་ཡིན་ཏེ། ཁམས་གསུམ་ན་གནས་པ་ལྐོག་ཏུ་གྱུར་པའི་དངོས་པོ་རྣམས་ལག ་མཐིལ་ན་གནས་པའི་ཤིང་ཏོ་ལྟར་མཐོང་བའི་ཡེ་ཤེས་སོ། །ཧེ་རུ་ཀའི་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀའི་རྣམ་པར་རོལ་པ་ནི་ཡེ་ཤེས་ཀྱི་ཕྱིར་སྤྲུལ་པའོ། །ཆོ་ག་ནི་དེའི་བྱ་བའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་ལྔ ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།ཉིན་རེ་ལ་སོགས་པའི་དུས་སུ་ཚོགས་ཀྱི་དཀྱིལ ་འཁོར་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བ་བསྟན་པའི་ཕྱིར། དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བོང་བུའི་རྣལ་འབྱོར་བསྟན་པའི་འོག་ཏུའོ། །དེས་ལས་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ཏེ། གང ་གི་ཕྱིར་ཅི་ནས་ཀྱང་སྡོམ་པ་ཉམས་པར་མི་འགྱུར་བ་དང། འཇིག་རྟེན་དག་པར་བྱ་བའི་ཕྱིར་རོ། །སྒྲུབ་པོ་ཇི་བཞིན་ཆོ་ག་སྟེ་ཞེས་བྱ་བ་ནི་སྒྲུབ་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་གྱིས་བྱ་བ་སྟེ། བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །འབྱོར ་པའི་བྱེ་བྲག་གི་ཉིན་རེ་འམ་ཟླ་རེ་འམ་ལོ་རེར་མཆོད་པ་བསྟན་པའི་ཕྱིར། ཉིན་རེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི་ཞེས་བྱ་བ་ནི་དུས་བསྟན་གྱི་འོག་ཏུ་གནས་བསྟན་པ་ཡིན་ཏེ། དུད་ཁྲོད་ལ་སོགས་པ་གནས ་ཁྱད་པར་ཅན་དག་ཏུ་པདྨའི་སྣོད་ལ་ལོངས་སྤྱད་པར་བྱ་བར་སྦྱར་རོ། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་ཞེས་བྱ་བ་ལ་ཕྱག་རྒྱ་ནི་ལྟའོ། །དངོས་གྲུབ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །འཇུག་པ་ནི་སྙིང་རྗེ་ཆེན་པོའི་དབང་གིས ་འཇུག་པ་སྟེ་སུ་ཞིག་ཙ་ན། སྒྲུབ་པོ་ཞེས་བྱ་བ་དང་སྦྱར་རོ། །སྒྲུབ་པོ་པོའི་ལག་གཡོན་གྱིས། །པདྨའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པ་བ་དན་ནི། །གསུམ་པར་བྱས་ཏེ་དེ་ཡིས་བསྒོམ་ཞེས་བྱ་བ་འདིས་ནི། ཚོགས་ཀྱི་ནང་དུ་ཞུགས་པ ་ན་ལག་པ་གཡས་པ་བ་དན་གསུམ་པའི་ཕྱག་རྒྱ་བྱས་ལ། གཡོན་པའི་མཐིལ་དུ་པདྨ་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔ་བླུགས་ཏེ། མྱང་བར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །བསྒོམ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས ་བདག་ཉིད་ལྷའི་བསྐུར་བསྒོམ་པ་སྟེ། བདུད་རྩི་མྱང་པར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རང་བཞིན་ནོ། །སྲོག་ཅེས་བྱ་བ་ནི་སོབ་ལ་སོགས་པའོ། །རྩ་བ་ཞེས་བྱ་བ་ནི་ཤིང་ལས་བྱུང ་བའོ། །མངོན་པར་འདུས་བྱས་ལེགས་བྲིས་ཏེ་ཞེས་བྱ་བ་ནི། ས་ལ་སོགས་པ་ལས་ཀྱང་བྱས་ལ། ཚོན་གྱིས་ཁ་བསྒྱུར་བའོ། །དེ་དག་གིས་ནི་སྔར་བསྟན་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་རྒྱན་བྱས་ལ། བདག་ཉིད་ཀྱི་སྤྱི་གཙུག་ལ་སོགས་པར་བརྒྱན་པར ་བྱ་ཞེས་བྱ་བར་སྟོན་ཏོ། སློབ་དཔོན་ཀུན་ལ་སྦྱིན་པར་བྱ་ཞེས་བྱ་བ་ནི་དེར་ཚོགས་པའི་རྣལ་འབྱོར་པ་གཞན་དག་ལ་ཡང་རྒྱན་དེ་དག་བྱིན་ཏེ་བརྒྱན་པར་བྱའོ། །ལྷའི་རྒྱན་དང་ཡང་དག་ལྡན་ཞེས་བྱ་བ་ནི་ཐོད་པའི་ཕྲེང་བ་ལ་སོགས་པའི་རྒྱན་གཞན་དག ་གིས་བརྒྱན་ཅིང་མཛེས་པར་བྱའོ། །ཕྱག་རྒྱའི་མཚན་མས་རྣམ་པར་ཀླུབས་ཞེས་བྱ་བ་ལ། ཕྱག་རྒྱ་དེ་ནི་ཤེས་རབ་བོ། །མཚན་མ་ནི་སྔར་བསྟན་པའི་མཚན་ཉིད་དེ། ཀླུབས་པ་ནི་དེ་དང་ལྷན་ཅིག་སྤྱོད་པའོ། །སངས་རྒྱས་རྣལ་འབྱོར་སྡོམ་སྐྱེས་པས། ་བསྐལ་པ་བཟང་པོའི་གར་ཆེན་ཏེ། ཞེས་བྱ་བ་ལ་སངས་རྒྱས་རྣལ་འབྱོར་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏེ། དེས་སྡོམ་པ་ཞེས་བྱ་བ་ནི་ལུས་དང་སེམས་འཆིང་བར་བྱེད་པས་ན་སྡོམ་པ་སྟེ། ཉིན་རེ་ལ་སོགས་པའི་དུས་སུ་དེ་ལྟ་བུའི་མཆོད་པ་བྱས་ལ ་སྡོམ་པ་བཟུང་བར་བྱའོ། །དེ་ཉིད་གསུངས་པ། བསྐལ་པ་བཟང་པོའི་གར་ཆེན་ཏེ། ཤེས་རབ་ཀྱི་པདྨ་ལ་རོལ་པས་དགའ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་འདས་པའི་སྐྱོན་གསུངས་པ། པདྨ་མཆོག་ལ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཅེས་བྱ་བ ་ནི་རྡོ་རྗེ་སྟེ། འདིས་བདེ་བ་སྔོན་པར་བྱེད་པའི་ཕྱིར་རོ། །འདིས་བདེ་བ་འབེབས་ཤིང་འདྲེན་པར་བྱེད་པས་པདྨ་སྟེ། རིག་པ་ནི་ཕན་ཚུན་སྡུད་པས་སྙོམས་པར་འཇུག་པའོ། །དེས་ནི་དམ་ཚིག་སྦྱངས་ནས་སུ། །སླར་ཡང་མི་བྱའི་སྡོམ་པ་བླང་ཞེས་བྱ་བ་ནི།། ་ལག་ཏེ་དེ་ལྟར་ཉམས་ན་དཀྱིལ་འཁོར་གྱི་ནང་དུ་སྡོམ་པ་བླང་ཞིང་ལོངས་སྤྱོད་ལ། ཕྱིས་སྡོམ་པ་ལས་ཉམས་པར་འགྱུར་བའི་ལས་མི་བྱ་བའི་དམ་བཅའ་བའོ། །གཞན་དུ་སྔགས་དང་ཕྱག་རྒྱ་ཡི། །རིམ་པ ་འབྲས་བུ་མེད་པར་འགྱུར་ཞེས་བྱ་བ་ནི་སྡོམ་པ་ལས་འདས་པའི་སྐྱོན་བསྟན་པ་སྟེ་གོ་སླའོ། །བརྡ་ཞེས་བྱ་བ་ལ་སོགས་པ་ལ། བརྡ་ཡིས་རོལ་པ་ཞེས་བྱ་བ་ནི་མཚན་མ་སྣ་ཚོགས་ཀྱིས་དགའ་བ་ལ་རྣམ་པར་རོལ་པའོ། །དེ་ཉིད་བདེ་བའི་མཆོག་བསྐྱེད ་པ་དང་འདའ་བར་མི་བྱ་བས་ན་དམ་ཚིག་དང་སྡོམ་པའོ། །ཆོ་ག་ནི་དེའི་བྱ་བའོ། །དེ་གང་དུ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་དྲུག ་པའི་རྣམ་པར་བཤད་པའོ།། །།རྣལ་འབྱོར་པའི་རིམས་ལ་སོགས་པ་ཞི་བར་བྱ་བ་དང། གཞན་ཡང་ཕ་རོལ་གྱི་གཡུལ་ལ་སོགས་པ་བཏུལ་ནས་གཞུག་པར་བྱ་བའི་ཕྱིར་མཚོན་ཆའི་ཕྱག་རྒྱ་རྩེ་བའི་ཤེས་པའི་ལེའུ ་གསུངས་པ། མཚོན་ཆ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། མཚོན་ཆ་ཀུན་ནི་མདའ་ལ་སོགས་པ་རྣམས་སོ། །མཚན་ཉིད་ནི་ཁྱད་པར་ཏེ། ཁྱད་པར་རྣམ་པ་ལྔའོ། །དེ་ཉིད་གསུངས་པ། འཁྲུལ་འཁོར་གྱིས་འཕེན་ཞེས་བྱ་བ་གསུངས་པ་ལ། ་འཁྲུལ་འཁོར་གྱིས་འཕེན་པ་ནི་མདའ་ལ་སོགས་པའོ། །མི་འཕེན་པ་ནི་རལ་གྲི་ལ་སོགས་པའོ། །གཞུང་ཁ་ཅིག་ལས་འཁྲུལ་འཁོར་དང་མི་ལྡན་དང་ཞེས་འབྱུང་སྟེ། དེའི་དོན་ནི་འདས་མ་ཐག་དེ་ཉིད་ཡིན་ནོ། །ལག་པས་འཕེན་པ་ཞེས་བྱ་བ ་ནི་འཁོར་ལོ་དང་འཕང་མདུད་ལ་སོགས་པའོ། །འཕངས་ནས་སླར་ནི་བཟུང་བ་དང་ཞེས་བྱ་བ་ནི། ཇི་སྙེད་དུ་འཕངས་པའི་གནས་ནས་སླར་དྲང་ཞིང་གཟུང་བ་སྟེ། ཞགས་པ་དང་རྒྱལ་སོགས་པའོ། །ལག་པས་འགྱེད་པ་ཞེས་བྱ་བ་ནི་གྲགས ་པར་ཟད་དོ། །དབྱིབས་དང་བདེ་བླག་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་ནི། མདའི་མཚོན་ཆའི་མཚན་ཉིད་བཤད་པ་ཡིན་ཏེ། དེ་ལ་དབྱིབས་ཞེས་བྱ་བ་ནི་གཡས་བརྐྱང་བ་ལ་སོགས་པའི་རྐང་ཐབས་སོ། །བདེ་བླག་ཞེས་བྱ་བ་ནི་སོར་མོ་ལ་སོགས་པ་ཟོར་ཡང ་བའོ། །ལྟོང་རྒྱུད་སྦྱོར་དང་ཞེས་བྱ་བ་ལ་སོགས་པ་ལ། འདྲེན་པ་ཞེས་བྱ་བ་ནི་གསོར་བའོ། །ལྟོང་རྒྱུད་སྦྱོར་བ་ནི་གྲགས་པར་ཟད་དོ། །མྱུར་བ་ནི་ཡང་བའོ། །འགེངས་པ་ནི་གྲགས་པར་ཟད་དོ། །འཕེན་པ་ནི་གཏོང་བ་སྟེ་གསལ་བ་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བའི ་སྔགས་དང་སྦྱར་རོ། །གྲིམས་པ་ཉིད་ཅེས་བྱ་བ་ནི་ཡན་ལག་བསྲང་ཞིང་སེམས་མི་གཡེང་བའོ། །མཉེན་ཞེས་བྱ་བ་ནི་ལུས་ཁོང་སློང་པའོ། །རྒྱ་ཆེར་འགེངས་པ་ཞེས་བྱ་བ་ནི་རྣ་དྲུང་གི་བར་དུ་དགང་བ་སྟེ་ཟླུམ་པོར་དགང་བའོ། །རྣམ་པར་དག་ཅེས་བྱ ་བ་ནི་དྲང་པོར་འཕེན་པའོ། །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན་ཞེས་བྱ་བ་ནི་ལྷའི་སྐུའི་ཏིང་ངེ་འཛིན་དང་ལྡན་པའོ། །རིམས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་གོ་སླའོ། །རང་གི་སྙིང་གར་འདྲེན་ཚུལ་ཞེས་བྱ་བ་ནི་ཡི་གེ་ཨོཾ་བརྗོད་པས་དབུགས ་ཀྱིས་སྙིང་དགང་བར་བྱ་བས་འདྲེན་པའོ། །གཡས་སུ་རབ་ཏུ་བསྐོར་བྱེད་ཅིང་ཞེས་བྱ་བ་ནི་མངའ་གཡས་ཕྱོགས་ནས་བསྐོར་བའོ། །ཤར་ཕྱོགས་ལེགས་པར་བསྲང་ནས་སུ། །ཞེས་བྱ་བ་ནི་ལག་པ་གཡོན་པ་བསྲང་བའོ། །ནུབ་ཕྱོགས་ཅུང་ཟད་བཀུག་ནས ་སུ། །ཞེས་བྱ་བ་ནི་གཡས་ཀྱི་གྲུ་མོ་ཅུང་ཟད་དགུག་པའོ། །ཅི་རིགས་པར་ནི་ལེགས་པར་བཟུང། །ཞེས་བྱ་བ་ནི་དྲངས་ནས་ཆ་གཉིས་ཀྱི་ཚད་དུ་གཟུང་བ་སྟེ། ཨ་ཞེས་བརྗོད་པས་གཟུང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས ་པའོ། །ཅི་རིགས་པར་ནི་དྲངས་ནས་སུ་ཞེས་བྱ་བ་ནི། ཇི་ལྟར་བདེ་བར་གསོར་བའོ། །ལྷག་མ་གོ་སླའོ། །གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། གྲུ་བཞི་པ་ཞེས་བྱ་བ་ནི་སྤུ་གྲི་ལྟ་བུ་དང་ཉ་རྔ་ལྟ་བུའི་མདེའུའོ། །རྣོན་པོ་ཞེས་བྱ་བ་ནི་ལྕགས་མདའོ། །ཀུན་ནས ་ཟླུམ་པོ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་ལྟ་བུའི་མདེའུའོ། །ཁ་ཅིག་ནི་མེད་ཏོག་མ་ལོ་ཀ་ལྟ་བུའོ་ཞེས་ཟེར་རོ། །སྟེང་དང་དེ་བཞིན་འོག་ཏུ་ནི་ཞེས་བྱ་བ་ནི་སྟེང་འོག་ཏུ་འཕངས་པའོ། །ཡང་ན་སྟེང ་འོག་གི་མཆོག་མ་སྟེ། འབིགས་པ་བཅུའི་རྒྱ་མཆོག་གི་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་འབིགས་པ་བཅུ་ཞེས་བྱ་བ་ནི། རྒྱུད་ལས་སོར་མོ་བཅུས་ལྷག་པའི་མཆོག་མ་བྱས་པའོ། །རིམ་གྱིས་གནོན་ཅིང་དྲག་ཏུ་གནོན་ཞེས་བྱ་བ་ནི་སྲ་བ་དང ་སྙི་བ་སྟེ། གཉིས་ཀ་ཡང་ཁྱད་པར་སྔ་མ་དང་སྦྱར་བར་བྱའོ། །ཁམས་གསུམ་རྒྱལ་སྲིང་ཆེན་པོ་ལས། །བདེ་བ་རྒྱལ་ཞིང་ལོངས་སྤྱོད་འགྱུར་ཞེས་བྱ་བ་ནི། དེ་ལྟར་མཚོན་ཆ་ལྔས་ས་གསུམ་གྱི་སྐྱེ་བོ་སྨ་འབེབས་པར་བྱེད་ཅིང་དབང་དུ ་སྡུད་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚོན་ཆ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བརྡ་ནི་ཇི་ལྟར་གྲགས་པའི་ཐ་སྙད་དོ། །ཡེ་ཤེས་ནི་ལུས་ཀྱི་དབྱིབས་ལ་སོགས་པའི་བྱ་བ་ཤེས་པའོ། །ཆོ་ག་ནི་གསོར་བ་དང་ལྟོང་རྒྱུད་སྦྱོར ་བ་ལ་སོགས་པའོ། །རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །། ་ཕོ་ཉ་ལ་གུས་པས་མངོན་པར་འདོད་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཕོ་ཉ་གདུལ་བའི་ལེའུ་གསུངས་པ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པས་ལེགས་པར་སྦྱངས་པའི་ཤེས་རབ་བོ། །གདུལ ་བ་ནི་དགའ་བར་བྱ་བའོ། །སྒྲུབ་ཐབས་ནི་ལམ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ནས་ཞེས་བྱ་བ་ནི་མཚོན་ཆའི་ཡེ་ཤེས་བཤད་ཀྱི་འོག་ཏུ་སྟེ། གང་གི་ཕྱིར། ཕོ་ཉ་མགུ་བ་མ་གཏོགས་པར། །དངོས་གྲུབ་ཉེ་བར་མི་འགྱུར་བས། །ཕོ་ཉ ་གདུལ་བ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཕོ་ཉ་དེ་གང་ཞིག་ཡིན་ཞེ་ན། ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་ཞེས་བྱ་བ་ནི་བློ་བུར་དུ་བཅོས་པ་སྟེ། ལྷན་ཅིག་སྐྱེས་མའི་རྣལ་འབྱོར་མའོ། །སྔགས་ཀྱི་ལུས་ཅན་མ་ཞེས་བྱ་བ ་ནི་སྔགས་ལས་སྐྱེས་མའོ། །ཞིང་སྐྱེས་མ་ནི་གང་ཡང་རུང་ཞེས་བྱ་བ་ལ། ཞིང་ལས་སྐྱེས་མ་ནི་ཞིང་ལས་སྐྱེས་མའོ། །གང་ཡང་རུང་ཞེས་བྱ་བ་ནི་དེ་དག་ལས་གང་ཞིག་བསྒྲུབ་པར་འདོད་པའོ། །ཕན་པའི་མཆོག་གི་བདེ་བ་སྒྲུབ་ཅེས་བྱ་བ་ནི། ་དེ་དག་སྐྲ་དབྱི་པ་ལ་སོགས་པས་དགའ་བ་བསྐྱེད་པ་ཉིད་ཕན་པའི་མཆོག་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་དག་མནན་པས་ལོངས་སྤྱོད་ཀྱི། །བསྙེན་བཀུར་གྱིས་ནི་བསྟེན་མི་བྱ་ཞེས་བྱ་བ་ལ། གནས་པ་ནི་སྐྲ་ནས ་རྨུག་པ་དང། སེན་མོས་བྲལ་བ་དང། ཐལ་མོས་བསྣུན་པ་དང། བཏགས་པ་དང་དགུག་པ་ལ་སོགས་པས་གདུལ་བའོ། །བསྙེན་བཀུར་གྱིས་ནི་བསྟན་མི་བྱ་ཞེས་བྱ་བ་ནི། གཞན་དུ་བསྙེན་བཀུར་ལ་སོགས་པས་དེ་དག་མགུ་བར་མི་འགྱུར་བས ་དེ་དག་དེས་བསྙེན་པར་མི་བྱ་སྟེ། དེའི་ཚེ་བདེ་བ་ལས་རིང་དུ་འགྱུར་རོ། །ཡང་ན་བསྙེན་བཀུར་གྱིས་ནི་ཀུན་ཏུ་བསྟེན་ཞེས་བྱ་བར་སྦྱར་ཏེ། བཏགས་པ་ལ་སོགས་པ་བསྙེན་བཀུར་མ་ཡིན་ལ། བཏགས་པ་ལ་སོགས་པ་བསྙེན་བཀུར་མ་ཡིན ་པ་དེས་དེ་དག་བསྙེན་བཀུར་ལ་སོགས་པས་དེ་དག་མགུ་བར་མི་འགྱུར་བས། དེ་དག་དེ་ཉིད་དེའི་བསྙེན་བཀུར་གྱིས་ཡིན་ལ། དེས་དེ་དག་ལ་བསྙེན་པར་བྱ་ཞེས་བྱ་བའི་དོན་ཏོ། །སྐལ་བཟངས་ཞེས་བྱ་བ་ལ་སོགས་པས་ནི་རི་མོ་ཅན་གྱི ་མཚན་ཉིད་གསུངས་པ་ཡིན་ཏེ། སྲ་ཞེས་བྱ་བ་ནི་ཡན་ལག་མཁྲང་བའོ། །འོ་མ་འཛིན་སྒོམ་པདྨ་ཅན། །ཞེས་བྱ་བ་ནི་པདྨ་ཅན་གྱི་མཚན་ཉིད་དོ། །འོ་མ་འཛིན་པ་ནི་ནུ་མའོ། །སྦོམ་པ་ནི་ཤིང་ཏཱ་ལའི་འབྲས་བུ་འམ། ཤྲཱི་ཕ་ལ་ལྟར་ཟླུམ་ཞིང ་མཐོ་ལམ་བྲང་པའོ། །ལྟེ་བ་དུང་འདྲ་ཞེས་བྱ་བ་ལྟེ་བ་དུང་གི་དབྱིབས་ལྟར་འཁྱིལ་བའོ། །ལྷག་མ་ནི་གོ་སླའོ། །འབྱུང་བའི་ཤིང་ཞེས་བྱ་བ་ནི་ཤིང་ཨུ་དུམ་བ་རའོ། །གན་དུ་ཤ་ཞེས་བྱ་བ་ནི་ཀྲི་ཏ་ཨཾ་ཛ་ལིའོ།། ་ལཀྵ་ཎ་ནི་སྨན་ལཀྵ་ཎའི་རྩ་བའོ། །པ་ཐ་ནི་རྣ་མ་ཕུག་པའོ། །ཇི་ལྟར་འདོད་པ་བཞིན་འགྱུར་རོ་ཞེས་བྱ་བ་ནི་ཇི་ཙམ་འདོད་པ་དེ་འཕེལ་བར་འགྱུར་རོ། །གེ་སར་ཞེས་བྱ་བ་ནི་ནཱ་ག་གེ་སར་རོ། །ལིང་ག་དོན་གཉེར་ཞེས་བྱ་བ་ནི་དགའ་བ་ལ་ཆགས་པ་སྟེ། ། ་ལིང་གས་དོན་དུ་གཉེར་བ་ཡིན་པའི་ཕྱིར་རོ། །བྷ་ག་དང་ནི་སྤེལ་བར་བྱེ་ཞེས་བྱ་བ་ནི་བྷ་ག་འདིར་རྡོ་རྗེ་བཅུག་པས་མཛེས་པ་ནི་སྤེལ་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཕྱག་རྒྱ་ཕྱག་རྒྱར་སྦྱོར་བ་ཡིན་ཞེས་བྱ་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་སྟེ་བྷ་ག་ལ ་འདེབས་པའི་ཕྱིར་རོ། །ཡང་ཕྱག་རྒྱ་ནི་བྷ་ག་སྟེ་ས་གསུམ་གྱི་སྐྱེ་བོ་མགུ་བར་བྱེད་པའི་ཕྱིར་རོ། །སྦྱོར་བ་ནི་སྙོམས་པར་ཞུགས་པའོ། །རྣམ་པར་རོལ་པས་ལིང་ག་ཞེས་ཞེས་བྱ་བ་ནི། འདིས་ས་གསུམ་གྱི་སྐྱེ་བོ་ཅི་བདེར་རོལ་ཅིང་བརྩེ་བར་བྱེད་པས་ན ་ལིང་གའོ། །འདིར་ལིང་ག་ཞེས་བྱ་བ་ནི་ཐུང་ངུ་ཡིན་པར་སྦྱར་རོ། །རྣམ་པར་འབྱེད་པས་བྷ་ག་ཡིན་ཞེས་བྱ་བ་ལ། རྣམ་པར་འབྱེད་པ་ནི་གསལ་བར་བྱེད་པ་སྟེ་ཆོས་འབྱུང་བ་འདིས་བདེ་བ་སྟེར་བར་བྱེད་ཅིང། དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། ། ཡིག་བའི་ཡི་གེ་ལས་ཞེས་བྱ་བ ་ནི་བདེ་བ་ལ་སོགས་པའི་དུས་སུ་བྷ་ག་དང་ལིང་ག་བྱིན་གྱིས་བརླབ་པའི་ཡི་གེའོ། །ཁ་ཅིག་ནི་ཨ་ཡིག་ནི་ཨཱ་ལི་ཏེ། ལྟེ་བར་སྤྲུལ་པའི་འཁོར་ལོ་གནས་པའོ། །བ་ནི་ཀཱ་ལི་ཏེ་མགོ་བོར་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་ཡི་གེ་ཧཾ་ངོ། །བྷ་ག ་ལིང་ག་བསྐྱེད་ནས་ནི་ཞེས་བྱ་བ་ནི་དེ་གཉིས་ཀྱི་སྙོམས་པར་འཇུག་པ་ཡིན་ནོ་ཞེས་ཟེར་རོ། །བུང་བ་ལ་སོགས་རིམ་བཞིན་དུ་ཞེས་བྱ་བ་ནི་བུང་བ་ནི་བུང་བ་ལྟ་བུའི་སྒྲ་དང། བུང་བ་ལྟར་རོ་སྨད་ཀུན་ཏུ་བསྐྱོད་པ་སྟེ་བྱེད་པ་ཀུན་སྡོམ་པའི་ཁྱད་པར་རོ། །དེས ་ཅི་ཞིག་བྱ་ཞེ་ན། མཁའ་འགྲོ་མ་ཀུན་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཕོ་ཉ་དང་ལྷན་ཅིག་ཏུ་སྦྱར་བས་མཁའ་འགྲོ་མ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ལ་ལོངས་སྤྱོད་པས་བྱ་བའོ། །དེ་ཡང་འདི་ལྟར་བསྐུལ་བ་དང་པུས་གཙུགས་ལ་སོགས་པའི་བྱེད་པའི་ཁྱད ་པར་གྱིས་བསྒྲུབ་པར་བྱ་སྟེ། དེ་ལ་བསྐུལ་བ་ཞེས་བྱ་ནི། སྐྱེས་པའི་ཆུ་སོའི་སྟེང་དུ་ཕོ་ཉས་གནས་ནས་བུང་བ་ལ་སོགས་པ་སྒྲ་འབྱིན་ཅིང། རོ་སྟོད་དང་རོ་སྨད་ལ་སོགས་པ་རིམ་གྱིས་བསྐུལ་ཞིང་བསྐྱོད་ལ་འཁོར་ལོ་ལྟ་བུར་གཅུ་ཞིང་བསྐོར་བ་ཡིན་ཏེ། དེ་ཡང ་གསུངས་པ། བུ་མོ་སྐྱེས་པའི་ཆུ་སོ་ཡི། །སྟེང་ནས་མདུན་རྒྱབ་རིམ་གྱིས་བསྐུལ། །རྐེད་པ་འཁོར་ལོ་ལྟར་བསྐྱོད་པ། །དེ་ལ་ཞེས་ནི་བྱ་བར་བཤད། །སྐྱེས་པའི་པུས་མོ་བཙུགས་ནས་ནི། །བུ་མོའི་པུས་མོ་ཅུང་ཟད་བསྐུམ། །ཐོང་གཤོལ་ལྟ་བུར་བླངས་ཏེ ་བཞག་།ཀུར་པ་ན་ཞེས་དེ་བཤད་དོ། །ཞེས་བྱ་བ་ལ་སོགས་པ་དགའ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །གཞུང་གང་ལས་ཕོ་ཉ་གདུལ་བའི་ཆོ་ག་འབྱུང་བ་དེ་ནི། ཕོ་ཉ་གདུལ་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་སྔགས་བཟླས་པ་ལ་སོགས་པ་མི་ནུས་པའི་བསོད་ནམས་དམན་པ་གང་དག་དངོས་གྲུབ་ཕྲ་མོལ ་ཤིན་ཏུ་དད་པ་དེ་དག་གི་ལས་སྣ་ཚོགས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཕོ་ཉ་གདུལ་བ་བསྟན་པའི་འོག་ཏུའོ། །བཅོམ་ལྡན་འདས་ལ་ཞེས་བྱ་བ་དང། གསོལ་ཏོ་ཞེས་བྱ་བར་འབྲེལ་ཏོ། །མཆོད ་པ་ཞེས་བྱ་བ་ནི་གར་ལ་སོགས་པའི་མཆོད་པའོ། །དེ་ཉིད་གསུངས་པ། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་མེད་པ་ཞེས་བྱ་བ་ནི་བསམ་གཏན་བསྒོམ་པར་མི་ནུས་པའོ། །སྔགས་རྣམས་བསྟེན་པར་མི་ནུས་པ་ཞེས་བྱ་བ་ནི་སྔགས ་བཟླས་པར་མི་ནུས་པའོ། །ཡང་ཞེས་བྱ་བ་ནི་བསམ་གཏན་དང་བྲལ་བ་སྡུད་པའོ། ལྷའི་སྨན་ཞེས་བྱ་བ་ནི་གྲུབ་པའི་རང་བཞིན་ཅན་རྣམས་སོ། །དེ་ནི་ཇི་ལྟར་བཟུང་བྱ་བ་ཞེས་བྱ་བ་ནི། སྨན་དེ་རྣམས་ཇི་ལྟར་བཅང་བའོ། །ལྷའི ་ཏིང་ངེ་འཛིན་དང་ལྡན་པས་ས་བོན་ཁྲག་གིས་བསྒོ་བ་ལ་སོགས་པས་བསྒྲུབ་པ་བསྟན་པའི་ཕྱིར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བྱ་བ་སྣ་ཚོགས་ཞེས་བྱ་བ་ནི། སྲུང་བ་ལ་སོགས་པའི་ལས་སྣ་ཚོགས་པའོ། གཟུགས་པ་ནི་བསྐྱེད ་པའོ། །ཇི་ལྟ་བུའི་ས་བོན་ལ་སོགས་པ་ལགས་ཞེས་བྱ་བ་ལ་སོགས་ཀྱིས་ན་ལྕུག་མ་ལ་སོགས་པ་གཟུང་སྟེ། གང་དང་གང་གི་ས་བོན་དང་ལྕུག་མ་དག་གཟུང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཤིང་གི་ཞེས་བྱ་བ་ནི་ཤིང་རྣམས་ལས་བྱུང་བའོ། ཤིང ་དེ་དག་ཀྱང་གང་ཡིན་ཞེ་ན། ཨེ་རནྟ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསེར་གྱི་ཤིང་ནི་སྨྱོ་བྱེད་ཀྱི་ཤིང་ངོ། །སོགས་ཀྱི་པ་ཏ་ལ་སོགས་གཟུང་བར་བྱའོ། །དེ་ནི་ལྕུག་མ་བསྐྱེད་པའི་ཆོ་ག་གསུངས་པ། མར་ངོ་ཞེས་བྱ་བ་ལ་སོགས་པ ་ལ་ཟླ་མཚན་ཞེས་བྱ་བ་ནི་ཟླ་མཚན་གྱི་ཁྲག་གོ་།དབང་པོ་ཞེས་བྱ་བ་ནི་ཚིལ་ཆེན་པོའི་ཞག་གོ་།དུར་ཁྲོད་ཀྱི་ཐལ་བ་ཞེས་བྱ་བ་ནི་ཐོད་པ་སྟེ་དེ་ཡང་གང་གི་ཐོད་པར་གཟུགས་པ་དེའི་ཞག་གིས་བསྒོ་བ་དང། དེའི་ཁྲག་གིས་གཏོར་བ་དང། དེའི ་ཤ་དང་རུས་པས་བདུག་པ་དང། དེའི་རོ་གང་དང་གང་དུ་བསྲེགས་པའི་ཐལ་བ་དང། སས་བཀང་བར་བཙུགས་ཏེ་གཏོར་མ་དང་བསྲུང་བ་ལ་སོགས་པར་བཅས་པས་བསྐྱེད་པར་བྱའོ། །པ་ཐ་ནི་རྣམ་ཕུག་པའོ། །རྒྱལ་བ་དང་གཞན་གྱི་མི་ཐུབ ་པ་ནི་གྲགས་པར་ཟད་དོ། །ཙཀྲ་ཨོཾ་ག་ནི་ལེགས་མཐོང་ངོ། །རྨོངས་བྱེད་ནི་དྷ་དྷུ་རའོ། །མཚོན་ཆ་ཐམས་ཅད་ཟློག་པར་བྱེད་ཅེས་བྱ་བ་ནི། སྨན་ལྔ་པ་དེས་མཚོན་ཆ་ལྔ་ཟློག་པར་བྱེད་པའི་ཕྱིར་རོ། །དེ་ཉིད་གསུངས་པ། ཙཀྲ་ཨོཾ་གས་ལག་པས ་འཕེན་ཞེས་བྱ་བ་ལ་སོགས་པ་ལ། ཙཀྲ་ཨོཾ་ག་ལ་སྐུད་པ་བཏགས་པས་འཁོར་ལོ་ལ་སོགས་པའི་མཚོན་ཆ་ལག་པས་འཕེན་པ་ཟློག་པར་བྱེད་དོ། །པ་ཐ་ནི་སྨན་ནོ། །འཁྲུལ་འཁོར་གྱིས་འཕེན་པ་ནི་མདའ་ལ་སོགས་པ་སྟེ། ཟློག་པར་བྱེད་ཅེས་བྱ་བ ་དང་འབྲེལ་ཏོ། །འཕངས་ནས་གཟུང་བ་ནི་ཞགས་པ་ལ་སོགས་པའོ། །མི་འཕེན་པ་ནི་རལ་གྲི་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །བརྡའི་ཚུལ་ཞེས་བྱ་བ་ནི་སོ་སོའི་ཐ་སྙད་ཇི་ལྟར་གྲགས་པ་ལྟར་རོ། །དེ་དག་ཇི་ལྟར་གཟུང་བ་བསྟན་པར་བྱ་བའི ་ཕྱིར། དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་ལྔ་པོ་དེ་དག་ཐམས་ཅད་ཀྱི་རྩ་བ་སོ་སོར་གཡོན་དུ་བསྒྲིལ་བའི་སྐུད་པ་བྱས་ལ། མགྲིན་པ་འམ་སྤྱི་བོར་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་སྨན་དེ་དག་གི་རྩ་བའི ་སྣལ་མ་ལས་སྐུད་པ་བྱའོ་ཞེས་ཟེར་རོ། །གདོལ་པའི་བུ་མོ་མདོག་སྔོན་གྱི། །པདྨ་ལས་ནི་སྐྱེས་པ་དང་ཞེས་བྱ་བ་ནི། ཤན་པའི་བུ་མོ་མདོག་སྔོན་མོའི་པདྨ་ལས་བྱུང་བའི་ཟླ་མཚན་གྱི་ཁྲག་གིས་རྨོངས་བྱེད་ལ་སོགས་པའི་སྨན་ལྔ་ལ་བསྒོ་བའོ། ། ་བདུད་རྩི་ལྔ་ཞེས་བྱ་བ་ནི། དེའི་འོག་ཏུ་ཡང་བདུད་རྩི་ལྔས་བསྒོ་བའོ། ཁྱི་ནག་པོའི་ཐོད་པ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དུར་ཁྲོད་ས་ཡིས་བཀང་བ་རུ་ཞེས་བྱ་བ་ནི་རོ་བསྲེགས་པའི་སས་དགང་བ་སྟེ། གཉིས་པའི་དོན་གྱིས་བདུན་པ་ཡིན་ནོ། །ཕ་མེས ་ཀྱི་ནི་གནས་སུ་གཟུགས་ཞེས་བྱ་བ་ནི། རོ་བསྲེགས་པའི་ཤུལ་དེ་ཉིད་དུ་བསྐྱེད་པའོ། །དུར་ཁྲོད་དུ་ནི་བླ་མ་དང། ཧེ་རུ་ཀ་དཔལ་མཆོད་བྱས་ལ་ཞེས་བྱ་བ་ནི། ཤ་ཆེན་གྱི་བདུག་པ་ལ་སོགས་པས་ཚོགས་ཀྱི་མཆོད་པ་དང་གཏོར་མ་དག་བྱའོ། །དེ་ནས ་ཞེས་བྱ་བ་ནི་སྨན་ཏེ་རྨོངས་བྱེད་དོ། །ཐོད་པ་རུ་ནི་བཞག་པ་ལ་ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་བྲམ་ཟེ་མཆོག་གི་ཐོད་པར་བསྐྱེད་པར་བྱའོ། །གལ་ཏེ་བྲམ་ཟེ་མཆོག་གི་ཐོད་པ་མེད་ན། དེའི་ཆེ་གསུངས་པ་བྱ་རོག་ནག་པོའི་ཐོད་པ་དང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ་གོ་སླའོ། །ཆོ་ག་བཞིན་དུ་སྔོན་བསྔགས་ཏེ་ཞེས་བྱ་བ་ནི་གསེར་ཤིང་གི་ས་བོན་ལྕགས་གསུམ་གྱིས་དཀྲིས་ལ་བཀང་པ་བརྒྱད་པའི་སྔགས་ལ་སོགས་པ་བཟླས་ནས་མགུལ་བར་བཅིངས ་ན་སྤེད་པ་སྟེ་མི་སྣང་བར་འགྱུར་རོ། །མཉམ་པར་བཞག་སྟེ་བཅིངས་པ་དགྲོལ་ཞེས་བྱ་བ་ནི་སླར་མཐོང་བར་འདོད་ན་སྐྱེ་ལས་དགྲོལ་བར་བྱའོ། །དེ་ཉིད་གསུངས་པ། བྱ་རོག་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་ནག་པོའི་ཞག་གིས་ནི་ཞེས་བྱ་བ་སྔ་མའི ་ས་བོན་དེ་ཉིད་ལན་གཉིས་པར་བསྐྱེད་པར་བྱ་བ་ལ། སྦྲུལ་གྱི་ཞག་གིས་ཡང་དང་ཡང་དུ་བསྒོ་བའོ། །ཁ་ཅིག་ནི་མི་སྣང་བར་འདོད་པ་ལ་བྱ་རོག་ནག་པོའི་ཁྲག་དང། སྦྲུལ་ནག་པོའི་ཁྲག་གིས་བསྒོ་བར་བྱ་ལ། གཟུགས་བསྒྱུར་བར་འདོད་པ་ལ་ནི་གང ་གིས་གཟུགས་སུ་བསྒྱུར་བ། དེའི་ཐོད་པར་གཟུགས་པ་དང། དེའི་ཁྲག་གིས་གཏོར་བ་དང། དེའི་ཞག་གིས་བྱུག་པ་དང། དེ་དང་དེའི་ཤ་རུས་ཀྱིས་བདུག་པ་སྟེ། དེ་ཉིད་མེ་ཏོག་ལ་སོགས་པའི་མཆོད་པ་ཡིན་ལ། མཆོད་པ་དེ་དག་གིས་མཉེས ་པར་བྱའོ་ཞེས་ཟེར་རོ། །ས་དག་དང་ཞེས་བྱ་བ་ལ་སོགས་པ་ནི་ཐུན་མོང་གི་ཆོ་ག་སྟེ། ཁྱད་པར་དུ་དུར་ཁྲོད་ཀྱི་སས་དགང་བར་བྱ་སྟེ། གཟུགས་བསྒྱུར་བ་ལ་ནི་གང་གི་གཟུགས་སུ་བསྒྱུར་བའི་རོ་བསྲེགས་པའི་ས་ལས་བསྐྱེད་པར་བྱ་ཞིང། རོ་བསྲེགས ་པའི་གནས་དེ་ཉིད་དུ་གཟུགས་པར་བྱའོ། །རྒོངས་མོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །དེ་ནི་ཞེས་བྱ་བ་ལྕགས་གསུམ་གྱིས་དཀྲིས་པ་གཟུང་བར་བྱའོ། །ཤིང་བསྐྱེད་ཆོ་ག་རྒྱས་པ་ལས། འབྱུང་ཞིང་སྲུང་བ་ལ་སོགས་བྱ་ཞེས་བྱ་བ་ནི། ཤིང ་དང་སྡོང་བུ་ལ་སོགས་པ་བསྐྱེད་པའི་བསྟན་བཅོས་ལས་འབྱུང་བའི་སྲུད་བ་ལ་སོགས་པའི་ཆོ་ག་ཇི་བཞིན་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཆོ་ག་ཉམས་པའི་སྐྱོན་སྟོན་པ་ཡིན་ཏེ། དྲག་པོའི་གདོན་ཞེས་བྱ་བ་ནི་ཤ་ཟ་བ་དང་ངར་སྣབས ་ཟ་བ་ལ་སོགས་པའི་གདོན་ནོ། །དེ་དང་དེའི་གཟུགས་ཞེས་བྱ་བ་ནི་གཟུགས་བསྒྱུར་བར་འདོད་པ་ལ། རིལ་བུ་ཁང་བཅུག་སྟེ་གང་གིས་གཟུགས་བྱ་བར་འདོད་པ་དེའི་གཟུགས་སུ་སྣང་བར་འགྱུར་རོ། །ཁྱད་པར་དུ་མི་སྣང་བ་ནི་མགུལ་དུ་གདགས་པར་བྱའོ།། ་འུག་པ་ལ་སོགས་ཞེས་བྱ་བ་ལ་སོགས་ཀྱིས་ནི་རིག་པ་གྲུབ་ལ་སོགས་པ་གཟུང་ངོ། །ཆ་ཙམ་ཞེས་བྱ་བ་ནི་རྣལ་འབྱོར་པའི་གྲིབ་མ་ཡང་ངོ། །གང་གིས་ཤེ་ན། ས་བོན་མ་ཉམས་སྟོབས་ཀྱིས་སུ་ཞེས་བྱ་བ་ལ། མ་ཉམས་པ་ནི་རྨ་མེད་པ་དང་མ ་ཚིག་པ་ལ་སོགས་པའོ། །ས་བོན་ནི་ཉེ་བར་མཚོན་པ་སྟེ། གཟུགས་པར་བྱ་བའི་ཐོང་པ་ལ་སོགས་པ་ཡང་དེ་ལྟར་བལྟ་བར་བྱའོ། །ཚོན་ཆ་བཟློག་པའི་རྣམ་པ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་གཟས་ནི་ཟིན་དུས་སུ ་ཞེས་བྱ་བ་ནི་ཤིང་རྣམས་ཀྱི་རྩ་བ་ཤར་ཕྱོགས་ཀྱི་ངོས་བརྐོ་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བྱང་ཕྱོགས་རྩ་བ་བརྐོས་ནས་ནི་ཞེས་བྱ་བ་ནི། ཟླ་བ་གཟས་ཟིན་པའི་དུས་སུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །སྔར་བཞིན་ཆོ་གའི་རིམ་པ་ཡིས ་ཞེས་བྱ་བ་ནི་གཟའ་ཉི་མ་དང་སྐར་མ་རྒྱལ་ལ་སོགས་པ་ནས་བརྩམས་ནས་རྩ་བའི་སྐུད་པ་བསྒྲིལ་བ་མགུལ་པར་གདགས་པའི་བར་དུ་གཟུང་བར་བྱའོ། །དེའི་གེ་སར་ཞེས་བྱ་བ་ནི། པ་ཐ་ལ་སོགས་གེ་སར་རོ། །ཾ་ཀོ་ཏ་ཀའི་རྩ་བླངས་ལ ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་གཟས་ཟིན་པའི་ཚེ་འམ། གཟའ་ཉི་མ་འམ་སྐར་མ་རྒྱལ་དུ་འཛོམ་པའི་དུས་སམ། འབྱུང་པོའི་ཉིན་ཞག་ལ་ཡང་དུང་དུས་དེ་དག་ཏུ་བླང་བར་བྱའོ། །པེ་ཏི་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཡང་ན་ཞེས་བྱ་བ་ནི ་འབྱུང་པོའི་ཉིན་ཞག་གཟུང་བའོ། །ལོ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་སྨན་གྱི་ནུས་པའི་དུས་བསྟན་པ་ཡིན་ཏེ། སྒྲུབ་པ་པོའི་སྦྱོར་བ་བརྩམས་ནས་ལོ་གཅིག་གི་བར་དུ་ནུས་པ་དང་ལྡན་པར་གཟུང་ངོ། །བྲ་ཧམ་དནྟ་ཞེས་བྱ་བ་ནི་སྨན་བྲ་ཧམའི ་རྩ་བའོ། །པདྨའི་འདམ་ཞེས་བྱ་བ་ནི་པདྨའི་རྩ་བའི་ལྡེ་གུའོ། །འི་ཤྭ་ར་ཞེས་བྱ་བ་ནི་འདམ་གྱི་མིང་སྟེ། དབང་ཕྱུག་མའི་འདམ་ཞེས་བྱ་བའོ། །མཚན་མ་གཅིག་གིས་ཞེས་བྱ་བ་ནི་ཁ་ནུབ་ཏུ་བལྟས་པའི་ལིང་གའི ་ཉེ་འཁོར་གྱི་སའོ། །སྔར་བསྟན་ཆོ་གའི་རིམ་པ་ཡིས་ཞེས་བྱ་བ་ནི། ཇི་སྲིད་ལུས་ལ་གནས་ཀྱི་བར་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ་ལུས་བསྐུལ་བའོ། །ཀུ་མ་རི་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །གཞོན་ནུ་མའི་རྐང་རྗེས་རྡུལ་ཞེས་བྱ་བ་ནི་བུ་མོ ་གཞོན་ནུ་མའི་རྐང་རྗེས་ཀྱི་རྡུལ་ལོ། །དེའི་ཞེས་བྱ་བ་ནི་བུ་མོ་དེའིའོ། །མ་ཧེའི་རྭ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །སུམ་ཅུ་གསུམ་པས་མཆོད་ཅེས་བྱ་བ་ནི། འདམ་དེ་ལུས་ལ་བསྐུས་པའི་སྒྲུབ་པ་པོའོ། །བེ་སྣུ་བི་ཞེས་བྱ་བའི་སྨན་ཞེས་བྱ་བ་ནི་བེ་སཱུ་པི་ཞེས་བྱ ་བའི་མིང་ཅན་གྱི་འདམ་མོ། །ནགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་སོ་མ་ཏ་ལའོ། །བཟློག་སྟེ་འཁོར་བའི་འཁོར་ལོ་ཡི། །འཇིམ་པ་འབད་དེ་བླངས་ནས་སུ་ཞེས་བྱ་བ་ནི། ཅེ་ཀྲ་ཨཾ་གའི་ལྡེ་གུའོ། །ཕག་མོ་ཞེས་བྱ་བ་ནི་ཏ་ལ་མུ་ཤ་ལའོ། །ཕག་གི་ལུས་ལ ་འབྱུང་པའི་འདམ་ཞེས་བྱ་བ་ནི་ཕག་མོའི་ལྟོ་ལ་གོས་པའི་འཇིམ་པའོ། །མ་ཧེ་རྭ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ་དབང་པོའི་ཤིང་ཞེས་བྱ་བ་ནི་དེ་བ་ད་རུའོ། །སུམ་ཅུ་གསུམ་དབང་འདམ་ཞེས་བྱ་བ་ནི་སུམ་ཅུ་གསུམ་པས་མཆོད་པས་ན་སུམ ་ཅུ་དབང་འདམ་སྟེ་འདམ་གྱི་མིང་ངོ། །ཙཎྜ་ལི་ཞེས་བྱ་བ་ནི་སྐྱེ་ཚེ་སྟེ། དེའི་རྩ་བའི་འདམ་ནི་ཙ་མུཎྚ་འམ་ཞེས་བྱའོ། །དེའི་ལྟག་པ་བཤགས་ནས་སུ། ལྕེ་ནི་རྩ་བར་བཅས་ཏེ་བླང་ཞེས་བྱ་བ་ནི་སེང་ལྡེང་གི་ཕུར་བུས་ལྟག་པའི་ཕྱོགས་ནས་དྲལ་ཏེ ་རྩ་བ་དང་བཅས་པར་དབྱུང་བའོ། །རིལ་བུ་ཞེས་བྱ་བ་ནི་ལྕགས་གསུམ་གྱིས་དཀྲིས་པའོ། །དེའི་ཤ་དང་ཞག་དང་ཁྲག་ཅེས་བྱ་བ་ནི། ཟླ་བ་བརྒྱད་པ་མངལ་ནས་བྱུང་བའི་འོ། །ལྷག་མ་ནི་གོ་སླའོ། །བྱིས་པའི་རོའི་ལྟོ་བར་ནི་ཞེས་བྱ་བ་ནི། ཟླ་བ་བརྒྱད་པའི ་བྱིས་པ་ཉིད་ཀྱི་རོའོ། །སྔར་གྱི་ཆོ་ག་བཞིན་བླངས་ཏེ། ཞེས་བྱ་བ་ནི་ཉི་མ་དང་གཟའ་བཟང་པོ་བླང་བ་ལ་སོགས་པའོ། །ཟླ་མཚན་ཞེས་བྱ་བ་ནི་དང་པོར་རྐེད་པ་དབབ་པའི་ཁྲག་གོ་།སུམ་སྒྲིལ་ཡང་ནི་སུམ་སྒྲིལ་དུ་ཞེས་བྱ་བ་ནི། སྣལ་ན ་སུམ་སྒྲིལ་དུ་བྱས་ལ་དེ་ཉིད་སླར་ཡང་སུམ་སྒྲིལ་དུ་བྱ་བའོ། །རྐང་པ་བརྒྱད་པའི་གསང་སྔགས་ནི། བཟླས་ཤིང་མདུད་པ་དེ་ཙམ་བྱ་བ་ནི། ཆུ་སྲིན་གྱི་ཁ་ནས་བྱུང་བ་ལྟ་བུའི་མདུད་པ་བརྒྱད་བྱ་བའོ། །ཁ་ཅིག་ན་ར་མདུད་པ་བཞི་བྱའོ་ཞེས་ཟེར་རོ།། ་མ་མོ་བརྒྱད་ཅེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པའོ། །བཏག་ཅེས་བྱ་བ་ནི་མདུད་པ་རྣམས་དེ་དག་ཏུ་བསྒོམ་མོ། །བུ་མོ་ཡིས་ནི་གཅི་བ་ཡིས་ཞེས་བྱ་བ་ནི། གང་དུ་ཅི་བ་བྱས་པའི་ཤུལ་གྱི་སའོ། །བཏགས་ཏེ་དེ་དང་བསྲེ་བར་བྱ་ཞེས་བྱ་བ་ནི ་ས་རློན་པས་སྤགས་པར་བྱ་བའོ། །སོ་སོའི་ཞིང་ནི་རེ་རེ་ལ། །སྔར་གྱི་རིམ་པའི་སྦྱོར་བ་ཡིས། །ཤིན་ཏུ་མཉམ་པར་གཞག་སྟེ་བསྒྲུབ། །ཅེས་བྱ་བ་ནི་མདུད་པ་རྣམས་མེ་མོ་རྣམས་སུ་བསྒོམས་ལ། རྐང་པ་བརྒྱད་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པའོ།། ་མྱོང་བར་བྱེད་པའི་རིག་པ་ཆེ་ཞེས་བྱ་བ་ནི་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་སོ། །ཕན་ཚུན་དུ་ནི་སྡུད་འགྱུར་ན། །ཞེས་བྱ་བ་ནི་ཇི་སྲིད་དུ་མ་བྱུང་གི་བར་དུ་སྡུད་པར་བྱ་བའོ། །དེ་དག་གིས་ནི་འདི་སྐད་དུ། སེང་ལྡེང་ལ་སོགས་པའི་ཤིང་གཉིས ་གཟུང་སྟེ། དགྲ་བོའི་གཡུལ་དངར་བའི་རླུང་ཕྱོགས་སུ་སོང་ལ། དགྲ་བོའི་གཙོ་བོ་གཉིས་ཀྱི་མིང་ནས་གཟུང་སྟེ། རྐང་པ་བརྒྱད་པའི་སྔགས་དང་སྤེལ་ནས་ཟློས་ཤིང་གཡུལ་ལ་མངོན་པར་བལྟ་སྟེ། ཤིང་གཉིས་དུ་བ་འབྱུང་གི་བར་དུ་སྡུངས་པར་བྱས་ནས། དགྲ ་བོ་ནང་ཕན་ཚུན་དུ་རྨོངས་ནས་འཐབ་པར་འགྱུར་རོ། །རྡོ་རྗེ་ཆུ་ཞེས་བྱ་བ་ནི་གཅི་བའོ། །ལྷག་མ་ནི་གོ་སླའོ། །སྟོབས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་སྟོབས་ནི་སྨན་རྣམས་ཀྱི་ནུས་པའོ། །ཆོ་ག་ནི་དེའི་དབང་དུ་བྱས་པའི་བྱ་བའོ། །རིམ་པར་ཕྱེ་བ? ་ནི་དེའི་གཞུང་སྟེ་སུམ་ཅུ་རྩ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།འབྲས་བུ་བཅོས་མིང་ལས ་རྒྱས་པ་བཤད་པར་བཞེད་ནས། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་སྒྲུབ་པ་པོ་འགྲུབ་པར་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ཞེས་བྱ་བ་ནི་ཧེ་རུ་ཀའི་རྣལ་འབྱོར་དང་རྐང་པ་བརྒྱད་པའི་སྔགས་བཟླས་པའི་འོག་ཏུའོ ་སྣམ་སྟེར་ཞེས་བྱ་བ་ནི་རས་བལ་གྱི་ས་བོན་ནོ། །སྙེ་མའི་རྩེར་གནས་བླང་བར་བྱ་ཞེས་བྱ་བ་ལ། སྙེ་མ་ཉིད་རྩེ་མོ་སྟེ། དེ་ལ་རས་བལ་གྱི་ས་བོན་བླང་བ་འདིས་ནི་ས་ལམ་ལྷུང་བར་བླང་བ་སྟོན་ཏོ། །དེ་བཞིན་སྙེ་མའི་རྩེར་གནས་ཞེས་བྱ་བ ་འདིས་ཐོད་པའི་ནང་ན་གནས་པ་བླང་བར་ཡང་སྟན་ཏོ། །ཡི་དགས་ཀྱི་ཟླ་ཕྱེད་ཅེས་པའི་བཤད་པ་ནི་འབྱུང་པོའི་ཉི་མ་ཞེས་བྱ་བ་ཡིན་ནོ། །གཽ་རི་ལ་སོགས་མཁའ་འགྲོ་མར། བཅས་པའི་ཧེ་རུ་ཀ་བསྒོམས་མཆོད་ཅེས་བྱ་བ་ནི། གཽ་རི་ལ་སོགས ་པས་བསྐོར་བའི་ཧེ་རུ་ཀར་བསྒོམ་པ་མཆོད་པ་དང་བཅས་པར་བྱས་ནས་ལས་ཐམས་ཅད་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་མེད་ཀྱི་ནི་མེ་ཏོག་གིས། །ཡང་དང་ཡང་དུ་བསྒོ་བར་བྱ་ཞེས་བྱ་བ་ལ། རས་བལ་གྱིས་ས་བོན་བུ་མོའི་ཐོད་པར ་བཞག་སྟེ། མེ་ཏོག་ཅེས་བྱ་བ་ཟླ་མཚན་གྱི་ཁྲག་གིས་ཡང་དང་ཡང་དུ་བསྒོ་པར་བྱའོ། །བསྒེགས་པ་འམ་ནི་མཚོན་གྱིས་བསང། །སྤྱང་ཀི་ལ་སོགས་མ་ཟོས་པའི། །བུད་མེད་ཐོད་པ་མཛེས་པ་རུ། །ཆོ་ག་བཞིན་དུ་བསྐྱེད་པར་བྱ་ཞེས་བྱ་བ་ནི་མདོར ་བསྡུས་ནས་བསྟན་པ་སྟེ། སྤྱང་ཀི་ལ་སོགས་མ་ཟོས་ཞེས་བྱ་བ་ནི་སྲོག་ཆགས་ཀྱིས་མ་བརྩེས་པའོ། །མཛེས་པ་ཞེས་བྱ་བ་ནི་གས་ཆག་ལ་སོགས་པའི་སྐྱོན་དང་བྲལ་བའོ། །དེ་ཉིད་བཤད་པའི་ཕྱིར་གསུངས་པ། དེ་ཡང་ཞེས་བྱ་བ་ལ་སོགས ་པ་ལ། །དེ་ཡང་རྔ་མོ་དག་གི་ནི། །འཁྲུལ་འཁོར་ལ་ནི་སྐྱོན་ནས་སུ་ཞེས་བྱ་བ་ནི། བསྒེགས་པ་འམ་ནི་མཚོན་གྱིས་བསང་ཅེས་བྱ་བ་དང་འབྲེལ་ཏོ། །དེའི་རྩེ་མོ་བླང་བར་བྱ་བ་ནི། བུད་མེད་དེའི་མགོ་བོའི་ཞག་གཟུང་བར་བྱ་བའོ། །དེ་ཉིད་ཀྱི་ཕྱིར ་གསུངས་པ། བུ་མོར་བསྒོམ་ཞིང་དེ་བསྐོལ་བའི་ཞེས་བྱ་བ་སྨོས་ཏེ། བུ་མོར་བསྒོམ་ཞེས་བྱ་བ་ནི་རས་བལ་གྱི་ས་བོན་བུད་མེད་དུ་བསྒོམ་པའོ། །དེ་བསྐོལ་བ་ཞེས་བྱ་བ་ནི། བུ་མོའི་མགོ་བོའི་ཚིལ་ཞུ་བའི་ཞག་གོ་།ཆུ་ཞེས་བྱ་བ་ནི་པདྨའི་མེ ་ཏོག་གོ་།གཏོར་བ་ནི་ཡང་དང་ཡང་བྱུག་པའོ། །དེ་ཞེས་བྱ་བ་ནི་ཐོད་པ་མཛེས་པའོ། །བགེགས་དགྲ་དང་ནི་གཤིན་གཤེད་ཀྱི། །སྔགས་ནི་མངོན་པར་བཟླས་པ་ཡིས། །ཞེས་བྱ་བ་ནི་ཐོད་པ་དེར་བསྐྱེད་པར་བྱ་ཞེས་བྱ་བ་ཚིག་སྔ་མ་དང ་སྦྱར་རོ། །ཞི་བའི་ཚིགས་བཅད་སྔགས་ཀྱིས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པའི་ཆུས་ཞེས་བྱ་བ་ཡང་ཅི་རིགས་སུ་ནི་བསྲུང་བར་བྱ་ཞེས་བྱ་བའི་ཚིག་སྔ་མ་དང་སྦྱར་ཏེ། ཞི་བའི་སྔགས་རུ་རུ་ཕུར་རུ་ལ་སོགས་པ་ཉིད་ཞི་བའི་ཚིགས་བཅད་དོ། ། ་སྨིན་པ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པའོ། །གཞོན་ནུ་མའི་ཁྲག་ཅེས་བྱ་བ་ནི། དང་པོར་བྱུང་བའི་ཟླ་མཚན་ནོ། །སྔར་གྱི་བུ་མོ་ཞེས་བྱ་བ་ནི། བསྒེགས་པ་འམ་མཚན་གྱིས་བསང་པའི་བུ་མོའི་འོ། །སྐྲ་དང་བཅས་པ་ཞེས་བྱ་བ་ནི་སྐྲ་དང་རས་བལ ་དུ་བསྲེས་པའོ། །བུ་མོས་བཀལ་ཞེས་བྱ་བ་ནི། སྐྱེས་པ་དང་མ་ཕྲད་པའི་བུ་མོས་བཀལ་བའོ། །བཀལ་པ་ལ་སོགས་པ་ཐམས་ཅད་ཀྱང་བུད་མེད་ཀྱི་ཐོད་པར་གཞག་སྟེ་བྱ་བའོ། །བསྒེགས་པའི་ཞེས་བྱ་བ་ལ་སོགས་པ་ལ། གསང་པ ་ཡི་ནི་ཞིང་ས་དུ་ཞེས་བྱ་བ་ནི་ལམ་གྱི་བཞི་མདོ་ལ་སོགས་པའི་གནས་ཏེ་འོག་ནས་བཤད་པར་བྱའོ། །ཚེས་བརྒྱད་ཅེས་བྱ་བ་ནི་མར་ངོའི་ཚེས་བརྒྱད་དོ། །བསྟན་པ་འདི་ཉིད་བཤད་པའི་ཕྱིར། །ལམ་དང་རིགས་མཆོག་ཐོད་པ་ནི། །རོ་བསྲེགས་ས ་བཀང་རོ་དང་བཅས། །ཉི་མ་ཤིས་པ་དག་ལ་གཟུགས་ཞེས་བྱ་བ་སྟེ། ལམ་ཞེས་བྱ་བ་ནི་ལམ་གྱི་བཞི་མདོའོ། །རིགས་མཆོག་ཞེས་བྱ་བ་ནི་སྐྱེ་གཉིས་ཏེ་བྲམ་ཟེའོ། །རོ་བསྲེགས་ས་ཞེས་བྱ་བ་ནི་རིགས་མཆོག ་གི་ཞེས་བྱ་བའི་ལྷག་མ་ཡིན་ནོ། །རོ་དང་བཅས་ཞེས་བྱ་བ་ནི། དང་པོར་ཡུངས་ཀར་མི་རོའི་ཁར་བཅུག་སྟེ། ཉིན་ཞག་གཅིག་ཏུ་གཞག་ལ། དེ་ནས་ཕྱུང་སྟེ་དེ་ཉིད་ཀྱི་ཁྲག་དང་ཞག་གིས་ཡང་དང་ཡང་དུ་བསྒོ་བར་སྟོན་ཏོ། །ཉི་མ་བཟང་ལ ་གཟུགས་པར་བྱ། ཞེས་བྱ་བ་ནི། མར་ངོའི་ཚེས་བརྒྱད་ལ་སོགས་པ་སྟེ་བཤད་ཟིན་ཏོ། །ཁ་ཅིག་ནི་རོ་བསྲེགས་པའི་ཤུལ་ལམ་ལམ་གྱི་བཞི་མདོར་ངོའི་སྟན་ལ་གནས་པའི་སྒྲུབ་པ་པོ་སྐྱེ་གཉིས་ཀྱི་ཐོད་པར་སྔ་མ་ལྟར་བསྒྲུབ་པར་བྱའོ ་ཞེས་ཟེར་རོ། །ཅི་རིགས་འཁྲུལ་འཁོར་བཙིར་བའི་མར་ཞེས་བྱ་བ་ལ་ཅི་རིགས་ཞེས་བྱ་བ་ནི། དང་པོར་ཡུངས་ཀར་མེས་ཁྭ་བཙོས་བྱ་བའོ། །བློ་ལྡན་བསྒོས་ན་འདོད་བཞིན་བྱེད་ཅེས་བྱ་བ་ནི་བསྒོ་བ་ནི་མར་ནག་གིས་བྱུག་པའོ། །འདོད་པ་ཞེས ་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དེ་ཉིད་གསུངས་པ། ས་མཛའ་ཞེས་བྱ་བ་ལ་སོགས་པ་ལ། ས་མཛའ་ཞེས་བྱ་བ་ནི་ཧའོ། །དེ་ཉིད་ཨུ་ལ་སོགས་པའི་ཡན་ལག་དང་ལྡན་པ་དེ་ནི་ལྔ་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །དེས་ནི ་ཆོས་ཀྱི་འཁོར་ལོ་ལ་གནས་པའི་ས་བོན་ཧཱུཾ་བསྟན་པར་འགྱུར་རོ། །རླུང་གི་ས་བོན་ལས་བྱུང་བ་ཞེས་བྱ་བ་ལ་རླུང་གི་ས་བོན་ནི་རླུང་དང་མེའི་དཀྱིལ་འཁོར་རོ། །ལས་བྱུང་ནི་ཡི་གེ་ཨཾ་སྟེ། སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་གནས་པའོ། ་དེ་དག་གིས་ནི་འདི་སྐད་དུ་སྟོན་ཏེ། རླུང་གིས་བསྐྱོད་པའི་གཏུམ་མོའི། འོད་ཀྱིས་ཧཱུཾ་ལས་བསྐུལ་ཏེ། དེའི་འོད་ཟེར་གྱི་ཕྱི་རོལ་ཏུ་བྱུང་བའི་ལྕགས་ཀྱུས་བསྒྲུབ་པར་བྱ་བ་བཀུག་སྟེ། རླུང་གི་དཀྱིལ་འཁོར་ལ་གནས་པའི་མགྲིན་རིངས་ཀྱི ་རྒྱབ་ཏུ་བསྐྱོན་ལ། །བ་ལྷོར་བལྟ་སྟེ་འགྲོ་བར་བསྒོམས་ན་བསྐྲད་པར་འགྱུར་རོ། །དེ་བཞིན་དུ་བསད་པ་ལ་ནི་མེའི་དཀྱིལ་འཁོར་ལ་བཞག་སྟེ། སྔ་མ་ལྟར་ཧཱུཾ་གི་འོད་ཟེར་མེ་འབར་བའི་གཟུགས་ཅན་ཕྱུང་ལ། དེས་བསྒྲུབ་པར་བྱ་བ་བསྐོར་ཅིང ་བསྲེག་པར་བསྒོམ་མོ། །མནན་པ་ལ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། ཧཱུཾ་གི་འོད་སེར་པོས་སྟེང་ནས་དགབ་པར་བསྒོམ་མོ། །ད་ནི་སྔར་བསྟན་པའི་མར་ནག་དེ་ཉིད་ཀྱི་བྱ་བ་གཞན་བསྟན་པའི་ཕྱིར། བསྒེགས་ནས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཆོ་གའི་རིམ་བཞིན་མཆོད་བྱས་ལ་ཞེས་བྱ་བ་ནི་གོ་རིལ་སོགས་པ་དང་བཅས་པའི་ཧེ་རུ་ཀའི་རྡུལ་མཚོན་གྱི་དཀྱིལ་འཁོར་བྲིས་ལ། མཆོད་པ་སྔོན་དུ་འགྲོ་བས་ཆོ་གའི་རིམ་བཞིན་ཞེས་བྱ་བར་རོ། །ལྷག་པར་གནས ་མར་བྱ་བའོ། །ཧེ་རུ་ཀའི་སྤྱོད་པ་ཡིས་ཞེས་བྱ་བ་ནི། སྒྲུབ་པའི་གྲོགས་དང་བཅས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བླང་བའོ། །སྔགས་ནི་རྐང་པ་བརྒྱད་པའོ། །སྔགས་པ་ཆེན་པོས་ཞེས་བྱ་བ་ནི་མཐོང་ནས་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཚེ་ཕྱག་རྒྱ ་བཅིང་བྱ་སྟེ། ཞེས་བྱ་བ་ལ། ལག་པ་གཉིས་ཀྱི་སོར་མོའི་རྡོ་རྗེ་བཅིངས་ལ། མཐེ་བོང་དང་མཛུབ་མོའི་རྩེ་སོ་སོར་སྤྲད་པ་ལ་བཟློག་སྟེ་དཔྲལ་བའི་སྟེང་དུ་བཞག་པ་འདི་ནི་སྐྱེ་གནས་ཀྱི་ཕྱག་རྒྱའོ། །དྲག་པོ་ཡི་ནི་གཟུགས་ཀྱིས་སུ། །དཔའ་ ་བོ་དམ་ཚིག་ཅི་རིགས་བསྟན་ཞེས་བྱ་བ་ནི་དེའི་ཚེ་སྔགས་པས་འཇིགས་པ་མི་བྱ་བར། དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་གྱིས་རྐང་པ་བརྒྱད་པའི་སྔགས་ཟློས་ཤིང་མཚོན་ཆ་འཕྱར་བ་ལ་སོགས་པ་དཔའ་བོའི་སྤྱོད་པ་གཞན་དག་གིས་ཀྱང ་བགེགས་བསལ་བར་བྱའོ། །དེའི་ལུས་ལས་འཛག་པའི་མར་ཞེས་བྱ་བ་ནི། གང་གི་ཚེ་བགེགས་ཉེ་བར་ཞི་བ་དེའི་ཚེ། སྔར་ལུས་ལ་བྱུགས་པའི་མར་ལུས་ལ་མི་སྣང་ཞིང་འཐུང་བར་གྱུར་པ་དེ་སླར་ཡང་འཛག་པར་འགྱུར་བའོ། །བླངས ་ཏེ་བསྐུ་བ་ལ་སོགས་བླུགས་ཞེས་བྱ་བ་ལ། སོགས་ཀྱིས་ནི་སྐྱེད་བུའི་ཉ་ཕྱིས་ལ་སོགས་པ་གཟུང་ངོ་ལྷག་མ་ནི་གོ་སླའོ། །གཞན་ཡང་རལ་གྲི་མིག་སྨན་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ?་མར་དང ་བྲལ་བ་དེའི་ཚེ། རོ་དེས་དཔའ་བོ་མཆོག་ནི་ཅི་འདོད་སྨོས་ཞེས་བརྗོད་པར་འགྱུར་ཞིང། ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །སོགས་ཀྱིས་ནི་རྐང་བྱུགས་ལ་སོགས་པ་གཟུང་ངོ། །རྣམ་པ་གཞན་གསུངས་པ། །བྲག ་དང་ཞེས་བྱ་བ་ལ་སོགས་པ་ལ། མིའི་རོའི་ཁར་བཅུག་ལ་ཞེས་བྱ་བ་ནི། མིའི་རོའི་ཁར་ཞག་གསུམ་བཞག་པར་བྱའོ། །ཁྲག་ཉིད་དང་ནི་ཞག་གིས་ནི་ཞེས་བྱ་བ་ནི་རོ་དེ་ཉིད་ཀྱི་ཁྲག་ཞག་གིས་བསྒོ་བའོ། །སྲུང་བ་ལ་སོགས་ཞེས་བྱ་བ་ནི ་ཐུན་མོང་གི་ཆོ་ག་བྱའོ། །སྔ་མ་བཞིན་བསྐྱེད་ཅེས་བྱ་བ་ནི། དེ་ཉིད་ཀྱི་ཐོད་པ་སྔར་བསྟན་པ་ལྟར་བསྐྱེད་པའོ། །དེ་ནས་དེ་ལས་བྱུང་བ་ཡོངས་སུ་སྨིན་པར་གཟུང་སྟེ། གང་ལ་བསྣུན་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་བའོ། །སོ་བྱའི་ནི ་ཞེས་བྱ་བ་ལ་སོགས་པ་ལ། སོ་བྱ་ནི་ཆུའི་བྱ་རོག་གོ། སྣུམ་སྟེར་ནི་ཡུངས་ཀར་རོ། །དེའི་ཐོད་པ་ཞེས་བྱ་བ་ནི་སོ་བྱའི་ཐོད་པའོ། །ལྷག་མ་ནི་གོ་སླའོ། །སྐྱེས་བུ་བྱའི་གཟུགས་སུ་བསྒྱུར་ཞེས་བྱ་བ་ལ། བྱ་ནི་སོ་བྱ་སྟེ་ཁྱད ་པར་ལ་སྤྱིར་ཉེ་བར་བཏགས་པ་ཡིན་ནོ། །དེ་ལྟར་ས་བོན་གཞན་དག་ཀྱང་བྱ་བ་ནི། རྨོངས་བྱེད་ལ་སོགས་པའི་ས་བོན་ནོ། །དོག་པ་ལ་གནས་འབྲས་བུ་གཟུང་ཞེས་བྱ་བ་ནི། སྙེ་མ་ལ་གནས་པ་སྟེ་ས་ལ་མ་ལྷུང་བའོ། །དེ་དང ་འདྲ་བའི་གཟུགས་སུ་བསྒྱུར་ཞེས་བྱ་བ་ནི། ས་བོན་དེ་དག་བྱ་གང་གི་ཁྲག་དང་ཞག་གིས་བྱུགས་ཤིང་གང་དང་གང་གི་ཐོད་པར་བསྐྱེད་པ་ལ་སོགས་པ་བྱ་སྟེ། ཡོངས་སུ་སྨིན་པ་ཁར་བཅུག་ན་བྱ་དེ་དང་དེའི་གཟུགས་སུ་འགྱུར་རོ། །བྱ ་རྣམས་ཀྱི་ནི་ཚེ་དང་མཚུངས་ཞེས་བྱ་བ་ནི། བྱ་རྣམས་ལྟར་ཚེ་དང་ནད་མེད་པ་འཕེལ་བ་སྟེ། བྱའི་འབྲས་བུ་བཅོས་མའོ། །བྱོལ་སོང་གཞན་གྱི་ཡང་བསྟན་པའི་ཕྱིར། གླང་པོའི་གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཆོ་ག་ནི་སྔར་བསྟན་པ་བཞིན་དུ་བྱའོ། །སེམས་ཅན་མ་ཡིན་པ་གཞན་དག་གི་གཟུགས་སུ་བསྒྱུར་བ་ཡང་བསྟན་པའི་ཕྱིར། བི་ད་རིའི་ས་བོན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བི་ད་རིའི་ས་བོན་ནི་གྲགས་པར་ཟད་དོ། །མར ་ངོའི་ཚེས་བརྒྱད་དམ་བཅུ་བཞིའོ། །མ་དུ་ལུཾ་ག་ཡང་གྲགས་པར་ཟད་དོ། །ཡར་ངོ་ལ་ཞེས་བྱ་བ་ནི་ཡར་ངོའི་སྐར་མ་རྒྱལ་ལ་སོགས་པ་དང་སྦྱར་རོ། །མི་རོའི་ཞག་གིས་བྱུགས་ནས་སུ་ཞེས་བྱ་བ་ནི། དཔའ་བོ་མཚོན་གྱིས ་བསད་པའི་ཁྲག་དང་བཅས་པའི་ཞག་གིས་བྱུག་པའོ། །དེའི་ཡན་ལག་མཆོག་ཏུ་གཟུགས་ཞེས་བྱ་བ་ནི་ཐོད་པར་བསྐྱེད་པའོ། །དེར་ཅིར་འགྱུར་ཞེ་ན་ཟིན་པས་དེའི་གཟུགས་སུ་འགྱུར་ཞེས་བྱ་བ་ནི། ཟིན་པ་ནི་ཁར་བཅུག་པའོ། །དེ་ཉིད ་བསྐྱེད་པའི་ཆོ་ག་གསུངས་པ། དེའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་དུས་པ་རྐང་དང་ནི། ཤ་ལ་སོགས་པ་བསྐྱེད་པར་བྱ་ཞེས་བྱ་བ་ནི་བདུག་པ་བསྟན་པའོ། །དེ་ཡི་པགས་པ་རུས་པ་ཡི། །ཕྱག་རྒྱ་ཡན་ལག་བརྒྱན་བྱས ་ལ་ཞེས་བྱ་བ་ནི། །ཧེ་རུ་ཀའི་སྤྱོད་པ་བསྟན་པའོ། །ཡང་ན་པགས་པ་ཞེས་བྱ་བ་ནི་བདུག་པར་སྦྱར་ལ། ཕྱག་རྒྱ་ཞེས་བྱ་བ་ནི་སྐྱེ་གནས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེ་བཅས་ལ་བསྐྱེད་པའོ། །ཐལ་བ་གཏོར་ཞེས་བྱ་བ་ནི་རོ ་བསྲེགས་པའི་སས་དགང་བའོ། །ལྕུག་མ་གསུམ་གྱིས་དཀྲིས་ནས་སུ་ཞེས་བྱ་བ་ནི། ལྕགས་གསུམ་གྱིས་དཀྲི་བའོ། །ཁར་བཅུག་ན་ཞེས་བྱ་བ་ལ། །བི་ད་རའི་ས་བོན་ནི་ཟླ་བ་མང་ངོ་ལ་ཁར་བཅུག་ལ། མ་དུ་ལུཾ་གའི་ས་བོན་ནི་ཡར་ངོ ་ལ་ཁར་གཞུག་པར་བྱའོ། །སྤེད་པ་ནི་མི་སྣང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཉི་མ་ཟླ་བ་ཞེས་བྱ་བ་ལ་སོགས་པའོ། །མ་དུ་ལུཾ་ག་གཅིག་པུ་ནི་ཞེས་བྱ་བ་ནི། ལྕགས་གསུམ་དང་བྲལ་བའི་མ་དུ་ལུཾ་གའི་འབྲས་བུ ་འབའ་ཞིག་སྟེ། དེ་བཞིན་དུ་བི་ད་རི་ལ་ཡང་སྦྱར་བར་བྱའོ། །འབྲས་བསྐྱེད་ཐུན་མོང་ཆོ་གའོ་ཞེས་བྱ་བ་ནི་འབྲས་བུ་བཅོས་པ་ཐུན་མོང་གི་ཆོ་ག་སྟེ། སྔགས་དང་བཅས་པའི་ཆུ་ཡིས་ནི། །ཞེས་བྱ་བ་ནི་སྔར་སྨོས་པ་དག་གོ་།ཡང་ན་འོག་ནས་འབྱུང ་བ་དང་སྦྱར་ཏེ། འོག་ནས་འབྱུང་བ་འདི་ནི་འབྲས་བུ་བཅོས་མ་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་གའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་དག་ཅེས་བྱ་བ་སངས་རྒྱས་སྤྱན་ལ་སོགས་པ་བཞིའོ ་ས་སོགས་ཞེས་བྱ་བ་ནི་འབྱུང་བ་བཞིའི་རང་བཞིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་ཤིང་དང་རྩ་ལ་སོགས་པའོ། །དེ་འཛིན་པ་ནི་བསྐྱེད་པའོ། །གསོ་བ་ནི་སྐྱོད་པའོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་མོའི་དུས་སུ ་ཞེས་བྱ་བ་ནི་ཡར་ངོའི་དགོངས་མོའི་དུས་སུའོ། །བཞི་མངའ་ཨི་ས་ཞེས་བྱ་བ་ནི་ས་མདོག་དཀར་པོ་གཟུང་བར་བྱའོ། །མིའི་ཞག་སོགས་ཀྱིས་བྱུགས་ལ་ཞེས་བྱ་བ་ལ། སོགས་ཀྱིས་ནི་ནིམ་པའི་ཁུ་བ་ལ་སོགས་པ་གཟུང་བར་བྱའོ། །དེ་ཡིས ་དཔྲལ་བར་ཐིག་ལེ་བྱ་ཞེས་བྱ་བ་ནི། དེ་ཡོངས་སུ་སྨིན་པའི་འབྲས་བུ་བདར་བའི་ཐིག་ལེའོ། །བཟའ་དང་བཅའ་སོགས་རྣམ་པ་ལྔ་ཞེས་བྱ་བ་ལ། རྣམ་པ་ལྔ་ནི་འོ་མ་ལ་སོགས་པའི་བདུད་རྩི་ལྔའོ། །ལྷག་མ་ནི་གོ་སླ་བས་མ་ཕྱེ་བའོ། ། ་འོལ་མ་སེའི་ས་བོན་ནི་ཞེས་བྱ་བ་ལ་སོགས་པ་ལ། འོལ་མ་སེའི་ས་བོན་ནི་འོལ་མ་སེའི་ས་བོན་དཀར་པོར་གཟུང་ངོ། །བྲམ་ཟེའི་ཐོད་པ་ནི་བྲམ་ཟེ་མཆོག་གི་ཐོད་པའོ། །སྐར་མ་རྒྱལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། གཟའ་ཉི་མ ་དང་འབྱུང་པོའི་ཉིན་ཞག་ཀྱང་གཟུང་བར་བྱའོ། །དེ་ནས་ཕྱུང་སྟེ་སླར་ཡང་འདི་ཞེས་བྱ་བ་ནི། །སྐྱེས་པ་དང་བུད་མེད་དང་མ་ནིང་གི་གཟུགས་བྱ་བར་འདོད་པ་དེའི་ཐོད་པར་བསྐྱེད་དོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཐ་མལ་སྐྱེས་བུའི་ཐོད་པར་བསྐྱེད ་ཅེས་བྱ་བ་ནི་དང་པོ་ཞེས་བྱ་བ་ལྷག་མ་སྟེ་ཐུན་མོང་བའོ། །དེས་ན་མན་ངག་ལས་དང་པོ་ཐ་མལ་པའི་སྐྱེས་བུའི་ཐོད་པར་བསྐྱེད་ལ། དེ་ནས་བྲམ་ཟེ་མཆོག་གི་ཐོད་པར་བསྒྱེད་དོ། །ཐ་མར་བུད་མེད་ལ་སོགས་པ་གང་གི་གཟུགས་སུ་བྱ་བར ་འདོད་པའི་ཐོད་པར་བསྐྱེད་པར་བྱའོ་ཞེས་བཤད་དོ། །བྱའི་ཆོ་ག་བཞིན་དུ་འགྱུར་ཞེས་བྱ་བ་ནི་བྱའི་འབྲས་བུ་བཅོས་མའི་ཆོ་ག་ལྟ་བུ་སྟེ། ལྕགས་གསུམ་གྱིས་དཀྲིས་ན་ནི་མི་སྣང་བར་འགྱུར་ལ། རྐྱབ་པར་བཅུག་ན་ནི་བུད་མེད་ལ་སོགས ་པའི་གཟུགས་སུ་འགྱུར་བའོ། །སྔགས་པས་ཞེས་བྱ་བ་ལ་སོགས་པ་ལ། དེའི་རྩ་བ་བླངས་ནས་སུ་ཞེས་བྱ་བ་ནི་བུང་བའི་རྒྱལ་པོའི་རྩ་བ་བླང་བ་སྟེ། སྤྱི་བོར་བཞག་ན་བརྒྱལ་བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །སྲིན་ལག་གི་ནི་ཁྲག་དང་ནི།། ་ཞག་དང་བཅས་པ་བསྲེ་པར་བྱ། །ཞེས་བྱ་བ་ནི་བུང་བའི་རྒྱལ་པོའི་ཁུ་བ་དང་མི་རོའི་སྲིན་ལག་གི་ཁྲག་དང་ཞག་ཏུ་བཅས་པས་ཐིག་ལེ་བྱས་ན། ལྷ་ལ་སོགས་པ་དབང་དུ་བྱེད། ཅེས་བྱ་བ་དང་འབྲེལ་ཏོ། །བ་ལང་རྣ་བའི་ལྕུག་མ་ནི་གྲགས ་པར་ཟད་དོ། །ལྕུག་མ་ཞེས་བྱ་བ་སྨོས་པ་ནི་ལྕུག་མ་གཟུགས་པར་བྱ་སྟེ། འབྲས་བུ་ལས་མི་སྐྱེ་བའི་ཕྱིར་རོ། །ཁར་བཅུག་ན་ཞེས་བྱ་བ་ནི་སྔར་བཤད་པ་ལྟར་བསྐྱེད་པའི་འབྲས་བུ་སྨིན་པར་གཟུང་བར་བྱའོ།། ཤན་པའི་བུ་མོ ་སྔོན་མོ་ཞེས་བྱ་བ་ནི་བུ་མོའི་མདོག་སྔོ་བའི་ཟླ་མཚན་དང་པོར་བྱུང་བ་གཟུང་བར་བྱའོ། །བ་ལང་རྣ་དང་རྣ་བའི་ལྡུམ་ཞེས་བྱ་བ་ནི། བ་ལང་རྣ་བ་ནི་གྲགས་པར་ཟད་དོ། །ལྡུམ་བུ་ནི་ལྕུག་མའི་རྣ་བ་ནི་བྱི་ལའི་རྣ་བ་ཞེས་བྱ་བ་སྟེ། དེའི་ས་བོན ་གཟུང་བར་བྱའོ། །འབྲས་བུ་ཆེན་པོ་སྟེར་བར་འགྱུར་ཞེས་བྱ་བ་ནི། སྨན་དེ་རྣམས་ཀྱི་རྩ་བ་སྐར་མ་བཟང་པོ་ལ་སོགས་པ་ལ་བཏོན་ཏེ། ལུས་ལ་བཅངས་ན་འབྲས་བུ་ཆེན་པོ་སྟེ་འགྲོ་བ་དབང་དུ་བྱེད ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཧ་ས་དེ་བ་ལ་སོགས་པ་གཟུང་ངོ། །བསྒྲུབ་པར་མི་བྱ་བ་དང་ནི་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུ་ལ་སོགས་པའི་སྨན་གྱི་ཚོགས་བསྒྲུབ་པར་མི་བྱ་བ་མེད་དོ་ཞེས་བྱ ་བའི་དོན་ཏོ། །འོན་ཀྱང་མན་ངག་མ་གཏོགས་པར་མི་འགྲུབ་པར་བསྟན་པའི་ཕྱིར། མན་ངག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀ་ཀོན་ཏའི་འབྲས་བུ་ནི་པདྨའི་འབྲས་བུའོ། །སྣ་ཆེན་གྱི་ཐོད་པ་ནི་གླང་པོ་ཆེའི་ཐོད་པའོ། །ཁ ་ཅིག་ནི་དུར་ཁྲོད་ཀྱི་ཐོད་པའོ་ཞེས་ཟེར་རོ། དུར་ཁྲོད་སྐྱེས་པའི་འབྲིང་གི་ནི་དུར་ཁྲོད་སྐྱེས་པའི་འབྲིང་ག་ར་ཙ་འོ། །ཡར་ངོ་མར་ངོ་ཞེས་བྱ་བ་ལ་པདྨ་དཀར་པོའི་འབྲས་བུའི་སྦྱོར་བ་ནི་ཡར་ངོ་ལ་བྱ་ལ། འབྲིང་གི་ར་ཙ་ནི་མར་ངོ་ལ་བྱའོ། ། ་ལྷག་མ་ནི་གོ་སླའོ། །ཾ་བའི་ཞེས་བྱ་བ་ལ་སོགས་པ་ལ། །ི་བའི་ཤིང་གི་རུས་པ་ཞག་དང་པའི་རྣམ་པ་ལྔས་བྱུགས་ཏེ། སྐྱེས་བུའི་ཐོད་པར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། སྨིན་པའི་འབྲས་བུ་ལག་པ་གཡས་པ་ལ་ཁུ་བ་བྱུགས ་ཏེ། ཟླ་བ་ཡར་ངོ་ལ་བྱིན་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །བལ་པོ་སེའུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་བའི་རྣམ་པ་ལྔས་བྱུག་པ་སྦྱར་བར་བྱའོ། །ཁྲག་གིས་ཞེས་བྱ་བ་ནི། སྲིན་ལག་གི་ཁྲག་གིས་ལག་པ་གཡོན ་པ་ལ་བྱུགས་ཏེ། ཟླ་བ་མར་ངོ་ལ་བྱིན་པའོ། །རྒྱལ་ལ་ཞེས་བྱ་བ་ནི་རྟག་ཏུ་ཡང་སྦྱར་བར་བྱའོ། །སྐུ་བ་ཁན་དེ་ཞེས་བྱ་བ་ལ་སོགས་པ་ལ། ཆགས་ཅན་གྱི་ཁམ་པོར་བསྐྱེད་ཅེས་བྱ་བ་ནི་བུད་མེད་ཀྱི་ཐོད་པར་བསྐྱེད་པའོ། །ཉིན་ཕྱེད ་ཅེས་བྱ་བ་ནི་ཆང་ངོ། །དེ་ནི་ཞེས་བྱ་བ་ནི་ས་བོན་ནི། སོགས་ཀྱིས་ནི་འོ་མ་ལ་སོགས་པ་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བུད་མེད་རོའི་ལྟོ་བར་གཞུག་ཅེས་བྱ་བ་ནི་བུད་མེད་ཀྱི་རོའི་དཀུ་འམ། ཆོས་འབྱུང་བའི་ནང་དུ ་གཞུག་པའོ། །དེའི་ཞེས་བྱ་བ་ནི་བུད་མེད་ཀྱི་རོ་དེའིའོ། །མཆིན་པ་ནི་ཁྲག་གིའོ། །བཅས་པ་ནི་ཞག་གོ་།བདུག་པ་ནི་དེའི་ཤ་ལ་སོགས་པའི་བདུག་པའོ། །བུད་མེད་ཀྱི་ནི་ཁྲག་གིས་བྱུག་ཅེས་བྱ་བ་ནི་སྨིན་པའི་ས་བོན་ལ་སོགས་པ ་ལ་ཡང་བྱུག་གོ་།ལྷག་མ་ནི་གོ་སླའོ། །འོལ་སེ་ནི་འོལ་མ་སེའི་ལྕུག་མའོ། །དམར་སེར་ནི་སྤྲེའུའོ། །སྒོ་ང་ནི་ཆང་གི་སྣོད་བཞག་པའི་སྒོ་ངའོ། །འདིར་མན་ངག་ནི་འདི་ཡིན་ཏེ། སྤྲེའུ་ཡི་ཐོད་པར་འོལ་མ་སེའི་ལྕུག་མ་བསྐྱེད་པ་ས ་ལ་མ་ལྷུང་བཟུང་ལ། དེ་ལས་སྒོ་ངར་བྱས་ཏེ། དེར་ཆང་སྣོད་བཞག་ལ་དེར་ཆང་ཅུང་ཟད་བླུགས་ཏེ་དགུག་པར་བྱ་བའི་ཆང་གི་འཕྲོ་ལས་ཁ་བལྟས་ཏེ། རྐང་པ་བརྒྱད་པའི་སྔགས་བཟླས་ན་ཆང་གི་ལྷག་མ་ནི་ཇི་སྙེད་པ་ཐམས་ཅད ་ལ་ལོངས་སྤྱོད་པར་འགྱུར་རོ། །ཞེས་བྱ་བ་འདི་ཡིན་ནོ། །ཆུ་འགྲམ་ཞེས་བྱ་བ་ལ་སོགས་པ་ལ་བསྐྱེད་པ་ཀུན་ལ་ཞེས་བྱ་བ་ནི། སྔར་བསྟན་པའི་ལྕུག་མ་ལ་སོགས་པ་ཀུན་ལའོ། །ལྷག་མ་ནི་གོ་སླའོ། །གཅི་བའི་ཤུལ་གྱི་ཞེས་བྱ་བ་ལ ་སོགས་པ་ལ། སྔགས་ཀྱིས་མངོན་པར་བྱིན་གྱིས་བརླབས་ཞེས་བྱ་བ་ནི་ཆང་བླུགས་ཏེ་འཇིམ་པར་བརྫི་བའོ། །དེའི་ཡན་ལག་ལྔ་བཟུང་སྟེ་ཞེས་བྱ་བ་ནི། དྷ་དྷུ་རའི་འབྲས་བུ་ལ་སོགས་པའི་ཡན་ལག་ལྔའོ། །རིལ་བུ་དག་ནི་མཛེས ་པར་བྱ་ཞེས་བྱ་བ་ནི། རིལ་བུ་བྱས་ལ་དེས་འཕྲལ་བའི་ཐིག་ལེ་མཛེས་པར་བྱ་བའོ། །ལས་རྣམས་ཐམས་ཅད་བྱེད་འགྱུར་ཏེ། ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་དབང་དུ་གྱུར་ནས་བསྒོ་བ་ཐམས་ཅད་བྱེད་པའོ། །ཡུངས་ཀར ་ཞེས་བྱ་བ་ལ་སོགས་པས་ནི། སྔར་བསྟན་པའི་ཆོ་ག་གསལ་བར་མཛད་པ་ཡིན་ནོ། །ཁྲག་བཅས་བསྒོམས་ན་སྟག་སོགས་འགྱུར་ཞེས་བྱ་བ་ནི། འབྲས་བུ་ཁར་བཅུག་ཅིང་གདོང་ལ་སྟག་ལ་སོགས་པའི ་ཁྲག་གིས་བྱུགས་ལ། སྟག་ལ་སོགས་པར་བསྒོམས་ན་སྟག་ལ་སོགས་པའི་གཟུགས་འཛིན་པར་འགྱུར་རོ། །སྦྱོར་བའི་ཆོ་གས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་མཁའ་འགྲོའི་བསམ་གཏན་དང། རྐང་པ་བརྒྱད་པའི་སྔགས ་བཟླས་པ་ལ་སོགས་པ་ལ་འགྲུབ་པོ་ཞེས་བསྟན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པ་འབྲས་བུ་ནི་སྨྱོ་བྱེད་ལ་སོགས་པའི་འབྲས་བུའོ། །བཅོས་མ་ནི་བསྒྱུར་བའོ། །ཕྱག་རྒྱ་ནི་སྦྱོར ་བའོ། །ཡེ་ཤེས་ནི་ཉམས་སུ་བླང་བའི་ཆོ་ག་ཤེས་པའོ། །ཁ་ཅིག་ནི་ཕྱག་རྒྱ་ཞེས་བྱ་བ་ནི་ཁྲག་གིས་བསྒོས་པ་ལ་སོགས་པའོ་ཞེས་ཟེར་རོ། །རིམ་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ ་པར་བཤད་པ་ལས་ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། །།ད་ནི་བསམ་གཏན་ལ་གནས་རྣམས་ཀྱི་ཨཱ་ལི་ཀཱ་ལིའི་ཏིང་ངེ་འཛིན་གྱིས་ལས་རྒྱས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྨན་རྣམས་ཀྱི་ལས་ཀྱི་ཚོགས་བསྟན་གྱི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་བསམ་གཏན་ལ་དགའ་བའི་རྣལ་འབྱོར་པ་རྣམས་ཀྱིས་འདིས་འབྲས་བུ་བདེ་བླག་ཏུ་ཐོབ་པའི་ཕྱིར་ཏེ། ཨཱ་ལི་ཀཱ་ལི་གཉིས ་ཀྱི་ཆོ་ག་འདི་དག་ཇི་བཞིན་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །ཱ་ལི་ཀཱ་ལི་དེ་ཅི་འདྲ་ཞེ་ན། དེ་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་བསྐྱེད་ཅིང་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་སོ། །སྤྲོ་ཞིང་སྡུད ་པར་བྱེད་པ་པོ་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །ཐ་སྙད་ཅེས་བྱ་བ་ནི་སྒྲའི་ཐ་སྙད་ཀྱི་རང་བཞིན་ཡིན་པས་སོ། །ཆོ་ག་ཞེས་བྱ་བ་ནི་ཆོ་གར་བྱས་པས་ན་ཆོ་ག་སྟེ་དབང་དུ་བྱ་བ་ལ་སོགས་པའོ། །སྔགས་ཀྱི་མཚན་ཉིད་ནི་བྱ་བ་དེ ་སྒྲུབ་པའི་ཕྲེང་བའི་སྔགས་རྣམས་ཡིན་ལ། ཐུན་མོང་བ་ཞེས་བྱ་བ་ནི་དེ་དང་འདྲ་བར་བྱ་བ་དེ་རྣམས་སྒྲུབ་པས་ན་ཐུན་མོང་བ་སྟེ། ཨཱ་ལི་ཀཱ་ལིའོ། །ཆོ་ག་ནི་ཏིང་ངེ་འཛིན་གྱི་དགོད་པའི་བདག་ཉིད་དོ། ། ཞེས་བྱ་བ་ལ་སོགས་པས་ནི་དང་པོ་དབྱངས ་ཡིག་གི་ལས་སྟོན་པ་ཡིན་ཏེ། དབྱངས་ཡིག་གཉིས་གཉིས་ལས་ཐུན་མོང་དུ་བསྟན་པ་ཡིན་ནོ། །ཀུ་སུ་མ་ཞེས་བྱ་བ་ཛཧ་བ་ཀུ་སུ་མའོ། །དེའི་ལུས་ནི་རང་ཉིད་ཀྱི་ས་བོན་གྱིས་དཀྲུགས་རྨོངས་བསྒོམས་ན། ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རང་གི་ལུས ་ལ་བཀོད་པའི་ས་བོན་གྱི་འོད་ཀྱིས་ཀུན་ཏུ་ཁྱབ་ཅིང་གཡེང་བར་བསྒོམ་པའོ། །སྐས་ལྟ་བུ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་ག་ལ་སོགས་པར་རིམ་གྱིས་གཟེག་ཅིང་བསྒོམ་པའོ། །མཆོག་ཅེས་བྱ་བ་ནི་གཞན་གྱི་ལུས་ལ་འཇུག་པའི་ཕྱིར་རོ། ། ་དབང་པོའི་མཚོན་ཆ་ཞེས་བྱ་བ་ནི་འཇའ་ཚོན་ཏེ། དེའི་ཁ་དོག་ལྟར་དབུས་ནི་སྒྲུབ་ན་མཛའ་མ་དམར་ཞིང་སེར་བའི་དོན་ཏོ། །ཞགས་པ་ལྟ་བུ་ཞེས་བྱ་བ་ནི་ཞགས་པ་ལྟར་འཆིང་བའི་ཕྱིར་རོ། །ཁ་ཅིག་ནི་ཞགས་པའི་དབྱིབས་ལྟ་བུའོ ་ཞེས་ཟེར་རོ། །དབྱངས་ཡིག་མཆོག་ཅེས་བྱ་བ་ལ། དབྱངས་ཡིག་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་ན། དབྱངས་ཡིག་མཆོག་སྟེ་ཕྱུགས་ལྟར་རྨོངས་པར་བྱེད་པ་དང། གཞན་གྱི་ལུས་ལ་འབྱུག་པར་བྱེད་པའི་ཕྱིར་རོ། །འོང་བར ་འགྱུར་ཞེས་བྱ་བ་ནི་ཡི་གེ་དེ་གཉིས་ཀྱིས་དགུག་པའི་ལས་བྱེད་པར་ཡང་སྟོན་ཏོ། །བདག་ཉིད་དང་ནི་ནོར་དང་བཅས། །དབང་དུ་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི་དབང་གི་ལས་ཀྱི་འབྲས་བུ་སྟེ། བདག་དང་ནོར་ལ་སོགས་པའོ། ། ་སྒྲུབ་པ་པོ་ལ་སྟེར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ལི་ཞེས་བྱ་བ་ནི་སྲིད་པ་སྡོམ་ཞེས་བྱ་བ་ལ། སྲིད་པ་ལུས་སོ། །སྡོམ་པ་ནི་འཆིང་བའོ། །བྱ་རོག་གི་གཤོག་པ་འདྲ་ཞེས་བྱ་བ་ནི་དབྱིབས་ཏེ། ཕྱོགས་གཉིས་བྱ ་རོག་གི་གཤོག་པ་ལྟར་ཟླུམ་པའོ། །མར་ཁུ་ཕྱུང་བའི་འབའ་ཆ་བཞིན་ཞེས་བྱ་བ་ནི། ཇི་ལྟར་འབའ་ཆ་སྣམ་དང་བྲལ་བལྟར་སྐྱེ་བོ་ཀུན་གྱིས་བྱམས་པའི་སྣུམ་གྱིས་གནས་མ་ཡིན་པར་སྟོན་ཏོ། །མཐེ་བོའི་ཁྱོན་ཙམ་དུ་ནི་མཐོང་ཞེས་བྱ ་བ་ནི། ཁམས་གསུམ་པོ་མཐེ་བོ་གཅིག་གིས་གནོན་ཅིང་དབང་དུ་སྡུད་པའོ། །ཁ་ནས་ཁར་ནི་མངོན་ཕྱོགས་ཏེ་ཞེས་བྱ་བ་ནི། བསྒྲུབ་བྱའི་ཁ་ན་གནས་པའི་ཡི་གེ་བདག་གི་ཁ་ན་གནས་པའི་ཡི་གེ་ལ་བསྡུ་བའོ། །དེ་བཞིན་དུ་གནས་དྲུག་པོ ་གཞན་དག་གི་ཡང་སྦྱར་བར་བྱའོ། །ཡང་ན་སྒོ་དང་སྒོ་ཞེས་བྱ་བར་སྦྱར་ཏེ་བདག་གི་སྣ་སྒོ་གཡས་ནས་བྱུང་བའི་དབུགས་ཀྱི་རི་མོས་བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ཏེ། ཡི་གེ་རྣམས་བཀུག་ནས་སླར་དེ་ལས་བཟློག་པའི་ལམ ་ནས་ཞུགས་ཏེ་རང་གི་ལུས་ཀྱི་ནང་དུ་དགང་བའོ། །ཡི་གེའི་ཆ་ཤས་ཞེས་བྱ་བ་ནི་ཨ་དང་ཨེ་སྟེ། དེ་ཉིད་ཡིད་དུ་འོང་བའི་ཕྱིར་ན་ལྕུག་མའོ། །དམ་ཚིག་དབང་ཞེས་བྱ་བ་ནི་སྙིང་གི་མིང་གི་རྣམ་གྲངས་སོ། །ཾ་ཞེས་བྱ་བ་ལ་སོགས་པས ་ནི་དབྱངས་ཡིག་བཅོ་ལྔའི་ལས་བསྟན་ཡིན་ནོ། །ཟླ་བ་གཉིས་ནི་ཆེག་དྲག་བཅས་ཞེས་བྱ་བ་ལ། ཟླ་བ་གཉིས་ནི་ཐིག་ལེ་གཉིས་ཏེ་དེ་ཉིད་ཚེག་དག་གོ་།འདིས་ནི་དབྱངས་ཡིག་བཅུ་དྲུག་པ་བསྟན་ཏེ། འདིའི་ལས་ནི་འོག་ནས ་བཤད་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་དབྱངས་ཡིག་བཅོ་ལྔ་པའོ། །ཡི་གེའི་མཆོག་ཅེས་བྱ་བ་དང་སྦྱར་རོ། །ཅི་འདྲ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་ལ ་ཡང་དག་གནས་ཞེས་བྱ་བར་སྦྱར་ཏེ། སངས་རྒྱས་ཀུན་གྱིས་ཕྱག་རྒྱ་ནི་བདུད་རྩི་འབབ་པའི་རྩ་ཨ་བ་དྷུ་ཏཱི་ཞེས་བྱའོ། །སངས་རྒྱས་རི་མོ་ཞེས་བྱ་བ་ལ་རི་མོ་ནི་མེ་འབར་བའི་ཚུལ་གྱིས་སྟེང་དུ་འགྲོ་བ་སྟེ་ཨོཾ་ངོ་སངས་རྒྱས་ནི་བདུད་རྩིའི ་ཚུལ་གྱིས་འོག་ཏུ་འབབ་པ་སྟེ་ཧཾ་ངོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཡི་གེ་ཨཾ་གིས་གཡས་གཡོན་གྱི་རྩ་སྟེ་། ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་ནོ། །བཅུད་ལེན་ཞེས་བྱ་བ་ལ་བཅུད་ནི་ཁྲག་ལ་སོགས་པའོ། །ལེན་པ་ནི་སྒོའོ། །གཙོ་བོ་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིའོ། །ཐིམ་པ་ནི་ཞུགས་པའོ། །ཅི་ཞིག་ཅེ་ན། རྡོ་རྗེ་སེམས་སོགས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་སོགས་ནི་ཡི་གེ་ཧཾ་ངོ། །འོག་ཏུ་ནི་ཁ་ཐུར་དུ་བལྟས་པའོ། །ཡི་གེ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ནོ། །ཡང་ན་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་ཡི་གེ་རྣམས་ཏེ། དེ་ཉིད་བཅུད་ཀྱི ་གནས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ནོ། །གཙོ་བོ་ནི་སྒོ་ཞེས་བྱ་བར་སྦྱར་ཏེ། ཨོཾ་གི་ཐིག་ལེའི་རི་མོའི་མེ་ལྕེའི་སྒོར་རོ། །སྐུར་ཞེས་བྱ་བ་ནི་འོད་ཟེར་གྱིས་འགྲོ་འོང་མཉམ་པར་སྦྱར་བའོ། །ཟླ་བ་གཉིས་དང་ཡང་དག་ལྡན། ་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེ་གཉིས་དང་མཉམ་པར་སྦྱར་བའོ། །དབང་དུ་བྱེད་ཅེས་བྱ་བ་ནི་ཁམས་གསུམ་ལྷན་ཅིག་པའི་ཡེ་ཤེས་ཀྱི་དབང་དུ་བྱེད་པའོ། །ཁྱབ་པ་ཉིད་དུ་བསྒོམ་པར་བྱ་ཞེས་བྱ་བ་ནི་བསྒྲུབ་བྱའི་ལུས་ལ་བཀུག་ནས ་བསྐོར་བའོ། །ད་ནི་དབྱངས་ཡིག་བཅུ་དྲུག་པའི་ལས་བསྟན་པའི་ཕྱིར། ཨ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེ་དང་བཅས་པའི་དབྱངས་ཡིག་བཅོ་ལྔ་པ་གཟུང་ངོ། །ཐམས་ཅད་སྡུད་པ་ཞེས ་བྱ་བ་ནི་ཡི་གེ་ཐམས་ཅད་སྡུད་པ་སྟེ། བཤད་ཟིན་ཏོ། །འཚེ་བ་ཟློག་པར་བྱེད་པ་ཡིན་ཞེས་བྱ་བ་ནི་ངན་འགྲོ་དང་སྲིད་པའི་འཚོ་བ་ཟློག་པར་བྱེད་པའོ། །བཅུ་དྲུག་པའི་ལས་ནི་གོ་སླ་བས་མ་ཕྱེའོ། །དཀར་པོ་དམར ་པོའི་ཏིང་ངེ་འཛིན་བྱ། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ལྷའི་ཏིང་ངེ་འཛིན་བྱའོ། །དེས་ཅིར་འགྱུར་ཞེ་ན། ཨ་ལ་སོགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འོག་ཏུ་ཨཱ་ལི་ཀཱ་ལིའི་ཡི་གེ་རྣམས་སྔར་བསྟན་པ་དང། ་འོག་ནས་འབྱུང་བ་ལྟར་བདག་དང་གཞན་གྱི་ལུས་ལ་བཀོད་ལ། ཚེགས་མེད་པར་ལས་རྣམས་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདི་ནི་མདོར་བསྡུས་པའི་ཆོ་གའོ། །ད་ནི་ལས་དེ་དག་ཐམས་ཅད་ལ་ཡི་གེ་དེ་དག་ཉིད་ཀྱི་སྔོན་དུ་ལུས་བསྲུང་བའི་ཆོ ་ག་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བསྟན་པའི་ལས་རྣམས་སོ། །ལྷག་མ་ནི་གོ་ཟླའོ། །བདག་གི་དེ་ཉིད་གསལ་བ་ཡིན། ཞེས་བྱ་བ་ནི་བདག་གི་ཁམས་བཅུ་དྲུག་བསྲུང་བའི་དེ་ཁོ་ན ་ཉིད་དོ། །དེ་ལྟར་དབྱངས་ཀྱི་ལས་རྣམས་བཤད་ནས། གསལ་བྱེད་ཀྱི་ལས་རྣམས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་པའི་དེ་ཉིད་འབྱུང་ཞེས་བྱ་བ་ནི། ཤེས་རབ་དང་མཉམ་པར་སྦྱོར་བའི་ལྷའི་ཏིང་ངེ་འཛིན ་ལས་འབྱུང་བའོ། །ཡི་གེ་དང་པོ་ཞེས་བྱ་བ་ནི་ཡི་གེ་ཀའོ། །ཇི་སྲིད་ལུས་ལ་གནས་ཀྱི་བར་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་དེའི་ལུས་ལ་ཡི་གེ་བསམ་པ་དེ་ཉིད་དུའོ། །རང་གི་ལུས་སྡོམ་པས་སྡོམ་པ་སྟེ་ཞེས་བྱ་བ་ནི། དཔལ་ཧེ་རུ་ཀའི་ན ་བཟའ་ཨི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཁྱིམ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ལུས་སོ། །ཐམས་ཅད་དུ་ནི་འབིགས་པར་འགྱུར་ཞེས་བྱ་བ་ནི། དེ་འོད་ཟེར་དམར་པོས་ཡན་ལག་གི་ཚོགས་ཐམས་ཅད་དུ་ཁྱབ་པའོ། །དེ་ལ་ཞེས་བྱ་བ་ནི་སྒྲུབ་པ་པོའི ་ལའོ། །ད་ནི་ཡི་གེ་ལྔ་པོ་དེའི་ལས་ཀྱི་སྔོན་དུ་འགྲོ་བའི་ཆོ་ག་བསྟན་པའི་ཕྱིར། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོ་གར་ཞེས་བྱ་བ་ནི་ཕྲག་པ་གཉིས་སུ་བཀོད་པའོ། །ཆོ་ག་དེ་ལྟར་བྱས་ནས་ནི། །དཔྱད་མི་དགོས་པར་དངོས་གྲུབ་འགྱུར་ཞེས་བྱ་བའི ་གོ་ཆའི་འབྲས་བུ་བསྟན་པ་ཡིན་ཏེ། སྡེ་ཚན་དྲུག་པོ་གཞན་དག་ལ་ཡང་སྦྱར་བར་བྱའོ། །སྡེ་ཚན་དྲུག་གི་ལས་གསུངས་པ། ཅི་ཞེས་བྱ་བ་ལ་སོགས་པ་ལ་རླུང་གི་གནས་ཀྱི་ཡི་གེ་སྟེ། ཞེས་བྱ་བ་ནི། བསྐྱོད་པར་བྱེད་པའི་ས་བོན་ཡིན་པའི་ཕྱིར་རོ། ། ་ཡང་ན་རླུང་ལ་གནས་པ་སྟེ་རླུང་གི་དཀྱིལ་འཁོར་ལ་གནས་པར་བྱ་བའོ། །དེའི་ཚེ་བདུན་པའི་དོན་གྱི་དྲུག་པ་ཡིན་ནོ། །ཆ་གཉིས་པ་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཡི་གེ་ཚ་སྟེ་ཆོག་གཉིས་དང་ལྡན་པའི་ཕྱིར་རོ། །བཅུད་དང་ཕྲལ་བར་བསམ་ཞེས ་བྱ་བ་ལ། བཅུད་དང་འདྲ་བས་ན་བཅུད་དེ་སེམས་སོ། །ཕྲལ་བ་ནི་མེད་པའོ། །བསམ་པ་ནི་བསྒོམ་པའོ། །དབོ་བ་ནི་བླུགས་པའོ། །དབང་པོའི་མཚོན་ཆ་ལྟ་བུའི་མདོག་ཅེས་བྱ་བ་ནི། འཇའ་ཚོན་ལྟ་བུའི་མདོག་གོ་།བདུད་རྩིའི་སྒོ་ཞེས་བྱ་བ་ནི་ཟླ་ཚེས་སོ།། ་ཐིག་ལེ་ནི་གྲགས་པར་ཟད་དོ། །དེ་ནི་ཊི་ཞེས་བྱ་བར་འགྱུར་ཏེ། སྤྱི་བོའི་སྟེང་དུ་བསམ་ཞེས་བྱ་བ་ནི་ཁ་ཐུར་དུ་བལྟས་པར་བསྒོམ་པའོ། །ཡི་གེ་གཉིས་པ་ཞེས་བྱ་བ་ནི། ཊ་ལ་བལྟོས་པ་གཉིས་ཏེ་པ་ཐ་མའོ། །དབང་ཆེན་དང་ནི་འདྲ་བར་འདོད ་ཅེས་བྱ་བ་ནི་ཁ་དོག་སེར་པོའོ། །ཡི་གེ་རྒྱལ་པོ་གསུམ་པ་སྟེ། ཞེས་བྱ་བ་ལ། འདིར་གསུམ་པའི་གསུམ་པ་ཞེས་བྱ་བར་སྦྱར་ཏེ། སྡེ་ཚན་གསུམ་པའི་གསུམ་པ་ཡི་གེ་ཌའོ། །རྡོ་རྗེ་ལྟ་བུའི་དབྱིབས་ཅན་ཏེ་ཞེས་བྱ་བ་ནི། རྡོ་རྗེ་རྩེ་གཅིག་པའི ་དབྱིབས་ལྟ་བུའོ། །བཞི་ཞེས་བྱ་བ་ནི་ཆང་གིས་སྨྱོས་པ་ལྟ་བུར་ཆགས་པས་མྱོས་པའི་ཕྱིར་བཞི་བའོ། །དེའི་དྲུང་ན་གནས་པའི་ཞེས་བྱ་བ་ནི། ཏའི་འོག་ན་གནས་པ་སྟེ་གཉིས་པ་ཞེས་བྱ་བའི་དོན་ཏོ། །སྟོང་པའི་ལས་ཞེས་བྱ་བ་ནི་དྲན་པས་སྟོང ་པའི་ལས་སོ། །སྡོང་གོག་དང་ནི་མཚུངས་པར་འགྱུར་ཞེས་བྱ་བ་ནི། བཅུད་དང་བྲལ་བའི་ཤིང་ལྟར་རྣམ་པར་ཤེས་པ་རྒྱུ་བ་མེད་པའོ། །དེ་ཉིད་ཀྱིས་ན་ཕྱུག་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་བསྒྲུབ ་པར་བྱ་བའོ། །ཉི་མ་བརྒྱད་པའི་ཆ་ལ་ནི་ཞེས་བྱ་བ་ནི། །ཉི་མ་བདུན་པ་འདས་ཀྱི་འོག་ཏུའོ། །རླུང་གི་གནས་ཞེས་བྱ་བ་ནི་རླུང་གི་གནས་ཏེ། བ་བ་ན་ཞེས་ཟེར་བའི་ཕྱིར་རོ། །ཡང་ན་འདིས་སྐྱོད་པར་བྱེད་པས་ན་རླུང་གནས་སོ། །གྲུ་བཞི ་པ་ཞེས་བྱ་བ་ནི་ཟླུམ་པོའོ། །ཟླ་བའི་འོད་ཅན་སྒྲུབ་བྱ་ནི། །དབུས་སུ་སྒྲུབ་པོས་ཐིམ་པར་བསམ་ཞེས་བྱ་བ་ནི། བའི་སྟེང་དུ་བསྒྲུབ་པར་བྱ་བ་བཞག་པའོ། །འདི་ནི་རྟག་ཏུ་བསྒོམ་འགྱུར་ནི། །ཞེས་བྱ་བ་ནི་བདུད་རྩི་འཛག་པའི་སྤྱི ་བོའི་སྟེང་དུ་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་བསྒོམས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཟླ་བ་དམར་དང་བཅས་པ་རུ་ཞེས་བྱ་བ་ལ། དམར་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་གནས་པའི་ཡི་གེ་ཨོཾ་མོ། །ཟླ་བ་ནི་བདེ་བ ་ཆེན་པོའི་འཁོར་ལོར་གནས་པའི་ཡི་གེ་ཧཾ་ངོ། །ལྷན་ཅིག་ཏུ་ནི་བཟླས་གྱུར་ན་ཞེས་བྱ་བ་ནི། ཨོཾ་གྱི་འོད་ཟེར་མགོ་བོར་སོང་བས་མི་ཤིགས་པའི་ཐིག་ལེ་ཞུ་བའོ། །རྟག་ཏུ་བདུད་རྩིའི་རྒྱུན་འདྲར་འགྱུར། །ཞེས་བྱ་བ་ནི་དེ་ལས་བྱུང་བའི ་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་བར་བསྒོམ་པའོ། །ཡང་ན་ཨ་རུ་ར་ན་ཞེས་བྱ་བ་ནི་སྐྱ་རེང་སྟེ་སྤྲུལ་པའི་འཁོར་ལོར་གནས་པའི་ཨའོ། །ཟླ་བཅས་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི ་ཆོས་ཀྱི་འཁོར་ལོའི་ཡི་གེ་ཧཱུཾ་ངོ། །བཟླས་ཞེས་བྱ་བ་ནི་ཕན་ཚུན་གྱི་འོད་ཀྱི་བསྐུལ་བའོ། །ཡང་ན་སྤྲུལ་པ་དང་ཆོས་ཀྱི་འཁོར་ལོ་ཁ་སྦྱོར་གཅིག་ཏུ་བསྒོམ་པའོ། །བདུད་རྩིའི་རྒྱུན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དབང་པོའི་མཚོན་ལྟ་བུ ་ཞེས་བྱ་བ་ནི་རྡོ་རྗེའི་དབྱིབས་ལྟ་བུའོ། །རླུང་བདུན་གྱི་ནི་གཙོ་བོ་དང་ཞེས་བྱ་བ་ནི། རླུང་བདུན་ནི་སྲོག་འཛིན་པའི་དང། གྱེན་དུ་རྒྱུ་བ་དང། ཐུར་དུ་སེལ་བ་དང། མེ་དང་མཉམ་དུ་གནས་པ་དང། ཁྱབ་པར་གནས་པ་དང། ལྷ་བྱིན་དང། གཞུ་ལས ་རྒྱལ་ལ། །གནས་ཞེས་བྱ་བ་ནི་ས་བོན་ནོ། །རྣམ་པ་བཞིར་ནི་རྟེན་པ་སྟེ། ཞེས་བྱ་བ་ནི་ཁ་དང་སྣ་དང་རྣ་བ་དང་མིག་དག་ཏུའོ། །རླུང་གིས་ཀུན་ཏུ་བསྐོར་བ་ནི་ཞེས་བྱ་བ་ནི་རླུང་གིས་བཏེག་པའོ། །ཡི་གེ་གཉིས་ཞེས་བྱ་བ་ནི་ཡཾ་དང་རཾ་ངོ། །ཁ ་ཞེས་བྱ་བ་ས་ཡིན་ཏེ། ཞེས་བྱ་བ་ནི་སའི་ས་བོན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཛིན་པ་ཞེས་བྱ་བ་སྟེ་སྐྱེད་པར་བྱེད་པའོ། །དབང་པོ་རྡོ་རྗེས་མཚན་པ་ཞེས་བྱ་བ་ནི། དབང་ཆེན་གྱི་དཀྱིལ་འཁོར་ལ་གྲཝ་ན་རྡོ་རྗེས་མཚན་པའོ། །བཞི་པ ་ཞེས་བྱ་བ་ནི་ཡ་ནས་བརྩིས་པའི་བཞི་པ་སྟེ་ཝའོ། །དེའི་ཡི་གེ་དེ་གཉིས་ཀྱིས་དུག་བསལ་བའི་ལས་གསུངས་པ། གདེངས་ཀ་ཞེས་བྱ་བ་ལ་སོགས་པ་ལ་ལྷག་མ་ཅན་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་ལྷག་མ་ཅན་གྱི་གཟུགས། དེར ་བདག་ཉིད་བསྒོམ་པའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་དེ་ལྟར་བསྒོམ་པའི་མིག་གཉིས་སུ་ཡི་གེ་ཨི་དཀར་པོ་བདུད་རྩིའི་རྒྱུན་འབེབས་པ་འོད་ཟེར་སྣ་ལྔར་འབར་བ་བསྒོམས་ལ། བསྒྲུབ་པར་བྱ་བ་ཡང་དེ་ལྟར ་བསྒོམ་ཏེ། སྟེང་གནས་པའི་ཆུ་རྒྱུན་དབབ་ཅིང། ཨིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་དགང་བར་བྱའོ། །དེ་ལྟར་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་ཉིས་འགྱུར་ཞེས་བྱ་བ་ནི་དབང་ཆེན་དང་ཆུའི་དཀྱིལ་འཁོར ་རོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པ་ལྟར་རོ། །བུད་མེད་དབང་ཕྱུག་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ནི་གཡོན་པའོ། །བསྐོར་བ་ནི་དེ་དང་ལྷན་ཅིག་ཏུ་འཇུག་པའི་ལྷའི་སྐུའི་ཡང་ཡང་ནི་ཡང་དང་ཡང་དུ་བསྐོར ་པའོ། །གཙོ་མོ་བཞི་ནི་རྣམ་པ་བཞིའི་ཞེས་བྱ་བ་ལ། གཙོ་མོ་བཞི་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་རྣལ་འབྱོར་མ་བཞིའོ། །རྣམ་པ་བཞི་ཞེས་བྱ་བ་ནི། དེ་རྣམས་ཀྱི་ས་བོན་ཤ་ཥ་ས་ཧ་རྣམས་སོ།། ་དེ་ཉིད་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་ལ་རླུང་ཞེས་བྱ་བ་ནི་ཤའོ། །མེ་ཞེས་བྱ་བ་ནི་ཥའོ། །བདུད་རྩི་ཞེས་བྱ་བ་ནི་སའོ། །བཅུད་ཅེས་བྱ་བ་ནི་ཧའོ། །ལུས་ནི་མེ་ལས་བྱུང་བ་རུ་ཞེས་བྱ་བ་ནི་ཤ་ལས་བསྐྱེད་པའོ། །འོག་དང ་སྟེང་དུ་ཝ་ཡིས་བརྒྱན་ཞེས་བྱ་བ་ནི། ཤའི་མགོ་བོ་དང་མཇུག་མ་ཝ་འདྲ་བའི་ཕྱིར་རོ། །བརྟན་མ་ཡིས་ན་འཁྲུལ་འཁོར་གྱིས་ཞེས་བྱ་བ་ལ་བརྟན་མའི་འཁྲུལ་འཁོར་ནི་དེའི་སྙིང་གར་ཡི་གེ་ཤ་སྦྱར་བའོ། །དེ་ལྟར་ཤིང་ལས ་བཤད་ནས། ཥའི་ལས་བསྟན་པའི་ཕྱིར། གཤིན་རྗེ་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དྲོད་ཀྱི་སྡེ་པའི་ཡི་གེ་གསུམ་པའི་ལས་གསུངས་པ། གཤིན་རྗེ་མཆེ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་གོ་སླའོ། །བཞི་པའི ་གསུངས་པ་ཐིག་ལེར་བཅས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཧ་དང་བཅས་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའོ། །དེས་ནི་ཧྲཾ་ཞེས་བྱ་བར་འགྱུར་རོ། །གང་གིས་ལྕེའི་སྟེང་དུ་ཞེས་བྱ་བ་ནི། རྡོ་རྗེར་བྱས་པའི་ནང་དུའོ། །བསམས་ན་ཕུར་བུ་ལྟ་བུར ་འགྱུར་ཞེས་བྱ་བ་ནི་གཟའ་ཕུར་བུ་ལྟར་སྙན་དངགས་མཁན་པོར་འགྱུར་རོ། །དེ་ལྟར་ས་དང་ས་མཛའ་ཨི་ཞེས་བྱ་བ་ལས་ནི་ཟླ་ཚེས་སོ། །མཛའ་ཨི་ནི་ཧ་སྟེ། ཐིག་ལེ་དང་ཟླ་ཚེས་སུ་བཅས་པའི་ཧའི་ལས་བསྟན་པའོ། །ཅུང་ཟད་སྔོ་བ་འཇིགས ་ཆེན་མོ། །ཞེས་བྱ་བ་ནི་གཤིན་རྗེ་འཇོམས་མའོ། །མ་ཧེ་དང་ནི་རྟ་དག་གི་།འཁྲུལ་འཁོར་སྦྱོར་བ་ཀུན་ལ་བསམ་ཞེས་བྱ་བ་ལ། ཀུན་ནི་དབྱེ་བའི་ལས་ལ་སྟེ། དེར་མ་ཧེ་དང་རྟ་ལ་གནས་པའི་ཧཾ་གིས་འཁྲུལ་འཁོར་སྦྱར་བར་བྱའོ། །ཡི ་གེ་ལྔ་ཞེས་བྱ་བ་ནི་ཧ་སྟེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་ཝ་ནས་ཧའི་མཐར་ཐུག་པ་ལྔའོ། །མགོ་དང་བྲལ་ཞིང་ཐིག་ལེས་བརྒྱན་ཞེས་བྱ་བ་ནི། མགོ་མེད་པའི་ཧཾ་ཁ་ཐུར་དུ་བལྟ་བ་སྟེ། བདེ་བ་ཆེན་པོའི ་འཁོར་ལོ་ལ་གནས་པའོ། །ཁྱབ་བྱ་ཁྱབ་བྱེད་ཅེས་བྱ་བ་ནི། རྩ་ཐམས་ཅད་དང་ཁམས་ཐམས་ཅད་དུ་འགྲོ་བའོ། །སྟོང་དང་ཤིན་ཏུ་སྟོང་པ་དང། །སྟོང་པ་ཆེན་པོ་ཞེས་བྱ་བ་ནི་ཁམས་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བྱེད་པའི་ཕྱིར་རོ། ། ་ཡང་ན་འཁོར་ལོ་གསུམ་གྱི་གནས་སུ་དགའ་བའི་ཡེ་ཤེས་འབེབས་པའི་ཕྱིར་རོ། །ཡི་གེ་ཀྵའོ་ལས་གསུངས་པ། མགོ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། མགོ་དང་བྲལ་བའི་ཡི་གེ་ཀྵ་ཞེས་བྱ་བ་ནི། རྐན་གྱི་ལམ་དུ་བསམ་པར་བྱ ་བ་དང་འབྲེལ་ཏེ། རྐན་གྱི་ལམ་ནི་སྤྱི་གཙུག་གི་སྒོའོ། །ཐིག་ལེར་ལྡན་པའི་སྦྱོར་བ་ཞེས་བྱ་བ་ནི། ཡི་གེ་ཀྵ་སྟེ་མེ་འབར་བའི་གཟུགས་ཅན་དུ་སྣ་སྒོའི་ལམ་སྟེ། སྣའི་བུ་ག་གཉིས་སུ་བསྒོམ་པར་བྱའོ། །དེ་ཉིད་གསུངས་པ། རི་མོ་དག་ནི་ཞུགས ་པར་བར་མ་ཞེས་བྱ་བ་སྟེ། རི་མོ་དེ་ཡང་ཅི་འདྲ་ཞེ་ན། རི་མོ་མར་མེའི་རྩེ་ལྟ་བུ་སྟེ། ཀྵཾ་གི་ཐིག་ལེ་ལས་མེ་འབར་བའོ། །དཀྱིལ་འཁོར་བཞིའི་གཟི་ཅན་བསམ་ཞེས་བྱ་བ་ནི་དབང་ཆེན་ལ་སོགས་པའི་སྦྱོར་བ་བཞིའི་འོད་འཕྲོ་བའོ། །རྟག་ཏུ་རྐན ་ནི་ཕུག་སྟེ་གནས་ཞེས་བྱ་བ་ནི། འོད་འབར་བ་དང་བཅས་པར་ཚངས་པའི་སྒོའི་བར་དུ་འབར་བའོ། །རྩེ་མོ་རྒྱས་པ་མཐོང་འགྱུར་ཏེ། །ཞེས་བྱ་བ་ནི། རྩེ་མོ་ནི་འདས་པ་ལ་སོགས་པའི་ཆའོ། །རྒྱས་པ་ནི་མ་ལུས་པའོ། །རྩེ་མོ་རྒྱས་པ་མཐོང་འགྱུར ་ཏེ། མཐོང་བ་ནི་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པའོ། །གཞན་གྱི་གྲོང་སོགས་འདོད་བཞིན་འགྲོ་ཞེས་བྱ་བ་ལ། གཞན་གྱི་གྲོང་དུ་འགྲོ་བ་ནི་གཞན་གྱི་ལུས་ལ་འཇུག་པའོ། །འདོད་པ་ནི་རང་གི་བྱ་བ་ཤེས་པ་ཞེས་བྱའོ། །ཇི་ལྟར་ཡི ་གེ་ཀྵ་སྦྱོར་བ་བཞི་དང་ལྡན་པས་ལས་ཐམས་ཅད་པ་ཉིད་དུ་བསྟན་པ་ལྟར། སྡེ་ཚན་གྱི་ཡི་གེ་ཐམས་ཅད་ལས་ཐམས་ཅད་པ་ཉིད་དུ་བསྟན་པའི་ཕྱིར། རེ་རེ་ཡི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་སྡེ་ཚན་སོ ་སོ་ཡི། །ཡི་གེ་དག་ནི་སོ་སོ་ཞིང། །རེ་རེ་འང་སྦྱོར་བ་བཞི་བཞི་སྟེ་ཞེས་བྱ་བ་ནི། སྡེ་ཚན་བརྒྱད་པོ་ཐམས་ཅད་ལས་རྣམ་པ་བཞི་བཞི་དང་ལྡན་པར་བསྟན་པ་ཡིན་ནོ། །གཅིག་དང་བཞི་རུ་སྦྱར་བ་བཞིན་ཞེས་བྱ་བ་ནི། ཡི་གེ་ཀྵ་གཅིག་ཏུ་སྦྱོར་བ་བཞིན ་བཤད་པ་ཇི་ལྟ་བ་བཞིན་དུའོ། །ཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་ཀཱ་ལིའི་སྔགས་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་གཟུགས་སོ། །ཆོ་ག་ནི་བྱ་བ་སྟེ་དབང་དུ་བྱ་བ་ལ་སོགས་པའི་ལས་སོ། །སྒྲུབ་ཐབས་འབྱུང་བ་ནི་ཏིང ་ངེ་འཛིན་གྱི་ལུས་ལ་དགོང་པའོ། །དོན་དེ་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཅིག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། ། ་ད་ནི་ཙཀྲ་སམ་པ་ར་དང། འདི་ལས་ཀྱང་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་བཤད་པར་བཞེད་ནས། དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཁྱོད་ཀྱིས་བཤད་པ་གསང་བ་དང།། ་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བ་ནི། གསུངས་པ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་གསང་བ་ཞེས་བྱ་བ་ནི་བདུན་པའི་དོན་གྱིས་དང་པོ་ཡིན་ནོ། །དེ་ཡང་གསང་བ་ཞེས་བྱ་བ་དང་པོ་དང། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས ་ཞེས་བྱ་བའི་ཚིག་ཐ་མ་འདི་གཉིས་ཀྱི་བར་ན་གནས་པའི་མཆོག་གི་དགྱེས་པ་ཞེས་བྱ་བའང་གཟུང་བར་བྱ་སྟེ། དེ་ལྟར་ན་སྔར་བསྟན་པའི་ཡི་གེ་བཅུ་དྲུག་པོ་མ་ལུས་པ་བཟུང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡི་གེ་བཅུ་དྲུག་རིག་པ་ཆེ་ཞེས་བྱ་བ ་གསུངས་ཏེ། ཚིག་རྐང་གཉིས་པའི་ཚིགས་སུ་བཅད་པ་ཡིན་ནོ། །དེ་ལ་ར་ལ་སོགས་པའི་ཡི་གེ་འདི་དག་ནི། ཡི་གེ་བཅུ་དྲུག་ཀྱང་ཡིན་ལ། བཅུད་ཀྱིས་ལེན་གྱི་རྫས་བཅུ་དྲུག་བརྗོད་པར་བྱེད་པས་རིག་པ་ཆེན་པོ་ཡང་ཡིན་ཏེ། དེས་ན་ཡི་གེ་བཅུ ་དྲུག་རིག་པ་ཆེའོ། །བཤད་པ་ནི་གསུངས་པའོ། །ཅི་ཞིག་ཅེ་ན། ཁམས་རྣམས་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། ལུས་འཚོ་བར་བྱེད་ཅིང་འཛིན་པར་བྱེད་པས་ཁམས་རྣམས་ཏེ་རྫས་བཅུ་དྲུག་པོ་ཉིད་དོ། །འདི་ནི་ཉེ་བར་མཚོན་པ་སྟེ། མཁའ་འགྲོ ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་ཁྱོད་ཀྱིས་སྔར་བསྟན་པའི་དོན་ནི་ཇི་ལྟ་བུ་ཞིག་ལགས་ཞེས་བྱ་བར་ཡང་སྦྱར་བར་བྱའོ། །དེ་བཞིན་རྩ་ཞེས་བྱ་བ་ལ་སོགས་པ་ལ། དང་ཞེས་བྱ་བ་ནི་བདེ་མཆོག་ཏུ་གསུངས་པའི ་རྣམ་པ་གཞན་བསྡུ་བ་ཡིན་ནོ། །ཇི་ལྟར་ནང་དུ་ཡང་དག་གནས་ཞེས་བྱ་བ་ནི་རྩ་ལ་སོགས་པ་ཐམས་ཅད་སྦྱར་རོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། མ་མོ་ཞེས་བྱ་བ་ནི་ཁམས་བཅུ་དྲུག་པོ་འདི་དག་ཡིན་ཏེ། དེ་དག་གི་ལུས ་བསྐྱེད་ཅིང་བརྟན་པར་བྱེད་པས་མ་ལྟར་གསོ་བའི་ཕྱིར་མ་མོའོ། །དེ་དག་གི་མ་མོ་ཡང་ཡིན་ལ་ནང་གི་དཀྱིལ་འཁོར་ཡང་ཡིན་ཏེ། སྙིང་པོ་ལེན་པའི་ཕྱིར་རོ། །ཁ་ཅིག་ནི་ནང་གི་རྫས་རྣམས་ལྷའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ཡིན ་ནོ་ཞེས་ཟེར་རོ། །རྣལ་འབྱོར་པའི་བདུད་རྩི་སྦྱོར་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱི་བཅུད་ཀྱི་ལེན་གྱིས་སྦྱོར་བ་སྟེ། སྦྱོར་བ་ཉིད་བདུད་རྩི་སྦྱོར་བའོ། །ཆ་ནི་བསྒྱུར་བ་སྟེ་སྦྱོར་བ་གཞན་གྱི་ནང་གི་རྫས་ཀྱི་སྦྱོར་བཅུ་དྲུག་ཏུ་བསྒྲེ་ཞིང་བསྒྱུར་བའི་ཆར་ཡང ་མི་ཕོད་དོ་ཞེས་བྱ་བའི་དོན་ཏོ། །རྫས་རྣམས་ཡི་གེ་རེ་རེ་ཞིང་སོ་སོའི་བརྡས་བསྟན་པའི་ཕྱིར། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སི་ར་ཞེས་བྱ་བ་ནི་སྐྲ་ལས་བྱུང་བའི་མར་ནག་དང་སྐྲ་ལས་བྱུང་བའི་ལན་ཚྭ་གཉིས་སོ། །སོ་དང ་ལག་སྐྱེས་ཞེས་བྱ་བ་ནི་སོ་དང་སེན་མོའི་རྡུལ་སྟོན་པ་སྟེ། དེ་ལྟར་ན་རྫས་བཅོ་བརྒྱད་སྡེ་ཚན་བཅུ་དྲུག་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པས་ནི་བདེ་བའི་མཆོག་ཅེས་བྱ་བ ་འཆད་པར་བྱེད་པ་ཡིན་ཏེ། སྐབས་མ་ཡེན་མོད་ཀྱི་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །གཞན་དུ་ན་འདི་ཐམས་ཅད་བརྗོད་པས་ཚེགས་ཆེ་བར་འགྱུར་རོ། །དེ་ལ་བྱང་ཆུབ་ནི་ལྷའོ། །སེམས་ནི་དེ་བཞིན་ཉིད་དོ། །དེ་དག་ལས་བྱུང་བ་ནི་ཀུན་ཏུ ་བཟང་པོའི་རང་བཞིན་ནོ། །དེ་ཉིད་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའོ། །དམ་པ་ནི་གཉིས་སུ་མེད་པའོ། །མཆོག་ནི་གཙོ་བོ་སྟེ་བདེ་བ་མཆོག་ཅེས་བྱ་བའི་དོན་ཏོ། །རྩ་རྣམས་ཐམས་ཅད་ཡང་དག ་འདུས། །ཞེས་བྱ་བ་ནི་རྩ་ཐམས་ཅད་མཉམ་པར་སྦྱོར་བ་ལས་སྐྱེས་པའོ། །ཡང་སྔར་ཐལ་བའི་འཕྲོ་གསང་བ་ཞེས་བྱ་བ་ལ་སོགས་པ་རྣམ་པ་གཞན་བསྟན་པའི་ཕྱིར། གསང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྔ་ཞེས་བྱ་བ་ནི་བདུད ་རྩི་ལྔ་ཉིད་དོ། །ཁམས་ཀྱི་སྡེ་ཚན་ཞེས་བྱ་བ་ནི། སྡེ་ཚན་གྱིས་བསྟན་པའི་ཁམས་བཅུ་དྲུག་གོ་།སྡུད་པ་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །དེ་ལྟར་གསང་བ་ལ་སོགས་པ་བཤད་ནས། མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་སེམས་ཅན་རྣམས་འཚོད་ཅིང་འཆོས་པས་ན་ཆགས་པ་སྟེ། མཁའ་འགྲོ་ཀུན་དངོས་སོ། །ཅི་ཞིག་ཅེ་ན། སེམས་དཔའ་ཨོ། །དེ་ཉིད་ཀྱང་མི་ཤེས་སོ་ཞེ་ན་རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ ་སྨོས་སོ། །དེ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་སྙོམས་པར་འཇུག་པའོ། །བྱུང་བ་ནི་སྐྱེས་པ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཁའ་འགྲོ་ཀུན་དངོས་སེམས་དཔའ་ཞེས་བྱ་བའི་ཚིག་བཤད་པ་ཡིན་ནོ། །སེམས་དཔའ་ཨི་བསྒྲུབ ་པ་ནི་འོག་ནས་བཤད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཉིད་ཀུན་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་སྒྱུར་བ་དྲུག་ཏུ་ཕྱེ་སྟེ་བསྟན་པའི་ཕྱིར་པདྨ་ཞེས་བྱ་བ་སྨོས་སོ། །སྟེང་དུ་འཕྲོ་ཞེས་བྱ་བ་ནི་ཕྱིས་འགྲོ་བའོ། །རླུང་ནི་སྣ་ཚོགས ་ལས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་རླུང་ནི་རྟ་མཆོག་ཡིན་ཞེས་བྱ་བར་སྦྱར་ཏེ། རྟ་མཆོག་ནི་དོན་ཡོད་པར་གྲུབ་པའོ། །འདི་ནི་ཉེ་བར་མཚོན་པ་སྟེ། མེ་ལ་སོགས་པ་སྣང་བ་མཛའ་ཡས་སུ་ཡང་སྦྱར་བར་བྱའོ། །སྣ་ཚོགས་ཞེས་བྱ་བ་ནི ་འབྱུང་བ་ལ་སོགས་པ་ཐམས་ཅད་དོ། །ལས་བྱུང་ཞེས་བྱ་བ་ནི་གཉིས་སུ་མེད་པ་སྟེ། འདིས་ནི་དྲུག་པ་རྡོ་རྗེ་སེམས་དཔའ་སྟོན་ཏོ། །ཁྱད་པར་ཡོད་པ་རྟ་མཆོག་ཡིན་ཞེས་བྱ་བ་ལ། ཁྱད་པར་ནི་ཁྱད་པར་གྱི་དགའ་བའོ། །སྤྱོད་པ་ཞེས་བྱ ་བའི་སྒྲས་ནི་དེ་དང་ལྷན་ཅིག་ཏུ་རྒྱུ་བ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་གཟུང་ངོ། །ཡང་ན་ཨཏྟ་ཞེས་བྱ་བ་ནི་འཆིང་བར་སྟོན་ཏོ། །དེས་བཅིངས་པའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགའ་གཉིས་ནི་དོན་གྱིས་ཤེས་པར་བྱའོ། །དེ་ལྟར ་ན་ཀུན་ཏུ་དགའ་བ་ནི་པདྨ་གར་གྱི་དབང་ཕྱུག་གོ་།མཆོག་ཏུ་དགའ་བ་ནི་རྡོ་རྗེ་ཉི་མའོ། །རྣམ་པར་སྣང་མཛད་ནི་གཉིས་ཀ་ལས་སྐྱེས་པའོ། །ཁྱད་པར་གྱི་དགའ་བ་ནི་དོན་ཡོད་གྲུབ་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་མི་བསྐྱོད་པ་སྟེ། རྡོ ་རྗེ་སེམས་དཔའ་དགའ་བ་ཀུན་གྱི་རང་བཞིན་ནོ། །རྣམ་ཤེས་ནི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །ཅིའི་ཕྱིར་བྱང་ཆུབ་སེམས་མི་བསྐྱོད་པ་ཡིན་ཞེས་སྒྲ་བསྒྲུབ་པ་གསུངས་པ། ཕན་ཚུན་གཉིས་མེད་རང་བཞིན་ནོ།། ་ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕན་ཚུན་ཡེ་ཤེས་ཀྱིས་རང་བཞིན་དུ་མི་ཕྱེད་ཅིང་མ་དཀྲུགས་པའི་ཕྱིར་རོ། །དེ་ལྟར་ན་པདྨ་གར་གྱི་དབང་ཕྱུག་དང། རྡོ་རྗེ་ཉི་མ་ནི་མེའོ། །རྣམ་པར་སྣང་མཛད་ནི་སའོ། །དོན་ཡོད་གྲུབ་པ་ནི་རླུང་ངོ། །མི་སྐྱོད ་པ་ནི་ཆུའོ། །ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཞག་པའོ། །ཡང་གསུངས་པ། གནས་དེར་ཞེས་བྱ་བ་ལ་སོགས་པ་ལ་དེར་ཞེས་བྱ་བ་ནི ་ཆོས་འབྱུང་བ་དང། རྡོ་རྗེའི་ཕྱག་རྒྱར་རོ། །ནུབ་པ་ཞེས་བྱ་བ་ནི་བཅུག་པ་སྟེ། རྡོ་རྗེ་དང་ཆོས་འབྱུང་བའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བས་ཞུགས་པའོ། །ཉི་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་སྐད་དུ་གསལ་པར་བྱང་ཆུབ་སེམས་ལ་ནི། རྡོ ་རྗེ་ཉི་མ་ཞེས་བྱར་བརྗོད་ཅེས་ཟེར་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ཞེས་བྱ་བ་ནི། དེ་ཉིད་ལྷ་ལ་སོགས་པའི་ལུས་ཀྱི་རྣམ་པར་བྱུང་བའོ། །བདེ་བ་བསྡུས་བྱ་ཞེས་བྱ་བ་ནི། དེར་ཐམས་ཅད་རོ་གཅིག་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་ཟག་པ་མེད ་པའི་ཕྱིར་རོ། །འཁོར་བའི་ལམ་ནི་གཅོད་པ་པོ་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པས་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་ནི་ཐ་དད་པར་གྱུར་པའོ། །དེ་འདི་ལ་མེད་པས ་སྤྲོས་པ་ཉེ་བར་ཞི་བའོ། །དེ་ཉིད་ཐམས་ཅད་ཀྱི་རང་བཞིན་བསྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་གཞན་བཤད་པ་ཡིན་ཏེ་གོ་སླའོ། །ད་ནི་རྡོ་རྗེ་མཁའ་འགྲོ་བདེ ་བའི་མཆོག་ཞེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བའི་ཚིག་གི་དོན་བཤད་པར་འདོད་ནས། མི་ཤེས་རི་བོ་འཇོམས་པས་ན། །ཡེ་ཤེས་ཉིད་ནི་རྡོ་རྗེའོ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་ཉིད་རྡོ་རྗེའོ། ། ་མཁའ་འགྲོའི་སྒྲ་ནི་འོག་ནས་སྟེན་པར་འགྱུར་རོ། །བདེ་བའི་མཆོག་ནི་བཤད་ཟིན་ཏོ། །ད་ནི་གོང་དུ་ཐལ་བའི་སེམས་དཔའ་ཨི་སྒྲ་བསྒྲུབ་པར་འདོད་ནས། སེམས་དཔའ་རྣམ་པ་གཉིས་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་བདེ ་མཆོག་ལ་སོགས་པ་ལས། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་ཟེར་བས། འདིར་སེམས་དཔའ་བཤད་པ་ཡིན་ནོ། །སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ནི་རྣམ་པ་བཞི་རུ་གནས་ཞེས་བྱ་བ་དང་འབྲེལ་ཏོ ་གང་ཞེ་ན་ས་དང་ཆུ་དང་མེ་དང་རླུང་གི་ཞེས་བྱ་བ་སྨོས་ཏེ། འདིས་ནི་འདིའི་རང་བཞིན་ཞེས་བྱ་བ་ལ་སོགས་པའི་འབྲེལ་པ་བསྟན་པ་ཡིན་ཏེ། འདི་ནི་མངོན་སུམ་གྱི་ཚིག་སྟེ། བཅོམ་ལྡན་འདས་བདེ་བ་ཆེན་པོའི་རང་རིག་པའི་ཡེ་ཤེས་སོ། ། ་རང་བྱུང་ཞེས་བྱ་བ་ནི་འབྱུང་བ་ཆེན་པོའི་རྗེས་སུ་དཔག་པའི་རང་བཞིན་གྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་གྱུར་པའི་བདེ་བ་ཆེན་པོ་ཡེ་ཤེས་སུ་འབྱུང་བ་རྣམས་ཇི་ལྟར་འདུས་པར་འཚལ་བར་བགྱི་ཞེས་བྱ་བའི་འདྲི་བ་ཐུགས་ལ་བཞག་ནས་ལན་སྟོན ་པ་ཡིན་ནོ། །གལ་ཏེ་འབྱུང་བ་རྣམས་རང་རིག་པའི་ངོ་བོ་ཉིད་མ་ཡིན་ན། ཇི་ལྟར་ཉམས་སུ་མྱོང་བར་འགྱུར་ཏེ། ནམ་མཁའ་ལྟ་བུའི་ཡེ་ཤེས་ལས་ཇི་ལྟར་སྐྱོ་བ་སྣང་བར་འགྱུར་ཞེས་བྱ་བའི་དོན་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །ཉོན་མོངས ་བ་ལ་སོགས་པའི་བདུད་འཇོམས་པ་ཞེས་བྱ་བ་ནི་ཉོན་མོངས་ལ་སོགས་པའི་བདུད་ཀྱི་དྲི་མ་རྣམས་བློ་བུར་བ་ཉིད་ཡིན་ཞིང། གཞན་གྱི་དབང་དུ་གྱུར་པས་རང་གི་དེ་ཁོ་ན་ཉིད་གོམས་པས་འོད་གསལ་བའི་རྣམ་པར་ཡོངས་སུ་གྱུར་པས་སོ། ། ་དེ་ཉིད་ཀྱི་ཕྱིར་རང་འབྱུང་ངོ། །ལྷ་ཉིད་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཉིད་ཅེས་བྱ་བ་ནི། ལུས་ལ་གནས་པའི་ཕྱིར་རོ། །ལྷག་མ་ཉིད་ཅེས་བྱ་བ་དོན་ལྷག་པར་འཛིན་པ་སྟེ། ཁམས་ཞེས་བྱ་བ་སྡུད་ཅིང་འཛིན་པ་འམ་གསལ ་བར་ཁྱེད་པས་ན་དོན་ལྷག་མ་འཛིན་པའོ། །ལྷག་མ་ཅི་ཞིག་ཡིན་ཞེ་ན། གང་སྔར་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་རྣམས་ཞེས་བྱ་བ་ནི་ཁྲག་ལ་སོགས་པའོ། །གཙོ་བོ་ཞེས་བྱ་བ་བསྟན་པའི་ཕྱིར། ཕུང་པོ་དང་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཁམས་ཞེས་བྱ་བ་ནི་ས་ལ་སོགས་པའོ། །ཡང་དག་པར་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི། དེ་དག་སྐྱེད་པར་བྱེད་པའི་ས་བོན་ནོ། །ཁུ་བ་དང་ཁྲག་ཅེས་བྱ་བ་ནི། རྩ་ལས་བྱུང་བ་ཞེས་བྱ་བ་སྦྱར་རོ།། ་དེ་ལས་ཞེས་བྱ་བ་ནི་རྩ་རྣམས་སོ། །ཡང་ན་དེ་ལས་ཞེས་བྱ་བ་ནི། ཡང་དག་པར་བྱུང་བའི་སེམས་སྐྱེ་བ་ལས་སོ། །ཁུ་བ་དང་ཁྲག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཇི་ལྟ་བ་བཞིན་དུ་རང་རང་གི་རྩ་ལས་ཕྱུང་བའི་ཁམས་རྣམས་བདེ་བ་ལས་འགྱུར་པའམ། དེ ་དག་ལས་ཀྱང་བདེ་བ་འབྱུང་བའོ། །བཞེད་གཞུང་གསུངས་པ་ཞེས་བྱ་བ་ནི་རྒྱུད་འདིར་གསུངས་པ་ཉིད་གཞན་དུ་ཡང་བཞེད་པའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དོན་དམ་པར་དབྱེ་བ་མེད་པས་ཉེ་བར་བཏགས་ནས་ཞེས་བྱ་བ་ལ་དོན་དེ་བར་དབྱེ་བ་མེད་བཞེས ་བྱ་བ་ནི། ཡུལ་དང་ཡུལ་ཅན་ཙམ་གྱིས་འབྲེལ་པ་སྟེ། དབང་པོ་རྣམས་ཀྱིས་དོན་རྣམས་ཉེ་བར་ལོངས་སྤྱོད་པས་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པའོ། །དེ་རྣམས་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བ་ལ། དེ་རྣམས་ནི་དབང་པོ་རྣམས་སོ། །ཉེ་བར་རྒྱུ་བ་ནི་ཡུལ་རྣམས་ལ ་ཉེ་བར་ལོངས་སྤྱོད་པའོ། །བྱང་ཆུབ་ཀྱི་སེམས་ཐོབ་པ་ཞེས་བྱ་བ་ནི། ཡུལ་དང་ཡུལ་ཅན་འདྲེས་ནས་ལྷན་ཅིག་སྐྱེས་པ་རོ་གཅིག་པའི་གནས་སྐབས་ཐོབ་པ་སྟེ། དེ་དག་གིས་ནི་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན་ཞེས་བསྙད་དོ། །དེ་ཉིད་ཀྱི་ཁྱད་པར ་གསུངས་པ། འཇིག་རྟེན་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ལ། ཟག་པ་དང་བཅས་པའི་དངོས་པོ་གསུམ་ལས་ཞེས་བྱ་བའི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། གཟུང་བ་དང་འཛིན་པ་དང་འཛིན་པ་པོ་གསུམ་གྱི་དམིགས་པ་དེ་ནི་ཟག ་པ་དང་བཅས་པའི་དངོས་པོ་གསུམ་མོ། །རྙེད་པར་མི་འགྱུར་ཞེས་བྱ་བ་ནི་རྙེད་དཀའ་བའི་བཤད་པའོ། །བྱང་ཆུབ་སེམས་ཀྱི་ཁུ་བ་དང་བདེ་བའི་ཤེས་རབ་ཀྱི་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གསང་བ་ལ་སོགས་པའི་ཚུལ་གྱིས ་གཞན་དུ་བསྟན་པའི་ཕྱིར། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །རྙེད་པ་བདེ་བ་ཀུན་མྱོས་པས། །ངན་པར་སྤྱོད་པ་འགྲུབ་པར་འགྱུར་ཞེས་བྱ་བའི་ཚིག་གི་དོན་བཤད་པའི་ཕྱིར་བཅོམ་ལྡན་འདས་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྷ་ག་དང ་ལྡན་པའི་ཕྱིར། བཅོམ་ལྡན་འདས་མ་སྟེ་བུ་མོའོ། །ལོ་བརྒྱད་པ་ཞེས་བྱ་བ་ནི་ངན་པར་སྤོང་པ་ཞེས་བྱ་བའི་རྣམ་པར་དབྱེ་བའོ། །བཅས་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་སོ། །ལྷ་དང་མིའི་བདེ་བ་ཞེས་བྱ་བ་ནི། ལྷ་དང་མི་དག་གི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བསྡུ ་པའི་ཞེས་བྱ་བ་ནི་ཁམས་ཐམས་ཅད་ཀྱི་བསྡུ་བ་སྟེ། ནང་གི་ཁམས་བཅོ་བརྒྱད་ཀྱིས་ར་ས་ཡཱ་ན་སྦྱར་བའོ། །ཡང་ན་བསྡུ་བ་ནི་རྡུལ་ཆུ་ཟག་པ་སྟེ། དེ་ལ་ལོ་བརྒྱད་པའི་ཁྲག་དང་བཅས་པའི་ཁུ་བ་ཤེས་པའི་ཡིན་ནོ། །རྡོ་རྗེའི་རྡུལ་གྱི་ནི་ཞེས་བྱང་ཆུབ་ཀྱི་སེམས ་འཕྲོས་པའི་རྡུལ་གྱི་ཆ་ཤས་སོ། །དེ་དང་ཁམས་རྣམས་ལྷན་ཅིག་ཏུ་སྦྱར་བ་ནི་མཐོ་རིས་ཀྱི་ལྷ་དང་མིའི་བདེ་བ་ཐོབ་པའི་རྒྱུད་ཉིད་ཡིན་པར་སྦྱར་བར་བྱའོ། །གང་ལས་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུ་མོ་ཞེས་བྱ་བ་ནི་ལོ་བརྒྱད་པའོ། །སྐུད་པ ་ཞེས་བྱ་བ་ནི་རྩ་བཅུ་དྲུག་གོ་།བསྒྲིལ་བ་ཞེས་བྱ་བ་ནི་བསྒྱུར་བ་སྟེ། དེ་དག་གོང་ནས་གོང་དུ་སྤེལ་བའོ། །ཡང་ན་སུམ་འགྱུར་དུ་བྱ་བ་སྟེ། ཁྲག་རྡུལ་ཆུའི་སུམ་འགྱུར་དུ་བྱ་བའོ། །ཆགས་པ་ཆེན་པོ་ཞེས་བྱ་བ་ལ། འདིས་འཚོང་བར་བྱེད་པ་དང། ཐུན ་མོང་མ་ཡིན་པས་ཆགས་པ་ཆེན་པོ་སྟེ། ལོ་བརྒྱད་པ་ལས་བྱུང་བའི་ཁྲག་གོ་།འདི་ནི་གཙོ་བོ་བརྗོད་པ་སྟེ། གཞན་ལས་སྐྱེས་པའི་རྫས་རྣམས་ཀྱང་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བདུད་རྩི་ལྔའི་སྙིང་པོའི་གོང་བུ་བྱས་ལ་ཞེས་བྱ་བ་གསུངས་སོ་། ་དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ་ཞེས་བྱ་བ་ནི་དོན་དེ་ཉིད་གསལ་བར་བྱེད་པའོ། །ཡང་ན་བདུད་རྩི་ལྔའི་སྙིང་པོ་ཞེས་བྱ་བ་ནི་ཁྲག་དང་ཁུ་བའོ། །དང་ཞེས་བྱ་བ་ནི་སྡེ་ཚན་གྱིས་རྫས་གཞན་བསྡུ་བའོ། །ཁམས་རྣམས་བསྡུས་ཤིང་ཞེས་བྱ་བ་ནི་སྦྱོར་བ ་སྟོན་པ་ཡིན་ཏེ། ཁྲག་དང་ཁུ་བ་ལ་སོགས་པར་སྦྱར་བའོ། །དེ་ཉིད་གསུངས་པ། གང་དང་གང་ཞེས་བྱ་བ་ལ་སོགས་པ་སྟེ། བརླན་ཞེས་བྱ་བ་ནི་ལོ་བརྒྱད་པའི་མེ་ཏོག་གོ་།ས་བོན་ཞེས་བྱ་བ་ནི་ཁུ་བའོ། །བསྒྲིལ ་ཏེ་ཞེས་བྱ་བ་ནི་ཁྲག་ཁུ་བའི་སུམ་འགྱུར་དུ་བྱ་བའོ། །བརྟག་པ་ཞེས་བྱ་བ་ནི་བཅུད་ཀྱི་ལེན་དུ་སྦྱར་བའོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི། ལྷ་རྣམས་ཀྱི་བདུད་རྩི་འཐུངས་པ་ལྟར་སྒྲུབ་པ་པོས་ལོངས་སྤྱོད་པ་ཡོངས་སུ་ཞུ་ཞིང་སྨིན་པ་སྐད་ཅིག་ལ་ལྷ ་དང་མིའི་བདེ་བ་ཐོབ་པར་འགྱུར་རོ། །བདེ་བའི་གསལ་བས་མཚན་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་བཅས་པའི་ལོ་བརྒྱད་པའི་ཁྲག་གིས་སྦྱར་བ་ཉིད་བསྡུས་ཏེ་སྟོན་པ་ཡིན་ནོ། །དེས་ནི་ཁྲག་དང་ཁུ་བ་སོ་སོར་བཟུང་ལ་བྱིས་གཅིག ་ཏུ་སྦྱར་བར་བྱའོ། །ཞེས་སྟོན་ཏོ། །ལོ་བརྒྱད་པ་ཇི་ལྟ་བ་བཞིན་དུ་ལོ་དགུ་ནས་བཅུ་དྲུག་གི་བར་གྱི་བུ་མོ་རྣམས་ཀྱི་ཁྲག་སུམ་འགྱུར་དང། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཆུ་ཆ་རེར་སྦྱོར་བ་དག་ཀྱང་ཤེས་པར་བྱའོ། དེ་ཉིད་ཀྱི་སྐུད་པ་བཅུ་དྲུག་ཅེས ་བྱ་བ་གསུངས་ཏེ། ཇི་སྐད་དུ་སྐུད་པ་བཅུ་དྲུག་ཅེས་བྱ་བ། བཅུ་དྲུག་ལོན་པའི་བུ་མོར་བཤད། ཞེས་གསང་བའི་མཛོད་ལས་གསུངས་པའི་ཕྱིར་རོ། །ད་ནི་ལོ་བཅུ་དྲུག་མ་དང་དམ་ཚིག་ལ་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར། ཆོས་ཀྱི ་དབྱིངས་དང་མཉམ་སྦྱོར་བའི། །སེམས་ཀྱི་རྡོ་རྗེ་མངོན་དུ་བྱའོ་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པའི་བདེ་བ་དེ་ལས་བྱུང་བའི་ཕྱིར། ཁུ་བ་ཉིད་བཅུད་ཀྱིས་ལེན་ལ་སྦྱར་བས། ལྷ ་དང་མིའི་བདེ་བ་སྟེར་བར་བསྟན་པའི་ཕྱིར། བདེ་བ་བསྟེན་པ་ལས་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་གོ་སླའོ། །དེ་ཉིད་སྔགས་པ་བསྟན་པའི་ཕྱིར། དེ་དང་མཉམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཕྲ་མོའི་རང་བཞིན་ཞེས་བྱ་བ་ནི་བྱང ་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་སྤྲོས་པའོ་ཞེས་བྱ་བས་བསྟན་ཏེ། དེ་དག་ནི་སྔར་བཤད་ཟིན་ཏོ། །མཐུ་དང་ངོ་བོ་ཉིད་དག་དང། །རང་བཞིན་གྱིས་ནི་གྲུབ་པ་སྟེ་ཞེས་བྱ་བ་ལ། མཐུ་ནི་སྟོབས་སོ། །ངོ་བོ་ཉིད་ནི་རྫས་རྣམས་ཏེ། རྫས་རྣམས་ཀྱི་མཐུ་རང ་བཞིན་གྱིས་གྲུབ་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཟབ་ཅིང་བརྗོད་པར་མི་ནུས་པ་ཞེས་བྱ་བའི་བར་དུའོ། །གང་ཞིག་ཕྱི་རོལ་ལ་དགའ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཁམས་ཀྱི་བཅུད་ཀྱིས་ལེན་སྦྱོར་བའོ། །བཅུ་དྲུག་ཆ་ཞེས་བྱ་བ་ནི ་བཤད་ཟིན་ཏོ། །མི་ཕོད་དོ་ཞེས་བྱ་བ་ནི། བཅུ་དྲུག་གི་ཆའི་སྦྱོར་བ་དེ་ལ་བསྒྲིན་པ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །བརྡའི་ཚུལ་གྱིས་གནས་གསུངས་པ་ཡིན་ཏེ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆུང་ངུ་དང་བར་མ་དང་ཆེན ་པོའི་ཆེན་པོ་ལ་སོགས་པ་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ལྔའི་རྣམ་པར་དག་པ་བསྟན་པའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པས་ཀུན་རྫོབ་ཀྱི་བྱ་བ་རྣམས་གནས་ལྔ ་ལ་སོ་སོར་གནས་པའི་ཕྱིར་དང། ཤེས་རབ་ཀྱི་གནས་ལྔའི་དབྱེ་བ་བསྟན་པའི་ཕྱིར། དབུགས་དབྱུང་མཆོག་དང་ཞེས་བྱ་བ་ལ་སོགས་པ་སྟེ། དབུགས་དབྱུང་ཞེས་བྱ་བ་ནི་ཆུང་ངུའོ། །མཆོག་ཅེས་བྱ་བ་ནི་ཆེན་པོ་དང་ཆེན་པོའི་ཆེན་པོ་ལ ་སོགས་པའོ། །བར་མ་ནི་བར་མ་ཉིད་དོ། །དྲིའི་ཆུ་དང་བཅས་པས་མཆོད་ཅེས་བྱ་བ་ལ། དྲི་ནི་རྣམ་པར་སྣང་མཛད་དོ། །ཆུ་ནི་མི་བསྐྱོད་པ་སྟེ། བཅས་པའི་སྒྲས་རིན་ཆེན་འབྱུང་ལྡན་ལ་སོགས་པ་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས ་པ། བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁུ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པའོ། །དེ་དག་གིས་ནི་བདུད་རྩི་ལྔའི་སྦྱོར་བ་བསྟན་ཏོ། །གཉིས་པར་ན་བཅས་ཞེས་བྱ་བ་ནི་རྡུལ ་ཆུ་གཟུང་བ་ཡིན་ནོ། །དེའི་ཚེ་སྔ་དྲོའི་དུས་སུ་སྣ་ལ་སོགས་པ་ནས་ལོངས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཞེས་བྱ་བ་ནི་རིགས་ཀྱི་བུ་མོ་ལས་གཞན་པ་སྟེ་གཞན་གྱིའོ། །ཡང་ན་སྔགས་ལ་སོགས་པ ་དང་བྲལ་བའི་ཕོ་ཉ་དག་གིས་མེ་ཏོག་ཀྱང་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་ནི་ལྷན་ཅིག་བསྒྲུབ་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་མ་ལ་སོགས་པ་ལས་གཞན་པའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ ་ལྡན་འདས་ཉིད་ཀྱིས་དགོན་པ་ཆེན་པོ་ལ་སོགས་པའི་གནས་ཀྱི་ཕྱོགས་སྟོན་པར་མཛད་པ་ཡིན་ནོ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་ནི་རྣམ་པ་དུ་མ་སྟེ་ཞེས་བྱ་བ་ནི། བརྟན་པ་ལ་སོགས་པའི ་འཇིག་རྟེན་གསུམ་གྱི་རང་བཞིན་སྣ་ཚོགས་སོ། །དེ་ཉིད་བདེ་བ་ཆེན་པོ་ཡིན་པའི་ཕྱིར་པདྨའོ། །དེ་ཉིད་ཡོན་ཏན་སྣ་ཚོགས་དང་ལྡན་པས་གཟུང་བར་བྱ་བས་གཟུངས་སོ། །རས་ཞེས་བྱ་བ་ལ་སོགས་པ་ལ། གསལ་བར་མི་ཕྱེད་པ་ཞེས་བྱ་བ་ནི ་སྒྲིབ་པའི་ངོ་བོ་ཉིད་དེ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་ཤེས་པའོ། །དེ་བས་ན་རས་ནི་གསུམ་པའི་སྒྲར་བལྟ་བར་བྱ་སྟེ། རས་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །མི་མངོན་པར་བྱས་པ་ནི་བཀབ་པ་སྟེ། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས ་པ་དེ་ལ་བསྒྲིབས་པའོ། །ཡང་ན་པདྨ་ནི་ཐབས་སོ། །གཟུངས་ནི་ཤེས་རབ་སྟེ། དེ་གཉིས་སྦྱོར་བ་ལས་སྐྱེས་པའི་གཉིས་སུ་མེད་པ་གང་ཡིན་པ་དེ་ནི་ཚིག་བླ་དགས་སོ། །སྒྲིབ་པ་དེ་བསལ་བའི་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར། སྟན་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གདིང་ཞིང་ཁ་ཕྱེ་བས་ན་སྟན་ཏེ། ཤེས་རབ་ཀྱི་པདྨའོ། །དག་པ་དང་འཇམ་པ་གཉིས་ནི་པདྨའི་ཁྱད་པར་རོ། །པདྨ་ནི་ཆོས་ཀྱི་འབྱུང་གནས་སོ། །གོས་ནི་ཉེ་བར་མཚོན་པ་སྟེ། གོས་ལ་སོགས་པས་བརྒྱན་པའོ ་ཡང་དང་ཡང་དུ་འདོད་པས་མཉེས་པར་བྱ་ཞེས་བྱ་བས་ནི། མཆོད་པ་ཞེས་བྱ་བའི་བཤད་པ་ཡིན་པ་བདེ་བའི་སྒྲུབ་པ་ཉིད་ཀྱིས་མཆོད་པར་བྱའི་གཞན་གྱིས་ནི་མ་ཡིན་ནོ། །སྡོམ་པ་ཡི་ནི་བདེ་བའི་མཆོག་ཅེས་བྱ་བ་ནི་སྒྲིབ་པའི་གཉེན་པོར ་གྱུར་པའི་སྒྲུབ་པ་དེ་ལས་སྐྱེས་པའི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་རྫོགས་པའི་རིམ་པའོ། །ཁྲག་ནི་པདྨ་ཡིན་ཏེ་ཞེས་བྱ་བ་ནི་འདིས་ཆགས་པར་བྱེད་པས་ན་པདྨ་ལ་ཁྲག་ཅེས་བྱའོ། །ཡང་ན་དམར་པོ་ཞེས་བྱ་བ་སྟེ་ཆགས་པའོ། །དེ་བཞིན་དུ ་ཁྲག་ནི་བཅུད་ཀྱིས་ལེན་པ་སྟེ་ཞེས་བྱ་བ་ལ། བཅུད་ཀྱི་ལེན་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཉིད་ཁྲག་སྟེ་ཡོན་ཏན་གྱིས་སེམས་ཅན་རྣམས་འཚོས་པའི་ཕྱིར་རོ། །དེ་ཡང་གསུངས་པ། སེམས་ཀྱིས་འཇུག་པ་མཉམ་ཤེས་པ ་བཅུད་ཀྱིས་ལེན་ཞེས་བྱ་བར་བརྗོད་ཅེས་སོ། །བཤད་པ་ལ་སོགས་པ་བཅུད་ཀྱིས་ལེན་ཏོ་ཞེས་བྱ་བ་ནི། བདུད་རྩི་ལྔ་པོ་དག་ཀྱང་པདྨའི་ཁྲག་ཅེས་བྱའོ་ཞེས་བྱ་བར་སྦྱར་རོ། །ར་ས་ཡཱ་ན་བླ་ན་མེད་ཅེས་བྱ་བ་ལ། བླ་མེད་ཅེས་བྱ་བ་ནི ་རྐང་གི་ཞག་གོ་།དབང་པོ་ཐམས་ཅད་ལས་བྱུང་བ་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོའི་སྒོ་ནས་བྱུང་བའི་དྲི་མ་རྣམས་སོ། །དེ་ཉིད་ནི་མང་བས་ན་ཚོགས་སོ། །ཐམས་ཅད་ཀྱི་བཅུད་ཀྱིས་ར་ས་ཡཱ་ན་ཞེས་བྱ་བ་ནི། ར་ས་ཡཱ་ན་བླ་ན ་མེད་ཅེས་བྱ་བའི་རྣམ་པར་བཤད་པ་ཡིན་ནོ། །ཡང་ན་ཙནད་དམར་པོ་ཞེས་བྱ་བ་ནི་ཁུ་བའོ། །ཤ་ཞེས་བྱ་བ་ནི་བདེ་བའོ། །ཚོགས་ཞེས་བྱ་བ་ནི་འདུས་པའོ། །དེ་ཉིད་ཀྱིས་ན་དབང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ར་ས་ཡཱ་ན་ཞེས ་བྱ་བ་ནི་ལྷན་ཅིག་སྐྱེས་པའོ། །བཟའ་བར་བྱ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བའོ། །ལྷག་མ་ནི་གོ་སླའོ། །མཆོད་པ་བཞི་ཞེས་བྱ་བ་ནི། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་ནི་མཆོད ་པའོ། །དུས་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན་བཞི་ནི་སྟོང་པ་ཉིད་ཀྱི་ང་རྒྱལ་ནས་བཟུང་སྟེ་མཆོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །དཔའ་ ་བོ་ཞེས་པ་ནས་ཚིམ་པར་བྱ་བའི་བར་དུ་རྫོགས་པའི་རིམ་པ་ལ་གནས་པའི་བསྒོམ་པ་པོའི་སྟེ། ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཏེ་སྒྲ་ཇི་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཐ་མ་མཆོག་དང་བར་མ་སྟེ་ཞེས ་བྱ་བ་ནི་ཡང་ན་མན་ངག་གི་ཏིང་ངེ་འཛིན་གྱི་དབྱེ་བ་རྣམ་པ་གསུམ་གསུངས་པ་ཡིན་ཏེ། ཐ་མ་ཞེས་བྱ་བ་ལ་སོགས་པ་ནས་གཞན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པའོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་དང་པོ་སྟེ། མཚན་མ་དང ་བཅས་པའི་ལྷའི་དཀྱིལ་འཁོར་རོ། །བར་མ་ཞེས་བྱ་བ་ནས་རང་གི་དབུས་སུ་བསྡུས་ལ་ཞེས་བྱ་བའི་བར་དུ་ནི་གཉིས་པ་སྟེ། དབུས་སུ་བསྡུས་ལ་ཞེས་བྱ་བ་ནི་རང་གི་སེམས་སུ་བསྡུ་བ་སྟེ། རྡོ་རྗེ་དང་པདྨ་མཉམ་པོར་སྦྱོར་བའི་བདེ་བའི ་ཡེ་ཤེས་ཀྱི་ནང་དུ་ཆོས་ཐམས་ཅད་བསྡུས་ཏེ། སངས་རྒྱས་དང་མཉམ་པའི་ངོ་བོ་ཉིད་བདེ་བ་ཆེན་པོ་རང་རིག་པ་ཙམ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཙམ་དུ་བྱ་བའོ། །རྡོ་རྗེ་ཀུན་གྱི་ཞེས་བྱ་བ་ནས། མཆོག་གོ་ཞེས་བྱ་བའི་བར་དུ་ནི་ཏིང ་ངེ་འཛིན་གསུམ་པ་སྟེ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་མཚན་མ་མེད་པའི་ལྷའི་དཀྱིལ་འཁོར་བདེ་བ་ཆེན་པོ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་དུས་སུ་འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ནང་དུ་ཆུད་པའི་བྱང་ཆུབ་ཆེན་པོ་བསྒོམ ་པའོ། །བུད་མེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་མའི་ཡོན་ཏན་ཏེ་ཞེས་བྱ་བ་ནི་བསྒྱུར་དུ་རུང་བས་ན་ཡོན་ཏན་ཏེ་རྒྱུ་རྐྱེན་ལས་རག་ལས་པའི་ཕྱིར། རང་བཞིན་གྱིས་རྣམ་པར་དག་པའོ། །དེ་ཉིད་ཀྱིས་ན་རང་བཞིན་གྱིས་ཞེས་བྱ་བ ་ལ་སོགས་པ་སྨོས་སོ། །ཡོན་ཏན་གྱི་རྒྱུད་ཅེས་བྱ་བ་ནི་གོམས་པར་བྱས་པས་ན། ཡོན་ཏན་ཏེ་དེའི་དོན་གྱིས་སོ། །དེ་ཉིད་ཅི་ཞིག་ཡིན་ཞེ་ན། མ་ལུས་པ་སྒྱུ་མའི་དོན་དུ་གསུངས་སོ་ཞེས་བྱ་བ་སྟེ། ལྷན་ཅིག་སྐྱེས་པའི་གནས་སྐབས་ཉེ་བར་སྦྱར་བའི་ཕྱིར ་མ་ལུས་པ་སྟེ། འགྲོ་བ་ཐམས་ཅད་བརྫུན་པར་གསུངས་ཏེ། དེའི་མན་ངག་ནི་གྲགས་པར་ཟད་དོ། །ཆ་ནི་དངོས་པོ་བསྟན་པ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཆ་མེད་ཡོན་ཏན་ཞེས་བྱ་ཡིན་ཞེས་བྱ་བ་ནི། ཡོན་ཏན་བསྒྱུར་དུ་རུང་བ་སྟེ། དོན ་དམ་པའི་བདེན་པ་རང་བཞིན་གྱིས་རྣམ་པར་དག་པའོ། །ཡང་ན་ཡོན་ཏན་ནི་གཅིག་དང་དུ་མ་དང་བྲལ་བའོ། །དེ་ཉིད་ཆ་ཤས་དང་ཤ་ཆས་མེད་པའོ། །བྱ་བ་ནི་གཉིས་སུ་མེད་པའོ། །དེ་ཉིད་ཚུལ་གཞན་གྱིས་བསྟན་པའི་ཕྱིར། ཡུལ་དང་དབང་པོ ་རབ་ཏུ་དགེ་ཞེས་བྱ་བ་སྨོས་ཏེ། ཡུལ་ནི་ཡོན་ཏན་ཏེ་ཆ་མེད་པའོ། །དབང་པོ་ནི་ཅིག་ཤོས་སོ། །བདེ་བ་ནི་གཉིས་སུ་མེད་པའོ། །ཡང་སྒྱུ་མ་ཞེས་བྱ་བ་ཡོན་ཏན་དང་ཡོན་ཏན་ཅན་ཉིད་ཚུལ་གཞན་གྱིས་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། ཨཱ་ལི་ནི་ཆ་ཤས་མེད་པའོ། །ཀཱ་ལི་ནི་ཐབས་སོ། །ཡོན་ཏན་གསུངས་པ་ཞེས་བྱ་བ་ནི་ཡོན་ཏན་གཉིས་སུ་མེད་པར་བསྒྲིལ་པའོ། །གསུངས་པ་ནི་ཡེ་ཤེས་སོ། །མཉམ་པ་དམ་ཚིག་སྤྱོད་ཡུལ་ཡིན་ཞེས་བྱ་བ་ལ། ་མཉམ་པ་ནི་རོ་གཅིག་ཏུ་གྱུར་པའོ། །དམ་ཚིག་ནི་མི་འདའ་བའ་ཨོ། །དེ་གང་གི་ཡུལ་ཡིན་པ་དེ་ནི་སྤྱོད་ཡུལ་ལོ། །ཡང་ན་ཨཱ་ལི་ནི་ཤེས་རབ་བོ། །ཀཱ་ལི་ནི་ཐབས་སོ། །ཡོན་ཏན་གསུངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །མཉེམ་པ་ནི ་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའོ། །དམ་ཚིག་ནི་བརྡར་བཏགས་པའོ། །དེ་གང་གི་ཡུལ་ཡིན་པ་དེ་ནི་སྤྱོད་ཡུལ་ཡིན་ནོ། །ང་ནི་ཕྱག་རྒྱ་སྟེ་ཞེས་བྱ་བ་ནི། བུད་མེད་ཀུན་ཞེས་བྱ་བ་གང་ཡིན་པའོ། །མཚན་མ་བས་ན་ཕྱག་རྒྱ་སྟེ་ཞེས ་བྱ་བ་ནི། རྒྱ་ཞེས་བྱ་བ་ནི་རྣམ་པར་བཤད་པ་སྟེ། འདིས་མཚོན་པར་བྱེད་པ་འམ། མགུ་ཞིང་འདེབས་པར་བྱེད་པས་ན་མཚན་མའོ། །འདིས་ནི་ཞེས་བྱ་བ་ནི་འཛིན་པ་པོའི་བློ་ལ་གནས་པའོ་ཞེས་བྱ་བ་ནི། འདིའི་ཞེས ་བྱ་བའི་རྣམ་པར་བཤད་པ་སྟེ། སྒྱུ་མའི་ཕྱག་རྒྱ་བློ་ལ་བསྔོགས་པ་འམ། གནས་པ་དེ་ཉིད་ཉེ་བར་བཟུང་ནས་འདི་ནི་ཞེས་བྱ་བ་གསུངས་སོ། །པ་ཏི་ཨོ་ལོའི་གོ་རིམ་གྱིས་དེ་ཉིད་ཤེས་པར་བྱ་བའི་ཕྱིར་གསུངས་པ། ཡོན་ཏན་དེས་ཞེས་བྱ་བ་ལ་སོགས་པ་ལ། ་ཡོན་ཏན་དེས་ཞེས་བྱ་བ་ནི་དབྱངས་ཡིག་རིང་པོ་རྣམས་སོ། །ཡོན་ཏན་ཅན་ནི་དབྱངས་ཡིག་ཐུང་དུ་རྣམས་ཏེ། གཉིས་སུ་མེད་པའི་ཚུལ་ནི་དེ་དག་མཉམ་པར་སྦྱོར་བའོ། །དེ་ཉིད་ནི་མཆོག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། དེ་དག་གིས་ནི་ཉིད ་མེད་ཡེ་ཤེས་མཆོག་ཅེས་བྱ་བ་བཤད་པ་ཡིན་ནོ། །ནམ་མཁའ་ཨི་སྒྲས་ནི་སེམས་ལ་བྱ་སྟེ་ཞེས་བྱ་བ་ནི། ནམ་མཁའ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་བའོ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་བྱ་བ་ནི། ད་ནི་ནམ་མཁར་འགྲོ་བ་ཞེས་བྱ ་བ་ལ་སོགས་པ་གསུངས་པའི་ཚུལ་གྱིས་ཁམས་རྣམས་ཉིད་ལ་བྱ་ཡིས། བྱཱ་ཀ་ར་ཎའི་སྐད་ཀྱི་དབྱིངས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྷུ་ལ་སོགས་པའི་ཁམས་ནི་མ་ཡིན་ནོ་ཞེས་གསུངས་སོ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས ་པས་ནི་ནང་གི་སྦྱོར་བ་སྟོན་པ་ཡིན་ནོ། །རང་གི་པདྨའི་ལྟེ་དབུས་སུ་ཟླ་བར་གནས་པ་ཧཱུཾ་ཡིན་ཏེ་ཞེས་བྱ་བ་ནི་སྙིང་གའི་པདྨར་གནས་པའོ། །ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཐིག་ལེ་ཞེས་བྱ་བ་ནི་ལྟེ་བའི་དཀྱིལ ་འཁོར་དུ་གནས་པའི་ཨཾ་ངོ། །བཅུ་དྲུག་ཐིག་སྐུད་ཅེས་བྱ་བ་ནི། ཀཱི་ལིས་ངོས་ཀུན་ཏུ་བསྐོར་བའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་རི་མོའི་སྐུད་པས་ཐིག་བཏབ་པ་འམ། རྩ་བཅུ་དྲུག་གི་རི་མོས་ཀུན་ཏུ་བསྐོར་བའོ། །ཐ་མ་ལས་ཕྱི་ནས་ཞེས་བྱ་བ ་ནི་མི་ཤིགས་པའི་ཡི་གེ་ཧའོ། །འོག་ཏུ་ཡི་གེ་ཀྵ་ནི་སྤངས་ཞེས་བྱ་བ་ལ། འོག་ཏུ་ནི་ལྟེ་བའི་འོག་ཏུ་སྟེ། དེར་ཡི་གེ་ཀྵ་གཤང་བ་དང་གཅི་བའི་རང་བཞིན་དུ་བྲི་བར་བྱའོ། །སྤངས་ཞེས་བྱ་བ་ནི་གཉིས་སུ་མེད་པར་བྱ་སྟེ། ཨ་ནས་ཀྵའི་མཐར་ཐུག་པ ་ཞེས་བྱ་བ་དང་སྦྱར་གྱི། འདིར་དོར་བ་ནི་མ་ཡིན་ནོ། །འདིས་ནི་ཐབས་དང་ཤེས་རབ་གཅིག་ཏུ་བསྲེ་བ་བསྟན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །གསང་བ་ཞེས་བྱ་བ་ལ་སོགས་པ་ལ། སོགས་ཀྱིས་མཆོག་གི་དགྱེས་པ་ན་ཞེས་བྱ་བ་ལ་སོགས ་པའི་ཚིག་གཞན་གཟུང་བར་བྱའོ། །དེ་ཁོ་ན་ཉིད་འབྱུང་བ་ཞེས་བྱ་བ་ནི། གཞུང་གང་ལས་དེ་དག་གི་དེ་ཁོ་ན་ཉིད་འབྱུང་ཞིང་སྟོན་པའོ། །དེ་ཉིད་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི ་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་སྙིང་པོའི་སྔགས་ཀྱི་སྦྱིན་སྲེག་ལ་སོགས་པ་ལས་ཀྱི་བསྒྲུབ་པ་བསྟན་པའི་ཕྱིར། སྦྱིན་སྲེག་ལས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས ་པ་གསུངས་སོ། །ཕོ་ཉའི་སྟེང་དུ་གནས་པ་ནི་ཞེས་བྱ་བ་ནི། ཕོ་ཉ་དང་སྙོམས་པར་ཞུགས་པའོ། །ཆང་དང་འོ་མར་སྦགས་ནས་ནི། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གི་ཆང་དང་འོ་མས་སོ་སོ་སྦགས་པའོ། །ཡང་ན་ཆང་ཉིད་འོ་མའོ། །བསྒྲུབ་པར ་བྱ་བའི་གཟུགས་བྲིས་ཏེ་ཞེས་བྱ་བ་ནི་ཐོད་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བྲིས་ནས། བསྒྲུབ་བྱ་དམ་ཚིག་སེམས་དཔར་བསྐྱེད་དེ། །ཡེ་ཤེས་ཀྱི་སེམས་དཔའ་དང་བསྲེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདབ་མ་རློན་པ་བརྒྱ་ཞེས་བྱ་བ་ནི་དྷ ་དྷུ་རའི་འཕྲལ་གྱི་འདབ་མའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཙན་དན་དམར་ལ་ཞེས་བྱ་བ་ནི་ཙན་དན་དམར་པོའི་རྡུལ་ལས་སོ། །མིང་བྲི་ཞེས་བྱ་བ་ནི། འཁོར་ལོ་དང་བཅས་པའི་མིང་བྲིས་ལ་བསྒྲུབ་པར་བྱ་སྟེ། གཟུགས་ ་བརྙན་གྱི་སྙིང་གར་བཅུག་ནས། སྔགས་བཟླས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །དེ་ཡི་མིང་དང་སྤེལ་བ་ཡི། །ཡི་གེར་ནི་བྲི་བར་བྱ། །ཞེས་བྱ་བ་ནི་བསྒྲུབ་བྱའི་མིང་གི་ངོས་གཉིས་སུ་ར་བྲིས་པས་གཟིར་བར ་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །དེ་རྣམས་ཀྱི་བསམ་གཏན་དང་སྦྱིན་སྲེག་ཆོ་ག་གང་དང་གང་དུ་འབྱུང་བ་དེ་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གསུམ་པའོ། ། ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱིས་རོ་ལངས་ལ་སོགས་པ་བསྒྲུབ་པ་གསུངས་པ། ་ད་ནི་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཞེས་བྱ་བ་ནི། རོའི་ཁར་བྱ་བ་ལ་སོགས་པ་དང་ནང་གི་སྦྱིན་སྲེག་གོ་།ཟླ་མཚན་ཕྱིས་མའི་རས་མ་ནི་བྱི་ལའི་རྟུག་པར་བཅས་པ་དག་།ཞི་བ་དུ་བརྡུངས་པས་བདུག་པར་བྱ་ཞེས་བྱ་བ་ནི། མན་ངག་གིས་ན ་རྫས་གཉིས་པོ་དེ་དག་བདུད་རྩི་ལྟ་ངག་དང་བཅས་ཏེ། རྫས་བདུན་གྱི་བདུག་པ་བྱ་བར་སྦྱར་རོ། །ནང་གི་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རོ་ལངས་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་གི་རོ་ལངས་བསྒྲུབ་པ་དང་ནང་གི ་སྦྱིན་སྲེག་གི་ཆོ་ག་སྟོན་པར་བྱེད་པའི་གཞུང་དེ་ལ་ནི་རོ་ལངས་བསྒྲུབ་པ་དང། ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི ་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།བགྲང་ཕྲེང་གི་ལེའུ་གསུངས་པ་བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ལ། ཤེལ་དང་ཉ་ཕྱིས་མུ་ཏིག་ཞེས་བྱ་བ་ནི་ཤེལ་ལ་སོགས་པའི་བགྲང་ཕྲེང་གིས་བཟླས་ན། ་མུ་ཏིག་སྟེ་ཐར་ཅིང་གྲོལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཁམས་ཀུན་ཞེས་བྱ་བ་ནི་རུས་པ་ཐམས་ཅད་དོ། །གཞན་ཡང་རུང་ཞེས་བྱ་བ་ནི་རྣལ་འབྱོར་པས་གཞན་གང་ཡང་རུང་བ་གཟུང་བར་བྱའོ། །མུ་མེན་ཞེས་བྱ་བ་ནི་རྒྱལ་པོ་འཁྱིལ ་པའོ། །གུར་ཀུམ་ལ་སོགས་པ་དྲི་དང་ནི་ཞེས་བྱ་བ་ནི་དཔལ་ཆེན་མྱུར་དུ་ཐོབ་པར་འགྱུར་ཞེས་བྱ་བ་སྔ་མ་དང་སྦྱར་རོ། །རིལ་བུ་རྣམས་ནི་དགྲ་བཅོམ་སྟེ་ཞེས་བྱ་བ་ནི། རིལ་བུ་རྣམས་སངས་རྒྱས་རྣམས་ཀྱི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྟེང ་དུ་མཆོད་རྟེན་བརྟག་པར་བྱ་ཞེས་བྱ་བ་ལ། སྟེང་ཞེས་བྱ་བ་ནི་སྐུད་པ་གཉིས་ཀྱི་རྩེ་མོ་མདུད་པའི་རིལ་བུ་སྟེ། མཆོད་རྟེན་དུ་བརྟག་ཅེས་བྱ་བ་མཆོད་རྟེན་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ། །ཆོས་ཀྱི་དབང་པོ་སྟེ་ཞེས་བྱ་བ་ནི་བཟླས་པའི་གྲངས་ཀྱི ་དབང་པོའོ། །ཆོས་ཀྱི་དབྱིངས་ནི་དབུས་སུ་བྱ་ཞེས་བྱ་བ་ནི་དེར་རིལ་བུ་གཞན་བརྒྱུས་པ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཏེ། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དང་གཉིས་སུ་མེད་པར་བསྒོམ་མོ་ཞེས་བྱ་བའི་བར་དུའོ། །བསྐྲད་ལ་བྱ་རོག་སྤུ་དང་ནི།། ་བོང་བུ་རྔ་མོའི་སྤུ་ལས་ཀྱང་ཞེས་བྱ་བ་ནི་བསྐྲད་པའི་ལས་ཀྱི་བཟླས་པ་ལ་བགྲང་ཕྲེང་གི་སྐུད་པ་བྱ་རོག་ལ་སོགས་པའི་སྲོག་ཆགས་གསུམ་གྱི་སྤུ་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །བཟླས་པའི་ཆོ་ག་ནི་བཟླས་པའི་བགྲང ་ཕྲེང་གི་ཆོ་གའོ། །གཞུང་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །། ་དྲ་ནི་གཙུག་ལག་ཁང་བརྩིག་པ་ལ་སོགས་པ་ལ། ཡོན་ཆབ་སྦྱིན་པ་ལ་སོགས་པའི་ཆོ་ག་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དེ་ནས་ཞེས་བྱ་བ་ནི། ་སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟན་པ་དང་བགྲང་ཕྲེང་གི་ཆོ་ག་བསྟན་གྱི་འོག་ཏུའོ། །སྔར་བཤད་མཚན་ཉིད་ལྡན་པ་དང་ཞེས་བྱ་བ་ནི། བརྟན་ཞིང་དུལ་ལ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་མཚན ་ཉིད་སྔར་བཤད་པ་སྟེ་དེ་དང་ལྡན་པའོ། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས་ཞེས་བྱ་བ་ནི། གང་གི་ལུས་ཡེ་ཤེས་ཀྱི་རྡུལ་ཕྲ་རབ་ལས་བསྐྱེད་པ་སྟེ། སློབ་དཔོན་ཡིན་ལ་དེ་ལ་གསོལ་བ་གདབ་ཅེས་བྱ་བ་དང་སྦྱར་རོ། །སུ་ཡིས་ཤེ་ན། ་སེམས་ཅན་དོན་བརྩོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་མཚན་ཉིད་ཅན་གྱི་སློབ་མ་འགྲོ་བའི་དོན་ལ་བརྩོན་པས་སོ། །བརྟན་པ་ལས་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་དང། །འདྲོན་མ་ལས་ནི་འདྲེན་མར ་ཤེས་ཞེས་བྱ་བ་ནི། དགེ་བ་དང་སྡིག་པའི་མཚན་ཉིད་བརྟག་པའོ། །ལྟེ་བར་ཡེ་ཤེས་མེ་འབར་བ་ཞེས་བྱ་བ་ནི་ལྟེ་བར་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་ཀྱི་མེའི་གཟི་བརྗིད་ཅན་གྱི་ཡི་གེ་ཧཱུཾ་དགོད་པའོ། །པཾ་ལས་བྱུང་བའི ་མི་སྡུག་གཟུགས་ཞེས་བྱ་བ་ནི་སྙིང་གར་ཡི་གེ་པཾ་ལས་བྱུང་བའི་སྡིག་པའི་རང་བཞིན་ཤ་ཟའི་གཟུགས་ཅན་ནོ། །སྔོན་དུ་འབྲུ་ལ་སོགས་པ་གཞུག་ཞེས་བྱ་བ་ནི། འབྲུ་རྣམ་པ་ལྔ་དང་རིན་པོ་ཆེ་རྣམ་པ་ལྔ་པའི་དབུས་སུ་བཅུག་པས ་སྙིང་པོ་དང་ལྡན་པར་བྱའོ། །རང་གི་སྙིང་པོ་བརྒྱད་བརྒྱར་བཟླས་ཞེས་བྱ་བ་ནི་ཡི་གེ་འབྲུ་གསུམ་བརྒྱད་བརྒྱར་བཟླས་པའོ། །དེ་ཡང་གསུངས་པ། ཁང་བཟང་རྡོ་ལེབ་བ་ལང་ལྷས། །ཞབས་བཅགས་ལྷ་ཁང་མཚོ་འགྲམ་སོགས། །དེར་ནི ་ལག་བཞག་ཡི་གེ་གསུམ། །བཟླས་ཀྱི་བརྐོ་སོགས་བྱ་མི་དགོས་ཞེས་སོ། །ཡན་ལག་གི་དོན་ལྷག་མ་རྣམས་ནི་གོ་སླའོ། །བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་སློབ་མའི་རྐང་མཐིལ་དུ་ཞེས་བྱ་བ་ནས། བསྲུང་བ་དག་ནི་དགོད ་པར་བྱ་ཞེས་བྱ་བའི་བར་དུ་ནི་སློབ་མ་གཟུང་བའི་ཆོ་གའོ། །དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ་ཞེས་བྱ་བ་ནས། རྡོ་རྗེ་འགྲོས་ཀྱིས་ཀུན་ཏུ་བསྐོར་ཞེས་བྱ་བའི་བར་དུ་ནི། ཨརྒྷ་སྦྱིན་པ་དང་ས་གཟུང་བའི་ཆོ་གའོ། །བདུད་རྩི་ལྔ་ནི་ཀུན་ཏུ་བྱུག་ཅེས་བྱ ་བ་ནས། མེ་ཏོག་ལ་སོགས་མཆོད་པར་བྱ་ཞེས་བྱ་བའི་བར་དུ་ནི། ལྷ་སྟ་གོན་ལ་གནས་པའི་ཕྱིར་མཆོད་པ་བསྟན་ཏོ། །དེ་ནས་རིན་ཆེན་གསེར་དང་དངུལ་ཞེས་བྱ་བ་ནས། འཁོར་ལོའི་དབུས་སུ་བཞག་པར་བྱ་ཞེས་བྱ་བའི་བར ་གྱིས་ནི། བུམ་པ་སྟ་གོན་ལ་གནས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་ཆོ་ག་བཞིན་དུ་ལན་གསུམ་བརྗོད་ཅེས་བྱ་བའི་བར་གྱིས་ནི། ལྷ་སྟ་གོན་ལ་གནས་པ་བསྟན་ཏོ། །ལྷག་མས་ནི་དཀྱིལ་འཁོར་བྲི་བའི་ཆོ་ག་བསྟན་ཏོ། ། ་ད་ནི་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་བསྡུས་པའི་དོན་ཇི་ལྟ་བ་བཞིན་དུ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་སློབ་དཔོན་མཚན་ཉིད་ཐམས་ཅད་དང་ལྡན་པ་ལ་གང་གི་ཚེ་སློབ་མས་དཀྱིལ་འཁོར་བྲི་བའི་ཚེ་གསོལ་བ་བཏབ་པ་དེའི་ཚེ ་སློབ་དཔོན་གྱིས་བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ཆེན་པོའི་གོ་འཕང་ལ་དགོད་བར་བྱའོ་སྙམ་དུ་བློས་དམིགས་ནས། སློབ་མ་ལ་འདི་སྐད་དུ། ཁྱོད་ཀྱི་དཀྱིལ་འཁོར ་གྱི་ཡོ་བྱད་ཐམས་ཅད་འབྱོར་རམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་གལ་ཏེ་འདི་སྐད་དུ་ཅུང་ཟད་ཅིག་ནི་འབྱོར་ལ་ཅུང་ཟད་ཅིག་ནི་མ་ཡིན་ནོ་ཞེས་ཟེར་ན། དེའི་ཚེ་དེའི་རྐང་མཐིལ་དུ་གཞུའི་དབྱིབས་ལྟ་བུའི་དཀྱིལ་འཁོར ་བསྒོམ་ཞིང། ལྟེ་བར་མེའི་དཀྱིལ་འཁོར་བསྒོམས་ལ། ལྟེ་བར་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་བསྒོམས་ཏེ། རླུང་གིས་བསྐྱོད་པའི་ཧཱུཾ་གི་མེ་ལྕེའི་ཕྲེང་བ་སྙིང་གའི་བར་དུ་འབར་བས། པཾ་ལས་བྱུང་བའི་སྡིག་པའི་རང ་བཞིན་ཤ་ཟའི་གཟུགས་མདོག་སྔོ་ཞིང་རྣམ་པར་འགྱུར་ལ། རླིག་པ་འཕྱང་བ་སྙིང་ག་ནས་སྣ་སྒོའི་ལམ་ནས་ཕྱུང་ལ། ཧཱུཾ་ལས་སྙིང་གར་ཕྱིན་ནས་དེ་ལས་བྱུང་བའི་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཁ་མདོག ་སྔོ་ཞིང་གསུས་པ་འཕྱང་ལ། མཆེ་བ་བཙིགས་ཤིང་གཡས་བརྐྱང་པས་བཞུགས་པ། གཡོན་པ་མཆེ་བ་བསྣམས་ནས་སྙིང་གར་སྡིགས་མཛུབ་མཛད་པ་གཡས་པ་མཆེ་བ་ཐོགས་ནས་འཕྱར་བ་དེ་བཞིན་དུ་སྣའི་ལམ་ནས་ཕྱུང་ལ། ་ཨོཾ་བཛྲ་ཌཱ་ཀི་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷ་སྨིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པས། སྡིག་པ་ཟོས་པར་བསམས་ལ། དེ་ནས་སློབ་མ་སཾ་ལས་ཀུན་ཏུ་བཟང་པོར་བསྐྱེད་དེ། དེའི་སེམས་བསྲུང་བའི་ཕྱིར་ཁྭ་གདོང་ལ་སོགས་པའི་མ ་མོ་རྣམས་སྟེང་ཁྲོ་བོའི་དབྱིབས་ཅན་ལ་འོག་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ལྟ་བུ་རྣམས་དེའི་སྙིང་ག་ནས་ཕྱུང་ལ་དེའི་སེམས་ལས་གྱུར་པའི་བགེགས་ཀྱི་གཙོ་བོ་རྣམས་ལ་ཕུར་བུ་དེས་བཏབ་ལ་ཡང་ཕུར་བུ་དེ་ཉིད་ཀྱིས་བགེགས་ཀྱི ་ཚོགས་ལྷག་མ་རྣམས་བསྲེག་པར་བསམ་མོ། །དེ་ནས་སློབ་མའི་སྙིང་གར་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་བསྒོམས་ལ། དེའི་སྤྱི་བོའི་སྟེང་དུ་ཡང་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་གིས་མཚན་པའི་རྡོ་རྗེ་རྒྱ་གྲམ ་བསྒོམ་པ་དེ་ནི་སློབ་མ་ཡོངས་སུ་གཟུང་བའོ། །དེ་ནས་རང་གིས་རིག་པ་ལན་ཁྲི་འམ་འབུམ་མམ་བྱེ་བ་ཉིད་དུ་བཟླས་ལ་གྲོགས་བཟང་པོ་དང་ལྷན་ཅིག་ཏུ་སྔ་དྲོའི་དུས་སུ་དཀྱིལ་འཁོར་གྱི་ས་བརྟག་པར་བྱ་སྟེ། གྲོང་ཁྱེར་ལ་སོགས ་པའི་ཤར་རམ་བྱང་གི་ཆ་གཟུང་བར་བྱའོ། །དེ་ལྟར་ཡང་གསུངས་པ། གཙུག་ལག་ཁང་དང་ཚོད་དུས་དང། ལྡུམ་ར་གྲོང་ངམ་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་ཡི་ཆ། །མཉམ་པར་བཞག་ཏེ་བཟུང་བར་བྱ། །ཞེས་སོ། །ཡང ་ན་ནགས་ཚལ་ལ་སོགས་པ་གཞན་ཡང་རུང་སྟེ། མདོར་ན་གང་ཡིད་དུ་འོང་བའི་གནས་སུ་སྨན་པ་ལ་སོགས་པའི་དངོས་གྲུབ་ཀྱི་བྱེ་བྲག་གིས། པུས་མོ་ནུབ་པ་ཙམ་ལ་སོགས་པའི་ས་བརྐོས་ལ། ཕུག་མ་ལ་སོགས་པའི་སྐྱོན་རྣམས ་བསལ་ཏེ། སླར་ལེགས་པར་བཅགས་ལ། སའི་མཚན་ཉིད་བརྟག་པའི་ཕྱིར། མཐོ་གང་ཙམ་གྱི་སའི་དོང་ལེགས་པར་བརྐོས་ལ་ཆུས་བཀང་སྟེ། ཤར་ཕྱོགས་སུ་ཡིད་མི་གཡེང་བས་གོམས་པ་བརྒྱར་ཕྱིན་ལ་སླར་ལོག་སྟེ། བལྟ་བར་བྱའོ།། ་ཇི་སྟེ་ཕྱེད་མན་ཅད་དུ་བསྐམས་པར་གྱུར་ན་ནི་མི་དགེ་བའི་མཚན་མ་ཡིན་ལ། གཞན་དུ་ནི་དགེ་བའི་མཚན་མ་ཡིན་ནོ། །དེ་ནས་ས་དྲི་ཞིམ་ཞིང་བདུད་རྩི་ལྔ་དང་དྲི་ཞིམ་པོ་དང་བཅས་པས་ཁུཾ་བ་བཀང་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཞེས་བྱ་བ ་ལ་སོགས་པའི་སྔགས་བཟླས་པའི་ཆུས་གཏོར་ཏེ་མཚན་ཉིད་དང་ལྡན་པར་ལེགས་པར་བརྡུང་བར་བྱའོ། །དེ་ནས་རིན་པོ་ཆེ་ལ་སོགས་པ་དང། འབྲུ་ལ་སོགས་པའི་སའི་དབུས་སུ་བཅུག་ནས་ཕྱོགས་བཞིར་རྟ་བབས་དང། དྲིལ་བུ་དང ་བཅས་པའི་བ་དན་བཙུགས་ནས། བདུད་རྩི་ལྔས་བྱུགས་ཏེ། སྔར་བཤད་པའི་བདུག་པས་བདུགས་ན། དཀྱིལ་འཁོར་གྱི་སའི་ཆ་གཞལ་ཡས་ཁང་བརྩེགས་པའི་ནང་དུ་ཆུད་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་དང ་ལྡན་པས་སྡང་བ་རྣམས་བསལ་བར་བྱ་བའི་ཕྱིར་གཡས་གཡོན་གྱི་ཕྱོགས་ཀུན་ཏུ་མིག་གིས་བལྟས་ལ། ཕྱོགས་བཅིང་བ་ལ་སོགས་པ་བྱའོ། །དེའི་འོག་ཏུ་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་དུ་བྱས་ལ། ལཾ་ལས་བྱུང་བ་ཇི ་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་ལྷ་མོ་ལ། ལག་པ་ས་ལ་རེག་པ་དང། ཨོཾ་ཨེ་ཛེ་ཧི་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ལ། དྲིལ་སོགས་པ་ཐམས་ཅད་ཀྱིས་མཆོད་དེ། གསོལ་བ་བཏབ་ནས་དེ་ཉིད་དུ་ཐིམ་པར་བསྒོམ ་མོ། །ཁང་བཟངས་ལ་སོགས་པ་ལ་ནི་བརྐོ་བ་ལ་སོགས་པ་མ་བྱས་པར་ཡི་གེ་གསུམ་གྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་ཉིད་ཀྱིས་གཟུང་བར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་རྒྱན་ཐམས་ཅད་ཀྱི་བརྒྱན་ཏེ། ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དུ་བྱས་ལ། དཀྱིལ་འཁོར་གྱི་སའི་ཆ་གཞལ་ཡས་ཁང་བརྩེགས་པའི་ནང་དུ་ཆུད་པར་ལྷག་པར་མོས་པས་སའི་ཆ་དབུས་ཀྱི་སྟན་ལ་འདུག་སྟེ། སྤྲོ་བ་དང་བཅས་པས་འདི་སྐད་ཅེས། དེ་རིང་བདག་ནི་འབྲས་བུར ་ལྡན། །བདག་གསོལ་བ་ཡང་འབྲས་བུར་ཡོད། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པ་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའ་ཨི་སེམས་གཅིག་ལས། །ཕྱིར་མི་ལྡོག་པར་བདག་བགྱིད་དོ། །དེང་བདག་དེ་བཞིན་གཤེགས་པ ་ཡི། །རིགས་སུ་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད ་ཀྱིས་ཕྱག་བྱས་ལ། སྤོས་ཀྱི་རེང་བུ་ལག་ཏུ་ཐོགས་ནས། སངས་རྒྱས་ཐམས་ཅད་ལ་སྙན་གསན་དབབ་པར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་ཅན་དག་ཆེ་གེ་མོས། །དཀྱིལ་འཁོར ་རྒྱལ་པོ་བསྟན་པར་གྱི། །སངས་རྒྱས་ལ་སོགས་འདིར་གཤེགས་ནས། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཨོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་གསོལ་བ་གདབ་པ་དང། སློབ་དཔོན་རྡོ་རྗེ་དང་དྲིལ་བུ་འཛིན་པས། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། མིག་གཡོན་དུ་ཊ་ལས་ཟླ་བའི་དཀྱིལ་འཁོར། གཡས་སུ་མམ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་ལ། ཕྱོགས་ཀུན་ཏུ་བལྟ་ཞིང་རྡོ་རྗེ ་འཛིན་པའི་ང་རྒྱལ་བསྒྱིངས་ནས་སའི་ཆ་ཀུན་ཏུ་བསྐོར་བར་བྱའོ། །དེ་ནས་ཨོཾ་ཨཱ:ཧཱུཾ་ལཾ་ཧཱུཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་ས་རྡོ་རྗེའི་རང་བཞིན་དུ་སྤྲུལ་ལ། ཨོཾ་བཛྲ་མེ་དི་ནི་བཛྲི་བྷ་བ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི ་དབུས་སུ་དཀྱིལ་འཁོར་བའི་ལྷ་སུམ་ཅུ་རྩ་དྲུག་པ་ཡིས་བསྐོར་བའི་རྡོ་རྗེ་མཁའ་འགྲོར་བསམས་ལ། ཁྭ་གདོང་མ་ལ་སོགས་པ་རྣམས་སྟོད་ཁྲོ་བོའི་གཟུགས་ཅན་ལ། སྨད་རྡོ་རྗེ་རྩེ་གཅིག་པའི་གཟུགས་ཅན་དུ་བསྒོམས་ཏེ། དབང་པོ་ལ ་སོགས་པ་བགེགས་ཀྱི་སྙིང་གར་བརྡུང་ཞིང་བྲལ་བར་བྱ་སྟེ། སྔགས་འདི་བརྗོད་པར་བྱའོ། །ོཾ་བཛྲ་ཌཱ་ཀི་ནི་སརྦབ་བིགྷྣ་ཨ་ནུ་སོ་ད་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་བདག་ཉིད་རྡོ་རྗེ་འཛིན་པར་ང་རྒྱལ་བྱས་ལ། ཆོས་ཐམས་ཅད་ནམ་མཁའ་ ་དང་མཚུངས་པར་བསྒོམ་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །དེ་ནས་རྡོ་རྗེ་མདའི་དྲ་བ་ལ་སོགས་པ་བཀོད་ལ། རྐང་མཐིལ་དུ་རྡོ་རྗེ་རྒྱ་གྲམ་བསྒོམས་ནས། གར་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་ཀུན་ཏུ་བསྐོར་བར་བྱའོ། །དེ་ནས་ཙན ་དན་ལ་སོགས་པའི་དྲིས། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་རྣལ་འབྱོར་མའི་གནས་ལྔའི་གནས་སུ་ནི་མཎྜལ་གྲུ་བཞི་པར་བྱ་ལ། དཀྱིལ་འཁོར་པ་ལྷག་མའི་གནས་སུ་ནི། མཎྜལ་ཟླུམ་པོར་བྱས་ལ། ཐམས་ཅད་དུ་བདུད་རྩི ་ལྔས་བྱུག་པར་བྱའོ། །དེ་ནས་དཀྱིལ་འཁོར་སོ་སོའི་གནས་སུ་རྡོ་རྗེ་ཕག་མོས་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷའི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྒོམས་ལ། ནམ་མཁའ་ལ་གནས་པ་དང་གཅིག་ཏུ་བསྲེས་ལ། མེ་ཏོག་ལ་ ་སོགས་པས་ཡང་དག་པར་གཅིག་ཏུ་མཆོད་པར་བྱའོ། །དེའི་འོག་ཏུ་ས་འམ་རིན་པོ་ཆེ་ལས་བྱས་པའི་བུམ་པ་ལྟོ་ཆེ་བ་རྩ་བ་ནག་པོ་ལ་སོགས་པའི་སྐྱོན་དང་བྲལ་བའི་ལྷའི་གྲངས་བཞིན་དུ་གཟུང་སྟེ། ་མགྲིན་པར་རས་སར་པས་བཅིངས་ལ། སོ་སོའི་ལྷའི་མཚན་མ་བྲིས་ཏེ་དྲི་ཞིམ་པོ་དང་བཅས་པའི་ཆུ་ཆེན་པོས་བཀང་ལ་ཤིང་ལོས་ཁ་བརྒྱན་ཏེ། ཀུ་ཤ་ལ་སོགས་པའི་ཆུན་པོའི་སྟེང་དུ་བཞག་གོ་།རྣམ་པར་རྒྱལ་བའི་བུམ་པར་སྨན་དང་འབྲུ་དང ་རིན་པོ་ཆེ་རྣམ་པ་ལྔ་ནང་དུ་བླུགས་ལ། བདུད་རྩི་ལྔ་དང་བཅས་པའི་ཆུས་བཀང་སྟེ། ནང་དུ་རྡོ་རྗེ་མཁའ་འགྲོ་བསྒོམས་ལ། མེ་ཏོག་ལ་སོགས་པས་མཆོད་ལ། བུམ་པའི་མགྲིན་པ་མེ་ཏོག་གི་ཕྲེང་བས་བཅིངས་ཏེ། མེ་ཏོག་གི་ཕྲེང་བས ་བཅིངས་པའི་རྡོ་རྗེ་བུམ་པའི་སྟེང་དུ་སློབ་མས་གཟུང་ལ། མེ་ཏོག་གི་ཕྲེང་བ་སྣ་གཅིག་སློབ་དཔོན་བདག་ཉིད་ཀྱིས་གཟུང་སྟེ། ཧཱུཾ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ལ། མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་བཞིན་དུ ་བུམ་པ་གཞན་དག་ལ་ཡང། ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུཾ་ཕཊ་ཞེས་བྱ་བ་ལ་སོགས་པའི་སྔགས་སོ་སོར་བཟླས་པར་བྱ་སྟེ། བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཏུ ་སེམས་བསྐྱེད་པ་དང། སྡོམ་པ་འཛིན་དུ་བཅུག་ལ་ལྷག་པར་གནས་པར་བྱ་སྟེ། ཕྱི་རོལ་ཏུ་བྱུང་ནས་གཏོར་མ་བྱིན་ལ། བགེགས་བཞོམ་པའི་སྦྱིན་སྲེག་བྱ་སྟེ། སླར་ཡང་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། སྔོན་གྱི་ལྷ་རྣམས་བློས་དམིགས ་ནས། ཨརྒྷཾ་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་སྤོས་བསྲེགས་ཏེ། རང་གི་ལྕེའི་རྩེ་མོར་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་བསམས་ལ། ཨོཾ་པདྨ་སར་སྭ་ཏི་ས་ཏཾ་ཨཱ་བརྟ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲིར་ཧྲི་ཞེས་བརྗོད་པས ་བྱིན་གྱིས་བརླབས་ལ། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་གཉིས་སྦྱར་ལ། དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན་ཞེས་བྱ་བ་ནས། བཀའ་དྲིན་དག་ནི་བདག་ལ་གསོལ་ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་ཅིང་དྲིལ་བུའི་སྒྲ་བསྒྲོགས ་པས་མཆོད་ལ། སླར་ཡང་སྔར་མ་ལྟར་བྱ་སྟེ། སངས་རྒྱས་འཇིག་རྟེན་མགོན་པོ་རྣམས་ཞེས་བྱ་བ་ནས། ཀུན་གྱིས་བྱིན་རློབས་ཉེ་བར་བཞུགས་ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་པས་འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། ་དེ་ནས་དེར་ཞུགས་པའི་དཀྱིལ་འཁོར་པའི་ལྷ་ལ་མཆོད་ནམ་མཁའ་ལ་གཤེགས་སུ་གསོལ་ལ། དྲི་ཞིམ་པོ་དང་བཅས་པའི་བདུད་རྩི་ལྔ་དང། ཡུངས་ཀར་གྱི་ཕྱེ་མ་དང་བཅས་པའི་མཚོན་གྱིས་སྐུད་པ་ལྔའི་སྣ་སོ་སོར་བཅོས་ལ། རིམ་པ ་བཞིན་དུ་བྲུཾ་ཨཾ་ཛིཾ་ཁཾ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སོ་སོར་བསྐྱེད་ལ། སྐུད་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་ལྔ་ལྔའི་ཡོན་ཏན་དང་ལྡན་པས། སྣལ་མ་ལྔ་ལྔ་ཉི་ཤུ་རྩ་ལྔར་བྱས་ལ། དེ་བཞིན་གཤེགས་པ་ལྔའི་ཐུགས ་ཁ་ནས་བྱུང་བའི་འོད་ཟེར་གྱི་སྐུད་པ་དང། ལྷན་ཅིག་ཏུ་བསྲེས་ཏེ། ཨ་ནྱོ་ནྱ་ཨ་ནུ་ག་ཏཱ:སརྦ་དྷརྨཱ:པ་ར་སྤ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ:ཞེས་བརྗོད་ལ་བསྒྲིལ་བར་བྱ་སྟེ། ཡང་ཡི་གེ་གསུམ་གྱི་སྔགས ་བཟླས་པར་བྱའོ། །དེ་ལ་སྐུད་པའི་དཀྱུས་ནི་དཀྱིལ་འཁོར་ཉིས་འགྱུར་དུ་བྱ་ལ། སྦོམས་སུ་ནི་སྒོའི་ཉི་ཤུ་ཆར་བྱའོ། །དེ་ནས་མིག་གཡས་པ་དང་གཡོན་པར་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཐིག་སྐུད་རྣམས ་རིམ་བཞིན་གསེར་ལ་སོགས་པའི་སྣང་བདུད་རྩི་ལྔས་བྱུགས་པའི་ནང་དུ་གཞག་ལ། རྡོ་རྗེའི་ལྟ་བས་བལྟ་ཞིང་མེ་ཏོག་ལ་སོགས་པས་མཆོད་ནས། ཡང་ཡི་གེ་གསུམ་གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་དཀྱིལ ་འཁོར་གྱི་ས་སྔ་མ་བཞིན་དུ་བྱུགས་ཏེ། ནམ་མཁའ་ལ་གནས་པའི་ལྷ་རྣམས་མཆོད་ལ་ཕྱག་བྱས་ནས་བདག་ཉིད་རྡོ་རྗེ་འཛིན་པར་བསྒོམས་ལ། གཡོག་པོ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། ་མིག་གཉིས་སུ་ཛ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སེར་པོ་བསྐྱེད་ལ་དེའི་དབུས་སུ་ཛ་བཀོད་དེ་ཐིག་སྐུད་ཡི་གེ་གསུམ་གྱིས་བསྔགས་པའི་དྲི་ཞིམ་པོས་སྦངས་ལ། ལས་ཐམས་ཅད་པའི་སྐུད་པའི་རི་མོའི་མཚན་མ་སྔར ་བྱས་པ་ལ། ཡེ་ཤེས་ཀྱི་སྐུད་པ་བྲི་བར་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་ལྟེ་བར་གཟུང་ལ། ཨོཾ་ཛ་ཛ་ཛ་ཞེས་བྱ་བས་ཐིག་སྐུད་ཀྱི་སྣ་སློབ་མ་ལ་བཏང་སྟེ། སློབ་མས་ཀྱང་དེ་ཉིད་ཀྱིས་དྲངས ་ལ་ལྟེ་བར་བཟུང་སྟེ། ཤར་དང་བྱང་དུ་བལྟས་ནས་ཐིག་གཉིས་ནམ་མཁའ་ལ་གདབ་པར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པར་དམིགས་ཏེ་ས་ལ་ཡང་ཚངས་པའི་ཐིག་གཉིས་བཏབ་ལ། སླར་ཡང་སློབ་དཔོན་མེ ་མཚམས་དང་རླུང་མཚམས་སུ་གནས་ནས། གནོད་སྦྱིན་དང་ཡི་དགས་དང་དབང་པོ་དང་ཀླུའི་ཕྱོགས་རྣམས་སུ་ཐིག་གདབ་པར་བྱའོ། །དེ་ནས་ཡང་མེ་མཚམས་སུ་གནས་ཏེ་རླུང་གི་མཚམས་སུ་ཐིག་གདབ་པ་དང། བདེན་བྲལ་དུ ་གནས་ཏེ་དབང་ལྡན་གྱི་བར་དུ་སྲང་བུ་བརྐྱང་བར་བྱས་ལ། ཡང་ཤར་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་ལྷོ་ཕྱོགས་རྣམས་སུ་སོ་སོར་ཐིག་བཏབ་པས་དཀྱིལ་འཁོར་བརྒྱད་པར་བྱ་སྟེ། དེ་དག་ཐམས་ཅད་ལ་ཡང ་ཡི་གེ་གསུམ་གྱི་སྔགས་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་པར་བྱའོ། །ཐིག་སྐུད་རྡེབས་པའི་ཚིག་ཐིག་སྐུད་ཀྱི་སྒྲ་སེམས་ཅན་གྱི་དོན་ལགས་པས་དེ་བཞིན་གཤེགས་པ ་རྣམས་འདིར་གཤེགས་ཤིག་ཅེས་བྱ་བས་བསྐུལ་བར་བྱའོ། །སློབ་དཔོན་དང་སློབ་མ་གཉིས་ཀས་གཡས་བསྐོར་དུ་འགྲོ་ཞིང་གྲུ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བྲི་ལ་ཡེ་ཤེས་ཀྱི་སྐུད་པ ་གཤེགས་སུ་གསོལ་པར་བྱའོ། །ཐིག་བྲི་བའི་ཆོ་གའོ། །དེ་ནས་རྡུལ་ཚོན་རྣམས་བྲཾ་ལ་སོགས་པའི་ས་བོན་ལས་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསྒོམས་ཏེ། ཧཱུཾ་ཞེས་མངོན་པར་བཟླས་ནས། ཛའི ་འབར་བའི་ལྟ་བས་བལྟས་ཏེ། རྡུལ་ཚོན་འབར་བར་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ་བས་དབུས་ཀྱི་ཕུར་བུ་བཏོན་ལ། དེའི་ཁུང་བུ་རྡུལ་ཚོན་སྣ་ལྔས་བཀང་སྟེ། རྡོ་རྗེ་མཁའ་འགྲོར་བསྒོམས་ཏེ། རྡོ་རྗེ་དྲིལ་བུ་གསིལ་བས་བགེགས ་གསལ་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས་པར་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། དབང་ལྡན་གྱི་མཚམས་ནས་བརྩམས་ལ། ཁ་ཤར་དུ་བལྟས་ལ་ལག་པ་གཡོན་པའི་ཁུ་ཚུར་གྱིས་ཚོན་གཡས་བསྐོར་གྱིས་བྲི ་བར་བྱའོ། །སྔགས་ནི་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདི་ཡིན་ནོ། །དེའི་འོག་ཏུ་ཅི་བདེར་གྱི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ ་རྣམས་ཐོད་པའི་མཚན་མ་འམ། སོ་སོའི་ལྷའི་སྐུ་འམ། སོ་སོའི་མཚན་མ་ཡང་བྲིས་ལ། དེའི་འོག་ཏུ་དེ་དག་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷར་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོར་གཞུག་པར ་སྔོན་དུ་འགྲོ་བས་མཆོད་པས་མཉེས་པར་བྱའོ། །དེ་ནས་སླར་བདག་ཉིད་ཁྲོ་བོ་གནོད་མཛེས་ཀྱི་ང་རྒྱལ་དུ་བྱས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་བཟུང་སྟེ། ཨོཾ་སུམ་བྷ་ནི་ཞེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་རི་མོ་ཡིད ་ཀྱིས་བཏེག་ལ་ནང་དུ་ཞུགས་ནས། ཆོས་ཐམས་ཅད་གཉིས་སུ་མེད་པའི་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ནས། ཡང་ཡིད་ཀྱིས་ཕྱིར་ཕྱུང་སྟེ། དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ་ལྷག་པ་དང་ཆད་པའི་ཉེས ་པ་གསལ་བའི་ཕྱིར། རྡོ་རྗེ་དང་དྲིལ་བུ་གསིལ་ཞིང་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས་བལྟ་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ། གར་བྱེད་ཅིང་སླར་ཡང་བླངས་ལ། གནོད་མཛེས་ཀྱི་སྔགས་ཀྱིས་བདག ་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཡི་གེ་གསུམ་བརྗོད་པས་ཡིད་ཀྱི་སྒོ་རྣམས་ཕྱེ་ལ། གཡས་བརྐྱང་བ་ལ་སོགས་པ་གར་རྣམས་ཀྱི་སྒོ་དང་མཚམས་རྣམས་སུ་རོལ་པར་བྱའོ། །དེ་ལྟར་ཡང་གསུངས་པ། ནུབ་ལ་སོགས་པའི་ཕྱོགས་གནས ་ཤིང། །ཤར་ལ་སོགས་པའི་སྒོ་གླེགས་རྣམས། །རིམ་པ་བཞིན་དུ་ཕྱེ་ནས་ནི། །དགའ་བས་གཡས་བརྐྱང་ལ་སོགས་རོལ་ཞེས་སོ། །དེ་ནས་བུམ་པ་རྣམས་འོད་ཀྱི་དཀྱིལ་འཁོར་ལ་རིམ་བཞིན་དུ་བཀོད་ལ། ཡིད་ཀྱིས་ལྷ་རྣམས་ཀྱི་སྤྱན ་སྔ་ན་གནས་པར་ལྷག་པར་མོས་པར་བྱའོ། །ཡང་ན་བུམ་པ་གཞན་རི་མོ་ལྔའི་ཕྱི་རོལ་དུ་བཀོད་ལ། རྣམ་པར་རྒྱལ་བའི་བུམ་པ་ནི། ཤར་ཕྱོགས་ཀྱི་སྒོའི་ནང་ལོགས་སུ་དགོད་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ལ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ ་ཕཊ་ཅེས་བྱ་བ་འདི། བརྒྱ་རྩ་བརྒྱད་བཟླས་ལ། ཤར་ཕྱོགས་ཀྱི་སྒོའི་ཕྱི་རོལ་དུ་བཞག་སྟེ། དེའི་ཆུས་སློབ་མའི་བསང་གཏོར་ལ་སོགས་པ་བྱའོ། །དེའི་འོག་ཏུ་ཨརྒྷཾ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཡི་གེ་ཧཱུཾ་གིས་བྱིན ་གྱིས་བརླབ་པར་བྱ་ཞིང། བདག་ཉིད་རང་གི་ལྷར་མོས་པར་བྱས་ལ། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པས་མཉེས་པ་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་དང། རང་གི་རིག་པ་མཚན་མ་རྙེད་ཀྱི་བར་དུ ་བཟླ་བར་བྱའོ། །དེ་ནས་སྦྱིན་སྲེག་དང་གཏོར་མས་ཚིམ་པར་བྱ་སྟེ། སློབ་མ་འཇུག་པའི་ཆོ་གས་བདག་ཉིད་རིག་པ་དང་བཅས་པར་དཀྱིལ་འཁོར་དུ་ཞུགས་ལ། བཅོམ་ལྡན་འདས་ལ་ཆུའི་དབང་ལ་སོགས་པ་བླངས་ཏེ། གནང་བ་མནོས ་ནས་སློབ་མ་གཞུག་པར་བྱའོ། །དེ་ནས་སློབ་མ་སྔར་སྦྱང་བ་བྱས་ཤིང་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། བླ་མ་ལ་ཡོན་དབུལ་བར་བྱའོ། །དེ་ནས་སློབ་མའི་སྙིང་གར་ཨ་དམར་པོ་བསྒོམས་ལ། ཀཱ་ཀཱ་སྱེའི་སྔགས ་བཟླས་པའི་བླ་གོས་བསྐོན་ལ། ཁྲོ་བོ་གནོད་མཛེས་ཀྱི་སྔགས་བཟླས་པའི་རས་དམར་པོས་མིག་བཀབ་ལ། རང་གི་དབང་བསྐུར་བའི་རྒྱལ་བ་བྱིན་གྱིས་བརླབས་པའི་རས་དམར་པོ་ལ་སོགས་པས་གཙུག་ཏོར་བཅིངས་ཏེ། ་ལས་ཐམས་ཅད་པའི་བུམ་པའི་ཆུས་དེ་ལ་བསང་གཏོར་བྱས་ལ། ཕྱག་བཞི་འཚལ་དུ་བཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཨེ་བཾ་སི་ཏ་ཨ་རུ་ནི་ཞེས་བྱ་བ་ལ་སོགས་པའི་གླུ་བླངས་ལ། སློབ་མའི་སྙིམ་པ་མེ་ཏོག་གིས་ཕྲེང ་བས་བཀང་སྟེ། ཡོལ་བའི་ཕྱི་རོལ་དུ་བཞག་ལ། འདོད་པས་དགའ་བ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་བདག་ནི་སྐལ་བཟངས་བདེ་ཆེན་མོས་ཞེས་བརྗོད་པར་བྱའོ། །དེ་ནས་བསང་གཏོར་བྱས་ཏེ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ ་འདི་བརྗོད་ལ། ཡིད་ཀྱི་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་ཉེ་འཁོར་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་རང་གི་ལྷའི་ང་རྒྱལ་དང་ལྡན་པས། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་།དམ་ཚིག་ཉམས་པར་གྱུར་ཏ་རེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས ་ཤེས་བསྒྲུབས་ནས། དུང་ཆེན་དུ་ནི་བདུད་རྩི་ལྔ། །སྦྱང་བ་དང་ནི་བརྟགས་བྱས་ལ། །ཡེ་ཤེས་འོད་ཀྱིས་འབར་བར་བྱ། །འཁོར་ལོ་གནས་པའི་དངོས་གྲུབ་བསྒྲུབ། །སྒྲུབ་པ་པོ་ཡིས་བཟུང་ནས་སུ། །སློབ་མ་ལ་ནི་བླུད་པར་བྱ། །འདི་ནི་ཁྱོད ་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ོཾ་བཛྲ་ཨུད་ད་ཀ་ཋ་ཞེས་བྱ་བ་འམ། ཡང་ན་ཋའི་གནས་སུ་ཧཱུཾ་བརྗོད་པར་བྱ་སྟེ། གསང་བའི་མཛོད་ལས། ་སློབ་མ་སྨིན་པའི་ལས་རྣམས་ལ། །ཋ་ཡི་གནས་སུ་ཧཱུཾ་བརྗོད་བྱ། །ཞེས་སོ། །དེ་ནས་རྡོ་རྗེ་དང་བཅས་པས་སློབ་མའི་ལག་ནས་བཟུང་ལ། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ད་ཡིན་གྱི། དས་གང་འདི་གྱིས་ཤིག་ཅེས་བསྒོ་བ་རྣམས ་བུ་ཁྱོད་ཀྱིས་བྱ་དགོས་ཏེ། ང་ལ་བརྙས་པའི་ལས་མ་བྱེད་ཅིག་།དུས་མ་ཡིན་པར་ཤི་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། དེ་ནས་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའ་བདག་ལ ་དབབ་པར་གསོལ་ཞེས་སྨྲས་ལ། སློབ་དཔོན་གྱིས་ཀྱང་དེའི་སྙིང་གའི་ས་བོན་ལ་མེ་དང་རླུང་གིས་གཅེས་ནས་ཡེ་ཤེས་ཀྱི་ལྷ་ཆགས་པའི་ཚུལ་དུ་བཅུག་སྟེ། ཨོཾ་ཏིཥྛ་བཛྲ་དྲི་ཌཧོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲི་ད་ཡཾ་མེ་ཨ་དྷི་ཏིཥྛ། ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་གར་བདག་པོ་བཞག་སྟེ། མིག་གཉིས་སུ་ཨོཾ། དཔྲལ་བར་རཾ་བསམས་ལ། ཡི་གེ་ལྔ་བརྗོད་པས། ཡེ་ཤེས་ཀྱི་སྣང་བ་ལས་དངོས་གྲུབ་རྗེས་སུ་ཤེས་པར་བྱས་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱིས། །དེ་རིང་མིག་འབྱེད་ནན་ཏན་མཛད། །རྡོ་རྗེ ་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་ཕྱེ་བར་འགྱུར་ཞེས་བྱ་བའི་ཚིགས་སུ་བཅད་པས་གདོང་ཡོགས་བཤུས་ལ། །དཀྱིལ་འཁོར་བསྟན་ཏེ། ཀྱེ་རྡོ་རྗེ་དཀྱིལ་འཁོར་འདི་ལ་ལྟོས། །མཐོང་ནས་དད་པ་བསྐྱེད་པར་གྱིས། །དེ་རིང་སངས་རྒྱས་རིགས ་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརློབས། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང། །དམ་ཚིག་མཆོག་ལ་གནས་པར་གྱིས། །རྡོ་རྗེ་པདམོ་མཆོག་གིས་རོལ། །སྔགས་ཀྱིས་དབང་ཕྱུག་བཙོན་པར་གྱིས། །ཞེས་བྱ་བས་སྤྲོ་བར་བྱ་ལ། ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། མི་མཉམ་མེད་པར་ཟུར་བཞི་ཡིན། །དྲན་དང་དབང་པོ་སྒོ་བཞི་སྟེ། །རྟ་བབས་བཞི་ནི་བསམ་གཏན་ཡིན། །ཏིང་འཛིན་ཁ་ཁྱེར་དུ་ནི་བརྗོད། །ཁ་ཁྱེར་རྡོ་རྗེ་རྩེར་རྟེན་པའི། །ལྷ་མོའི་མཆོད་པ་གཟུང ་རྣམས་སོ། །རྒྱན་རྣམས་ཀུན་གྱིས་རྣམས་སྤྲས་པ། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །སྣ་ཚོགས་རླུང་གིས་བསྐྱོད་པའི་མཆོག་།བ་དན་དྲིལ་བུའི་སྒྲར་ལྡན་པ། །རླུང་གི་ཚོགས་ཀྱིས་བསྐྱོད་པ་ཡིས། །ཆོས་ཀྱིས་སྒྲ་མཆོག་ཀུན་འགྲོ ་ཡིན། །མེ་ལེད་མི་རྟོག་རྟག་ཡེ་ཤེས། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང། །དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་པ། །ཉི་ཟླ་རིན་ཆེན་བསྐོར་བ་ཡིས། །དྲ་བ་དྲ་བ་ཕྱེད་པ་ཡིན། །དེ་ཡི་ནང་གིས་འཁོར་ལོ་ནི། ། ་རྣམ་པར་ཐར་པ་བརྒྱད་ཀྱིས་འདིར། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །བདེ་གཤེགས་ཀུན་གྱིས་ཡོངས་གང་བའི། །རྡོ་རྗེའི་སྐུད་པས་བསྐོར་བ་ནི། །བྱང་ཆུབ་སེམས་ཀྱི་ཐེག་ཆེན་དང། །མདོ་སྡེའི་འཁོར་ལོ་བསྐོར་བའོ། །ཚོན་རྣམས་སངས་ ་རྒྱས་ལྔ་ཡི་ནི། །ཡེ་ཤེས་སེམས་ཅན་སེམས་འཚོད་པའོ། །དོན་དང་དབང་པོ་རྣམ་དག་པས། །རང་གི་མཚན་ཉིད་རབ་ཏུ་ཕྱེ། །ཡེ་ཤེས་བདུད་རྩི་མངོན་གསོལ་བ་།རྡོ་རྗེ་ཅན་གྱི་རྡོ་རྗེའོ། །བུམ་པ་གང་བ་སྙིང་རྗེས ་བརླན། །ཚོགས་ནི་ཡོངས་སུ་རྫོགས་པ་ཡིན། །དཀྱིལ་འཁོར་མེ་ཏོག་བདུག་པ་དང། །མར་མེ་ཆེ་དང་དྲི་རྣམས་ནི། །བྱང་ཆུབ་ཡན་ལག་ཡིད་འོང་ཚིམ། །ཆོས་ཀྱི་སྒྲོན་མ་གྲགས་འདུས་ཡིན། །ལྷ་བཤོས་ཆོས་ཀྱི་བཟའ་བ་སྟེ། །ཁྲེལ་ཡོད་ངོ་ཚའི་སྡོམ ་པའོ། །གླུ་དང་གར་དང་རོལ་མོ་སོགས། །བདེ་བ་ཆེན་པོ་རྣམ་པར་འཕེལ། །ཐར་པ་མཆོག་གི་གྲོང་ཁྱེར་ཏེ། །སྙིང་པོ་འཛིན་པས་དཀྱིལ་འཁོར་ཡིན། །ཞེས་བྱ་བ་འདི་ནི་རྟེན་གྱི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །བརྟེན་པའི་དཀྱིལ་འཁོར་གྱི ་རྣམ་པར་དག་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་ཤེས་པར་བྱའོ། །ཇི་ལྟ་བུའི་དཀྱིལ་འཁོར་ཡིན་ཞེ་ན། གང་དུ་ཞུགས་པ་ཙམ་གྱིས་ནི། །ཕྱིར་མི་ལྡོག་པའི་གཙོར་འགྱུར་ཞིང། །འདིས་ནི་དཔའ་བོ་ལས་བྱུང་བའི། །བདེ ་བ་ཆེན་པོ་རབ་སྒྲུབ་པའོ། །དེ་ནས་བླ་མ་ལ་ཡོན་གྱི་དམ་པ་ཕུལ་ལ་ཕྱག་བྱས་ཏེ། ཚིགས་སུ་བཅད་པ་འདིས་དབང་ནོད་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན། །བདག་ཀྱང ་བསྣལ་བའི་དོན་དུ་ནི། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ་ཞེས་སོ། །དེ་ནས་ཤར་སྒོར་པདྨ་ནི། །འདབ་བརྒྱད་དབུས་སུ་ཁྲི་བཤམས་ཏེ། །རང་གི་བདག་པོའི་རྣལ་འབྱོར་གྱིས། །རྒྱན་གྱིས་ཀླུབས་ཏེ་བཞག་པར་བྱའོ། །ལུས་ནང་ཆུད་པའི་དཀྱིལ ་འཁོར་ནི། །ཆོ་ག་འདི་ཡིས་བཀྲུ་བར་བྱ། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །རྒྱལ་མཚན་གདུགས་དང་བ་དན་དང། །ལྷ་ཡི་གོས་ཀྱིས་བརྒྱན་པ་ཡི། །བུམ་པ་ཆུས་གང་བསྣམས་པ་དག། སློབ ་དབོན་དབང་བསྐུར་དུས་སུ་ནི། །སྔོན་མཛད་བརྩེ་བའི་ཤུགས་ཀྱིས་ནི། །དགྱེས་པ་ཆེན་པོའི་ལེགས་བྱོན་བསམ། །བུམ་པའི་ནང་དུ་ཆུད་པའི་ཆུ། །བདག་པོ་ཞུ་དང་བདུད་རྩི་ལྔ། །མགུལ་པ་གོས་ཀྱིས་མཛེས་བྱས་ལ། །སྤྱན་ལ་སོགས་པས་གཟུང་བར་བྱ། །བཀྲ ་ཤིས་གླུ་དང་ཚིགས་བཅད་ཀྱིས། །སློབ་མའི་སྤྱི་བོ་བཀྲུ་བར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །དེ་ནས་སངས་རྒྱས་ཐམས་ཅད་ནི། །ཁ་སྤུའི ་བུ་གར་ཞུགས་པར་བྱ། །བདག་ཉིད་རྣལ་འབྱོར་བརྟན་བྱས་ནས། །དེ་ནས་ཅོད་པན་དབང་བསྐུར་ནི། །གོ་ཆ་བཞིན་དུ་བྱིན་ནས་སུ། །གོ་རིམ་བཞིན་དུ་མཚན་མ་བྱིན། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །སངས ་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང། །ོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་བྱ་བ་དང། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།རྡོ ་རྗེ་བསྙིམས་པོ་བདག་པོའི་བདག་ཞེས་བརྗོད་ལ། ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་ལག་པ་གཡས་པས་སྦྱིན་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང། །བྱང་ཆུབ ་མཆོག་ཏུ་རྒྱལ་བ་བཞེད་ཅེས་བྱ་བས། ། ལས་བསྐྱེད་པའི་དྲིལ་བུ་ལག་པ་གཡོན་པར་བྱིན་ལ། དངོས་པོ་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ཡི། །དངོས་པོ་མཆོག་ཏུ ་བྱ་བའོ་ཞེས་བརྗོད་པར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུད། །སྡུག་བསྔལ་ཆེན་པོ་ཞི་བྱེད་པ། །ཤིན་ཏུ་བདེ་ཞིང་དམ་པའི་ཐབས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བྱར ་བརྗོད། །གང་གིས་སྔགས་ཀྱིས་ལུས་བརྟན་པ། དེས་ནི་ཕྱག་རྒྱར་རབ་ཏུ་གྲགས། །དམ་ཚིག་གསུམ་ནི་བྱིན་ནས་སུ། །མིང་གིས་བདག་པོའི་དབང་བསྐུར་བྱ། །ོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ ་སྟཝཾ། ཞེས་བྱ་བ་དང། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏྭཾ། ཞེས་བྱ་བ་དང། ཀྱེ་དཔལ་ཆེ་གེ་མོའི་མྱུ་གུ་ཞེས་བྱ་བ་འམ། དཔལ་ཆེ་གེ་མོའི་རྡོ་རྗེ་ཞེས་བྱ་བ་དཔལ་གྱི་སྒྲ་དང་བཅས་པ་མིང་གི་དབང་བསྐུར་བར་བྱའོ། །འདི ་ངེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་བཟུང་སྟེ། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བས་རྡོ་རྗེའི་བརྟུལ་ཞུགས་བྱིན་ལ། ཨོཾ་སརྦབ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨི་ཥ་ཏྭཾ ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བས། སློབ་མ་བཟུང་ནས་མེ་ཏོག་ལ་སོགས་པས་མཆོད་དེ། དེ་ནས་བླང་བར་བྱའོ། །སློབ་དཔོན་གྱིས་དབང་བསྐུར་བའོ། །དེ་ནས་སྔགས་པས་ལེགས་བསླབ་པའི། །ཤེས་རབ་བླ་མ་དབུལ་བར་བྱ། །གཡོན ་གྱི་ཕྱོགས་སུ་བཞག་ནས་སུ། །སྣ་ཚོགས་མཆོད་པས་མཉེས་པར་བྱ། །མཉེས་པར་གྱུར་ནས་དེའི་འོག་ཏུ། །ཕྱག་བྱས་ནས་ནི་ཐལ་སྦྱར་ཏེ། །པུས་མོ་བཙུགས་ནས་གསང་བ་ཡི། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཁྱོད་ཀྱིས་ཞལ་མངའ་ཨི་བཀའ་ ་དྲིན་གྱིས། །བྱ་བ་བླ་མེད་ཤེས་པར་འཚལ། དེ་རིང་དབང་བསྐུར་རིན་ཆེན་གྱིས། །མགོན་པོས་རྗེ་སུ་གཟུང་དུ་གསོལ། །ཇི་ལྟར་དཔལ་ལྡན་བདེ་ཆེན་པོས། །དཔལ་ལྡན་རྡོ་རྗེ་ཆོས་ལ་ནི། །དེ་ཉིད་དག་པར་བཤད་པ་ཡིན། །མགོན་པོས་དེ་རིང ་བཀའ་དྲིན་མཛོད། །སྡུག་བསྔལ་ཐམས་ཅད་གཅོད་པ་པོ། །མགོན་མེད་རྣམས་ལ་བརྩེ་མཛད་པ། །དམྱལ་སོགས་གནས་ནས་དྲང་བ་དང། སྡུག་བསྔལ་ཐམས་ཅད་ཟད་པར་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་སུ། །གཙོ་བོ་གཞན ་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་བདེ་ཆེན་པོས། །དེ་བས་སངས་རྒྱས་མཆོག་མཉེས་མཛོད། །གསོལ་བ་བཏབ་ཀྱི་འོག་ཏུ་ནི། །སྡོམ་པ་ཉམས་བཞུག་པར་བྱ་སྟེ། །གསང་ལས་ཤིན་ཏུ་གསང་གྱུར་པའི། །སྡོམ་པ་བཟང་པོ་ཉན་པར་གྱིས། །བུ་ཡིས ་སྲོག་ཆགས་བསད་པ་དང། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང། །གཞན་གྱིས་ཆུང་མ་འང་བསྟེན་པར་བྱ། །སྡོམ་པ་བཞི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །བཤང་གཅི་ཤ་དང་ཁྲག་རྣམས་དང། །ལྔ་པ་སེམས་ལས ་བྱུང་བ་སྟེ། ཁྱི་དང་རྟ་དང་གླང་ཆེན་སོགས། །ཤ་ནི་སྤྱང་ཚོགས་ཆོ་ག་ཡིས། །རྟག་ཏུ་ཁྱོད་ཀྱིས་གཟའ་བར་བྱ། །དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་སོ། །དེ་ནས་སློབ་དཔོན་ཤེས་རབ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་རྡོ་རྗེའི་ནོར་བུའི ་ནང་དུ། མཐེ་བོང་དང་སྲིན་ལག་གིས་བཟུང་ལ་།སློབ་མའི་ཁའི་པདྨར་ཚིགས་སུ་བཅད་པ་འདིས་དབབ་པར་བྱའོ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱིས། །དབང་བསྐུར་གོ་འཕང་དམ་པ་སྟེ། སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང། །ལས་མཆོག་རྒྱས་པ་སྒྲུབ ་བྱེད་པའོ། །དེས་ཀྱང་བདེ་བ་ཆེན་པོར་བསམས་ནས་འཐུངས་ཏེ། ཨ་ཧོ་སུ་ཁ་ཞེས་བརྗོད་པར་བྱའོ། །གསང་བའི་དབང་བསྐུར་བའོ། །དེ་ནས་སློབ་དཔོན་རང་གི་དམ་ཚིག་ལ་གནས་པས་སློབ་མ་རྡོ་རྗེ་སེམས་སུ་ལྷག་པར་བྱས་ལ། ཡོན་ཏན་ཐམས ་ཅད་དང་ལྡན་ཞིང་ལེགས་པར་བསློབས་པའི་ཤེས་རབ་མ་གཞན་བྱིན་གྱིས་བརླབས་ལ། ལག་པར་ལག་པ་བྱིན་ཏེ། དེ་བཞིན་གཤེགས་པ་ཐམ་ཅད་དབང་པོར་གསོལ་ལ། དེང་ནས་བརྩམས་ཏེ་ངས་བྱིན་པའི། །བུ་མོ་འདི་དང་སྒྲུབ་པ་པོས། །དེ ་བཞིན་གཤེགས་པས་མཁྱེན་པ་ཡི། །བྱང་ཆུབ་ཆེན་པོ་བསྒྲུབ་པར་གྱིས་ཞེས་བྱ་བ་དང། འདི་ནི་གཟུང་མ་ཡིད་དགའ་མ། །དེ་རིང་ཁྱོད་ཀྱིས་བསྒྲུབ་བྱ་བ། ཞེས་བྱ་བས་བྱིན་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བདག ་གི་བ་སྤུའི་བུ་གར་བཅུག་ལ། སླར་ཕྱུང་ནས་སློབ་མའི་བ་སྤུའི་བུ་གར་བཅུག་ལ་ཞུ་བར་གྱུར་པས། སློབ་མའི་ལུས་ཚིམ་པར་བྱ་ཞིང་ཉོན་མོངས་པའི་དྲི་མ་བཀྲུས་པར་བསྒོམ་པ་འདི་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །དེ ་ནས་སློབ་དཔོན་གྱི་ཁ་ནས་ཀུན་ཏུ་དགའ་བ་ལ་སོགས་པའི་དབྱེ་བས་ལྷན་ཅིག་སྐྱེས་པ་བསྟན་པར་བྱ་སྟེ། སློབ་མ་རང་གི་ཉམས་སུ་མྱོང་བ་འདི་ནི་དབང་བསྐུར་བ་བཞི་པ་རིན་པོ་ཆེའོ། །སླར་ཡང་པདྨ་ལ་གནས་པའི་མེ་ཏོག་དང་བཅས་པའོ། ། ་ཁུ་བ་བླངས་ཏེ་ངེས་མཆོད་པའི་ཕྱིར་རིག་མའི་ཁར་སྦྱིན་པར་བྱའོ། །དེ་ནས་བླ་མའི་ལག་པ་ནི། སློབ་མའི་མགོ་བོར་བཞག་ནས་ནི། ཐབས་གཞན་གྱིས་ནི་སངས་མི་རྒྱ། །དེ་བས་དེས་ནི་རིག་པའི་མཆོག། ཆོས་རྣམས་ཐམས་ཅད་གཉིས་མེད ་པར། །དངོས་པོ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་རྟག་ཏུ་འཁོར་བ་རུ། །ཁྱོད་ཀྱིས་བྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །རིག་པའི་བརྟུལ་ཞུགས་བླ་ན་མེད་ཅེས་བྱ་བ་འདིས། །རིག་པའི་བརྟུལ་ཞུགས་བྱིན་ལ། རྗེས་སུ ་གནང་བ་སྦྱིན་པར་བྱ་སྟེ། འཇིག་རྟེན་ཁམས་འདི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞིང་བྱ་བ་དང། དེ་བཞིན་དུ་ནོར་བུ་དང། །པདྨ་དང་ལས་ཀྱི ་རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར་ཞེས་པ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ལ། རིམ་པ་འདིས་ལུང་བསྟན་པར་བྱ་སྟེ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བྱས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་དེ་བཞིན ་གཤེགས་པ་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ཏེ། ལག་པ་གཡས་པ་མཆོག་སྦྱིན་བརྐྱང་ལ། །མིང་གིས་དབང་བསྐུར་བས་ལུང་བསྟན་པར་བྱ་སྟེ། ཨོཾ་འདི་ནི་ཁྱོད་ལ་ངས་ལུང་བསྟན། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་།སྲིད་དང་ངན ་འགྲོ་ལས་གཏོན་ནས། །ཤིན་ཏུ་སྲིད་པ་གྲུབ་པར་གྱིས། །ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟཝཾ་བྷུརྦྷུ་བ་སྭ་ཧཱ་ཞེས་སོ། །དེ་ནས་སློབ་མ་དད་པ་སྤེལ་བ་སློབ་དཔོན་གྱིས་འདི་སྐད་དུ། གང་ལ་ཚུལ་འདི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་ག་འདིས ་ལུང་བསྟན་པར་བྱས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་འཛིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་སྤྱོད་པས། མགྲིན་གཅིག་ཏུ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །ཞེས་བརྗོད་པར་བྱའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བ། ཁྱོད་ཀྱིས ་ནམ་ཡང་མི་བྱའོ། །མཧཱ་ས་མ་ཡ་ཧ་ན་ཕཊ་ཞེས་སོ། །དེའི་རྗེས་ལ་ལག་པ་གཡོན་པས་སློབ་མའི་གཙོ་བོའི་ལག་པ་གཡས་ཀྱི་མཐེ་བོ་ནས་གཟུང་སྟེ། མར་གྱི་དགང་བླུགས་བརྒྱ་བསྲེགས་ནས། ཡང་སྦྲང་རྩི་དང་འབྲས་ཡོས་དང། ཞོ་དང ་བཅས་པའི་ཏིལ་གྱིས་སྲེགས་བླུགས་བརྒྱ་བྱིན་ལ། གསང་གཏོར་བྱ་སྟེ། ལག་པ་སྙིང་གར་བྱུགས་ལ། རང་གི་རིགས་ཀྱི་རིགས་པ་འམ། བདུད་རྩི་འཁྱིལ་བའི་སྔགས་ཡོངས་སུ་བཟླས་པའི་ལག་པ་གདུབ་སློབ་མའི་ལག་པར་བཏགས་ལ ་སློབ་མས་གདུགས་སྤྱི་བོར་བཟུང་སྟེ། དཀྱིལ་འཁོར་བསྐོར་བ་བྱས་ལ། གདུགས་དང་བཅས་པར་ཐལ་མོ་སྦྱར་ནས། དཀྱིལ་འཁོར་གྱི་སྒོ་ནས་ཕྱག་འཚལ་དུ་བཅུག་སྟེ། རྒྱུད་ནི་ཡོངས་སུ་འཛིན་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས་ཞེས ་བརྗོད་ནས་དེ་བླང་སྟེ་སློབ་དཔོན་གྱིས་གདུགས་ལ་གཟུང་ལ་འདི་སྐད་ཆེས་བརྗོད་པར་བྱའོ། །དེ་རིང་དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང། ལྷ་རྣམས་ཀུན་གྱིས ་མཐུན་བར་གསུངས། སེམས་ཅན་ཀུན་ལ་རྗེས་བརྩེའི་ཕྱིར། ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་ཇི་ལྟ་བ་བཞིན་དུ་མན་ངག་སྦྱིན་ཞིང་དྲང་བའི ་དོན་ལ་སོགས་པ་སྦས་པ་རྣམས་གསལ་བར་བྱས་ལ། དབུགས་དབྱུང་བར་བྱས་ཏེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །བཅུག་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་ཤིན་ཏུ་གནས།། ་བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་བཅད་འཆི་བར་མི་འགྱུར་ཏེ། །གནོད་པ་མེད་བ་ཀུན་རྟོགས་པས། །ཅིས་ཀྱང་མ་འཇིགས་དགའ་བར་གྱིས། །ཞེས་བྱ་བ་བརྗོད་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས ་ཉིད་དུ་དོགས་མེད་པའི། །རྡོ་རྗེ་ཕྱག་རྒྱ་གང་ཡིན་དང། །བྱང་ཆུབ་སེམས་ནི་སྨད་མི་བྱ། །དམ་པའི་ཆོས་ཀྱང་མི་སྨད་ཅིང། །ནམས་ཀྱང་དོར་བར་མི་བྱའོ། །མི་ཤེས་པའི་མ་རྨོངས་པ་ལ། །ཚུལ་ཆེན་བསྟན་པར་མི་བྱ་ཞིང། །རང་དགའ་ཡོངས་སུ་བཏང་ནས་ནི། ། ་དཀའ་ཐུབ་ཀྱིས་ན་གདུང་མི་བྱ། །ཇི་ལྟར་བདེ་བ་དེ་གཟུང་ན། འདི་ནི་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །ནམ་ཡང་བཏང་བར་མི་བྱ་སྟེ། །སངས་རྒྱས་ཀུན་དང་མཚུངས་པས་ན། །སློབ་དཔོན་བསྙད་པར་མི་བྱའོ། །སངས་རྒྱས་ཀུན ་མཚུངས་བློ་ཆེན་པ། །སྨད་པར་བྱེད་པ་གང་ཡིན་དེས། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །དེ་ནི་རྟག་ཏུ་སྡུག་བསྔལ་འཐོབ། །གང་ཕྱིར་ཤིན་ཏུ་འདིར་གནས་པས། །དེ་རིང་ཁྱོད་གསོན་འབྲས་བུ་ཡོད། །ལྷ་དང་དམ་ཚིག་གིས་མཉམ་པར། ། ་གྱུར་པར་ཁྱོད་ནི་ཐེ་ཚོམ་མེད། །རབ་ཏུ་དད་པའི་ཡིད་ཀྱིས་ནི། །ཟད་མེད་བདེ་བསྐྱེད་དམ་ཚིག་ལ། །རྒྱུན་ཏུ་གུས་པས་བསྙེན་པར་བྱ། །འགྲོ་རྣམས་ཡུལ་དུ་དེར་དགོད་པ། །རྡོ་རྗེ་སེམས་དཔའ་དང་མཉམ་པའི། །རྟག་ཏུ་ཁྱོད་རྣམས་འགྲོ་བར་འགྱུར། །དེ ་ནས་སློབ་མས་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ནས་འཛུམ་པ་དང་བཅས་པས། གཙོ་བོ་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བགྱིད་པར་འཚལ། །ཞེས་ཁས་བླང་བར་བྱའོ། །དེ་ལྟར་སློབ་མས་ཁས་བླངས་ནས། འོག་ནས་འབྱུང་བའི་ཆོ་ག་འདིས། ། ་ཞི་བའི་དོན་དུ་སྦྱིན་སྲེག་བྱ་སྟེ། སློབ་མ་རེ་རེ་ཞིང་ལག་པ་གཡས་པའི་མཐེ་བོ་མའི་ལག་པ་གཡོན་པས་གཟུང་ཞིང་བསྡམས་ལ། མར་གྱིས་དགང་གཟར་བཀང་སྟེ། བླུགས་གཟར་ཁ་སྦྱར་ལ་སློབ་མ་ལ་བསྐོར་ཞིང་ལན་བདུན་བདུན་སྦྱིན་སྲེག་བྱའོ།། ་དེ་ནས་བླ་མས་སློབ་མ་རྣམས་ལ་ཡོན་བླང་བར་བྱ་སྟེ། གསེར་དང་དངུལ་དང་རིན་ཆེན་དང། །རྟ་དང་གླང་པོས་གཞིར་བཅས། །སློབ་མས་ཐམས་ཅད་ཕུལ་ནས་སུ། །ཆོ་ག་བཞིན་དུ་སྔགས་སྦྱིན་བྱ། །དེ་ནས་སྙོམས་ཞུགས་བདེ་སྤྱོད་ཚེ། །གསང་སྔགས ་སྦྱིན་པ་བདག་སེམས་བཏུང། །དཀྱིལ་འཁོར་ཡང་དག་མཆོད་གནས་སུ། །སློབ་མ་ལ་ནི་འདི་སྐད་བརྗོད། །ཐམས་ཅད་ཀྱིས་ནི་ཅི་ནུས་བར། །དེ་བཞིན་གཤེགས་པ་ཀུན་མཆོད་ཅིག་ཅེས་སོ། །དེ་ནས་ཀྱང་མྱང་བ་དང་གཞི་བ་དང་བཏུང་བ་དང་བཟའ་བ་དང་སོགས ་ཅི་འབྱོར་པས། ཚོགས་ཀྱི་ནང་དུ་སངས་རྒྱས་ཐམས་ཅད་མཆོད་ལ། སླར་ཡང་རྡོ་རྗེ་བརྟུལ་ཞུགས་བྱིན་ཏེ། དེ་དང་བཅས་པར་མཚན་ཐོག་ཐག་རོལ་པས་དགའ་བར་བྱ་ཞིང། དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་གླུ་ལ་སོགས་པ་སྤྱོད་ཅིང་། ་སྔགས་བཟླས་པར་བྱའོ། །དེ་ནས་ཡི་གེ་གསུམ་གྱི་མཐར་མུ(རྒྱུད་འགྲེལ་ཆུང་སྟེ། ཞི་བའི་སྦྱིན་སྲེག་བྱས་ལ། ཅི་བདེར་རྒྱུ་བར་བྱའོ། །རབ་གནས་ལ་སོགས་པ་ནི་རང་ཉིད་ཀྱིས་ཤེས་པར་བྱ་བའོ། །ས་གཟུང་བ་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་གིས་ས་གཟུང་བ་དང། སྟ་གོན་ལ་གནས་པ་དང། ཐིག་བྲི་བའི་ཆོ་ག་སྟོན་བར་ ་བྱེད་པ་དེ་ནི་ས་གཟུང་བ་དང། སྟ་གོན་ལ་གནས་པ་དང། ཐིག་བྲི་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དྲུག་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་དྲུག ་པའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་བཅུ་བདུན་པར་རྣམ་པར་བཤད་པའི་ཉེ་བར་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཁམས་ཞེས་བྱ་བར་སྦྱར་རོ།། ་ཁམས་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དེ། ཕྱི་དང་ནང་ཞེས་བྱ་བ་དང་སྦྱར་རོ། །ལྷག་མ་ཐམས་ཅད་ནི་སྒྲ་ཇི་བཞིན་པར་གཟུང་བར་བྱ་སྟེ། ལེའུ་བཅུ་བདུན་པ་ཉིད་དུ་བཤད་ཟིན་པས་འདིར་བདག་གིས་མ་ཕྱེའོ། །བཅུད་ཀྱི་ལེན་གྱི་རྫས་ནི་སྡེ་ཚན ་རྣམས་སོ། །དབང་དུ་བྱས་པ་ནི་དེ་གཙོ་བོར་བྱས་པའི་ཆོ་གའོ། །རིམ་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་བདུན་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །། ་སྦྱིན་སྲེག་གི་མེ་ཐབ་ཚད་ལ་སོགས་པ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལེའུ་འདིའི་དོན་ནི་ལས་གང་གི་ཐབ་ཁུང་ཇི་ལྟ་བུ་ཡིན་པ་དང། ཐབ་ཁུང་གི་ཚད་དང། འདུག་སྟངས་དང། ཡམ་ཤིང་ལ་སོགས་པའི་ཚད ་བསྟན་པ་ཡིན་ཏེ། གོ་སླ་བས་རྣམ་པར་མ་ཕྱེའོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ། །གསང་ཆེན་ནི་གསང་བའི་ཡུལ་དུ་གྱུར་པ་སྟེ་རྫས་རྣམས་སོ། །སྦྱིན་སྲེག་གི་ཆོ་ག་ནི་ཐབ་ཁུང་ལ ་སོགས་པའི་མཚན་ཉིད་དོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བརྒྱད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། ་ད་ནི་བཅུད་ཀྱི་ལེན་གྱི་རྗེས་སུ་བསྟན་པ་བཤད་པར་བཞེད་ནས། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སླར་ཡང་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པ་དང་བཞི་བཅུ་རྩ་བདུན་པར་གང་གསུངས་པའི་བསྟན་པ་དང་ཉེ་བར་བསྟན་པ་གཉིས་ལ་ལྟོས་པའོ།། ་དེ་ནས་དེ་རྣམས་ཞེས་བྱ་བ་ནི་རྫས་རྣམས་ཀྱིའོ། །ཁམས་ཀྱི་རང་བཞིན་སྣ་ཚོགས་པ་ཞེས་བྱ་བ་ལ། ཁམས་ཀྱི་རང་བཞིན་ནི་རླན་ཅན་དང། སྐམ་ས་ལ་སོགས་པའི་སྐྱེ་གནས་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ། །རྫས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྨན་རྣམས ་ཏེ། སེམས་ཅན་རྣམས་ཕན་འདོགས་ཤིང་ཉེ་བར་འཇུག་པས་ན་རྫས་སོ། །ཆུང་ངུ་ལ་སོགས་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་ཀྱི་སེམས་ཀྱི་དབྱེ་བའི་དབང་དུ་བྱས་པའོ། །ཡོན་ཏན་ལྡན་པའི་རྫས་མཚན་ཉིད་ཅེས་བྱ་བ་ལ། རྫས་གང་ལ་མཚན་ཉིད ་ཀྱི་ཡོན་ཏན་ཡོད་པའོ། །རྣམ་པ་བཞིར་དབྱེ་བར་བྱའོ་ཞེས་བྱ་བ་ནི། དབྱེ་བ་བཞིར་བྱས་ལ་སོ་སོར་རྫས་རྣམས་སྦྱོར་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཤིང་དང་ཞེས་བྱ་བ་ནི་ཉེ་བར་མཚན་པ་སྟེ། གསེར ་ལ་སོགས་པ་ལས་བྱུང་བའི་ལྔ་བལྟ་བར་བྱའོ། །གྲུ་ནི་རྒྱ་མཚོ་སྒྲོལ་བའི་གྲུའོ། །ཀུན་གབ་ཅེས་བྱ་བས་ནིའོ་བྱེད་པ་ལ་སོགས་པ་ཡང་གཟུང་བར་བྱའོ། །སྲོག་ཆགས་ནེའུ་ལེ་ལྟར་ཞེས་བྱ་བ་ནི་གྲགས་པར་ཟད་དོ། །ཡང་ན་རྗེས་སུ་མི་མཐུན་པ ་མེད་པ་ཞེས་བྱ་བར་སྦྱར་ཏེ། གང་ལ་གང་གིས་རྗེས་སུ་མཐུན་པའི་འཁྱུད་པའོ། །དེ་དག་གིས་ནི་བྱ་བ་རྣམ་པ་བརྒྱད་སྟོན་པ་ཡིན་ཏེ། དེ་ཡང་གསུངས་པ། ཀུན་ཏུ་འཁྱུད་དང་འོ་བྱེད་དང། །སེན་མོས་འདྲི་དང་སོས་འདེབས་དང། ཡང་དག་འཇུག་དང་སྲིད ་ཅེས་ཟེར། །སྐྱེས་པ་ལྟར་བྱེད་ཉིད་པ་སྟེ། བརྒྱད་པོ་བརྒྱད་ཅེས་དབྱེ་བ་ཡིས། །དྲུག་ཅུ་རྩ་བཞིར་གྱུར་པ་ཡིན་ཞེས་སོ། །དེ་ལ་ཨ་ལཾ་ཀ་ན་བརྒྱད་བཤད་པར་བྱ་སྟེ། དེ་ལ་ཕན་ཚུན་གདོང་བལྟས་ཏེ། འགྲོ་བ་ན། ལུས་ཀྱི་ཆ་ཙམ་རེག་པས་ནི་སྤྲེའུ་ཏ ་ཀ་ཞེས་བྱ་བའི་ཨ་ལི་ཀ་སྟེ། དེ་ཡང་གསུངས་པ། གདོང་བལྟས་ཏེ་འགྲོ་བ་ན་མདོག་ཅིང་འཛེར་བར་བྱེད་པ་དང། རྫས་གཞན་ལེན་བ་ལྟར་བྱེད་ཅིང་ལུས་ཀྱི་ཆ་ཙམ་རེག་པ་ནི་སྤྲེའུ་ཏ་ཀ་ཞེས་བྱའོ་ཞེས་སོ། །སྐྱེས ་བུ་ཐང་ལ་འདུག་པའི་དུས་སུ། ནུ་མའི་རྩེ་མོ་ལུས་ལ་གཏོད་པར་བྱེད་ཅིང་རེག་བྱེད་ལ་སྐྱེས་བུས་ཀྱང་ནུ་མ་གཟུང་བ་འདི་ནི་བྷི་དྷ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། གནས་དབེན་པར་སྐྱེས་བུ་འདུག་ཀྱང་རུང་བ་ལ། འོ་མ་འཛིན་པ་རེག་པར ་བྱེད་ཅིང་འབུགས་པ་ལྟར་བྱེད་པ་དང། དེས་ཀྱང་དེ་གཟུང་བ་འདིའི་མིང་བྷི་དྷ་ཀཾ་ཞེས་པའོ། །ཕན་ཚུན་དུ་ལུས་རིག་ནས་ཀྱང་དྲུད་པ་འདི་ནི་ཨུ་པ་གྲིསྟ་ཀཾ་ཞེས་པའོ། །དེ་ཡང་གསུངས་པ། དེ་གཉིས་སྐྱེ་བོ་མང་པོ་འདུས་པའི་ནང་དུ་ཡང་རུང ་དབེན་པར་ཡང་རུང་སྟེ། ཕན་ཚུན་མཐུན་པའི་གཏམ་ཟེར་ཞིང་ཡུན་མི་རིང་བར་ལུས་རེག་ནས་ཅུང་ཟད་དྲུད་པ་འདིའི་མིང་ནི་ཨུ་བ་གྲིས་ཏེ་ཀཾ་ཞེས་བྱའོ་ཞེས་པའོ། །དེ་ཉིད་ཤིང་དང་རྩིག་པ་ལ་སོགས་པའི་དངོས་པོ་ལ་འཁྱུད་ཅིང། སོ་འདེབས་པ ་ལ་ནི་པིལཱི་ཏ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་ཉིད་ཀྱི་རྩིག་པ་དང། ཀ་བ་ལ་སོགས་པ་ལ་འཁྱུད་ཅིང། ལག་པས་འཚིར་བ་དང་སོས་འདེབས་པ་འདིའི་མིང་ནི་པིལྔི་ཏ་ཀ་ཞེས་བྱའོ་ཞེས་པའོ། །ལ་ཏ་བི་ཏི་སྟ་ག་ཏ་ཀ་ལ་སོགས ་པ་བཞི་བཤད་པར་བྱ་སྟེ། དེ་ལ་ཤིང་ལ་ལྕུག་མ་ལྟར་ལག་པ་གཅིག་གིས་སྐྱེས་པ་ལ་ཀུན་ཏུ་འཁྱུད་ཅིང་ལག་པ་གཅིག་གིས་འོ་བྱ་བའི་ཕྱིར་མགུལ་པ་ནས་འགུགས་ཤིང་སྲིད་ཅེས་བྱ་བའི་སྒྲ་དང་བཅས་པ་ནི་ལ་ཏ་བེ་སྟི་ཀ་ཞེས ་བྱའོ། །དེ་ཡང་གསུངས་པ། ཤིང་སཱ་ལ་ལྕུག་མ་འཁྲིལ་བ་ལྟར་བསྒྲིལ་ནས་གཙོ་བོའི་མགྲིན་པ་ཅུང་ཟད་བཀུག་པ་སྟེ། ཅུང་ཟད་སིད་ཀྱི་སྒྲ་འབྱིན་ཅིང། འོ་བྱེད་པས་འཛིན་པ་འདི་ནི་ལ་ཏ་པ་སྟི་ཀ་ཞེས་བྱའོ་ཞེས་པའོ། །རྐང་པ་གཅིག་གིས ་སྐྱེས་བུའི་རྐང་པ་གཅིག་མནན་ནས། རྐང་པ་གཅིག་སྐྱེས་བུའི་བརླ་སྟེང་དུ་བཞག་སྟེ། སིད་ཅེས་ཟེར་ཞིང་ལག་པ་གཅིག་སྔ་མ་ལྟར་རྒྱབ་ནས་དཀྲིས་ཏེ། གཉིས་པ་ཡང་སྔ་མ་ལྟར་བྱའོ། །ཞེས་བྱ་བའི་ཕྱིར་མགོ་བོ་ནས་ཀུན་ཏུ་འགུགས་པ་ནི་ཤིང ་ཏོག་ལེན་པ་དང་འདྲ་བར་བྲིཀྵ་ཨ་ཏི་རུ་ཏ་ཀ་ཞེས་བྱའོ། །དེ་ཡང་གསུངས་པ། རྐང་པ་གཅིག་གིས་གཅིག་གི་བོལ་མནན་ནས་གཅིག་བརླ་སྟེང་དུ་བཙུགས་ཏེ་ལག་པས་འཁྱུད་ནས་ཡང་གཅིག་གིས་བཀུག་སྟེ། ཅུང་ཟད་དབུགས་གྲང་མོ ་གཏོང་ཞིང་སིད་ཅེས་བྱ་བའི་སྒྲ་སྒྲོགས་པས་འོ་བྱེད་པ་འདིའི་མིང་ནི་བྲིཀྵ་ཨ་ཏི་རུ་ཏ་ཀ་ཞེས་བྱའོ་ཞེས་པའོ། །མལ་དུ་ཐང་ལས་སྦྱར་ནས་ཉལ་བ་ནི་ཏི་ལ་ཏན་ཏོ་ལ་ཞེས་བྱའོ། །དེ་ཡང་གསུངས་པ། མལ་དུ་ཉལ་ཏེ་ལྟོ་དང་བརླ་ལ་སོགས ་པ་ལེགས་པར་སྦྱར་ཏེ། རྒྱབ་ནས་འཁྱུད་ནས་ལོངས་སྤྱོད་པ་འདིའི་མིང་འདི་ནི་ཏི་ལ་ཏན་དུ་ལ་ཞེས་བྱའོ་ཞེས་པའོ། །དེ་བཞིན་དུ་ཉལ་བ་ན་གཅིག་གིས་འདོམས་སུ་གཅིག་ཞུགས་ཏེ་མཛའ་སྦྱར་ནས་ཕན་ཚུན་ཆགས་པས་མྱོས་པ་ནི་ཁྲི་ར་ཛ་ལ་ཞེས ་བྱའོ། །དེ་ཡང་གསུངས་པ། ཕན་ཚུན་ཆགས་པའི་མུན་པས་འཁྲུགས་ཤིང་མལ་དུ་ཞུགས་ནས་ཕན་ཚུན་གཅིག་ལ་གཅིག་འདོམས་སུ་ཞུགས་ནས། ཀུན་ནས་འཁྱུད་པ་འདིའི་མིང་ནི་ཁྲི་ར་ཛ་ལ་ཞེས་བྱའོ་ཞེས་པའོ། །ཀུན་འགབ་ཀྱིས་རྣམ་པར་དབྱེ་བ ་གཞན་དག་ནི་གཞུང་མངས་ཀྱིས་དོགས་པའི་འཇིགས་པས་མ་བྲིས་ཏེ། གཞན་དུ་ན་ཀུན་ཏུ་འཁྱུད་པའི་བྱེ་བྲག་མ་ལུས་པ་ནི་སྐྱེས་བུ་རྣམས་ཀྱིས་ཀྱང་ཡུན་རིང་མོར་རྫོགས་པར་མི་ནུས་སོ། །གཉིས་པ་བསྟན་པའི་ཕྱིར། ཕུག་རོན་ལྟར་འོ་བྱེད ་ཅིང་མ་མཆུ་གཟུང་སྟེ་འཇིབ་པ་དང་སྐྲ་ནས་གཟུང་བ་དང། ཞེས་བྱ་བ་སྨོས་ཏེ་དེ་ལ་ཕུག་རོན་ལྟར་ཞེས་བྱ་བ་ནི། ཇི་ལྟར་ཕུག་རོན་འོ་བྱེད་པ་སྐད་ཅིག་སྐད་ཅིག་བྱེད་ཅིང་མགྲིན་པའི་ནང་དུ་ངུར་སྒྲས་བཀང་ནས་བྱེད་པ་ལྟར་འོ་བྱེད་པར་ཤེས་པར ་བྱའོ་མཆུ་གཟུང་སྟེ་འཇིབ་པ་ཞེས་བྱ་བ་ནི། མཆུ་གཟུང་བ་དང་རྡོ་རྗེ་དང་པདྨའི་སྣ་རྩེ་འཇིབ་པ་དང། ཞེས་བྱ་བར་སྦྱར་བར་བྱའོ། །སྐྲ་ནས་གཟུང་བ་དང་ཞེས་བྱ་བ་ནི། སྐྲ་ནས་རྨུག་པར་བྱའོ། །གསུམ་པ་གསུངས་པ། ་སེན་མོས་འདེབས་ཤིང་བསྣུན་པ་དང་ཞེས་བྱ་བ་ནི་ཆགས་པ་སྤེལ་བའི་ཕྱིར། སེན་མོའི་རི་མོ་འབྲི་བ་སྟེ། དེ་ཡང་ཁྱད་པར་དུ་དང་པོར་ཕྲད་པ་ལ་སོགས་པའི་དུས་བྱའོ། །དེ་ཡང་གསུངས་པ། ཆགས་པ་སྤེལ་བར་བྱ་བ་དང། ཡིད་དགའ་ ་བར་བྱ་བའི་ཕྱིར། དང་པོར་ཕྲད་པའི་དུས་དང། འགྲོན་དུ་འགྲོ་བ་དང། སླར་ལོག་པ་དང། ཁྲོས་པ་དང། དགའ་ཆེས་པ་དང། བཞི་བ་རྣམས་ཀྱི་དུས་སུ་སེན་མོའི་རི་མོས་འདེབས་ཤིང་སྦྱོར་ཞེས་སོ། །དེ་ནི་དགའ་བ་ལ་ཤུགས་དྲག་པར ་གྱུར་ཏེ། བདག་གི་དབང་དུ་འགྱུར་པའོ། །དེ་བཞིན་དུ་སོ་འདེབས་པའི་འབྲས་བུ་ཡང་དེ་ཉིད་དོ། །དེ་ཡང་ཙུ་རི་ཏ་ཀ་ལ་སོགས་པ་རྣམ་པ་བརྒྱད་དུ་འགྱུར་ཏེ། ཙུ་རི་ཏ་ཀ་དང། ཨརྦྷ་ཙན་དྲ་དང། མན་དྷ་ལ་དང། དཱི་ར་གྷ་རེ་ཁཱ་དང། བྱ་ཀྲ་ན ་ཁ་ཀང་དང། མ་ཡུ་ར་བ་ད་ཀ་དང། ཤ་ཤ་པུ་ལུ་ཏ་དང། ཨུཏཔལ་ཏྲ་ཀང་ཞེས་བྱ་བ་རྣམས་སོ། །དེ་ལ་རྣ་རྩ་དང། ནུ་མ་དང། མཆུ་རྣམས་སུ་སོར་མོའི་ཟོན་སྤང་བར་བྱ་སྟེ། བ་སྤུ་ལྡངས་བྱ་བའི་ཕྱིར། །བུ་མོ་གཞོན་ནུ་མ་རྣམས་ལ། །སོར ་མོ་ལྔ་ཆར་གྱིས་སེན་མོའི་རི་མོ་འབྲས་ཀྱི་གཟེགས་མའི་རྗེས་ཙམ་དུ་འདེབས་པའི་སྦྱོར་བ་འདི་ནི་ཙུ་རི་ཏ་ཀ་ཞེས་བྱའོ། །གང་དེའི་འོག་ཏུ་གཡའ་ཞིང་ཟ་བར་བྱེད་པ་དང། འཆིང་བ་ལྷོད་བར་བྱ་བ་དང། སེམས་གཡོས་པར་བྱ་བའི ་ཕྱིར། དེའི་མགྲིན་པ་དང། ནུ་མ་དང། རྒྱབ་རྣམས་སུ་སེན་མོའི་རི་མོ་ཡོན་པོར་འདྲི་བ་འདི་ནི་ཨརྡྷ་ཙནྡྲ་ཞེས་བྱའོ། །དེ་ཉིད་ཕན་ཚུན་ཐད་ཀར་སེན་མོས་བྲིས་པ་ནི། མ་དྷ་ལ་ཞེས་བྱའོ། །ལྟེ་བའི་རྩ་དང་དབྱི་སྟེང་དང་ནས་ཚོང་གི ་གནས་ཐམས་ཅད་དུ་སེན་མོའི་རི་མོ་རིང་པོར་བྲི་བ་འདི་ནི་དཱིར་གྷ་རེ་ཁཱ་ཞེས་བྱའོ། །དེ་ཉིད་ཡོན་པོར་བྲིས་པ་ནི་བྱ་ཀྲ་ན་ཁ་ཀང་ཞེས་བྱའོ། །ནུ་མ་དང་རྒྱབ་དང། ཀོ་སྐོའི་འོག་ཏུ་སེན་མོའི་རི་མོ་རྒྱ་གྲམ་དུ་བྲིས་པ་འདི་ནི་མ་ཡུ་ར་བ་ད་ཀང་ཞེས ་བྱའོ། །སྦྱོར་བ་དེ་ཉིད་ལས་ནུ་མ་དང་ཀོ་སྐོ་རྣམས་ལ་སེན་མོའི་རི་མོ་ལྔ་རི་བོང་གིས་མཆོངས་པའི་རྗེས་ལྟར་བྲི་བ་འདི་ནི། ཤ་ཤ་པུ་ལུ་ཏ་ཀ་ཞེས་བྱའོ། །ནུ་མ་དང་རྒྱབ་དང་སྐེ་སོ་རྣམས་སུ་སེན་མོའི་རི་མོ་ཨུཏཔ་ལའི་འདབ་མའི་རྩེ་མོ་ལྟར་འབྲི ་བ་འདི་ནི་ཨུཏཔལ་པ་ཏྲ་ཀང་ཞེས་བྱ་སྟེ། ནུ་མ་དང་རྒྱབ་ཏུ་སེན་མོའི་རི་མོ་གསུམ་མམ་བཞི་ཚབས་ཚོར་བྲི་བ་འདིས་ནི་དྲན་པར་བྱེད་པ་ཡིན་ནོ། །སེན་མོ་རྣམས་ཀྱི་རི་མོའི་ཁྱད་པར་གྱི་དགོས་པ་ནི་འདི་ཡིན་ཏེ། བུ་མོ་རྣམས་ཀྱི་ནུ་མ་ལ ་གནས་པའི་རི་མོ་རྒྱང་རིང་པོ་ནས་མཐོང་ཡང་སྐྱེས་བུ་གཞན་ཆགས་པར་འགྱུར་ལ། སྐྱེས་པའི་ལུས་ལ་གནས་པའི་སེན་མོ་བཏབ་པ་དང། སོས་སླད་པའི་རི་མོ་མཐོང་ན། སེམས་བརྟན་པའི་བུད་མེད་རྣམས་ཀྱང་ཆགས་པ་གཡོ་བར་འགྱུར་བ ་ཡིན་ནོ། །བཞི་པ་བརྟན་པའི་ཕྱིར་སོ་འདེབས་ཤིང་བྲལ་བ་དང་ཞེས་བྱ་བ་སྨོས་ཏེ། དེ་ཡང་བྲལ་བ་ནི་ཉེ་བར་མཚོན་པ་སྟེ། མུ་ལ་ཀ་ལ་ཞེས་བྱ་བ་ལ་སོགས་ཐམས་ཅད་གཟུང་བར་བྱའོ། །དེ་ཡང་གསུངས་པ། མུ་ལ་ཀ་དང། ཨུད་ཙུ་མ་ཀང་དང། ་པྲ་བ་ལ་མ་ནི་དང། མ་ནི་མ་ལ་དང། བིན་དུ་དང། བིན་དུ་མ་ལ་དང། ཁན་དྷ་ཨ་པྲ་ཀ་དང། བཱར་ཧ་ཙ་ར་ཙི་ཏ་ཀ་ཞེས་བྱ་བའི་སོ་འདེབས་པ་རྣམས་བརྟག་པར་བྱའོ་ཞེས་པའོ། །དེ་ལ་ཆགས་པ་ཙམ་གྱིས་ཤིན་ཏུ་དམར་པར་འདེབས་པ་འདི་ནི་མུ་ལ་ཀ ་ཞེས་བྱའོ། །དེ་ཉིད་མཆུའི་དབུས་སུ་སོའི་རྗེས་ཡོད་པར་ཅུང་ཟད་བཙིར་ཏེ་འདེབས་པ་འདི་ནི་ཨུད་ཙུ་ན་ཀང་ཞེས་བྱའོ། །པྲ་བ་ལ་མ་ནི་ཞེས་བྱ་བ་ནི་མཆུ་དང་སོ་སྟེ། དེ་གཉིས་ཁ་སྦྱར་བར་འགྲམ་པའི་ངོས་ལ་སོ་འདེབས་པ་འདི་ནི་པྲ་བ་ལ་མ་ནི ་ཞེས་བྱ་བར་གྲགས་སོ། །ཕྱོགས་དེ་ཉིད་དུ་སོའི་ཕྲེང་བ་གཉིས་ཀྱིས་ཅུང་ཟད་འདེབས་པ་འདི་ནི་མ་ནི་མ་ལ་ཞེས་བྱའོ། །མཆེ་བ་གཉིས་ཀྱི་རྗེས་ཙམ་ཡོད་པར་འདེབས་པ་འདི་ནི་བིན་དུ་ཞེས་བྱའོ། །སོ་ཐམས་ཅད་ཀྱི ་རྗེས་ཡོད་པར་མགྲིན་པ་དང། ནམ་ཆོང་དང། རྐེད་པ་ལ་སོགས་པ་འོག་ནས་བཤད་པའི་གནས་རྣམས་དང། དཔྲལ་བའི་སྟེངས་སུ་འདེབས་པ་འདི་ནི་བིན་དུ་མ་ལ་ཞེས་བྱའོ། །ནུ་མ་དང་རྒྱབ་རྣམས་སུ་སྤྲིན་གྱི་དཀྱིལ་འཁོར་དབྱིབས་ལྟར་སོས ་འཚོལ་བར་འདེབས་པ་འདི་ནི། བན་དྷ་ཨ་པྲ་ཀ་ཞེས་བྱའོ། །མཆན་ཁུང་དག་ཏུ་སེན་མོས་བཏབ་པའི་རྗེས་ལ་སོས་རིང་དུ་འདེབས་པ་འདི་ནི། བཱ་ར་ཧ་ཙར་ཙི་ཏ་ཀ་ཞེས་བྱའོ། །སོ་དང་སེན་མོ་གདབ་པའི་ཕལ་ཆེར་གྱི་གནས་གསུངས་པ། མཆན ་ཁུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །སིད་ཅེས་བྱ་བའི་སྒྲ་དང་བཅས་པར་ཞེས་བྱ་བ་ནི་སྒྲའི་ཁྱད་པར་བརྒྱད་དེ་འོག་ནས་བཤད་པར་བྱའོ། །ཡང་ན་བྱ་བ་ཕལ་ཆེར་ལ་སྔོན་དུ་སིད་ཅེས་བྱ་བ་འབའ་ཞིག་སྦྱར་བར་བྱའོ། །གཞན ་ཡང་ནུ་མ་མཉེ་བ་ཞེས་བྱ་བ་ལ་སོགས་པ་ནི་པ་རི་སྟ་ཀ་ཞེས་བྱ་སྟེ། དེ་ཡང་འོག་ནས་བཤད་པར་བྱའོ། །དེའི་སེམས་རྣམ་པར་འདུལ་བའི་བྱ་བ་ཞེས་བྱ་བ་ནི་གང་ཞིག་གང་གིས་དགའ་བར་འགྱུར་བའི་བྱ་བའོ། །སོ་སོར་བྱེད་པའི་ཚུལ་རྣམ་པ་བརྒྱད ་ཅེས་བྱ་བ་ལ། བྱེད་པའི་ཚུལ་རྣམ་པ་བརྒྱད་པོ་རྣམས་རེ་རེ་ཞིང་ཡང་བརྒྱད་བརྒྱད་དུ་དབྱེ་བའོ། །དེ་ཡང་གསུངས་པ་ཀུན་ཏུ་འཁྱུད་དང་འོ་བྱེད་དང། །སེན་མོས་འདྲི་དང་སོ་འདེབས་དང། །ཡང་དག་འཇུག་དང་སྲིད་ཅེས་ཟེར། །སྐྱེས་པ་ལྟར་བྱེད་ཉིད ་པ་སྟེ། །བརྒྱད་པོ་བརྒྱད་བརྒྱད་དབྱེ་བ་ཡི། །དྲུག་ཅུ་རྩ་བཞིར་གྱུར་བ་ཡིན། །ཞེས་བྱ་བ་གང་ཡིན་པ་སྟེ། འདིར་གཞུང་མངས་ཀྱིས་དོགས་ནས་ཆར་གཅིག་ཏུ་མ་བྲིས་མོད་ཀྱི། དོན་གྱིས་ནི་ཤེས་པར་བྱའོ། །དེ་ལ་སེན་མོ་དང་པོའི་གནས་ནི་ཡ ་མཆུ་དང་མིག་མ་གཏོགས་པར་ཇི་ཉིད་སེན་མོས་གདབ་པའི་གནས་ཐམས་ཅད་སོས་གདབ་པའི་གནས་ཀྱང་ཡིན་ཏེ། དེ་ཡང་གསུངས་པ། ཡ་མཆུ་མིག་གཉིས་མ་གཏོགས་པར། སོ་དང་སེན་མོས་བསྐུལ་བར་བྱ་ཞེས་པའོ། །དེས་ན་འདིར་མཆན་ཁུང ་སོགས་པ་སྨོས་པ་ནི། ཇི་སྲིད་དུ་བལྟོས་པ་དང་བཅས་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་ཐོག་མ་དང་ཐ་མ་མེད་པ་ཡིན་ནོ། །དེ་ཡང་གསུངས་པ། འོ་བྱ་བ་དང་སོ་དང་སེན་མོས་གདབ་ཅིང་དྲལ་པའི་གནས་ལྔར་སྨོས་པ་རྣམས་ནི། བལྟོས་པ་དང ་བཅས་པ་རྣམས་ལ་གཙོ་བོར་བསྟན་པ་ཡིན་གྱི། གཞན་དུ་ན་ཆགས་པའི་འཁོར་ལོར་ཞུགས་ཤིང་བལྟོས་པ་མེད་པ་རྣམས་ལ་ནི། བསྣུན་པ་དང་སིད་ཅེས་བྱ་བའི་སྒྲ་སྒྲོགས་པ་དང། སོ་དང་སེན་མོ་ལ་སོགས་པའི་གནས་ཀྱིས་ཐོག་མ་དང་ཐ་མ ་ཡོད་པ་མ་ཡིན་ནོ་ཞེས་པད་མ་ཡ་ན་ལས་གང་འབྱུང་བ་བཞིན་ནོ། །དེ་ལྟར་ན་སེམས་རྣམ་པར་འདུལ་བའི་བྱ་བ་ལ་བྱེད་པའི་ཚུལ་རྣམ་པ་བརྒྱད་པ་དག་ཀྱང་ཕལ་ཆེན་ནི་ཐ་མལ་པའི་ཡུལ་ཆོས་བཞིན་དུ་སྦྱར་བར་བྱ་སྟེ། འདིར་ནི་གཞུང་མངས ་ཀྱིས་ངོགས་ནས་མ་བྲིས་སོ། །ལྷག་མ་ནི་འོག་ནས་བཤད་པར་བྱའོ། །སེན་མོ་འདེབས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བ་ནི་འོ་བྱ་བ་དང་བཅས་པ་རྣམ་པ་བརྒྱད་བསྡུ་བའོ། །འཇམ་ཞེས་བྱ་བ་ནི་ཆུང་ཞིང་མཉེན་པ་གདབ་པའོ། །ལྕགས ་ཀྱུའི་ཚུལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཞགས་པ་དང་འདྲ་བར་ཡང་བལྟའོ། །བྷ་གའི་སྟེང་དང་ཞེས་བྱ་བ་ནི་བྱ་བ་དེ་དག་ལ་བྷ་གའི་དཀྱིལ་འཁོར་གྱི་ནང་དུ་རྩ་ལྔ་དང་འབྱུང་བ་ལྔས་བརྒྱན་པའི་མཚན་ཉིད་ལ་མིག་མི་འགྱུར་བར་བལྟ་བའོ ་ལྷག་མ་ནི་གོ་སླའོ། །གང་ཞིག་ཆགས་པ་སྲ་བ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་གྱི་མགོ་བོ་ལྟ་བུའི་སོར་མོ་གསུམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཡིད་ལ་སེམས་པའི་འཁྲུལ་འཁོར་ཞེས་བྱ་བ་སྔར་སྨོས་པས་ན་? ་ལ་སོགས་པ་ལས་བརྡུངས་པའི་རྡོ་རྗེས་ཀྱང་བསྒྲུབ་པར་བྱའོ། །དེ་དག་ཀྱང་ཆགས་པའི་བསྟན་བཅོས་ལས་སྔགས་པའི་ཀ་ར་ན་བན་དྷའི་བྱེ་བྲག་གིས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་རོལ་དང་ཀུན་ཕན ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྙེད་བསྟན་བཅོས་ཐམས་ཅད་ལས་བྱུང་བ་ཞེས་བྱ་བ་ནི། ཆགས་པའི་བསྟན་བཅོས་ལས་འབྱུང་བའི་ཀ་ར་ན་བནདྷ་ཐམས་ཅད་དོ། །དེ་དག་ཀུན་ཀྱང་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱར་བརྗོད་དོ་ཞེས་བྱ་བ་ན་ཀ ་ར་ཎ་བནདྷ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཀྱིས་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ། མཆོག་ཏུ་ཕྱེ་དང་དལ་བ་དང། དབང་མོ་ཞེས་བྱ་རྣམ་གསུམ་མཉེན་ཞེས་བྱ་བའོ། །དེ་ལ་མཉེན་ཞེས་བྱ་བ་ནི། ཡན་ལག་མཉེན ་པ་སྟེ། དེ་ལ་རབ་ཏུ་སྦྱོར་བ་གསུམ་པོ་དེ་དག་ཀྱང་བྱའོ། །དེ་ལས་བུ་མོའི་བྱིན་པ་སྐྱེས་བུའི་འཚོགས་མར་བཞག་སྟེ། སྟེང་དུ་ཕུལ་བ་འདི་ནི་མཆོག་ཏུ་ཕྱེ་བ་ཞེས་བྱ་བའོ། །བྱིན་པ་དེ་ཉིད་ཤོད་དུ་ཕབ་སྟེ་བུ་མོ་རང་གི་རྗེ་དར་གྱི་ནམ་ཚོར་ནས ་ཡར་བརྐྱང་སྟེ་སྐྱེས་བུས་སྟེང་ནས་མནན་པ་འདི་ནི་རྣམ་པར་བདལ་བ་ཞེས་བྱའོ། །བུ་མོའི་བུས་མོ་ལེགས་པར་བསྐུམ་སྟེ། བརླ་དང་དཀུར་སྦྱར་ནས་སྐྱེས་པས་ཡུན་རིང་དུ་མནན་པ་འདི་ནི་དབང་མེ་ཞེས་བྱ་སྟེ། དེ་དག་ནི་གཉུག་མ་མ་ཡིན ་པ་དང། མཆོག་ཏུ་གོམས་པས་གཟུང་བར་བྱའོ། །ཁ་སྦྱོར་ལ་སོགས་པ་གསུམ་པ་འདི་དག་ནི། ཆགས་པའི་རོལ་བ་གཉུག་མ་ཉིད་དེ། གང་ཞེ་ན། ཁ་སྦྱོར་དང། འཚིར་བ་དང། རྒོད་མ་ཅན་ཞེས་བྱ་བ་སྟེ་ཡན་ལག་གྱོང་བ་དང་ཡང ་སྦྱར་བར་བྱའོ། །དེ་ལ་གཉི་གའི་རྐང་པ་གཞིབས་ནས་བརྐྱང་སྟེ་སྦྱར་བ་འདི་ནི་ཁ་སྦྱོར་ཞེས་བྱ་སྟེ། དེ་ཡང་འོག་ཏུ་གནས་པའི་དང་གློར་གནས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །ཁ་སྦྱོར་གྱི་དེ་ཉིད་ལས་ཐམས་ཅད་ལས་བུད་མེད ་གཡས་སུ་བཞག་སྟེ། བརླ་ཅུང་ཟད་ཕྱེ་ནས་བཅུག་སྟེ། མནན་པ་འདི་ནི་བཙིར་བ་ཞེས་བྱའོ། །སྦྱོར་བ་དེ་ཉིད་ལས་ཡན་ལག་ཀུན་ནས་འཁྱུད་དེ་ཕན་ཚུན་ཀུ་ཙེ་དང་ག་ཤའི་སྒྲ་རྩོད་པའི་ཚིག་སྨྲ་བ་དང་ལྡན་འདི་ནི་རྒོད་མ་ཅན་ཞེས་བྱའོ། །སྦྱོར་བ་དེ ་དག་ལ་བསྡུ་ཞིང་མཉེ་བའི་བྱ་བ་དང་སྦྱར་བ་ནི་དབུགས་གྲང་མོ་གཏོང་ཞིང་ཆགས་པ་དང་ལྡན་པས་རྒྱབ་དང་ནུ་མ་དང་བརླ་དང་བྱིན་པ་ལ་སོགས་པ་རྣམས་སུ་ལག་པ་ཕྱིན་ཕྱོགས་སུ་གྲུ་མོ་གཟུགས་པ་དང། ཁུ་ཚུར་དང་ཐལ་མོ་དང་སྐྱོར་མོའི་བྱེ་བྲག ་གིས་རྣམ་པ་བཞིར་ཤེས་པར་བྱའོ། །དེ་ཉིད་ཀྱང་རྣམ་པ་བརྒྱད་དུ་དབྱེ་བར་བྱའོ། །ད་ནི་སིད་ཅེས་བྱ་བ་རྣམ་པ་བརྒྱད་བཤད་པར་བྱ་སྟེ། རུ་ཏི་དང་ཞེས་བྱ་བ་དང། ཕུཏ་ཀྲི་ཏ་ཞེས་བྱ་བ་དང། བདུད་ཀྲི་ཏ་ཞེས་བྱ་བ་དང། སྭ་ས་ཏི་ཞེས་བྱ་བ་དང། ཨ ་བརྟ་ཞེས་བྱ་བ་དང། བ་ར་ན་ཨ་བྷ་ཞེས་བྱ་བ་དང། མོཀྵ་ཨརྦ་ཞེས་བྱ་བ་དང། ཨ་ལ་མ་ཨརྠ་ཞེས་བྱ་སྟེ། དེ་དག་ཀྱང་ཕུག་རོན་དང། ཁུ་བྱུག་དང། ཧ་རི་ཏ་དང། ངང་ནག་དང། བུར་བ་དང། དང་སྐྱ་དང། ཐེ་བྱ་དང། ལ་བ་ཀ་སྟེ། སྲོག་ཆགས་དེ་རྣམས ་ཀྱེ་སྐད་དང་རིམ་བཞིན་དུ་སྦྱར་ཏེ། དེ་ཡང་ཁོང་ན་གནས་པའི་སྒྲ་ལྐུགས་པ་དང། ཁར་གསལ་པོར་བྱུང་བའི་སྐད་གཉིས་སུ་བསྡུ་བར་བྱའོ། །དེ་ལྟར་སྐྱེས་པས་སིད་ཀྱི་སྒྲ་བསྒྲགས་པ་དང། རྒྱབ་ཏུ་ཁུ་ཚུར་བསྣུན་པ་ལ་སོགས་པའི་བྱ་བ་དག་ལ་ཆགས ་པ་དང་ལྡན་ཞིང་བསྟན་བཅོས་ལ་བྱང་བའི་བུ་མོས་སླར་བསྣུན་པ་ལ་སོགས་པ་ནི་ལན་ཏེ། དེ་དག་བྱས་ནས་ཡང་དག་པར་བཞུགས་པའི་བྱེ་གྲག་རྣམ་པ་བརྒྱད་ཀྱིས་བསྒྲུབ་པར་བྱའོ། །དེ་ཡང་ཆགས་པ་སྲབ་རྣམས་ནི་དང་པོ་འཁྲུལ་འཁོར་གྱིས ་བསྒྲུབ་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། ཨུ་པ་སྲེ་ཏ་ཀང་དང། མནྟ་ནང་དང། ཧུ་ལ་དང། ཨ་བ་མ་ཏ་ན་དང། པི་ལི་ཏ་ཀི་དང། ན་དཱི་ཏ་དང། བ་ར་ཧ་ག་ཏ་དང། པྲེ་ཤ་ག་ཏ་དང། ཙ་ཏ་ཀ་བི་ལ་སི་ཏ་ཞེས་བྱ་བ་སྟེ། ཁ་སྦྱོར་གྱི་ཁྱད་པར་ཡིན་ན། དེ ་ལ་ཕན་ཚུན་ལྟོ་སྤྲད་ནས་པདམོར་རྡོ་རྗེ་ཡོན་པོར་བཅུག་ཅིང་གསེགས་ལ་དྲུང་པ་འདི་ནི་ཨུ་པ་སྲེ་སྟ་ཀ་ཞེས་བྱའོ། །ལག་པས་ལིང་གའི་རྩ་བཟུང་སྟེ། ཕྱོགས་ཀུན་ཏུ་བསྐོར་བ་འདི་མན་ཏ་ནང་ཞེས་བྱའོ། །བུ་མོ ་རྐང་པ་བརྐྱང་སྟེ་གན་རྐྱལ་དུ་ཉལ་བ་ལ་སྐྱེས་པས་སྟེང་དུ་ཕུར་ཐབས་སུ་གཟུགས་པ་འདི་ནི་ཧུ་ལ་ཞེས་བྱའོ། །དེ་ཉིད་བཟློག་སྟེ་དགའ་དང་བཅས་པས་བསྐྱོད་པ་འདི་ནི་ཨ་བ་མརྟ་ན་ཞེས་བྱའོ། །ལིང་ག་བཅུག་ནས་ཡུན་རིང་དུ་བསྡམས ་ཏེ་གནས་པ་འདི་ནི་པི་ལི་ཏ་ཀང་ཞེས་བྱའོ། །ལིང་ག་རིང་དུ་ཕྱིར་ཕྱུང་སྟེ་དྲག་ཤུལ་དུ་འཇུག་ཅིང་བརྡེབས་པ་འདི་ནི་ག་ཏ་ཞེས་བྱའོ་དེ་ཉིད་ལས་གཉིས་ཀས་བརྡེབས་པ་འདི་ནི་བྲེ་ཤ་ག་ཏ་ཞེས་བྱའོ། །གྱེན་དུ་འགྱེན་ཞིང་དལ་བུས་འཇུག་ཅིང ་བརྡེབས་པ་འདི་ནི་བཱ་ར་ཧ་ག་ཏ་ཞེས་བྱའོ། །ལན་ཅིག་བཅུག་ནས་དེ་མ་ཐག་ཏུ་ལན་གསུམ་མམ་བཞིར་བརྡབས་ནས་ཡང་ལན་གསུམ་མམ་བཞིར་འབྱུང་འཇུག་བྱེད་པ་འདི་ནི། ཅི་ཏ་ཀ་བི་ལ་སི་ཏ་ཞེས་བྱ་སྟེ། དེ་དག་ནི་ཆགས ་པའི་གནས་ལ་ཀ་ར་ན་སཾ་པུ་ཏ་ཞེས་བྱའོ། །སྐྱེས་པ་ལྟར་བྱེད་པ་ཞེས་བྱ་བ་ནི་སྐྱེས་བུ་ཉམས་ཆུང་ཞིང་མི་ནུས་པ་དང། བུད་མེད་ཤིན་ཏུ་ཆགས་པ་ཆེ་བ་རྣམས་ཀྱིས་སྐྱེས་བུའི་བྱ་བ་བྱེད་པ་སྟེ། དེ་ཡང་རྣམ་པ་བརྒྱད་དུ་ཆགས་པའི ་བསྟན་བཅོས་ལས་གསུངས་པས་དེར་ཤེས་པར་བྱའོ། །དེའི་ནང་ནས་སན་ད་ཤ་ཞེས་བྱ་བ་དང། བྲ་མ་ར་ཀ་ཞེས་བྱ་བ་དང། པྲ་དེ་ཁ་ལི་ཏ་ཀ་ཞེས་བྱ་བ་གསུམ་ནི་གཙོ་བོ་ཡིན་ཏེ། དེ་ལ་རྒོད་མ་ཅན་གྱི་ཚུལ་དུ་གཟུང་སྟེ། ཡུན་རིང་དུ ་སྡུད་པ་དང། འཆིར་བ་འདི་ནི་སན་ད་ཤ་ཞེས་བྱའོ། །འཁྲུལ་འཁོར་དང་བཅས་པས་འཁོར་ལོ་ལྟར་ཀུན་ཏུ་བསྐོར་བ་འདི་ནི་བྲ་མ་ར་ཀ་ཞེས་བྱའོ། །དེ་ཉིད་ལས་བྱིན་པ་ཕན་ཚུན་དུ་བསྣོལ་ཏེ་ཀུན་ཏུ་བསྐོར་བ་འདི་ནི་པྲེང་ཀེ་ལི ་ཏ་ཞེས་བྱའོ། །དེ་ལྟར་སྤྱད་པས་གལ་ཏེ་སྐྱེས་བུ་ངལ་བར་གྱུར་ན། འཕྲལ་བར་འཕྲལ་བ་གཏད་དེ་ངལ་བསོ་ནས་སླར་ཡང་དེ་ལྟར་འཇུག་པར་བྱ་བ་དང། དེའི་འོག་ཏུ་བུ་མོས་གོ་བཟློག་སྟེ་སྐྱེས་བུའི་བྱ་བ་བྱས་པས་སྐྱེས་བུ་འགེབས་པའི་ཕྱིར ་དང། སྐྱེས་བུའི་སྟེང་དུ་སྤྱོད་པའི་ཕྱིར་ཕུར་བུ་ཤའི་ཏོ་ཞེས་བྱའོ། །དེ་དག་ཀྱང་བུད་མེད་སྲ་བ་དང་འཛག་པའི་བྱེ་བྲག་གི་མཚན་ཉིད་དང་པོར་ཤེས་པར་བྱས་ལ། ཅི་རིགས་པར་སྤྱད་པར་བྱའོ། །བྱ་བ་དེ་དག་སྤང་བ་ནི་བུད་མེད་སེམས་ཁྲལ ་ཆེ་བ་དང། བུ་བཙས་པ་དང་སྦྲུམ་མ་དང་བྱ་བ་མང་དང། ཤིན་ཏུ་གཞོན་ཞིང་རྒན་པ་རྣམས་ལ་སྤང་བར་བྱའོ། །རྒྱས་པར་ནི་དགའ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །དགའ་བའི་འཁོར་ལོར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ ་ཆགས་པའི་སྡེ་འམ་ཆགས་པའི་ཚོགས་ཀྱི་ནང་དུ་ཞུགས་པ་ནི་དགའ་བའི་འཁོར་ལོར་ཞུགས་པ་སྟེ། ཆགས་པས་ཤིན་ཏུ་མྱོས་པར་གྱུར་པ་རྣམས་ལ་རྣལ་འབྱོར་མའི་བསྟན་བཅོས་ལས་བསྒྲགས་པའི་འོ་བྱ་བའི་རིམ་པ ་རྣམས་ངེས་པ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་གསུངས་པ། དགའ་བའི་འཁོར་ལོར་ཞུགས་པ་ལ། །གནས་སོགས་ངེས་པ་ཡོད་མ་ཡིན་ཞེས་སོ། །ལྷག་མ་ནི་སྔར་བཤད་ཟིན་ཏོ། །རྫུ་འཕྲུལ་ལྡན་པའི་ཆ་ཞེས་བྱ་བ་ལ་སོགས་པ་ལ། ་ཆ་ནི་ཆ་ཤས་ཏེ། སྐྱོན་གྱི་ཚོགས་ཡིན་ལ་ཞེས་བྱ་བ་ནི། སྨན་ལ་སོགས་པའི་ཞེས་བྱ་བའི་ལྷག་མ་ཡིན་ནོ། །དབྲལ་བ་ཞེས་བྱ་བ་ནི་ཆུའི་འཁྲུལ་འཁོར་ལ་སོགས་པའི་བྱ་བ་དཔྲལ་བ་སྟེ། སྔར་བསྟན་པའི་འཇིམ་པ་ལས་བྱས ་པའི་སྨྱུག་མའི་སྦུ་གུ་ལྟ་བུ་ལ་སོགས་པའི་འཁྲུལ་འཁོར་གྱི་ནང་དུ་གཞག་ཅིང་གཡས་གཡོན་ཆུའི་དགང་བ་ལ་སོགས་པའི་བྱ་བའི་ཁྱད་པར་རྣམས་ཀྱིས་སོ། །སྔར་རྡུལ་ཆུ་བཅིང་བ་སྐབས་སུ་གླང་ཆེན་མགོའི་བཅུད་ཅེས་བྱ་བ་ལ་སོགས ་པ་གང་གསུངས་པ། དེ་ནི་གླང་པོ་ཆེའི་སྣའི་རྣམ་པ་ལྟ་བུའི་སྨན་གྱི་ཁུ་བ་སྟེ། སེང་གེར་བཙོ་བ་དང་ཞེས་བྱ་བ་དང་སྦྱར་རོ། །རྡུལ་ཆུ་བཞི་ཞེས་བྱ་བ་ནི་གྲུབ་པའི་རྡུལ་ཆུའི་དབྱེ་བ་རྣམ་པ་བཞི་ཞེས་བྱ་བའི་དོན ་ཏོ། །ལྷག་མ་ནི་གོ་སླའོ། །སྔོན་བཞིན་ཞེས་བྱ་བ་ནི་གནས་སྐབས་སྔ་མ་བཞིན་ནོ། །རྡོ་དང་བཅས་ཞེས་བྱ་བ་ནི་རྡོ་དང་འདྲེས་པ་དང་རྡོ་དང་སའི་བར་དུ་འདུག་པའོ། །སྐྱོན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འགྱུར་བ་ཞེས་བྱ་བ་འམ་ཡང་ན ་དམན་ཞིང་སྤང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །སེར་སྐྱ་ཞེས་བྱ་བ་ནི་ཁ་དོག་སྟེ། སྐྱོན་ཞེས་བྱ་བ་དང་སྦྱར་རོ། །མུ་ཏིག་གི་ཡང་སེར་སྐྱ་སྟེ། སྙིང་པོ་མེད་པ་ཞེས་བྱ་བ་ནི་དོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྣུམ་བག་མེད་པ་ཞེས་བྱ་བ ་ནི་སྐྱ་ཞིང་སོབ་པའོ། །གསེར་རྡོ་ཞེས་བྱ་བ་ནི་བཅག་ནས་སེར་པོ་ཕྱེ་ཕྱེ་བོར་འགྱུར་བའོ། །གསེར་མེད་པའོ་ཞེས་བྱ་བ་ནི་སྣུམ་བག་མེད་ཅིང་འཚེར་བག་མེད་པའོ། །ཕུག་པ་ཞེས་བྱ་བ་ནི་རང་བཞིན་གྱི་གྲུབ་པ་དང། ལྕུ་བ་འདྲ་བ་དང་བུ་ག ་སེང་སེང་པོར་ཡོད་པའོ། །བཅོས་མའི་ལྟད་དོ་ཞེས་བྱ་བ་ནི་རྡུལ་ལ་སོགས་པའི་ལྟད་དོ། །འགགས་པ་དང་སྲ་བ་ཅེས་བྱ་བ་ནི། གྱོང་བ་ཚེལ་ཚེལ་བོར་འདུག་པའོ། །སྦྲུལ་ལྟར་རིང་བ་ཞེས་བྱ་བ་ནི། སྦྲུལ་ལྟ་བུའི་རི་མོ་ཡོད་པའོ། ། ་སྐྱ་བོ་ཞེས་བྱ་བ་ནི་ཧ་ཅང་དཀར་ཆེམ་པ་དང། ཧ་ཅང་སེར་བ་དང་འོད་མེད་པའོ། །སྐྱོན་དེ་དག་ཐམས་ཅད་ཀྱིས་ཀྱང་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། རྡུལ་ཆུ་གཟག་པ་ལ་སོགས་པ་ལ། སྔ་མ་ཁོ་ན་བཞིན་དུ་ཉེས་པ་དང་བཅས་པར་འགྱུར ་རོ། །ཆོ་ག་ཞེས་བྱ་བ་ནི་གཟག་པ་ལ་སོགས་པ་སྟེ། བཟུང་བར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །འོ་ཞེས་བྱ་བ་ནི་རིན་པོ་ཆེ་བརྟག་པ་ཡོངས་སུ་རྫོགས་པའོ། །སྲོག་ཆགས་ཞེས་བྱ་བ་ནི་ས་ལི་ཛ་ལ་སོགས་པའོ། །རྩ་བ་ཞེས་བྱ ་བ་ནི་འབལ་ཀ་ལ་སོགས་པའོ། །སོ་སྟའི་འདབ་མའི་ཡང་སེར་སྐྱའོ་ཞེས་བྱ་བ་ནི་བསྟན་པ་སྟེ། དེ་ཉིད་ཀྱི་བཤད་པ་ནི་ཁ་ད་སེའི་རླིག་པ་ཞེས་བྱ་བ་འདི་ཡིན་ནོ། །ས་ལི་ཛ་ཞེས་བྱ་བ་ཡིན་ནོ། །འདབ་མ་ཞེས་བྱ་བ་ནི་པགས་པའོ། །སེན་མོ་ཞེས ་བྱ་བ་ནི་ཆུ་སྲིན་སྡེར་མོའོ། །ཕག་པའི་རྣ་བ་ལྟ་བུ་ཞེས་བྱ་བ་ནི། དབྱིབས་ཕག་པའི་རྣ་བ་ལྟ་བུའོ། །ཉ་དང་ཐལ་སྨན་ལ་སོགས་པའི་དྲི་ལྟ་བུ་དང་ཞེས་བྱ་བ་ནི་ཉའི་དྲི་དང་ཐལ་བའི་དྲི་བྲོ་བའོ། །མེས་བསྲེགས་ན་མྱུར་དུ་ཐལ་བར་འགྱུར་ཞེས་བྱ་བ ་ནི། མེས་རེག་ན་མྱུར་དུ་ཚིག་པ་སྟེ། ཐལ་བར་ལྷོགས་པའོ། །རི་དགས་ཀྱི་སྐྱོན་ཆེན་པོ་ཞེས་བྱ་བ་ལ། རི་དགས་ནི་གླ་བའོ། །དེའི་སྐྱོན་ཏེ་ཉེས་པའོ། །ལས་ཐམས་ཅད་ལ་སྤང་བར་བྱའོ་ཞེས་བྱ་བ་ནི། ལས་སོ་ཅོག་ལ་ཕན་མི་འདོགས ་སོ་ཞེས་བྱ་བའི་བར་དུའོ། །མདོག་མེད་པ་ཞེས་བྱ་བ་ནི་མདོག་སྣ་ཚོགས་པའོ། །རྒྱ་མཚོའི་སྦུ་བ་ལྟ་བུ་ཞེས་བྱ་བ་སྐྱ་ཞིང་སོབ་པའོ། །ཉེས་པ་གསུམ་ཞེས་བྱ་བ་ནི་རླུང་དང་ཁྲིས་པ་དང་བད་ཀན་ནོ། །ཆུའི་སྟེང་ན་འཕྱོ་བ་ཞེས་བྱ་བ་ནི་ཆུར ་བཞག་ན་གཏིང་དུ་མི་འབྱིང་པའོ། །པྲི་ཡང་ཀུའི་ནི་ལྗང་གུ་སྟེ་འགལ་ལོ་ཞེས་བྱ་བ་ལ། ལྗང་གུ་ནི་ལྗང་སེར་རོ། །འགལ་བ་ནི་ཕན་མི་འདོགས་པའོ། །གུར་ཀུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ། བློ་དང་ལྡན་པ་ཞེས་བྱ་བ་ནི་ཤེ ་པར་བྱའོ། །ཞེས་བྱ་བ་དང་སྦྱར་རོ། །ཅི་ཞིག་ཅེས་ན་ཕྲ་བ་དང་ཞེས་བྱ་བ་སྟེ་གོ་སླའོ། །རླན་ལས་སྐྱེས་པ་ཞེས་བྱ་བ་ནི། འདམ་ལ་སོགས་པ་ལས་སྐྱེས་པའོ། །ལྗང་གུ་ནི་ལྗང་ནག་གོ་།རྩ་བ་མེད་པ་ནི་རྩ་བའི་རྡོག་པོ་མེད་པའོ། །ཕྲ་བ ་ཞེས་བྱ་བ་ལ་རྩ་བ་ཤིན་ཏུ་ཕྲ་བ་སྟེ། སྤང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ལ་བ་ན་ནི་ཙམ་པ་ཀའོ། །ཁ་ཆེར་བྱེ་བ་ནི་ཁ་མང་དུ་གས་ཤིང་བཀས་པ་སྟེ། འགལ་ལོ་ཞེས་བྱ་བ་དང་འབྲེལ་ཏོ། །ཁ་ཅིག་ནི་ཁ་ཆེར་བྱེ་བ་ཞེས་བྱ་བ་ནི།། ་དུས་མ་ཡིན་པར་སྐྱེས་པ་ལ་བྱ་སྟེ། དུས་སུ་སྐྱེས་པ་གཟུང་བར་བྱའོ་ཞེས་ཟེར་རོ། །བུ་མང་བ་ཞེས་བྱ་བ་ནི་ནང་གི་གེ་སར་མང་བ་སྟེ། སྤང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཉོན་ཅིག་ཅེས་བྱ་བ་ལ་སོགས་པས ་ནི། རྩི་ལ་སོགས་པའི་སྐྱེ་གནས་བསྟན་ཏེ། རྩི་དང་རྫས་རྣམས་ཞེས་བྱ་བ་ནི་རྩི་དང་སྨན་གྱི་རྫས་ཀྱི་ཚོགས་རྣམས་ཀྱིའོ། །ཡུལ་ཞེས་བྱ་བ་སྐྱེ་གནས་སོ། །ཁ་བ་ཅན་ཞེས་བྱ་བ་ལ་སོགས་པ་ལ། ཁ་བ་ཅན་ཡང་ཡིན་ལ་རིའི་རྩེ་མོ ་ཡང་ཡིན་པས་རི་ཁ་བ་ཅན་གྱི་རྩེ་མོའོ། །རི་བོ་དབང་ཆེན་དང་འབིགས་བྱེད་ཀྱི་བྲག་ཅེས་བྱ་བ་ལ། བྲག་གི་སྒྲ་ནི་གཉིས་ཀ་དང་སྦྱར་ཏེ། ནགས་ཀྱི་ནང་ན་རྡོ་རྗེའི་ཚོགས་ཡོད་པ་ནི་བྲག་གོ་།གཞན་ཡང་ཞེས་བྱ་བ་ནི། གནས་དེ་དག ་རྩི་འབའ་ཞིག་ཏུ་མ་ཟད་ཀྱི། སྨན་གཞན་དག་གི་ཡང་སྐྱེ་གནས་སུ་གྱུར་པའོ། །ཡང་ན་གཞན་ཡང་ཞེས་བྱ་བ་ནི་སྐྱེ་གནས་གཞན་སྟོན་པའི་ཚིག་གི་ཕྲད་དོ། །མིག་སྨན་ལྟ་བུ་ཞེས་བྱ་བ་ནི། ཆུ་ཞེས་བྱ་བ་དང། བྲག་ཅེས་བྱ་བ་ནི ་གཉིས་ཀ་དང་སྦྱར་རོ། །གང་དག་གིས་རྩི་བྱིན་གྱིས་རློབ་པའི་གནས་ཞེས་བྱ་བ་ལ། རྩི་བྱིན་གྱིས་རློབ་པ་ནི་སྨན་གྱི་ཚོགས་སོ། །རྩི་དང་སྨན་བྱིན་གྱིས་རློབ་པ་ནི་རྩི་བྱིན་གྱིས་རློབ་པ་སྟེ། གཅིག་ལུས་པའི་སྦྱོར་བ་ཡིན་ནོ། །མཁའ་ལས ་སྣ་ཚོགས་སངས་རྒྱས་སྒྲའི་གསལ་བྱེད་པ། ཞེས་བྱ་བ་ནི་ས་ཕྱོགས་གང་གི་སྟེང་གི་ཆ་ན་དྲང་སྲོང་ལ་སོགས་པའི་མི་དང་མི་མ་ཡིན་པའི་སྒྲ་ཡིད་ཚིམ་པར་བྱེད་པའི་སྒྲ་སྒྲོགས་པའོ། །ཡང་ན་རྟག་ཏུ་འབྲུག་གི་སྒྲ་སྒྲོགས་པའོ། །རི་ཤོད ་ཆུ་འབབ་པ་ཞེས་བྱ་བ་ནི་རླབས་དང་བཅས་པའི་ཡིད་དུ་འོང་བ་བྲག་གི་རྩེ་མོ་ན་འབབ་པའོ། །ནོར་བུ་རྣམས་ཀྱི་སྐྱེ་གནས་བསྟན་པའི་ཕྱིར་དེ་ལ་བྲག་དཀར་པོ་ལས་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཤེལ་དང་ཆུ་ཤེལ་ལ་སོགས་པའི་ནོར ་བུ་ཞེས་བྱ་བ་ལ་ནོར་བུའི་སྒྲ་ནི་གཉིས་ཀ་དང་སྦྱར་བར་བྱ་སྟེ། ཤེལ་ནི་གྲགས་པར་ཟད་དོ། །ཆུ་ཤེལ་ནི་ནོར་བུ་ཟླ་འོད་ཅེས་བྱ་བ་གང་ཡིན་པའོ། །བྲག་སེར་པོ་ཞེས་བྱ་བ་ལ་སོགས་པ་ལ། ཆུ་སེར་པོ་འབབ་པ་ཞེས་བྱ་བ་ནི། བྲག་སེར་པོ་གང་ཆུ ་སེར་པོའི་ཆུ་རླབས་དང་འཐབ་པ་ཡོད་པ་སྟེ། དེ་ལྟར་འཐབས་པའི་སྲུབ་ལས་ནི་བྱུ་རུ་འབྱུང་བ་ཡིན་ལ། བྲག་སེར་པོ་དངོས་ལས་ནི་བཙག་སྟེ་གསེར་བཙག་གོ། བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་གཞུ་ལྟ་བུའི་ནོར་བུ་དང། ནོར ་བུ་ཛི་བན་ཏི་ཞེས་བྱ་བ་ནི། ནོར་བུ་ཛི་བན་ཞེས་བྱ་བར་གྲགས་པ་དང། འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་པའི་ནོར་བུ་སྟེ། དེ་གཉིས་རི་དམར་པོ་དག་ལས་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་ནི་བྲག་ཁ་དོག་སྔོ་དམར་དུ་འདུག་པ་ལས་སྐྱེ་བའོ། །རིའི ་ལྗོངས་ཞེས་བྱ་བ་ནི་རིས་རབ་ལྟར་བསྐོར་བའི་གཤོང་ངོ། །དྲོ་བ་དང་བཅས་པ་ཞེས་བྱ་བ་ནི། ཆུ་ཚ་མོ་འབབ་ཅིང་ས་ཕྱོགས་དྲོ་བའོ། །ཁར་པ་ཞེས་བྱ་བ་ནི་ཁར་བའི་གསེར་རྡོའོ། །གཞན་དག་ཅེས་བྱ་བ་ལ་སོགས་པ་ནི་ཟངས་རྡོ་ལ་སོགས་པའོ། ། ་ལྕགས་ཁབ་ལེན་གྱི་རིགས་རྣམ་པ་བཞི་ཞེས་བྱ་བ་ནི། འབྱར་བྱེད་དང་གཡོ་བྱེད་དང་འདྲེན་བྱེད་དང་ཞུ་བྱེད་ཅེས་བྱའོ། །དེ་ལྟར་ཡང་གསུངས་པ། འབྱར་བྱེད་དང་ནི་གཡོ་བར་བྱེད། །འདྲེན་པར་བྱེད་དང་ཞུ་བྱེད་པ། །ཁབ་ལེན་རིགས་ནི་རྣམ་བཞི་ལ།། ་བཟང་པོ་འདི་བཞིར་བཤད་པ་ཡིན་ཞེས་སོ། །བྱི་མ་ལ་ཞེས་བྱ་བ་ནི་བྱི་མ་ལ་ཨ་བཛྲ་ཛཱ་ནའོ། །སྟམ་པ་ན་ཞེས་བྱ་བ་ནི་རྡོའི་ཁྱད་པར་རོ། ཁྲག་ཁ་དོག་སྔོ་དམར་དུ་འདུག་པ་དང། སྣ་ཚོགས་སུ་འདུག་པ་ལས་ཞེས་བྱ་བ་ནི། རིའི་ཁྱད་པར་གཞན ་སྣ་ཚོགས་ལས་སོ?་བྲག་སུམ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། སུམ་པ་ནི་བྱེ་མ་ལ་སོགས་པ་དང་བཅས་པའོ། །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི། སྡིག་པ་དང་སྦྲུལ་ལ་སོགས་པའི་སྲོག་ཆགས་ཕྲ་མོ་མང་པོ་ཡོད་པའོ། །ཚལ? ་ལ་སོགས་པ་ཞེས་བྱ་བ་ལ་སོགས་ཀྱིས་ན་སོ་རྩི་ཀ་ལ་སོགས་པ་གཟུང་ངོ། །དེ་དག་བླང་བ་ཡང་ཞེས་བྱ་བ་ལ་སོགས་པས་ནི། བླང་བའི་ཆོ་ག་སྟོན་ཏེ། གཏོར་མ་བྱིན་ལ་ཞེས་བྱ་བ་ནི། ཐུན་མོང་གི་ཆོ་གའོ།། ་ལྕི་རློན་གྱི་སྦྱོར་བས་སྒྲུབ་པ་ཞེས་བྱ་བ་ནི། དངུལ་ཆུ་བསྒྲུབ་པའི་ཁྱད་པར་གྱི་ཆོ་ག་སྟེ། མཚལ་ལ་སོགས་པའི་ཕྱེ་མ་འོག་ནས་མེས་བཙོས་ཤིང་ལྕི་རློན་གྱིས་གཟུང་ནས་བསྒྲུབས་ལ་ཀུ་བའི་སྣོད་དུ་བླང་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། ། ་རིག་པ་དེ་དག་ཅེས་བྱ་བ་ནི་དངུལ་ཆུའོ། །ཚངས་པ་བརྒྱ་བྱིན་ལ་སོགས་འགྲུབ་ན་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་གོ་འཕང་ཡང་དངུལ་ཆུས་འཐོབ་པ་སྟེ། འདིས་ནི་ཕན་ཚུན་ཡོན་བསྟན་པའི། །དངུལ་ཆུ་སྐྱེ་བའི་ལོ་རྒྱུས་བསྟན་པའི་ཕྱིར། ་འདས་པའི་དུས་ན་ཞེས་བྱ་བ་སྨོས་ཏེ། བསྐལ་པ་དང་པོ་ཞེས་བྱ་བ་ནི་འཇིག་རྟེན་ཆགས་ནས་རིང་པོ་མ་ལོན་པའི་དུས་སོ། །ལྷག་པའི་ལྷ་ནི་ལྷན་ཅིག་བཞུགས་ཞེས་བྱ་བ་ནི། དེའི་དུས་སུ་སྐྱེ་བོ་རྣམས་འདུལ་བར་གཟིགས་ནས། བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའ་ཉིད་ལྷའི་ལྷ་ཆེན་ཉིད་དུ་སྤྲུལ་ནས་མཛད་པའོ། །ལྷ་མིན་གྲུབ་སོགས་མཐོང་སྟེ་ཞེས་བྱ་བ་ལ། གྲུབ་ནི་གྲུབ་པའི་སྐྱེ་གནས་ལས་བྱུང་བའོ། །ལྷའི་ཚོགས་ནི་ལྷའི་སྡེ་རྣམས་ཏེ། དེ་དག་དང་བཅས་པས་མཐོང་ན ་སྐྲག་པར་འགྱུར་བ་ནི་འོད་དང་བཅས་པར་འབར་བའི་ཕྱིར་རོ། །ཅི་ཞིག་ཅེ་ན། ཐིག་ལེར་ཞུ་བ་སྟེ་བཙུན་མོ་དང་འདུས་པའི་འདོད་ཆགས་ཀྱི་མེ་འབར་བའི་ཐིག་ལེའི་གཟུགས་སུ་ཞུ་བའོ། །སངས་རྒྱས་ཐམས་ཅད་འདུས་ནས་ནི་ཞེས་བྱ་བ་ནི ་གཅིག་ཏུ་ཚོགས་པར་གྱུར་པའོ། །སྐུལ་བར་བྱེད་ཅེས་བྱ་བ་ནི་གླུའི་དབྱངས་ཀྱིས་སད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། བདུད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་ཀྱིས་ཀུན་ཏུ་གཏོར་བ་ནི་གཟིགས་ནས་མྱུར་དུ་ང་ལ་སྐུལ ་བར་བྱེད་ཅེས་བྱ་བ་དང་སྦྱར་ཏེ། སྐྱེ་བོ་རྣམས་ཀྱི་བསོད་ནམས་དམན་པས་བདུད་ཀྱི་གནས་ཐམས་ཅད་དུ་གཏོར་བ་གཟིགས་ནས་བསྐུལ་བའོ། །ཐམས་ཅད་རྨོངས་པར་བྱེད་པའི་ཞེས་བྱ་བ་ནི། བུད་མེད་ཐམས་ཅད་ཆགས་པར་བྱེད་པའོ་དངུལ ་ཆུ་ཞེས་ནི་བྱ་བར་གྲགས་ཞེས་བྱ་བ་ནི། བདུད་ཀྱིས་གཏོར་བའི་ཐིག་པ་དེ་དག་།དིང་སང་འཇིག་རྟེན་ན་དངུལ་ཆུ་ཞེས་བྱ་བར་གྲགས་པ་སྟེ། དེས་ན་ཚེ་དང་ནད་མེད་པ་ལ་སོགས་པ་འཕེལ་བ་ཡིན་ནོ། །ད་ནི་དྲིའི་ཡོན་ཏན་གསུངས་པ། ད་ནི་ཞེས་བྱ ་བ་ལ་སོགས་པ་ལ། མཆོག་དང་དམན་དང་བར་མ་ཡིན་ཞེས་བྱ་བ་ནི། གླ་རྩི་ཞེས་བྱ་བ་དང་སྦྱར་ཏེ། དེ་ལ་དཀར་པོ་ནི་དམན་པའོ། །དམར་པོ་ནི་བར་མའོ། །སེར་པོ་ནི་མཆོག་གོ་།ཀེ་ཏ་ཀེ་ལྟར་དྲི་ཞིམ་ཞིང་ཞེས་བྱ་བ་ནི། མཉེས་ན་མེ་ཏོག ་ཀེ་ཏ་ཀེ་ལྟར་དྲི་ཞིམ་པའོ། །ཡང་བ་ནི་སྲང་ལ་གཞལ་བས་ཤེས་པར་བྱའོ། །དེ་དག་ཀྱང་གསུངས་པ། གང་ཞིག་མཉེས་ན་ཀེ་ཏ་ཡི། །དྲི་ལྟ་བུ་ཡི་དད་ལྡང་ཞིང། །ཁ་དོག་དག་ནི་ཤིན་ཏུ་སེར། །མྱངས་ན་ཁ་དང་ཚ་བའི་རོ། །མཉེས་ན་སྣུམ་ཞིང་གཞལ ་ན་ཡང། །བསྲེགས་ན་ཐལ་བར་མི་འགྱུར་ཞིང། །པགས་པ་ལང་ལོང་དྲི་དང་ལྡན། །རི་དགས་མཆོག་གི་ལུས་ལས་བྱུང། །ལྷ་རྫས་འདི་ནི་མི་མཆོག་གི་།ལོངས་སྤྱོད་ཡིན་པར་ང་ཡིས་བཤད་ཅེས་སོ། །དེ་ལ་ཆུའི་ནང་དུ་བླུགས་ན་མྱུར་དུ་ཆུ ་དམར་པོའམ་སེར་པོར་འགྱུར་བ་ནི་བཅས་མ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་གསུངས་པ། རི་དགས་ལུས་ལས་བྱུང་བའི་དྲི། །མཁས་པ་ཡིས་ནི་རྟག་བྱས་ཏེ། །ལག་པའི་མཐིལ་དུ་ཆུ་བླུགས་ནས། །དེ་ཡི་ནང་དུ་བཞག་པར་བྱ། ། ་སྐད་ཅིག་གིས་ནི་དམར་པོ་འམ། །ཆུ་ཡི་ཁ་དོག་སེར་མཐོང་ན། །དེ་ནི་བཅོས་མར་ཤེས་བྱས་ཏེ། །རིན་ཐང་བསྐྱེད་པར་མི་བྱའོ། །ཁ་ཏ་སི་ནི་སྲོག་ཆགས་ཙ་ར་མང་ངོ། །རྒྱ་མཚོ་ཞེས་བྱ་བ་ནི་ལེན་ཚྭ་ཅན་གྱི་ཆུ་ལས་བྱུང་བའོ། །གཉིས ་གཉིས་ཞེས་བྱ་བ་ནི་སེན་མོ་རྟའི་རྨིག་པ་ལྟ་བུ་དང། གླང་པོ་ཆེའི་སྣ་ལྟ་བུ་གཉིས་དང། བཱ་ཏ་ལི་ཨུཏཔ་ལིའི་འདབ་མ་ལྟ་བུ་དང། ཤིང་ལོ་ལྟ་བུ་དང། འདི་དག་ལས་དྲི་སྦྱར་བར་འོས་པ་ཡིན་ནོ། །ཞེས་བྱ་བའི ་དོན་ཏོ། །བྱ་རོག་མཆུ་འདྲ་ཞེས་བྱ་བ་ནི་བཅག་ན་བྱ་རོག་གི་མཆུ་ལྟར་གནག་པའོ། །རྩ་བ་སོར་མོའི་དབྱིབས་འདྲ་བ་ཞེས་བྱ་བ་ནི། མཐེའུ་ཆུང་གི་ཚད་ཙམ་ལ་མདུད་པ་དམ་དུ་བཅས་པའོ། །མུ་ར་ཞེས་བྱ་བ་ནི་གོ་སླའོ། །ནད་ཀྱི་དབང་པོ ་ཞེས་བྱ་བ་ནི་མཛེ་སྟེ་རུ་རྟའོ། །ཡུང་བ་ཀུ་ཏ་ཙ་ལྟར་སེར་ཞེས་བྱ་བ་ལ་ཀུ་ཏ་ཙ་ནི་གུ་ཀུམ་སྟེ། དེའི་མདོག་དང་འདྲ་བའོ། །ར་ན་ཞེས་བྱ་བ་ནི་རེ་ནུ་ཀའོ། །འབྲིང་པོ་ཡིན་ཞེས་བྱ་བ་ནི་སྦྱར་དུ་རུང་བར་སྟོན་པ་ཡིན་ཏེ། སྤང་བར་བྱ་བའི་མཚན ་ཉིད་ནི་སྔར་བཤད་ཟིན་ཏོ། །ཀྱེ་བར་ནི་གླ་སྒང་ཞེས་བྱ་བ་ནི་ཀུ་ཏ་ན་ཧ་ཞེས་བྱ་བའོ། །འབྲི་ཞེས་བྱ་བ་ནི་བླང་དུ་རུང་བ་སྟོན་པ་ཡིན་ནོ། །ལྷག་མ་ནི་གོ་བས་རྣམ་པར་མ་ཕྱེའོ། །ད་ནི་ཚིམ་པར་བྱ་བའི་གཙོ་བོ་ཆང་གི་ཡོན་ཏན་བསྟན ་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚིམ་པ་ཞེས་བྱ་བ་ནི་སྔར་ཐལ་བའི་དྲི་དང་ཡང་སྦྱར་རོ། །མ་ཏེ་ཞེས་བྱ་བ་ནས་ཛ་ག་ལ་ཞེས་བྱ་བའི་བར་དུ་རྣམ་པ་བཞི་ནི། མདོར་བསྡུས་པའི་དབྱེ་བའོ། །མ་ཏི་རྣམ་པ་ལྔར ་བཤད་དེ་ཞེས་བྱ་བ་ནས། དེ་བཞིན་ཛ་ལ་ག་ནི་གསུམ་ཞེས་བྱ་བའི་བར་དུ་ནི་རྒྱས་པར་ཕྱེ་བ་སྟེ། ཉི་ཤུ་རྩ་གསུམ་དུ་འགྱུར་རོ། །སྦྲང་རྩི་ལས་བྱུང་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་མ་ཏིའི་དབྱེ་བ་ལྔ་སྟེ་གོ་སླའོ། །རབ་ཏུ་དང ་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུས་ནས་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པར་མ་ཡིན་པར་རོ། །ི་ཀྵུ་ལས་བྱུང་བ་དང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་ནི། འོག་ཏི་དབྱེ་བ་རྣམ་པ་བདུན་ནོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི། ་ཛ་ག་ལིའི་དབྱེ་བ་རྣམ་པ་གསུམ་སྟེ། འབྲས་ཀྱི་ཁུ་བ་ཞེས་བྱ་བ་ནི། རྒུན་འབྲུ་ལ་སོགས་པའི་ཁུ་བ་སྟེ། འབྲུ་ཆང་དང་སྦྱར་བའོ། །མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་ལས་བྱུང་བ་སྟེ། སྔ་མ་བཞིན་འབྲུ་དང་སྦྱར་བར་བྱའོ། །གཞན་ཞེས་བྱ་བ་ནི ་འབྲུ་འབའ་ཞིག་ལས་བྱུང་བའོ། །ད་ནི་མ་ཏིའི་ཆང་གི་སྦྱོར་བ་བསྟན་པའི་ཕྱིར། ཉ་བུ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉ་བུ་ཅན་གྱི་འབྲས་བུ་ཞེས་བྱ་བ་ནི། འབྲས་བུའི་ཁྱད་པར་གང་ཉ་བུ་ཅན་ཞེས་གྲགས་པའོ། །ཙཀྲ ་ཨང་ག་ནི་ལེགས་མཐོང་ངོ། །ཉི་མའི་འོང་ལ་བཙོ་བར་བྱ་ཞེས་བྱ་བ་ནི་ཆུ་བསྐམས་ཀྱི་བར་དུ་ཉི་མ་ལ་བསྐྲད་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ས་ཧ་ར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ཧ་ར་ནི་ཙུ་ཏིའི་ཁུ་བའོ། །འུ་སུ་ནི་འུ ་སུའི་མེ་ཏོག་སྟེ། དེ་ཉིད་ཀྱི་བཤད་པ་ནི་ཤ་ལྟ་པུཥཔའོ། །མ་ལ་ཡ་ཞེས་བྱ་བ་ནི། རི་མ་ལ་ཡ་ལས་སྐྱེས་པ་སྟེ་ཙན་དན་ནོ། །གཞོན་ནུ་མ་ཞེས་བྱ་བ་ནི་པྲི་ཡང་ཀུ་སྟེ། རི་ལས་སྐྱེས་པ་ཞེས་བྱ་བ་ནི་བྲག་གི་སེར་ག་ལས་སྐྱེས་པའོ། །ཛཱ་ཏི་ནི་ཛཱ་ཏི ་ཕ་ལའོ། །ཆུ་ནི་དེའི་བཞིར་འགྱུར་བཅས་ཞེས་བྱ་བ་ནི་ཉི་མའི་འོད་ལས་བཙོ་བར་བྱ་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །དེ་ནས་ཡང་ཅི་ཞིག་བྱ་ཞེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ཞེས་བྱ་བ་ནི་པི་པི་ལིང ་ངོ། །ཏ་མ་ལ་ཞེས་བྱ་བ་ནི་པྲི་ཡང་ཀུའོ། །ལྷག་མ་ནི་གོ་སླ་སྟེ། །དེ་དག་ནི་ཆ་རེ་རེ་བྱ་ཞེས་བྱ་བ་དང་སྦྱར་རོ། །བུ་རམ་ཞེས་བྱ་བ་ནི་བུར་ཤིང་གི་ཁུ་བའོ། །ཉི་མའི་འོད་ལ་བཙོ་བར་བྱ་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་ཡང་ཅི་ཞིག་བྱ་ཞེ་ན། ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མཉམ་དང་ཞེས་བྱ་བ་ནི་དེ་ཐམས་ཅད་དང་ཆ་མཉམ་པའོ། །བདུག་སྤོས་ཀྱིས་ནི་བདུག་པར་བྱ་ཞེས་བྱ་བ་ནི། འོག་ནས་ག་པུར་དང་ནི་གླ་རྩིས་བདུག་ཅེས་བྱ་བས་བསྟན་ཏོ། །ཐོག་མ་ཐ་མ་མཉམ ་པ་སྟེ་ཞེས་བྱ་བ་ལ་ཐོག་མ་ནི་སྔར་གྱི་ཆད་དོ། །ཐ་མ་ནི་ཛ་བུ་ཀའི་ཤིང་སྟེ། སླར་ཡང་འཛམ་བུའི་ཤིང་དང་མཉམ་པོར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །བར་མ་ཞེས་བྱ་བ་ནི་སྦྲང་རྩི་སྟེ། དེ་གཉིས་ཀ་བསྡོངས ་པའི་བཞི་འགྱུར་དུ་སྦྲང་རྩི་བླུགས་པའོ། །དུ་ཧིག་ཕུར་གླ་རྩིས་བདུག་ཞེས་བྱ་བ་ལ། དུ་ཧི་ནི་ཙན་དན་ཏི་དང་པོར་ཙན་དན་ག་གུར་དང་གིས་བདུགས་ལ་དེའི་འོག་ཏུ་གླ་རྩིས་བདུག་པར་བྱའོ། །དེ་ནི་སྒེག་མོ་ཞེས་བྱ་བ་ཡིན་ཞེས་བྱ ་བ་ནི་ཆང་དེ་ནི་སྒེག་མོ་ཞེས་བྱ་བ་ཡིན་ཏེ། དྲི་ཞིམ་པོས་བདུག་པའི་ཕྱིར་རོ། །དེ་ཡང་འོག་ནས་དྲི་ཞིམ་དང་བཅས་སྒེག་མོར་བཤང་ཅེས་གང་གསུངས་པའོ། །རབ་ཏུ་མྱོས་པའི་སྦྱོར་བ་གསུངས་པ། ཏིའི་མེ་ཏོག་ཅེས་བྱ་བ ་ལ་སོགས་པ་ལ་བུ་རམ་ཁུ་བ་ཞེས་བྱ་བ་ནི་བུར་ཤིང་གི་ཁུ་བས་སྤེལ་བའོ། །རབ་ཏུ་མྱོས་བྱེད་ཅེས་བྱ་བ་ནི། ཛཱ་ཏི་པུཥཔ་ལ་སོགས་པའི་མེ་ཏོག་གིས་བསྒོས་པའི་ཕྱིར་ཏེ། འོག་ནས་མེ་ཏོག་གིས་བསྒོ་རབ་མྱོས་ཡིན་ཞེས ་གང་གསུངས་པའོ། །རྣམ་པ་གཞན་གསུངས་པ། ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ཤིང་གི་འབྲས་བུའོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་བུད་ཤིང་གི་ཁུ་བ་བཟུང་བར་བྱའོ། །ཕུར་མོ་ཞེས་བྱ་བ་ནི་ཕུར་མོའི་སྙི་མའོ། །དེ ་དག་གི་ནི་འདི་སྐད་དུ་བུད་ཤིང་གི་ཁུ་པ་སྲང་བརྒྱད་དང། སྒེག་མོ་སྲང་བརྒྱད་ཀྱི་ནང་དུ་ཕུར་མོའི་ཕྱེ་མ་སྲང་གཅིག་བླུགས་ཏེ། སྐྱེ་མར་བྱས་པའི་ནང་དུ་ཆུ་ཤིང་འབྲས་བུ་སྨིན་པ་རྡོག་མ་བརྒྱད་བཅོ་ཞེས་བྱ་བར་སྟོན་ཏོ། །ཡང་རྣམ་པ ་གཞན་གསུངས་པ། འབྲས་བུ་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ། ཤིར་ཤིང་ཞེས་བྱ་བ་ནི་རྒྱ་སྤོས་སོ། །ལྷག་མ་ནི་གོ་སླའོ། །མི་ཏའི་ཆོ་ག་འདི་ཡིས་ནི། །པེསྠི་ལ་སོགས་པའི་ཆོ་ག་ཡང་ཤེས་པར་བྱའོ། །ད་ནི་པེསྠིའི་ཕབས ་བཅོས་པའི་ཆོ་ག་བསྟན་པའི་ཕྱིར། རྒུན་འབྲུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་དབང་ཕྱུག་ཞེས་བྱ་བ་ནི་ཤིང་ཏཱ་ལའོ། །སྤའི་རྩ་བ་རྣམ་པ་གཉིས་ཞེས་བྱ་བ་ནི་སྤ་དཀར་ནག་གི་རྩ་བའི་ལྡུམ་བུའི་རྩ་བ་གཉིས་སོ། །པ་ཏ་མེ་ཏོག་ལ ་སོགས་བཅས་ཞེས་བྱ་བ་ནི་རྩ་བ་དང་འདབ་མ་ལ་སོགས་པ་དང་བཅས་པའོ། །གཞུང་ཁ་ཅིག་ལས་ནི་ནགས་ཀྱི་མེ་ཏོག་བཅས་པ་ཡིས་ཞེས་ཟེར་ཏེ། དེའི་ཚེ་ནགས་ཀྱི་མེ་ཏོག་རྣམ་པ་ལྔ་གཟུང་ངོ། །སྦྱངས་པ་དག་ནི་རྣམ་པ་བརྒྱ་ཞེས་བྱ ་བ་ལ། སྦྱངས་པ་ནི་རྫས་དེ་འབྲས་ཀྱི་ཟན་ལ་སོགས་པ་དང་སྦྱར་བའོ། །རྣམ་པ་བརྒྱ་ཞེས་བྱ་བ་ནི་ཕབས་བཅོས་པའི་བྱེ་བྲག་སྟེ། དེའི་མན་ངག་ནི་རྟོག་པའི་ཕྲེང་བ་ལས་ཤེས་པར་བྱའོ། །པེསྠི་ལས་ཕྱུང་མྱོས་བྱེད་དེ་ཞེས་བྱ་བ་ལ། ཕབས ་དེ་དག་ལས་བྱུང་བའི་ཆང་ནི་པིསྠི་སྟེ། མ་ཏི་ལ་སོགས་པའི་ཕབས་ཀྱང་དེ་ཉིད་ཀྱིས་ཤེས་པར་བྱའོ། །མྱོས་བྱེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཆང་གི་དབྱེ་བ་རྣམས་གཞན་དང་གཞན་དག་སྟོན་པ། ཡིན་ཏེ་འདས་མ་ཐག་པའི་པི་སྠི་ནི ་མིང་མྱོས་བྱེད་ཅེས་བྱ་བར་འགྱུར་རོ། །ཟན་ལས་བྱུང་བ་ཆུ་ཚན་མཆོག་ཅེས་བྱ་བ་ལ། ཟན་ནི་འབྲས་བཅོས་པའི་ཐུག་པ་དང་ཕྱེའི་ཟན་ལ་སོགས་པའོ། །དེ་ལས་བྱུང་བའི་ཆང་དེ་ནི་ཆུ་ཚན་ཞེས་བྱ་བར་བརྗོད་དོ། །ལྷག་མ་ནི་གོ་སླའོ། །སྦྱོར་བས་བཅུད ་ལེན་རའི་མཆོག་ཅེས་བྱ་བ་ནི་ཆང་དེ་དག་གི་སྦྱོར་བའི་བྱེ་བྲག་གིས་ནི་ཁམས་ཐམས་ཅད་བཅུད་ལེན་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕབས་བཅོས་པའི་རྣམ་པ་གཞན་གསུངས་པ། ཙཀྲ་ཨཾ་ཀ་ཞེས་བྱ་བ་ལ་སོགས་པ་ལ། ཙཀྲ ་ཨཾ་ཀ་ནི་ལེགས་མཐོང་ངོ། །ཙཀྲ་ཀ་ཨ་དང། ཙུ་ཏཱ་དང་ཀུམ་པ་ལ་སོགས་གཞན་དག་ཀྱང་ཞེས་བྱ་བ་ནི་ཆང་དེ་དག་གི་སྦྱོར་བར་བྱའོ། །དི་ནི་རྫས་སྦྱར་ནིས་བཙོ་བའི་ཆོ་ག་གསུངས་པ་གླ་སྒང་དང་ཞེས་བྱ་བ་ལ་སོགས་པ་ལ། ཀུ་ཙི་ནི་བ་ཀུ་ཙའོ། ། ་ལོ་མ་ལྔ་པ་ཞེས་བྱ་བ་ཤིང་འཛམ་བུ་དང། ཙུ་ཏ་དང་ཀ་པི་ཐ་དང། མ་དུ་ལུང་ག་དང། ཤི་བ་ལ་ཞེས་བྱ་བར་གྲགས་པ་རྣམས་ཀྱི་ཡན་ལག་ལས་བྱུང་བའོ། །དེ་དག་གིས་ནི་འདི་སྐད་དུ། གླ་སྒང་དང་ཀུ་ཙ་དྲུང་པ ་དང། སྒོག་སྐྱ་རྣམས་དང་པོ་སིངས་པོའི་ནང་དུ་ཞག་གསུམ་སྦངས་ཏེ། དེའི་འོག་ཏུ་འབྲས་ཕྱེ་དང་བུ་རམ་བསྲེས་པའི་ནང་དུ་གཅུག་ལ། ཡང་ཤིང་ཀྲུའི་ཁུ་བ་དང། ར་གཅིན་གྱིས་བཀྲུས་ནས་ཐ་མར་ལོ་མ་ལྔ་པའི་ཁུ་བའི་ནང་དུ་བསྐོར་བར་བྱའོ་ཞེས་བྱ་བར་སྟོན་ཏོ།། ་དང་པོར་ཐལ་བས་ཕྱི་ལ་ཞེས་བྱ་བ་ནི། ལྕི་བའི་ཐལ་བ་དྲོན་མོས་བྱུགས་ལ་སྦུ་དབྱི་བར་བྱའོ། །ལོ་མ་ལྔ་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཁ་བཙོས་བྱ་ཞེས་བྱ་བ་ནི་རླངས་པ་ལ་བཙོ་བའོ། །ཀེ་ཏ་ཀའི་ནད་བཅུག་ལ་ཞེས་བྱ་བ་ནི། ཀེ་ཏ ་ཀེའི་མེ་ཏོག་ཁ་སྦྱར་བའི་ནང་དུ་གཞུག་པའོ། །རྡོ་རྗེའི་འོ་མ་ཞེས་བྱ་བ་ནི་སྣུ་ཧའི་འོ་མའོ། །དག་འགྱུར་ཞེས་བྱ་བ་བཅོས་པར་གྱུར་པ་སྟེ། ཐམས་ཅད་དུ་དེ་ལྟར་སྦྱར་བར་བྱའོ། །འདབས་མ་གཏུམས་ཏེ་ཞེས་བྱ་བ་ནི། ཨེ་རནྟ་རི་ལོ་མེར ་གཏུམས་པའོ། །འབྲས་བུ་ཞེས་བྱ་བ་ནི་ཤྲི་རི་ཕ་ལའི་འབྲས་བུའོ། །ཏ་ཀྲ་ཞེས་བྱ་བ་ནི་དར་བའོ། །མུ་ཟི་མར་ཁུས་དག་འགྱུར་ཏེ་ཞེས་བྱ་བ་ནི་མར་ཁུ་བསྐོལ་བའི་ནང་དུ་མུ་ཟི་སྦྱར་བར་བྱའོ། །བྱ་ཀྲི་ཞེས་བྱ་བ་ནི་ཆུ་སྲིན་གྱི་སེན་མའོ། །སིཧལ་བུ ་མའི་ཁྲག་གིས་འདག་ཞེས་བྱ་བ་ནི། སྦྲང་རྩི་དང་བཅས་པའི་ཁྲག་གིས་འདག་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གནས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཁམས་དང་ནད་ཀྱི་བྱེ་བྲག་གིས་སོ། །སྔར་བཤད་པ་ཞེས་བྱ་བ་ནི ་རྩི་དང་སྨན་གྱི་ཚོགས་རྣམས་སོ། །སྡེ་ཚན་ཞེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཡེ་གེའི་སྡེ་ཚན་རྣམས་སོ། །འབྲེལ་པ་ཞེས་བྱ་བ་ནི་ཡི་གེ་དེ་དག་གིས་བསྟན་པའི་སྨན་གྱི་ཚོགས་རྣམས་ཕན་ཚུན་སྦྱར་བ་སྟེ། ཨ་ཨི་ཨུ་ཨཱ་སྟེ་དང་པོའོ། ་ཞེས་བྱ་བ་ལ་སོགས་པའོ། །དགོས་པ་དག་ནི་ཅི་ཞིག་ལགས་བྱ་བ་ནི་གསེར་གྱི་མདོག་ནི་བཟང་པོར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །ཡུལ་དང་འབྲེལ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཡུལ་ནི་པུལླི་ར་མ་ལ་ཡ་ལ་སོགས་པའི་གནས ་རྣམས་སོ། །དེ་དང་འབྲེལ་པ་ནི་དཔའ་བོ་རྣམས་ཏེ། དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་དང་སྦྱར་རོ། །ཁམས་ནི་བཅོ་བརྒྱད་བསྟན་པ་ཡིས། །ཕན་ཚུན་བསྡུས་པ་ཇི་ལྟ་བུ་ཞེས་བྱ་བ་ལ་ཕན་ཚུན་ནི་ཕྱི་དང་ནང་གིས་ཁམས་རྣམས་སོ། །བསྡུ་བ་ནི་སྦྱོར་བའོ། །འཁྲུལ ་འཁོར་བྱེ་བྲག་བཤད་པ་དག་།ཕྱི་དང་ནང་གི་ཇི་ལྟར་ལགས་ཞེས་བྱ་བ་ལ། ཇི་ལྟར་ལགས་ཞེས་བྱ་བ་ནི་བྱེ་བྲག་ཅེས་བྱ་བ་དང་ཡང་སྦྱར་ཏེ། དེ་ལ་བྱེ་བྲག་ཅེས་བྱ་བ་ན་ཀ་རནྟ་དང་རྒོད་མའི་ཁ་ལ་སོགས་པ་དང་སྦྱར་རོ། །ཕྱི་དང་ནང་དང་ཞེས ་བྱ་བ་ནི་ཁ་ཆེ་བ་ཕྱིར་ཕྱུང་ལ་ཆུང་བ་ནང་དུ་གཞུག་པར་བྱའོ། །ནད་རྣམས་སྣ་ཚོགས་འབྱུང་བ་དག་།ཇི་ལྟར་སྨིན་པས་འབྲས་བུར་འགྱུར། །ཞེས་བྱ་བ་ནི་ནད་སྣ་ཚོགས་གསོ་བའི་ཆོ་ག་ཞུ་བ་སྟེ། སྦྲང་རྩི་དང་ནི་བཅས་པ་ལ། །སྒྲུབ་པོས་ཕྲ་མོ་ཟླ ་དྲུག་བཟའ་ཞེས་བྱ་བ་ལ་སོགས་པའི་ལན་དང་སྦྱར་བར་བྱའོ། །སྦོམ་པའི་བྱེ་བྲག་དུ་ཞིག་མཆིས། ཕྲ་མོའི་ནི་ཁྱད་པར་ཅི་ཞེས་བྱ་བ་ནི་ནང་གི་དབང་དུ་བྱས་པའི་ཕྲ་མོ་དང་སྦོམ་པོ་སྟེ། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལན་དང་སྦྱར་བར་བྱའོ། ། ་དུས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེས་བྱ་བ་ནི། སྦྱོར་བའི་ཆོ་གའི་དུས་ཀྱི་ཁྱད་པར་དང་སྦྱར་བར་བྱ་སྟེ། ཞག་གསུམ་དུ་སྦྱར་བ་དང། ཉི་མ་བདུན་དུ་བཙོ་བོ་དང་ཞེས་བྱ་བ་དང་སྦྱར་རོ། །གཞན་དག་ནི་བསྟན་པའི་དུས་ཀྱི་ཁྱད་པར་ལ་བྱ་སྟེ། ཉི་མ་བདུན་དང་ཟླ ་དྲུག་ལ་སོགས་པར་བསྟེན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་རྣལ་འབྱོར་གཉིས་མེད་པ། །ཉི་ཤུ་རྩ་བཞི་ཆེར་མཆོད་ནས་ཞེས་བྱ་བ་ནི། དཔལ་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ ་གནས་ཞེས་བྱ་བའི་དོན་ཏོ། །སྔགས་ཞེས་བྱ་བ་ནི་རྐང་པ་བརྒྱད་པའི་སྔགས་ལ་སོགས་པའོ། །སྔར་བཤད་རིག་པ་ཞེས་བྱ་བ་ནི་ལེའུ་བཞི་བཅུ་རྩ་བདུན་པ་ལ་སོགས་པར་བསྟན་པའི་བུ་མོའོ། །སྟོང་དང་སྟོང་ཡིན་སོགས ་སྤངས་པའི། །རོ་ནི་མི་མཆོག་གིས་བརྟག་བྱ་ཞེས་བྱ་བ་ནི། སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོ་ལོངས་སྤྱོད་པར་བྱ་བ་སྟེ། དེ་ཉིད་ནི་ནང་གི་བཅུད་ཀྱི་ལེན་དང་པྲ་སྦོམ་གྱི་རྫས་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྒོ་དགུ་ལས་ནི ་བྱུང་བའི་རྫས་ཞེས་བྱ་བ་ལ་སོགས་པ་ལ་སྒོ་དགུ་ནི་དབང་པོའི་སྒོ་དགུ་སྟེ་དེ་ལས་བྱུང་བའི་རྫས་ནི་ཁུ་བ་དང་ཁྲག་གོ་།འཇུ་བར་བྱེད་པ་ཞེས་བྱ་བ་ནི་འཆོས་པར་བྱེད་པ་སྟེ། བསྐྱེད་ཅིང་པ་ན་འདོགས་པར་བྱེད་པ་ཞེས་བྱ་བའི་པར་དུའོ། །བདུད?་ཀྱི ་རྡུལ་དེ་ལྷག་མ་ཡིན་ཞེས་བྱ་བ་ལ། ལྷག་མ་ནི་ཟླ་མཚན་འབབ་པའི་ལྷག་མར་གྱུར་པའི་ཁྲག་གི་ཐིགས་པར་གྱུར་པ་སྟེ། དེ་ཉིད་ནི་རྡུལ་ཞེས་བྱ་བའོ། །སྙིང་སྟོབས་ཞེས་བྱ་བ་ནི་ཁུ་བའི་ཐིགས་པ་སྟེ། དེ་ཉིད་ནི་སེམས་ཅན་རྣམས་ཀྱི ་སྲོག་བརྟན་པར་བྱེད་པས་ན་ལེན་པ་ཡང་ཡིན་ནོ། །ཕྲ་མོ་གསུངས་པ། མུན་པ་ཕྲ་མོ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཕྲ་མོ་ནམ་མཁའ་ཨི་ཁམས་མཚན་ཉིད་ཅེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དགའ་བའི་ངོ་བོ ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ངའི་ཡེ་ཤེས་ཀྱིས་བསྐུལ་ཡིན་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཡིན་ཞེས་བྱ་བའི་བར་དུའོ། །གསོ་བ་དག་ཅེས་བྱ་བ་ནི་བསང་ནས་སླར་ཡང་གསོ་པའོ། །ཡོངས་སུ་སྨིན་པའི ་མཆོག་གིས་ནི་ཞེས་བྱ་བ་ནི། དཔྱད་དེ་དགག་ཅེས་བྱ་བ་དང་འབྲེལ་ཏེ། མཆོག་ཅེས་བྱ་བ་ནི་དང་པོར་རོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་སྦྱང་བར་བྱ་བའོ། །འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། །འཁྲུལ་འཁོར་ནི་ས་ལས་བྱས་པའི ་བཅོ་རྫའོ། །ཀ་རནྟ་དང་རྒོད་མའི་ཁ་ཞེས་བྱ་བ་ལ། ཁའི་སྒྲ་ནི་གཉིས་ཀ་དང་སྦྱར་བར་བྱ་སྟེ། ཀ་རནྟ་ཥི་ཁ་ལྟ་བུ་དང་རྒོད་མའི་ཁ་ལྟ་བུ་གཉིས་ནི་ཁ་ཆེ་བ་ཞེས་བྱ་བའི་འཁྲུལ་འཁོར་བཞིན་དུ་བོང་བུའི་ཁ་ལྟ་བུ་དང་རྔ་མོའི་ཁ་ལྟ་བུ་གཉིས་ནི་རྫ་རྔ་ཞེས་བྱ ་པར་བསྡུ་སྟེ། དེ་ལྟར་ན་རྣམ་པ་བཞི་ཡིན་ནོ། །ད་ནི་ཕྱི་དང་ནང་གི་སྦྱོར་བ་བསྟན་པའི་ཕྱིར། རྒོད་མའི་ཁ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་སྨོས་པའི་འཁྲུལ་འཁོར་བཞི་ནི་ཁ་ཡངས་པའི་ཕྱིར་ཕྱི་ཡིན་ལ། འོད་མའི་སྦུ་གུ་ལྟ་བུ་ལ་སོགས ་པ་བཞི་ནི་ཁ་དོག་པའི་ཕྱིར་ནང་ཡིན་ཏེ། ནང་དུ་བཅུག་ལ་ཆུ་ལྟ་བུར་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ད་ནི་འཁྲུལ་འཁོར་བཞི་ལ་བཙོ་བ་རྣམ་པ་བཞི་བྱའོ། ཞེས་བསྟན་པའི་ཕྱིར། ཚོར་བཅད་པ་ནི་སྤལ་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། དང་པོ་སྦལ་པའི་དབྱིབས་ལྟ་བུར་ཚར་བཅད་ལ། དེ་ནས་བཙོ་བ་རྣམ་པ་བཞི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་གོ་བཟློག་པར་བྱའོ་ཞེས་ཟེར་རོ། །རྡོ་ལེབ་འབར་ཞིང་འོད་དང་བཅས་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །རྫས་ནི ་དྲུག་ཆ་སྦྱིན་པར་བྱ་ཞེས་བྱ་བ་ནི། དངུལ་ཆུ་ཆ་གཅིག་དང་སྨན་ཆ་ལྔར་བྱ་བའོ། །འཁྲུལ་འཁོར་ཞེས་བྱ་བ་ནི་རྐང་གི་སྦུ་གུའོ། །སྔར་བཤད་ནས་ཞེས་བྱ་བ་ནི་ཆུའི་གནས་ལ་སོགས་པ་སྟེ་གོ་བར་ཟད་དོ། །ཕྱོགས་ཀྱི་ཆ་ཞེས་བྱ་བ་ནི་བཅུའོ། །དབང ་པོའི་ཆ་ཞེས་བྱ་བ་ནི་དྲུག་གོ་།ད་ནི་ཁམས་ཀྱི་རྫས་རྣམས་ཀྱི་འབྲས་བུ་བསྟན་པའི་ཕྱིར། གསེར་གྱི་མདོག་ནི་བཟང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣ་ཚོགས་དབང་ཕྱུག་ཅེས་བྱ་བ་ནི་མུ་ཟིལ་སོགས་པའོ། །མཛེ་ནད་འཇོམས ་ཞེས་བྱ་བ་ནི་བསྐུ་བྱུག་གིས་ཞེས་བྱ་བ་ཚིག་གི་ལྷག་མ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །གི་རི་ཀེ་སས་གསོ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དངུལ་ཆུ་གསོ་བ་དང་བསད་པ་ལ་སོགས་པ་སྨན་གྱི་སྡེ་ཚན་གྱི་གཙོ་བོ་ཙམ་ཞིག་བསྟན་པ་ཡིན ་ཏེ། སྡེ་ཚན་རྒྱས་པ་ནི་སྔར་བཤད་ཟིན་ཏོ། །དྷ་དྷུ་ར་ཡི་ཁུ་བ་ཡིས། །རང་གིས་ཡོན་ཏན་མ་ལུས་བྱེད་ཅེས་བྱ་བ་ལ། རང་གི་ཡོན་ཏན་ནི་རང་གི་མཐུའོ་མ་ལུས་པ་ནི་སྨན་མ་ལུས་པ་སྟེ། དེ་དག་གི་བྱ་བ་བྱེད ་པར་འགྱུར་བའོ། །དེས་ནི་འདི་སྐད་དུ་རའི་ཁུ་བ་འབའ་ཞིག་གིས་ཀྱང་དངུལ་ཆུ་གསོད་པར་འགྱུར་རོ་ཞེས་སྟོན་ཏོ། །ད་ནི་མར་ནག་བཙོ་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཆེན་པོ་གསུམ ་ཞེས་བྱ་བ་ནི་ཨ་རུ་ར་ལ་སོགས་པའོ། །རྡུལ་ལ་སོགས་པའི་སྐྱོན་བྲལ་བ་ཞེས་བྱ་བ་ནི། ཤིང་ཕྱེ་དང་ཚེར་མ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །བསྐྱེད་ཅེས་བྱ་བ་ལ་བསྐྱེད་པའི་ཆོ་ག་ནི་འབྲས་བུ་བསྐྱེད་པའི་བསྟན་བཅོས ་སྔར་སྨོས་པ་ལས་ཕལ་ཆེར་ཤེས་པར་བྱའོ། །སྐྱེ་ལ་སོགས་པའི་སྐྱོན་སྤངས་གནག་ཞེས་བྱ་བ་ལ། གནག་ཅེས་བྱ་བ་ནི་ཏིལ་ནག་པའོ། །སྐྱ་ཞེས་བྱ་བ་ནི་མ་སྨིན་པའོ། །བདུག་ཅེས་བྱ་བ་ནི་ཁྭ་ཚོས་བྱ་བའོ། །ནཱ་ག་པུཥཔ་ཞེས་བྱ་བ་ལ ་ན་ག་ནི་ནཱ་ག་གེ་སར་རོ། །པུཥཔ་ནི་ཛཱ་ཏི་པུཥཔའོ། །རོལ་པ་དང་ནི་ས་ལི་ལ་ཞེས་བྱ་བ་ལ་རོལ་པ་ནི་བྲག་སྤོས་སོ། །ས་ལི་ལ་ནི་བ་ལི་ཀའོ། །དེ་དག་ཕྱེ་མར་བྱས་པ་ནི། ཏིལ་ལས་བྱུང་བའི་ནང་དུ་བླུགས་ཞེས་བྱ་བ་ནི་ཕྱེ་མར་བྱས་པའི ་སྐྱོ་མར་བྱས་པའོ། །ཏིལ་ལས་བྱུང་བ་ནི་མར་ནག་གོ་།ཚང་བསྟན་པའི་ཕྱིར། ཆུ་ནི་མར་ཁུའི་བཞིར་གྱུར་པ་ཞེས་བྱ་བ་སྨོས་ཏེ། ཨ་ཀ་རུ་སྲང་ཕྱེད་ཅེས་བྱ་བ་ནི། ཨ་ཀ་རུ་འབའ་ཞིག་སྲང་ཕྱེད་གཟུང་བར་བྱའོ། །སྨན་གྱི་བཞི་འགྱུར ་བྱས་ནས་སུ་ཞེས་བྱ་བ་ནི་སྨན་ཇི་སྙེད་པའི་བཞི་འགྱུར་གྱི་མར་ནག་གོ་།མར་ནག་བཙོ་བའི་རྣམ་པ་གཞན་བསྟན་པའི་ཕྱིར་སླར་ཡང་ཞེས་བྱ་བ་སྦྱོར་བ་གཞན་སྟོན་པའི་ཚིག་ཕྲད་དོ། །སྔར་བཤད་ཅེས་བྱ་བ་ནི། སྦྱོར་བ་སྔ ་མ་དང་སྦྱར་བར་བྱའོ། །དེ་ཉིད་བྱ་བ་གཞན་བསྟན་པའི་ཕྱིར། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སླར་ཡང་ཞེས་བྱ་བ་ནི་དེའི་འོག་ཏུའོ། །དཀར་མིན་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཞིག་སྟེ། གང་གི་མིང་ཨོ་ལ་པུ་ཡ་ཞེས་བྱ་བར་གྲགས ་ལྷ་མོ་ཞེས་བྱ་བ་ནི་སྦྲི་ཀའོ། །ཛ་ཞེས་བྱ་བ་ནི་བ་ལིཀའོ། །ཐམས་ཅད་བསྲེས་པ་སྲད་གཅིག་བཏང་ཞེས་བྱ་བ་ནི། སྨན་དེ་དག་ཆ་མཉམ་པའི་ཕྱེ་མ་སྲད་གཅིག་ཆུ་སྐྱོ་བྱས་ཏེ་བླུགས་པའོ། །ཚངས་པའི་མར་ཁུ་ནི་བཤད་བའི་མར་ཁུའོ།། ་ཙ་ལ་ཞེས་བྱ་བ་ནི་ས་ལི་ཀའོ། །སོ་སོར་ཆ་བཞི་ཆ་དྲུག་བདུན། ཆ་ནི་བཅུ་གཉིས་དག་དང་བཅས་ཞེས་བྱ་བ་ལ། ཛ་ལ་ལ་སོགས་པའི་སྨན་བཞི་ནི་ཆ་བཞིར་བྱས་ལ། དེ་བཞིན་དུ་ལྔ་པ་ནི་ཆ་དྲུག་དུའོ། །དྲུག་པ་ནི་བདུན་དུའོ། །བདུན་པ་ནི་བཅུ་གཉིས་སུ ་བྱའོ་ཞེས་བྱ་བའི་དོན་ཏོ། །སྔར་བཤད་པའི་ཚད་དང་བཅས་ཞེས་བྱ་བ་ནི། མར་ནག་བཞི་འགྱུར་དུ་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཤ་ཆེན་ལས་བྱུང་པའི་ཞག་གོ་།ཏི་ཏྲ་ཙའི་འབྲས་བུ་ནི་ཨ་ཀ་རུ་ལ་སོགས་པའོ། ། ་རྣམ་པ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཚངས་པར་སྤྱོད་ལ་རྟག་གནས་ནས། ཁུ་བ་དག་ནི་དགག་པར་བྱ་ཞེས་བྱ་བ་ནི། གཏུམ་མོའི་རྣལ་འབྱོར་ལ་གནས་ནས་ཁུ་བ་དགག་པའོ། །ཉེ་བར་མཚོན་པ་འདིས་ནི་རླུང་གི ་དཀྱིལ་འཁོར་དང་རྩའི་འཁྲུལ་འཁོར་བསྡམས་པ་དང། སྨན་གྱི་སྦྱར་བ་ལ་སོགས་པས་ཀྱང་དགག་པར་བྱ་སྟེ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ཕལ་ཆེར་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ད་ནི་ནང་གསོ་བ་ལ་སོགས་པའི་ཆོ་ག་ཞིབ་མོ་སྣ ་ཚོགས་བསྟན་པའི་ཕྱིར། སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་མོ་ཞེས་བྱ་བ་ནི་ཁུ་བའོ། །ཁ་ཅིག་ནི་ཟླ་བ་བརྒྱད་པོ་ཞེས་ཟེར་རོ། །ཚ་གསུམ་ཙེ་རའི་ཕྱེ་མ་ནི་ཞེས་བྱ་བ་ལ། ཙོ་ར་ནི་རྒན་པོ་གཞོན་ནུར་བྱེད་པའོ་ཞེས་བྱ་བའོ། །འབྱིན་ནི ་བྱེད་ནི་བཤད་བ་སྟེ་ཚངས་པའི་བརྡས་བརྗོད་པར་བྱའོ། །དེ་བཞིན་འབྱུང་པོའི་གཙོ་བོ་སྟེ་ཞེས་བྱ་བ་ལ། འབྱུང་པོའི་གཙོ་བོ་ནི་གོ་རོ་ཙ་ནའོ། །རིག་བྱེད་གྲངས་དང་མཉམ་པའི་སྲང་ཞེས་བྱ་བ་ནི་སྲང་བཞིའོ། །དཔྱེད ་ཀྱི་དུས་སུ་ཅུང་ཟད་བསྐྱེད་ཅེས་བྱ་བ་ལ། དཔྱེད་ཀྱི་དུས་སུ་ར་ཏི་གཉིས་གཉིས་བསྐྱེད་པར་བྱའོ། །དུས་དང་རླུང་དང་ཞེས་བྱ་བ་ལ་སོགས་པ་ལ། དུས་ནི་འཁྲིག་པའི་བྱ་བའོ། །རླུང་ནི་དགུན་དེའི་ཁ་བ་དང། གཅི་བར་བཅས་པ་སྣ་སྨན་སྦྱིན་ཞེས་བྱ ་བ་ལ་རྫས་གཉིས་པོ་དེ་དག་ཆ་བསྙམས་པའི་སྣ་སྨན་བྱིན་ནས་བད་ཀན་དྲང་བར་བྱ་བའོ། །ཁ་ཅིག་ནི་གཏུང་བར་སྦྱིན་ནོ་ཞེས་ཟེར་རོ། །པདྨའི་དྲི་མ་ཞེས་བྱ་བ་ནི་ལྕེའི་དྲི་མའོ། །མ་རྐ་ཏའི་རྩ་བ་ཞེས་བྱ་བ་ནི་དབང་པོའི་ལག་པའོ། །སོ་དང ་སེན་མོ་ཞེས་བྱ་བ་ནི། སྨན་སོ་ཞེས་བྱ་བ་དང་ཆུ་སྲིན་སེན་མོ་བྱ་བའོ། །ཁ་ཅིག་ནི་མི་ལས་བྱུང་བའོ་ཞེས་ཟེར་རོ། །སུག་སྨེལ་ནི་རྣ་ལྤགས་སོ། །རིག་རི་ཀར་ནི་ཀ་ན་ཨ་བ་རཱ་ཛི་ཏ་དཀར་པོའོ། །འབྲས་བུ་གསུམ་གྱི་ཁུ་བས་སྦྱང་ཞེས་བྱ་བ ་ནི། སྨན་བྱུགས་ནས་དེའི་འོག་ཏུ་འབྲས་བུ་གསུམ་གྱི་ཁུ་བས་བཀྲུ་བར་བྱའོ། །མ་ཧ་ཧ་ཏ་ཀ་ནི་པུ་ན་ཀའོ། །དངུལ་ཆུ་བཅིང་བ་དག་ལ་ཕན་ཞེས་བྱ་བ་ནི། དངུལ་ཆུ་གཟའ་བའ་ཨི་སྦྱོར་བ་ལ་བསྔགས་པ་ཡིན་ནོ། །ཤིང་ཙ་ཆ་མཉམ ་ཕྱེད་དང་ནི་ཞེས་བྱ་བ་ལ། ཤིང་ཚ་ལ་སོགས་པ་བཞི་པོ་དེ་དག་ཆ་ཕྱེད་ཕྱེད་དེ། ཆ་བཞིར་བྱ་བ་ཡིན་ནོ། །བྲག་སྤོས་དག་ནི་ཉིས་འགྱུར་བཅས་ཞེས་བྱ་བ་ནི་དེ་ཐམས་ཅད་དང་མཉམ་པར་བྱ་བའོ། །མར་དང་བཅས་ཞེས་བྱ་བ ་ནི། ཤ་དེ་ཉིད་ཀྱི་ཞག་དང་བཅས་པའོ། །ཁའི་སྙིང་པོ་ཞེས་བྱ་བ་ནི། གཅི་བའི་ལན་ཚྭའོ། །པདྨ་ཅན་ཞེས་བྱ་བ་ནི་མཛེས་མའོ། །ཁ་ཅིག་ནི་ཡོན་ཏན་དང་ལྡན་པ་པདྨ་ཅན་ཉིད་དོ་ཞེས་ཟེར་རོ། །པདྨའི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ ་ཉི་མས་ཁ་མ་ཕྱེ་བའོ། །སེམས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་རང་གི་ཁུ་བྱའོ། །དེ་དག་ནི་ཉི་མ་དང་ཟླ་བའི་སྦྱོར་བ་སྟེ། བླ་མའི་མན་ངག་ལས་ཤེས་པར་བྱའོ། །ལྕེ་དང་དཀར་པོ་བཅས་པ་ལ་ཞེས་བྱ་བ་ལ། དཀར་པོ་ནི་ཁུ་བའོ། །མི་མོའི་འོ་མ ་ཞེས་བྱ་བ་ནི་ཁྱེའུ་དང་བཅས་པའི་འོ་མའོ། །རྡོ་རྗེའི་འོ་མ་ཞེས་བྱ་བ་ནི་རའི་འོ་མའོ། །པ་ཐ་ཞེས་བྱ་བ་ནི་བདུད་རྩི་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཅེ་ན། སྔར་བཤད་མཚན་ཉིད་ལྡན་པར་ནི་ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་མཚན་ཉིད་ནི། ་མཁྲང་མ་ཞེས་བྱ་ཆེན་པོའི་ཆེན་ཞེས་བྱ་བ་སྨོས་པའི་བུ་མོའི་ཁྱད་པར་ཏེ། དེའི་གཅི་བའི་ལན་ཚྭ་ལ་སོགས་པས་ཆ་བསྙམས་པའི་སྲང་བརྒྱ་རྩ་བརྒྱད་བཟུང་བར་བྱའོ། །ཁྱིམ་གྱི་མེ་ཏོག་ཅེས་བྱ་བ་ནི་པདྨ་ལས་བྱུང་བའི་ཁྲག་གོ་། ་དཀར་པོ་ཞེས་བྱ་བ་ནི་ཁུ་བའོ། །རིང་པོ་ཞེས་བྱ་བ་ནི་གུང་མོའོ། །འབྱུང་པོའི་བདག་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དྲིའི་ཆུ་ཞེས་བྱ་བ་ནི་བདུད་རྩི་ལྔ་གཟུང་བར་བྱའོ། །པདྨ་ལས་བྱུང་མ་རྙེད་ན། རོའི་ལག་པ་ལས་བྱུང་གཟུང ་ཞེས་བྱ་བ་ལ་རོ་ནི་བསད་པ་སྟེ། ཟླ་མཚན་གྱི་གོས་ལས་བྱུང་བའོ། །ཁ་ཅིག་ནི་སྒྲ་ཇི་བཞིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་དོན་གཉེར་དབུལ་པོ་ཡིས་ཞེས་བྱ་བ་ནི། རོ་ལངས་བྱུང་བ་འང་མ་འབྱོར་ན། །ལག་པའི་མཆོད་པས་ཡིད ་འདོད་བྱ། ཞེས་བྱ་བ་རང་གི་སོར་མོ་ལྔའི་ཁྲག་དང་བདུད་རྩི་ལྔ་ལས་རྣམ་པ་ལྔ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབང་བསྐུར་ལག་ཏུ་དགོད་ནས་ནི་ཞེས་བྱ་བ་སྟེ། ལག་པའི་སོར་མོ་རྣམས་ཀྱི་ཁྲག་གིས ་ནི། ལས་ལྔ་པོ་ཐམས་ཅད་དབང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ་ཞེས་བྱ་བ་ནི། རྒྱབ་ལས་བྱུང་བའི་ཁྲག་གིས་ནི་བསྐྲད་པ་འབའ་ཞིག་ཏུ་འགྱུར་ཞེས་བྱ་བའི་དོན་ཏོ། །གཉིས ་པ་རྣལ་འབྱོར་དོན་གཉེར་ཞེས་བྱ་བ་ནི་གསང་བའི་དབང་ལ་སོགས་པ་དོན་དུ་གཉེར་བའོ། །དབུལ་པོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་མ་འབྱོར་པའོ། །ལག་ཏུ་བསྐོར་ནས་ཞེས་བྱ་བ་ལ། ལག་པའི་སོར་མོ་རྣམས་ནི་ཕྱག་རྒྱ ་ལྔའི་རང་བཞིན་ནོ། །དགོད་པ་ནི་རྣལ་འབྱོར་མ་དྲུག་དང་དཔའ་བོ་དྲུག་དེ་ཡོད?་པའོ། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ་ཞེས་བྱ་བ་ལ། དེ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རྒྱབ་ཏུ་སྟེ། ཕྱི་རོལ་ཏུ་ཕྱུང་མཁས་པས་སློབ ་མའི་ཁ་རུ་དབབ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །མཛེས་མ་ཀུན་དུ་རུའི་ས་བོན་ཞེས་བྱ་བ་ནི། མཛེས་མ་དང་སྦྱོར་བ་ལས་བྱུང་བའི་ས་བོན་ནོ་དཀར་པོ་ཞེས་བྱ་བའི་བརྡས་ནི་བྱང་ཆུབ་ཀྱི་སེམས་བསྟན་པ་སྟེ། ཇི་ལྟར་བའི་སྒྲས་རྣམ་པར ་སྣང་མཛད་ལ་བྱ་བ་བཞིན་ནོ། །གཞན་ཡང་ཁུ་བ་དམར་དང། དངུལ་ཆུ་སྔར་ནི་བཤད་བཞིན་གཟུང་ཞེས་བྱ་བའི་ཚད་བསྟན་པའི་ཕྱིར། ནམ་མཁའ་ཨི་མེ་ནི་མཉེས་བྱེད་ལ། སུ་སིར་ཡི་ཚད་དང་མཉམ་ཞེས་བྱ་བ་སྨོས་ཏེ། སུ་ས་ར་ཡིང་ཚང ་དང་མཉམ་ཞེས་བྱ་བ་ནི། དངུལ་ཆུ་ར་ཏི་གཅིག་གཟུང་བར་བྱའོ་ཞེས་སྟོན་ཏོ། །ནམ་མཁའ་ཞེས་བྱ་བས་ནི་ཁུ་བར་ཏི་གཉིས་ཀྱི་ཚད་དུ་སྟོན་ཏོ། །མེ་ནི་མཉེས་པ་ཞེས་བྱ་བ་ནི་དམར་པོ་ཞེས་བྱ་བ་དེའི་ཁྲག་ཉིས་འགྱུར་དུ་བྱ་བ་སྟོན་ཏོ། །རྩི ་བསད་ཅེས་བྱ་བ་ནི་ཀླང་པ་དང་ཞག་གོ་།བཀྲ་ཤིས་ཞེས་བྱ་བ་ནི་ལྕེའོ། །ལྷག་པ་ལྷའི་སེམས་དཔའ་ཞེས་བྱ་བ་ནི་རང་གི་ཁུ་བའོ། །མི་རྒྱལ་ཞེས་བྱ་བ་ནི་ཕུང་པོའི་རྒྱལ་པོའོ། །དེ་དག་ཇི་སྙེད་པར་དེ་སྙིང་ཅེས་བྱ་བ་ནི་མའི ་རྒྱལ་པོ་ལ་སོགས་པའི་སྨན་གྱི་ཆ་ལས་བཞི་འགྱུར་ནས་བདུན་འགྱུར་ཆུན་ཆོད་དུ་བྱ་བའོ། །མར་ཁུ་གཉིས་ཞེས་བྱ་བ་ཞག་ཆ་གཉིས་སོ། །དབང་པོ་གསུང་ཞེས་བྱ་བ་གླང་པ་ཆ་གསུམ་མོ། །དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ?་སོགས་པ ་དང་རྒྱལ་པོ་ལ་སོགས་པ་ནི་བཤད་ཟིན་ཏོ། །དབྱངས་ཚང་ཆོ་ག་ཤེས་པ་ཡིས། །དེ་དག་ཐམས་ཅད་ཤེས་པར་བྱ་ཞེས་བྱ་བ་ལ། དབྱངས་ནི་ཡ་ལ་སོགས་པའོ། །ཚད་ནི་བཞིར་ཆད་པའོ། །ཆོ་ག་ནི་བརྡར་བཏགས་པའོ། །དེ་དག་ཐམས་ཅད་ནི ་རྒྱལ་པོ་ལ་སོགས་པའི་སྨན་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཨ་ནི་སའི་བདག་པོ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཀ་ལ་སོགས་པའི་བརྡ་ཡང་ཤེས་པར་བྱའོ། །ཕན་དུའི་བློན་པོ་ནི་ཧ་ས་ཏེ་བའོ། །པུ་ཏྲ་ཨརྟ་ནི་པུ་ཏན་རྩའིའོ། ་བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི། བཅུད་ཀྱིས་ལེན་བཅིང་བའོ། །སྡོམ་པ་ནི་དེ་རྣམ་པར་གཟུང་བའོ། །ཆོ་ག་ནི་བྱ་པའོ། །རིམས་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་དགུ་པའོ། །རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་ཚོན་ཆ་ལྔ་ལ་སོགས་པའི་སྔགས་སྟོན་པར་བྱེད་པའི་ལེའུ་གསུངས་པ། གསང་པ་ཞེས་བྱ་བ་ལ་སོགས ་པ་སྟེ་དེ་དག་ནི་གོ་སླའོ། །ཁྲོ་བོའི་གཟུགས་སུ་བསྒོམས་ནས་སུ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་དང། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒོམ་པའོ། །ལྷའི་དབང་པོ་ཞེས་བྱ་བ་ནི་འཇའ་ཚོན་ནོ། །པ་སུ་ཀ་ཞེས་བྱ་བ་ནི་ཆུའོ། །ཁ་ཅིག་ནི་སྒྲ་ཇི་བཞིན་ནོ་ཞེས ་ཟེར་རོ། །སྒྲོ་ནི་རླུང་ཞེས་བྱ་སྟེ་ཞེས་བྱ་བ་ནི། རླུང་གི་ཤུགས་ཉིད་སྒྲོ་ལྟར་སྐྱོད་པར་བྱེད་པས་ན་སྒྲོའོ། །རྣམ་པ་ལྔ་ཞེས་བྱ་བ་ནི། ལྷའི་དབང་པོ་ནས་རླུང་གི་བར་དུའོ། །ཡང་ན་མདའ་རྣམ་པ་ལྔ་སྟེ། རླུང་རྣམ་པ་ལྔའོ། །དེ་དག་གིས་ནི་འདི་སྐད་དུ། རིམས ་ལ་སོགས་པ་སྡིག་པའི་གཟུགས་ཅན་ལ། སྒྲུབ་པ་པོ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་ཧཱུཾ་གི་སྒྲ་བརྗོད་པས་རླུང་གིས་སྤྲིན་དང། མདའ་ལས་གློག་དང་འཇའ་ཚོན་ལ་སོགས་པས་བརྒྱན་ཏེ། ཐོག་བབས་པའི་མདེའུའི ་རྩེས་ཕྱེ་མར་བརླག་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །བརྡ་ཡིས་བཤད་པ་བརྗོད་པར་བྱ་ཞེས་བྱ་བ་ནི། སྔར་གྲུ་བཞི་པ་ལ་སོགས་པའི་མདེའུའི་ཁྱད་པར་གྱི་བརྡས་བཤད་པའི་དོན་བརྗོད་པར་བྱའོ། ཞེས་བྱ་བའི ་དོན་ཏོ། །དེ་ཉིད་གསུངས་པ། ལ་ཡིག་དབང་ཆེན་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རྡོ་རྗེ་ཆགས་པར་བདག་བསྒོམས་ན། ཞེས་བྱ་བ་ནི་སྙིང་རྗེ་དང་ཤེས་རབ་ཀྱི་སེམས་ཅན་དང་དེ་ཁོ་ན་ཉིད་ལ་ཆགས་པ་དང། རྡོ་རྗེ ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྷ་མོའི་ཡུལ་ཐམས་ཅད་ལ་རྣམ་པར་རོལ་པའོ། །རྒྱལ་སྲིད་ཐམས་ཅད་ལོངས་སྤྱོད་འགྱུར་ཞེས་བྱ་བ་ནི། མཐོང་བའི་ཚེ་འདི་ཉིད་ལ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་ལ་ལོངས་སྤྱོད་པའོ།། ་སླར་ཡང་ཨེ་ནི་གཞུར་བྱ་སྟེ། ཞེས་བྱ་བ་ནི་ཆོས་འབྱུང་བའི་ཕྱག་རྒྱའོ། །བ་ཞེས་བྱ་བ་མངའ་ཡིན་ནོ། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའོ། །སྔར་སྤྱད་ཅེས་བྱ་བ་ནི་བླ་མས་ལོངས་སྤྱད་པའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་འདེན་ནོ། །གནས་པར ་བྱ་བ་ནི་དེས་མཚོན་པར་བྱ་བ་སྟེ། འདིས་ནི་པ་ཏི་ཨོ་ལིའི་རིམ་པ་སྟོན་ཏོ། །ཕྱག་རྒྱར་བཅུག་སྟེ་བསླང་ནས་ཐལ་བར་བྱ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་རླུང་དང་མའི་ཕྱག་རྒྱའི་སྟེང་དུ་བཞག་སྟེ། རླུང་གི་བསྐྱོད་པའི་མེ་སྤར ་བས་བསྲེགས་ཏེ། ཐལ་བར་བྱའོ་ཞེས་བྱ་བའི་དོན་སླར་ཡང་གསང་བའི་ཞེས་བྱ་བ་ལ་སོགས་པའི་ཡི་གེས་རང་ཉིད་ཀུན་ནས་བསླང་སྟེ་ཞེས་བྱ་བ་ནི། ཐལ་བའི་ཕུང་པོ་དེ་ལས་པདྨ་དང་ཆུའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་གྱི ་སྟེང་དུ་ཁམས་བཅུ་དྲུག་གི་ས་བོན། ར་ལ་སོགས་པའི་ཡི་གེ་བཅུ་དྲུག་བདག་ཉིད་ཐིག་ལེ་བཅུ་དྲུག་ཏུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ནམ་མཁའ་ཨི་ངོས་ཐམས་ཅད་ཁྱབ་པའི་དུ་བ་ལྟ ་བུའི་ཡེ་ཤེས་དེར་བཀུག་ཅིང་གསོས་ཏེ་དམ་བཅའ་ཨོ་ཞེས་བྱ་བ་ནི་ཡིད་ལ་བརྣག་པར་བྱས་ནས། འོད་ཟེར་གྱི་ལྕགས་ཀྱུ་ཕྱུང་སྟེ། ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱི་ཡེ་ཤེས་རྣམ་པ་དུ་མ་འམ་རྡུལ་ལྟ་བུ་དྲངས་ཏེ། དེར་བཅུག་པ ་འདི་ནི་ཤི་བ་གསོ་བའི་ཆོ་གའོ། །པདྨ་གར་དབང་བསྒྱུར་ནས་སུ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །བུ་མོའི་གནས་ལ་འདུག་པར་བསམ་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པ་དང་ལྡན་པའི་མྱོས་པ་དང་ལྷན་ཅིག ་ཏུ་ཁ་སྦྱོར་བ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ེ་ཞེས་བྱ་བ་དང་བཾ་ཞེས་བྱ་བ་དང། ལ་ཞེས་བྱ་བ་གསུམ་པ་སྟེ། སྒྲུབ་པོས་འདིར་ནི་ཡི་གེ་བསམ། །མེ་མར་གྱི་རྩེ་ལྟར་བྱ་ཞེས་བྱ་བ་ལ། ཨེ་ཞེས་པ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་ལ། ་ཡི་གེ་ཨེས་རླུང་གི་འཁོར་ལོ་དང་བཅས་པའི་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཨེ་མེའི་རྩེ་མོ་སྟེ་ཞེས་བྱ་བ་དང་སྦྱར་རོ། །བཾ་ཞེས་བྱ་བ་དང་ལ་ཞེས་བྱ་བ་ལ་ཞེས་བྱ་བ་ནི། འབར་བ་དེའི་རྩེ་མོའི་སྟེང་བསྒྲུབ་པར་བྱ་བའི་མགྲིན་པ་དང། སྙིང་གར་བ་དང་ལ་ལས་ཆུའི་དཀྱིལ་འཁོར་དང། དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ངེས་མར་སར་བུམ་པར་བཙོས་པ་ལྟར་ཐམས་ཅད་དུ་ཞུ་བར་བྱའོ་ཞེས་བྱ་བ་ནི ་མེའི་རྩེ་མོ་དེས་གླང་པའི་རྩེ་མེའི་བར་ཐམས་ཅད་བཞུ་སྟེ། དམར་སེར་དུ་གཟག་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ལེའུ་འདིའི་དོན་ལྷག་མ་རྣམས་ནི་ཁ་ཅིག་ནི་གོ་སླ་བ་ཉིད་དང། ཁ་ཅིག་ནི་མན་ངག་གི་རྗེས་སུ་འབྲངས་ཏེ། ཤེས ་པར་བྱ་བ་ཉིད་ཀྱིས་ན་བླ་མའི་ཁ་ལས་ཤེས་པར་བྱ་བ་ཡིན་པས་བདག་གིས་རྣམ་པར་མ་ཕྱེའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་གྱིས་སེམས་ཅན་རྣམས་དབུགས་དབྱུང་བའི་ངེས་པ ་གཞུང་གང་དུ་བསྟན་པ་དེ་ནི། རྡོ་རྗེ་སེམས་དཔའ་ཨི་དབུགས་དབྱུང་བའི་རང་བཞིན་ངེས་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་ལྷ་བཅུ་བ་རྫོགས་སོ།། །།རྫོགས་སོ་ཞེས་བྱ་བའི་སྒྲ་ནི་རིམ་པར་ཕྱེ་བ ་ཐམས་ཅད་ལ་སྤྱར་བར་བྱའོ། །དཔེར་ན་རྒྱ་མཚོའི་ནང་ན་ཀླུ་དང་རུས་སྦལ་དང། ཆུ་སྲིན་ཉ་མིང་གནས་ཀྱི་དེ་ཕྱོགས་འགའ་ཞིག་ན་སྲོག་ཆགས་རྣམ་མང་ན་དེ་ནས་འགའ་ཞིག་སྟེས་ཧེ་ནས། རིན་ཆེན་རྙེད་ནས་གཞན་ལ་ཕན་པར་བྱེད་པ་ལྟར ་འཁོར་བའི་རྒྱ་མཚོར་བྱ་བ་བྱས་བའི་ལྷ་གནས་ཀྱང། །བྱོལ་སོར་ཡི་དགས་དམྱལ་བ་ལ་སོགས་སྲོག་ཆགས་ནས། །ལེགས་བྱས་འགའ་ཡིས་བདག་གི་རྒྱུད་རྒྱལ་རིན་ཆེན་རྙེད། །རིམ་བཞིན་ཅུང་ཟད་ཕྱེ་བས་རྗེས་མཐུན་བསོད་ནམས་བགོས ་དཔལ་ལྡན་འདུས་པ་ཤིན་ཏུ་དྲི་མེད་སྟོན་ཀའི་མཁར། །ཤར་བའི་ཟླ་གསལ་བློ་ཡི་ཀུ་མུ་ཏ་རྣམས་ཕྱ། །རྒྱུད་རྒྱལ་ཚིག་དོན་སྒྲིབ་གཡོགས་མུན་པ་གསལ་ནས་ནི། །འགྲོ་བ་རྣམས་ལ་ཉི་ལྟར་དེ་རིང་དོན་གསལ་བྱས། །མེ་ཏོག་འདབ་ལས ་སྦྲང་རྩི་བླངས་པ་ལྟར། །རྒྱུད་རྒྱལ་ནང་ནས་ལེགས་བྱས་གང་ཡིན་པ། །དེས་ནི་འགྲོ་བ་མ་ལུས་པ་རྣམས་ཀྱི། །ཉེས་པ་གསུམ་པོ་དག་ནི་འཇོམས་པར་ཤོག་།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ། སློབ ་དཔོན་མཁས་པ་ཆེན་པོ་བྷ་བ་བྷ་ཊའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང། བོད་ཀྱི་ལོ་ཙ་བ་ཆེན་པོ་འགོས་ལྷ་བཙས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ ་པའོ། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ཧནྟཝ་སྱ་ཧ་ཏྟཝ་སུསྠི་ར་ནཱ་མ་པཉྫི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ། དཔལ་རྡོ་རྗེ་མཁའ་འགྲོ ་