CLOSE WINDOW

N919: dpal 'khor lo sdom pa'i rgyud kyi rgyal po bde mchog bsdus pa zhes bya ba'i rnam par bshad pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་ཏནྟྲ་རཱ་ཛ་སུ་ཀ་ར་ཧ་ས་མུཙྪ་ནཱ་མ་བིཏྟི། བོད་སྐད་དུ། དཔལ་འཁོར ་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ། དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག ་འཚལ་ལོ། །དཔལ་ལྡན་གསང་བའི་ཆོས་དབྱིངས་དང་ལས་ཐུགས་རྗེ་ཚད་མེད་བྱང་ཆུབ་སེམས་ཀྱི་བདག་ཉིད་སྤྲོས་མེད་ལས། ་རྣམ་པ་རྣམས་བརྫུན་དངོས་རྣམས་རང་སེམས་སྒྱུ་མར་སྟོན་པ་ལས་རབ་འདས་གྱུར་སྙིང་པོ་ཆོས་ཀྱི་དོན། །རྒྱལ་བའི་དགོངས ་པ་དུ་མ་དཔལ་ལྡན་ཧེ་རུ་ཀ་ཡིས་རྒྱུད་ཀུན་སྡོམ་པ་རྒྱ་མཚོ་བླ་མར་བསྡུས། །སྐུ་ལྔ་ཡེ་ཤེས་རང་བྱུང་ལྷུན་གྲུབ་རྒྱལ་བ ་དེ་ཉིད་ལ་འདུད་དེ་གསལ་ལས་འབྱུང་དོན་བརྗོད་བྱ།། །།གང་ལ་བློ་གྲོས་ཅན་དག་དམ་པའི་ཆོས་ཀྱི་དོན་ལ་དགོས་པ ་མཐོང་ནས་འཇུག་བྱེད་དེ་ཡི་ཕྱིར་ཐོག་མ་ཉིད་དུ་བླ་མེད་འབྲས་བུ་འཐོབ་བྱེད་དོན་གྱི་དགོས་པ་བསྒྲུབ་པ་ནུས་པ་ཁྱད་པར་ཅན་ཉིད་དེ། ། ་དེ་དག་སྟོན་པར་འགྱུར་བ་བདེ་བླག་རྟོགས་པར་བྱ་ཕྱིར་རྗོད་བྱེད་འཇིག་རྟེན་དག་ཏུ་བསྟན་པ་ཡིན། །དེ་ལས་བདག་དང་གཞན་དོན་ཕུན ་སུམ་ཚོགས་པའི་འབྱུང་གནས་ཡོངས་སུ་དག་པ་གྲུབ་པ་འདིར་བསྟན་ནོ། །དེ་ཡང་འདིར་ཆོས་ཐམས་ཅད་ལ་བདག་མེད་ཅིང་བླ་ན་མེད་པའི་གནས། ་ཕྱིར་མི་ལྡོག་པའི་ལམ། ཐུན་མོང་བའི་ཐེག་པ་ལ་བློ་རིམ་གྱིས་སྦྱང་བ་སྔོན་དུ་འགྲོ་བར་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས ་ཅད་མཁྱེན་པས། འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་ལ་དགོངས་ཏེ། ཆོས་ཀྱི་ལམ་དུ་མ་བསྟན་པ་ནི། འདི་ཉིད་ལས་ཀྱང། མོས ་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཐབས་ཀྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་བསྟན་པ་ཡིན། ཞེས ་པའི་དོན་གྱིས་རྒྱ་ཆེ་བའི་ལམ་བསྟན་པའོ། །ཟབ་པ་ལྟར་ན། ཐུན་མོང་མ་ཡིན་པའི་གསང་བ་རྡོ་རྗེ་ཐེག་པ་ལ་འཇུག་པར་འདོད་པས། ཕྱི་རོལ་གྱི་དཀའ་ ་ཐུབ་ལ་སོགས་པ་མཚན་མའི་གཡེང་བ་ཅན། །ཉན་ཐོས་དང། རང་རྒྱལ་དག་གི་ལམ་དང་སྤྱོད་པ་དག་ལས་ཡང་དག་པར་གྲོལ ་བ། ལྷ་དང་མི་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་ཡུལ་ལས་འདས་པ། སྲིད་པ་དང་ཞི་བ་ཐམས་ཅད་ཟིལ་གྱིས་གནོན་པ། བྱང་ཆུབ་སེམས་དཔའ་ཨི ་ལམ། བསླབ་པ་གསུམ་ལ་སློབ་ཅིང། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དག་ཀྱང། ལམ་མྱུར་བ་མ་ཡིན་ཞིང། བདེ་བ་ཆེན ་པོའི་ཐབས་གསང་བ་མེད་དེ། ཤེས་བྱ་གཉེན་པོས་ཐ་དད་དུ་རྟོག་པ་དང་བྲལ་བ་མེད་པའི་ཕྱིར་རོ། །དེ་ལས་མཆོག་ཏུ་གྱུར་པ་ནི། གསང་བ ་རྡོ་རྗེ་ཐེག་པ་ལ་གནས་པའི་བྱ་བ་དང། སྤྱོད་པའི་སྒོ་ལས་ཀྱང། རིག་སྔགས་ཀྱི་རྗེས་སུ་གནང་བ་ཙམ་ལ་བརྟེན་ཏེ། བདག་དང་ལྷ་ཐ་དད་དུ་ལྟ་བ་ཅན ་ཡོངས་སུ་བརྟགས་པ། མཚན་བཅས་དམིགས་པ་ལས་གྲུབ་པའི་དོན་མངོན་དུ་བྱེད་པར་འདོད་པའོ། །རྣལ་འབྱོར་གྱི་རྒྱུད་དག་ལས་ནི། རྣམ་པར་བཀོད་པའི་དཀྱིལ་འཁོར་ལས། ཆུ་དང་ཅོད་པན་ལ་སོགས་པའི་རྗེས་སུ་གནང་བ ་ཐོབ་པས། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང། རང་རིག་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། རིག་པ་འཛིན་པ་འཐོབ་པར་བྱེད་པ་ཉིད་དུ་བསྟན་ཏོ། །ཆོས་ཐམས་ཅད་ལ་སྤྲོས་པ་མེད་ཅིང། རང་བཞིན་གྱིས་འོད ་གསལ་བ། ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་གསང་བའི་དཀྱིལ་འཁོར་ཆེན་པོར་འཇུག་པ། ཐབས་དང་ཤེས་རབ་དབྱེར་མེད་པའི་ལམ། ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་འཇུག་ཅིང་གནས་པའི་རྣལ་འབྱོར་པས། བདེ་བ ་ཆེན་པོའི་བརྟུལ་ཞུགས་ཀྱི་སྤྱོད་པས་བླང་དོར་མེད་པའི་གནས། རབ་ཏུ་མི་གནས་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ། །སྐུ་བཞི་རོ་མཉམ་མཆོག་ཏུ་མི་འགྱུར་བ་ཡན་ལག་དང་ལྡན་པ་མངོན་དུ་བྱེད་པ་ནི་རྣལ་འབྱོར་བླ་ན ་མེད་པ། ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་འདི་ཉིད་དོ། །དེ་ལྟར་ཡང། མི་ཤེས་རབ་རིབ་ཀྱིས་ལྡོངས་ལ། །ལམ་མཆོག་གསང་བ་སྟོན་བྱེད་པ། །བདེ་བ་ཀུན་གྱི་མཆོག་གྱུར་པ། །དངོས་གྲུབ་ཐམས ་ཅད་མྱུར་གྲུབ་འདི། །རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པ་ལ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས་ཞེས་པའི་དོན་ཏོ། །ཟབ་པ་དང་རྒྱ་ཆེ་བ་དབྱེར་མི་ཕྱེད་པའི་དོན་ནི། མཉམ་པ་ཉིད་དུ་གནས་པའི་དོན་ལ། སངས་རྒྱས་རྣམས་ནི་བྱོན་གྱུར་རམ།། ་མ་བྱོན་ན་ཡང་རྣམ་ཀུན་ཏུ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན་ཞེས་པའི་དོན་ཏོ། །འདིར་ནི་རྣལ་འབྱོར་གསང་བ་ལས་ཐོག་མཐར་སྦས་པ་ཀླ་ཀློའི་སྐད། ཛཱ་སཾ ་པ་ཏྲ་ཎ་ན་སུ་ཀ་།ཙཀྲ་ཨུཥྞཱི་ཥ་ས་ཡ། ཡོ་གི་བྷི་ཥཾ་ས་ར་ལི། ཨེ་ཨ་ར་ལི་ཌཱ་ཀི་ནི། །ཀོ་ཤ་ཏནྟྲ་རུཏྟ་ར། བི་ཌ་མཧཱ་ས་གྷརྞི། །དེ་ཉིད་སྤྲོས་མེད་རིན་ཆེན་བདེ་བ་ཡི། །ཀུན་དགའ་ཨི་ཚིག་གིས་རྙོག་པ་ཀུན་བྲལ་བ། །རོ་མཉམ་ལྷན་ཅིག ་སྐྱེས་པ་མི་འགྱུར་བའི། །མཁའ་དང་མཚུངས་པ་བདེ་གཤེགས་གནས་ཐོབ་པའོ། །གསང་བ་དབྱིངས་ལས་རབ་འབྱམ་འགྱུར་མེད་རྟག་པ་བདེ་བའི་འབྱུང་གནས་འོག་མིན་ཆོས་དབྱིངས་དང་པོ་ཉིད། །ཞིང་རྣམས་རྒྱ་མཚོ་མཛའ་ཡས ་རྟེན་དང་བརྟེན་པ་ཀུན་སྤྱོད་གནས་ཏེ་མི་གནས་རང་བཞིན་གཉིས་མེད་བཞུགས། །ཞིང་ཁམས་སྙིང་པོ་དཔལ་ལྡན་དབང་ཕྱུག་ཆེན་པོ་ཆེ་བ་སྟུག་པོ་བཀོད་པའི་ཕོ་བྲང་གཞིར་འགྱུར་བ། །འོད་ཟེར་ལས་ནི་འཇིག་རྟེན་ཁམས་ཀུན་སྣ་ཚོགས་སེམས ་ཉིད་སྣང་བའི་ཡུལ་གྱུར་སྟོང་གསུམ་སྟོང། །ཐབས་དང་ཤེས་རབ་དབྱེར་མེད་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་དང། །རྣལ་འབྱོར་དབང་ཕྱུག་དུ་མ་དག་དང་མཁའ་འགྲོ་བསྟན་པ་དཀོན་མཆོག ་གསུམ་གྱི་གཞིར་གྱུར་བསིལ་བ་རྣམས། །བདེ་ལེགས་ལྷ་མིས་གསུམ་སྤྱོད་པའི་ཡུལ་དུ་རྣམ་དག་ཆོས་འབྱུང་བ་ནི་ཐུགས་རྗེ་ཅན་རྣམས་ཀྱི། །ཐེག་པའི་ཚུལ་ལས་ཕྱི་ནང་གསང་བ་རིག་འཛིན་སྡེ་སྣོད་ཉན་རང ་སྡེ་དང་བྱང་ཆུབ་སེམས་དཔའ་ཨི་ལམ། །ཟབ་དང་རྒྱ་ཆེ་སྙིང་པོ་ཐོག་མ་བར་དང་མཐར་ནི་རྣམ་པར་གནས་པ་དགོངས་དང་ཡང་དག་དོན། །གསང་འཛིན་བདག་པོ་སྣང་བའི་འོད་གྱུར་རྡོ་རྗེ་སྙིང་པོ་རྡོ་རྗེ་ཆོས་ཏེ་མཆོག་གི་སྐུ་མངའ་ལས། དམ་པ་དང་པོ་འདི་ཉིད་དུས་བཞི་ལས་ཀྱང་འདིར་ནི་ཚེ ་གཅིག་ཡོན་ཏན་མངོན་བྱེད་རིམ་པ་ལུས་སེམས་ལ། དུས་རྣམས་སྦྱོར་ཞིང་རྒྱལ་བ་བདེ་མཆོག་འཁོར་ལོར་གསང་ཆེན་གཉིས་མེད་གནས་འདིར་ཡང་དག་ཐོབ་བྱེད་པའོ། །དེ་ལ་གསང་བ་ཆེན་པོའི་ཡེ་ཤེས་ཀྱི་འབྱུང་གནས་དཀྱིལ་འཁོར་ཆེན་པོ་མངོན་པར་འབྱུང་བ། རྣལ་འབྱོར ་རོལ་པའི་འཁོར་ལོ། །ལྷན་ཅིག་སྐྱེས་པའི་ངང་ལས། བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རོ་མཉམ་བདེ་བ་ཆེན་པོའི་སྙིང་པོ། རྡོ་རྗེ་དབྱིངས་དཔལ་ཧེ་རུ་ཀ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་མི་འགྱུར་བ་དེ་ཉིད་སངས་རྒྱས ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པ། རིག་པ་མཆོག་ཏུ་གྱུར་པའི་ཁྱབ་བདག། རྒྱུན་མི་འཆད་པའི་ཆོས་ཉིད། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚད་མེད་པའི་ཞིང་ཁམས་ལས། བྱང་ཆུབ་སེམས་ནམ་མཁའ་དང་མཉམ་པར་བྱིན་གྱིས་རློབ་པ་རྡོ་རྗེས། ཆོས ་ཀྱི་དབྱིངས་ཀྱིས་ཀླས་བར་རབ་འབྱམ་སྣང་བ་རྣམ་པར་དག་པ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟོན་པར་མཛད་པའོ། །ེ་བཾ་ཐབས་དང་ཤེས་རབ་དེ་ཉིད་མཆོག་ཏུ་མི་འགྱུར་གཉིས་མེད་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་ཉིད་རྟེན་དང་བརྟེན་པ་དཀྱིལ་འཁོར་ཀུན་ཏུ་ཐིག་ལེ་དུས་མེ་ཀུནད་ཉི་ཟླ ་ཡེ་ཤེས་རིགས་བདག་ཆེ། རབ་ཏུ་དགྱེས་པར་ཡེ་ཤེས་རྒྱ་མཚོ་བདེ་ཆེན་རབ་ཏུ་སྡོམ་པ་རབ་འབྱུང་ཕུན་སུམ་ཚོགས་པར་གནས། སངས་རྒྱས་བྱང་ཆུབ་སེམས་ཚོགས་ལྷ་མོ་རོལ་པ་བསམ་མི་ཁྱབ་པར་མཁའ་འགྲོ་ས་གསུམ་ཀུན་ཏུ་སྤྱོད། །དེ་ལས་མངོན་པར་བྱང་ཆུབ་པ་བླ་ན་མེད་པ ་ལས་ཡེ་ཤེས་ཀྱི་སྐུ་དེ་བཞིན་གཤེགས་པ་འཇུག་པ་དང་གནས་པ་དང་འབྱུང་བར་འགྱུར་བ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་བྱང་ཆུབ་པ་ནི་རང་བཞིན་གྱིས་སྤྲོས་པ་མེད་པ་ལྷུན་གྲུབ་སྟོང་པ་ཉིད་དོ། །ཁྱབ་ཅིང་གསལ་བའི་ངོ་བོ་མངོན་པར་བྱང་ཆུབ་པ་ནི་དངོས་པོ་མེད་པའི་དག་ཅིང་གསལ ་བར་འབྱུང་བའི་ཁྱབ་བདག་རྡོ་རྗེའོ། །མི་བཟད་པ་སྣང་བའི་ཡེ་ཤེས་མངོན་པར་བྱང་ཆུབ་པ་ནི། མཚུངས་པ་མེད་པའི་སྣང་བ་འོད་གསལ་བའི་མཚན་ཉིད་རྟག་ཏུ་མི་འགྱུར་བའི་དེ་བཞིན་ཉིད་དོ། །སྒྱུ་འཕྲུལ་མངོན་པར་བྱང་ཆུབ་བ་ནི། ཀུན་ཏུ་འབྱུང་བ་ཐོགས ་པ་མེད་པའི་དུས་ན་རྣམ་པ་ཐམས་ཅད་དུ་འགག་པ་མེད་པའོ། །ཡོངས་སུ་དག་པ་ཆོས་དབྱིངས་མངོན་པར་བྱང་ཆུབ་པ་ནི་ཐ་དད་པར་དམིགས་པ་མེད་པའི་ཡེ་ཤེས་ཀྱི་སྐུ་སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དུས་གསུམ་ཐོག་མཛའ་ཀུན་ཏུ། དཀྱིལ་འཁོར་ཆེན་པོ། ་གསང་བའི་བདེ་བ་ཆེན་པོ་སྐུ་གསུང་ཐུགས་རྡོ་རྗེ་དམ་ཚིག་གི་འཁོར་ལོར་ཞི་བ་དང་ཁྲོ་བོའི་སྐུ་སྣ་ཚོགས་སུ་སྣང་བའོ། །དེ་ལས་འདིར་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཉིད་སྟོན་པ། དེ་ཡང་གཞན་དག་ལས་ཁྱད་པར་དུ་གྱུར་པ་ཡང། དུས་ཐམས་ཅད་དུ་མ་བྱུང་འབྱུང་བར་མི ་འགྱུར་བས་ཁྱད་པར་དུ་གྱུར་པ་དང། སྤྲུལ་པའི་དཀྱིལ་འཁོར་བཞུགས་པས་ན་ནུས་པ་དང་ཡོན་ཏན་མྱུར་དུ་འཐོབ་པའི་ཕྱིར་དང། དུས་ཡུན་རིང་པོ་ནས་ཐུགས་རྗེས་གཟུང་བར་མཛད་པ་དང། དུས་མཐར་ནུས་པ་མི་ཉམས་པར་ཐོགས་མེད་དུ་འབྱུང་བའི་ཕྱིར་དང། དེ ་བཞིན་གཤེགས་པ་ཐམས་ཅད་རིགས་དུ་མ་བསྡུས་པའི་བདག་ཉིད་དཔལ་ཧེ་རུ་ཀར་གྱུར་པའི་ཕྱིར། ཁྱད་པར་དུ་བསྟན་ཏོ། །དེ་ཉིད་གསང་ཆེན་བླ་ན་མེད་པ་འདི་ཉིད་ཀྱི་ཐོག་མར་གླེང་གཞི་ཕུན་སུམ་ཚོགས་པ་ཇི་ལྟར་བསྟན་ཅེ་ན། གནས་གང་དུ་སྟོན་པ་གང་གིས། འཁོར ་ཚོགས་གང་ལ། དུས་ནམ་གྱི་ཚེ། ཆོས་ཚུལ་ལམ་ཐབས་ཇི་ལྟར་གསུངས་པའི་ཚུལ་ལ་སྒྲོ་འདོགས་བཅད་པ་ནི། བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཧེ་རུ་ཀས། །གསང་བ་བདེ་བ་ཆེན་པོ་མཆོག་གི་གནས། །དབང་ཕྱུག་ཆེན་པོ་ཆེ་བའི་ཞིང་ཁམས་ནི། །རྡོ་རྗེ་བཙུན་མོའི་ཆོས ་དབྱིངས་འབྱུང་གནས་ཉིད། །ཡོན་ཏན་རྫོགས་པ་རྣམ་དག་གནས་མཆོག་ཏུ། དེ་བཞིན་གཤེགས་པ་དཔག་མེད་འདུས་པའི་ཚོགས། །ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་ནི། །རྡོ་རྗེ་སྙིང་པོ་རྡོ་རྗེ་ཆོས་སྣང་འོད། །གསང་བའི་མཛོད་འཛིན་སྡུད་པ་པོར་བཅས་ལ། །ཡེ་ཤེས ་འོད་གསལ་ལ་ལྷན་ཅིག་སྐྱེས་པ་ཉིད། །བདེ་མཆོག་གསང་བ་ཏིང་འཛིན་ཉེར་དགོངས་མཛད། །དེ་ལས་ས་གསུམ་འཇིག་རྟེན་དོན་གྱི་ཕྱིར། །སྟོན་པ་བཅོམ་ལྡན་སྐུ་བཞི་དབྱེར་མེད་ལས། །རི་རབ་རི་ཡི་རྩེ་མོ་ག་ལ་བའི། །ཁང་བརྩེགས་དེར་ནི་དཀྱིལ་འཁོར་འཁོར་ལོ་ནི། །མངོན་པར་འབྱུང་བའི་ཕོ ་བྲང་རིན་ཆེན་སྤྲས། །བཀོད་པ་ཚད་མེད་ལྷ་ཚོགས་འདུས་པ་ནི། །བདེ་གཤེགས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །རིག་མ་ལྷ་མོའི་ཚོགས་ཀྱིས་མཆོད་པར་འགྱུར། །བཅོམ་ལྡན་གང་ཉམས་ལྡན་པས་བཞུགས་པར་མཛད། །ཁྲོ་རྒྱལ་ཉི་ཤུ་རྩ་བཞི་འཁོར་ལོར་བཀོད། ་དཔའ་བོ་རྣལ་འབྱོར་མ་ཆོ་གས་མཁའ་འགྲོས་བསྐོར། །རྗེ་བཙུན་ཕྱག་ན་རྡོ་རྗེས་འཇིག་རྟེན་གྱི། །ལྷ་ནི་དབང་ཕྱུག་ཆེན་པོ་ཨུ་མར་བཅས། །ཞབས་གཡས་བསྐུམ་པས་ཨུ་མ་དེ་བ་བརྫིས། །གཡོན་ཞབས་བརྐྱང་བས་དབང་ཕྱུག་མནན་པར་འགྱུར། །བཏུལ་ནས་གདན་དུ་མཛད ་པས་གནས་པར་གྱུར། །དེ་ཉིད་ཕྲིན་ལས་དབང་སྒྱུར་གཞན་ཡང་ནི། །ཚངས་པ་དབང་པོ་འཇུག་སེལ་ལ་སོགས་བཏུལ། །གསང་ཆེན་འབྱུང་བའི་དུས་ཏེ་གླེང་གཞི་བསྟན། །དཀྱིལ་འཁོར་རྒྱལ་པོ་མཆོག་ཏུ་བསྟན་པའོ། །འཛམ་གླིང་གནས་སུ་འགྲོ་རྣམས་དོན་གྱི་ཕྱིར། །མངོན ་པར་བྱང་ཆུབ་ཚུལ་བསྟན་བདུད་བཏུལ་ནས། །བདེ་བར་གཤེགས་པས་ཕྲིན་ལས་སྟོབས་གཟིགས་པས། །དྷ་ན་ཀ་ཐཱ་པར་པ་ཐི་ཅེས་གླིང། །ཆགས་པ་ཟད་བྱེད་ཆོས་ཀྱི་འབྱུང་གནས་ཉིད། །དཀྱིལ་འཁོར་འཁོར་ལོར་དཔའ་བོ་རྣལ་འབྱོར་མ། །བྱེ་བ་ཕྲག་ནི་བརྒྱད་ཅུ་ལ་སོགས ་པར་དཔག་མེད་འདུས་ལ་གསང་ཆེན་ལེགས་གསུངས་སོ། །ཉི་ཤུ་རྩ་བཞི་གནས་བརྒྱད་བཅས་པར་ནི། །དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་ཡང། །འཇུག་ཅིང་དབང་བྱས་ལོངས་སྤྱོད་ཐིམ་པར་མཛད། །འཇུག་གནས་གསང་བ་འབྱུང་ལྡོག་གྱུར་པ་ཡིས། ། ་འཇིགས་བྱེད་མི་བཟད་རྔམ་པ་ནུས་པ་མགོན། །སྒྲ་སྒྲོགས་ཀློག་འགྱུ་མེ་འབར་ང་རོ་ཅན། །ལྗོན་ཤིང་ལ་གནས་མགོ་བརྙན་ཅན་དང་ནི། །མི་འམ་ཡིད་འཕྲོག་ལ་སོགས་མཛའ་བརྒྱད་དང། །དུར་ཁྲོད་གནས་སུ་འདུལ་བར་མཛད་པས་ནི། །གདུལ་བྱའི་མིང་ནི ་འདུལ་བྱེད་ལ་གྲགས་གྱུར། །ལས་རྒྱལ་མཆོག་གི་ཕྲིན་ལས་བསྟན་པའོ། །ོ་རྒྱན་གནས་སུ་ཨིནྡྲ་བོ་དྷི་ཡིས། །བདེ་ཆེན་ཡེ་ཤེས་མཆོག་ཏུ་ཞུས་པའི་དུས། །སྐད་ཅིག་གིས་ནི་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་ཆེན་པོར་སྡེ་བརྒྱད་ལྷ་མིར་བཅས། །དབང་དུ ་བསྡུས་ཏེ་རིམ་པས་འཇུག་པ་ནི། །སྒོ་བཞི་ནས་དྲངས་ལྷ་ཁྱམས་གནས་པ་ལ། །ལྷ་ཆེན་བཞི་ལ་སོགས་པ་འཇུག་པར་མཛད། །རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་བཅས་ལ། །དབང་བསྐུར་བྱིན་རླབས་གསང་ཆེན་བླ་མེད་ཆོས། །ལྐོག་གྱུར་དག་ཏུ་རྡོ་རྗེ་ཐེག་མཆོག་གི་།ཆོས་ཀྱི་འཁོར་ལོ ་བསྐོར་བར་མཛད་པའོ། །ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག་།ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་ན་ལས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི ་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཤེས། །རབ་ཏུ་གསུངས་པ་གསེར་གྱི་ཤོག་བུ་ལ། །བཻ་ཌཱུརྱ་ཡི་ཞུན་མས་ཡི་གེར་བཀོད། །དེ་ནས་མ་འོངས་དུས་ལ་དགོངས་ནས་ནི། །ུརྒྱན་གནས་སུ་ཀླུ་ལས་གྱུར་པ་ཡི། །མཁའ་འགྲོའི་ཚོགས་ལ་བྱིན་གྱིས་བརླབས། ་དྷརྨ་གཉྫོ་གསང་བའི་ཆོས་ཀྱི་མཛོད། །དཔལ་ལྡན་རང་འབྱུང་ཕོ་བྲང་གནདྷོ་ལིར། །མཁའ་འགྲོ་དབང་ཕྱུག་མངོན་པར་དགའ་མ་སོགས། །བྱིན་རླབས་དབང་བསྐུར་ཕྱི་རབས་སྐལ་ལྡན་ལ། །རྗེས་གནང་ཉེ་བར་གདན་ས་པ་ལུང་བསྟན་པའོ། །ཞེས་རྣལ་འབྱོར་མ་སྙིང་པོའི་རྒྱུད་ལས ་གསུངས་པའི་དོན་ཏོ། །དེ་ལ་ཐོག་མར་རྣམ་པར་བསྡུས་པའི་དོན་ལས། གསང་བ་ལྔ་ལྡན་དུ་བསྟན་པ་དང། ལེའུ་སོ་སོའི་དོན་ཇི་ལྟར་བསྡུས་པ་གཏན་ལ་དབབ་པས་ངེས་པར་རྟོགས་པར་བྱ་བ་དང། ཡན་ལག་གི་ཚིག་རྣམ་པར་བཤད་པ་བསྟན་པ་ཉིད་དོ། །དང་པོ་གསང་བ ་ལྔ་ལྡན་དུ་བསྟན་པ་ལ་ཡང། །དབྱེ་བ་བསྟན་པ་ནི། གསང་ཆེན་གྱི་གླེང་གཞི་བསྟན་པ་དང། ཁྱད་པར་དུ་གླེང་བསླང་བའི་དོན་བླ་ན་མེད་པ་དང་ཐོག་མར་མངོན་པར་འབྱུང་བའི་གཞི་ལྷུན་གྱིས་གྲུབ་པའི་སྙིང་པོ་གསང་བ་བསྟན་པ་དང། ལཾ་གྲུབ་བྱེད་ཀྱི་རིམ་པ་མཐར་འབྱིན་ཅིང་ཡོངས་སུ ་རྫོགས་པར་འགྱུར་བ་དང། འབྲས་བུ་གསང་བའི་ཕྲིན་ལས་མངོན་དུ་བྱ་བའི་དོན་ཐུན་མོང་མ་ཡིན་པ་བསྟན་པའོ། །དེ་ལ་དང་པོ་གསང་ཆེན་གྱི་གླེང་གཞི་བསྟན་པ་ལ། དང་པོ་གསང་བ་བསྡུས་པའི་རྒྱུད་ཉེ་བར་འབྱུང་བའི་ཚུལ་ནི། དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། ། ་བླ་མ་ལས་ཀྱང་བླ་མ་སྟེ། མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ཞེས་པས་བསྟན་ནོ། །གསང་བ་མཆོག་གི་དགྱེས་པ་ན་ཞེས་པ་ནས་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་གྱི་བར་གྱིས་གླེང་གཞི་ཕུན་སུམ་ཚོགས་པ་བསྟན། སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད ་ཡུལ་ཡིན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས་ཞེས་པས་ཁྱད་པར་དུ་གླེང་བསླང་བའི་དོན་བླ་ན་མེད་པ་བསྟན། ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཤེས་རབ་ཐབས་ཀྱིས་ཀུན་སྦྱོར་བ། །སྔགས་བཟླས་བསམ་གཏན ་ལ་སོགས་ལྡན་ཞེས་པས་ཐོག་མར་མངོན་པར་འབྱུང་བའི་གཞི་ལྷུན་གྲུབ་ཀྱི་སྙིང་པོ་གསང་བ་བསྟན་པའོ། །ལམ་གྲུབ་བྱེད་ཀྱི་གསང་བ་ནི། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །དབུགས་འབྱིན་པར་མ་མཆོག་དག་དང་བཅས་པ་ནས། །ཕོ་ཉས་ལྷན་ཅིག ་སྐྱེས་དངོས་གྲུབ་ཅེས་པའི་བར་གྱིས་དང། །ཡང་རི་སུལ་ཚང་ཚིང་ཞེས་པ་ནས། །དེར་ནི་དཀྱིལ་འཁོར་བྲི་བར་བྱ་བའི་བར་གྱིས། རྡུལ་ཚོན་གྱི་དཀྱིལ་འཁོར་སྔོན་དུ་འགྲོ་བས། དབང་བསྐུར་བ་ནི་དམ་ཚིག་སྡོམ་གནས་དཀྱིལ་འཁོར་དུ། དབང་བསྐུར་དངོས་གྲུབ་ཐོབ་པར་འགྱུར། ། ་ཞེས་པས་བསྟན་པ་ནི་རྟོགས་པར་བྱེད་པ་དབང་བསྐུར་བ་བསྟན་ཏོ། །ལམ་རིམ་པའི་རྣལ་འབྱོར་བསྟན་པ་ནི། མཆོག་དང་འབྲིང་དང་ཐ་མ་སྟེ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། ཞེས་པ་དང། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག་།དག་བྱེད་སྡིག་པ་འཇིག ་བྱེད་པ། གསང་སྔགས་ཟློས་པའི་བཟླས་བརྗོད་དང། །བསམ་གཏན་གྱིས་ནི་འགྲུབ་པར་འགྱུར། །ཞེས་པས་བསྟན་ཏོ། །ལམ་མཐར་འབྱིན་པར་བྱེད་པ་དམ་ཚིག་བསྟན་པ་ནི། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ།། ་སྔགས་པས་དངོས་གྲུབ་འཐོབ་མི་འགྱུར་ཞེས་པས་བསྟན། །ཡང་ལམ་མཐར་འབྱིན་པར་བྱེད་པ་སྤྱོད་པའི་ཆོས་བསྟན་པ་ནི། །རང་རྫས་ཐིག་ལེས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་པ་ནས། ཐེ་ཙོམ་མེད་ཅེས་པའི་བར་དང། སྦྲང་རྩི ་ཞེས་པ་ནས། དངོས་གྲུབ་རྟག་པར་ཐོབ་པར་འགྱུར་ཞེས་པའི་བར་གྱིས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀུན་སྤྱོད་ཚོགས་སྤྱོད་རིགས་སྤྱོད་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང། བདེ་བ་ཆེན་པོའི་ལམ་ཕྱག་རྒྱ་བཞི་ལྡན་དུ་གྲུབ་པའི་གསང་བ་ནི། མཆོད་བཞི་དེ ་བཞིན་རྣལ་འབྱོར་མ་ཞེས་པ་ནས། བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་པའི་བར་གྱིས་ལམ་ཡོངས་སུ་རྫོགས་པར་འགྱུར་བ་བསྟན། རིགས་ལྡན་རྣམས་ནི་མཆོད་པར་བྱ། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ་ཅེས་པས། རིགས་ལྡན་ངེས་བཟུང་བ། རིགས་ཀྱི་དབྱེ་བསྡུ་དང། དེ་ཉིད་དབབ ་དུ་བྱ་བས་མཆོད་པར་བསྟན་པ་དང། དེ་ལས་གྲུབ་པའི་ཁྱད་པར་བསྟན་པའོ། །གསང་སྔགས་ཟློས་པའི་བཟླས་བརྗོད་དང། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར་ཞེས་པས་བྱ་བ་ལས་ཀྱི་ཆོ་གས་རབ་འབྱམས་འགྲུབ་པ་འཕྲིན་ལས་ཐོགས་པ་མེད་པར་འགྲུབ་པ་གནས་སྐབས ་ཀྱི་འབྲས་བུ་བསྟན་ལ། འབྲས་བུ་གསང་བའི་དོན་མངོན་དུ་བྱ་བ་ནི། འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན་ཞེས་པས་བསྟན་ཏེ། །དེ་ལ་ལེའུ་དང་པོར་བརྗོད་བྱ་བརྗོད་བྱེད་ལམ་དང་འབྲས་བུ་ཐམས་ཅད་མདོར་བསྟན་ལ། ལེའུ་གཉིས་པ་ནས་བརྩམས ་ཏེ། ལེའུ་ལྔ་བཅུ་པའི་བར་དུ་རྒྱས་པར་བཤད་པས་ལེའུ་སོ་སོར་གཏན་ལ་ཕབ་ནས། ལེའུ་ལྔ་བཅུ་རྩ་གཅིག་པས་གཞུང་ཡོངས་སུ་བསྡུ་བ་བསྟན་པའོ། །དེ་དག་ལ་རྒྱུའི་རྒྱུད་དང། ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་གསུམ་དུ་བསྡུས་ཏེ། དེ་དག་གིས་ཟབ་པ་དང་རྒྱ་ཆེ་བ་བླ་ན ་མེད་པ་དེ་ཁོ་ན་ཉིད་སྟོན་པ་དོན་གྱི་རྒྱུད་དོ། །རྗོད་བྱེད་སྒྲའི་རྒྱུད་ནི། གདུལ་བྱ་མི་རིགས་ཀྱི་ཆ་ནས་དང། དབང་པོ་རབ་འབྲིང་མཛའ་མ་མཆོག་གི་སྒོ་ནས་དང། དུས་ཚོད་ཀྱི་སྒོ་ནས་དང། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་གདུལ་ཕྱིར་བསྟན་པ་དང། འདོད་ཁམས་ཀྱི་ལྷ་མིའི་ཆགས ་ཚུལ་གྱི་སྒོ་ནས་ཀྱང་བསྟན་པ་ལས། བྱ་བ་དང་སྤྱོད་པ། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ལས། འདི་ནི་རྣལ་འབྱོར་བླ་མའི་རྒྱུད་དུ་བསྟན་ཏེ། འདི་ལ་ཡང། བླ་མེད་རྣལ་འབྱོར་ཆེན་པོ་ཕའི་རྒྱུད་དང། རྣལ་འབྱོར་མ་བླ་ན་མེད་པ་ལས། དེ་དག་ཀྱང། རྣལ་འབྱོར་པའི་རྒྱུད། གཙོར་སྐྱེས ་པ་རྣམས་འདུལ་ཞིང་ཞེ་སྡང་གི་རྣམ་པར་ཐར་པ་དང། ཡུམ་རྣམས་སྦས་པའི་ཚུལ་དང། ཐབས་སྒྱུ་མ་ལྟ་བུ་ལམ་དུ་གྱུར་པས་འོད་གསལ་དང་ཟུང་འཇུག་སྟོན་པའོ། །རྣལ་འབྱོར་མའི་རྒྱུད་ནི། ཆགས་པའི་རྣམ་ཐར་རྣམ་པར་དག་པས་རང་སར་དག་པར་བྱེད་པའི་ཚུལ་དང། གཙོར་བུད་མེད་རྣམས ་འདུལ་ཞིང། ཡབ་སྦས་པའི་ཚུལ་དང། ཤེས་རབ་ལྷན་ཅིག་སྐྱེས་པའི་བདེ་བ་རྩའི་ཀུན་ཏུ་སྤྱོད་པ་སྟོན་པས་ལམ་དུ་བྱེད་པའོ། །དེ་དག་ཀྱང་ཐབས་ཤེས་རབ་གཉིས་མེད་བདེ་ཆེན་ཕྱག་རྒྱ་ཆེན་པོ་ཐོབ་པར་ནི་གཉིས་ཀ་མཚུངས་པ་ཉིད་དོ། །འདིར་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དེ་དང ་པོ་ནམ་མཁའ་དང་མཉམ་པ་ཆེན་པོ་སྟེ། དེ་ལས་ཤིན་ཏུ་བསྡུས་པ་འདི་ཉིད་དུ་ཤེས་པར་བྱའོ། །ད་ནི་ལེའུ་སོ་སོའི་དོན་ཇི་ལྟར་བསྡུ་བ་གཏན་ལ་ཕབ་པས་ངེས་པར་རྟོགས་པར་བྱ་བ་ནི། དེ་ཡང་ལེའུ་དང་པོར་གསང་ཆེན་བླ་ན་མེད་པ་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ ་གསུང་ཐུགས་སྙིང་པོ་རྡོ་རྗེ་ཡང་དག་པར་བསྡུས་པ་ཉིད་དུ་བསྟན་ནས། ལེའུ་གཉིས་པ་ལས་ནི། ཐོག་མར་དབང་བསྐུར་དགོས་ལ་དེ་ཉིད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཆོ་ག་ལེའུ་གཉིས་པ་བསྟན། ཆོས་འབྱུང་གི་དཀྱིལ་འཁོར་དུ་དབང་གསང་དབང་དང། བྱང་ཆུབ་སེམས ་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་ཐོབ་པར་བྱས་པས་ལེའུ་གསུམ་པ་བསྟན། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྟོན་པས་ལེའུ་བཞི་པ་བསྟན། དེར་ལྷ་མོ་རྣམས་ཀྱི་མཚན་སྔགས་ཀྱི་དོན་གསལ་བར་བསྟན་ཏོ། །ལེའུ་ལྔ་པ་ནས་རྩ་སྔགས་ཀྱི ་ལུས་དངོས་བཏུ་བ་དང། བདུན་པར་རྒྱན་ཡན་ལག་གི་འདོགས་གསལ་བར་བསྟན། བཅོམ་ལྡན་འདས་ཧེ་རུ་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོ་དང། དཔའ་བོའི་གོ་ཆ་བཏུ་བ་ལེའུ་དྲུག་པས་བསྟན། ཡང་དཔལ་ཧེ་རུ་ཀའི་སྙིང་པོ་དང་དཔའ་མོ་དྲུག་གི་གོ་ཆའི་སྔགས་བཏུ་བ་ལེའུ་བརྒྱད་པས ་བསྟན། རྩ་བའི་སྔགས་ཀྱི་ལས་ཚོགས་ལེའུ་དགུ་པས་བསྟན། ལེའུ་བཅུ་པ་འབྲས་བུ་མཆོག་སྐུ་གསུམ་དང། རྩ་བའི་སྔགས་ཀྱི་ཕྲིན་ལས་ལེའུ་བཅུ་པར་བསྟན། དཔལ་ཧེ་རུ་ཀའི་སྙིང་པོའི་ཕྲིན་ལས་སྐྱེ་བ་བདུན་པའི་དངོས་གྲུབ་བསྒྲུབ་པ་ལེའུ་བཅུ་གཅིག ་པར་བསྟན། དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོའི་ལས་རབ་འབྱམ་ལེའུ་བཅུ་གཉིས་པར་བསྟན། དཔའ་བོའི་གོ་ཆའི་ལས་ཚོགས་ལེའུ་བཅུ་གསུམ་པར་བསྟན། དཔལ་ཧེ་རུ་ཀ་བོད་ཞལ་གྱི་རྣལ་འབྱོར་དཀྱིལ་འཁོར་གསང་བ་སྙིང་པོའི་ཕྲིན་ལས་ལེའུ་བཅུ་བཞི་པར་བསྟན། ་བརྡའི་ཁྱད་པར་གསང་བ་ཡི་གེ་རེ་རེ་པའི་བརྡ་བྱེད་པ་ལེའུ་བཅོ་ལྔ་པར་བསྟན། རིགས་ལྡན་མའི་མཚན་ཉིད་ངོས་གཟུང་བ་ལེའུ་བཅུ་དྲུག་པར་རྣལ་འབྱོར་མ་བདུན་གྱིས་རྒྱས་གདབ་པ་བསྟན། རྣལ་འབྱོར་མ་རྣམས་ཀྱི་རབ་ཏུ་ཕྱེད་པའི་ཁྱད་པར་ཐུན་མོངས་པ་དང ་མཆོག་ཏུ་གྱུར་པའི་དབྱེ་བ་ལེའུ་བཅུ་བདུན་པར་བཤད་དོ། །ཁྱད་པར་དུ་མཁའ་འགྲོ་མའི་རིགས་ཀྱི་རྣམ་པར་ལེའུ་བཅོ་བརྒྱད་པར་བསྟན། ཐུགས་རྗེ་ཁྱད་པར་དུ་གྱུར་པ་ལ་མའི་རྣམ་པར་འགྱུར་བ་ལེའུ་བཅུ་དགུ་པར་བསྟན། བརྡ་ལན་དང་བཅས་པ་སྟོན་པ་ཡན་ལག ་གི་བརྡའི་བསང་བ་ལེའུ་ཉི་ཤུ་པར་བསྟན་ལ། ལུས་བརྡའི་ཀུན་ཏུ་སྤྱོད་པ་ལེའུ་ཉེར་གཅིག་པར་རོ། །ཡང་དག་པའི་ཕྱག་རྒྱ་གསང་བའི་བརྡ་ལན་གྱི་བྱེད་པ་སྟོན་པ་ལེའུ་ཉེར་གཉིས་པས་བསྟན། རྣལ་འབྱོར་པ་ལ་རྗེས་སུ་ཆགས་པའི་བདེ་བ་སྟོན་པའི་མཚན་མ་བྲི་བར་བྱེད་པ ་ལེའུ་ཉེར་གསུམ་པས་བསྟན། ངག་གི་བརྡའི་ཡི་གེ་རབ་བྱེད་འདུས་པའི་ཆོ་ག་གསང་བ་ལེའུ་ཉེར་བཞི་པས་བསྟོན་ཏོ། །བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་གསལ་བར་བསྟན་པ་ལེའུ་ཉེར་ལྔ་པ་ལས་གསུང་པ་དམ་ཚིག་ཁྱད་པར་དུ་བསྟན་པ་བསྲུང་བྱ་ངེས་པ་བསྟན ་པ་ལེའུ་ཉེར་དྲུག་པར་རོ། །ཕོ་ཉ་དང་གཙང་སྦྲ་བརྟེན་པ་དང། སྤྲོས་བཅས་ཀྱིས་ཀུན་ཏུ་སྤྱོད་པ་དང། རྗེས་གཟུང་བསྡུས་བ་དང། གཏོར་མ་འབུལ་བ་ལེའུ་ཉེར་བདུན་པས་སོ། །དེ་ཁོ་ན་ཉིད་དང་ལྡན་པ་ལམ་རིམ་པ་གཉིས་ཀའི་གསང་སྤྱོད་ལ་འཇུག་པ་ལེའུ་ཉེར་བརྒྱད ་པས་བསྟན་རིགས་ལྡན་གྱི་ཁྱད་པར་ལས། བདེ་བ་བསྒྲུབ་ཅིང། དྲན་པ་ཉེར་གཞག་བསྟན་པ་དང། སྤྱོད་པའི་དུས་ངེས་པ་དང་བཅས་པ་སྟོན་པ་ནུས་པ་ཐོབ་པའི་དོན་སྟོན་པ་ལེའུ་ཉེར་དགུ་པས་བསྟན། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་ཞལ་བཞི་པའི་སྔགས་བཏུ་བ་ལེའུ་སུམ ་ཅུ་པས་བསྟན། བཟའ་བའི་དམ་ཚིག་ལས་དཔའ་བོའི་སྣོད་དང་ལྡན་པས་ལག་མཆོད་རྒྱས་པར་ལེའུ་སོ་གཅིག་པས་བསྟན། དངོས་གྲུབ་མྱུར་དུ་བསྒྲུབ་ཅིང། རོ་ལངས་བསྒྲུབ་པ་དང། ཧེ་རུ་ཀ་མངལ་སྐྱེས་ཀྱི་མངོན་རྟོགས་ལེའུ་སོ་གཉིས་པར་བསྟན། སྟེང་འོག་སྒོའི་བྱེ་བྲག་གིས་ཕྱག ་རྒྱ་བཞི་ལྡན་ལམ་དུ་བྱེད་པ་ལེའུ་སོ་གསུམ་པས་སོ། །རིམ་པ་བཞི་ལ་གནས་པ་གཏུམ་མོ་འབར་འཛག་ལམ་དུ་གྱུར་པ་ལེའུ་སོ་བཞི་པས་བསྟན། གསང་བ་དཔྱིད་དང་ཐིག་ལེའི་རྣལ་འབྱོར་ཉི་ཟླ་གཟའའཛིན་དུ་བཅས་པ་ལེའུ་སོ་ལྔ་པས་བསྟན། རང་འོད་ཀྱི་རྣལ་འབྱོར་མ་དམ ་ཚིག་ཕྱག་རྒྱ་དང། བདེ་བ་གསང་བ་བྱང་སེམས་ཀྱི་མཆོད་པ་བསྟན་པ་ལེའུ་སོར་དྲུག་པས་བསྟན། ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོ་བསྒྲུབ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དབང་དུ་བྱ་བ་ལེའུ་སོ་བདུན་པས་བསྟན། ལས་དང་པོ་བ་ཀུན་ཏུ་བཟང་པོ་དང། མགོན་པོ་ཀུན་སྤྱོད་དང། མཉམ ་གཞག་ཆེན་པོ་དང། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལེའུ་སོ་བརྒྱད་པས་བསྟན། ལྷག་པའི་ལྷ་ཞལ་མཐོང་དུ་ཉེ་བ་ནས་རྡོ་རྗེའི་གད་མོ་བརྒྱད་ཀྱིས་སད་པའི་ཐབས་ལེའུ་སོ་དགུ་པས་བསྟན། འགྲོ་བ་གཞན་དོན་གཙོར་བྱ་བ་མི་རིགས་ལྔ་ལ་སོགས་པ་དབང་དུ་བྱ་བ་ལེའུ་བཞི ་བཅུ་པས་བསྟན། ཕྲིན་ལས་ཐམས་ཅད་ལས་ཆེན་བཅུ་གཉིས་སུ་བསྡུ་ཞིང། ནང་ལ་མཆོག་ཏུ་གཞོལ་བས་འགྲུབ་པ་དང། རིགས་ཀྱི་ཁྱད་པར་ལྡན་པས་གནས་དང་ཉེ་བའི་གནས་ལ་སོགས་པར་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་གྲུབ ་བྱེད་ལེའུ་ཞེ་གཅིག་པས་བསྟན་པ་དང། དབང་གསུམ་པའི་ལམ་གསང་བ་དང། གར་གྱི་ཉམས་དགུ་དང་ལྡན་པས། གཟུགས་དང་ལས་ཀྱི་གསང་བའི་ལེའུ་ཞེ་གཉིས་པས་བསྟན། རྣལ་འབྱོར་མ་རྣམས་ཀྱི་རྗེས་སུ་འཛིན་པ་དང། དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོའི་ཕྲིན་ ་དུས?་རྨི་ལམ་དུ་བྱེད་ཅིང་སྐྱེ་བ་རྟག་པ་དང། ནད་ཞི་བར་བྱེད་པ་ལ་སོགས་པས། རྟེན་འབྲེལ་གྱི་ཆེ་བ་དུ་མ་སྟོན་པར་བྱེད་པ་ལེའུ་ཞེ་གསུམ་པས་བསྟན། དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོ་དང། རྣལ་འབྱོར་མ་དྲུག་གི་ལས་ཀྱི་ཕྲིན་ལས་བསྟན་པ་ལེའུ་ཞེ་བཞི་པ་ལས་སོ། །དབའ ་བོ་དྲུག་གི་གོ་ཆའི་ལས་དབང་དུ་བྱ་བ་དང། དག་གི་དབང་ཕྱུག་བསྒྲུབ་པ་སྟེ་ལེའུ་ཞེ་ལྔ་པས་བསྟན། ཧ་ལྔའི་ཕྲིན་ལས་ཁ་སྦྱང་དབྱེ་ཞིང་ཁྲག་དགུག་པའི་ལས་ཞེ་དྲུག་པས་བསྟན་ནོ། །རྗེ་བཙུན་མའི་སྙིང་པོའི་ཕྲིན་ལས་རབ་འབྱམ་རྩ་སྔགས་རིང་པོའི་བྱེད་ལས་ལེའུ་ཞེ་བདུན་པར ་བསྟན་པའོ། །རྗེ་བཙུན་མའི་གསང་སྔགས་གྲུབ་པའི་དབང་ཕྱུག་ཏུ་བསྟན་ཅིང། དཀྱིལ་འཁོར་རྒྱས་པར་བསྟན་པ་ལེའུ་ཞེ་བརྒྱད་པ་དང། སྐྱེ་བ་བདུན་པའི་གྲུབ་པ་བསྟན་པ་ལེའུ་ཞེ་དགུ་པ་དང། སྦྱིན་སྲེག་གི་སྒོ་ནས་འགྲོ་བ་དབང་དུ་བྱེད་པ་དང། གནས་ལ་སོགས་པའི་དབང་ཕྱུག ་བསྟན་པ་ལྔ་བཅུ་པའོ། །མངོན་པར་རྟོགས་པ་བསྡུས་པའི་བྱེད་པ་དང། འབྲས་བུའི་རྒྱུད་དང། རྫུས་སྐྱེས་ཀྱི་རྣལ་འབྱོར་བསྟན་པས་གཞུང་ཉེ་བར་བསྡུ་བ་ལེའུ་ལྔ་བཅུ་རྩ་གཅིག་པས་བསྟན་པའོ། །ད་ནི་ཡན་ལག་གི་ཚིག་དོན་རྣམ་པར་བཤད་པ་ལས། དང་པོར་རྒྱུད་དོན་ལ ་འཇུག་པའི་ཆོས་ཀྱི་ཁྱད་པར་བླ་ན་མེད་པའི་སྙིང་པོ་བསྟན་པར་བྱ་བ་ནི། ཨཱརྠ་ཞེས་པའི་སྒྲས་གང་དུ་བསྟན་པའི་དོན་ཕྱིན་ཅི་མ་ལོག་པ་ཡོངས་སུ་གསལ་བར་བྱེད་པའི་ཕྱིར། དེ་ནས་ཤེས་པ་སྔ་མའི་རྗེས་ཐོགས་སུ་འཇུག་པ་ཉིད་ཀྱིས། ཐོག་མ་དང་བར་དང་ཐ་མར་དགེ་བའི ་དོན་བསྟན་པར་བཞེད་པའོ། །གསང་བ་ནི་དབལ་ཁྱབ་བདག་ཡེ་ཤེས་སྐུ་ཅན་གྱིས། མཆོག་ཏུ་མི་འགྱུར་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐབས་དང་ཤེས་རབ་སྙིང་རྗེ་དང་སྟོང་པ་རོ་སྙམ་བདེ་ཆེན་དབྱེར་མེད་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཚིག་དོན ་ཐ་མི་དད་པར་འབྱུང་བ་དེ་བཤད་བྱ་བ་ཞེས་སྨོས་ཏེ། ཟབ་པ་རྒྱ་མཚོ་ལྟ་བུ་དང་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་ཆོས་བླ་ན་མེད་པ་རོ་མཉམ་པའི་དོན་ཏོ། །རབ་ཏུ་བྱེད་པ་བསྟན་པ་ནི། མདོར་བསྡུས་པ་སྟེ་རྒྱས་པར་མིན་ཞེས་པ། རབ་ཏུ་གསལ་ཞིང་རྣམ་པར་དག་པ་མཚུངས་པ་མེད་པ་ལས། ་གཞུད་ཉུང་ངུའི་རབ་བྱེད་སྤྲོས་པ་ལས་མདོར་བསྡུས་པ་ཡིན་ཞིང། དབང་པོ་རྣོན་པོ་མཆོག་ཏུ་གྱུར་པའི་སྐལ་པ་ཅན་ལ་བསྟན་པ་ཡིན་གྱིས། རྒྱས་པར་མིན་པ། དབང་པོ་དམན་པའི་སྤྱོད་ཡུལ་དུ་མ་གྱུར་པས། དབང་པོ་རྟུལ་པོ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར། སྙིང་པོའི་དོན་རྒྱས་པ ་ཀུན་ལ་ཁྱབ་ཅིང་ཆོས་ཉིད་མི་འགྱུར་བའི་ཕྱག་རྒྱ་ཆེན་པོ་སྟོན་པའོ། །དེ་ནས་དེ་ཉིད་མཆོག་གྱུར་པ། །སྙིང་པོ་གསང་བ་བླ་ན་མེད། །རྒྱལ་བ་རྒྱ་མཚོའི་དགོངས་པ་ཆེ། །ནམ་མཁའ་མཉམ་པ་གཉིས་མེད་པ། །གསལ་བ་དྲི་མེད་བཤད་བྱ་སྟེ། དོན་རྒྱས་རབ་བྱེད་ཉུང་ངུ་སྟེ། །སྐུ་གསུང་ཐུགས ་དཔལ་བདེ་བ་མཆོག་།ཡང་དག་རྣལ་འབྱོར་དབང་ཕྱུག་མཆོག་།ཕྲིན་ལས་ནུས་པ་དངོས་གྲུབ་སྟེར། མི་ཕྱེད་རྡོ་རྗེ་མཆོག་བསྒྲུབ་ཡིན། །ཞེས་དྲ་བ་སྡོམ་པ་ལས་གསུངས་པའི་དོན་ཏོ། །དེ་ཉིད་འབྱུང་བའི་གནས་ཡེ་ཤེས་ཀྱི་སྐུ་བསྟན་པའི་ཕྱིར། ཧེ་རུ་ཀ་དཔལ་ཡང་དག་སྦྱོར་ཅེས་སྨོས་ཏེ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། ཀ་ཀཱ་ཡ་བཛྲ་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྐུ་ཡོངས་སུ་རྫོགས་པའི་རང་བཞིན་ཅན་སྐུ་རྡོ་རྗེ་དང། རུ་རུ་ཏི་ཐཱ་ག་བཛྲ་བརྗོད་དུ་མེད་པ་ཆོས་ཉིད་ཀྱི་ངང་ལས་གསུང་དབྱངས་མི་འགག་པ་རང་འབྱུང ་གསུང་རྡོ་རྗེ་དང། ཧེ་ཧེ་ཧ་ས་ན་དགྱེས་པ་ཆེན་པོ་རོལ་པ་ཐུགས་རྗེ་མི་འགྱུར་བ་གསང་བ་བདེ་བ་ཆེན་པོའི་ངོ་བོ་ཡེ་ཤེས་སྙིང་རྗེ་ཆེན་པོ་དང་དབྱེར་མི་ཕྱེད་པའི་བདག་ཉིད་བདེ་བ་མཉམ་པ་ཉིད་ཡང་དག་སྦྱོར་བ་སྐུ་ལྔ་ཡེ་ཤེས་ངོ་གཅིག་ལྷན་ཅིག་སྐྱེས་པར་འབྱུང་བའོ། །ཕུན་སུམ་ཚོགས ་པའི་འབྲས་བུ་མྱུར་དུ་སྟེང་བར་བྱེད་པ་ནི་འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་ཞེས་སྨོས་ཏེ། ལས་དང་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བ་སྟེ། རྣལ་འབྱོར་པ་དབང་པོ་རྣོན་པོས་ཚེ་འདི་ཉིད་ལ་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་བའི་དོན་ཏོ། །དེ་ཉིད་གནས་སྐབས་དང་མཐར་ཐུག ་གི་བྲས་བུ་ཡོན་ཏན་དུ་མ་སྔོན་དུ་བྱེད་ཅེས་པའི་ཐ་ཚིག་ཅན་ནོ། །རྒྱུད་ཐམས་ཅད་ལས་མཆོག་ཏུ་གྱུར་པར་བསྟན་པའི་ཕྱིར། བླ་མ་ལས་ཀྱང་བླ་མ་སྟེ། ཞེས་པས། རྣལ་འབྱོར་ཆེན་པོ་བླ་མའི་རྒྱུད་ཐམས་ཅད་ལས་འདི་ཉིད་ཀླ་ཀློའི་སྐད་ཀྱིས་སྦས་པ་ཉིད་དེ། ཀུན་ལས་ཁྱད་པར་དུ་འཕགས ་པས་བླ་མ་མཆོག་སྟེ། གསང་ཆེན་ཕུལ་དུ་བྱུང་བ་གོང་ན་མེད་པ་བདེ་ཆེན་གསང་བ་མི་འགྱུར་བའོ། །དེ་ཉིད་ལ། ཀུན་ལས་མཆོག་འགྱུར་བླ་ན་མེད། །གཉིས་མེད་རྒྱུད་ཀུན་ལས་རྒྱལ་བ། །དབང་ཕྱུག་ས་གསུམ་གཙོ་བོ་སྟེ། །དྲ་བ་སྡོམ་པར་བརྗོད་པ་ཡིན་། ་ཞེས་པའི་དོན་ཏོ། །དེ་ཉིད་རྫུ་འཕྲུལ་ཚད་མེད་པས་ལམ་གོང་ནས་གོང་དུ་འགྲོ་བའི་དབང་ཕྱུག་ཏུ་བསྟན་པ་ནི། མཁའ་འགྲོ་མ་ཡི་དྲ་བ་སྡོམ་ཞེས་པས། ཆོས་དབྱིངས་སྟོང་པ་ཉིད་ཀྱི་དང་དུ་རིག་པའི་ཡེ་ཤེས་རང་གྲོལ་བ་སྟེ་དེས་རྒྱུ་ཐབས་འབྲས་བུའི་བར་དུ་འབྲེལ་བར ་རྒྱུན་མི་འཆད་པས་ན། འཛིན་ཅིང་སྡུག་པར་བྱེད་པས་ན། དྲ་བ་ལྟ་བུ་སྟེ། དེ་ཡང་ཆོས་ཐམས་ཅད་བདེ་སྟོང་ལྷན་ཅིག་སྐྱེས་པའི་ངང་དུ་སྡོམ་པ་ཉིད་དུ་བསྟན་པའོ། །དེ་ཉིད་ལ་རྣལ་འབྱོར་མ་མཁའ་འགྲོ་རྒྱ་མཚོ་ལྟར་ན། དེ་ནས་དེ་ལ་གསང་བ་བཤད་ཞེས་བྱ་བ་སྨོས་ཏེ། ་ལམ་ཚོལ་བ་ལ་ཞུགས་པ་དང། ལམ་དམན་པ་ཉན་ཐོས་དང་རང་རྒྱལ་བའི་ཐེག་པ་ལ་གནས་པ་ལས་འདས་པ། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལས་ཀྱང་མཆོག་ཏུ་གྱུར་པ་བླ་ན་མེད་པ། གསང་བ་ལས་ཀྱང་ཤིན་ཏུ་ཆེས་གསང་བའི་གསར་བ་ཆེན་པོ ་སྟེ། དེ་ཉིད་ཟབ་བའི་གསང་བ་སྦས་པའི་དོན་དང། རྒྱ་ཆེ་བའི་གསང་བས་རྒྱས་བཏབ་ཅིང་ཁྱབ་པ་དང་ལྡན་པ། གཉིས་སུ་མེད་པའི་གསང་བ་བདེ་ཆེན་ཡེ་ཤེས་སྙིང་པོ་དེ་ཉིད་བཤད་བྱ་སྟེ། འདི་རྩ་བའི་རྒྱུད་དུ་ངེས་པ་གསང་བ་ལྔ་ལྡན་དུ་སྟོན་པས། བཤད་པའི་རྒྱུད་དུ་མ་རྣམ་པར་གསལ་བར ་བཤད་པར་རིགས་སོ། །ཞེས་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་ཏོ། །མདོར་སྡུས་པ་ནི་རྗོད་པར་བྱེད་པ་ཚིག་ཚོགས་ཉུང་ངུར་གྱུར་པ་ཡིན་ཡང། བརྗོད་བྱའི་དོན་མི་རྒྱས་པ་ཡང་མ་ཡིན་ཏེ། གཞུང་ཚོགས་ནམ་མཁའ་དང་མཉམ་པ་ཆེན་པོ་ལས། བལྟོས་ནས་རྒྱས་པར་མིན་ཞེས་སྙིང་པོ་བསྡུས་པ ་གསལ་བར་བསྟན་པའོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར་ནི་སྤྱིར་ན་རིགས་ལ་གནས་པས་སེམས་བསྐྱེད་གསུམ་ལ་གཞི་དགོད་པས་ལམ་དང། འབྲས་བུ་བྱང་ཆུབ་ཆེན་པོ་སྟེ། ཡང་ཧེའི་སྒྲ་ལས་དྲངས་ན། ཧེ་ཧུ་ཨུ་པ་གྷ་ཏ་སརྦ་དྷརྨཱ་ཞེས་བྱ་བས། ཆོས་ཐམས་ཅད་རྒྱུ་དང་བྲལ་བས་མཚན་མ ་མེད་པའི་རྣམ་པར་ཐར་པའི་སྒོ་སྟོན་པའོ། །ལུས་ཉིད་ཧའི་སྒྲ་ལས་དྲངས་ན། ཧ་ན་ཨུ་པ་ཙ་ཡ་ཏ་བྷི་ར་ཏོ་སརྦ་དྷརྨཱ་ཞེས་བྱ་བས། དེ་ཉིད་ཆོས་ཐམས་ཅད་མཉམ་པ་མེད་པ་ཡིན་པས་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་བསྟན། ཨེ་བྱིན་པས། ཨེའི་སྒྲ་ལས་གྲངས་པ་ཡིན་ན། ཨེ་བི་ད་ཤ་ན་བྷི་ནི་རས་གྷོ་ཏི་སརྦ་དྷརྨཱ་ཞེས་བྱ་བའི་སྒྲས ་ཆོས་ཐམས་ཅད་མཚོན་པ་དང་བྲལ་བས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཉིད་བསྟན་ཏོ། །ཡང་རུ་ཞེས་པའི་སྒྲ་ལས་དྲངས་ན། རུ་ཨ་སྲི་ཏ་ཏ་ཨ་ཨུཏ་པ་སརྦ་དྷརྨཱ་ཞེས་བྱ་བས་ཆོས་ཐམས་ཅད་བྲག་ཆའི་སྒྲ་ལྟར་རང་གྲག་བརྗོད་དུ་མེད་པ་རྣམ་ཐར་སྟོང་པ་ཉིད་དུ་སྟོན་ནོ། །ལུས་ཉིད་རའི་སྒྲ་ལས་དྲངས་ན། རསྟི་ས་ཡུག ་ཉ་སརྦ་དྷརྨ་ཞེས་པས་ཆོས་ཐམས་ཅད་དགག་སྒྲུབ་མེད་པས་རྣམ་ཐར་མཚན་མ་མེད་པ་བསྟན། ཀ་ཞེས་པས། ཀ་ཀཱ་ཡ་ཙི་ཏ་སརྦ་དྷརྨཱ་ཞེས་ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པ། ཨ་ཀོ་མུ་ཁཾ་སརྦ་དྷརྨཱ་ཤེས་པས་རྣམ་པར་ཐར་པ་སྨོན་པ་མེད་པའི་སྒོ་ཉིད་དོ། །ཡང་དེ་དག་སྡུས་པའི་རང་བཞིན་ཤྲཱི་སྟེ་གཉིས་སུ་མེད་པའི་ཡེ་ཤེས ་ཤྲཱི་ཨི་ཛྙ་ན་སྟེ། ཡེ་ཤེས་བདེ་བ་ཆེན་པོ་བདག་གཞན་གཉིས་མེད་ཀྱི་དཔལ་ཕུན་སུམ་ཚོགས་པ་སྟེ་མངོན་པར་འདུ་བྱ་བ་མེད་པ་ཉིད་དུ་བསྟན་པའོ། །ཡང་དག་སྦྱོར་བ་བླ་ན་མེད་པའི་བདེ་བ་ལ་ཟག་པ་མེད་པའི་གནས་ལ་སྦྱོར་བ་གསང་བའོ། །ཐ་མལ་སྒོ་གསུམ་རྣམ་པར་དག་པ་ལྷའི་རྣལ་འབྱོར་དུ་སྦྱོར་བ་ཉིད་དོ། །ཁྱད་པར ་རྣམ་ཐར་སྒོ་གསུམ་སྐད་ཅིག་མ་དག་པའི་ཚུལ་དང། སྐུ་གསུང་ཐུགས་བདེ་ཆེན་མི་འགྱུར་བ་ཡང་དག་པར་སྦྱོར་བ་བརྗོད་བྱའི་དོན་ལ་བརྗོད་བྱེད་སྒྲ་ཙམ་དུ་མཚོན་པས་ཡང་དག་སྦྱོར་མངོན་པར་འདོད་པའི་དོན་དགོས་པ་ཁྱད་པར་ཅན་འཐོབ་པར་བྱེད་པ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། ཞེས་པ་ནུས་པ་དང་ཡོན་ཏན་རིག ་པ་འཛིན་པའི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར་པ་འབྲས་བུ་སྐུ་དང་ཡེ་ཤེས་མཚུངས་པ་མེད་པ་ཉིད་དུ་བསྟན་པ་གསང་བའོ། །བླ་མ་ནི་སྤྱིར་སྐུ་གསུམ་སྤྱིར་ཐོབ་ཅིང་མངོན་དུ་བྱ་བ་ལྷའི་རྣལ་འབྱོར་ལ། དེ་ལས་ཀྱང་བླ་མ་སྟེ་ཤེས་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་ལམ་འདི་ལ་བརྟེན་ནས་མྱུར་དུ ་འཐོབ་པའི་དོན་བསྟན་པ་ཡིན་ནོ། །མཁའ་འགྲོ་མ་ནི་རྡོ་རྗེ་ཌཱ་ཀི་ལ་སོགས་པ་གནས་གསུམ་གྱིས་བསྡུས་པའི་ཆོས་ཉིད་ཀྱི་ངང་ལས་ཡེ་ཤེས་ཉིད་དུ་འབྱུང་བའོ། །དེའི་དྲ་བ་སྡོམ་ཞེས་ལུས་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དང་དུ་ཐབས་ཤེས་རབ་དབྱེར་མེད་སྙིང་པོ་རྡོ་རྗེའི་གནས་སུ་སྡོམ་པ་ཉིད་དེ། དེ་ནས་དེ་ལ་གསང ་ཆེན་བཤད་བྱ། སངས་རྒྱས་ཀུན་གྱི་སྙིང་པོ་དེ་ཉིད་ཡན་ལག་བརྒྱས་མིན་ངོ་བོ་མི་འགྱུར་བ། ཐབས་དང་ཤེས་རབ་གཉིས་མེད་བདེ་ཆེན་སྡོམ་པ་ཡང་དག་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་འགྱུར། །ཐུན་མོང་ཁྱད་པར་ལས་དང་དངོས་གྲུབ་འབྱུང་གནས་བདེ་བླག་ཉིད་མྱུར ་འཐོབ་བྱེད་པ། །གོང་ནས་གོང་དུ་མཆོག་འགྱུར་སྡོམ་པ་ཆེན་པོ་ལས་ཀྱང་གསང་བ་བླང་མེད་དུས་འདི་ཉིད་དུ་རབ་འབྱུང་བ། རྡོ་རྗེའི་གནས་འདི་རྒྱ་མཚོ་ལྟར་གྱུར་མི་ཕྱེད་ཡུལ་ལས་བརྗོད་བྱ་རྗོད་བྱེད་དྲི་མེད་ལམ་ནི་རྙེད་དཀའ་བའོ་ཞེས་ཌཱ་ཀི་གསང་བ་མཛོད་ལས་གསུངས་པའི་དོན་ཏོ། །གསང་བ་ནི་ལྷའི ་འཁོར་ལོ་ཡབ་ཡུམ་རྟེན་དང་བརྟེན་པར་ལྡན་པ་བདེ་ཆེན་དུ་རོལ་པའོ། །བཤད་བྱ་བ་ནི་ལྷའི་སྐུ་འབྱུང་བའི་གོ་རིམས་ཉིད་དེ། འོག་མིན་དུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་མངོན་དུ་གྱུར་པའོ། །མདོར་བསྡུས་པས་ནི་རིག་ཀྱི་དཀྱིལ་འཁོར་གསང་བ་ཐམས་ཅད་སྤྲོ་བ་དང་བསྡུ་བ་ཅན་ནོ། །རྒྱས་པར་མིན་ཞེས ་?མདོ་དང་རྟོག་པ་རྒྱུད་ཐམས་ཅད་ཀྱི་རབ་བྱེད་བླ་ན་མེད་པ་སྦས་པའོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོང་བ། རྡོ་རྗེ་འཆང་ཆོས་དབྱིངས་རྡོ་རྗེ་མ་དང་དབྱེར་མེད་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འཁོར་ལོ་ཉིད་དོ། །ཡང་དག་སྦྱོར་ནི་ཡབ་ཡུམ་གཉིས་བསྲུབས་པ་ལས་ཡུམ་གྱི་ཆོས་འབྱུང་དུ་དཀྱིལ་འཁོར ་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གྲུབ་པར་འགྱུར་བའོ། །འདོད་པའི་དོན་ཀུན་ནི་ཡབ་ཡུམ་གཉིས་ཀའི་ལུས་ཀྱི་གནས་སུ་སྙིང་པོ་དང་ཉེ་བའི་སྙིང་པོ་བཀོང་པ་ལས་འབྱུང་བའི་བདེ་བ་ཆེན་པོ་ཡོན་ཏན་འབྱུང་གནས་སུ་གྱུར་པའོ། །སྒྲུབ་བྱེད་པ་ཞེས་པ་ནི་ལྷ་མོ་དག་གིས་ཚད་མེད་པས་བསྐུལ་བ་ལས་བཞེངས་པ་བསྟན་པའོ། ་བླ་མ་ནི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་གང་གྱི་ཉམས་དགུ་དང་ལྡན་པ་ཡོངས་སུ་རྫོགས་པའོ། །དེ་ཉིད་ལས་ཀྱང་བླ་མ་སྟེ་ཞེས་པ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་ལྡན་པའོ། །མཁའ་འགྲོ་མ་ནི་ལྷ་མོའི་འཁོར་ལོ་རིགས་བདུན་དུ་གནས་པ་མ་ལུས་པའོ། །དྲ་བའི་སྡོམ་ནི་དེ་དག་གི་རང་བཞིན་ནི་སྐུ་གསུང་ཐུགས་ཡེ་ཤེས ་རྡོ་རྗེའི་དང་དུ་རིགས་ཐམས་ཅད་འདུས་པའི་ཚུལ་དུ་སྡོམ་པ་གསང་བའོ། །དེ་ཁོ་ན་ཉིད་ལྟར་ན། གསང་བ་ནི་ཡི་གེ་རྩ་ཐིག་ལེ་ཆོས་ཉིད་ཀྱི་རླུང་རྣམས་རྡོ་རྗེའི་ལུས་ལ་གནས་པ་རྣམས་སོ། །བཤད་བྱ་བ་ནི་དེ་ཁོ་ན་ཉིད་བཞི་ལྡན། རྣལ་འབྱོར་གྱི་ལམ་དང་ཕོ་ཉའི་ལམ་དུ་བྱུང་བ། བདག་བྱིན་གྱིས་བརླབས་པ་དང། དཀྱིལ་འཁོར ་འཁོར་ལོའི་ལམ་མོ། །མདོར་བསྡུས་པ་སྟེ་ཞེས་པ་ལམ་ལྔ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་ཡོངས་རྫོགས་སུ་བསྡུས་པ་ཉིད་དོ། །རྒྱས་པར་མིན་ནི་མིང་ཚིག་ཡི་གེ་ཐ་སྙད་རབ་ཏུ་བྱེད་པ་ཐམས་ཅད་ཀྱི་སྤྲོས་པ་རྣམ་པར་བཅད་པའོ། །ཧེ་རུ་ཀ་དཔལ་ནི་རྣམ་ཐར་སྒོ་གསུམ་ཐབས་ཤེས་རབ་དབྱེར་མེད་སྐད་ཅིག་མར་དག་བ་བདེ་ཆེན ་ས་བཅུ་གསུམ་པའི་དབང་ཕྱུག་དུས་སུའོ། །ཡང་དག་སྦྱོར་ནི་ཕྱག་རྒྱ་བཞི་རིམ་པ་དང་ལྡན་པ་བདེ་ཆེན་དུ་སྦྱོར་བའོ། །འདོད་པའི་དོན་ཀུན་ནི་རྩའི་འཁོར་ལོ་རྣམས་ལས་ཡེ་ཤེས་ཡོངས་སུ་དག་པ་ཀུན་དར་དུ་རླུང་སེམས་འདུས་པའོ། །སྒྲུབ་བྱེད་པ་ནི་རླུང་དང་རྣམ་པར་ཤེས་པ་བདེ་ཆེན་དབྱེར་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས ་དུ་བསྒྲུབ་པའོ། །བླ་མ་ནི་རང་བཞིན་ལྷན་ཅིག་སྐྱེས་པ། དེ་ཉིད་ལས་ཀྱང་བླ་མ་ནི་ཞུ་བདེ་ལྷན་ཅིག་སྐྱེས་པ་བདེ་སྟོང་མཆོག་མི་འགྱུར་བའོ། །མཁའ་འགྲོ་མ་ནི་འོད་གསལ་བའི་དང་དུ་སྒྱུ་མ་ལྟ་བུའི་རླུང་དང་ཤེས་པ་རྣམ་པར་དག་པ་བསྟན། དྲ་བ་སྡོམ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཌཱ་ཀི་ཐམས་ཅད་བདེ་ཆེན ་མཆོག་ཏུ་མི་འགྱུར་བར་གནས་པའོ། །དེས་རྒྱུད་ལ་ངེས་པར་འཇུག་པའི་ཁྱད་པར་སྙིང་པོ་གསང་བའི་ཐུན་མོང་མ་ཡིན་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་གླེང་གཞི་ཕུན་སུམ་ཚོགས་པ་དངོས་སྦས་པ་བླ་ན་མེད་པ་བསྟན་པ་ནི། ར་ཧཡ་སྱ་པ་ར་མེར་མེ་སརྦཱ་ཏ་མ་ནི་ས་དཥྛི་ཊ། ཌཱ་ཀི་ནི་ཤ་བྷ་བ་སཏྭ་བ། བཛྲ ་སཏྭ་སུ་ཀ་ར་ཧཡ་ས་ན། ཏརྱ་ས་ཏྱཾ་བྷུ་བ་བྷ་ག་བ་བྷཡ། ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་དཱ། ནཱ་ད་བ་ནི་རྱ་ཎ་སརྦ་ཧ་ས་མ་ཡ་ཙར་ཏྱ་ཙ་ཏྱ་བཱ། ཞེས་གླེང་གཞི་གསང་བ་བསྟན་པའོ། །ཡང་དེ་ཉིད་བརྗོད་བྱ་རྗོད་བྱེད་དང་དགོས་ཆེད་དང་དགོས་པའི་དགོས་པ་ཁྱད་པར་ཅན་འབྲེལ་པ་དང་བཅས་པ་ཐུན་མོང་དུ་བསྟན་ནས། དེ་ལས་དཔལ་རྡོ་རྗེ ་འཆང་ཆེན་པོས་གསང་བ་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་བྱི་མའི་སྐྱེ་བོ་ཡང་དག་པའི་དོན་མྱུར་དུ་གྲུབ་པའི་དབང་ཕྱུག་སྙིང་པོ་བསྟན་པ་ནི་འདི་ལྟ་སྟེ། དེ་ནས་ཞེ་སྨོས་ཏེ་སྔ་མ་བསྟན་པ་ནམ་མཁའ་དང་མཉམ་པ་ལས་སོ། །གསང་བ་ནི་ཕྱི་རོལ་པ་ནས། ཉན་ཐོས་དང་རང་རྒྱལ་བ་དང། མཚན་ཉིད་ཀྱི་ཐེག་པ་པ་རྣམས་དང། ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་མན་ཆད་ལམ་གྲགས་པས་དེའི་ཕྱིར་རོ། །བཤད་པར་བྱ་བ་འབུམ་དུ་མངོན་པར་བརྗོད་པའི་དོན་དཔལ་རྡོ་རྗེ་རྣལ་འབྱོར་མས་ཕྱི་རབས་ཀྱི་གདུལ་བྱ་འདི་ལ་འཇུག་པ་དགོངས་པ་ཉིད་ཉིད་གསང་ཆེན་ལམ་རྒྱུ་འབྲས་ཆིང་ལ་མ་ནོར་བ་སྟོན་པའི་ཕྱིར་རོ། །མདོར་བསྡུས་པ་སྟེ་ཞེས་པ། ་ཚིག་དང་མིང་ཡི་གེ་རབ་བྱེད་ཉུང་ངུ་ལས། ཟབ་པ་དང་རྒྱ་ཆེ་བ་རྒྱུད་གསུམ་དུ་ལྡན་པ་ཉིད་ལས། ཕྱིན་ཅི་མ་ལོག་པ་སྟེ། སྤྲོས་མེད་རྒྱས་པར་སྟོན་པ་འདི་ནི་དཀྱིལ་འཁོར་དུ་མའི་འབྱུང་གནས། གཞུང་ཚིག་མདོར་བསྡུས་པའི་བྱེད་པ་ལས། རྟོགས་པར་སླབ་མིན་རྒྱས་པར་དོན་གཏིང་དཔག་དཀའ་བ་བཤད་པའི་ཆུ།།? ་ལས་ངེས་པར་བྱེད་པ་ཡིན་ཞེས་པའི་ཐ་ཚིག་ཅན་ནོ། །གསང་བ་དེ་ཁོ་ན་ཉིད་ལྟར་ན། རྒྱུའི་གསང་བ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་དེ་བཞིན་གཤེགས་པའི་སྙིང་པོ་རིགས་ས་བོན་གྱི་ཚུལ་དུ་གནས་པས། ལུས་ངག་ཡིད་དྲི་མ་དང་མ་བྲལ་བའི་དུས་སོ། །ལམ་ཐབས་ལྟར་ན་གསང་བ་སྐུ་སྣང་སྟོང་ལྷ་སྐུ་རྣམ་པ་གསལ་བ་འཁོར་ལོ་ལྔ་རྟེན་དང ་བརྟེན་པ་མ་འདྲེས་ལ་ཡོངས་སུ་རྫོགས་པས། ཡང་དག་སྦྱོར་བ་ལྷའི་དེ་ཁོ་ན་ཉིད་ཀྱི་ང་རྒྱལ་དང་ལྡན་པའོ། །གསུང་སྒྲ་གྲག་སྟོང་སྔགས་རྒྱུན་མི་འཆད་པར་སངས་རྒྱས་ཀྱི་གསུང་དུ་སྦྱོར་བས་དྲི་མ་མེད་པའི་དབྱིངས་སུ་སྦྱོར་བས་སོ། །ཐུགས་བདེ་སྟོང་གཉིས་མེད་དུ་སྦྱོར་བས་རྟོགས་པ་ཐམས་ཅད་དག་པ་ན་ཡང་དག་པ་སྟེ་མི་འགྱུར་བའི་རྡོ་རྗེའོ། །འབྲས ་བུ་ལྟར་ན་སྐུ་ལྔ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བསྟན་པས་གསང་བ་ཧེ་རུ་ཀ་དཔལ། །ཡེ་ཤེས་ལྔ་གཉིས་མེད་བདེ་ཆེན་དུ་རྫོགས་པས་གསང་ཆེན་དེ་ཁོ་ན་ཉིད་དོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར་བ་ནི། དེ་ལྟར་ཡང། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་རྫོགས་སྟོང་པ་ཉིད། །རུ་ནི་རྟོག་པ་དང་བྲལ་བ། །ཀ་ནི་གང ་དུ་འང་མི་གནས་པའོ། །ཞེས་གསུངས་པའི་དོན་ཏོ། །བདེ་བ་ཆེན་པོའི་ཆ་ལྟར་ན། ཨ་ལི་ཀཱ་ལི་ལས་གྱུར་པ། ཐབས་ཤེས་རབ་གཉིས་མེད་དུ་ཡང་དག་སྦྱོར་པ་བདེ་བ་དང་སྦྱོར་བ་ནི་དབུས་སུ་ཉི་ཟླའི་སྟེང་དུ་ཧཱུཾ་ནི་ཤྲཱི་སྟེ་ཡེ་ཤེས་ལྔ་ལྡན་དུ་སྦྱོར་བ་ཤིན་ཏུ་བདེ་བ་གསང་བ་ཟླ་བ་ཀུན་རྫོགས། དེ་ཉིད་ལས་དཔལ་ཧེ་རུ་ཀ་ཡབ ་ཡུམ་དུ་གྱུར་པ་བདེ་བ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་བླ་ན་མེད་པའོ། །དེ་ཉིད་ཀྱི་ངང་ལས་སྣང་བ་སེམས་སུ་ཡང་དག་པར་སྦྱོར་བ་དམ་ཚིག་སེམས་དཔའ་ཨི་གོང་བུ་ལས་འདས་པ། སེམས་སྟོང་ཉིད་སྤྲོས་མེད་དུ་སྦྱོར་བ་ཡེ་ཤེས་སེམས་དཔའ་ཨི་གོང་བུ་ལས་འདས་པ་སྤྲོས་མེད ་ཡེ་ཤེས་སུ་སྦྱོར་བར་ཏ་ཡི་གེ་གོང་བུ་ལས་འདས་པ། དེ་ཉིད་དབྱིངས་ཡེ་ཤེས་གཉིས་མེད་དུ་སྦྱོར་བ་ཧེ་རུ་ཀ་དཔལ་རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཕྱག་རྒྱ་ཆེན་པོ་བླ་མ་བླ་ན་མེད་པའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ནི། ལས་དང་དངོས་གྲུབ་ལས། ལས་ཆེན་བཅུ་ལས་ཆེན་བཅུ་གཉིས་ཕྲན་ཚེགས་འཇིག་རྟེན་པའི་དངོས་གྲུབ་འདོད་དོན ་ལ། ཐུན་མོང་བ་གྲུབ་པ་བརྒྱད་མཁའ་སྤྱོད་དང་བཅས་པའོ། །ཡང་མཆོག་ནི་སྐུ་ལྔ་ཡེ་ཤེས་ལྔ། དབང་ཕྱུག་བརྒྱད་དང་བཅས་པ་འབྲས་བུ་ས་བཅུ་གསུམ་པའི་དབང་ཕྱུག་གོ་།དེས་རང་དང་གཞན་གྱི་དོན་ཀུན་མ་ལུས་པ་ཕུན་སུམ་ཚོགས་པར་འགྲུབ་པ་ལ། བསྒྲུབ་པར་བྱ་བ། སྒྲུབ་པར་བྱེད་པ་བསྒྲུབས་པ་བླ་ན་མེད་པ་གསང་ཆེན་དུ་བསྟན་པའོ། བླ་མ་ནི ་གུ་རུ་ཀརྱ་གུ་རུ་ཡ་བ་སྟེ། ངོ་བོ་ནི་དཔལ་བདེ་བ་ཆེན་པོའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་ཀུན་ཁྱབ་ཏུ་ཡོད་ཀྱང་ལམ་དུ་མ་སྦྱངས་པས། སྒྲིབ་པ་ཅན་དབུལ་མོའི་གཏེར་ལྟ་བུ་ལ། དམ་པས་དེ་ཉིད་རིགས་ཀྱི་རྟགས་ལས་ཤེས་པ་ལྟར་ལམ་དུ་སྦྱངས་པས་གོང་ནས་གོང་དུ་ཡོན་ཏན་འཕེལ་བ་ལ་བླ་མ་ཞེས་བྱའོ། །དེ་ཡང་རྒྱུད་གཞན་ལས་ཡོན་ཏན་བྱིན་རླབས་བླ་ན་མེད ་པས་ཁྱད་པར་དུ་གྱུར་པ་བླ་མ་ལས་བླ་མ་སྟེ་ཞེས་མཉམ་ཞིང་མཚུངས་པ་མེད་པའི་དོན་ཏོ། །རྣམ་པ་འཇིག་རྟེན་དུ་གྲགས་པའི་དབང་དུ་བྱས་ན། བླ་མ་ལྷའི་རྒྱུད་གཞན་དང་མཚུངས་ལ་ཁྱད་པར་དུ་འགྱུར་བའི་བླ་མ་ནི་གསང་ཆེན་འདི་ཉིད་སྙིང་པོ་གོང་ན་མེད་པ་ཕུལ་དུ་བྱུང་བ་སྟེ། ཐོག་མར་སྤྲུལ་པའི་འཁོར་མ་བསྡུས་པའི་ཕྱིར་རོ། ། ་མཁའ་འགྲོ་མ་ནི་ཌཱ་ཌཧ་ཡ་ཨ་ས་མ་སྟེ་ནམ་མཁའ་ལ་རྒྱུ་བ་སྟེ། ཀི་ཡོ་གི་སྟེ་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་གྲུབ་པ་ལ། ཌཱ་ནི་ནམ་མཁར་འགྲོ་མ་ཞེས། །མཁའ་ལ་སྔོན་དུ་བཏགས་པ་སྟེ། །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་བརྡར་བཏགས་སོ་ཞེས་པའི་དོན་ཏོ། །དྲ་བ་ནི་དངོས་པོ་ཕྲ་བ་འབྱིན་ལ། རིགས་པ་འཛིན་པ་སྟེ། རྒྱུ་ཐབས་འབྲས་བུར ་འབྲེལ་པ་ཅན་སྡོམ་པ་ཞེས་པ་དཀྱིལ་འཁོར་ཕྱི་ནང་གསང་བ་མ་ལུས་པ་བདེ་སྟོང་མཆོག་ཏུ་སྡོམ་པའོ། །དེས་རྒྱུད་ལ་ངེས་པར་འཇུག་པའི་བྱེད་པར་སྙིང་པོ་གསང་བའི་རིམ་པ་ཐུན་མོང་མ་ཡིན་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་གླེང་གཞི་ཕུན་སུམ་ཚོགས་པ་དངོས་སྦས་པ་བླ་ན་མེད་པ་བསྟན་པ་ནི། ར་ཧཡ་སྱ་པ་ར་མེ་ར་མེ། ་སརྦཱ་ཧ་མ་ནི་ས་དཥྛི་ཊ་ཞེས་པ་ལ་སོགས་པའི་དོན་ལ། གསང་བ་མཆོག་གི་དགྱེས་པ་ནས། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས་པའི་དོན་ཕུན་སུམ་ཚོགས་པ་ཉིད་སྟོན་པའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ ་ལྡན་དུ་སྟོན་པའི་ཕྱིར་གསང་བ་མཆོག་གི་དགྱེས་པ་ན་ཞེས་སྨོས་ཏེ། འདི་ཉིད་གནས་ཕུན་སུམ་ཚོགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བདེ་བ་ཆེན་པོའི་འབྱུང་གནས་དཀྱིལ་འཁོར་གསང་བ་བླ་ན་མེད་པ་འབྱུང་བ་རྣམ་པར་དག་པ་ཉིད་དོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཞེས་པ་བདུད་བཞི་བཅོམ་ཞིང་ལེགས ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། སྲིད་པ་དང་ཞི་བ་ལས་འདས་པ་ཉིད་དུ་སྐུ་ལྔ་དབྱེར་མེད་དོ། །དེ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཁྱད་པར་བླ་ན་མེད་པ་སྟེ། རྡོ་རྗེ་ནི་བདེ་སྟོང་དབྱེར་མི་ཕྱེད་པ། སེམས་དཔའ་ནི་སྙིང་རྗེ་ཆེན་པོ། དམིགས་པ་མེད་ཅིང་ཚད་མེད་པའི་ཡེ་ཤེས་ཀྱིས་རབ་ཏུ་རྒྱས་པའི་བདེ་བའི་མཆོག་བྱང་ཆུབ་ཀྱི་སེམས ་མི་འགྱུར་བའི་བདག་ཉིད་ཐབས་ཤེས་རབ་གཉིས་སུ་མེད་པ་སྐུ་གསུང་ཐུགས་རྡོ་རྗེ་རོ་མཉམ་སྙིང་པོ་རབ་ཏུ་མི་གནས་པ་དེ་བཞིན་ཉིད་དོ། །མཁའ་འགྲོ་ཀུན་དངོས་ནི་འཁོར་ཕུན་སུམ་ཚོགས་པ་ཉིད་དེ། ཡེ་ཤེས་ཀྱི་ངང་ལས་འགྲོ་བའི་དོན་དུ་སྤྱོད་པའི་སངས་རྒྱས་དཔག་ཏུ་མེད་པ་དང། སེམས་དཔའ་ནི་བྱང་ཆུབ་སེམས ་དཔའ་ཆེན་པོའི་ཚོགས་དུ་མ་ཐམས་ཅད་བདག་ཉིད་དོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཛའ་ཡས་པའི་རྒྱལ་བ་རྒྱ་མཚོ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་དང་རྟག་ཏུ་བཞུགས་ཞེས་ཀུན་ཀྱང་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ངང་དུ་གནས་པ་ལ་ཐབས་གཅིག་ཏུ་ཞུགས་སོ། །ཞེས་པའི་དོན་ཏོ། །འདི་ནི་རིང ་?་ཞེས་ཆོས་ཕུན་སུམ་ཚོགས་པ་སྟེ། འཁོར་འདས་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་སྟོང་གསང་བ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཉིད་དོ། །མཁའ་འགྲོ་མ་ནི་བདེ་བ་ཆེན་པོ་སྟོང་པ་ཉིད་ཀྱི་དབྱིངས་ལ་ཐུགས་རྗེ་མི་ཟད་པས་ཀུན་ཏུ་ཁྱབ་པར་མཛད་པའི་གར་གྱི་ཆོ་འཕྲུལ་སྣ་ཚོགས་སྒྱུ་འཕྲུལ་དྲ་བ ་དུས་དང་རྣམ་པ་ཐམས་ཅད་དུ་ཀུན་ཏུ་རོལ་པ་སྟོན་པའོ། །ཡང་དྲ་བའི་སྡོམ་པ་ཡིན་ཞེས་སྨོས་པས། ཟབ་པའི་ཡེ་ཤེས་ཆེན་པོ་དང། རྒྱ་ཆེ་བ་དབྱིངས་ཀྱི་ཆོས་ཉིད། ཡུལ་དང་ཡུལ་ཅན་གཉིས་མེད་ཀྱི་ངང་དུ་རོ་མཉམ་པར་གྱུར་པས། དུས་ཕུན་སུམ་ཚོགས་པ་སྟེ། བདེ་སྟོང་གཉིས ་མེད་འདུ་འབྲལ་མེད་པར་འགྱུར་བ་བསྟན་པའོ། །དེ་ཉིད་ལ་ཟབ་དང་རྒྱ་ཆེ་རང་གི་ངོ་བོ་དེ་ཉིད་གཞན་དོན་སྣང་བ་ཕུན་སུམ་ཚོགས་པ་ཕྱི་ནང་གསང་བ་དེ་ཉིད་དོན། གླེང་གཞི་ཡུལ་ཏེ་མི་འགྱུར་ཆོས་ཉིད་བསམ་གྱིས་མི་ཁྱབ་འདི་ནི་ཕྱག་རྒྱ་ཆེན་པོ་རོ་མཉམ་དཔེ་མེད་དོ་ཞེས་པའི་དོན་ཏོ།། ་རྒྱུད་ཀྱི་གླེང་བཞི་ལ་དཔལ་རྡོ་རྗེ་ཕྲེང་བར་ཡི་གེ་བཞི་བཅུའི་སྒོ་ནས་གསལ་བར་བྱེད་པ་ལས། འདིར་ནི་ཡི་གེ་བཅུ་དྲུག་གི་སྒོ་ནས། དཔལ་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ཐིག་ལེ་ལས་གཏན་ལ་དབབ་པ་སྟེ། ར་ནི་མཚལ་ཆེན་པོ་ཡི་ཁམས། །ཧཡ་ནི་རི་ལས་སྐྱེས་པ་སྟེ། །རི་སྐྱེས་ཞེས ་བྱ་མགོ་སྐྱེས་སོ། །སྱ་ནི་དྲི་ཡི་སྣོད་ཡིན་ཏེ། ལུས་ལ་དྲི་ནི་ཇི་ལྟ་བའོ། །ས་ནི་རླུང་དུ་གསུངས་པ་སྟེ། །ར་ནི་དྲི་ཉིད་ཡིན་པར་བསྟན། །ཡི་གེ་མེ་ནི་རྟོག་པ་སྟེ། །ར་ནི་དེ་བཞིན་ལན་ཚྭ་འོ། །མེ་ནི་ཤ་ཆེན་པོར་བསྟན་ཏོ། །ས་ནི་རབ་ཏུ་སྦྱོར་བ་ཉིད། །རྦཱ་ཏ་ནི་མགོ་བོར་རབ་ཏུ་གསུངས། །མ་ནི་ལུས་ཀྱི་རྐང་ཡིན་ནོ། །ནི་ནི་དྲི་ཡི་མར་ཁུའོ། །ས ་ནི་སོ་དང་སན་མོ་སྡེ། །ད་ནི་རྒྱ་མཚོ་ལས་སྐྱེས་པའོ། །ཥྛ་ནི་ནམ་མཁའ་ཨི་སྙིང་པོའོ། །ཊ་ནི་ག་བུར་བསྟན་པའོ། །ཞེས་གསུངས་པས་ཁམས་བཅུ་དྲུག་སྟོང་པ་ཉིད་རྗེས་སུ་དྲན་པ་བཅུད་ལེན་དུ་འགྱུར་བ་བསྟན་པ་སྟེ། ར་ནི་རང་འབྱུང་གི་སིཧལའོ། །ཧཡ་ནི་སྐྲའི་མར་ཁུའོ། །སྱ་ནི་གསང་བའི་སྒྲགས་ཤའོ། །ས་ནི ་མེའི་སྔགས་པའོ། །ད་ནི་གཞི་མཉམ་མོ། །མེ་མེ་ནི་སཧལི་ཕལ་པའོ། །ར་ནི་གླ་རྩིའོ། །མེ་ནི་ཤ་ཆེན་པོའོ། །ས་ནི་ཆིལ་ཆེན་པོའོ། །རྦཱ་ཏ་ནི་གོ་རོ་ཙ་ནའོ། །མ་ནི་རྐང་མར་རོ། །ནི་ནི་གཞི་མཉམ་མར་ཁུའོ། །ས་ནི་སོ་དང་སེན་མོའོ། །ད་ནི་གློ་བའོ། །ཥྛི་ནི་མཆིལ་མའོ། །ཊ་ཏ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་དོ ་། །ཊ་ཧ་ཏ་ལ་གང་ལས་བསྐྱོད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཧ་ལས་འབབ་པར་འགྱུར་བའོ། །དེ་ཉིད་ཊ་པ་ཡ་དུ་ཏ་ས་མ་ཞེས་བྱང་སེམས་བདེ་བ་དབུ་མའི་ལམ་ནས་འབྱུང་འཇུག་བྱེད་པའོ། །ཥྛི་ཐ་ཀ་རིར་ནི་ཞེས་པས་བོར་བ་སྟེ་སྤངས་པའི་དོན། ཥྛི་ཐ་ཐ་ཀ་རི་ནི་གནས་གང་དུ་བྱང་སེམས ་བརྟན་པར་གནས་པས་མི་འགྱུར་བའི་བདེ་བ་རྡོ་ནོར་བུ་བརྟན་པར་གྱིས་ཤིག་པའོ། །དྷ་ནི་དཱ་ར་སྟེ་གཟུངས་བྱ་བ་ལུས་ཀྱི་ཁམས་སྐྱེད་པར་བྱེད་པས་བདེ་བའི་གནས་ཡིན་ནོ། །ད་ཧ་ད་ཧ་ཞེས་པ་ན་སྲེག་པར་བྱེད་པ་སྟེ་ཙཎྜ་ལི་ཡེ་ཤེས་ཀྱི་མེ་འབར་བས་ཉོན་མོངས་པ་བསྲེགས་པའོ། །སས་མ་ཡ་ན་ད་ཚིག ་སྟེ། སྒོ་དགུ་ནས་བྱུང་བའི་བདུད་རྩི་བསྟེན་ཅིག་པ་ལས། ཁྱད་པར་དུ་སོ་དང་སེན་མོའི་དྲི་མ་སྤང་དུ་མེད་པས། ས་ས་མཱ་པཱ་དྷི་ཞེས་པའི་ཏིང་ངེ་འཛིན་གང་སྲོག་རླུང་དབུ་མར་ཆུད་པས་གནས་པར་བྱ་བའི་དོན་ནོ། །ནི་ནི་མ་ལ་སྣ་ཚོགས་ཅན་གྱི་སྲི་བ་སྟེ་ལུས་ལ་ཟས་ཁམས་སྣ་ཚོགས་སུ་མར་ཁུ་ལྟར་འཕེལ་བ་སྟེ། ཟག་པ་གཞི་མཉམ་མོ། །ནི་ན་ནི ་དྷ་པཱ་ཞེས་ཏེ་ལས་ཁམས་ཀྱི་བཅུད་སྣ་ཚོགས་ཀྱིས་གཉུག་མའི་ཤེས་པ་རོ་མཉམ་ཞེས་པའོ། །མ་མ་ཧཱ་བྷ་ན་ཆེན་པོའི་ཆེན་པོ་སྟེ་ཤ་ཆེན་པོའི་རྐང་མར་གྱི་སྟོབས་བསྐྱེད་པའོ། །མམ་བྷ་དྷུ་བྷ་ར་ན་ནཾ་ཁམས་དངས་མའི་ཆ་ལས་གྲུབ་པའི་གཟུངས་དག་པའི་རིག་པ་བསྐྱེད་ཅེས་པའོ། །རྦད་ནིར་ཀཙྪི་ཅེས་གླད་རྒྱས་ནས་ཁོག་པའི་བཅུད་གནས་པ་དྲང་བའོ། །རྦད་? ་ཀཙྪ་ཞེས་ཟླ་བ་རྒྱས་པ་ལྟ་བུའི་བྱང་སེམས་འཕེལ་བའི་གནས་ནས་བསྐྱོད་པས་ཡེ་ཤེས་བསྐྱེད་པའི་དོན་ཏོ། །ས་ས་ཧ་ན་བཞད་པས་དགྱེས་པ་སྟེ་མཉམ་པ་ཉིད་བསྐྱེད་པའོ། །ས་ས་མུ་བྲན་བདེ་བའི་ཕྱག་རྒྱ་ལུས་ལ་ཁྱབ་པ་ཏིལ་དང་ཏིལ་མར་ལྟ་བུའི་བྱང་སེམས་མི་ཉམས་ཤིང་སྦེལ་པར་བྱ་བའོ། །མེ་མེ་གྷ་ཏེ་?་ན ་ལྟ་བུའི་ཤས་ལུས་གཡོགས་པའི་རྣམ་པ། མེ་ཡ་མ་དྷ་ན་གང་དུ་སྟོབས་ཀྱི་ཆེས་གྲུབ་པའི་བདེ་བ་དང་འབྲལ་མེད་པའོ། །ར་ར་ས་ཡཱ་ན་ཞེས་བཅུད་ཀྱི་ལེན་མདངས་སྡུད་པའོ་ར་ར་ས་ཡཱ་ན་སྟེ། གཡོན་གྱི་ཆའི་ཀུན་ཏུ་སྤྱོད་པས་བདེ་སྟོང་གི་ཉམས་གོང་ནས་གོང་དུ་འཕེལ་བའོ། །མེ་མ་ཡེ་ཨ་ཀི་སྟེ་སྒྱུ་མའི་ཡེ་ཤེས ་འབར་བ་ལྟེ་བའི་མེའོ། །མེ་མ་ཡ་ན་ཞེས་པ་བདག་གི་ལུས་ཀྱི་རྩ་མདུད་ཀྱི་སིཧལ་འཕེལ་བས་མཁའ་འགྲོ་དབང་དུ་བསྡུ་བར་འགྱུར་བའོ། །ར་ར་བྷ་ནི་ཞེས་པས་གང་དུ་གཞི་མཉམ་བདུད་རྩི་གནས་པས་བསྟེན་པའོ། །ད་ར་བྷ་ཡ་ཞེས་གང་ཡུལ་སྣང་བརྟན་གཡོ ་དངས་སྙིགས་ཕྱེད་པ་ལ་སྤྱོད་པའོ། །པ་པ་དུ་སུ་ཙ་ཞེས་མེ་ཏོག་ལྟར་མདངས་གསལ་བའི་པགས་པ་སྟེ་གདོང་ངོ། །པ་པུ་སུ་ཙ་གང་དུ་མཆོད་པའི་ཁྱད་པར་ལྔ་དང་ལྡན་པ་སྒོ་ལྔའི་ཡུལ་གྱི་རོལ་པའོ། །སྱ་ས་ཡ་སྡོམ་པ་སྡུད་པའི་གནས་ཀྱི་ཤེས་ཏེ་འོག ་རླུང་སྟེང་དུ་བསྐྱེད་པ། ཤ་ས་ཡ་ས་ཧ་ཛཱ། སྟེ་རང་གཞན་གྱི་བདེ་བ་བསྐྱེད་པའི་གནས་ཐུར་སེལ་དག་པར་བྱའོ། །ཧཡ་ཧ་རི་མ་ནི་འཕྲོག་པའི་ཡེ་ཤེས་བསྟན་པའི་དབང་ཕྱུག་གིས་ཧ་རི་ཞེས་པ་ནི་མགོ་སྐྱེས་ལས་བྱུང་བའི་མར་ཀྱིས་སྐྲ་དཀར་དང་གཉེར་མ ་འཇོམས་པས་རྒས་ཤིང་རྒུད་པ་སེལ་བའོ། །ར་ནི་ལཀྵ་ཞེས་འདུས་པའི་ནད་ཀྱི་ཟག་པ་ཟད་པར་བྱེད་པ་སྟེ། རླུང་འགོག་པའི་སྦྱོར་བ། ར་ས་བྷ་ཡ་ན་མཆོག་ཏུ་གྱུར་པའི་སི་ཧལ་ཀུན་ཁྱབས་ཉི་མ་སྟོབས་སུ་གྱུར་པ་ཉིད་དེ། ཡི་གེ་གསང་བ་རྩ་དང་རླུང། ། ་བྱང་སེམས་བདེ་བའི་རྣམ་པ་ལས། །ར་ས་ཡཱ་ན་བཅུད་མཆོག་འགྱུར། །འདི་ནི་མཁའ་འགྲོ་བདུད་རྩི་ཡིན་ཞེས་གསང་བ་མཛོད་ལས་གསུངས་པའི་དོན་ཏོ། །འདིར་རྒྱུའི་རྒྱུ་རང་བཞིན་རྟེན་གྱི་གང་ཟག་དབང་པོའི་རིམ་པ་བསྟན་པ་ལས་འདིར་ནི་ངོས་འཛིན་པས ་རིགས་སུ་ངེས་པ་དང་མ་ངེས་པའི་བྱེ་བྲག་ལས། གསང་བ་ཞེས་སྨོས་ཏེ། ལུས་ངག་ཡི་གེ། ཡིད་ཀྱི་རྣམ་ཤེས་ཐིག་ལེ། སྙིང་པོ་ཆོས་ཉིད་ཀྱི་རླུང་རྣམས་སྦས་པའི་ཚུལ་དུ་གནས་པ་ལ། མ་དག་པ་ཐུན་མོང་གི་གང་ཟག་དབང་པོ་ཐ་མ་སྟེ་འདི་ནི་རང་འབྱུང་ཞེས་པ་དང། རྟག ་ཏུ་བཞུགས་ཞེས་པའི་དོན་ལ། འདི་ཉིད་ཀྱི་ལེའུ་ཉེར་བདུན་པ་ལས། ལུས་སྦྱངས་པ་ལ་སྐྱོན་མེད་པའི་ཞེས་པ་དང། རབ་ཏུ་ཞི་ཞིང་དལ་པ་ཐུལ་ཅེས་པས་སྐུ་གསུང་ཐུགས་གསང་བ་བསྟན་པ་ཉིད་དོ། །ཅུང་ཟད་དག་པ་འདྲེས་མ་སྟེ། ཐམས་ཅད་བདག་ཉིད་ཅེས ་པས་མཚན་ཉིད་ཀྱི་ཆོས་ལ་སོགས་པ་ཐེག་པ་ཆེན་པོ་སྤྱི་དང་བླ་མེད་ཐེག་པ་གཞན་དུ་སྦྱངས་པ་སྟེ། འདྲེས་པ་གཉིས་དང་ལྡན་པ་པོ་ཞེས་པ་དང། ཆགས་མེད་གཏོང་དང་ཚུལ་ཁྲིམས་ལྡན་ཞེས་པའི་དོན་གྱིས་དབང་པོ་འབྲིང་ལ་བློ་སྦྱང་བའོ། །དག་པའི་གང་ཟག་ནི། ་མཆོག་གི་དགྱེས་པ་སྟེ། ལས་འཕྲོ་ཅན་སྐྱེ་བ་དུ་མ་ནས་ཐུགས་རྗེས་གཟུང་བ་ནི། མཉེས་བྱེད་རྣམ་པར་དག་པ་དང་ཞེས་པ་དང། ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས་ཞེས་ཉེར་བདུན་པ་ལས་གསུངས་པའི་དོན་ཏོ། །དབང་པོ་མཆོག་ཏུ་གྱུར་པའི་བློ་སྦྱོང་ངོ། །མཁའ་འགྲོ་ནི ་ལས་དང་སྒྲིབ་པ་མྱུར་དུ་དག་པར་བྱད་པ་ལས་གསལ་བར་བྱེད་པའི་ཡེ་ཤེས་ཅན་ནོ། །ཀུན་དངོས་སེམས་དཔའ་ནི། གསལ་བྱེད་ཡོན་ཏན་ལྡན་པའི་མི་ཞེས་ལེའུ་ཉེར་དྲུག་པ་ལས་གསང་ཆེན་བདེན་གཉིས་དབྱེར་མེད་དུ་བློ་སྦྱར་བ་ལ་བསླབ་པའོ། །དེ་ལ་ཐོག་མར་དབང ་བསྐུར་བ་དགོས་པས་ན་ཡོན་ཏན་འབྱུང་བའི་གནས་སྟོན་ནི། གསང་བ་ཞེས་སྨོས་པས་རྡོ་རྗེ་མི་བསྐྱོད་པ་ཆུ་རྒྱུན་གྱིས་སོ། །མཆོག་ནི་རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅོད་པན་དང་ལྡན་པས་སོ། །དགྱེས་པ་ནི་འོད་དཔག་མེད་རྡོ་རྗེའི་དབང་ངོ། །ཐམས་ཅད་ནི་དོན་ཡོད་རྒྱལ ་པོ་དུས་ཐམས་ཅད་དུ་ཆོས་ཀྱི་སྒྲ་སྒྲོགས་པའོ། །བདག་ཉིད་ནི་རྣམ་པར་སྣང་མཛད་མིང་དབང་རྡོ་རྗེ་དབྱིངས་སོ། །རྟག་ཏུ་བཞུགས་ནི་རྡོ་རྗེ་འཛིན་པ་བདག་པོ་བསྡུས་པ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །མཁའ་འགྲོ་ནི་དམ་ཚིག་གསུམ་སྦྱིན་པ་ཀུན་དངོས་ནི་ལུང་བསྟན། སེམས་དཔའ་ནི ་དབུགས་དབྱུང་ངོ། །རྡོ་རྗེ་སེམས་དཔའ་ནི་གསང་བའི་དབང་ངོ། །བདེ་བའི་མཆོག་ནི་ཤེས་རབ་ཡེ་ཤེས་སོ། །འདི་ནི་རང་འབྱུང་ནི་ཕྱག་རྒྱ་ཆེན་པོ་བཞི་པའོ། །བཅོམ་ལྡན་ནི་དབང་བརྟན་པར་གྱུར་པའི་ནུས་པ་ཁྱད་པར་དང་ལྡན་པའོ། །དཔའ་ནི་བདག ་གཞན་གྱི་དོན་ནུས་པ་ཐོགས་མེད་བྱང་ཆུབ་སེམས་སོ། །མཁའ་འགྲོ་ནི་ལོངས་སྤྱད་རྫོགས་པའི་སྐུའོ། །དྲ་བ་ནི་སྤྲུལ་པ། སྡོམ་པ་ནི་ཆོས་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོ་གསང་བའི་སྐུར་སྡོམ་པ་ཡིན་ཞེས་ལྷུན་གྲུབ་ཉིད་དུ་བསྟན་པའོ། །གསང་བའི ་དབང་ལ་བླ་མ་ཡབ་ཡུམ་ལས་ཏེ། ར་ར་ཀ་ཏ་སིཧལ། ཧ་ཧཾ་ལས་བབ་པའི་ཀུན་ད་ལྟ་བུའི་བྱང་སེམས། ས་མ་ནི་གསང་བ་མཉམ་པར་སྦྱར་བའི་བདུད་རྩི་འབབ་པའོ། །སར་མེ་ནི་པདྨ་སྟེ་རེག་མའི་ཆོས་འབྱུང་ངོ། །ར་ར་ཏ་ན་མ་ཎི་ཞེས་རྡོ་རྗེ་ནང་དུ་ལས་སོ། །ར་མེ་ས་ནི ་མཉམ་སྦྱོར་ཏེ་ཡབ་ཡུམ་བདེ་བ་སྟེ། རྦཏ་དགའ་བ། མ་མཆོག་དགའ་། ནི་ནི་དགའ་བ་ལ། སཱ་དྷ་སྒྲུབ་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཥྛི་ནི་བདེ་བ། ཊ་ཏ་ནི་སྟོང་པ་ཉིད་ཀུན་དང་དུ་གནས་པས་བཞི་པ་སྦ་རླབས་ཞི་བའོ། །དེ་ནི་རྡུལ་ཚོན་རྣམ་པར ་བཀོད་པ་དང། ལུས་དང་ཆོས་འབྱུང་དང། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཞུགས་པ་བསྟན་པའོ། །ཌཱ་ཀི་ནི་ཤབྷ་བ་སཏྭ་བ། བཛྲ་སཏྭ་སུ་ཀ་ར་ཧཡ་ས་ན། ཏ་ཏྱཱ་ས་ཏྱེཾ་བྷ་བ་བྷ་ག་བ་ནྱ། ཌཱ་ཀི་ནི་ཛཱ་ལ་སཾ་བར་བཱ། ན་ཏ་བ་ནི་རྱ་ཎ་སརྦ་ཧ། ས་མ་ཡ་ཙརྱ་ཡ ་ཙརྱ་བཱ་ཞེས་རིམ་པ་གཉིས་ཀྱི་ལམ་ཁྱད་པར་དུ་བསྟན་པ་ལས། སྒྲའི་ཚུལ་ལས་ཞེས་ཨཱ་ལི་ཀཱ་ལིའི་ཡི་གེ་ལས་ལྷའི་སྐུར་བསྟན་པ་སྟེ། ཡེ་ཤེས་སྐད་ཅིག་ལས་རྣམ་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རོ། །ངེས་འབྱུང་རྣམས་ནི་སྐྱེས་བཞི་སྦྱོང ་བྱེད་ལས་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པའོ། །བྱིན་གྱིས་བརླབ་ཅིང་བསྟན་པར་གྱུར་པས་སོ། །དམ་ཚིག་ནི་ཐ་མལ་པའི་རྟོག་པས་མི་གནས་པ། ཡེ་ཤེས་ཀྱི་ཆ་ལས་མི་འདའ་བའ་ཨོ། །སྤྱོད་པ་ནི་དམ་ཚིག་གི་དཀྱིལ་འཁོར་དང། སེམས་ལུས་ཀྱི་དཀྱིལ་འཁོར་དུ ་ཀུན་ཏུ་སྤྱོད་པའོ། །སྤྱོད་ཡུལ་ཡིན་ནི་ནང་དུ་ཡེ་ཤེས་ཀྱི་རྩ་དང་རླུང་ཐིག་ལེས་རོལ་པ། ཕྱིར་བརྟན་གཡོ་ཐམས་ཅད་ལྷར་གསལ་བས་སོ། །ལམ་གྱི་ཆོས་རྣམ་པར་བཤད་པ་ལས། ལྷའི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བ་དང། རྣལ་འབྱོར་དངོས་ལས་དང་པོ་ལ་རྣལ་འབྱོར་དང། བདག་དང། ་གནས་བསྲུང་བ་ནས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སྔོན་དུ་འགྲོ་བའོ། །དེ་ཡང་འབྱུང་བཞིའི་རིམ་བརྩེགས་རི་རབ་ཆེན་པོའི་བར་དུ་བསྐྱེད་པ་ལས། གསང་བ་ནི་ཆོས་འབྱུང་སྟེ་ནམ་མཁའ་ཨོ། །ཡང་གསང་བ་ནི་སའི་དཀྱིལ་འཁོར། བ་ལང་གནས་སོ། །མཆོག་ཆུའི་དཀྱིལ ་འཁོར་སྟེང་ལྡིང་བ། དགྱེས་པ་མེའི་དཀྱིལ་འཁོར་སྐམ་ཞེས་སོ། །ཐམས་ཅད་ནི་རླུང་ཀུན་གྱི་སྲོག་སྟེ་རྩ་ཞེས་བྱ། བདག་ཉིད་ནི་རི་བོ་མཆོག་རབ་སྟེ་རྟག་ཏུ་ནི་དུས་གསུམ་རྒྱུན་དུ་མི་འགྱུར་བ་རུ་སྦལ་གྱི་བརྡའོ། བཞུགས་པ་ནི་བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་དཀྱིལ ་འཁོར་གྱི་འཁོར་ལོ་མི་ཕྱེད་པའོ། །ལྷའི་འཁོར་ལ་ཉིད་ལ། དང་པོའི་གཙོ་བོ་ཡབ་ཡུམ་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་ཧེ་རུ་ཀ་བསྐྱེད་པ་ནི། གསང་བ་ནི་སྟོང་པ་ཉིད། མཆོག་ནི་ཉི་མ། དགྱེས་པ་ཟླ་བ། ཐམས་ཅད་ནི་ཨཱ་ལི་ཀཱ་ལི་ས་བོན་ཧཱི་བཾ་མོ། །བདག་ཉིད་ནི་རྡོ་རྗེ་དང་ཐོད ་པ་ལས་འོད་སྦྲེ་བ་དང་བསྡུ་བ་ཅན་ནོ། །རྟག་ཏུ་ནི་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པའོ། །དེ་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་རྒྱན་དང་ལྡན་པ་གདན་དང་བཅས་པ་རྣམ་པ་མ་ལུས་པ་ཡོངས་སུ་རྫོགས་པར་བཞུགས་པའོ། །མཁའ་འགྲོ་ཡུལ་གྱི་ལྷ་མོ་རྣམས་ཀྱི་ས་བོན་ལས ་སྐུ་འབྱིན་པ་དང་སྡུད་པར་མཛད་པ་འཇུག་པར་བྱེད་པའི་རྣམ་པའོ། །ཀུན་དངོས་ནི་ལྷའི་ཚོམ་བུ་ཐུབ་པ་དང་མེས་ཕྱེ་བ་དག་གོ་།སེམས་དཔའ་ནི་འཁོར་ལོ་པ་ཐམས་ཅད་བྱུང་བའི་དཀྱིལ་འཁོར་དུ་རྣམ་པར་དཀོད་པའོ། །རྡོ་རྗེ་སེམས་དཔའ་ནི་གཙོ་བོ་ཡབ་ཡུམ་རྗེས་སུ་ཆགས་པ་ལས ་ཞུ་བར་གྱུར་པའོ། །བདེ་བའི་མཆོག་ནི་ལྷ་མོའི་ཚད་མེད་པའི་གླུས་བསྐུལ་བས་ས་བོན་རྡོ་རྗེ་པདྨ་ལས་འབྲས་བུའི་ཧེ་རུ་ཀ་བཞེངས་པར་གྱུར་པའོ། །འདི་ནི་རང་འབྱུང་ནི་གཙོ་བོར་ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །བཅོམ་ལྡན་དཔལ་ནི་བྱང་ཆུབ་ཀྱི་?་ཆོས་སུམ ་ཅུ་རྩ་བདུན་ལྷའི་བདག་ཉིད་དུ་བསྟན་པ་བླ་ན་མེད་པའོ། །མཁའ་འགྲོ་ནི་དུས་དང་ཡོན་ཏན་དབང་ལས་གྱུར་པ་དག་གོ་།དྲ་བ་ནི་གཙོ་བོ་དང་འཁོར་དུ་འབྲེལ་བས་གཞན་དུ་ཐུགས་རྗེ་ཚད་མེད་པས་སྐྱོང་བར་བྱེད་པའོ། །སྡོམ་པ་ནི་སེམས་དཔའ་གསུམ་འདས། ་རིམ་པ་གཉིས་དབྱེར་མེད་སྡོམ་པ་ཡིན་ནོ། །སྒྲ་ཚུལ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང། གོ་ཆ་བགོ་བའོ། །ངེས་འབྱུང་རྣམས་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱ་བ་དང། དབང་བསྐུར་ཞིང་རྒྱས་གདབ་པའོ། །དམ་ཚིག་ནི་རིག་སྔགས ་བཟླས་པ། སྤྱོད་པ་ནི་མཆོད་པ། སྤྱོད་ཡུལ་ཡིན་ནི། བདུད་རྩི་མྱང་བ། ཐུན་ཉེ་བར་བསྡུ་བ་དང་བཅས་པ་སྟེ། དེ་དག་གིས་ལམ་མངོན་པར་རྟོགས་པ་ཧེ་རུ་ཀ་མངལ་སྐྱེས་ཀྱི་རིམ་པ་སྟེ། རྫུས་སྐྱེས་རིམ་པ་ཡང་དེ་དང་མཚུངས་པར་ཤེས་པར་བྱ་སྟེ། སྤྱིར ་སྐྱེ་གནས་བཞི་འགྲོ་བ་སྦྱང་བར་བྱ་བའོ། །ད་ནི་རྫོགས་པའི་རིམ་པ་གསང་བའི་དེ་ཁོ་ན་ཉིད་བསྟན་པ་ལས། རིམ་པ་བཞི་ལས། རྒྱུད་ཀྱི་རིམ་པ་ནི། གསང་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོར་རྒྱུ་མཐུན། མཆོག་ནི་སྙིང་གར་རྣམ་པར་སྨིན་པ། དགྱེས་པོ་ནི ་མགྲིན་པར་སྐྱེས་བུ་བྱེད་པ། སྤྱི་བོར་ཐམས་ཅད་ནི་དབང་དུ་གྱུར་པ་དྲི་མ་མེད་པའི་འབྲས་བུའོ། །བདག་ཉིད་ནི་སྨིན་མཚམས་སུ་ནུས་པ་བརྟན་པར་གྱུར་པ་མཛོད་སྤུའོ། །རྟག་ཏུ་བཞུགས་ནི་གསང་བ་བདེ་སྐྱོང་འཁོར་ལོར་མི་འགྱུར་བའི་ཡེ་ཤེས་སོ། །མཁའ་འགྲོ་ནི ་རླུང་སེམས་དབྱེར་མེད་ཀྱི་ཐིག་ལེ་དེ་རྩ་ཀུན་དར་དུ་བརྒྱུད་དེ། འཁོར་ལོ་དེ་རྣམས་སུ་འཕོ་འཇུག་བྱེད། དྲ་བ་ནི་ཡུལ་ཉེར་བཞི་རྩར་གསུམ་གྱིས་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ་དེ་ལས་སྟོང་ཕྲག་རེ་རེར་འགྱུར་བའི་དོན་ཏོ། །སྡོམ་པ་ཡིན་ནི་ཨེ་བཾ་མ་ཡཱ་ཨེ་བཾ། ་ཨ་ཧཾ་བདེ་སྟོང་དུ་སྡོམ་པའོ། །མཁའ་འགྲོ་ནི་རླུང་རྒྱུ་བ་གཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་ཕྲག་བཞི་ལས། ཀུན་དངོས་ནི་ཡེ་ཤེས་ཀྱི་རླུང་རྒྱུ་བ་བཅུ་གཅིག་དང་བཞི་ཆ་བྱང་ཆུབ་སེམས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའ་ནི་རྩ་ཡི་གེ་ཐིག་ལེ་དཔའ་བོ་རྣལ་འབྱོར ་མ་དབྱེར་མི་ཕྱེད་པའོ། །བདེ་བ་ནི་ཁམས་ཐིག་ལེ་དོན་དམ་གཉིས་མེད་དོ། །མཆོག་ནི་རྟེན་དང་བརྟེན་པ་དོན་དམ་དང་ཀུན་རྫོབ་ཁྱབ་བྱ་ཁྱབ་བྱེད་དོ། །འདི་ནི་ཐབས་ཤེས་རབ་གཉིས་མེད་དཔལ་ཧེ་རུ་ཀ་རྡོ་རྗེའོ། །རང་བྱུང་ནི་མ་བཅོས་པའི་དེ་བཞིན་ཉིད་ཀྱི་གནས་ལུགས་སོ། ། ་བཅོམ་ལྡན་དཔའ་ནི་སྐལ་པ་ལ་དབང་བ། དབང་ཕྱུག་ལ་སོགས་པ་དང་ལྡན་པ་འགྲོ་བས་གསུམ་ལ་གནས་པ་སྒྲོལ་བར་བྱེད་པའོ། །མཁའ་འགྲོ་ནི་རིགས་བདུན་གྱིས་བསྡུས་པའོ། །དྲ་བ་ནི་གནས་ལ་སོགས་པར་བཞུགས་ཏེ། ཐུགས་རྗེས་གཞན་དོན་དུ ་འབྲེལ་པ། སྡོམ་པ་ཡིན་ནི་ཨེ་བཾ་དུ་ཡང་དག་པར་འཁོར་ལོ་རྣམས་སུའོ། །སྔགས་ཀྱི་རིམ་པ་ལྟར་ན། གསང་བ་ནི་ཨ་ཧཾ་དེ་ཙཎྜ་ལི་དང་ཐིག་ལེའོ། །མཆོག་གི་ནི་ཡེ་ཤེས་དྲུག་པའི་རླུང་བདེ་སྟོང་ངོ། །དགྱེས་པ་ནི་འབར་འཛག་ཏུ་གྱུར་པའོ། །ཐམས་ཅད་ནི་མཉམ ་རྗེས་མེད་པར་རྟག་ཏུ་ནི་དེ་ཉིད་ལ་དམིགས་པ་གནད་དང་ལྡན་པ། བདག་ཉིད་ནི་རླུང་རིག་དབྱེར་མེད་གྲུབ་སྟེ་གཅིག་པ་སྐུ་དང་ཡེ་ཤེས་ཐ་དང་མེད་པ། བཞུགས་པ་ནི་ཀུན་དར་གྱི་གནས་མཁའ་དབྱིངས་རྣམ་དག་དུ་བདེ་སྟོང་ལྷན་ཅིག་སྐྱེས་པ་ཉིད་དོ། །མཁའ་ ་འགྲོ་ནི་རླུང་སེམས་རྩ་ཀུན་དར་ཙཎྜ་ལི་གྱེན་དུའོ། །བྱང་སེམས་མར་འབབ་པ་ལས། ཀུན་དངོས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་བཅུ་དྲུག་།སེམས་དཔའ་ནི་སྣང་བ་སྣ་ཚོགས་པ་ཏིང་ངེ་འཛིན་དུ་དག་པའོ། །རྡོ་རྗེ་ནི་བདེ་བ་མི་ཤིགས་པ། སེམས་དཔའ་ནི ་སྙིང་རྗེ་ཆེན་པོ། བདེ་བའི་མཆོག་ནི་དགའ་བ་རྣམས་ལས་ལྷན་ཅིག་སྐྱེས་པ་མཚན་ཉིད་མེད་པའི་སྐད་ཅིག་མའོ། །འདི་ནི་ཡེ་ཤེས་དོན་གྱིས་རང་བཞིན་ནོ། །རང་འབྱུང་ནི་བླ་མ་བརྒྱུད་པའི་བྱིན་རླབས་ལས་འཆར་བའོ། །བཅོམ་ལྡན་ནི་བདུད་ཚོགས་རང ་བཞིན་གྱིས་རྣམ་པར་དག་པའོ། །དཔའ་བ་ནི་གར་གྱི་ཉམས་དང་ལྡན་པས་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའོ། །མཁའ་འགྲོ་ནི་ཆོས་ཉིད་ཀྱི་ངང་དུ་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དོ། །དྲ་བ་ནི་ཆོས་ཉིད་མཉམ་གཞག་དང་བསམ་གཏན་ལས ་ལྟ་བར་འབྲེལ་བ་ཅན་ནོ། །སྡོམ་པ་ཡིན་ནི་ཐབས་ཤེས་རབ་གཉིས་མེད་ཡེ་ཤེས་སུ་བསྡུས་པའི་དོན་ཏོ། །ཡེ་ཤེས་ཀྱི་རིམ་པ་ལྟར་ན། གསང་བ་ནི་ཉམས་བདེ་བ། མཆོག་གི་ནི་གསལ་པ། དགྱེས་པ་ནི་མི་རྟོག་པའོ། །ཐམས་ཅད་ནི་བདེ་གསལ་མི ་རྟོག་པ་ཚོགས་པ་གཅིག་པར་གྱུར་པའོ། །བདག་ཉིད་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གནས་ལུགས་ཀྱི་དོན་ནོ། །རྟག་ཏུ་བཞུགས་ནི་རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་དུའོ། །མཁའ་འགྲོ་ནི་འཇུག་པ་ཀུན་རྫོབ་ཀྱི་ཡེ་ཤེས། ཀུན་དངོས་ནི་ལྡོག་པ་དོན་དམ་པའི་ཡེ་ཤེས། ་སེམས་དཔའ་ཨི་ན་བདེན་གཉིས་དབྱེར་མེད་དུ་གྱུར་པ་ལའོ། །རྡོ་རྗེ་ནི་སྟོང་པ་ཉིད་སྤྲོས་པ་མེད་པ། སེམས་དཔའ་ནི་གཞན་དོན་དུ་བྱམས་སྙིང་རྗེས་སོ། །བདེ་བའི་མཆོག་ནི་མི་འགྱུར་བས་རབ་ཏུ་མི་གནས་པ་ཟུང་འཇུག་ཚད་མེད་པའོ། །འདི་ནི་རང་འབྱུང་ནི་ཡེ་ཤེས་ལྷུན ་གྱིས་གྲུབ་པའོ། །བཅོམ་ལྡན་དཔའ་ནི་བདེ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་ཀུན་ལ་ཁྱབ་ཅིང་རྟེན་བྱེད་པའི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ། །མཁའ་འགྲོ་ནི་དུས་ཐམས་ཅད་དུ་དེ་བཞིན་ཉིད་ཀྱི་ངང་ལས་སོ། །པྲ་བའི་དོན་ཕྲིན་ལས་བཞི་ལ་སོགས་པས་གཞན་དོན་དང་འབྲེལ་བ། སྡོམ ་པ་ཡིན་ནི་འཁོར་ལོ་ལྔ་ལྡན་ཤེས་རྒྱུད་གཅིག་གིས་བསྡུས་པས་གནས་པ་བླ་ན་མེད་པའོ། །འབྲས་བུ་གསང་བའི་རིམ་པའི་དོན་ནི། གསང་བ་ནི་སྐུའི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་བདེ་མཆོག་འཁོར་ལོ། །མཆོག་གི་ནི་ཡོན་ཏན་གྱི་རིགས་ཀྱི་དཀྱིལ ་འཁོར་རིན་ཆེན་འབྱུང་ལྡན་བདེ་མཆོག་འཁོར་ལོ། །དགྱེས་པ་ནི་གསུང་གི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་འོད་དཔག་མེད་བདེ་མཆོག་འཁོར་ལོ། ཐམས་ཅད་ནི་ཕྲིན་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་གདོན་མི་ཟ་བ་བདེ་མཆོག་བདག་ཉིད་ནི་རྡོ་རྗེ ་རིགས་ཀྱི་གཙོ་བོ་མི་བསྐྱོད་པ་བདེ་མཆོག་འཁོར་ལོའོ། །རྟག་ཏུ་བཞུགས་ནི་རིགས་ཐམས་ཅད་ཀྱིས་བསྡུས་པ་ངོ་བོ་བྱང་ཆུབ་སེམས་རྡོ་རྗེ་དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །མཁའ་འགྲོ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཀུན་དངོས་ནི་རྣམ་པར་སྣང་མཛད་ཆེན་པོ་ཉིད་དོ། ་སེམས་དཔའ་ནི་ཐུབ་པ་སྤྲུལ་པའི་སྐུའོ། །རྡོ་རྗེ་ནི་ཆོས་སྐུ་སེམས་དཔའ་ནི་ས་ཆེན་པོ་ལ་གནས་པ་ཕྱིར་མི་ལྡོག་པའི་ཚོགས་སོ། །བདེ་པའི་མཆོག་ནི་ཟག་པ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུའོ། །འདི་ནི་རང་འབྱུང་ནི་གདོང་མ་ནས་རྣམ་པར་དག་པ་ངོ་བོ་ཉིད་ཀྱི་སྐུའོ། །བཅོམ ་ལྡན་དཔའ་ནི་ངོ་བོ་ཉིད་ཡེ་ཤེས་ཀྱི་སྐུ་བདུད་བཞི་བཅོམ་ཞིང་ལེགས་པའི་དོན་དང་ལྡན་པ། དཔའ་བོ་སྟེ་སྐྱེ་དགུ་ཐམས་ཅད་ཀྱི་འགྲོ་བའི་མགོན་དུ་གྱུར་པའོ། །མཁའ་འགྲོ་ནི་དབྱིངས་སྟོང་པ་ཉིད། ཡེ་ཤེས་བདེ་བ་ཆེན་པོ་ཡུལ་དང་ཡུལ་ཅན་གཉིས་མེད་དོ། །དྲ་བ་ནི ་རྟོགས་པ་ཐམས་ཅད་ལས་འདས་པའི་རབ་ཏུ་རྒྱས་པའི་དགའ་བ་བཞི་སྡོམ་པ་ཡིན་ནི་སྐད་ཅིག་བཞིའི་དད་དུ་ཟག་བཅས་ཀྱི་ཆོས་ཐམས་ཅད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ཡོན་ཏན་དང་འཕྲིན་ལས་ཚད་མེད་པའི་དོན་བླ་ན་མེད་པ་བསྟན་པའོ། །ཕྱག་རྒྱ་ཆེན་པོ ་གྲུབ་པ་ལྟར་ན། གསང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེ་སྟོང་སྐྱེ་མེད་དོ། །མཆོག་ནི་མ་སྐྱེས་པའི་རང་བཞིན་ནི་རྐྱེན་ལས་གྲོལ་བ། དགྱེས་པ་ནི་རང་རིག་འགག་པ་མེད་པའི་ཆོས་ཉིད་ཅིར་ཡང་འཆར་བ། ཐམས་ཅད་བདག་ཉིད་གཞན་དབང་ཀུན་བརྟགས ་ཡོངས་གྲུབ་ལས་འདས་པའོ། །རྟག་ཏུ་བཞུགས་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་རོ་མཉམ་ལྷན་སྐྱེས་ཉིད་དོ། །མཁའ་འགྲོ་ནི་རྟག་ཆད་ལ་སོགས་པའི་མཛའ་ལས་འདས་པའོ། །ཀུན་དངོས་ནི་ཀུན་རྫོབ་རྣམ་དག་དོན་དམ་དབུ་མར་རོ། །སེམས་དཔའ་ནི་ཐབས ་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའོ། །རྡོ་རྗེ་ནི་བདེ་ཆེན་མི་ཕྱེད་པ། སེམས་དཔའ་ནི་བྱང་ཆུབ་སེམས་མི་འགྱུར་བའོ། །བདེ་བའི་མཆོག་ནི་རྩ་ཀུན་དང་དུ་ཆོས་ཉིད་རླུང་སེམས་མི་རྟོག་པ་ཤར་བའོ། །འདི་ནི་རང་འབྱུང་ནི་ལྷན་ཅིག་སྐྱེས་པ་ལྷུན་གྲུབ་བོ། །བཅོམ ་ལྡན་ནི་སྐུ་ལྔ་རོ་མཉམ་མོ། །དཔའ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་ཡེ་ཤེས་མཚུངས་པ་མེད་པའོ། །ཌཱ་ཀི་ནི་འོད་གསལ་བའོ། །དྲ་བ་ནི་རང་གི་རྟོག་པ་ལས་འདས་པ། སྡོམ་པ་ཡི་ནི་ཟུང་འཇུག་སྤྲོས་མེད་དུ་སྡོམ་པ་ཉིད། འཁོར་འདས་ཀྱི་ཆོས་ཐམས ་ཅད་གཉིས་མེད་ཐ་དད་མེད་པའི་རང་བཞིན་དུ་གྱུར་པའོ། །ཐབས་དང་རྟོགས་པ་གོམས་པར་བྱེད་པ་བརྟན་པ་འབྱུང་བ་ནི་རྟེན་ཡེ་ཤེས་སྐྱེ་བའི་ཡུལ་ཙཎྜ་ལི་སྦྱར་བ་ལས་སྒྲ་ཚུལ་ནི་ཨ་ཧཾ་ངོ་ཕྲད་པ་ལས་བདེ་སྟོང་འཆད་པ། དེ་ཉིད་ལས་འབྱུང ་བ་ནི་བདེ་བ་གསལ་བ་མི་རྟོག་པ་འཆར་བའོ། །དམ་ཚིག་ནི་སྣང་གྲགས་ཐམས་ཅད་བདེ་ཆེན་ལས་འདའ་བ་མེད་པ། སྤྱོད་པ་སྟ་ཡུལ་ལྔ་བདེ་བ་ཟག་མེད་དུ་རོལ་པ། སྤྱོད་ཡུལ་ཡིན་ནི་ཡུལ་དང་དབང་པོ་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་བདེན་པ་གཉིས་རྣམ ་པར་དག་པའོ། །དེ་ལ་མ་རྟོགས་པ་རྟོགས་པར་བྱེད་པ་ལས། བུམ་པ་གསང་བ་སྔོན་དུ་འགྲོ་པས། ཤེས་རབ་ཡེ་ཤེས་ཀྱི་ལམ་ལྟར་ན། གསང་ཆེན་ཤིན་ཏུ་རྙེད་དཀའ་བ་སྟེ། སྒྲ་ནི་རིག་མ། ཚུལ་ནི་ཐབས་ལུས་ངག་ལྷ་སྔགས། ངེས་འབྱུང་ནི་བསྲུབ་པ་ལས ་བྱུང་བའི་དགའ་བ་དང་སྐད་ཅིག་མ་འཆར་བ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཞེས་པ་ཡུལ་དང་དབང་པོ་མཉམ་སྦྱོར་གྱི་ཏིང་ངེ་འཛིན་ཏོ། །གསང་ཆེན་དེས་འབྱུང་སླར་བསྟན་པ། ཐོག་མ་ནི་དགའ་བ། དབུས་མཆོག་དགའ་། མཐར་ནི་དགའ་བྲལ་ཡང་དག་གནས ་ནི་བདེ་སྟོང་ལྷན་ཅིག་སྐྱེས་པ་ཞུ་བ་དེའོ། །འཇིག་རྟེན་གསུམ་ནི་རྟོག་བཅས་ཀྱི་དགའ་བ་ཆགས་འཇིག་དང་བཅས་པའི་ཕྱིར། རྙེད་དཀའ་ནི་བློའི་སྤྱོད་ཡུལ་དང་རྟོག་གེ་ལས་དབེན་པའོ། །བདུན་པའི་སྒྲས་མི་གསལ་བར་འགྱུར་བ་ལས་འདས་པའོ། །དེ་ལས་བཞི་པ་ལྟར་ན། ་བླ་མ་བརྒྱུད་པའི་ཞལ་ལས་བྱུང་བའི་སྒྲ་ནི་རྗོད་བྱེད་གསང་བ། ཚུལ་ནི་སྒྲུབ་པ་པོ་ཉིད་ཀྱི་ཤེས་རྒྱུད་རང་རིག་པའི་ངོ་བོ་ལྷན་ཅིག་སྐྱེས་པ་དེ་ཉིད་ངེས་འབྱུང་བ་བླ་མའི་བྱིན་རླབས་ཀྱིས་སོ། །དམ་ཚིག་ནི་མཚོན་བྱ་མཚོན་བྱེད་ལས་འདས་པའི་གནས་ལུགས་ཉིད་དོ། །རང་བཞིན་དག་པ་ནི་ཐོག་མ ་དབུས་མཛའ་ནི་ཐོས་བསམ་བསྒོམ་པ། གནས་ཡང་དག་པར་ཞེས་གདོད་མ་ནས་ཁམས་རང་བཞིན་རྣམ་དག་འགྲོ་འོང་མེད་པར་རོ། །དེ་ཉིད་ལས་རྒྱུད་ཀྱི་རིམ་པ་ལྟར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ནཱ་དའི་སྒྲའི་ཚུལ་དེ་ཉིད་ལས། དེས་འབྱུང་བ་ནི་ཆོས་འབྱུང་བརྟེན་དང ་བརྟེན་པའི་དཀྱིལ་འཁོར་དུ་སྣང། དམ་ཚིག་ནི་སྟོང་ཉིད་ལས་འབྱུང་ཞིང་འཇུག་པའོ། །སྤྱོད་པ་ནི་དཔའ་བོ་རྣམས་སོ། །སྤྱོད་ཡུལ་ཡིན་ནི་རྣལ་འབྱོར་མ་རྣམས་དང། ཡབ་ཡུམ་གཉིས་མེད། །ངེས་འབྱུང་ལས་ཡང་ཐོག་མ་ནི་ཐུགས་ཀྱི་ཙཀྲ། དབུས་གསུང། མཐོང་ན་སྐུའི་འཁོར ་ལོ། །ཡང་དག་གནས་ནི་དམ་ཚིག་གི་འཁོར་ལོ་དང། བདེ་བ་ཆེན་པོའི་འཁོར་ལོ་ཉིད་དོ། །འཇིག་རྟེན་གསུམ་ནི་ལྷ་ཚོགས་དེ་དག་།ཕྱི་ནང་གི་ས་གསུམ་དུ་ཀུན་ཏུ་སྤྱོད་པའོ། །རྙེད་དཀའ་ནི་བླ་མའི་ལུང་དང་བྲལ་པ་ལའོ། །སྔགས་ལྟར་ན། སྒྲ་ནི་ཤེས་རབ་བདེ་བའི ་ཨའོ། །ཚུལ་ལས་ནི་ཐབས་ཧི་ལས་ཐིག་ལེའོ། །ངེས་འབྱུང་བ་ནི་སྐད་ཅིག་མ་བཞི་དང་དགའ་བ་བཞི་འཆར་བོ་དམ་ཚིག་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བ། སྤྱོད་པ་ནི་ལུས་སེམས་ཀྱི་སྤྱོད་ཡུལ་ཡིན་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་བདེ་སྟོང་དུ་འཆར་བའོ། །ཐོག་མ ་ནི་སྤྲུལ་པའི་འཁོར་ལོར་དགའ་བ་དང་པོ། །དབུས་ནི་ཆོས་ཀྱི་འཁོར་ལོར་མཆོག་དགའ་ཨོ། །མཐར་ནི་ལོང་སྤྱོད་འཁོར་ལོར་དགའ་བྲལ་ལོ། །ཡང་དག་གནས་ནི་སྤྱི་བོ་བདེ་ཆེན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའོ། །འཇིག་རྟེན་གསུམ་ནི་དགའ་བ་གསུམ་འཇིག་ཚོགས ་ཅན་ནོ། །རྙེད་དཀའ་བ་ནི་བདུན་པའི་ཚིག་གསུམ་པར་མི་མངོན་པར་གྱུར་པའོ། །ཡེ་ཤེས་ཀྱི་རིམ་པ་ནི། ཡབ་ཡུམ་འདུ་ཤེས་གསུམ་ལྡན་པས་སྒྲ་ནི་ཡེ་ཤེས་ཀྱི་རིག་མའི་ཆོས་འབྱུང་སྔགས་བཅས་པའོ། །ཚུལ་ནི་ཐབས་ཀྱི་གསང་བ་བྱིན་གྱིས་བརླབས་པ་ལས་མཉམ ་པར་སྦྱར་བའོ། །ངེས་འབྱུང་བ་ནི་རྟེན་མི་འདྲ་ཡང་ཉམས་འཆར་ཚུལ་མཚུངས་པའོ། །གསང་བའི་རིམ་པ་དང་སྦྱར་ན། ཤེས་རབ་སྟོང་ཉིད་དང་ལས་སྒྲའི་དོན་སྐྱེ་མེད། ཆུ་ལས་ནི་ཐབས་སྙིང་རྗེ་ཆེན་པོ། ངེས་འབྱུང་བ་ནི་དབྱིངས་ལས་ཡེ་ཤེས་ཐོགས་མེད་པར་རོ། །དམ་ཚིག་ནི་ངོ ་བོ་ཉིད་ཀྱི་སྐུ་སྤྱོད་པ་ནི་ཡིད་བཞིན་ནོར་བུ་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ། སྤྱོད་ཡུལ་ཡིན་ཞེས་ལོངས་སྐུ་དག་པའི་ཞིང་ཁམས་སུའོ། །སྤྲུལ་སྐུ་ཐུབ་པ་འགྲོ་བ་རྣམས་ལ་ཆོས་གསུང་བར་མཛད་པའོ། །ཐོག་མ་ནི་ཆོས་སྐུ། དབུས་ནི་ལོངས་སྤྱོད་རྫོགས་པ། མཐར་ནི ་སྤྲུལ་སྐུའོ། །ཡང་དག་གནས་ནི་བདེ་བ་ཆེན་པོའི་སྐུ་བླ་ན་མེད་པའོ། །འཇིག་རྟེན་གསུམ་ནི་རྣམ་ཐར་སྒོ་གསུམ་སྐད་ཅིག་མ་ས་བཅུ་གསུམ་པའི་དུས་སོ། །རྙེད་དཀའ་བ་ནི་ཐ་སྙད་སྤྲོས་པ་ལས་དབེན་པ་བརྗོད་བྱ་དོན་གྱི་གསང་ཆེན་ནོ། །དེ་ཁོ་ན་ཉིད་རྙེད་པར་ཡང་རྟོགས ་པར་དཀའ་བའི་ཆོས་ཏེ་ཐབས་ཀྱི་ཁྱད་པར་གང་ལས་རྟོགས་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན་ཞེས་སྨོས་སྟེ། ཤེས་རབ་ནི་དབང་པོ་རབ་ཀྱི་རྣལ་འབྱོར་པས་སོ་སོ་རང་གིས་རིག་པའི་ཤེས་པས་ཆོས་ཐམས་ཅད་ལ ་དངོས་པོ་མེད་པར་རྟོགས་པའོ། །ཐབས་ནི་བླ་མ་དམ་པའི་བྱིན་རླབས་ཀྱིས་དངོས་པོའི་མཚན་ཉིད་སྐྱེ་མེད་དུ་རྟོགས་པས། ཀུན་སྦྱོར་བ་ནི་གཉིས་མེད་ཡེ་ཤེས་གསང་བ་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར་པར་བྱ་བའོ། །དེ་ཉིད་ལ་མ་རྟོགས་པ་རྟོགས་པར་བྱེད་པ་དབང་ལྟར་ན། ཤེས་རབ་ནི་བུམ་པའི ་དབང་ལས། རིག་པའི་དབང་ལྔས་ཡེ་ཤེས་དང་ལྡན་པའི་ནུས་པ་བཞག་ཐབས་དེ་ཉིད་ཀྱི་དུས་སུ་ཀུན་སྦྱོར་བ་རྡོ་རྗེ་སློབ་དཔོན་གྱི་དབང། ཕྱིར་མི་ལྡོག་པར་བྱེད་པའོ། །བསམ་གཏན་ནི་ཏིང་ངེ་འཛིན་གྱི་བྱེད་ལས་དང། སྔགས་བཟླས་སྙིང་པོ་ཉེ་སྙིང་ལ་སོགས་པ ་བརྗོད་པའོ། །ལ་སོགས་ལྡན་ནི་དབང་རྫས་གཏད་པས་ངེས་པར་ཏེ། རྗེས་གནང་ལ་སོགས་པ་བྱ་བའོ། །གསང་དབང་གི་ནི། ཤེས་རབ་ནི་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །ཐབས་ནི་བླ་མའོ། །ཀུན་སྦྱོར་བ་ནི་བླ་མ་ཡབ་ཡུམ་ཧེ་རུ་ཀའི་རང་བཞིན་བསྲུབས་པ་ལས་བྱུང་བའི ་སྦྱིན་པའོ། །སྔགས་བཟླས་ནི་ཨ་ནུ་རཱ་ག་ལ་སོགས་པ་བརྗོད་པ། བསམ་གཏན་ནི་ལྷའི་ང་རྒྱལ་དང་ལྡན་པས་སོ། །ལ་སོགས་ལྡན་པའི་དགའ་བ་ཟག་བཅས་ལ་བརྟེན་ནས་ལུང་བསྟན་པ་ཐོབ་པའོ། །དབང་གསུམ་པའི་ཤེས་རབ་ནི་རིག་མའོ། །ཐབས་ནི་རིག་མ་གཏང་བ་དང་མཁའ་ ་གསང་བྱིན་རླབས་ལྷའི་ང་རྒྱལ་ལྡན་པས་སོ། །སྔགས་བཟླས་ནི་ཨཱ་ལི་ཀཱ་ལི་སྤེལ་མ་སྡེ་མཚན་གང་གིས་དུས་སུ་བབ་པའི་ཡེ་ཤེས་ངོས་འཛིན་པའོ། །བསམ་གཏན་ནི་དགའ་བ་དང་སྐད་ཅིག་མ་ལས་དོན་གྱི་ཡེ་ཤེས་རྟོགས་པར་བྱ་བའོ། །ལ་སོགས་ལྡན་ནི ་ལུས་ཀྱི་འཕྲུལ་འཁོར་ཕྱག་རྒྱའི་གདན་བཅིང་པར་བྱ་བ་བསྡུས་པའོ། །དེ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལམ། ཕྱག་རྒྱ་བཞིས་ཐབས་ཤེས་རབ་རོ་གཅིག་ཏུ་ལམ་དུ་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ནི་ལྷན་སྐྱེས་ཞིང་སྐྱེས། སྔགས་སྐྱེས་ཡེ་ཤེས་ལས་བྱུང་པའི་རིག་མའི་རྩ་རྡོ ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་དུ་འཆར་བ་དང། ཐབས་བདེ་བ་དབྱེར་མེད་ཉིད་དེ། བདེ་སྟོང་ལྷན་ཅིག་སྐྱེས་པར་འཆར་བ་སྦྱོར་བའོ། །ཆོས་ཀྱི་ཕྱག་རྒྱའི་ནང་དུ་ཙཎྜ་ལིའི་བྱེད་པས། ཡུལ་འདོད་ཡོན་ལྔའི་རང་བཞིན་ཤེས་རབ་ཀྱི་ཉམས་ལ། ་ཐབས་དབང་པོའི་སྤྱོད་པ་སྣང་བ་གསལ་སྟོང་ལྷན་ཅིག་སྐྱེས་པར་སྦྱོར་བ་གཉིས་སུ་མེད་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཉམས་མྱོང་དེ་ཉིད་ལས་འབྱུང་བ་བཞི་ཐིམ་བས། འོད་གསལ་ཤེས་རབ་སྟོང་ཉིད་སྤྲོས་མེད་ལས། ཐབས་ཞུ་བདེ་ལྷན་ཅིག་སྐྱེས་པ་རིག་སྟོང་གཉིས་མེད ་དུ་ཀུན་སྦྱོར་བ་ཡེ་ཤེས་སུ་འཆར་བའོ། །ཕྱག་རྒྱ་ཆེན་པོ་ལ་ནི། ཤེས་རབ་ཆོས་ཐམས་ཅད་མཁའ་ལྟར་རྣམ་པར་དག་ལ། ཐབས་རང་བཞིན་ལྷན་ཅིག་སྐྱེས་པ་གཉུག་མ་བདེ་ཆེན་མི་འགྱུར་བར་ཀུན་སྦྱོར་བ། ཟུང་འཇུག་ཏུ་འགྱུར་བའོ། །བདེ་བ་རྟོག་མེད་ཙམ་ལ་དཔེའི ་ཡེ་ཤེས་སུ་འདོད་པ་ཡང་ཡོད་ལ། བདེ་ཆེན་དེ་ཉིད་འོད་གསལ་རྣམ་པར་མི་རྟོག་པ་དོན་གྱི་ཡེ་ཤེས་ནི། ཀུན་སྦྱོར་བ་ཞེས་གཉིས་མེད་རོ་མཉམ་ཆེན་པོར་འགྱུར་བའོ། །སྔགས་བཟླས་རླུང་འགྲོ་འོང་དང་འབྲལ་བའི་དབུ་མར་ཆུད་པས་གནས་པའོ། །བསམ ་གཏན་གྱི་ཏིང་ངེ་འཛིན་ཁམས་གསུམ་གྱི་ཉམས་ཐོད་རྒལ་དུ་འཇུག་པ་ལས་འདས་པ་ཞི་གནས་ལྷག་མཐོང་དབྱེར་མེད་བདེ་སྟོང་རོ་གཅིག་གོ་།ལ་སོགས་ལྡན་ཁྱད་པར་གྱི་མཆོད་པ་དང་སྦྱིན་སྲེག་དང་བརྟུལ་ཞུགས་སྤྱོད་པ་ཐམས་ཅད། ཕྱག་རྒྱ་བཞི་ལྡན་དུ་གྱུར ་པས་མྱུར་དུ་ཡེ་ཤེས་འགྲུབ་པའོ། །དེ་ཉིད་ལ་མཁའ་འགྲོ་རྒྱ་མཚོ་ལས། གསང་བ་སྒྲ་དོན་འབྲེལ་བའི་ཚུལ། །དཀྱིལ་འཁོར་འཁོར་ལོ་ངེས་འབྱུང་རིགས། །བསྡུས་དང་སོ་སོ་དམ་ཚིག་གི། སྤྱོད་ཡུལ་ལུས་སེམས་བདེ་བར་རོལ། །ཐོག་མ་བར་དང་མཐར་དགད?། ་དེ་ཉིད་གསང་རིམ་སྐུ་གསུམ་མཆོག་།སྲིད་གསུམ་ལས་ནི་རྣམ་དག་པའི། །ཡེ་ཤེས་རྙེད་དཀའ་ཡང་དག་གནས། ཀུན་སྦྱོར་ཤེས་རབ་དང་ལྡན་པས། །རླུང་ལས་རྣམ་རྒྱལ་ཏིང་འཛིན་གནས། ཕྱག་རྒྱ་བཞི་ལ་སྣ་ཚོགས་ཐབས། །སྦྱོར་བའི་ཆོ ་ག་བསྟན་པ་ནི། །རྡོ་རྗེ་རྣལ་འབྱོར་མ་ལ་ནི། །འཛིན་པའི་དོན་དུ་བསྐུལ་ཅིང་གདམས་ཞེས་གསུངས་པའི་དོན་ཏོ། །སྙིང་པོ་བསྡུས་པ་ལ་གདམས་པ། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། ཞེས་པའི་དོན་ལ། སྦྱོར་ཉིད་ནི། ཨེ ་བཾ་སྟེ་སྡོམ་པ་ཐམས་ཅད་ཀྱི་བདག་ཉིད། དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་མི་ཕྱེད་པའི་རྡོ་རྗེ་གནས་པའོ། །ཆོ་ག་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྟོག་པ་གསང་བའི་རིམ་པ་མྱུར་དུ་དངོས་གྲུབ་མངོན་དུ་བྱེད་པའོ། །ཡེ་ཤེས་ནི་ལྷན་ཅིག ་སྐྱེས་པ་དེ་ལས་སྤྲོ་བ་དང་སྡུད་པ་སྟོན་པའོ། །ཡང་ན་སྦྱོར་བ་ཉིད་ནི་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་སྡོམ་པ་དཀྱིལ་འཁོར་འཁོར་ལོ་ཕྱི་ནང་དུ་སྟོན་པ། དུ་མའི་འབྱུང་གནས་སོ། །ཆོག་ནི་ལྷའི་འཁོར་ལོའི་རྣམ་པར་སྣང་བ་ལས། དེ་ཉིད་ལྷའི་ངོ་བོ་བདེ་སྟོང་ལས་ཞི་བ་དང ་ཁྲོ་བོའི་སྐུའི་རྣམ་པ་དུ་མར་སྟོན་པས་ཕྲིན་ལས་སྣ་ཚོགས་སུ་འཆར་བའོ། །ཡེ་ཤེས་ནི་བདེ་བསལ་མི་རྟོག་པའི་ཆོས་ཉིད་འགག་པ་མེད་པ་ལས་མཁྱེན་པ་དང་ལྡན་པའོ། །རྒྱུད་ནི་བརྗོད་བྱ་དོན་གྱི་གསང་ཆེན། གཞི་རིགས་ལ་གནས་པ་རྒྱུའི་རྒྱུད་ཁམས་རང ་བཞིན་རྣམ་དག་ལས། ལམ་ཐབས་རིམ་པ་སྤྱོད་པ་དང་དམ་ཚིག་སྡོམ་པས་རྒྱུད་ལ་སྦྱངས་པ་ཐོབ་པར་བྱེད་པ་དང། མངོན་དུ་གྱུར་པའི་སྐུ་དང་ཡེ་ཤེས་ཐོགས་པ་མེད་པར་འཆར་བ་འབྲས་བུའོ། །རྗོད་བྱེད་སྒྲའི་རྒྱུད་ཀྱི་གསང་བ་ཚོགས་པ་དང་ལྡན་པས ་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་དོན་ཏོ། །དེ་ལས་གསུངས་པ་ནི་དཔལ་རྡོ་རྗེ་འཆང་གིས་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་བསྟན་པའོ། །མཉན་པར་གྱིས་ཞེས་རྡོ་རྗེ་རྣལ་འབྱོར་མ་ལ་ཉེ་བར་གདམས་པའོ། །གསུང་བའི་ཐབས ་མཆོག་གནས་ནི་ངེས་པའི་རྒྱུད་དེ། དགའ་བ་ཡེ་ཤེས་རྟོགས་པར་འགྱུར་བ་རིམ་པ་དབྱེར་མེད་ཉིད་བདེ་བ་ཡུལ་ནི་སྙིང་པོ་གསང་བ་ཐབས་དང། ཐབས་ལས་བྱུང་བ། རང་འབྱུང་ཆོས་ཉིད་སྙིང་པོ་འདིར་བསྟན་པ། རྡོ་རྗེ་རྣལ་འབྱོར་མའི་རབ་བསྐུལ་ནས་ནི། གསང་བའི ་དམ་ཚིག་དཀྱིལ་འཁོར་འཁོར་ལོ་བདག་བྱིན་བརླབ། ཅེས་གསང་བ་མཛོད་ལས་སོ། །དེས་གླེང་བསླང་བ་བསྟན་པའོ། །དེ་ལ་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་འདིར་ནི། གཙང་སྦྲ་གསུམ་ལ་གནས་པར་བྱ་བ་ལས་དང་པོ་ཁོ་ན་ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ་ཅེས ་པས་དེའི་དོན་ལ། ཕོ་ཉའི་གཙང་སྦྲ་དང་པོ་ཡིན་ཞེས་རྣལ་འབྱོར་མ་ཕྱི་དང་ནང་དུ་གནས་པའི་རིག་མ་མཉེས་པ་ལས་ཡེ་ཤེས་གྲུབ་པར་བསྟན་པའི་ཕྱིར་རོ། །དང་པོར་ཕོ་ཉ་ངོས་གཟུང་བ་བསྟན་པ་ལ། དེས་ནི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་ཅིང་ཕྲིན ་ལས་རྣམས་ཐོགས་པ་མེད་པར་བསྒྲུབ་པ་སྟེ། ཤེས་རབ་ཀྱི་ཕོ་ཉ་དང་ཐབས་ཀྱི་ཕོ་ཉ་དང། གསང་བ་ཡེ་ཤེས་ཀྱི་ཕོ་ཉ་བསྟན་པའོ། །དེ་ལ་དང་པོ་གསང་བ་ཤེས་རབ་ཀྱི་ཕོ་ཉའི་ཁྱད་པར་ནི་ལྷན་ཅིག་སྐྱེས་ཞེས་སྨོས་ཏེ་དེ་ནི་རྣམ་པ་འགྲོ་བ་ལ་ལྷ་མོའི་ཚུལ་དུ་སྣང ་བ་སྟོང་པ་རྣམས་ཏེ། འོག་མིན་ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དུ་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི་དཀྱིལ་འཁོར་ཆེན་པོ་ཚད་མེད་པ་ན་གནས་པའི་རྣལ་འབྱོར་མ་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་བཞུགས་ཤིང་འཁོར་ཚད་མེད་པ་དང་ལྡན་པ་རྣམས་སོ། ། ་གཉིས་པ་ཕོ་ཉ་ཞིང་སྐྱེས་ནི་ཐུགས་རྗེ་ཆེན་པོ་མངའ་བས་ཛམྦུའི་གླིང་དུ་ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པར་འབྱུང་བ་སྟེ། རྣལ་འབྱོར་མའི་རྣམ་པའི་གཟུགས་སུ་སྟོན་པ། ངོ་བོ་ཉིད་ཀྱི་བླ་ན་མེད་པའི་ཆོས་ཐམས་ཅད་ལ་གནས་པའི་ཏིང་ངེ་འཛིན་གྱི་སྟོན་དང་ལྡན་པའོ།། ་གསུམ་པ་ཕོ་ཉ་སྔགས་སྐྱེས་ནི་ཡུལ་དབུས་ལ་སོགས་པར་མཁའ་འགྲོའི་སྐྱེ་གནས་འཛིན་པ་སྟེ། རྒྱུད་ལམ་གྱིས་སྦྱངས་པ་ཐོབ་པ་ལས་རྟེན་དུ་གྱུར་པ་འགའ་ཞིག་གོ་།གྲུབ་པ་སྟེར་ཚུལ་ནི། མཆོག་དང་འབྲིང་དང་ཐ་མ་སྟེ་ཞེས་པས་མཆོག་ནི་ལྷན་ཅིག་སྐྱེས ་མ་སྟེ་ཡེ་ཤེས་ཀྱི་སྣང་བ་སྟོན་པ་ལ། བརྡ་དང་བརྡའི་ལན་ལུས་བརྡ་དག་བརྡ་ལ་སོགས་པས་ལེགས་པར་བརྟགས་ཏེ། དེས་ནི་ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བས་བླ་ན་མེད་པའི་མཆོག་ཕྱག་རྒྱ་ཆེན་པོ་གྲུབ་པ་སྟེར་བར་བྱེད་པའོ། །འབྲིང ་དང་ཞེས་པ་ནི་ཞིང་སྐྱེས་མ་གྲུབ་པ་རྣམས་དང་ཕྲིན་ལས་སྣ་ཚོགས་ཏེ། ལས་ཆེན་པོ་ལ་སོགས་པ་ཉེ་བ་ཉེ་བར་འགྲུབ་པར་བྱེད་པ་ཉིད་ཀྱིས་ཌཱ་ཀི་མ་ངོས་ཟིན་པས་ཡོན་ཏན་འབྱུང་བའོ། །ཐ་མ་ནི་སྔགས་སྐྱེས་མ་སྟེ་གྲུབ་པ་དང་དེ་དང་ཉེ་པའི་ཆོས་མཐུན་གྲུབ་ཏུ་རུང་བ་སྟེ། ་ལམ་ཉེ་བར་བགྲོད་པའི་སྤྱོད་པ་བསྟན་པ་སྟེ། དམ་ཚིག་སྤྱོད་ཡུལ་ཞེས་པའི་དོན་བསྟན་པ་ཡིན་ནོ། །རིགས་ལྡན་གྱི་ཁྱད་པར་བསྟན་པ་ལས། ཕོ་ཉ་ནི་རྫུ་འཕྲུལ་གྱི་ནུས་པ་དང་ལྡན་པ་སྟེ། རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་གནས་ལུགས་ལས་འབྱུང་བ་བཞི་རླུང་ལས་སུ ་རུང་བས་རླུང་གི་བྱེད་ལས་ཆོས་ཉིད་ཀྱི་རླུང་ནི་རང་བཞིན་ལུས་ལ་གནས་ནས་ཀུན་ཏུ་མི་གཡོ་བའི་ལས་བྱེད། ལས་ཀྱི་རླུང་ནི་རྩོར་རྐྱང་གཉིས་ལ་གནས་ནས། གཟུང་འཛིན་བསྐྱེད། དག་པའི་ཆ་ནི་གཡོན་གྱི་སྐྱེ་མེད། གཡས་འགགས་པ་མེད་པའོ། །ཡེ་ཤེས ་ཀྱི་རླུང་རྩ་དབུ་མར་གནས་པས་རྟོག་པ་སྤངས་པ་བདེ་ཆེན་མཆོག་ཏུ་གྱུར་པར་བྱེད་པས་ན། གཟུང་འཛིན་དབུ་མར་འགོག་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་འཆར་བའོ། །མཆོག་ནི་རྩ་ཀུན་དང་ལས་སོ། །འབྲིང་ནི་གཡོན་རྐྱང་མ་ཤེས་རབ་ཀྱི་ཆའོ། ་ཐ་མ་ནི་གཡས་རྩ་རོ་མ་ཐབས་ཀྱི་ཆ་སྟེ། གཡས་གཡོན་རླུང་རྩོལ་བ་དབུ་མར་ཡོན་ཏན་འབྱུང་བའོ། །ཡིད་ནི་ནང་དུ་ཆུར་བ་ཡིས། འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་པ་ལ། ཕོ་ཉ་དང་པོས་ནི་གསང་བ་མཆོག་བདེ་ཆེན་ཤིན་ཏུ་མྱུར་བར་སྟར་བ་སྟེ་ཐེ་ཚོམ་མེད་པས་སོ ་གཉིས་པས་ནི་གྲུབ་པ་ལས་དང་བཅས་པ་མྱུར་དུ་སྟེར་བས་རྟོག་པ་མེད་པར་བྱས་བས་བརྟེན་པའོ། །གསུམ་པས་ནི་ཚེ་གཅིག་གིས་འགྲུབ་པ་སྟེ། ལོག་པར་རྟོག་པ་ཐ་མལ་འདུ་ཤེས་དང་བྲལ་བས་མན་ངག་དང་ལྡན་པས་སོ། །དེས་ཡིད་ཀྱི་རྣམ་ཤེས་ལམ་དུ་གྱུར་པས ་སྐད་ཅིག་མ་དང་དགའ་བ་བཞི་ལས། འདོད་ཡོན་ལྔ་ལམ་དུ་ཁྱེར་བས་དངོས་གྲུབ་མཆོག་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ཡང་ཁྱད་པར་དུ་ནི། རྣལ་འབྱོར་པས་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་ང་རྒྱལ་བརྟན་པ་ལས། ཡིད་ཀྱིས་རྣམ་ཤེས་དབུ་མར་འཇུག་པའི་གནད་དེ། ཁམས ་གཞན་གྱི་བདུད་རྩི་ལེན་པས་ངེས་པར་འགྲུབ་པ་ནི། ཙཎྜ་ལི་འབར་བ་ལ་བརྟེན་ནས། རྟགས་བཅུ་ཡོན་ཏན་བརྒྱད་ཀྱི་དངོས་གྲུབ་ཀྱི་མཐར། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བཅུད་བླངས་ནས་འབྱུང་བ་དང་འཇུག་པའི་སྒོ་ནས་བདག་ཉིད་ལ་བསྟིམ་པས་ནི། ་བདག་བྱིན་གྱིས་བརླབ་པའི་ལམ་བསྒྲུབ་པར་བྱ་བ་ཐུན་མོང་མ་ཡིན་པའི་ལམ་མོ། །ད་ནི་རིགས་ལྡན་མཆོད་པར་བྱ་བའི་དོན་ལས། ཐོག་མར་མཆོད་པའི་རྫས་གང་ཡིན་པ་ནི། དབུགས་འབྱིན་ཞེས་པ་ལ་སོགས་པས་བསྟན་ཏེ། འཁོར་བ་སྡུག་བསྔལ་ལས་ལམ་གྱི ་ཡེ་ཤེས་ཅིག་ཅར་དུ་སྐྱེ་བར་བྱེད་པས་དབུགས་འབྱིན་པ་མི་སྐྱེ་བ་བདུན་པའི་ཤ་ཆེན་པོའོ། །བར་མ་ནི་གཡས་རོ་མཱི་ཆ་ལས་འབྱུང་བའི་སིཧལའོ། །མཆོག་ནི་ཀུན་དེ་ལྟ་བུའི་ཐིག་ལེ་ཟླ་བའོ། །དྲི་ནི་གཞི་མཉམ་མོ། །ཆུ་དང་ནི་བླ་རྩི་རྡོ་རྗེའི་རིགས་སོ། །བཅས་པ་ནི་དེ་དག་ལྷན ་ཅིག་ཏུ་སྦྱོར་བར་བྱ་བདུད་རྩི་ལྔ་པོ་དེ་ཉིད་སངས་རྒྱས་རིགས་ལྔའི་རང་བཞིན་གྱིས་གདོད་མ་ནས་བྱིན་གྱིས་བརླབས་པ་མ་ད་ནས་སྦྱར་བ་འམ་བའི་འོ་མ་སྦྱར་བར་བྱ་བའོ། །ཀྱང་ཞེས་ཤ་ལྔ་དང་སྡོམས་པས་དཀྱིལ་འཁོར་སྒྲུབ་པ་དང་རྗེས་སུ་འབྲལ་པས་ཕྱི་ནང་གསང་བ ་དེ་ཁོ་ན་ཉིད་ཀྱི་མཆོད་པས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བདེ་ཆེན་དུ་མཆོད་པའོ། །ཁྱད་པར་དུ་ནི། དབུགས་འབྱིན་ནི་ཀུན་རྫོབ་སྒྱུ་མ་ལྟ་བུའི་ལྷ་སྐུའི་ངང་ལས་།རྩ་ཀུན་དར་དུ་ལས་ཀྱི་རླུང་ཆུད་པས་དོན་དམ་འོད་གསལ་རྟོགས་པས་སོ། །བར་མ་ནི་ཡོན་ཏན་ཅུང་ཟད་བསྐྱེད ་པ། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་འགྲོ་བས་གཟུང་འཛིན་ལྡོག་པའོ། །མཆོག་ནི་ཀུན་ད་ལམ་དུ་སློངས་པས་ཡེ་ཤེས་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་དུའོ། །ཁམས་ལྔའི་སྙིགས་མ་དུག་ལྔ་ཡིན་ལ། དངས་མ་ལས་རིགས་ལྔའི་དཀྱིལ་འཁོར་འཆར་བས་ན། དེ་ནི ་སྣའི་དབང་པོ་ལ་སོགས་པ་སྒོ་སྔར་ཡན་ལག་རོ་མཉམ་པར་སྤྱོད་པའོ། །ཆུ་དང་ནི་རྩ་བའི་ཁོང་ན་གནས་པ་ལུས་ལ་གནས་པའི་བདུད་རྩིས་རྩའི་འཁོར་ལོ་ཐམས་ཅད་འགེངས་པའོ། །བཅས་པས་ཀྱང་ཞེས་ལུས་ཕྱི་ནང་དུ་དབང་པོས་ཡུལ་ལ་སྤྱོད་པས ་ར་ས་ཡཱ་ནར་གྱུར་བའོ། །རྣལ་འབྱོར་པས་ཞེས་གང་དུ་གང་ལ་གང་གིས་མཆོད་པའི་དུས་སྟོན་པ་སྟེ། ཐབས་ཤེས་རབ་གཉིས་ཧེ་རུ་ཀའི་བསམ་གཏན་དང་ལྡན་པས། དུས་རྟགས་ཁྱད་པར་ཞེས་པས་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ་བར་བྱ་བ། སྐྱེས་པར་རྟན་པ། དེ་ལས ་ཕོགས?་དང་ཡོན་ཏན་བསྐྱེད་པའི་ཆེད་དུ། ཕྱིར་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་སོགས་པ་དང། ནང་དུ་ཚོགས་ཁྱད་པར་ཅན་རྫོགས་པར་བྱ་བའི་དོན་དུ་ལུས་ཀྱི་གནས་ཐམས་ཅད་དུ་ཁམས་འཇུག་པ་དང། དབང་དུ་བྱས་པ་དང། ལོངས་སྤྱོད་ལ་དང་ཐིམ་པར་འགྱུར་བ་གནས ་དང་ཉེ་བའི་གནས་ལ་སོགས་པར་རླུང་གི་འཕོ་བ་དཔའ་བོ་དང་རྣལ་འབྱོར་མ་གཉིས་མེད་བདེ་བར་རོལ་པའི་དུས་འབྱུང་བ་རྟོགས་པར་བྱ་བའོ། །མཆོད་པའི་ཡུལ་ནི། རིགས་ལྡན་རྣམས་ནི་མཆོད་པར་བྱ་ཞེས་པས། རིགས་ལྡན་རྣམས་ཞེས་པ་ལ་ཕྱི་དང་ནང་གི་ལས། ་དང་པོ་ནི་ཞིང་སྐྱེས་མ་ལ་སོགས་པ་དེ་དག་གི་སྤྱོད་ལམ་དང་ངང་ཚུལ་དང་ལུས་ངག་གི་བརྡའི་རྣམ་པར་འགྱུར་བ་ལ་སོགས་པར་བྱས་ལ། རྣལ་འབྱོར་མ་སུམ་ཅུ་སོ་དྲུག་ལ་སོགས་པ་ཐམས་ཅད་རིགས་བདུན་དུ་ཤེས་པར་བྱས་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་དང ་དམ་ཚིག་དང་ཡེ་ཤེས་ལ་སྤྱོད་པའི་ཁྱད་པར་རྟོགས་པས། དེ་ཁོ་ན་ཉིད་ཀྱི་མཆོད་པས་བརྟེན་པར་བྱ་བའོ། །གཉིས་པ་ནང་གི་ནི། རིགས་ལྡན་ནི། ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་ན་གནས་པའི། ཌཱ་ཀི་མ་རྣམས་འདུས་པའི་དུས་གནང་ཤེས་པས་བསམ་གཏན་དང་རྣལ་འབྱོར་གྱི ་སྟོབས་ཀྱིས་འདུ་བ་དང་ཉེ་བར་འདུ་བ་ཤེས་པས། དབྱེ་བ་དང་བསྡུ་བའི་རིམ་པ་ཤེས་པར་བྱ་བས་མཆོད་པར་བྱའོ། །དེ་ཉིད་ལས་ཡང་རང་རྫས་ཐིག་ལེ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་ལུས་ཀྱི་རྒྱུ་མཐུན་ལས་བྱུང་བའི་བྱང་སེམས་ཀྱི་དཀྱིལ་འཁོར་པ་ལ་མཆོད་པ་ནི། ་ཕུང་པོའི་སངས་རྒྱས་དང་ཁམས་ཀྱི་རིག་མ་ལྷ་མོ་དང། སྐྱེ་མཆེད་ཀྱི་བྱང་ཆུབ་སེམས་དཔའ་དང། ཡུལ་གྱི་ལྷ་མོ་རྣམས་དང། ལུས་ཀྱི་ཆ་ཤས་ལ་གནས་པའི་ཁྲོ་བོ་ཡབ་ཡུམ་ལ་སོགས་པ་མཆོད་པར་བྱ་བ་ཡུལ་དང་ཡུལ་ཅན་གྱི་ཚུལ་གྱིས་སོ། །ཡང་ན་རང་རྫས་ནི་རང་རིག་པ ་འདི་ཉིད་དོ། །རླུང་རིག་དབྱེར་མི་ཕྱེད་པའི་ཐིག་ལེས་ཞེས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྱུང་གནས་སུ་རིག་པར་བྱ་བ་ལས། སངས་རྒྱས་ནི་ཡེ་ཤེས་ལྔའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའོ། །བྱང་ཆུབ་སེམས་དཔའ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དེ། ཚད་མེད་པ ་དང། དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་དང། སྒོ་མཚམས་མ་དང་བཅས་པ་ལ་མཆོད་པར་བྱེད་པ་དཀྱིལ་འཁོར་པ་ལ་ཟབ་པ་ཤེས་རབ་དང། ཐབས་རྒྱ་ཆེ་བ་ཡུལ་དང། དབང་པོ་གཉིས་མེད་ཀྱི་ཚུལ་དུ་མཆོད་པར་བྱ་བའོ། །དེ་ཉིད་ལ་རིགས་ལྡན་མཆོད ་པའི་ཕན་ཡོན་གྱི་ཆེ་བ་ནི། མཐོང་བ་དང་ནི་ཞེས་པ་ལ་སོགས་པས་བསྟན་པ་ཉིད་དེ། བདེ་བ་ལམ་དུ་བྱེད་པ་རིགས་ལྡན་བསྟེན་པའི་དུས་སུ་གཟུགས་རྡོ་རྗེ་མ་མཐོང་བ་དང་བལྟས་པ་ཙམ་གྱིས་སོ། །སྒྲ་རྡོ་རྗེ་མཐོས་བས་བདེ་བ་བསྐྱེད་པ་དང། དྲི་རྡོ་རྗེ་མ་བསྣམས་པས་དྲིའི ་བྱེ་བྲག་པདྨ་དང་དབང་དང་སིཧལ་ལ་སོགས་པ་དང། རོ་རྡོ་རྗེ་མཆུའི་སྦྲང་རྩི་ལྟར་མྱང་བ་དང། ལྷ་མོ་རེག་རྡོ་རྗེ་མ་ལས་ཐོབ་པའི་བདེ་སྟོང་ཡེ་ཤེས་ཀྱི་ཉམས་མྱོང་དེ་ཉིད་དྲན་པའི་ཡོན་ཏན་ཏིང་ངེ་འཛིན་ཁྱད་པར་ཅན་གོང་དུ་འཕེལ་བར་བྱེད་པའི་ནུས་པའི་སྟོབས་འབྱུང ་བའོ། །ཡང་ན་བདག་ཉིད་སྒྲུབ་པ་པོ་ཡོན་ཏན་དང་ལྡན་པ་དེ་ཉིད་ལ། གཞན་དག་གིས་མིག་གིས་མཐོང་བ་དང་ནི་ལུས་ཀྱི་ཡུལ་དུ་རེག་པ་དང་ཆོས་སྨྲ་བ་རྣ་བས་ཐོས་པ་དང་ནི་ཞེས་གསུང་གིས་བརྗོད་པ་དང། ཤེས་པས་ཡིད་ཡུལ་དུ་དྲན་པ་ཡིས་ཞེས ་གང་གིས་གུས་འདུད་བྱས་པ་ལ་ཡང་ཡོན་ཏན་འབྱུང་བ་དགོངས་པའོ། །སྐྱོན་ཇི་ལྟར་དག་ཚུལ་ཡང་སྡིག་པ་ཀུན་ལས་ཞེས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པ་ཐམས་ཅད་ལས་མྱུར་དུ་གྲོལ་འགྱུར་བ་ཞེས་འཆིང་བའི་ཞགས་པ་ཐམས་ཅད་རྣམ་པར ་བཅད་དེ། སྲིད་པ་ལས་འདས་པ་ཐོབ་པ་ནི། དེ་ལྟར་ཉིད་དུ་སྟེ་བླ་ན་མེད་པའི་གནས་མྱུར་དུ་བགྲོད་པར་འགྱུར་བར་ཐེ་ཚོམ་མེད་ཅེས་ཆོས་འདི་ཉིད་ཀྱི་ཆེ་བ་ཡར་བསྟན་པ་ཡིན་ནོ། །འདིར་གསང་བའི་སྤྱོད་པ་ལས་ཡོན་ཏན་འཕེལ་བར་འགྱུར་བ་ཡང། རྣལ་འབྱོར ་པ་ཉིད་ཅེས་པས། ཀུན་ཏུ་བཟང་པོ་དང། མགོན་པོ་ཀུན་ཏུ་སྤྱོད་པ་དང། མཉམ་གཞག་ཆེན་པོ་སྤས་པའི་སྤྱོད་པས་རིམ་པ་གཉིས་ལས་གོས་ཤིང་ཨ་བ་དྷཱུ་ཏཱིཥཱི་སྤྱོད་པ་སྤྲོས་བཅས་ལ་སོགས་པ་ལ་གནས་པས། ཚོགས་གཉིས་རྫོགས་པ་བསོད་ནམས་ནི་ཡོན་ཏན་འཕེལ ་བའི་རྒྱུ་ལ་བརྟེན་ནས་འབྲས་བུ་གཟུགས་སྐུ་གྲུབ་པའི་དོན་མངོན་དུ་བྱེད་ལ་མཆོག་ནི་ཡེ་ཤེས་ཀྱི་ཚོགས་ཏེ་འཁོར་གསུམ་ཡོངས་སུ་དག་པ་རྫོགས་པས་འབྲས་བུ་ངོ་བོ་ཉིད་ཆོས་ཀྱི་སྐུ་དམ་པ་ཐོབ་པའོ། །དེ་ཡང་དབང་དང་ལམ་གྱིས་རྒྱུད་ཡོངས་སུ་སྦྱངས་པས་དག་པར ་བྱེད་ན། མེ་ཡིས་སྤྱངས་པའི་ནོར་བུ་བཞིན་ནོ། །སྡིག་པ་འཇིག་བྱེད་ནི་ལས་ཉོན་མོངས་པ་བག་ཆགས་ཀུན་ནས་དཀྲིས་པའི་འཆིང་བ་ལས་གྲོལ་ཞིང་ཐར་པ་ཐོབ་པའོ། །དེ་ཉིད་དུ་རྣལ་འབྱོར་པས་རིམ་པ་གཉིས་སྤྱོད་པ་དང་བཅས་པ་གནས་པའི་ནུས་པའི་སྟོབས་མྱུར ་དུ་གྲུབ་པ་དེའི་ཁྱད་པར་བསྟན་པའི་ཕྱིར། གསང་སྔགས་ཞེས་པ་ལ་སོགས་པས་བསྟན་ཏེ། སྣོད་མ་ཡིན་པ་ལ་མི་བསྟན་པ་སྟེ། སྐལ་པ་བཟང་བ་ལ་སྔགས་པ་ལས་མན་ཏྲའི་སྒྲས་ཤེས་སྐྱོབ་དང་ཡིད་སྐྱོབ་སྟེ། འདི་ཉིད་ལ། གསང་སྔགས་བསམ་གཏན ་གྱིས་འགྲུབ་འགྱུར་ཞེས་སྦྱར་ཏེ། ལྷའི་རྣལ་འབྱོར་གྱི་དཔའ་བོ་གཅིག་པ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་དུ་མཉམ་རྗེས་མེད་པར་ལམ་དུ་གྱུར་པས་གྲུབ་ལ། རྫོགས་པར་ནི་བདག་བྱིན་གྱིས་བརླབ་པ་དང། དཀྱིལ་འཁོར་འཁོར་ལོའི་ལམ་ལ་འབད་པས ་ཕྱག་རྒྱ་བཞི་ལྡན་དུ་ལམ་རྫོགས་པས་གྲུབ་པའོ། །བཟླས་བརྗོད་ཀྱིས་ཀྱང་འགྲུབ་པར་ཞེས་སྦྱར་ཏེ། ལྷའི་སྙིང་པོ་དང་ཉེ་སྙིང། རྩ་སྔགས་དང་ཕྲེང་སྔགས་མཆོད་པར་འགྱུར་བ། གོ་ཆ་དང་སྲུང་བར་བྱེད་པ། རྗེ་བཙུན་མའི་རྩ་སྔགས་སྙིང་པོ་དང་བཅས་པ་ཚུལ་བཞིན ་དུ་ཟློས་པ་དེས་ཁྱད་པར་དུའོ། །ཡང་རྫོགས་པར་སྲོག་རྩོལ་འགོག་པས་རྡོ་རྗེའི་བཟླས་པས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་བས་རྗེ་བཙུན་ཡབ་ཡུམ་གྱིས་བྱིན་གྱིས་རློབ་པར་འགྱུར་བ་ཉིད་དོ། །ད་ནི་ལམ་གྱི་གཞི་སྡོམ་པ་དང་དམ་ཚིག་བསྟན་པ་ལ། ཤིན་ཏུ་མཉམ་གཞག ་སྒྲུབ་པ་པོས། །སྡོམ་པ་རྟག་ཏུ་བསྐྱང་བར་བྱ་ཞེས་པས། མན་ཏྲ་སཾ་བ་ར་ནི་སྔགས་ཀྱི་སྡོམ་པས་ཏེ། སྤྱི་དང་བྱེ་བྲག་ཁྱད་པར་ཡེ་ཤེས་བླ་ན་མེད་པར་བསྡོམས་པ། གཞི་ངེས་པར་འབྱུང་པ། བསླབ་པ་གསུམ་པ་གནས་པས། གསང་བ་རྡོ་རྗེ་ཐེག་པའི་སྡོམ་པ་བདེ་ཆེན ་ཡེ་ཤེས་སུའོ། །ཤིན་ཏུ་མཉམ་གཞག་ནི་རྣལ་འབྱོར་པས་ལྷའི་སྐུ་དང། རྫོགས་པར་རྟེན་དང་བཅས་པ་དང། བརྟེན་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་མཉམ་རྗེས་མེད་པར་རོ། །སྒྲུབ་པ་པོས་ཞེས་པའི་དོན་ལ། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག ་འཛིན་རང་གི་སྡོམ་པའོ་ཞེས་པ་དང། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི་ཞེས་པའི་དོན་ཏོ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ་ཞེས་པས། མཧཱ་ས་མ་ཡ་གཾ་བྷཱི་ར་བ་སྟེ་ཟབ་པའི་དམ་ཚིག་ཆེན་པོ་དང། མུ་དྷ་རཱ་ཐཱ་སྟེ་རྒྱ་ཆེ་བའི ་དམ་ཚིག་ལས། མུ་ལས་ཏེ་རྩ་བ་དང། ཨཾ་ག་ལ་སྟེ་ཡན་ལག་གི་དམ་ཚིག་ལས། འདི་ཉིད་ཀྱི་དགོངས་པ་ནི་ལེའུ་ཉེར་དྲུག་པ་ལས་རྒྱས་པར་ཤེས་པར་བྱའོ། །དེ་ཉིད་བསམས་ནས་རྣལ་འབྱོར་གྱིས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །སེམས ་ཅན་ཀུན་ལ་རྗེས་བརྩེ་བས། དམ་ཚིག་དང་ནི་སྡོམ་ལ་གནས་ཞེས་པའི་དོན་ཏོ། །དེས་དམ་ཚིག་ལ་གནས་པའི་ཚུལ་བསྟན་ནས། ད་ནི་དམ་ཚིག་དང་བསླབ་པ་མ་བསྲུངས་པའི་ཉེས་པ་བསྟན་པའི་ཕྱིར། དམ་ཚིག་ཉམས་པའི་དཀྱིལ་འཁོར་དུ། །དབང ་བསྐུར་དངོས་གྲུབ་ཐོབ་མི་འགྱུར་ཞེས་གསུངས་པས་དང་པོར་བླ་མ་ལས་བྱིན་རླབས་དང་དབང་ཐོབ་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་ཀྱང། དམ་ཚིག་མ་བསྲུངས་ན། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་ལ། དེ་ལ་ཕྱིར་བཅོས་པ་ལ་ཉེས་པ་ཆེ་ཆུང་རིམ་པས་ཤེས ་པར་བྱས་ལ། དབང་དང་ཚོགས་འཁོར་དང། བཤགས་བསྡམས་མ་བྱས་ན་རྡོ་རྗེ་དམྱལ་བར་ལྟུང་བས། བཤགས་བསྡམས་བྱའོ། །དེས་བསྲུངས་པའི་དམ་ཚིག་བསྟན་ནས། ད་ནི་བཟའ་ཞིང་སྤྱད་པར་བྱ་བའི་དམ་ཚིག་བསྟེན་པ་ལ། གཙང་སྦྲ ་གསུམ་ལས། དང་པོར་རིམ་པ་གཉིས་ལྡན་སྤྱོད་ཅིང་གནས་པའི་གང་ཟག་གིས་ཞི་པའི་བལྟུང་བ་བསྟན་པས་གསང་བའི་དབང་ལམ་དུ་བྱ་བ་སྟེ། སྦྲང་རྩི་ནི་ལུས་ཀྱི་མེ་ཏོག་གི་ཁྱད་པར་ལས་བྱུང་བའི་གླ་རྩིའོ། །མཚལ་དང་ནི་རབ་འབྱུང་མེ་ཏོག་།ག་བུར་ནི་ཟླ་བ་རི་བོང ་འཛིན། །དེ་དག་དང་བཅས་པ་གཞི་མཉམ་མོ། །ཙན་དན་ནི་སྣ་ཚོགས་ཀྱི་ཤ་མི་ལུས་ལས་བྱུང་བའོ། །དཀར་བ་དང་དམར་བའི་ཆ་ནི་རྐང་གི་སྤུ་བུ་ལས་དང། གོ་རེ་ཙ་ན་མ་ད་ན་འོ་མ་དང་སྦྱར་བ་ནི་ཤ་ལྔ་དང་ལྡན་པའི་རི་ལུར་སྦྱར་བ་བདག་སོགས་རང་ཀྱི་རང་བཞིན་ཤ་སྔ་པོ ་ལས་གོ་ཀུ་ད་ཧ་ན། དེ་དག་ལཾ་ལཾ་པཾ་ཏཾ་ཨཾ། ཞེས་པས་འབྱུང་བ་ལྔ་ཁམས་ཡུམ་དུ་དག་པར་བྱེད། བི་མུ་མ་ར་ཤུ་བདུད་རྩི་ལྔ་སྟེ། བྷཱུཾ་ཏྲཱཾ་ཧྲཱཾ་ཁཾ་ཧཱུཾ། ལས་རིགས་ལྔ་ཡབ་ཡེ་ཤེས་ལྔ་ལྷན་ཅིག་ཏུ་བསྡུས་པས་ཐབས་ཤེས་རབ་བདེ་བ་ཆེན་པོར་སྦྱོར་བ་བདུད་རྩིའི ་སྒྲུབ་པ་ཁྱད་པར་དུ་གདམས་པ་ཉིད་དོ། །ཁྱད་པར་དུ་ནི་སྦྲང་རྩི་ནི་ཞེ་སྡང་ཆུའི་རླུང་ངོ། །འཚལ་ནི་ང་རྒྱལ་སའི་རླུང་ངོ། །ག་བུར་ནི་འདོད་ཆགས་མེ་རླུང་ངོ། །བཅས་ནི་གཏི་མུག་སྟེ་ནམ་མཁའ་ཨི་རླུང་ངོ། །ཙན་དན་ནི་ཕྲག་དོག་རླུང་གི་རླུང་ངོ། །དམར་དང་ནི་ཞེས་ཙིཏྲ ་ཀོ་དང་མཚུངས་པ་སྟེ་སིནདུ་རའི་བྱེ་བྲག་གོ་།སྦྱར་བ་ནི་ཞེས་རླུང་དང་སྔགས་ལྷ་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུའོ། །དེ་ཉིད་ཚུལ་ཇི་ལྟ་བ་བཞིན་མྱངས་ན་ཞེས་མགྲིན་པའི་འཁོར་ལོ་སྦྱར་བར་བྱ་བ་ཉིད་སྔགས་ཨཱ་ལི་ཀཱ་ལི་བྱིན་གྱིས་བརླབ་པ་གསུང་རྡོ་རྗེ ་བསྒྲུབ་པའོ། །སྤོམ་པོ་སྟེ་རྡོ་རྗེ་འཛིན་པའི་ལུས་ཀྱི་ཡན་ལག་གི་ཆ་ལས། མཛའ་ལྟག་ནི་སོར་མོ་རྩེ་སྦྱར་བས་ཞེས་བདུད་རྩི་ལེགས་པར་བླངས་པས། རྣལ་འབྱོར་པ་རང་ཉིད་ཀྱི་ལྕེས་ལེན་པ་སྟེ་ཁམས་ལྔ། རོ་མཉམ་བདེ་བ་ཆེན་པོར་རིག་པས་རྟག་ཏུ་སྤྱན་ཞེས ་བདག་ཉིད་ཀྱི་ལུས་ངག་ཡིད་བདེ་བར་བྱིན་གྱིས་རློབ་ཅིང་དབང་གིས་རྒྱུད་རྒྱས་པར་འགྱུར་བའོ། །དེ་ཉིད་ལ་ཞི་བའི་བཏུང་བ་ཞེས་བྱ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀ་གཉིས་སུ་མེད་པའི་བདུད་རྩི་འབྱུང་བའི་ནུས་པ་ལས་དངོས་གྲུབ་རྟག་པར་ཐོབ་པར་འགྱུར་བ་ཕྱག་རྒྱ་ཆེན་པོ ་ཐོང་བ་མི་རྟག་པ་དང། བདེ་བ་དང། གཙང་བ་དང། མི་འགྱུར་བར་དེ་ཞིང་ཡོན་ཏན་རྫོགས་པ་འཆར་བའོ། །དེ་ལས་ཞི་བའི་བཏུང་བ་ནི་ལྷག་པའི་ལྷའི་འཁོར་ལོ་ཡབ་ཡུམ་བདུད་རྩིར་ཞུ་བའི་ཁྱད་པར་རོ། །དེ་བཞིན་དུ་མྱངས་པ་ནི་ཞེས་ལྷ་མོ་རོ་རྡོ་རྗེ་མར་གྱུར་པས་མགྲིན ་པ་སྐྱེད་པའོ། །སྒོམ?་པོ་ནི་སྤྱི་བོའི་ཧཾ?་ལས་བདུད་རྩིའི་ཆུ་རྒྱུན་འབབ་པའོ། །མཛའ་ལྟག་ནི་ཙཎྜ་ལི་སྟེ་འོག་རྩ་གསུམ་འདུས་ས་ནས་སྦར་བས་རྩེ་སྦྱར་བ་ནི་མེ་ཆུ་ཚ་གྲང་གཉིས་བདེ་བ་དང་སྟོང་པ་ཉིད་དུ་ངོ་འཕྲོད་པས་ན་རྣལ་འབྱོར་རིག་པ་ཞེས་བྱའོ། །རྟག་ཏུ་སྤྱོད་ནི་ཐུན་བཞི ་ལ་སོགས་པར་མ་ཡེངས་པས་དཔྱིད་དང་ཐིག་ལེའི་རྣལ་འབྱོར་འབར་འཛག་བསྒོམ་པའོ། །ཡང་ན་སྤོམ་པོ་ནི་ཐབས་སྙིང་རྗེ་ཆེན་པོ་སྣང་བ་རྡོ་རྗེ་འཆང་གོ། ?་གཞི་ཤེས་རབ་ཡུལ་ཆོས་ཉིད་སྟོང་པ། །རྩེ་སྦྱར་བ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་?་ལ་རོ་མཉམ་ཉིད་དོ། ། ་ད་ནི་སྣང་ཅིག་ཏུ་ཟ་བའི་གཙང་སྒྲ་བསྟན་པ་ནི། ཚོགས་ཀྱི་འཁོར་ལོའི་ནང་དུ་ཞུགས་པ་ནི། ཞེས་བསྐྱེད་རིམས་སུ་གོང་གི་བདུད་རྩི་སྦྱར་བ་པ་དེ་ཉིད་ལྷ་སྐུ་པར་?་?་བ་ཡེ་ཤེས་དང་དུ་བྱིན་གྱིས་བརླབ་པའོ། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཧེ་རུ་ཀཱ ་གསང་ཆེན་རིགས་གཅིག་གི་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པའོ། །རྫོགས་པ་ལྟར་ན་ལུས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཀྱི་ནང་དུ་གཞག་པ་ནི་འཁོར་ལོ་ལྔ་པོའི་ལྷ་ཐམས་ཅད་སྐད་ཅིག་མའི་ཡེ་ཤེས་ཀྱི་དཔལ་ལས་འབྱུང་ངོ། །ཐམས་ཅད་རྡོ་རྗེའི་མཚན་མ་འཛིན་ཅེས་ལྷ ་ཚོགས་དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་དེ་དག་ཐམས་ཅད་ཀྱང་ཐབས་ཤེས་རབ་དབྱེར་མི་ཕྱེད་པར་འགྱུར་བས་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་ལ་གནས་པས། འདི་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ལ། བདེ་བའི་ཡེ་ཤེས་ཟ་བ་ཉིད་ཕྱི་ནང་རོ་གཅིག་ཏུ་གྱུར་པས་དབང་གསུམ་པའི ་ལམ་དང་རྗེས་སུ་འབྲེལ་པ་བསྟན་པའོ། །དེ་ལས་འབྲས་བུའི་རྒྱུད་ཀྱི་གསང་ཆེན་བསྟན་པ་ནི་འདི་ནི་མི་འཆི་བཅུ་ཕྱེད་འགྱུར་ཅེས་པས། ཕྱག་རྒྱ་བཞི་ལྡན་ཏེ། ལས་ཀྱི་ཕྱག་རྒྱ་ནི་གཟུགས་ལ་སོགས་པ་འདོད་ཡོན་ལྔ་ལམ་དུ་བྱ། ཆོས་ཀྱི་ཕྱག་རྒྱའི་ཕུང་པོ་ལྔ་བདེ་བར ་འཆར་བ། ཕྱག་རྒྱ་ཆེན་པོའི་འབྱུང་བ་ལྔ་སྟོབས་སུ་འགྱུར། དམ་ཚིག་ཕྱག་རྒྱའི་ཡེ་ཤེས་ལྔ་འཆར་བ་ཉིད་ནི། རླུང་སེམས་འདྲེ་ས་པའི་སྲོག་གི་ཐིག་ལེ་ཉག་གཅིག་གི་ནང་དུ། སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་གསལ་བར་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས། ་ལུས་ཀྱི་གནས་ཐམས་ཅད་ན་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སོ་སོར་ཐབས་ཤེས་རབ་མ་འདྲེས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣང་བ་མ་ལུས་པའི་བྱེ་བྲག་ཕྱེད་པས་སོ་སོར་རྟོག་པའི་ཡེ་ཤེས། ཐིག་ལེ་དཀར་དམར་རོ་རྐྱང་དུ་སྲོག་རྩོལ་དང ་དབུ་མ་ཀུན་དང་དུ་རོ་མཉམ་པར་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རྡོ་རྗེ་ལུས་ཀྱི་རྩ་དང་ཡི་གེ་ཐམས་ཅད་དང། འབྱུང་བ་བཞིའི་ནུས་པའི་བདུད་རྩིས་མ་དག་པ་དང་དག་པའི་དོན་ཕྲིན་ལས་སྣ་ཚོགས་བྱེད་ལས་བྱ་བ་གྲུབ་པའི་ཡེ་ཤེས། ལུས་སེམས་དབྱེར ་མི་ཕྱེད་པའི་ངང་དུ་རྩ་རླུང་ཐིག་ལེ་དོན་དམ་ཀུན་རྫོབ་ཐམས་ཅད་སྒྱུ་ལུས་འོད་གསལ་དུ་དག་ལ། དེ་ཉིད་བདེ་གསལ་མི་རྟོག་པའི་ངང་དུ་དབྱིངས་རིག་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐམས་ཅད་རོ་མཉམ་ལྷན་ཅིག་སྐྱེས་པ་ཟུང་འཇུག་བདེ་ཆེན ་ཡེ་ཤེས་མི་འགྱུར་བ་དཔལ་ཧེ་རུ་ཀ་རྡོ་རྗེ་འཆང་ཉིད་དོ། །དངོས་གྲུབ་ཐམས་ཅད་འཇུག་ནི་སྐུ་གསུམ་ཡན་ལག་བདུན་ལྡན་དབང་ཕྱུག་བརྒྱད་དང་བཅས་པ། འཇུག་བྱེད་ཡིན་ནི་ཐོག་མར་དབང་སྐུར་བའི་དུས་སུ་རྒྱུ་ཆ་བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ཀྱིས་སོ།། ་གནས་པ་ནི་ལམ་རིམ་པ་སྒོམ་ཞིང་དམ་ཚིག་སྡོམ་པ་དང་ལྡན་པས་སོ། །འབྱུང་བ་ནི་ལམ་མཐར་ཕྱིན་པས་སྤྱོད་པ་སྤྱད་པས་གཞན་དོན་ཕྲིན་ལས་ནུས་པ་ཐོགས་མེད་དུ་སྟོན་པས་སོ། །མཆོད་བཞི་དེ་བཞིན་རྣལ་འབྱོར་མ་ཞེས་པས་རྗེ་བཙུན་ཧེ་རུ་ཀའི་དཀྱིལ ་འཁོར་གྱི་བཀོད་པ་བསྟན་པ་ལས། བདེ་ཆེན་གྱི་འཁོར་ལོའི་མཚམས་སུ་བུམ་པ་བཞི་སྟེ། ཤར་ལྷོར་རིན་པོ་ཆེ་ཀེ་ཀེ་རུའི་བུམ་པའོ། །ལྷོ་ནུབ་དུ་བཻ་ཌཱུརྱའི། ནུབ་བྱང་དུ་པདྨ་རཱ་གའི། བྱང་ཤར་དུ་ཨིནྡྲ་ནཱི་ལ་ལྗང་བའི་བུམ་པ། དེ་དག་གི་ཁ་རྒྱན་མགུལ་འཆིངས་དང་དབྱངས་དང་བཅས་པས་ཤིང་ཨ ་ཤྭད་ཐ་ནྱ་གྲོ་དྷ། པ་ཏ་ལ་དང། ཨརྫུ་ནའི་ཤིང་སྟེ། དེའི་སྟེང་དུ་རྒྱལ་རིགས་བྲམ་ཟེ། རྗེའུ་གདོལ་པ་ཅན་གྱི་ཐོད་པར་ཤ་ལྔ་བདུད་རྩི་ལས་གང་པ་སངས་རྒྱས་རིགས་བཞིའི་བདག་ཉིད་ལས་བུམ་པ་རྣམས་ནི་ཡན་ལག་བརྒྱད་ཀྱི་ཆུ་བདུད་རྩིའི་རང་བཞིན་ཅན། ཀ་པ་ལཱ་རྣམས་ནི ་གསང་པའི་དབང་གི་དོན་ཏོ། །ཡང་མཆོད་བཞི་རྣལ་འབྱོར་པས་རིམ་པ་དང་དེ་ལྟར་ན། ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་པ་དྲན་པ་ཉེ་བར་གཞག་པ་གཞི་ནི་སྙིང་པོའི་ལྷ་མོ། །ཆོས་ཀྱི་རྣལ་འབྱོར་མ་ནི་ཡང་དག་སྟོང་པ་བཞི་མཚམས་མའོ། །ཕྱག་རྒྱ་ཆེན་པོའི་སྒོམ་པ་བཞི་ལས། ཡང ་དག་པའི་ལས་ཀྱི་མཛའ་འགུགས་པར་བྱེད། ཡང་དག་པའི་འཚོ་བས་འཆིང་བར་བྱེད་པ། ཡང་དག་པའི་རྩོལ་བས་སྡོམ་པར་བྱེད། ཡང་དག་པའི་དྲན་པས་དབང་དུ་བྱེད་པའོ། །དམ་ཚིག་གི་ཕྱག་རྒྱ་དཔལ་རྣལ་འབྱོར་མ་ཞི་གནས་ལྷག་མཐོང་རྡོ་རྗེ་དང་པདྨ་སྙོམས་འཇུག ་པ་ནི་དྲོད་ནི་གསལ་བ། རྩེ་མོ་བདེ་བ། བཟོད་པ་ནི་མེ་ཏོག་བ། ཆོས་མཆོག་བདེ་གསལ་མི་རྟོག་པ་ཆོགས་གཅིག་པས་སོ། །མཐོང་ལམ་དུ་ཕྱག་རྒྱ་བཞི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཏུ་ཤར་བས་སོ། །ཁྱད་པར་དུ་ནི་མཆོད་བཞིན་ལས་ཀྱི་ཕྱག་རྒྱ་དགའ་བ་བཞི་བདེ་ཆེན་གྱི་ལྷ་མོ་བཞི ་སྐད་ཅིག་མ་བཞི་དང་གཉིས་མེད་དོ། །ཆོས་ཀྱི་ཕྱག་རྒྱ་སྒོ་སྲུང་མ་བཞི་རྣམ་ཐར་སྒོ་བཞི་འབྲས་བུ་བཞི་དང་གཉིས་མེད་པའོ། །ཕྱག་རྒྱ་ཆེན་པོ་ཚད་མེད་བཞི་མཚམས་ཀྱི་ལྷ་མོ་བཞི་སྟོང་པ་ཉིད་བཞི་དང་གཉིས་མེད་དོ། །དམ་ཚིག་ཕྱག་རྒྱ་ནི་ཡེ་ཤེས་དེ་ཁོ་ན་ཉིད་བཞི་དཔལ ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀའི་དབང་པོ་གཉིས་སྙོམས་པར་འཇུག་པ་དཔྱིད་དང་ཐིག་ལེ་འབར་འཛག་གོ་།གཉིས་མེད་བདེ་སྟོང་དུ་གྱུར་པའོ། །སྙོམས་པར་འཇུག་པའང་དེ་ཉིད་འཛིན་ཅེས་པས་དེ་ཁོ་ན་ཉིད་ཀྱི་ངང་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་ལྷན་སྐྱེས ་དང་ཞུ་བདེ་ལྷན་ཅིག་སྐྱེས་པ་དབྱེར་མེད་དུ་གྱུར་པ་བདེ་བ་ཆེན་པོ་ཚད་མེད་པའི་ཆེ་བ་བསྟན་པར་བཞེད་ནས། ལྷ་དང་མི་ཡི་བདེ་བ་ནི་ཞེས་པ་དང་པོ་དང་བསམ་གཏན་བཞི་དང་བཅས་པ། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་དེ་ཉིད་ཟག་བཅས ་ཡིན་པའི་ཕྱིར་བསྡུས་བྱས་ནི་མངོན་པར་འབྱུང་བའི་ཆ་ཤས་རྒྱུ་རྐྱེན་འཇིག་ཚོགས་མཚན་མའོ། །རྡོ་རྗེ་འཛིན་པའི་ཞེས་དཔལ་རྡོ་རྗེ་འཆང་ཧེ་རུ་ཀ་ཟག་པ་མེད་པའི་བདེ་སྟོང་ངོ་བོ་ཉིད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་མཚུངས་པ་མེད་པའི་དོན་ཏོ། །སྒྲུབ ་པ་པོ་དོན་གྱི་ཡེ་ཤེས་རྟོགས་པ་ཡང་དེ་དང་ཆ་མཐུན་པ་སྟེ་ངོ་བོ་ཉིད་རྣམ་པར་དག་པས། ལྷན་ཅིག་སྐྱེས་པ་རང་འབྱུང་ལྷུན་གྲུབ་རྟོགས་པའི་ཕྱིར་རོ། །དེ་ལ་ཐོག་མར་དབང་བསྐུར་བའི་གཞི་འམ་གནས་ཀྱི་རིམ་པ་བླ་ན་མེད་པ་བསྟན་པའི་ཕྱིར། རི་བོ་ཞེས་པ་སྨོས་ཏེ། རི་བོ་ནི་ལྷུན་ཆགས ་པ་ཡོན་ཏན་དང་ལྡན་པའོ། །ཚང་ཚིང་ནི་ལྗོན་པའི་ཤིང་སྣ་ཚོགས་པ་འབྲས་བུ་དང་མེ་ཏོག་ཆགས་པ་ཅན་སྨན་ལྗོངས་དང་ཞེས་པ་སྨན་སྣ་སྐྱེ་བ་ཅན་ནོ། །ཆུ་བོ་ཆེན་པོ་ནི་གངྒཱ་ལ་སོགས་པ་དེ་དག་འགྲམ་གཡས་གཡོན་གྱི་དོགས་དག་ནི་ཚལ་གླིང་ཆུ་བྲན་འདུས་པའོ། །གདོད་ནས ་གྲུབ་པའི་དུར་ཁྲོད་ནི་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་པ། བསྐལ་པ་ཆགས་དུས་ནས་བརྟགས་པའི་རྣམ་པར་རྟོག་པ་འགག་པའི་ས་དབུགས་རྒྱ་བ་དང་དབུགས་བྲལ་དུ་ཤེས་པར་བྱའོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་བུམ་པའི་དབང་བསྐུར་བའི་དུས་ཀྱི་རྡུལ་ཚོན་གྱི ་དཀྱིལ་འཁོར་བྲི་ཞིང་བསྒོམ་པར་བྱ་བ་ཡང་དེ་ཉིད་དུ་ཤེས་པར་བྱ་བ་ཉིད་དོ། །ཡང་གསང་བ་དང་གསུམ་པ་ལྟར་ན། རི་བོ་ནི་ཤེས་རབ་རིག་མའི་ལུས་ཚིང་ཚིང་ནི་སྐྲ་དང་བ་སྤུའི་ཚོགས་འཁྲིགས་པ། ཕུག་རྣམས་སམ་ཞེས་པ་ལུས་ཀྱི་གནས་དང་ཉེ་གནས་ལ་སོགས་པར་འདུ་བའི ་སའོ། །སྨན་ལྗོངས་ནི་ལུས་ལ་རས་ཡཱ་ན་གནས་པ་དག་གོ་།ཆུ་ཆེན་པོ་ནི་རྩ་གསུམ་པོ་ནས་འབབ་པའོ། །དེ་དག་གི་དོགས་དག་ནི་ལུས་ཀྱི་ཕྱོགས་ཐམས་ཅད་དོ། །གདོད་ནས་གྲུབ་པ་ནི་ཐོག་མར་ལུས་ཆགས་པ་ནས་སོ། །དུར་ཁྲོད་དུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བའི ་གནས་སོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་པས་ཆོས་ཀྱི་དཀྱིལ་འཁོར་དེ་ལ་བརྟེན་ནས་སྙིང་པོ་ལེན་ཅིང་འཛིན་པ་ཉིད་ཀྱི་དོན་ཏོ། །ཁྱད་པར་དུ་ནི། རི་བོ་ནི་ལུས་ཀྱི་དབུས་ལས་ཀུན་དར་རོ། །ཚང་ཚིང་ནི་རྩ་བྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའོ། །སྨན་ལྗོངས་ནི་ཁམས་བྱང་ཆུབ་སེམས ་དཔས་སྙིགས་ཐམས་ཅད་དོ། །ཕུག་རྣམས་ནི་འདོད་ཆགས་བྲལ་བས་སྡང་ཞིང་སྐྲག་ལ། བྱ་བ་སྤྱོད་པ་ལ་སོགས་པས་ཡེ་ཤེས་རྟོགས་དཀའ་བའི་ཕྱིར་རོ། །ཡང་ཆུ་བོ་ཆེན་པོ་ནི། སིཧལ་དང་གླ་རྩི་དང་ཟླ་བ་འབབ་པའི་རྩ་ལ་སོགས། དེའི་དོགས་དག་ནི་རྩ་འཁོར་ལོ་རྣམས་སུ་ཁམས་འདུ་བ་དག ་གོ་།གདོད་ནས་གྲུབ་པ་ནི་རྩ་རླུང་ཐིག་ལེ་ཡི་གེ་ཐམས་ཅད་རང་བྱུང་དུའོ། །དུར་ཁྲོད་དུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའི་ས་ཕྱོགས་དབེན་པ་ཉིད་དོ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་པ་དབང་ཕྱི་མ་དང་འབྲེལ་པའི་དོན་བདེ་ཆེན་བླ་ན་མེད་པ་ཀུན་རྫོབ་དོན་དམ་བྱང་ཆུབ ་སེམས་ཀྱི་སྙིང་པོ་ལེན་པའི་ཕྱིར་བསྟན་པ་ཉིད་དོ། །བླ་ན་མེད་པ་ལྟར་ན། རི་བོ་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཚང་ཚིང་ནི་བྱམས་སྙིང་རྗེ་ལས་བུདྡྷའི་ཡོན་ཏན་འབྱུང་གནས་ཚད་མེད་པའོ། །སྨན་ལྗོངས་ནི་ཕ་རོལ་ཕྱིན་པ་དྲུག་ལ་སོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སོ། །ཆུ་བོ ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་སྤྲོས་པས་མེད་པའི་དོན་ཏོ། །དོགས་དག་ནི་མཛའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ།། གདོད་ནས་གྲུབ་པ་ནི་ཆོས་ཉིད་ཞི་བ་མཉམ་པ་ཉིད་གཉུག་མ་སྐྱེ་བ་མེད་པ་ཉིད་དོ། །དུར་ཁྲོད་དུ་ནི་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པ་སྒྲིབ་པ་ཐམས་ཅད་དང ་བྲལ་བའི་གནས་སོ། །དེར་ནི་བདེ་བ་ཆེན་པོའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསང་བ་ཆེན་པོ་བླ་ན་མེད་པའི་དོན་དུ་བསྟན་པའོ། །མཆོད་པའི་ཚུལ་ལས་བདུད་རྩི་རྒྱས་བྱེད་ཐབས་ཉིད་འགྱུར་མེད་ཡེ་ཤེས་མངོན་དུ་བྱེད། །གང་ཟག་གང་གིས་འདིར་ཞུགས་འཇུག ་ལྡོག་ཁྱད་པར་རྟག་གནས་མི་འདའ་བར་ནི་དོན་གྱི་ཁྱད་པར་ཅན་ལ་བརྟེན། ཡུལ་དང་ཡུལ་གྱི་ཕྱག་རྒྱ་ཆེན་པོ་གོ་འཕང་བདེ་ཆེན་གསང་བ་ཤྲཱི་ཧེ་རུ་ཀའི་སྤྱོད་ཡུའོ། །ཐུན་མོང་ཁྱད་པར་སྤྱི་དང་བྱེ་བྲག་རིག་ལྡན་མཉེས་བྱེད་དཀྱིལ་འཁོར་གནས་ནི་རབ་དབྱེ་ཐོབ་པའོ། །དེས་ལེའུའི་གཞུང་མདོར ་བསྟན་པའི་ཚུལ་ལས། ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། དཀྱིལ་འཁོར་དུ་འཇུག་པ་ཞེས་པ་ནི། ཐོག་མར་ལམ་དང་ཡེ་ཤེས་གསང་བ་བསྟན་པའོ།། །ལེའུ་དང་པོའོ།། །།ད་ནི་ལེའུ་དང་པོར་རྒྱུ་ཐབས་འབྲས་བུ་ཐམས་ཅད་རྩ་བ་མདོར་བསྟན་པས ་ལུས་རྣམས་གཞག་ལྟར་བསྟན་པས། བརྗོད་བྱའི་གསང་བ་དང་རྗད་བྱེད་ཀྱི་གསང་བ་བླ་ན་མེད་པ་བསྟན་པ་ཡིན་ལ། ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་བཀའ་བ། །ཞེས་པའི་དོན་གྱིས་དཀྱིལ་འཁོར་མངོན་པར་འབྱུང་བ་རྣམས་ཡོངས་སུ་རྫོགས་པ ་ལས། ད་ནི་ལེའུ་སོ་སོའི་དོན་ཇི་ལྟར་བསྡུ་བ་དང་སྤྲོ་བ་ལ་ངེས་པར་རྟོགས་པར་བྱ་བ་དང། ཡན་ལག་གི་ཚིག་དོན་སོ་སོར་རྣམ་པར་བཤད་པ་གཏན་ལ་དབབ་པ་བསྟན་ཏེ། དེ་ལྟར་ཡང་དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །བླ་མེད་མཆོག ་བཟང་ཐོབ་འགྱུར་བའི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །རྣལ་འབྱོར་ཡེ་ཤེས་ཀུན་བདག་ཉིད། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ་ཞེས་པས། འདིར་དེ་ཁོ་ན་ཉིད་མ་རྟོག་པ་རྟོགས་པར་བྱ་བ་དབང་བསྐུར་བ་སྟེ། རྡོ་རྗེ་ཐེག་པ་གསང་ཆེན་དུ་དབང་སྔོན་དུ་འགྲོ་བ་ཉིད་རྡོ་རྗེ་འཛིན་པས ་གསུངས་པ་སྟེ། དེ་ལ་ཐོག་མར་སྨིན་བྱེད་དཀྱིལ་འཁོར་སྔོན་འགྲོ་བསྙེན་པའི་རིམ་པ་རྣམ་གསུམ་དག་ཏུ་ཤེས་པར་བྱ་བ་སྟེ། མཚན་ཉིད་དང་ལྡན་རྡོ་རྗེ་སློབ་དཔོན་གྱིས་ནི་སྐལ་ལྡན་རྗེས་སུ་འཛིན་དང་སྐལ་དམན་མིན། །གཙོ་བོ་ལ་འབུམ་འཁོར་ལ་ཁྲི་ཕྲག་ཕྲིན་ལས་སྣ་ཚོགས ་ནུས་པ་དེ་ཉིད་མཚན་མ་དུས་བྱུང་བ། །རིགས་ནི་འདོད་ཡོན་དག་སྟེ་སྟོང་ཕྲག་བརྒྱ་ལས་མཁའ་དང་མིག་གིས་ཡོན་ཏན་ཕྲིན་ལས་ཉིད། །དཀྱིལ་འཁོར་པ་ལ་མཁའ་དང་ཕྱོགས་ཀྱིས་རླུང་བཅུ་དག་པས་རྡོ་རྗེས་ལས་ཀྱི་སྙིང་པོ་ཅན་དུ་འགྱུར་ཞེས་པའི་དོན་ཏོ། །དེ་ནས་ཞེས་པ་ལ་སོགས ་རྒྱུད་འདི་ཉིད་དུ་རིགས་བསྡུས་གསང་བའི་དབང་བསྟན་པར་བྱ་བ་ལས། དང་པོར་རྡོ་རྗེ་སློབ་དཔོན་ཏེ་བསྒྲུབ་བྱ་བླ་མའི་མཚན་ཉིད་ནི་ཐུན་མོང་བ་དང། ཁྱད་པར་ལྟ་སྒོམ་སྤྱོད་པ་རྣམ་པར་དག་པས། སྐལ་ལྡན་རྗེས་སུ་འཛིན་པར་ནུས་པས་ལཾ་ལ་རིམ་གྱི་བློ་སྦྱོང་བ་ལ་སློབ་དུ་གཞུག ་པའོ། སྒྲུབ་བྱེད་སློབ་མས་གསོལ་བ་ལན་གསུམ་དུ་བཏབ་པས་སོ། །ཚུལ་ཇི་ལྟར་དཀྱིལ་འཁོར་བསྒྲུབ་པའི་རིམ་པ་འོག་ནས་སྟོན་ཏོ། །དེ་ལ་ཐོག་མར་ནི་སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན་ཞེས་སྨོས་ཏེ། རྒྱུད་སྡོམ་པ་གསུམ་གྱིས་མཛེས་པ་ལས་དེ་དག་མེད་པའི་དོན་རྟོགས་པ་ལ། ཡང་དག་ཤེས ་ཤིང་ནི་བདེན་པ་གཉིས་ཀྱི་དོན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ལགས་པར་རྟོགས་པའོ། །རྒྱུད་ཤེས་པ་ནི་སྤྱིར་བླ་ན་མེད་པ་རྒྱ་མཚོ་ལྟ་བུའི་དེ་ཁོ་ན་ཉིད་རྟོགས་པ་ལས། ཁྱད་པར་དུ་དཔལ་འཁོར་ལོ་སྦོམ་པའི་བརྗོད་བྱ་བརྗོད་བྱེད་དོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས ་ཞེས་པ་ནི། དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དཔལ་ཧེ་རུ་ཀའི་ལྷ་སྔགས། ཕྱག་རྒྱ། བདག་གི་དེ་ཁོ་ན་ཉིད་ལས། བརྡ་དང་སྤྱོད་པས་སྒྲ་དང་དེའི་སྐྱོན་རྣམ་པར་དག་ཚུལ་སྙིང་པོ་རྟོགས་པའོ། །ཁྲོ་མེད་ནི་བཟོད་པ་དང་དུ་ལེན་པ་རྒྱུད་འཇམ་པར་འགྱུར་བའོ། །གཙང་ཞིང་ནི་ཉེས་ལྷུང་གིས་མ་གོས ་པར་བྱེད་པ་སྟེ། ལྟུང་བ་ཞག་ཏུ་མི་འཇོག་པའོ། །མཁས་པ་དང་ཞེས་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་གྱི་ལས་དང། ཡང་ན་དེ་ཉིད་བཅུ་ལའོ། །སྦྱོར་ཤེས་ནི་རྒྱུ་ཐབས་འབྲས་བུའི་དེ་ཉིད་ཉམས་སུ་མྱོང་བ་དང་བཅས་པའོ། །ཡེ་ཤེས་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་ལམ་འགྲོ་ལྡོག ་རྟོགས་པས་དེ་ཉིད་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་གྱུར་པ་དག་གོ་།ཕ་རོལ་འགྲོ་བ་ནི་མཉམ་རྗེས་གཉིས་མེད་བྱང་ཆུབ་སེམས་ཀྱིས་རང་བས?་གཞན་གཅེས་ཀྱི་བློ་ནུས་དང་ལྡན་པས། དང་པོ་སྙིང་རྗེའི་སྟོབས་ལས་བྱུང། རྫོགས་པའི་བྱང་ཆུབ་སེམས་བརྟེན་བྱས། བུམ་པ་ལ ་སོགས་དབང་བསྐུར་བ། བླ་མའི་དྲིན་གྱིས་ཡང་དག་ཐོབ། །སྲིད་པའི་ལོངས་སྤྱོད་བདེ་བ་ཐོབ། །ཡོངས་སུ་འཛིན་ལ་རྒྱབ་ཀྱིས་ཕྱོགས། ཞེས་པའི་དོན་ཏོ། །བསྙེན་པ་འཇུག་པའི་བྱ་བ་རྫོགས་ནས། དངོས་གཞི་ལ་དང་པོ་སྔོན་དུ་འགྲོ་བ་ནི་དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་ཞེས་པས། ་གཏུམ་བྲག་ཚང་ཚིང་འཁྲིགས་པ་དང། འུར་འུར་འབར་བས་ཁྱབ་པ་དང། །འཇིགས་སུ་རུང་རྣམས་ཤར་སོགས་པའི། །ཕྱོགས་སུ་གཡོན་སྐོར་གྱིས་ལེགས་གནས། ཧ་ཧ་རྒོད་པ་དབང་ལྡན་དུ། །བྱིན་པ་དཔལ་གྱི་ནགས་ཚལ་ཏེ། །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་དུ་ཀི་ལི་ཀི་ལར་སྒྲོགས།། ་ཤིརཥ་ཨ་ཤྭཏཀ་ཀོ་ལི། །ཙུ་ཏའི་ཤིང་རྣམས་སྔར་བཞིན་ནོ། །བྷ་ཏ་ཀརྙྩ་ཉིད་དང། །པརྐ་ཏི་དང་སརྟི་པའོ། །དབང་པོ་ནོར་སྦྱིན་ཉིད་དང་ནི། །ཀླུ་ཡི་དབང་པོ་གཤིན་རྗེའི་བདག་།དྲང་སྲོང་དང་ནི་བདེན་བྲལ་ཏེ། །རིག་འཛིན་འབྱུང་པོའི་བདག་པོའོ། །ནོར་རྒྱས་བུ་དང ་འཇོག་པོ་དང། །སྟོབས་ཀྱི་རྒྱུ་དང་པདྨ་དང། །པདྨ་ཆེན་པོ་ཧུ་ལུ་རུ། །རིགས་ལྡན་དང་ནི་དུང་སྐྱོད་དོ། །སྤྲ་སྒྲོགས་དང་ནི་རྨུགས་འཇིགས་དང། །དྲག་པོ་དང་ནི་འཁྱིལ་པ་དང། །གཏུམ་པོ་འདི་དག་སྤྲིན་བརྒྱད་དོ། །སྟུག་པོ་སྙིམ་པ་ཆར་འབེབས་པ། །ལྗོན་ཤིང་རྣམས་ལ་བརྟེན་པ ་ནི། །ཞིང་སྐྱོང་བརྒྱད་དུ་གྲགས་པ་སྟེ། །ལུས་བྱེད་ཐོན་པ་གྲི་གུག་དང། །ཐོང་པ་རྒྱན་ལྡན་ཡུམ་ལྡན་ནོ། །སེངྒེ་སྟག་དང་ཅེ་སྤྱང་གདོང། །འུག་པ་བྱ་རྒོད་ཕག་དང་ཁྱི། །ཁྭ་དའི་གདོང་པ་ཕྱག་གཉིས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་རང་རྒྱལ་སྒྲུབ་པ་པོ།། ་གྲུབ་པའི་སྐྱེས་བུ་རྣལ་འབྱོར་གྱི། །དབང་ཕྱུག་བྱིན་གྱིས་རློབ་ཚོགས་དང། །སྤྱོད་པ་པ་དང་བསམ་གཏན་པ། །སྣ་ཚོགས་མཁའ་འགྲོ་ཤ་ཟ་དང། །ལྕེ་སྤྱང་རོ་ལངས་དུག་སྦྲུལ་དང། །དུར་ཕག་གཅན་ཟན་དུ་མ་དང། །འདབ་ཆགས་དུ་མ་ཀེང་རུས་ཅན། །མེ་དང་ཆུ་འབབ་རི་བྲག ་སོགས། །མཆོད་རྟེན་རང་བྱུང་ལྷ་རྣམས་བཅས། །འཁོར་འདས་ཚང་བ་དུར་ཁྲོད་དེ། །ཐོད་པ་ཤ་དུམ་ཁྲག་འབབ་པ། །རོ་ཡི་ཤ་ལ་ཐོག་བྱེད་པ། །དེ་ལ་བརྟེན་ནས་མི་རྟག་དང། སྡུག་བསྔལ་བདག་མེད་དོན་དཔྱོད་པ། །ཡིད་འབྱུང་དེ་ལས་ལམ་སྤྱོད་པ། །དུར་ཁྲོད་ཆེན་པོར་རབ་བསྟན་པ། །ཞེས ་རྡོ་རྗེ་སེམས་དཔའ་རང་འབྱུང་བའི་རྒྱུད་ལས་བྱུང་བའོ། །གནས་ཀྱི་ཡན་ལག་ནི། རི་ཡི་རྩེ་དང་རི་སུལ་དང། ཆུ་བོའི་དོགས་དང་ཚལ་གླིང་དང། རྒྱ་མཚོའི་འགྲམ་དང་བས་མཛའ་དང། །ཤིང་གཅིག་དང་ནི་དུར་ཁྲོད་སོགས། །དབུགས་བྲལ་བདེན་པ་དག་ཏུ་ནི། །དཔའ་བོའི་གཙོ་བོ ་བསྒོམ་པར་བྱ། །བརྟན་པ་ཡི་ནི་གནས་ངག་གམ། །ཡང་ན་ཡིད་ནི་དགའ་བར་རོ། །ཞེས་པ་ལ་སོགས་པར། གྲོགས་དང། མཆོད་རྫས་དང་ཟས་དང། བྱ་བའི་རིམ་པ། ཁྱད་པར། དུས་བསྟན་པའི་ཡན་ལག་དང་ལྡན་པས། དང་པོར་བགེགས་ཉེ་བར་ཞི་བས་ཆོ་ག ་ལ་འཇུག་པས། ལྕི་བས་ལ་མ་ལྷུང་བ་ཞེས་པ་ནི་རྣམ་ལྔ་ལ་སྤོས་ཆུ་ཙན་དན་ལ་སོགས་པས། །དྲིའི་གཙང་ཁང་དུ་བྱས་པས། །དང་པོར་ས་རྟག་པའི་ཁྱད་པར་དང། ལྟོ་འཕྱེ་བརྟགས་ནས་ས་བརྐོ་ཞིང། སའི་ལྷ་མོ་ལས་བསླང་བ་དང། ས་བཟུང་ཞིང་སྦྱང་བར་བྱ་བས། དཀྱིལ་འཁོར་གྱི་སྟེགས་བུ་བྱ ་བ་སྔོན་དུ་འགྲོ་བས། ས་ནི་ལེགས་པར་བྱུག་ཅེས་སྔ་མ་དེ་དག་དང། ཡང་ན་དུར་ཁྲོད་ཐལ་བར་ལྡན་པ་དང། ཞེས་པས་སྐྱེས་བུ་ཤི་བ་བསྲེགས་པའི་ཐལ་བ་དང་སོལ་བ་ཕྱེ་མ་དང། མི་འཆི་བ་ནུ་ཕྱེད་བཅས་པ་ཡིས་ནི་བདུད་རྩི་རིལ་བུ་སྦྱར་བ་མ་ད་ན་དང་ལྡན་པ་དེ་ཡིས། དཀྱིལ་འཁོར་ས་ནི་?་བྱུག ་སྟེ་ཞེས་ཀུན་ཏུ་བར་མཚམས་མེད་པར་ཁྱབ་པར་བྱས་པས། དབུས་སུ་རིང་དུ་བྲུས་པར་ནི་རིན་པོ་ཆེ་སྣ་ལྔ་དང་འབྲུ་དང་ནི་སྨན་ལ་སོགས་པར་གཏོར་དུ་བྱ་ཞིང་སྦ་བའོ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ་ཞེས་ཕྱོགས་ལ་མ་འཁྲུལ་བས་ཁྲུ་བཞི་པ་ནས་ཁྲུ་བརྒྱད་ཀྱི་བར་དུ་བྱ་བས་སོ། །ས ་སྦྱང་བ་མེད་ཀྱང་རུང་བར་འགྱུར་བ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཁང་བཟངས་རྡོ་སྟེང་སའི་ཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅགས། །བ་ལང་ལྷས་དང་རྒྱ་མཚོའི་འགྲམ། །ལག་པས་རྡོ་རྗེ་ས་གནོན་བཅས། །རང་གི་སྙིང་པོ་བརྒྱད་བརྒྱ་བཟླས། །དེར་ནི་སྦྱར་བ་བྱ་མི་དགོས་ཞེས ་གསུངས་སོ། །སློབ་མ་རྗེས་གཟུང་ལ། ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་སློབ་མའི་ལུས་ཀྱི་བགེགས་དབྱུང་བའི་སྦྱོར་བས། སྦྱིན་སྲེག་བྱ་བའམ། ཡང་ན་མེ་ཕོར་དུ་ཡུངས་ཀར་གྱིས་དབྱུང་ཞིང། ཨོཾ་བཛྲ་ཀྲོ་དྷ། ཏྲཻ་ལོཀྱ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཀྲཱིཏ་སརྦ་པཱ་པཾ་ད་ཧ་ད་ཧ་ན་བྷཾ་སྨི་ཀུ་རུ་ཧཱུཾ་ཕཊ་ཅེས ་བགེགས་སྟ་ཕྱེ་མར་བསྲེགས་པ་རྒྱ་མཚོར་དོར་བར་བྱ་བའོ། །དེ་ནས་ཨོཾ་ཨཱ་ལཾ་བཛྲ་ཧཱུཾ་ཧཱུཾ་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་བཾ་ཧཱུཾ། ཨོཾ་མེ་དཾ་ནེ་བཛྲཱི་བྷ་བ་བཛྲ་བན་དྷཱ་ཧཱུཾ། ཨོཾ་བཛྲ་བི་དཱ་ན་ཧཱཾ་ཁཾ་ཧཱུཾ། ཨོཾ་བཛྲ་བཉྩ་ར་ཧཱུཾ་བྷཱུཾ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཾ་སཾ་ཏྲཱཾ། ཨོཾ་ནེ་ཏྲི་བནདྷ་སརྦ་བིགྷྣཱཾ་ཧཱུཾ། ཨོཾ་བཛྲ་ཁཌག་པྲཱ་ཀཱ་ར་ཎ་ཧཱུཾ ་ལཾ་ཧཱུཾ། ཨོཾ་བཛྲ་ཁ་དྷྲི་ཀ་པྲཱ་ཀཱ་ར་ཎ་ཧཱུཾ་ཡཾ་ཧཱུཾ། ཨོཾ་ཙཀྲ་པྲཱ་ཀཱ་ར་ཎ་ཧཱུཾ་ཧཱུཾ། ཨོཾ་པདྨ་པྲཱ་ཀཱ་ར་ཎ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཛཱ་ལ་ཨ་ན་ལཱརྒ་ཧཱུཾ་ཧཱུཾ། ཞེས་ལོག་འདྲེན་གྱི་བགེགས་ཀུན་གྱི་མི་ཚུགས་པར་བྱ་བ་སྟེ། དེས་ས་གཟུང་བའོ། །དེ་ནས་རྡོ་རྗེ་ལས་ཀྱི་སྐྱེས་བུ་འཾ། རྣལ་འབྱོར་མ་བཞི་ཡིས ་དཀྱིལ་འཁོར་གྱི་ཕྱོགས་བཞིར་གནས་པས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ལ་མཆོད་པས་མཆོད་ཅིང་གསོལ་བ་གདབ་པར་བྱའོ། དེ་ནས་ས་བསྲུང་བར་བྱ་བ་ལས། རྡོ་རྗེ་སློབ་དཔོན་བདག་ཉིད་ལྷག་པའི་ལྷའི་ང་རྒྱལ་དུ་བྱ་བ། དཔལ་ལྡན་ཧེ་རུ་ཀར་དྲན་བྱ་ཞེས ་པས་སྔོན་དུ་འགྲོ་བ། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་འཕངས་ལ། སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་བསམས་ཏེ། རང་གི་ལུས་ངག་ཡིད་ལྷག་པའི་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསང་བ་འཛིན་པ་ཉིད་དུ་གསལ་བར་བལྟའོ། །དེ་ཡང་ལྷའི་རྣམ་པ་གསལ ་ཞིང་དམིགས་པ་བརྟན་པར་གྱུར་པས། འཁོར་ལོ་འདིའི་སྙིང་ཀར་བཀོད་པ་ནི་ལུས་ཀྱི་དཀྱིལ་འཁོར་དྲན་པར་བྱ་བ། བདེ་བ་ཆེན་པོའི་འཁོར་ལོ་དང། དམ་ཚིག་འཁོར་ལོ་ཐུགས་ཀར་གསལ་གདབ། དེ་ཡང་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་ཤིན་ཏུ་གསལ་བ་ལས། ་བདག་ཉིད་དེ་ལྟར་གོ་བགོས་ནས་ཞེས་ཐབས་དཔའ་བོའི་གོ་ཆ་དང། གོ་ཆ་ཆེན་པོ་བཀོས་པས་ཁམས་གསུམ་ཟིལ་གྱིས་གནོན་པའི་བདུད་ལས་རྣམ་པར་རྒྱལ་བར་བྱ་བ་ཉིད་ཡིན་ནོ། །དེ་ལས་ཕྱིར་ཡང་བརྟུལ་ཞུགས་ཀྱི་སྦྱོང་པས་རོལ་པའི་གར་བྱ་བ་སྟེ། དཔའ་བོ་ཆེན་པོ་སེངྒེ་ལྟ་བུའི ་ཚུལ་དུ་བསྒྱུར་བ་ལ་ཐད་པས་སྤྱི་བོར་བརྒྱན་བྱས་ཤིང་ཞེས་པས་བཅོས་མའི་སྐྲ་ལས་རལ་པ་འབར་བའི་ཐོར་ཚུགས་གཅིག་ཏུ་བཅིངས་པ་ལ་ཐོད་པ་ཆུང་བ་ལྔ་ལ་ཆུན་འཕྱང་དང། རྡོ་རྗེ་རྒྱ་གྲམ་དང་ཟླ་བ་ཚེས་པ་དང་རུས་པའི་འཁོར་ལོ་དང་རྒྱལ་བ་རིགས་ལྔའི་དབུ་རྒྱན་དར་དཔྱངས ་དང་ལྡན་པའོ། །ཡན་ལག་ནི་རུས་པའི་ཕྱག་རྒྱ་ལྔའོ། །ཐལ་བས་བྱུག་བྱ་ནི་མི་རུས་བསྲེགས་པའི་ཐལ་བ་དང། ཨིན་དྲ་ནཱི་ལའི་བྱེ་མ་དང་སྦྱར་བས་མ་གནང་གིས་སོ། །ཕྱག་རྒྱ་དག་གིས་ནི་རིགས་ལྔའི་སྔགས་ཀྱིས་བྱིན་གྱིས་བརླབས་བས་ལུས་བརྒྱན་ཅིང་ནི་སྔགས་ཀྱི་འོད་འཕྲོ་བ་དང ་བཅས་པས་སོ། །རུས་པའི་ཕྲེང་བ་ནི་མི་མགོ་ལྔ་བཅུ་པའི་ཆ་ཤས་ཏེ་མི་རུས་ལ་བྱས་པའི་མཐེ་བོང་ཙམ་སྤྲེངས་པའོ། །ཡང་དག་བརྒྱན་ནི་སྟོང་གཡོགས་དང་སྨད་དཀྲིས་དང་རམ་རས་ལ་གླང་པོའི་ངང་སྟག་ལྤགས་སུ་མོས་པའོ། །དུམ་གཅིག་སྤྱི་བོར་བརྒྱན་པ་ནི་ཡིད་བཞིན་རིན་ཆེན་འབར་བ་དང། ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །རུས་པའི་ཕྲེང་བ་རྣམ་པར་འཕྱང་བ་ནི་མཆོད་ཕྱིར་ཐོགས་ཚངས་སྐུད་སྲད་བུ་བསྒྲིལ་བ་ག་ཤར་བྱ་བའོ། །ཁ་ཊཝཱཾ་ག་ནི་ལྷ་སྐུ་བདེ་བ་མཚོན་པ་རྡོ་རྗེ་དང་ཌ་མ་རུ་དང་ཐོད་པ་ལག་ན་གནས་པ་བདེ་བ་སྐྱོང་བར་བྱེད་པ་སྟེ། དཔལ་རྡོ་རྗེ་འཛིན་པ་དྲག་པོའི་ཉམས་ཀྱིས་བརྒྱན ་པས་ཐོགས་པ་མེད་པར་སྤྱོད་པའོ། །བསྒོམས་ནས་བགེགས་བསལ་བར་བྱ་སྟེ། དེ་ནས་རྐང་མཐིལ་དུ་ཡི་གེ་ཧཱུཾ་སྣ་ཚོགས་རྡོ་རྗེ་འབར་བ་དང། མིག་གཉིས་སུ་མཾ་དང་ཏྲཾ་ལས་ཉི་མ་དང་ཟླ་བ་འོད་འཕྲོ་བས། རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ་གཟུང་ནས། ་གཡས་ཀྱི་རྡོ་རྗེ་འཕང་ཞིང། ཁ་ཊཝཱཾ་ག་ལེགས་པར་འཁྱུང་ནས་ས་དེ་ན་གནས་པ་འདིས་བསྐུད་པར་བྱ་བའོ། །ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང། འབྱུང་པོ་དང་དྲི་ཟ་དང། སྲིན་པོ་དང་ཤ་ཟ་ལ་སོགས་པ་མ་རུངས་པ་གང་སུ་ཡང་རུང་བ་རྣམས་ཕྱིར ་བྱེད་ཅིང་མྱུར་དུ་སོང་ཅིག་།འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཤིག་།གང་དག་མི་འགྲོ་བ་དེ་དག་།ངའི་རྡོ་རྗེ་འབར་བ་དང་ཁ་ཊཝཱཾ་ག་འདིས་མགོ་བོ་ཨརྫ་གའི་དོག་པ་བཞིན་རྣམ་པར་བརྒྱར་འགས་པར་འགྱུར་རོ་ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །དཔལ་ལྡན་གྱི ་ཕྱོགས་ནས་བརྩམས་ཏེ་གཡས་ནས་ལན་གསུམ་དུ་བསྐོར་བ་བྱའོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པ་ནས་བྱུང་ནས་གདུག་པ་རྣམས་བསྲེགས་པར་གྱུར་པས་ཕན་ཚུན་འབྲོས་པར་གྱུར་པར་བལྟའོ། །སྲུང་པའི་འཁོར་ལོའི་ཁྱད་པར་གྱིས་བྱེད་པ་བསྟན་པའི་ཕྱིར། ར་བ་རྣམས ་ནི་ཕྱོགས་སུ་དགོད་ཅེས་པས་རྡོ་རྗེ་འབར་བའི་ར་བས་ཡོངས་སུ་འཁོར་བ་རིམ་པ་གསུམ་དུ་བལྟ། འོག་ཏུ་ཡང་མཚོན་ཆ་དགོད་པར་བྱ་བ་ནི། སྣ་ཚོགས་རྡོ་རྗེའི་ས་གཞི་ཆེན་པོ་ལ་རྡོ་རྗེ་ཕྲ་མོས་གཏམ་པར་བསམ། གུར་བྱ་?བས་ནི་གོ་ཆར་འགྱུར་ཅེས་རྡོ་རྗེའི་རྩིག་པ་ལྔ་སྦྲག་ལས། རྡོ་རྗེའི ་གུར་ཆེན་པོས་ཁྱབ་པ་ལས། རྡོ་རྗེ་རྩིག་པའི་ཕྱི་རོལ་ཏུ་ནི། རལ་གྲིའི་ར་བ། དེའི་ཕྱིར་རྡོ་རྗེ་གྲི་གུག་གི་ར་བ། འཁོར་ལོའི་ར་བ། པདྨའི་ར་བ། སླར་ཡང་བདག་ཉིད་མཁའ་སྤྱོད་དུ་ཞེས་རྡོ་རྗེ་གུར་གྱི་ནང་དུ་རྡོ་རྗེའི་བླ་རེ་ཆེན་པོ་བྲིས་པའོ། །སྟེང་དུ་མངའ་ཨི་ར་བ་དགོང་ཅེས་པས་མངའ་ཨི་ར་བས་རྡོ་རྗེའི ་རང་བཞིན་གྱི་ཁྱད་པར་རོ། །དེ་དག་ཐམས་ཅད་ཀྱི་ཕྱི་རོལ་ཏུ་མེ་འོད་ཕྲེང་བས་ཀུན་ཏུ་འཁྲིགས་པར་བལྟ་བའོ། །སྲུང་བའི་འཁོར་ལོའི་བདག་ཉིད་ནི་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པ་ཉིད་དོ། །མཚོན་ཆར་མཉམ་ནི་དཔེར་ན་གྲི་སྐོར་མཁན་གྱི་རལ་གྲི་ལྟ་བུ་སྟེ། ཕར་ལ་གཅོད་ཅིང་འཁོར་ལོ ་ཚུར་གང་གིས་ཀྱང་མི་ཚུགས་པ་ཉིད་ཤིན་ཏུ་འཇིགས་པར་སྟོན་པའོ། །དེ་དག་གི་ནུས་པའི་སྟོབས་ནི། དེ་ལྟར་ན་བདག་ཉིད་གོ་བགོས་པས་ཞེས་བདུད་བར་དུ་གཅོད་པས་གླགས་མི་རྙེད་པས་གཟི་བརྗིད་མི་བཟོད་པས་ཉེ་མི་ནུས་པའོ། །སུམ་ཅུ་རྩ་གསུམ་པས་ཀྱང་མི་ཤིགས་ཞེས། དབང ་པོ་བརྒྱ་བྱིན་ལ་སོགས་པ་སྟེ། ཕྱོགས་སྐྱོང་བཅུ་ལྟ་བུའི་ནུས་པ་དང་སྟོབས་དང་ལྡན་པས་ཀྱང་ཉེ་བར་མི་ནུས་པ་ཉིད་ཚད་མེད་པར་བསྟན་པའོ། དེ་ནས་ལྷ་ལྷག་པར་གནས་པ་བྱ་བའི་ཕྱིར། དེ་ལྟར་བདག་ཉིད་ཅེས་པས་བསྟན་ཏེ། ལྷའི་བུའི་བདུད་གཞན་འཕྲུལ་དབང་བྱེད་ན་གནས་པའི་བདུད་ལ ་སོགས་པའི་གནོད་པ་ཟློག་པར་བྱེད་པའི་ཁྱད་པར་སྲུང་བ་མཚམས་ཀྱི་འཁོར་ལོ་བྱས་ནས། རབ་བསྲུངས་ཤིང་ནི་ཕུང་པོ་དང། འཆི་བདག་དང་ཉོན་མོངས་པའི་བདུད་དག་ཀྱང་འཇོམས་པར་འགྱུར་བ་སྟེ། སྔགས་དང་ཞལ་བཞི་སྔགས་རྣམས་ཀྱིས་བསྲུང་བའི་མཆོག་གོ་།ཕྱག་རྒྱས་ནི། དང་པོར ་ལྷ་སོ་སོའི་གནས་སུ་དྲིའི་ཐིག་ལེ་བཀོད་ནས་དེར་གསང་སྔགས་ལྷ་སོ་སོའི་ཕྲེང་བ་བརྗོད་པས་མེ་ཏོག་ཚོམ་བུ་བཀོད་པས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་སྐད་ཅིག་གིས་བརྟེན་དང་བརྟེན་པར་བཅས་པར་བསྐྱེད་ལ། ལས་ཀྱི་ཕྱག་རྒྱ་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐམས་ཅད ་སྐུའི་རྣམ་པ་གསལ་བའི་ཡབ་ཡུམ་སྙོམས་པར་འཇུག་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཐམས་ཅད་ཀྱང་བདེ་བ་ཆེན་པོར་འབྱོར་བའི་སྐུ་ཅན་ནོ། །ཕྱག་རྒྱ་ཆེན་པོ་ནི་ཐབས་ཤེས་རབ་གཅིག་བདེ་སྟོང་ལྷན་ཅིག་སྐྱེས་པར་འཆང་བའོ། །དམ་ཚིག་ཕྱག་བརྒྱ་ནི་དེ་དག་ཐམས་ཅད་ཀྱིས ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཉིད་ལ་རྟོག་པས་མི་ཕྱེད་པའོ། །རྣམ་རྒྱན་པ་ནི་ལྷ་སྐུ་ལ་མཚན་དང་དཔེ་བྱད་དང། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སོ། །ཡང་ན་རྣམ་བརྒྱན་པ་སྟེ། དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་ཅིང། མཆོད་པ་དང་གཏོར་མ་དང། རྣམ་པར་བཀོད ་པས་མཛེས་པར་བྱས་པའོ། །དེ་ཡང་ལྷ་དམ་ཚིག་པ་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་བསྟོད་བཟླས་པ་བདུད་རྩི་མྱང་བའི་བར་དུ་མཆོད་པ་ལས་ཕན་ཡོན་བསྟན་པ། དངོས་གྲུབ་ཐམས་ཅད་རབ་སྟེར་བའི་ཞེས་གནས་སྐབས་དེ་ཉིད་དང་མཐར་ཐུག་ཏུའོ། །དཀྱིལ་འཁོར་འཇིགས་པ་བསམ་པར ་བྱ་ཞེས་པ་བསྒོམ་པ་དེ་ཉིད་དང་རྗེས་སུ་འབྲེལ་པ་བློའི་ཡུལ་དུ་བྲི་བར་བྱ་བ་ཡང་གསལ་གདབ་པའོ། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད་ཅེས་པ་ཕྱི་ནང་གི་མཆོད་པ། མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་བྱུག་པ་སྒྲ་སྙན་ལ་སོགས་པ་དང། ཡང་གཟུགས་རྡོ་རྗེ་ལ་སོགས་པ་རིག་མ་བཅུ ་དྲུག་ལ་སོགས་པ་དང། ཤ་ལྔ་བདུད་རྩི་དང། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱ། མཐར་བསྟོད་པ་བྱས་ནས་གསོལ་བ་གདབ་པར་བྱ་བ་ལ་སོགས་པས་སོ། །དེའི་རྗེས་ལ་སློབ་མ་ལྷག་པར་གནས་པར་བྱ་བ་ལ་ཉེ་བར། འཐོར་འཐུང་གི་གསང་བ་བྱ་སྟེ། འབྱུང་པོ་ལ་གཏོར་མ་བྱིན ་ནས་གསོལ་བ་གདབ་ཅིང་གདམས་པར་བྱའོ། །སྲུང་སྐུད་བཅིང། སྐྱོར་ཆུ་བླུད། ཀུ་ཤའི་སྔས་དང་སྟན་ཁྲོ་བོའི་སྔགས་ཀྱིས་བསངས་པ་བྱིན་ནས། རྨི་ལམ་རྟག་ཏུ་གཞུག་སྟེ། མཚན་མ་ངན་ན་བཟློག་པར་བྱའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་བྱེད་ལས་བསྟན་པ་ལས། དང་པོར་ཐིག་གི་སྦྱོར་བ ་བསྟན་པ་ནི། དེ་ནས་སེམས་མེད་སྲད་བུ་འམ་ཞེས། སྐྱེས་པ་བུད་མེད་གྲིར་ཤི་བའི་རོའི་རྒྱུས་པ་བསྔགས་ལ། ཡང་ན་རོའི་སྐྲའམ་རས་བལ་རོ་ལ་དཀྲིས་པ་ལ་འམ། ཡང་ན་གཞོན་ནུ་མ་མ་ཉམས་པས་བཀལ་བའི་རས་བལ་བྱ་བ་ཕྲ་སྦོམ་སྒོ་ཉི་ཤུ་ཆའོ། །རུ་ཏིར་ནི་བསྒོས་པ་ནི་དཔའ་ ་བོ་གཡུལ་དུ་ཤི་བའི་ཁྲག་ཆེན་པོས་བསྒོས་པའི་དོན་ཏོ། །ཀྱང་ནི་བར་མའི་སྒྲ་སྟེ་བདུད་རྩི་ལྔའོ། །མ་ད་ནས་བྱུག་པ་ཡང་ངོ། །དཔལ་ལྡན་ཁྲག་འཐུང་གྲོང་ཁྱེར་མཆོག་ཅེས་པ་ཐར་པ་ཆེན་པོའི་ཕོ་བྲང། འཁོར་ལོ་བདེ་མཆོག་གི་ཡོན་ཏན་ཕུན་སུམ་ཚོགས་པའི་འབྱུང་གནས་སོ། ། ་དཀྱིལ་འཁོར་ནི་གཞལ་ཡས་ཁང་ཚད་མེད་པ་སྙིང་པོ་ལེན་ཅིང་འཛིན་པ་སྟེ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ་ནི་འཇིགས་པ་སྟེ། ལོག་འདྲེན་རྣམས་སྐྲག་བར་བྱེད་པའོ། །ཡང་ན་ཐིག་གདབ་པར་བྱ་བའི་སྲད་བུ་ཁ་དོག་ལྔ་པ་ལ། ཧཱུཾ་བྷྲུཾ་ཏྲཾ་ཧྲཾ་ཁཾ། འོད་གཟེར་སྤྲོ་བསྡུས ་ཡེ་ཤེས་ཀྱི་ཆ་སྤྱན་དྲངས་ཏེ་བསྟིམ་པ་རྗེ་བཙུན་གྱི་སྙིང་པོ་ཉེ་སྙིང་བརྗོད་པས་མཆོད་པས་ལེགས་པར་བསྒྲིལ་བར་བྱའོ། །རིགས་བསྡུས་པའི་དཀྱིལ་འཁོར་ཚང་ངེས་པ་ཡང་ཁྲུ་བཞི་པའམ་ཁྲུ་བརྒྱད་པ་ཞེས་པས་ཐ་མས་འབྲིང་ནས་ཁྲུ་བཅུ་དྲུག་པའི་བར་གྱིས་སོ།། ་དཀྱིལ་འཁོར་དབྱིབས་ཀྱི་ཁྱད་པར་ནི། ཟུར་བཞི་པ་ནི་གྲཝ་བཞི་སྟེ། ཚད་མེད་པ་བཞིའོ། །དེ་ལ་སྒོ་བཞི་པ་ནི་རྣམ་པར་ཐར་པའོ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་ཡང་པཉྩ་རཱ་ག་དང། འདོད་ཡོན་སྣམ་བུ་ཕྱི་རོལ་ཁོར་ཡུག ་སྟེགས་བུ་དམར་པོ་ཅན་དང། རིན་ཆེན་ཕ་གུ་རྐེད་པར་ལྟ་བུ་ལས། བཻ་ཌཱུརྱའི་རྩིག་པའི་ལོགས་ལ་དྲ་བ་དྲ་ཕྱེད་འཕྱང་བ། མདའ་ཡབ་དང། རི་དགས་ཆོས་ཀྱི་འཁོར་ལོ་གདུགས་དང་བཅས་པའོ། །སྟེང་ཕྱོགས་ས་གཞི་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་རིམ་པས་གྱེན ་དུ་འཕགས་པ་བང་རིམ་ཅན་ལས། རྩེ་མོ་མཆོད་རྟེན་བུམ་པ་ལྟ་བུ་ལ་ཀ་བ་ཉེར་བཞིས་བཏེག་བར་གནས་པའོ། །ཐིག་གི་ཁྱད་པར་ཡང། སྔགས་པས་ཉིས་འགྱུར་རྣམས་དཔྱད་ཅིང་ཞེས་པས། ཆ་ཆེན་བརྒྱད་ལས། བཅུ་དྲུག་ཏུ་གྱུར་པ། དེ་ལ་ཕྱེ་བས་སུམ་ཅུ་རྩ་གཉིས་དང་དེ་ལས ་ཀྱང་དབྱེ་བ་འམ། ཡང་ན་ཆ་ཆེན་ཉི་ཤུ་རྩ་བཞི་ལ་སོགས་པར་ཕྱེ་བ་སྟེ། དང་པོར་ཡེ་ཤེས་དང། དེ་ནས་ལས་ཐིག་གདབ་པར་བྱ་བའོ། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད་ཅེས་ལྷ་ལྷག་པར་གནས་པ་མཆོད་ཅིང། དཀྱིལ་འཁོར་པར་སྣང་དུ་གཏེག་པ་འམ། ལུས་ཀྱི་དཀྱིལ ་འཁོར་བསྡུ་པ་བསྟན་པ་ཉིད་དོ། །དེ་ལས་རྡུལ་ཚོན་ཁྱད་པར་དུ་ནི། རིན་ཆེན་ལྔ་ཡི་ཕྱེ་མ་འམ། །ཡང་ན་འབྲས་ཀྱི་ཕྱེ་མ་ལས། །ཐ་མ་འབྱུང་ཁུངས་ཚོན་གྱིས་ཏེ། །དུར་ཁྲོད་ལས་བྱུང་རྟོག་པ་འདག་ཅེས་པས། །འདིར་ནི། གང་དུ་རོ་བསྲེགས་སོལ་ཕྱེ་དང་ཞེས་དུར ་ཁྲོད་སོལ་བས་ནི་རྡུལ་ཚོན་ནག་པོ། སྐྱེས་པའི་རུས་པའི་ཕྱེ་མ་ནི་རྡུལ་ཚོན་དཀར་པོའོ། །ལྡོང་རོས་ཀྱིས་སེར་པོ། དུར་ཁྲོད་སོ་ཕག་ལྡན་པ་ཡིས་ནི་རྡུལ་ཚོན་དམར་པོའོ། །རྐུན་མོའི་ལོ་མ་དང་སྐྱེས་བུའི་རུས་པའི་ཕྱེ་མ་དག་གིས་ནི་རྡུལ་ཚོན་ལྗང་གུ་སྟེ་ཚོན་གྱི་རྒྱུའོ། །དཀྱིལ་འཁོར ་ནི་རིགས་བསྡུས་པའི་ངོ་བོ་དང། རིགས་ཐ་དད་པ་རྣམས་ལས། བཟང་པོར་བྲི་བར་བྱ་བ་ནི། བྷ་དྲ་ཞེས་རྒྱུ་ཐབས་འབྲས་བུར་འབྲེལ་བའི་རྡུལ་ཚོན་དང་རས་རིས་ཡང་གཟུང་ངོ། །དང་པོར་ཕོ་བྲང་ཆེན་པོའི་སྙིང་པོའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེའི་ཞེས་བླ་ན་མེད་པའི་ལྟེ་བ་ཉིད་ཀྱི་དབུས་སུ ་པདྨ་ནི་ཆུ་སྐྱེས་ཏེ། དཔལ་ཧེ་རུ་ཀ་ཡབ་ཡུམ་དང་ལྷ་མོ་བཞི་དང་ལྡན་པ་བུམ་པ་ཐོད་པ་དང་བཅས་པའོ། །འདབ་མ་བརྒྱད་དང་བཅས་པ་ནི། ཕྱོགས་བཞི་ལེབ་རྒན་མེ་དང་རླུང་སྐྱེར་ཁ། བདེན་བྲལ་ལ་བསྲུབས་ཀ་།འབྱུང་པོར་ལྕག་ཀའོ། །ལྟེ་བ་འབར་དང་བཅས་ནི་འོང་ཁ་དོག་སྣ་ཚོགས་འཕྲོ ་བའོ། །གེ་སར་ཡང་དག་ལྡན་པར་གཞག་པ་ནི། དེ་ཡང་དབུས་ཀྱི་གཙོ་བོ་ཡབ་ཡུམ་ནས་བརྩམས་ཏེ་དཀྱིལ་འཁོར་འཁོར་ལོ་རྫོགས་པ་རྟེན་དང་བརྟེན་པར་བཅས་པ་ནས། དུར་ཁྲོད་དང་རྡོ་རྗེ་ཕྲེང་བ་དང་ལྡན་པ། དེ་དག་གི་ཕྱི་རོལ་དུ་རི་རབ་ཀྱི་ལྕོག་རྩེ་མོ་དང་ལྡན་པ་དང། ལྷ་གནས་དང། རི་རབ་ཀྱི ་ཁ་ཁྱེར་དང་ལྡན་པ་བྲི་བའོ། །དེ་ལས་ལྷ་སོ་སོའི་གནས་སུ་མཚན་མ་དགོད་པར་བྱ་བ་ལས། སྐུ་གསུང་ཐུགས་ཀྱི་རིམ་པ་ལས། སྐུ་རྫོགས་པ་བྲི་བའི་དབང་དུ་བྱ་བ་ནི། དཀྱིལ་འཁོར་གྱི་དབུས་སུ་བྲི་བ་ལྟེ་བར་དགོང་བྱ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་ཡུམ་གསལ་བར་བྲི་བ་སྟེ། ་དཔའ་བོ་ནི་ཞེས་པ་དབང་ཕྱུག་དང་ཚངས་པ་དབང་པོ་ཁྱབ་འཇུག་འདུལ་བར་མཛད་པའོ། །འཇིགས་བྱེད་ནི་དབང་ཕྱུག་དང་ཨུ་མ་འདུལ་བར་མཛད་པ་ཞབས་གཡོན་པ་དང། གཡས་པས་གནོན་པ་རྟག་ཆད་རྣམ་པར་དག་པའོ། །ཡང་འཇིགས་བྱེད་ནི་རྗེ་བཙུན་གར་གྱི་ཉམས་ཀྱི་ང་རོ་དགུ་དང ་ལྡན་པ། ཤིན་ཏུ་དྲག་པོའི་སྐུའོ། །དྲང་སོང་ཁྲོས་པ་ཆེན་པོའི་སྐུ་ཅན་ལ་ཞེས་ཁྲོ་ཆགས་འདྲེན་པའི་སྐུའི་རྣམ་པ། བཻ་ཌཨཱརྱའི་མདོག་གི་གཟུགས་ཅན་ནོ། །མདངས་དང་ལྡན་ཞིང་ནི་སྐུ་གཟི་བརྗིད་མཚུངས་པ་མེད་པ་ལས་རབ་ཏུ་འབར་ཞེས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་ས་གསུམ་གྱི་འཇིག་རྟེན ་དུ་ཁྱབ་ཅིང་སྣང་བར་མཛད་པའོ། །གསུང་གི་ང་རོ་བསྟན་པ་ནི་ཧ་ཧ་ཞེས་པའི་སྒྲ་ཆེན་བཞད་པ་ནི་ཡེ་ཤེས་རྡོ་རྗེའི་གད་མོ་བཅུ་གཉིས་སྒྲོགས་པས་ས་ཆེན་པོ་གཡོ་ཞིང་གཡས་གཡོན་དུ་གཟིགས་པའོ། །དབུ་རྒྱན་རལ་པའི་ཐོར་ཚུགས་གཅིག་ཏུ་བཅིངས་པ་ལ་ཐོད་པའི་ཕྲེང ་བ་ནི་ཐོད་པ་སྐམ་པོ་དཀར་ཙེ་ར་བ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་རིགས་ལྔའི་ཅོད་པན་དང་བཅས་པས། ཡང་རྒྱན་དང་ལྡན་ནི་རུས་པའི་ཆུན་འཕྱངས་ཅན། རུས་པའི་འཁོར་ལོ་ལས། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་པ་རྡོ་རྗེ་སེམས་དཔའ་གནས་ཤིང། ཟླ་བ་ཚེས་པ་དང་ཡིད ་བཞིན་ནོར་བུ་རྩེ་མོར་མཛེས་པའོ། །སྐུ་དེ་ཡང་མཚན་བཟང་པོ་དང་དཔེ་བྱད་དང་ལྡན་པའོ། །སྤྱན་གསུམ་ནི་དུས་གསུམ་མཁྱེན་ཅིང་ཐུགས་རྗེས་འགྲོ་བ་རྗེས་སུ་འཛིན་པའོ། །ཞལ་བཞི་མདའ་བ་ནི། རྩ་བའི་ཞལ་བཻ་ཌཱུརྱ་ལྟར་སྐུ་དང་མཚུངས་པ། གཡས་པ་གསེར་མདའ་བ་རྔམ ་པའོ། །རྒྱ་བག་ལ་པདྨ་རཱ་ག་ལྟར་བཞད་པ། །གཡོན་མརྐ་ཏ་ལྗང་བུ་ལྟ་བུ་སྟེ་གཙིགས་པ་ཅན་ནོ། །གླང་པོ་ཆེའི་པགས་པ་ནི་འགྲོ་བའི་མ་རིག་པ་རྩད་ནས་གཅོད་པའོ། །རྣམ་པར་བགོས་པ་སྟེ། བགེགས་ཀྱི་རྒྱལ་པོ་ཐམས་ཅད་བཏུལ་བར་མཛད་པ་ཉིད་དོ། །ཞལ་དེ་དག་ལ་ཡང་སྨིན ་མ་བཟང་པོ་སྟེ་ཞལ་ཁྲོ་གཉེར་ཅན། མེ་རི་ལྟར་འབར་བ་འཕྲོ་བའོ། །རྡོ་རྗེ་དབྱེས་པ་ནི་བ་སྤུ་དང་ཨག་ཙོམ་ལ་སོགས་པ་ཐམས་ཅད་རྡོ་རྗེ་རང་བཞིན་ཅན་ལ། ཐམས་ཅད་དུ་ནི་རིན་པོ་ཆེ་དང་རྡོ་རྗེའི་རྒྱན་གྱིས་སྤྲས་པ་ཉིད་དོ། །ཕྱག་ནི་བཅུ་གཉིས་ལས། ཁ་ཊཝཱཾ་ག་དང་མགོ་བོ ་བསྣམས་པ་ཚངས་པའི་ཞལ་བཅད་པ་ཉིད་དོ། །བརྒྱ་ཕྱོང་ཕྲེང་བས་རྣམ་པར་བརྒྱན་པ་ནི་འདུ་བྱེད་ལྔ་བཅུ་དག་པ་དང། ཨཱ་ལི་ཀཱ་ལི་ལྔ་བཅུ་སྟེ། དང་པོ་ལྷ་མ་ཡིན་དང་གནོད་སྦྱིན་ལ་སོགས་པའི་མགོ་བོ་ཁྲག་འཛག་པ་ཅན་དང། ཡུམ་གྱི་ཕྲེང་རྒྱན་ནི་ཤ་དང་བཅས་པ ་བསྐམས་པའི་ཆ། རྒྱུ་མའི་ཐབ། པས་བརྒྱུས་པ་ནི་སངས་རྒྱས་རིགས་བརྒྱའི་སྤྲོ་བསྡུ་མཛད་པའོ། །དེས་རྗེ་བཙུན་ཧེ་རུ་ཀའི་སྐུའོ། །དཔལ་རྡོ་རྗེ་རྣལ་འབྱོར་མའི་སྐུ་རབ་ཏུ་འཁྲིལ་བར་བསྟན་པའི་ཕྱིར་དེ་མདུན་གནས་པའི་ལྷ་མོ་ནི་ཞེས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཨུཾ ་དཔལ་ལྡན་རྡོ་རྗེ་ཕག་མོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་རྣམ་པར་དག་པ་སྟེ་ཡེ་ཤེས་ཀྱི་སྐུ། རབ་འཇིགས་ནི་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུའོ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཕྱོགས་ནི་གཙོ་བོའི་སྐུ་ལ་འཁྱུད་པ་སྟེ་རྡོ་རྗེ་པདྨ་སྙོམས་པར་ཞུགས་པ་ལྗོན་ཤིང་ལ ་འཛེག་པ་ལྟར་རོ། །སྤྱན་གསུམ་པ་ནི་སྲིད་གསུམ་དུས་གསུམ་ས་ལ་མཁྱེན་པ། དྲག་མོའི་གཟུགས་མངའ་མ་སྟེ། འཇིག་རྟེན་གྱི་དྲེགས་བྱེད་སྲིན་མོ་ལ་སོགས་འདུལ་བའོ། །དེའི་ཕྱག་གཡོན་པ་ན་ཀ་པཱ་ལ་ནི་ཨན་ཏྲས་བཀང་གདུག་པ་ཅན་བསྒྲལ་བའི་དབང་པོའི་སྒོའི་ཕྲ་བོ། །ཞལ་ནས་རུ་ཏི ་ར་འཛག་ཅིང་ནི་བདེ་བའི་རྒྱུན་གསོལ་བའོ། །ས་བླའི་ལྷ་དང་ས་སྟེངས་མི་དང་ས་འོག་གི་ལྷ་མ་ཡིན་དུ་བཅས་པའི་ལོག་འདྲེན་རྣམས་ཐམས་ཅད་ལ་ཕྱོགས་བཅུ་ཀུན་ཏུ་ནི་སྡིགས་མཛུབ་རྡོ་རྗེ་དང་བཅས་པས་ཚར་གཅོད་པའོ། །དཀྱིལ་འཁོར་པའི་རྣལ་འབྱོར་མས་འོག་ས་སྟེངས ་མཁའ་སྤྱོད་ཀྱི་གནས་པ་དགོང་པ་ཡང་མཁའ་འགྲོ་མ་ནི་ཉི་ཤུ་བཞི་རྣམས་དང། གཞན་ཡང་རྣལ་འབྱོར་མ་བཅུ་གཉིས་དང་ལྡན་པ་ཐམས་ཅད་ནི་དཔལ་ལྡན་ཕག་མིའི་ནི་རིགས་ལས་བྱུང་ཞེས་ཡེ་ཤེས་ཀྱི་ཆ་ཤས་ལས་བྱུང་ཞིང་སྤྲོ་བསྡུ་མཛད་པ་ཡང་ཡིན་ནོ། །ཕྱོགས་དང ་ནི་ལུགས་འབྱུང་ལ་ཕྱོགས་ཀྱི་མཚན་རྣམས་ནི་ལུགས་ལས་བཟློག་པ་མཚོན་པའོ། །འཁོར་ལོའི་དབུས་སུ་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་དང་ཧེ་རུ་ཀའི་སྐུ་དང། ཡིག་འབྲུ་ཕྱག་ན་ཚན་བཀོད་པ་ལ་མཆོད་པར་བྱ་བ་ཉིད་དོ། །དེ་བཞིན་འདིར་ནི་དཔའ་བོ་ཡང་ཞེས་ཐོད་པའི་དུམ ་བུ་ཅན་ལས་བརྩམས་ཏེ་རྡོ་རྗེ་སེམས་དཔའ་ཨི་བར་དུའོ། །འཁོར་ལོ་ནི་སྐུའི་རིགས་འཁོར་ལོའི་མུ་ཁྱུད་ཅན་དང། གསུང་གི་འཁོར་ལོ་པདྨའི་མུ་ཁྱུད་ཅན་དང། ཐུགས་ཀྱི་འཁོར་ལོ་རྡོ་རྗེའི་མུ་ཁྱུད་ཅན་དང། རིགས་པ་དག་གི་ཕྱག་རྒྱ་དང་ཡང་དག་གནས་པ་བྲི་ཞེས ་ཡེ་ཤེས་ལའི་རྩིག་པའི་ནང་དུའོ། དེ་དག་ཀྱང་ཐབས་རྐྱང་བ་འམ། ཡང་ན་ཤེས་རབ་རྐྱང་བ་ལྟ་བུ་ལ་འམ་ཞེ་ན། སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད་ཅེས་ལས་དང་འབྲས་བུ་མྱུར་དུ་འབྱིན་པ་འདི་ཉིད་གཉིས་མེད་དཔའ་བོ་མཆོད་པར་བྱ་ཞེས་ལྷ་དེ་དག་ཐམས ་ཅད་ཀྱང་ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་བདེ་བ་ཆེན་པོར་རོ། དེ་ལ་དཀྱིལ་འཁོར་གྱི་གནས་ཉོ་བར་བརྒྱན་པ་ནི་དཀྱིལ་འཁོར་གྱིས་ཕྱོགས་ཀུན་ཏུ་བཀོད་པ་ལེགས་པར་བརྒྱན་པར་བྱ་བ་ནི། རིན་ཆེན་དང་ཞེས་མུ་ས་ལ་གརྦྷ་ལ་སོགས་པ་སྣ་ཚོགས་པ་དང་གསེར་རྣམ་པས ་ཀྱི་སིན་མཛེས་པར་སྤྲས་པའི་མཆོད་རྫས་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའོ། །ཐར་པ་ཆེན་པོའི་གྲོང་མཆོག་ནི་ལྷའི་གཞལ་མེད་ཁང། ཡིད་འོང་ནི་ཤིན་ཏུ་མོས་པས་སོ། །མཆོད་ན་ནི་ཞེས་དཀྱིལ་འཁོར་གྱི་གྲིབ་ཡོལ་དང་བླ་བྲེ་དང་གདུགས་དང་གདུང་གཡོགས ་ཀྱིས་སོ། །མེ་ཏོག་ཕྲེང་བ་དང་སྤོས་སྣ་ཚོགས་འདྲིའི་བྱུག་པ་ལ་སོགས་པ་སྣ་ཚོགས་པའོ། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད་པ་ཡོན་ཏན་ཕུན་སུམ་ཚོགས་པ་མྱུར་དུ་གྲུབ་པར་བྱེད་པའོ། །འདིར་བུམ་པ་ལྷག་གནས་བསྟན་པ་ནི་གཞུང་འཁྲུགས་མ་སྦྱར་བའི་དོན་ཏེ། །གོང་དུ་དགོས་པས་བློ་དང ་ལྡན་པས་ཤེས་པར་བྱའོ། དེ་ནས་དུ?་བ་བྱ་བ་ནི། །ཞེས་ཐོག་མའི་དབང་རྫས་བསྒྲུབ་པ་ལ་ཁྱད་པར་དུ་རྒྱུ་རིན་པོ་ཆེ་ལ་བྱས་པ་དང་ས་ལས་གྲུབ་པ་ཡང་རུང་སྟེ། མཚན་ཉིད་དང་མི་ལྡན་པའི་སྐྱོན་ནི། རྩ་བ་ནག་པོ་ཞེས་པ་འབར་འབུར་ཐག་ཐུག་མེད་པར་ཕྱི་ནང་ཐམས་ཅད་ཤིན་ཏུ་འཇམ་པ ་ལ། ཞབས་སྟེགས་མེད་པ་ནི་མ་ཡིན་ནོ། །ར་རི་ལ་སོགས་མེད་པ་སྟེ་སྐྱོན་དང་བྲལ་པའོ། །མཚན་ཉིད་ཡོན་ཏན་དང་ལྡན་པ་སྟེ་བྲེ་གསུམ་ལ་སོགས་པ་ཐ་མ་བྲེ་གདོང། །བུམ་པའི་སྙིང་པོའི་རྫས་ནི་མུ་ཏིག་གསེར་དང་གཞན་ཡང་རིན་པོ་ཆེ་མིན་དྲ་ནཱི་ལ་དང། བྱུ་རུ་དང་དངུལ་དང་མུ ་མེན་དང་ཟངས་མའི་རྒྱུ་མཐིང་སྤངས་ཏེ། རིན་པོ་ཆེ་ལྔ་དང། བཟའ་བ་ཀུན་ཏེ་འབྲུ་ལྔ་དང་སྙིང་པོ་ལྔ། དྲི་ལྔ་དག་གིས་ཏེ་སྤོས་ལ་སོགས་པས་ལེགས་བཀང་སྟེ། ཡང་རྒྱུན་ཏུ་འབར་བའི་ཆུས་བཀང་བ་ལ། སྣོད་ཀ་པཱ་ལ་འམ་དུང་ཆོས་སམ། ཉ་ཕྱིས་བཟང་པོར་བདུད་རྩི ་རི་ལུ་སྦྱར་བ་ནི་བུམ་པ་ལ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་སྟེང་དུ་བཞག་པར་བྱ་བ་རྡོ་རྗེ་དང་བཅས་པའོ། །ཁ་དོག་ལྔ་པ་འམ་ཡང་ན་གཞན་ཡང་གཟུངས་ཐག་རས་སྐུད་ལ་མེ་ཏོག་ཕྲེང་བ་བརྒྱུས་པས་མགྲིན་པ་སྲད་བུས་དཀྲི་བ་དང་ཞེས་འོད་ཟེར་ལྔ་དང ་ལྡན་པར་བསམ་པའོ། །ཁ་ཁྱེར་ལ་ནི་འདབ་མ་འབྲས་བུ་ཅན་གྱི་ཤིང་ཨ་མྲ་ལ་སོགས་པར་བརྒྱན་པར་བྱ་བ་སྟེ། རྒྱུ་འབྲས་ཀྱི་ལམ་སྟོན་པའི་བྱེད་པའོ། །གོས་ཟུང་གིས་ནི་ལེགས་དཀྲིས་པ་ནི་བུམ་པ་ཀུན་ལ་རས་ཁ་ཚར་མ་ཉམས་བཟུང་གིས་མགུལ་ཆིངས?་བའོ། ། ་བརྒྱད་ནི་སྒོ་རུ་རྣམ་པར་དགོས་ཅེས་པས་རྩཝ་ཀུ་ཤ་རས་གཙང་མའི་སྟེང་དུ་བཞག་པར་བྱ་བ་སྟེ། བདེ་ཆེན་ཌཱ་ཀིའི་བུམ་པ། ཐོད་པ་རིགས་ཀྱི་དང། ཐུགས་གསུང་སྐུ་ལ་གསུམ། དམ་ཚིག་གི་སྒོ་ཕ་མ་བཞི་དང། མཚམས་མ་བཞི་དང། ལས་ཀྱི་བུམ་པ་དང་བཅས་པའོ། །དཀྱིལ་འཁོར་ཕྱོགས ་བཞིར་ཟུང་དུའོ། །བུམ་པ་དགུ་པ་དབུས་སུ་བཞག་གཙོ་བོ་ཡབ་ཡུམ་གྱི་རྣམ་པར་རྒྱལ་བའི་བུམ་པ་དང། བཀྲ་ཤིས་ཀྱི་བུམ་པ་ཡང་བྱ་སྟེ། དེ་དག་ལ་ལྷའི་མཚན་མ་དགོད་པར་བྱའོ། །བུམ་པ་ལེགས་པར་བརྒྱན་པ་ནི། གསེར་རམ་དངུལ་ལམ་རིན་ཆེན་ནི། སྣ་ཚོགས་བཀོད་པས ་སྦས་པ་སྟེ། མུ་ཏིག་གི་ཕྲེང་བ་ལ་སོགས་པ་རྣམས་ཀྱིས་མ་རྡོས་པར་བྱ་བའི་ཆུན་འཕྱངས་ལ་སོགས་པས་ལེགས་པར་བརྒྱན་པའོ། །ད་ནི་དཀྱིལ་འཁོར་ལྷག་པའི་ལྷར་བསྒྲུབ་པར་བྱ་བ་སྟེ། བདག་ཉིད་ཀུན་ནས་སྒོ་ལ་ནི་ཞེས་པས་རྡོ་རྗེ་སློབ་དཔོན་གྱིས་རྣམ་པར་བཀོད་པ་བྲིས་པའི ་དཀྱིལ་འཁོར་དུ། དེ་ཉིད་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་པ་ལྟར་བལྟས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་མཆོད་ཡོན་ཞབས་བསིལ་དང། ཕྱག་དང་མཆོད་པ་སྒོའི་ཕྱོགས་བཞི་ལས་བསྟོད་པ་ལ་སོགས་པ་བྱ་སྟེ། རྗེ་བཙུན་ཧེ་རུ་ཀའི་ཞལ་བཞི་ལ་དམིགས ་ནས་ཐབས་ཤེས་རབ་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་བསྟན་པར་བྱའོ། །བདག་ཉིད་ནི་རྣལ་འབྱོར་པའོ། །ཀུན་ནས་སྒོ་ལས་ནི་རང་གི་ལུས་ཀྱི་དཀྱིལ་འཁོར་དང་ཐ་དད་པར་བྱང་ཆུབ་ཕྱོགས་ཀྱང་ངོ། །དྲི་ཞིམ་ཆུ་ཡིས་ལ་གེས་པར་གདབ་པ་ཙན་དན་དང་ཛཱ་ཏི་གུར་ཀུམ་ལ་སོགས ་པའི་ཆུ་ལ་འཁྱིལ་པ་བརྗོད་པས་ཕྱོགས་ཀུན་ཏུའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དབང་གི་སྒོ་ནས་ཡོན་ཏན་ནུས་པ་མངོན་དུ་བྱ་བར་འདོད་ནའོ། །མཆོད་པ་དག་ཀྱང་ལྟ་གྲངས་ལས་མི་ཉུང་བ་ལས། མར་མེ་བརྒྱ་ནི ་དབུལ་བྱ་ཞིང་ཞེས་པས་དེས་མཚོན་ནས། མེ་ཏོག་བདུག་སྤོས་ལ་སོགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཡོངས་སུ་འཁོར་བའོ། །ནམ་མཁའ་ཨི་ཞེས་མཁའ་སྤྱོད་མའི་མཁའ་འགྲོ་མ་རྣམས་ནི་འདིར་ལྷ་མོ་རྣམས་གཙོ་ཆེ་ཞིང་ཐུགས་ཀྱི་དཔའ་བོ་དང་བཅས་པ་ཐམས་ཅད ་ཡིད་ཀྱིས་ཏེ། རྣམ་པ་གསལ་བས་ཐམས་ཅད་སྟེང་དུ་དགོང་པ་རྡོ་རྗེའི་ཀ་བ་དང་གདུང་ཟླུམ་གྱིས་སོ། །ས་སྟེང་མཁའ་འགྲོ་མ་གང་ཡིན་ནི་ལྷ་མོ་མྱུ་གུ་ཅན་ལ་སོགས་པ། དཀྱིལ་འཁོར་ཀུན་ཏུ་དགོད་པར་བྱ་བ་གསུང་གི་ལྷ་ཚོགས་ཡབ་ཡུམ་སྟེ། པདྨའི་ཀ་བ་དང་པདྨའི་གདུང ་ཟླུམ་གྱིས་སོ། །གང་ཡང་ས་འོག་མཁའ་འགྲོ་མ་ནི་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་སྐུའི་ལྷ་ཚོགས་དཔའ་བོ་སྟོབས་པོ་ཆེ་ལ་སོགས་པ་དེ་རྣམས་ནི་ས་འོག་གནས་སུ་དགོད་པ་འཁོར་ལོའི་ཀ་བ་དང་གདུང་ཟླུམ་གྱིས་བཏེག་པ་ཉིད་དུའོ། །རིམ་པ་བཞིན་ཕོ་བྲང་འཁོར་ལོ་རིམ ་པ་ཅན་དུ་གནས་པས་སྟེངས་དངས་གཞི་མཚུངས་སོ། །དེ་ལས་བདེ་བ་ཆེན་པོའི་ལྷ་མོ་མ་མོ་བཞི་པ་ནི་གཙོ་བོའི་ཕྱོགས་བཞིར་གནས་པ། མྱུ་ཁྱུང་གྲི་གུག་ཕྲེང་བས་མཚན་པ་ལའོ། །གཞན་ཡང་དམ་ཚིག་འཁོར་ལོའི་མ་མོ་ཐམས་ཅད་སྒོ་བ་མ་ནི་ཕྱོགས་དང་ཞེས་སྒོ་བཞིའི་ནང ་ངོས་སོ། །ཕྱོགས་མཚམས་གྲཝ་བཞི་རྣམས་སུ་གཤིན་རྗེ་བརྟན་མ་ལ་སོགས་པ་དགོད་པར་བྱ་ཞེས་འགྲོ་པ་འདུལ་བའི་ཕྱིར་རོ། །འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་གུས་པའི་སྒོ་ནས་གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་མྱུར་དུའོ། །དྲི་དང་མེ་ཏོག་བདུག་སྤོས་དང་ཞེས ་བྱུག་པ་མན་དར་བ་ལ་སོགས་དང། ཨ་ཀ་རུ་ལ་སོགས་པའོ། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་གནས་ཞེས་བརྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་ཀྱི་ཕོ་བྲང་ཡོངས་སུ་རྫོགས་པའོ། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། ཞེས་པས་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་པ ་གསང་སྔགས་ཀྱི་བསྟན་པར་བྱེད་པའོ། །ཡང་བཀོད་པའི་བྱེ་བྲག་དར་གྱི་རྒྱལ་མཚན་དང་བ་དན་ཁ་དོག་དམར་བ་ནི་དབང་དང་དགུག་པའོ། །དེ་བཞིན་སེར་བ་ནི་རྒྱས་པའོ། །དཀར་བ་དང་ནི་ཞི་བའོ། །གནག་དང་ནི་མངོན་སྤྱོད་དོ། །སེར་སྐྱ་དང་ནི་རེངས་པར་བྱེད་པ་ལ་སོགས ་པ་ལའོ། །དེ་བཞིན་གོས་ནི་སྣ་ཚོགས་དང་ནི་ཀ་ཤིཀ་དང་པཉྫ་ལེ་ཀ་དང་དེ་ལ་སོགས་པ་ཁ་དོག་དང་རྒྱུ་བཟང་པའི་བྱེ་བྲག་གིས་སོ། །ཀུ་མུ་ཏ་དང་པུཎྜ་རི་ཀ་ལ་སོགས་པའི་མེ་ཏོག་ཕྲེང་བ་དུ་མའི་ཆུན་འཕྱང་གིས་བརྒྱན་པའོ། །བླ་རེ་དག་དང་བཅས་པ་ནི་གདུགས་དང་འོག ་ལས་བྱས་པ་ལའོ། །མདའ་ནི་བརྒྱད་ལ་སོགས་པ་ལ་དྲ་བ་བྲེས་པས་ཤིན་ཏུ་མཛེས་པར་བྱ་བའོ། །ཡང་ན་ཡོལ་བ་ལ་སོགས་པའོ། །དཀྱིལ་འཁོར་པ་ལ་ཚོགས་ཀྱི་མཆོད་པ་དབུལ་བ་ནི་དེ་བཞིན་བཟའ་བཅའ་བཏུང་བ་ཡིས་ཞེས་པས་བ་ལ་ད་དང་མ་ད་ན་ལ་སོགས་པ་ཁུར་བ་ལ་སོགས་པ་? ་ཆ་ད་སྣ་ཚོགས་པ་ལ། རབ་མཉམ་གཞག་སྟེ། མཆོད་པར་བྱ་བ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་ངང་ལས། དེ་དག་རྡུལ་བཞིན་དུ་བྱིན་གྱིས་བརླབས་པའི་སྦྱོར་བས། བདུད་རྩི་དམ་ཚིག་པ་ལ། ཡེ་ཤེས་ཀྱི་བདུད་རྩི་སྟིམས་ཏེ། ལྷ་རྣམས་ལ་མཆོད་ཅིང། ལྷ་ཚོགས་ཐམས ་ཅད་ཀྱི་ཞལ་ལ་རེག་པར་མོས་པས་གསང་སྔགས་བཟླས་ཤིང་བརྟན་པར་གྱུར་པའི་དོན་གྱིས་རྨི་ལམ་སྒྱུ་མ་ཙམ་དུ་མོས་པས་གཏོར་མ་དབུལ་ཞིང། བཟོད་གསོལ་བྱ། ཡི་གེ་བརྒྱ་པ་འདོན་པར་བྱ། དེ་ནི་ལྷ་མཉེས་པར་བྱ་བའི་ཆོ་གས་དཀྱིལ་འཁོར་གྱི་བསྒྲུབ་པ་བསྟན་པའོ། །ད་ནི ་ལེའུ་མཚན་བསྡུ་བ་ལས། དཔལ་འཁོར་ལོ་སྡོམ་པ་ལས་ཞེས། རྒྱུ་ཐབས་འབྲས་བུ་འམ་བླ་ན་མེད་པའོ། །འཁོར་ལོ་ནི་ལྔ་ལྡན་ནོ། །མཆོད་པ་ཕྱི་ནང་བླ་མེད་དོ། །ཆོག་ནི་གསང་ཆེན་འབྲས་བུ་མྱུར་དུ་སྟེར་བའི་གནས། ལེའུ་ནི་གཞུང་གཅོད་ཅིང་སྐྱོང་བའོ། །གཉིས་པ་ནི་གྲངས ་བསྟན་པའོ། །ལེའུ་གཉིས་པ་རྣམ་པར་བཤད་པའོ།། །།དེ་ལ་འདིར་དང་པོར་བགེགས་ཉེ་བར་ཞི་བ་སའི་ཆོ་ག་དང། ལྷག་པར་གནས་པའི་ཆོ་ག་རྫོགས་པ་དང། ཐིག་གདབ་ཅིང་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ནས། དཀྱིལ་འཁོར་ལྷག་པའི་ལྷར་བསྒྲུབ ་ཅིང། གནས་ཉེ་བར་བརྒྱན་ལ། མཆོད་པ་དང་གཏོར་མ་ལེགས་པར་བཤམས་པ་སྔོན་དུ་འགྲོ་བས་དེ་ནས་ཐོག་མར་ནི་བླ་མ་ལ་ཇི་ལྟར་མཆོད་པ་བསྟན་པ། དེ་ལ་དཔལ་ལྡན་པདྨ་བཛྲ་པས། མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མ་ལ་ནི་གུས་པས་མཆོད་སངས་རྒྱས་རིན་ཆེན་ཟ་མ་ཏོག་།དཔལ་ལྡན ་འདུས་དང་གཞན་དཱུང་བསྟན་ཅེས་པ་ལ་སོགས་པ་གསུངས་པས་སོ། །དེ་ཡང་དང་པོར་སྒྲུབ་པ་པོས་ཞེས་བླ་ན་མེད་པའི་རྒྱུད་འདིར་དབང་བསྐུར་བ་ཐོབ་པར་འདོད་པས་སོ། །དངོས་པོ་ཀུན་གྱིས་ནི་གང་རང་གི་ཡིད་དུ་འོང་བའི་རྫས་དང་ལོངས་སྤྱོད་ཐམས་ཅད་དོ། །དང་པོར ་ཞེས་དུས་ཀྱི་ཁྱད་པར་ཡོན་ཏན་གྲུབ་པར་བྱས་པ་ལ་རྡོ་རྗེ་སློབ་དཔོན་ནི་ལེགས་པའི་ལམ་སྟོན་པའི་མཆོག་དེ་ཉིད་ཞིང་ཁྱད་པར་ཅན་ནོ། །གྲུབ་འདོད་ནི་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བོ། །ཤིན་ཏུ་མཉམ་གཞག་པས་ནི་ལྷག་པའི་ལྷ་དཔལ་རྡོ་རྗེ་འཆང ་དང་ཐ་དད་མེད་པར་བལྟ་བས་ཅི་ནུས་པས་ནི་མཆོད་པ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་དུ་མས་སོ། །དེ་ལ་ལེའུ་འདི་ཉིད་ཉེར་བདུན་པ་ལས་ཀྱང། བླ་མ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བ་ནི་སྔགས་ལེགས་ལྡན་ཞེས་པ་དང། རྣལ་འབྱོར་ལ་ལ་དགའ་བས་ནི། །གཙང་སྦྲ་འདི་ནི་ཡང ་དག་དཔྱད། །བསོད་ནམས་གཙང་སྦྲ་ལས་བྱུང་བ། །སྒྲུབ་པོས་ཡོན་ཏན་རྒྱ་ཆེན་ཐོབ་ཅེས་པའི་དོན་ཏེ། དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་མཆོད་ཅིང་དབང་ཇི་ལྟར་བསྐུར་བར་བྱ་བ་ལ་དང་པོར་རང་ནུས་པ་མཐུ་དང་ལྡན་པར་བྱ་བའི་ཕྱིར་འཇུག་པར་བྱ་བ་ནི་རིག་པའི ་དབང་རྣམས་ལས། དང་པོར་མི་བསྐྱོད་པ་ཆུའི་དབང་ལས། དྲིལ་སྦྱངས་ནི་བུམ་པ་མཚན་ཉིད་དང་ལྡན་པ་ཨ་ཀ་རུ་ལ་སོགས་པའི་སྤོས་ཀྱིས་བདུག་ཅིང་ལེགས་པར་སྦྱངས་པའི་སྔགས་ཨཱ་ལི་ཀཱ་ལིས་དག་བྱེད་ཀྱི་བུམ་པ་བརྒྱན་པ། མེ་ཏོག་སྟེ་རིགས་ལྔའི་དབུ་རྒྱན་ཅོད་པན ་དང་ལྡན་པའོ། །ཡང་དྲིལ་སྦྱངས་ནི་དར་དང་རས་ཀྱིས་མགུལ་ཆིངས་བྱས་པ་དང་འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན་བྱས་པས་མཛེས་པའོ། །ཡང་དབུའི་ཅོད་པན་གྱིས་དར་དཔྱངས་ཀྱིས་བཅིང་བ་ཡང་མཚོན་པའོ། །ཤིན་ཏུ་སྲ་མཁྲེགས་རྡོ་རྗེ་ནི་བདག་པོ་འོད་དཔག་ཏུ་མེད ་པའོ། །སྒྲ་སྙན་ནི་ཚིགས་སུ་བཅད་པ་ཐམས་ཅད་དང་སྔགས་བརྗོད་པའོ། །དྲིལ་བུ་དཀྲོལ་ནི་རྡོ་རྗེ་གདོན་མི་ཟ་བའི་དབང་བསྟན་པའོ། །ཧ་ཧ་ཞེས་ནི་བརྗོད་པར་བྱ་བ་ནི་རྣམ་པར་སྣང་མཛད་མིང་གི་དབང་ཁྱད་པར་དུ་གྱུར་པའོ། །སྒྲུབ་པ་པོ་ནི་དམ་ཚིག་གསུམ་དང ་ལྡན་པས་རྡོ་རྗེ་སློབ་དཔོན་དུ། རྡོ་རྗེ་སེམས་དཔར་དྲུག་པའི་བདག་ཉིད་དུ་སྒྲུབ་པ་པོས་གནས་པར་བྱའོ། །རྔ་བརྡུང་ཞིང་ནི་རྔ་བོ་ཆེ་དང་དུང་དང་ཆོས་ཀྱི་གཎྜི་ལ་སོགས་པས་ལྷ་ཕྲིན་ལས་ལ་སྐུལ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་ཌཱ་ཀི་རྒྱ་མཚོའི་རྒྱུད་ལས ་དྲིལ་སྦྱངས་བུམ་པ་མཚན་ཉིད་ལྡན། ། ཀ་རུ་སོགས་སྤོས་ཀྱིས་བདུག་།ལེགས་སྦྱངས་ཨཱ་ལི་ཀཱ་ལི་ཡིས། །དར་དཔྱངས་མགུལ་ཆིངས་ཤིང་ལོས་བརྒྱན། །དག་བྱེད་རིན་ཆེན་འབྲུ་སྨན་དྲི། །སྙིང་པོ་ཆུ་བོ་འབབ་པས་བརྒྱན། རིགས་ལྔའི་དབུ་རྒྱན་མེ་ཏོག་གིས། །ཅོད་པན ་དར་དཔྱངས་མཛེས་པས་བརྒྱན། །ཤིན་ཏུ་སྲ་མཁྲེགས་རྡོ་རྗེའི་བདག་།དྲིལ་བུ་དོན་ཡོད་རྒྱལ་པོ་སྦྱིན། །བཀྲ་ཤིས་བརྗོད་པ་ཧ་ཧ་ཞེས། །རབ་སྒྲོགས་མིང་གི་དབང་བསྐུར་བས། །སྒྲུབ་པ་དུང་དང་གཎྜི་དང། །སྒྲ་སྙན་རྔ་བོ་ཆེ་བརྡུང་ཞིང། །ལྷ་རྣམས་ཕྲིན་ལས་མྱུར་བསྐུལ ་འགྲུབ། །གསང་སྔགས་ཚིག་གི་སྒྲ་སྙན་བརྗོད། །རིག་པའི་ཆོ་ག་ལེགས་སྦྱིན་པ། །དཀྱིལ་འཁོར་མདུན་དུ་དབང་བསྐུར་རོ། །ཞེས་གསུངས་པའི་དོན་ཏོ། །དེ་ལ་ཐེག་པ་ཐུན་མོང་པའི་ལམ་ལྟར་ན། །དྲིལ་སྦྱངས་ན་སོ་སོ་ཐར་པ་དང་ལྡན་པ། སྐྱབས་འགྲོ་ཁྱད་པར་ཅན་དང། ཕ ་རོལ་ཕྱིན་པ་དྲུག་ལའོ། །མེ་ཏོག་ན་སྨོན་པ། སྤོས་ནི་འཇུག་པ། རྒྱན་པ་དོན་དམ་སེམས་བསྐྱེད་དོ། །ཤིན་ཏུ་ནི་ཕྱིའི་འཇུག་པ་དྲང་བ། སྒྲ་སྙན་ནི་ནང་གི་འཇུག་པ་ཡེ་ཤེས་དབབ་པའོ། །དྲིལ་བུ་ལ་སོགས་པ་ནི་སྡོམ་པ་དང་དམ་ཚིག་ལ་གནས་པ། འཁྲོལ་བ་ནི་ལྷ་དང ་ངོ་སྤྲད་པའོ། །སྒྲུབ་པ་པོ་ནི་བླ་མས་སོ། །རྔ་བརྡུང་བ་ནི་ཆོས་ཀྱི་སྒྲ་སྒྲོགས་པ། ཧ་ཧ་ཞེས་བརྗོད་པས་ནི་དཀྱིལ་འཁོར་མཐོང་བས་དགའ་བ་བསྐྱེད་པའོ། །ཡང་གསང་བ་དང་གསུམ་པ་ལྟར་ན། དྲིལ་སྦྱངས་ནི་ལྷན་ཅིག་སྐྱེས་མ་སྟེ་བཅུ་གཉིས་མའོ། །སྒྲ་སྙན་ནི་སྔགས་སྐྱེས་བཅུ་དྲུག ་པ། དྲིལ་བུ་དཀྲོལ་ནི་ཞིང་སྐྱེས་དགུ་གཉིས་མ། རྔ་བརྡུང་མ་ནི་ཡེ་ཤེས་ལས་བྱུང་བ་ཉི་ཤུ་སྟེ་རིགས་ལྡན་མའོ། །མེ་ཏོག་སྤོས་ཀྱིས་བརྒྱན་པའི་མཆོད་པ་ཐུན་མོང་པའོ། །ཧ་ཧ་ཞེས་སྒྲུབ་པ་པོ་དང་ཧ་ཧ་སིདྡྷི་སྟེ་དགའ་བ་དང་སྐད་ཅིག་དང་ལྡན་པའོ། །ཆོས་ཀྱི་ཕྱག་རྒྱ་ནི། དྲིལ ་སྦྱངས་ནི་ཡབ་ཡུམ་གཉིས་ཀ་ལྟར་རབ་ཏུ་གསལ་བ། མེ་ཏོག་ནི་གཡོན་རྩ། སྤོས་ནི་གཡས་རྩ། དེ་དག་གིས་བརྒྱན་པ་དབུ་མ། ཤིན་ཏུ་སྒྲ་སྙན་ནི་རྩ་གནས་སུ་རླུང་དྷཱུ་ཏཱིར་ཚུད་པའི་སྒྲ། དྲིལ་བུ་ནི་རྡོ་རྗེ་དང་མཉམ་པར་སྦྱོར་པས་འཁྲོལ་བ། སྒྲུབ་པ་པོ་ནི་ཡབ་ཡུམ་འདུ་ཞེས ་གསུམ་ལྡན་གྱིས་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པར་བྱའོ། །རྡ་བརྡུང་བ་ནི་ཡུམ་གྱིས་བསྐྱོད་པའི་སྦྱོར་བའོ། །ཐིག་ལེ་གྱེན་དུ་བཟློག་པས་དགའ་བ་དང་སྐད་ཅིག་མའི་བདེ་བ་ཧ་ཧ་ཞེས་བདེ་ཆེན་གནས་སུ་བསྐྱལ་བའོ། །ཕྱག་རྒྱ་ཆེན་པོ་དམ་ཚིག ་ལྟར་ན། དྲིལ་སྦྱངས་ནི་སྤྱི་བོའི་ཧི་མགོ་ཐུར་ལ་འཕྱང་བའོ། །མེ་ཏོག་ནི་རྩ་རྐྱང་མ། སྤོས་ནི་རོ་མ། བརྒྱན་པ་དྷུ་ཏཱིར་ཚུད་པའོ། །ཤིན་ཏུ་ནི་ཀུན་དར་གྱི་གནས་སོ། །སྒྲ་སྙན་ནི་སྲོག་རྩོལ་འགོག་པས་སོ། །དྲིལ་བུ་ནི་གཏུམ་མོའི་མེས་འོག་རླུང་བསྐྱོད་པས་སོ། །འཁྲོལ་བ་ནི་འབར ་འཛག་གསང་བར་གྱུར་པའོ། །སྒྲུབ་པ་པོ་ཡིས་རྣལ་འབྱོར་པས་གནད་ཀྱི་འཁྲུལ་འཁོར་དང་ལྡན་པས་སོ། །རྔ་བརྡུང་བ་ནི་འབྱུང་བ་བཞི་རླུང་འགོག་པའོ། །ཧ་ཧི་ཞེས་བརྗོད་པ་ལྷན་ཅིག་སྐྱེས་པའི་བདེ་བ་གྱེན་དུ་འབར་བས་ཡེ་ཤེས་ཀྱི་གད་མོ་འབྱུང་བའོ། །དེས་ཕྱག ་རྒྱ་བཞི་ལྡན་ནོ། །དེ་ཉིད་དུ་མཆོད་པ་དང་རྡོ་རྗེའི་གླུས་ཡང་དག་པར་བསྟོད་པ་ནི། དེ་ལྟར་ཞེས་རིམ་པ་ཇི་ལྟ་བ་བཞིན་དུ་ཆོ་ག་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པའི་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའོ། །དཀྱིལ་འཁོར་ནི་རྟེན་དང་བརྟེན་པར་བཅས་པའོ། ། ་འདོད་པའི་ཡོན་ཏན་ཀུན་ལྡན་ནི་གཟུགས་རྡོ་རྗེ་མ་ལ་སོགས་པས་ཡང་དག་པར་མཆོད་ནས་ནི་ཞེས་སྐད་ཅིག་ཙམ་གྱིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པ་ཡེ་ཤེས་སེམས་དཔའ་བསྟིམ་པ་དང་ལྡན་པ་ལ་ཆོ་ག་བླང་བ་སྟེ། དཀྱིལ་འཁོར་བདག་པོ་དེ་ཉིད་ལས་ཧེ་རུ་ཀ ་གཉིས་པ་བྱོན་པས་དེས་དབང་ཐམས་ཅད་རྫོགས་པར་བསྐུར་བ་ཉིད་ཀྱི་རྫས་ལ། ལྷ་ལ་གནང་བ་ཐོབ་པ་ལ་ག་ཎ་ཙཀྲ་བྱ་བ་ཡང་ངོ། །དེ་ལྟར་ཡང། ཀ་པཱ་ལ་འམ་ཉ་ཕྱིས་སུ། །བདུད་རྩི་རི་ལུ་སྦྱར་བ་འམ། །ཡང་ན་མ་ད་ན་ཡང་རུང། སུམ་བྷ་བརྗོད་ཅིང་སློབ ་པ། །གསང་བ་བྱས་ལ་སྙིང་པོ་སྦྱིན། །གོ་ཆ་བཅིང་ཞིང་རྡོ་རྗེས་བསྲུང། །རས་དམར་དྲི་མ་མེད་པ་ཡིས། །གདོང་བཅིང་མེ་ཏོག་ཕྲེང་བ་སྦྱིན་ཞེས་གསུངས་པའི་དོན་ཏོ། །དེ་ནས་ཕྱིར་ཁྲུས་བྱ་ཞིང་གོས་སྟོད་སྨད་གཡོག་པ་དང་ལྡན་པ་དེ་ཉིད་ལ། བུ་མཛེས ་དེ་དག་གདོང་ལ་ནི་ཞེས་པས། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསངས་པའི་རས་སམ་དར་གྱིས་ལེགས་པར་བཀབ་ནས་སུ་ཞེས་ལེགས་པར་བཅིང་བར་བྱ་བའོ། །ལྷོའི་ཕྱོགས་ནས་ཁ་བལྟས་ཏེ། སྙིམ་པ་མེ་ཏོག་གིས་བཀང་ལ་ཅེས་མེ་ཏོག་ཕྲེང་བ་ལག་ཏུ ་གཏད་དེ། བར་ཆད་དྲི་བ་དང། ལན་བརྗོད་པས། རིམ་གྱིས་འོང་བ་ལ་སྙིང་ཀར་རྡོ་རྗེ་བཞག་སྟེ། ཨོཾ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཡོ་ཀ་ཙིཏྟ་ཨུཏ་པཱ་ད་ཡཱ་མི། ཞེས་པས་འདིར་ནི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། ཞེས་པ་ནས། ཨོཾ་སུ་ར་ཏ་སྟཝཾ་ས་མ་ཡ་ཧོ་ས་མ་ཡ་སྟཝཾ། སིདྡྷ་བཛྲ་ཡ་ཐཱ ་སུ་ཁཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དམ་ལ་གཞག་པ་ལ་སོགས་པ་བྱའོ། །དེ་ནས་སྐོར་བ་བྱས་ནས་ཀྱང་ནི་ཨོཾ་སརྦ་ཏ་ཐཱ་ཏ་ཨ་ཁཾ་བཱི་ར་ཧཱུཾ་གིས་སྒོའི་ནང་དུ་ཞུགས་ཏེ་ཤར་ཁྱམས་སུ་འདུག་པར་བལྟས་ལ། ཨོཾ་ན་མ་སྟེ་ཧཱུཾ། ཨོཾ་ན་མཱ་མི་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ་ཞེས ་པས་ཕྱག་བྱ། ཁྱད་པར་གྱི་བླ་མ་དང་དཀྱིལ་འཁོར་པ་ལ་ཕྱག་བྱ་བ་ཕྱོགས་ནས་སྔགས་དང་བཅས་པས་སོ། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས་ཞེས་རྡོ་རྗེ་སློབ་དཔོན་དང་སློབ་མ་ཐམས་ཅད་ལ་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ། འདི་ལ་ཡང་སྔོན་འགྲོ་དང། དངོས་གཞི་དང། རྗེས ་ལ་ངོ་སྤྲད་པར་བྱ་བས། གྲོང་ཁྱེར་དམ་པ་དེར་གཞུག་བྱ་ཞེས་ནང་གི་འཇུག་པ་ཡེ་ཤེས་དབབ་པས་སོ། །ལྷོའི་ཕྱོགས་སུ་ལུས་བརྟེན་པ་ཞེས་དེ་དག་རིམ་པ་བཞིན་དུ་ལས་ཀྱི་རྡོ་རྗེ་དྲངས་ལ། བདེན་པའི་སྟོབས་བརྗོད་པར་བྱས་ལ། དེ་ནས་སྙིམ་པས་མེ་ཏོག་དོང་པྲ་ཏཱིཙྪ་བཛྲ་ཧོ་ཞེས ་པས་སོ། །དཀྱིལ་འཁོར་གང་དུ་མེ་ཏོག་བབས་ཞེས་མཐོང་བ་དྲི་ཞིམ་མེ་ཏོག་ཕྲེང་བ་སྤྱི་བོར་བཅིང་བར་བྱའོ། །དེའི་རིགས་ནི་བསྟན་པར་བྱ་བ་ལྷ་སྐུ་དང་ཕོ་བྲང་གི་འཁོར་ལོ་གང་ལ་ཕོག་པ་ངོས་ཟིན་པར་བྱའོ། །དེ་ནས་གདོང་ཕྱེ་ཞེས་པས་རྡོ་རྗེ་མིག་སྐྱོན་དག་པར་བསམ་ཞིང ་ཚིགས་བཅད་བརྗོད་པས་གདོང་གཡོགས་དགྲོལ་བར་བྱའོ། །དཀྱིལ་འཁོར་བསྟན་ཅེས་ཐར་པ་ཆེན་པོའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་དུར་ཁྲོད་དང་མེ་འོད་ཕྲེང་བའི་བར་དུའོ། །གང་གི་ལྷའི་གནས་གང་ཡིན་ཞེས་དཔལ་ཧེ་རུ་ཀའི་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད ་བསྟན་པར་བྱ་བའོ། །རྡོ་རྗེ་སློབ་དཔོན་གྱིས་ལྷ་གང་དང་གང་གི་སྤྱི་དང་བྱེ་བྲག་གི་ཁྱད་པར་དེར་དེ་ཡང་དག་བསྟན་པར་བྱ་དེ་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་རོ་བསྟན་པའོ། །དེ་ནས་དབང་སྐུར་བ་དངོས་ལ། དང་པོར་རིག་པའི་དབང་ལྔ་ཞུ་བའི་དོན་དུ་མཎྜལ ་མེ་ཏོག་དང་བཅས་པ་ཕུལ་ནས་གསོལ་བ་བཏབ་པས། སྔར་གོང་དུ་ཚིག་རྐང་བཞིས་བསྟན་པའི་དོན་དང། ཡང་ལེའུ་ཉེར་བདུན་པ་ལས། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་མཚན་ཉིད་ཀུན་བསྒྲུབ་པ། །བདེ་བའི་བསོད་ནམས་ཆུ་འཐུང་བ། །དག་བྱེད ་སྡིག་པ་འཇིག་བྱེད་ཡིན། །སྤྱི་གཙུག་ལ་སོགས་བཅིངས་པ་ཡང། །ཕྱག་རྒྱ་ཐབས་ལྡན་རྡོ་རྗེའི་དབང། །རེག་པ་དང་ནི་སྨྲ་བས་ཀྱང། །ལུས་ངག་པ་ལ་སྐྱོན་མེད་པ། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །ཞེས་པ་དང་ཡང་དེ་ལྟར་རྟག་ཏུ་མཆོད་བྱས་ན། །དང་པ་ཡིས་ནི ་གཏོར་མ་འབུལ། །ཇི་ལྟར་ཆོ་གའི་སྦྱོར་བ་ཡིས། །དད་པས་ཅི་འདོད་སྦྱིན་པར་བྱ། །ཞེས་བསྲུངས་པའི་དོན་ཏོ། །ད་ནི་གཉིས་པ་གསང་བའི་དབང་བསྐུར་བར་བྱ་བ་ནི། དེ་ནས་སློབ་དཔོན་ལེགས་པར་ནི་ཞེས་སྐུ་གསུང་ཐུགས་རྡོ་རྗེ་ལྷའི་ཏིང་ངེ་འཛིན་དང་ལྡན་པས་མཉམ ་པར་གཞག་སྟེ་ནི་ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབས་བཞིན་པས་ལྷའི་སྙིང་པོ་དགོད་པ་ལ་སོགས་པས་མ་ཡེངས་པར་བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བས་ཕྱག་རྒྱས་མཆོད་པ་ནི་བདེ་བ་བསྒྲུབ་པར་བྱ་བས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་མཎྜལ་དང་ལྡན ་པར་རོ། །ཡང་སློབ་དཔོན་ནི་ཕྱ་དེ་ཉིད་ཞེས་ལུས?་དང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསང་བའི་དབང་བསྐུར་བ་སྟེ། དེ་ནས་མཚལ་ཆེན་ནི་རིག་མ་ལས་རང་འབྱུང་བའི་ཁྱད་པར་ཏེ། དེ་དང་ཤུ་ཀྲ་ག་བུར་དང་བཅས་པ་ཉིད་ལས། གསང་སྔགས་ལན་གསུམ ་བཟླས་པ་ཡིས་ཞེས་བྱུག་པ་དང་སྦྱར་བས། དེ་ལས་ནི་སློབ་མའི་གནས་གསུམ་དུ་ཐིག་ལེ་དགོད་པར་བྱ་བ་ཡིན་ཞེས་སོ། །དེས་ནི་སངས་རྒྱས་ཐམས་ཅད་འདུས་པའི་བྱང་ཆུབ་སེམས་ཀྱི་དབང་ཐོབ་པར་འགྱུར་བ་བསྟན་པས། སྡོམ་པ་དམ་ཚིག་དབང་བསྟན ་པར་གྱུར་པ་འབྲས་བུ་དང་བཅས་པ་ཉིད་དུ་གྱུར་པའོ།། །།ད་ནི་དབང་གསུམ་པ་བསྟན་པར་བྱ་སྟེ། དེ་ནས་ཞེས་པས་མཎྜལ་མེ་ཏོག་དང་བཅས་པ་ཕུལ་ཏེ་གསོལ་བ་བཏབ་པས། ཡེ་ཤེས་དབབ་ཅིང། རྡོ་རྗེ་བཙུན་མོའི་ལུས་ལ་མེ་ཏོག་དོར། གདོང་ཕྱེ་བ་ནི་རྡོ་རྗེའི་སྤྱན ་དབྱེ་བ་སྟེ། མ་རིག་པའི་མུན་པ་བསལ་བའོ། །ཡེ་ཤེས་ཀྱི་དོན་མཐོང་བར་བྱ་བ་།ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཆོས་འབྱུང་གི་དཀྱིལ་འཁོར་བསྟན་པ་འབྱུང་བ་ལྔ་དག་པ་རྩའི་ཕོ་བྲང་ངོ། །དཔལ་ཧེ་རུ་ཀའི་གནས་གང་ཡིན་ནི་རྡོ་རྗེ་ལུས་ཀྱི་གནས་དང་ཉེ ་གནས་ལ་སོགས་པའོ། །དེར་ནི་ཡང་དག་པ་ངེས་པར་བསྟན་པར་བྱ་རྟེན་དང་བརྟེན་པར་བཅས་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རིག་མ་གཏང་ཅིང་གདམས་པ་བསྟན་པས་སློབ་མ་དེ་རིག་མ་དང་མཉམ་གཞག་ཅེས་ལྷའི་ང་རྒྱལ་བསྟན་པ་མཁའ་གསང་བྱིན་གྱིས་བརླབས ་བཞིན་པས། རབ་ཏུ་འདུད་པ་བྱས་ནས་ནི་ཅེས་རྩ་དབུ་མའི་སྣ་རྩེ་འཕྲོད་པས་ཟག་བཅས་རླུང་འགོག་པའོ། །གཡོན་ནས་བརྩམས་པའི་རིམ་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བརྩལ་བ་ལས་དགའ་པ་དང་སྐད་ཅིག་མ་རྟོགས་པར་བྱའོ། །དེར་ནི་བསྐོར་བ་རབ་ཏུ ་བྱ་བས་ཏེ། སྙོམས་པར་འཇུག་པས་བསྲུབ་པའི་སྦྱོར་བའོ། །དེ་ལ་ནི་དྲིལ་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཤིན་ཏུ་སྒྲ་སྙན་དྲིལ་དུ་འཁྲོལ། །སྒྲུབ་པ་པོ་ཡི་རྔ་བརྡུང་ཞིང། །ཧ་ཧ་ཞེས་ནི་བརྗོད་པར་བྱ་བའི་དོན་ཏོ། །དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་སྔོན ་དུ་བྱ་བའོ། །དེས་ནི་དཀྱིལ་འཁོར་འཁོར་ལོའི་ལམ་ལས་དོན་གྱི་ཡེ་ཤེས་གསང་བ་བླ་ན་མེད་པ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནི། དཀྱིལ་འཁོར་དང་ནི་བླ་མ་ལ། །ཇི་བཞིན་ཆོ་གས་ཕྱག་བྱའོ། །ཞེས་དེ་ཉིད་དུ་མཆོད་ཅིང་མཉེས་པར་བྱའོ། །ད་ནི་དབང་བཞིའི་གདམས ་པ་ཅུང་ཟད་བསྟན་པ་ནི། དཔལ་པདྨ་བཛྲ་བའི་བཞེད་པས། དབང་ནི་རྣམ་བཞི་ངེས་པ་ལས། །ཡོན་ཏན་བཞིར་གྱུར་ནུས་པར་ལྡན། །སྐལ་པ་ལ་དབང་དྲི་མ་འཁྲུ། །རིགས་ངེས་བསྟན་པར་གྱུར་པ་ལ། །ཐུན་མོང་ཆོས་དགུ་ཁྱད་པར་བཞི་།དེ་ཉིད་མཆོག་ཏུ་རྟོགས་པར་བྱ། ། ་ཞེས་གསུངས་པའི་དོན་གྱིས། དང་པོ་ཐུན་མོང་གིས་ཆོས་དགུ་ལས། དང་པོ་བླ་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པ། དཀྱིལ་འཁོར་རྡུལ་ཚོན་རྣམ་པར་བཀོད་པ། ཕྱོགས་ཤར་དུ་མཎྜལ་བའི་རྣམ་ལྔས་བྱུག་པ། དུས་ཚོད་སྲོད་བདུད་འདུལ་བ། ཡུལ་རང་གི་ལུས ་སྤྱི་བོ་།དབང་རྫས་བུམ་ཆུ་ལ་སོགས་པས་ལུས་ཀྱི་ཕུང་པོ་ལྔའི་དྲི་མ་འདག་།རྗེས་གནང་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་དབང་བར་གྱུར་པའོ། །ཁྱད་པར་གྱི་ཆོས་བཞི་ལ། ལྟ་བ་གང་རྟོགས་པར་ནི་རང་གི་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་པ་ལས་བློ་ལོག་ནས་ལྷར ་ཤེས་པ་འབྱུང་ངོ། །དེར་སྣང་བ་རང་གི་སེམས་སུ་ངོ་འཕྲོད་པས། སེམས་ཙམ་རྣམ་བདེན་གྱི་མཚན་ཉིད་རྟོགས་པའོ། །དེས་དཔྱད་བྱ་གང་གཅོད་པ་ནི་ལུས་ལྷར་ངེས་པས་ཐ་མལ་དུ་མཛིན་པའི་རྟོག་པ་ཆོད་པའོ། །དབུགས་འབྱུང་ནི་སྣང་སྲིད་ལྷར་ཤར་བས་རྣམ་པར་སྣང་མཛད་ཀྱི་དབུགས ་དབྱུང་ངོ། །རྒྱས་གང་གིས་འདེབས་ན། བརྟན་གཡོ་ལྷ་དང་གཞལ་ཡས་ཁང་དུ་ཤར་བས་དེ་བཞིན་གཤེགས་པའི་རྒྱས་འདེབས་སུ་བསྟན་པའོ། །གསང་བའི་དབང་ལ་ཡང་ཐུན་མོང་གི་ཆོས་དགུ་ལས་དང་པོ་ནི་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པ། །དཀྱིལ་འཁོར་ནི ་ལུས་ཀྱི་དཀྱིལ་འཁོར། མཎྜལ་བདུད་རྩི་ལྔས་བྱུགས་པ། ཕྱོགས་ལྷོ། དུས་ནམ་ཕྱེད་མཉམ་པར་གཞག་པའི་ཚེ། དབང་རྫས་བྱང་སེམས། སིཧལ་ག་བུར། ཡུལ་ངག་སྒྲ་རྗོད་བྱེད་དྲི་མ་ཡང་དག་དྲི་མ་འདག་རྗེས་གནང་རྩ་རླུང་ཕྲ་ཐིག་བསྒོམ་པ་ལ་དབང་བའོ། ། ་ཁྱད་པར་གྱིས་ཆོས་བཞི་ལ། ལྟ་བ་ནི། ལྷར་འཛིན་གྱི་སྣང་བ་ནུབ་ནས། བདེ་བ་རྟོག་མེད་སེམས་རང་རིག་རང་གསལ། གསལ་བ་འཛིན་མེད་རྣམ་བརྫུན་གྱི་མཚན་ཉིད་རྟོགས། གཅང་བྱ་སྣང་བ་རང་སེམས་སུ་ཤེས་པས་ཕྱི་རོལ་གྱི་བརྟན་གཡོ་ལྷར་འཛིན་གྱི་རྟོག་པ་ཆོད ་རྒྱས་འདེབས་ནི་བདེ་བ་རྟོག་མེད་ལ་གཟུང་འཛིན་གྱིས་མི་གཡོ་བས། རྡོ་རྗེ་མི་བསྐྱོད་པའི་རྒྱས་གདབ་པོ། །དབུགས་འབྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པས་རྡོ་རྗེ་མི་བསྐྱོད་པའི་དབུགས་དབྱུང་ངོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཡང། དང་པོ་ཐུན་མོང་བ་ལ་དགུ་སྟེ། དང་པོར ་རིག་མ་རྡོ་རྗེ་སློབ་དཔོན་དུ་གྱུར་པ། ཆོས་འབྱུང་གི་དཀྱིལ་འཁོར་ཕྱོགས་ནུབ། དུས་ནམ་གྱི་བཞི་ཆ། མཎྜལ་ནི་སིཧལ་ག་བུར་གྱིས་བྱུག་པ། རྫས་ཡབ་ཡུམ་བསྲུབས་པ་ལས་འབྱུང་བའི་བདེ་བ། ཡུལ་རང་གི་སེམས། དྲི་མ་ཡང་རང་བཞིན་བརྒྱད་ཅུའི་རྟོག་པ་འདག་།རྗེས་གནང་དཀྱིལ་འཁོར ་འཁོར་ལོའི་ལམ་ལས་ཀྱི་ཕྱག་རྒྱ་བསྟེན་པའི་སྐལ་བ་ལ་དབང་བའོ། །ཁྱད་པར་གྱི་ཆོས་བཞི་ལ། ལྟ་བ་གང་རྟོགས་པ་ནི། དོན་རང་གི་མཚན་ཉིད་བདེ་སྟོང་གཉིས་མེད་ཟུང་འཇུག་རྟོགས། གཅང་བྱ་གང་ཆོད་པ་ནི་སེམས་བདེ་གསལ་དུ་འཛིན་པ་དེ་ཆོད། རྒྱས་འདེབས་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད ་ལ་དབུ་མ་སྒྱུ་མ་ལྟ་བུ་རྡོ་རྗེ་སེམས་དཔའ་ཨི་རྒྱས་འདེབས་སོ། །དབུགས་དབྱུང་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེ་ཆེན་ལྷན་ཅིག་སྐྱེས་པ་སྟེ། ཟུང་འཇུག་སློབ་བཞིན་པ་འོད་གསལ་བ་རྡོ་རྗེ། བདེ་བའི་ཡེ་ཤེས་དང་འབྲེལ་མེད་དུ་གྱུར་པས་སྙིང་རྗེ་ཆེན་པོས་སེམས་དཔའ་ཨི་ཕྱིར་རྡོ་རྗེ་སེམས ་དཔའ་ཨི་དབུགས་དབྱུང་ངོ། །དབང་བཞི་པ་ལ་ཡང། ཐུན་མོང་གི་ཆོས་དགུ་ལས། དང་པོ་རྡོ་རྗེ་སློབ་དཔོན་ནི་སེམས་ཀྱི་རྒྱལ་པོ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཕྱོགས་དཀྱིལ་འཁོར་ཆེན་པོའི་བྱང། དུས་ཉི་མ་འཆར་ཀ་མའོ། །རྫས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར ་མི་བྱེད་པ། ཡུལ་ཆོས་ཉིད་ཡུལ་དང་ཡུལ་ཅན་དབྱེར་མེད་པ། དྲི་མ་ནི་རྟོག་པ་ཕྲ་རགས་ཐམས་ཅད་འདག། རྗེས་གནང་བསམ་གྱིས་མི་ཁྱབ་པའི་ཕྱག་རྒྱ་ཆེན་པོ་མཉམ་རྗེས་རོ་མཉམ་ལ་གནས་པའི་སྐལ་པ་ལ་དབང་བར་བྱུང་བའོ། །ཁྱད་པར་གྱི་ཆོས་བཞི་ནི། ལྟ་བ་ནི་ཆོས ་ཐམས་ཅད་ལ་ཟུང་འཇུག་རབ་ཏུ་མི་གནས་པར་རྟོགས་གཅད་བྱ་ནི་དབུ་མ་རྒྱུན་ཆད་མི་གནས་པ་སྒྱུ་མ་ཙམ་དུ་འཛིན་པ་དེ་འང་ཆོད། རྒྱས་འདེབས་ནི་འཁོར་འདས་དབྱེར་མེད་པ་དེ་ཆེན་འགྱུར་བ་མེད་པ་ལ་དཔལ་རྡོ་རྗེ་འཆང་ཆེན་པོའི་རྒྱས་འདེབས་སོ། །དབུགས་དབྱུང་ནི་བདེ་ཆེན ་རང་འགྱུར་ལྷན་སྐྱེས། མི་སློབ་པའི་ཟུང་འཇུག་བྱང་ཆུབ་ཀྱི་སེམས། ཕྱག་རྒྱ་ཆེན་པོ་བླ་མའི་བྱིན་རླབས་ཀྱི་སྟོབས་ལས། རྡོ་རྗེ་འཆང་ཆེན་པོ་དཔལ་ཧེ་རུ་ཀ་སྐུ་བཞིའི་ཡེ་ཤེས་སུ་རང་རྫོགས་པར་འབྱུང་བའོ། །དེས་དབང་གི་དོན་བསྟན་པའོ།། །།ད་ནི་བླ་མ་རྡོ་རྗེ ་འཛིན་པ་མཉེས་པར་བྱ་བའི་ཕྱིར་རྫས་དང་ལོངས་སྤྱོད་དབུལ་བར་བྱ་བ་ནི། དེ་ནས་བླ་མ་དག་ལ་ཡོན་ནི་ཇི་ལྟར་འབྱོར་བ་རབ་འབྲིང་ཐ་མ་རྣམས་སོ། །དེ་བཞིན་གཤེགས་པ་དཔལ་ཧེ་རུ་ཀས་གསུངས་པ་དབུལ་བར་བྱ་སྟེ། མཐར་བདག་ཉིད་ཀྱང་ནི་དབུལ་བར་བྱ་བའི་བར་རོ།། ་དེ་ལས་ཕན་ཡོན་བསྟན་པའི་ཚུལ་གྱིས་སྤྱི་དང་བྱེ་བྲག་ཏུ་དབང་བསྟན་པར་འགྱུར་བས་ནུས་པའི་ཁྱད་པར་འཐོབ་ཚུལ་དངོས་དང་བརྒྱུད་པས་བསྟན་པ་དེ་ལྟར་ངེས་པར་བྱ་བ་ནི་ཞེས་པ། བླ་མ་བརྒྱུད་པའི་བྱིན་རླབས་ཀྱིས་སོ། །ངེས་པར་བྱེད་པ་ཆོ་ག་རིམ་པ་གོ་རིམས་མ་ནོར་བས་སོ།། ་ངེས་པར་འགྱུར་བ་ནི་སློབ་མའི་རྒྱུད་ལ་ནུས་པ་དང་ཡོན་ཏན་འཆར་ཞིང། བར་ཆད་ཐམས་ཅད་བཟློག་པའོ། །སྒྲུབ་པ་པོ་ནི་རིག་སུ་རབ་ངེས་བྱས་ཞེས། དབང་གི་དུས་སུ་གཙོ་བོ་ལ་མེ་ཏོག་ཕོག་པས། རྡོ་རྗེ་འཆང་གི་རིགས་སུ་ངེས་པར་བྱས། ལྷ་ཚོགས་གཞན་དུ་སྟུང་ན་དཔལ ་ལྡན་རྒྱལ་ཚབ་ཏུ་ངེས་པར་འགྱུར་བ་ཉིད་དུ་ཤེས་པར་བྱའོ། །དེ་ཡང་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་རྟེན་གྱི་ཚོགས་སྐུ་གསུང་ཐུགས་ཀྱི། གླེགས་བམ་མཆོད་རྟེན་ལ་སོགས་པ་ལ་རབ་ཏུ་གནས་པར་འགྱུར་ལ། ཞུ་བ་པོའི་ཚོགས་ལ་དབང་བསྐུར་བས་རབ་ངེས་བྱས ་འབྲས་བུ་སྐུ་བཞི་འཐོབ་པའི་ནུས་པ་གཞག་པར་གྱུར་པའོ། །ས་གསུམ་གྱི་དབང་ཕྱུག་མ་རྣམས་ཀྱིས་བདག་ལ་དགོངས་པར་འགྱུར་བ་ནི་དེ་ནས་དེ་ལ་ཞེས་པ་ནས་ལྷན་ཅིག་གི་བར་གྱིས་རྒྱལ་བ་ལྷ་ཚོགས་ཐམས་ཅད་ཀྱིས་སྲས་དང་སྤུན་ལྟར་འཚོ་ཞིང་སྐྱོང་བ་ཉིད་དོ།། ་དཔའ་བོ་རྣལ་འབྱོར་མ་དེ་དག་དང་བདེ་ལེགས་ལ་རྣམ་སྦྱོར་པས་འགྲོ་བའི་དོན་དུ་མ་བྱེད་པའོ། །སྒྲུབ་པ་པོ་ནི་དག་གི་ཕྲིན་ལས་ཀྱི་ཕོ་ཉ་མངག་གཞུག་པ་ཐམས་ཅད་ཅི་བགྱི་བ་གང་དང་གང་གི་བྱ་བ་ལས་ཚོགས་ཐམས་ཅད་བྱེད་པར་ཐེ་ཚོམ་མེད་པར་འགྱུར་བའོ། །ད་ནི་དངོས་གྲུབ ་ཀྱི་ཡོན་ཏན་འབྱུང་བ་ནི་རྣལ་འབྱོར་འདི་ནི་གནས་སྐབས་དང་མཐར་ཐུག་གི་ཕྲིན་ལས་ལ་དབང་བསྒྱུར་བ་སྟེ། གྲུབ་འགྱུར་ན་ཞེས་པ་དངོས་གྲུབ་ཁྱད་པར་ཅན་འཐོབ་པའོ། །འཇིག་རྟེན་གསུམ་དུ་མི་བཟློག་ཤིང་ནི་ནང་གི་དུག་གསུམ་དག་པས་སྲིད་པ་གསུམ་དབང་དུ་གྱུར ་ཅིང། ཕྱིའི་ཚངས་པ་དྲག་པོ་ཁྱབ་འཇུག་ལ་སོགས་པས་ཀྱང་གནོད་པར་མི་བྱེད་ཅིང་སླར་དེ་དག་རྣལ་འབྱོར་པས་ཟིལ་གྱིས་གནོན་ཅིང་བྲན་བྱེད་པ་ཉིད་དོ། །མི་སྣང་བར་བྱེད་པ་ནི་རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་ལྟག་པའི་རུས་མདུང་ཀྱི་རྩར་ནམ་མཁའ་ཨི་རླུང་གི་ནུས་པ་བསྟན་པས་རང་གཞན་མི ་སྣང་བ་ནུས་པ་འབྱུང། ཕུག་དང་ཞེས་ས་འོག་འགྲོ་བ་ནི་རི་འབིགས་བྱད་ལ་སོགས་པའི་ལྷ་མ་ཡིན་གྱིས་ཕུག་སྒོ་སྟེ། རྩ་དབུ་མའི་ཡལ་གའི་མཐོང་ཕྱི་པས་ལྟེ་བའི་ཐད་ཀ་ནས་འཇུག་པའི་སྒོ་ནས་གནས་པའི་དོན་ཏོ། །ནམ་མཁར་རྒྱུ་བ་ནི་དཔྲལ་བའི་རྩ་མདུད་ཟུང་གསུམ་པར་ཆོས་ཉིད ་ཀྱི་རླུང་འདུས་པས་རྣམ་རྟོག་གཅོད་པ་སྟེ་རལ་གྲིའི་དངོས་གྲུབ་ཕྱི་ནང་དུ་ཐོགས་པ་མེད་པར་གྲུབ་པའོ། །རྐང་མཐིལ་ལོང་བུར་རླུང་ནི་རླུང་ལས་སུ་རུང་བས་རྡོ་རྗེ་རྐང་མགྱོགས་གྲུབ་པ་སྟེ། དཔག་ཚད་མང་པོར་སྐད་ཅིག་གིས་ཕྱིན་པ་སྟེ་ཡང་ཞིང་འདེབས་པར་བྱེད་པའི་ནུས་པ་ཐོབ ་བསོ། རྒྱུད་རྡོ་རྗེ་ས་འོག་ནས་ནང་དུ་མེ་རླུང་ལ་བརྟན་པ་ཐོབ་པས་མཚན་ཁུང་ན་ཀུན་དར་གྱི་ཡལ་གའི་སྒོ་ཡོད་དེ། དེར་ལམ་སྦྱངས་པས་ལྷ་མ་ཡིན་གྱི་ཕུག་སྒོ་རྙེད་པས་འཆི་མེད་གྲུབ་པ་མངོན་དུ་བྱེད་པའི་དོན་ཏོ། །དེ་བཞིན་ནི། །རོལ་ལངས་གྲུབ་པས་ཀྱང་རོ་དེ་གསེར་ལུས་སུ་རྒྱུར་ཞིང་ལྕེ་ལས ་རལ་གྲི་དངོས་གྲུབ་འབྱུང་བའོ། །ཡང་ན་གསེར་འགྱུར་གྱི་རྩི་གྲུབ་པ་ནི་གསང་བར་ས་རླུང་སྟོབས་སུ་གྱུར་པ་དེ་ཉིད་རླུང་སམས་གནས་པས་སོ། །སྙིང་ཐིག་ལེ་ཉི་ཟླ་ལ་སྦྱར་གྱི་བར་དུ་རླུང་སེམས་འདུས་པས་ཆུ་རླུང་གི་ནུས་པས་བཅུད་ལེན་གྱི་རིལ་བུ་གྲུབ་པ་ཚེའི་དངོས་གྲུབ་ཐོབ་པས་དུས་མ ་ཡིན་པར་ཚེའི་དུས་མི་བྱེད་པ་བརྒྱ་ཉི་ཤུ་ལ་སོགས་པའི་བར་དུའོ། །ཡང་ཀུན་དར་གྱི་ཡལ་ག་ནུ་མ་གཉིས་སུ་ཡེ་ཤེས་ཀྱི་རླུང་བརྟན་པས་བུམ་པ་བཟང་པོ་གྲུབ་ཅིང། ནམ་མཁའ་ཨི་མཛོད་ལ་མངའ་བརྙེས་པ་འབྱུང་བའོ། །འདི་དག་གི་དོན་ནི་ལེའུ་སོ་གཉིས་པ་རོ་ལངས་བསྒྲུབ་པ ་ལས། ནས་རོ་དེ་ལངས་ནས་ནི། །ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང། །ས་འོག་འགྲོ་བ་རལ་གྲི་འམ། །ཚར་གཅོད་ཕན་འདོགས་ཉིད་དག་དང། །རི་ལུ་མིག་སྨན་གཏེར་རྣམས་དང། །རྐང་བགྱོགས་དག་གམ་བཅུད་ཀྱི་ལེན། །གཅིག་ཅིག་སྦྱིན་པར་བྱས་ན་ནི། །འགྲོ་བར་འགྱུར ་གྱིས་གཞན་དུ་མིན། །སྟེང་དང་འོག་ཏུ་ཕོ་ཉས་གྲུབ། །རྒྱུད་འདིར་ཐེ་ཙོམ་མེད་པ་ཡིན། །ཞེས་པའི་དོན་ནོ། །སྒྲུབ་པ་པོ་ནི་འདོད་ཙམ་གྱིས་ལས་ཆེན་བཅུ་གཉིས་དང། དངོས་གཉིས་ངེས་པར་འགྲུབ་པའོ། །རྟག་པར་རྒྱུད་དུ་བསྐྱེད་པར་འགྱུར་བ་འཇིག་རྟེན་པ་དང། ་འདས་པའི་དངོས་གྲུབ་དུ་མ་ལ་དབང་འབྱོར་པའོ། །གཟུགས་ནི་དུ་མར་བྱེད་པ་དང་འོག་ནས་འབྱུང་བའི་རྐང་བཞི་དུ་མ། འདབ་ཆགས་དུ་མ་ལ་སོགས་པར་བསྒྱུར་བ་སྣ་ཚོགས་གཟུགས་ཅན་ནོ། །མཁའ་སྤྱོད་ཀྱི་གནས་ཐོབ་པའམ། དེ་ཡང་རྣལ་འབྱོར་པ་དབང་པོ་ཡང་རབ ་ལུས་ཡོངས་སུ་དག་པས། སེམས་འོད་གསལ་མངོན་དུ་གྱུར་པས་ནམ་མཁའ་ལ་ནི་འགྲོ་བར་འགྱུར་བ་འཇའ་ཚོན་ལྟ་བུར་འགྱུར། རབ་ཀྱིས་སེམས་སྐྱེ་མེད། ལུས་ཐོགས་མེད་དངོས་སྣང། ཟིལ་གྱིས་གནོན་པས་དབང་ཕྱུག་རུབ་པའི་ནུས་པ་སྒྱུ་མ་ལྟ་བུ་ཐོབ་པའོ། །འབྲིང ་གིས་འདི་ཉིད་སྤྲུལ་ཤུན་པ་བརྗེས་པ་ལྟར་འགྱུར། ཐ་མས་རྡོ་རྗེ་ལྟར་སོ་ཐུབ་པ་སྟེ། ལོ་བརྒྱ་སྟོང་དུ་མར་གནས་པར་འབྱུང་བ་དང་མཚོན་ཆ་ལ་སོགས་པས་མི་ཚུགས་པ་འབྱུང་བའོ། །མཁའ་འགྲོ་རྣམས་ཀྱང་རྣལ་འབྱོར་པ་དེ་དང་ལྷན་ཅིག་དུ་གནས་ཏེ། ཁྱད་པར་དུ་འབྱུང་བ་བཞི ་ལ་སོགས་པ་ལ་ཟད་པར་དང། ཟིལ་གྱིས་ངེས་པར་གནོན་པས་རྫུ་འཕྲུལ་དུ་མ་སྟོན་ཅིང། འགྲོ་བ་ཐམས་ཅད་ལྷ་མ་སྲིན་དུ་མ་ཡང་དབང་དུ་འགྱུར་བ་ཕྱི་རོལ་གྱི་སྣང་བའི་རླུང་སྣ་སྒོ་གཡས་གཡོན་དུ་ནུས་པ་ཐོབ་པས་འབྱུང་པོ་རོ་ལངས་དང་གནོད་སྦྱིན་ཕོ་མོས་བྲན་བྱེད་པར་འགྱུར་བའོ། ། ་མགྲིན་པར་སྐྱེ་མཆེད་དྲུག་གི་རྩལ་བརྟན་པར་གྱུར་པས། འཇིག་རྟེན་གྱི་རོ་དྲུག་ལ་ལོངས་སྤྱོད་པར་ནུས་པ་སྟེ། བདུད་དང་སྲིན་པོ་མི་འམ་ཅི་དྲི་ཟ་གྲུལ་བུ་མི་ལ་སོགས་པས་ཀྱང་བྲན་བྱེད་དོ། །སྒྲུབ་པ་པོ་དེས་ལན་ཅིག་ཙམ་དུ་ལྟ་སྟངས་ཀྱིས་བལྟས་པའི་སྦྱོར་བ་ཡིས་ཏིང་ངེ་འཛིན ་སྐད་ཅིག་ཙམ་གྱིས་ནི་ས་གསུམ་ན་གནས་པ་དབང་དུ་གྱུར་པས་སྦྱོར་པ་ཉིད་བསྐྱེད་རྣམས་ཤེས་དང་ཡེ་ཤེས་ཀྱི་ཕྲིན་ལས་གྲུབ་པའོ། །བཤད་མ་ཐག་པ་དེ་ལྟ་བུའི་དབང་བསྐུར་བ་ཐོབ་ཀྱང་དངོས་གྲུབ་ཐོབ་བ་མ་སྙམ་ན་མི་འགྲུབ་སྟེ། སྔགས་པས་དཀྱིལ་འཁོར་མ་མཐོང་བ་ཞེས་པ་རྐང་པ ་བཞིས་པའི་སྒོ་ནས་བསྟན་པ་གོ་སླའོ། །གྲུབ་པའི་དབང་ཕྱུག་དུ་བསྟན་པའི་ཕྱིར་རྣལ་འབྱོར་ནི་ཐབས་ཤེས་རབ་གཉིས་མེད་རྒྱུ་ཐབས་འབྲས་བུ་བླ་མེད་ཐོབ་པ་སྟེ། བུམ་དབང་ཐོབ་པ་དང། མཆོག་ནི་གསང་དབང་དང། རབ་ནི་ཤེས་རབ་ཡེ་ཤེས་ཐོབ་པ། བླ་ན་མེད་པ་གསང་ཆེན་གྱི ་སྦྱོར་བ་ཀུན་གྱི་བདེ་བ་དང་སྟོང་པ་དབྱེར་མེད་ཡེ་ཤེས་ལས། དམ་པ་ཡིས་ནི་དབང་བཞི་པ་ཕྱག་རྒྱ་ཆེན་པོ་རྫོགས་པའི་དོན་ཏོ། །དེ་ཡང་རྟེན་གྱི་གང་ཟག་གང་ཞིག་སྐལ་ལྡན་སྣོད་དུ་གྱུར་པ་དུས་རྟག་ཏུ་བསྒོམ་པ་ལ་བརྩོམ་པས་ཡེ་ཤེས་འདོད་གྱུར་པ་དེས་ནི་ལྷ་དང་ལྷ་མིན་མི་རྣམས་ཏེ་ཞེས ་ས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་པས། འདི་ནི་ལྷ་མི་ཟིལ་ནོན་འགྲོ་བ་བདུད་བཞིའི་ཚོགས་འཇོམས་ཤིང་མཚུངས་པ་མེད་པའི་འདྲོན་པའི་དཔལ་ལྡན་དུ་གྱུར་པའོ། །ད་ནི་དཔལ་འཁོར་ལོ་སྡོམ་པ་རིགས་བསྡུས་པའི་དཀྱིལ་འཁོར་འདིར་ནི་དབང་བསྐུར་བ་ཐོབ་ན། གསང ་སྔགས་རྒྱུད་སྡེ་བཞི་པོ་ཀུན་གྱི་ལམ་གྱི་ཡེ་ཤེས་ལ་དབང་བའི་སྒྲུབ་པོ་ཡིན་དེ་ཡང་སླར་གསལ་བར་ཡང། བལྟ་དང་ཞེས་ལྷ་ཐབས་ཤེས་རབ་ཀྱི་སྦྱར་བ་མཚོན་པ་བྱ་བ་དང། དགོད་པ་སྟེ་ཡབ་ཡུམ་བདེ་བ་མཚོན་པ་སྤྱོད་པ་དང། ལག་བཅངས་ཏེ་ལྷ་ཡབ་ཡུམ་ཡེ་ཤེས་ཀྱི་སྦྱོར་བ་དཔུང ་པ་ཕན་ཚུན་བསྡམས་པ་ཙམ་གྱིས་བདེ་བ་ཚིམ་པར་བྱེད་པ་རྣལ་འབྱོར་གྱི་རྒྱུད་དང། གཉིས་སྦྱོར་ལ་སོགས་པའི་ཞེས་ལྟ་ཡབ་ཡུམ་ཐབས་ཤེས་རབ་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་པ་གསང་བ་རྣལ་འབྱོར་བླ་མའི་རྒྱུད་དོ། །དེ་དག་ནང་དོན་དུ་ནི། རྣལ་འབྱོར་བའི ་རྡོ་རྗེའི་ལུས་ལ། རྩ་འཁོར་ལོ་རྣམས་དང་རྩ་རོ་རྐྱང་གཉིས་ལ་སོགས་པ་ཐབས་ཤེས་རབ་ཀྱི་རྩ་གཅིག་ལ་གཅིག་གིས་བལྟ་བར་བྱ་བ། རྩ་ནང་དུ་ཡི་གེ་རླུང་གི་རང་སྒྲས་ཨེ་བཾ་གི་སྒྲས་བརྒྱད་པ་སྔགས་འབྱུང་བ་སྤྱོད་པ། ར་ས་ནཱ་དང། ལ་ལ་ནཱ་གཅིག་གི་རྩ་སྣ་ལ་གཅིག་འཛིན ་པ་ལག་བཅངས་ཀུན་དར་ལ་ཅུང་ཟད་འཁྱུད་པ་རྣལ་འབྱོར་ཐབས་ཤེས་རབ་ཀྱི་རྩ་སྣ་གཉིས་པོ་དབུ་མར་ཚུད་པས་རྩ་གསུམ་རོ་གཅིག་ཏུ་གྱུར་པ་དབང་པོ་མཉམ་སྦྱོར་བ་དེ་སྟོང་གཉིས་མེད་རྣལ་འབྱོར་ཆེན་པོ་བླ་མེད་སྟོན་པའོ། །འདིར་ནི་དབང་བསྐུར་གྱུར་པ་ཡིན་ཞེས་གསང་ཆེན་དང། ལམ་སྦྱང ་མོང་པའི་ལམ་རིམ་ལ་བློ་སྦྱང་བ་ཡང་འདིའི་སྔོན་དུ་འགྲོ་བ་བྱང་ཆུབ་སེམས་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པའོ། །དེ་ལྟར་ན་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པས་ན། རྒྱུད་ཀུན་གྱི་ནི་བླ་མ་སྟེ། བྱིན་རླབས་ཕུལ་དུ་བྱུང་བའི་དོན་ཏོ། །གཞན་ཡང་དེ་ཉིན་བསྡུས་པ་ནི ་ཏཏ་ཏྭ་སང་གྲ་ཧའོ། །བདེ་མཆོག་ནི་སྒྱུ་མ་བདེ་མཆོག་གོ། གསང་བ་ནི་འདུས་པའམ་ཟླ་གསང་ཐིག་ལེ་ནོར་བུའི་རྒྱལ་པོའོ། །རྡོ་རྗེ་འཇིགས་བྱེད་ལས་ནི་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཡང་འདིར་འདུས་པའི་དོན་ནོ། །དཀྱིལ་འཁོར་རྣམས་ཀྱི་མཆོག་འདི་ནི་ཞེས་པས། འདི་ཉིད ་ཀྱི་ལེའུ་གཉིས་པ་གསུམ་པ། བཞི་པས་ཐོག་མར་དབང་བསྐུར་བའི་དཀྱིལ་འཁོར་བསྟན། བར་ཆད་བསྲུང་ཞིང་བདུད་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལེའུ་སུམ་ཅུ་པར་བསྟན། དངོས་གྲུབ་བསྒྲུབ་པ་ཧེ་རུ་ཀ་མངལ་སྐྱེས་ཀྱི་དཀྱིལ་འཁོར་སོ་གཉིས་པར་བསྟན། རྫུས ་སྐྱེས་རིམ་པ་ལེའུ་ལྔ་བཅུ་རྩ་གཉིས་པར་བསྟན། ལས་དང་དངོས་གྲུབ་སྤྱིའི་དཀྱིལ་འཁོར་ཞེས་བརྒྱད་པར། མ་བྱུང་བ་ནི་བུདྡྷ་མར་མེ་མཛད་ལ་སོགས་པས་སོ། །ཕྱིས་མི་འབྱུང་བ་ནི་མགོན་པོ་བྱམས་པའི་བསྟན་པ་ལ་སོགས་པ་ལའོ། །ལས་དང་དངོས་གྲུབ་ཐམས་ཅད་ནི་རྒྱུད ་འདིར་བཤད་པ་དང་ཡང་འདིར་མ་བཤད་པའི་ཕྲིན་ལས་གང་ཅི་ཡང་རུང་བ་ཐམས་ཅད་ལུས་པ་ཡང། རབ་འབྱམས་དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས་ཞེས་འདིར་མྱུར་དུ་འགྲུབ་པའི་དོན་ཏོ། །ཡོན་བཅས་པ་དབང་བསྐུར་བའི་ལེའུ་སྟེ་གསུམ་པའི་རྣམ་པར ་བཤད་པའོ།། །།དེ་ལ་གང་ལེའུ་དང་པོར་གླེང་གཞི་དང་གླེང་བསླང་པའི་གསང་ཆེན་བསྟན་ལ། དེ་ཉིད་གསང་བ་མདོར་བསྟན་ནས་ལེའུ་གཉིས་མན་ཆད་ཀྱིས་ཡན་ལག་རྒྱས་པར་བཤད་པ་ནི། ལེའུ་གཉིས་པ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སྔོན་དུ་བསྟན་ལ། ལེའུ ་གསུམ་པ་དབང་བསྐུར་བ་དངོས་བསྟན་པ་དེ་དག་ཀྱང། སྔོན་བྱུང་དུ་དཔལ་ཧེ་རུ་གས་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་མའི་ལྷ་མོ་དཔག་ཏུ་མེད་པ་དང། ཁྲོ་བོ་ཡབ་ཡུམ་གྱི་ཚོགས་ཐམས་ཅད་ལ་བཅོམ་ལྡན ་འདས་ཆོས་ཀྱི་སྐུ་དེ་ཉིད་ལོངས་སྤྱོད་རྫོགས་སྐུ། བྱང་ཆུབ་སེམས་རྡོ་རྗེ་འཆང་ལས་དཔལ་ཧེ་རུ་ཀར་བཞེངས་ཏེ། ཡེ་ཤེས་བདེ་བ་ཆེན་པོའི་དབང་བསྐུར་བ་མཛད་པའོ། །དེ་ནས་རི་རབ་ཀྱི་ཁང་བུ་བརྩེགས་པར་དཔལ་ཧེ་རུ་ཀ་སྐུ་བཞི་དབྱེར་མེད་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད ་པ་ཡང། འདི་དག་སྔོན་ཉིད་གྲུབ་པ་ཡིན་ཞེས་པའི་དོན་ལ། འོག་མིན་དུ་དཀྱིལ་འཁོར་བ་ཐམས་ཅད་མངོན་པར་བྱང་ཆུབ་པའི་གསང་བ་མངོན་དུ་གྱུར་པ་དེ་ཉིད་།དེ་ནས་གོང་དུ་གསུངས་པ་འདི་ནི་རྗེས་འཇུག་ལ་དགོངས་པའོ། །དོན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ནི་དཔའ་བོའི་རྣམ་པར་སྣང་བ་ཉིད་ལ། བྱང་ཆུབ་སེམས་མ་ལྷ་མོ་ཐམས་ཅད་ལ་ནི་རྣལ་འབྱོར་མ་རྣམས་ནི་ཞེས་པས། དཔའ་བོ་ཐམས་ཅད་དོ། །གནས་ན་ཞེས་ཡོངས་སུ་དག་པ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ཕོ་བྲང་དུའོ། །རྣམ་པར་འགྱིང་བ་ནི་གར་གྱི་ཉམས་ཐུགས་རྗེ་ཆེན ་པོས་སོ། །ཡང་ན་ས་ལ་ནི་ས་བཅུའི་དབང་ཕྱུག་ཡེ་ཤེས་ཀྱི་ངང་ལས་རྣམ་པར་རོལ་པ་ཞེས་བདེ་སྟོང་གཉིས་མེད་དང་དུའོ། །དེ་དག་གི་ཡེ་ཤེས་ཀྱི་སྐུ་ངོས་གཟུང་ཞིང་བསྟན་ལ་དབབ་པ་ནི། རྣལ་འབྱོར་མ་བརྩོན་འགྲུས་ཆེན་མོ་ནི་ལྷ་མོ་རྡོ་རྗེ་རབ་འཇིགས་མ་སྟེ། དཔའ་བོ ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཉིད་དོ། །རྣལ་འབྱོར་མ་འཁོར་ལོ་སྒྱུར་མ་ནི་གཙུག་ཏོར་རྣམ་པར་རྒྱལ་མའོ། །དཔའ་བོ་རྣམ་པར་སྣང་བྱེད་ནི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ངོ། །རྣལ་འབྱོར་མ་སྟོབས་ཆེན་མ་ནི་ལྷ་མོ་སྟོང ་ཆེན་མོའོ། །དཔའ་བོ་པདྨ་གར་དབང་ནི་བྱང་ཆུབ་སེམས་དཔའ་ནོར་གྱི་དབང་ཕྱུག་གོ་།རྣལ་འབྱོར་མ་རབ་ཏུ་དཔའ་མོ་ནི་ལྷ་མོ་རྡོ་རྗེ་ལུ་གུ་རྒྱུད་མའོ། །དཔའ་བོ་དཔལ་ཧེ་རུ་ཀ་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་བོ། །རྣལ་འབྱོར་མ་འཁོར་ལོའི་གོ་ཆ་མ་ནི་ལྷ་མོ་རི་ཁྲོད་ལོ་མ་ཅན་ནོ།། ་དཔའ་བོ་ནམ་མཁའ་ཨི་སྙིང་པོ་ནི་དཔལ?་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའོ། །རྣལ་འབྱོར་མ་འཆང་འཆོང་མ་ནི་ལྷ་མོ་རྨ་བྱ་ཆེན་མོའོ། །དཔའ་བོ་རྟ་མགྲིན་ནི་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོའོ། །རྣལ་འབྱོར་མ་དུ་མ་སྐྱེས་མ་ནི་ལྷ་མོ་སོ་སོར་འབྲང་མ་སྟེ། དཔའ་ ་བོ་རིན་ཆེན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འོད་དོ། །རྣལ་འབྱོར་མ་འཁོར་ལོའི་ཤུག་ཅན་མ་ནི་ལྷ་མི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནོ། །དཔའ་བོ་སྟོབས་པོ་ཆེ་ནི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའོ། །དེ་དག་སྐུའི་འཁོར་ལོ་ལ་གནས་པའོ། ། ་རྣལ་འབྱོར་མ་ཁྭ་གདོང་མ་ནི་ཉེ་བའི་མཱ་མ་ཀཱི་དྲི་མ་མེད་པའི་འོད་དོ། །དཔའ་བོ་མིག་མི་བཟང་ནི་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་དོ། །རྣལ་འབྱོར་མ་རྟ་རྣམ་ནི་ཉེ་བའི་སྤྱན་མ་སའི་ལྷ་མོའོ། །དཔའ་བོ་འཇིགས་བྱེད་ཆེན་པོ་ནི་བྱང་ཆུབ་སེམས ་དཔའ་ངན་སོང་ཀུན་འདྲེན་ནོ། །རྣལ་འབྱོར་མ་ཤིན་ཏུ་བཟང་མོ་ནི་ལྷ་མོ་ཉེ་བའི་གོས་དཀར་མོ་སྟེ། འོད་མཆོག་མ་དཔའ་བོ་རྡོ་རྗེ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་སྦོབས་པ་བརྩེགས་པའོ། །རྣལ་འབྱོར་མ་སྔོ་བསངས་ལྷ་མོ་ནི་སེམས་མ་སྒོལ་མ་སྟེ། རི ་དགས་འཛིན་མའོ། །དཔའ་བོ་རབ་ཏུ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་མྱ་ངན་ཀུན་འཇོམས་སོ། །རྣལ་འབྱོར་མ་ཆང་འཐུང་མ་ནི་ལྷ་མོ་རྒྱན་ལྡན་མ་སྟེ་ཨེ་ཀ་ཛ་ཊིའོ། །དཔའ་བོ་ནི་རྡོ་རྗེ་ཧཱུཾ་མཛད་དེ་བོ་དྷི་སཏྭ་ཡེ་ཤེས་ཏོག་གོ་།རྣལ་འབྱོར་མ་རླུང་གི་ཤུགས ་ཅན་མ་ནི། ལྷ་མོ་དྲི་ལྡན་མ་དབྱངས་ཅན་མ་སྟེ། དཔའ་བོ་རྡོ་རྗེ་དཔའ་བོ་ཆེན་པོ་ནི། བོ་དྷི་སཏྭ་བློ་གྲོས་མི་ཟད་པའོ། །རྣལ་འབྱོར་མ་འཇིགས་བྱེད་ཆེན་པོ་ནི་ལྷ་མོ་གསང་སྔགས་རྗེས་འཛིན་ཏེ་རྡོ་རྗེ་འཇིགས་བྱེད་མ་དཔའ་བོ་རྡོ་རྗེ་རལ་པ་ཅན་ནི་བོ་དྷི་སཏྭ་སྤོས་ཀྱི་གླང ་པོའོ། །རྣལ་འབྱོར་མས་བསྲུངས་མ་ནི་ལྷ་མོ་ཡེ་ཤེས་སྒྲོན་མ་སྟེ། དཔའ་བོ་ནི་མྱུ་གུ་ཅན་ཏེ་བྷོ་དྷི་སཏྭ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེ་དག་གསུང་གི་འཁོར་ལོ་ལ་གནས་པའོ། །རྣལ་འབྱོར་མ་ཤིང་གྲིབ་མ་ནི་ལྷ་མོ་སངས་རྒྱས་བྱང་ཆུབ་སེམས་མ་སྟེ། ་དཔའ་བོ་རྡོ་རྗེའི་སྐུ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་མཛོད་དོ། །རྣལ་འབྱོར་མ་ལང་ཀའི་དབང་ཕྱུག་མ་ནི་ལྷ་མོ་ཀ་བུ་ཙི་འོད་ཟེར་ཅན་ནོ། །དཔའ་བོ་རྡོ་རྗེ་འོད་ནི་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོའོ། །རྣལ་འབྱོར་མ་མི་ཐུང་མ་ནི་ལྷ་མོ་རྡོ་རྗེ་གཞོན་ནུ ་མ་སྟེ། དཔའ་བོ་སྣང་བ་དཔག་མེད་ནི་བྱང་ཆུབ་སེམས་དཔའ་བྱམས་པའོ། །རྣལ་འབྱོར་མ་དཔའ་བོའི་བླ་མ་ནི་ལྷ་མོ་རྡོ་རྗེ་ཁྲོ་གཉེར་མ་སྟེ། དཔའ་བོ་ཆ་དང་དགྲ་ནི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའོ། །རྣལ་འབྱོར་མ་སྣ་ཆེན་མ་ནི་ལྷ་མོ་རྡོ་རྗེ་ཉི་མ་སྟེ། དཔའ་བོ་ཆེ་བ་རྣམ་པར་གཙིགས་པ་ནི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའོ། །རྣལ་འབྱོར་མ་འོད་ལྡན་མ་ནི་ལྷ་མོ་རིན་ཆེན་སྒྲོལ་མ་སྟེ། དཔའ་བོ་ནི་ཀེང་རུས་ཏེ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གོ་།རྣལ་འབྱོར་མ་གཏུམ་མིག་མ་ནི་ལྷ་མོ་སྐུལ་བྱེད་མ་སྟེ། དཔའ་བོ་ནི་ཀེང་རུས་ཆེན་པོ་སྟེ། ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་སོ། །རྣལ་འབྱོར་མ་ནི་རབ་གཏུམ་མོ་ལྷ་མོ་སེམས་མ་རྡོ་རྗེ་ཕོ་ཉ་མ་སྟེ། དཔའ་བོ་ཐོད་པའི་དུམ་བུ་ཅན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའོ། །ཐུགས་ཀྱི་འཁོར་ལོ་ལ་གནས་པའོ། །དེ་ལ་དཔའ་བོ ་དང་རྣལ་འབྱོར་མ་དེ་དག་གི་ནི། གཉིས་སུ་མེད་པ་བདེ་བ་ཆེན་པོ་ལ་གནས་པས་ལས་ཆེན་དང་དངོས་གྲུབ་མྱུར་དུ་སྒྲུབ་བྱེད་ཡིན་ཞེས་ཉེ་བར་གདམས་པའོ། །དཀྱིལ་འཁོར་གཞལ་ཡས་ཁང་གི་ནང་དུ་དམ་ཚིག་འཁོར་ལོའི་ནང་དུ་སྐུའི་འཁོར་ལོ་དང། དེའི་ནང་དུ་གསུང་གི ་འཁོར་ལོ་ཆུད་པ་དང། དེའི་ནང་ཁོངས་སུ་ཐུགས་ཀྱི་འཁོར་ལོ་དང། དེའི་དབུས་སུ་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡེ་ཤེས་ཀྱི་སྐུ་གཙོ་བོ་ཡབ་ཡུམ་འཁོར་དང་བཅས་པའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་ཞེས་པས། འོག་མིན་ཆོས་ཀྱི་དབྱིངས་ན་གནས་པ་དེ་ཉིད། རཾ་རབ ་ཀྱི་རྩེར་ཡང་མཚུངས་ལ། ཡེ་ཤེས་ཀྱི་སྐུ་ཇི་ལྟ་བ་དེ་ཉིད་སྤྲུལ་པ་འཛམ་བུའི་གླིང་གི་འཁོར་ལོ་ལ། དེ་ལས་དམ་ཚིག་དང། རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་དང། སེམས་ཀྱི་དཀྱིལ་འཁོར་དུ་ཡང་དེ་ཁོ་ན་བཞིན་དུ་གནས་ལུགས་མཚན་ཉིད་པར་ཤེས་པར་བྱའོ། ་མཁའ་འགྲོ་མ་ནི་ཉི་ཤུ་བཞི་ཞེས་པ་དེ་དག་ཀྱང་དཔའ་བོ་དང་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་འགྲོ་བའི་དོན་མཛད་པ་ཉིད། འདི་དག་སྔོན་ཉིད་གྲུབ་པ་ཡིན་ཞེས་གདོད་མ་ནས་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་དང་ཐ་མི་དད་པ་སྔོན་དང་ཕྱི་མའི་མཛའ་ན་དམིགས་པའོ། །ད་ནི་དེ་ཁོ་ན་ཉིད་བཞི་དང་སྦྱར་བ་ལ་སློབ་དཔོན་ཆེན་པོ ་ལ་བར་ཞེད་པ་ལྟར་ན། དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ། རྣལ་འབྱོར་བའི་རྡོ་རྗེའི་ལུས་ལ་རྟེན་དང་བརྟེན་པ། འབྱུང་བཞི་རིམ་བརྩེགས། འདོམ་གང་གྲུར་ནི་དཀྱིལ་འཁོར། ལྷའི་འཁོར་ལོ། །ཡི་གེའི་གནས། པུ་ཛཱ་ལ་སོགས་པ་ལྷའི་དེ་ཁོ་ན་ཉིད་ལས་བྱང་ཆུབ་ཕྱོགས་དང་བཅས ་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ལས། ལྷའི་མཚན་སྔགས་ཕྲེང་བ་ལྟར་བཀོད་པ། ཨོཾ་ནི་ཐམས་ཅད་གསལ་བྱེད་དེ་ཞེས་སྐུ་རྡོ་རྗེ་རླུང་ནང་དུ་འཇུག་པ་ཡོན་ཏན་འཕེལ་བ་སྡུད་པ་སྟེ། སྔགས་བརྗོད་པ་ལ་ནི་ཨ་ཀུན་གྱི་ཁོད་ན། སྲོག་ལྟ་བུར་རླུང་གནས་པ། རང་མིང་གསལ་བྱེད་དང ་དབྱངས་སྦྱར་བ་ལས་བྱུང་པ་ཡོ་གི་ནི་མ་ཧཱ་བཱིརྱ་ལ་སོགས་པ་རྣམས་ཏེ་ས་བོན་ལས་དབྱུང་བའོ། །མཐར་ནི་ཧཱུཾ། ཞེས་པ་རླུང་ཕྱིར་འགྲོ་བས་ནང་དང་གདོན་དང་གནོད་པ་ཐམས་ཅད་དབྱུང་བ་ཉིད་བར་ཆད་སེལ་བའོ། །ཧཱུཾ། ཅིག་ནི་སྙིང་གའི་འཁོར་ལོའི་དབུས་ན། ཨ། ནི་ལྟེ་བར། ་ཕཊ་དང་སྦྱར་བ་སྟེ། ལུས་ཀྱི་སུམ་མདོ་དྲོད་ཀྱི་རང་བཞིན་འབར་བ་ཅན་ནོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་རབ་མཆོག་ནི་བདག་བྱིན་གྱིས་བརླབ་པ་དང། དཀྱིལ་འཁོར་འཁོར་ལོའི་ལམ་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ས་གསེར་ཟླ་བ་མེ་ལྟ་བུ་འབར་བའོ། །དེ་ཉིད་ཀྱི ་ཏིང་ངེ་འཛིན་རིམ་པས་འཕེལ་བས་བདེ་ཆེན་ཡེ་ཤེས་མེ་སྟེ། ཟག་པ་མེད་པ་སྐྱེས་པས་གཞན་དང་རྩཝ་དང་མཚུངས་ཞེས་བསྲེག་ཅིང་སྦྱངས་པས་ཕུན་སུམ་ཚོགས་ནུས་པ་ཐོབ་པ་ལ་འདི་མཐོང་ནས་ཞེས་ཡེ་ཤེས་སྐད་ཅིག་མ་གཅིག་ཏུ་རྟོགས་པའོ། །གྲུབ་སྩོལ་འདོད་པ ་ཐམས་ཅད་ནི། ལས་དང་དངོས་གྲུབ་ལམ་གནས་སྐབས་དང་མཐར་ཐུག་གི་དོན་འབྱུང་བའོ། །སློབ་དཔོན་ཌོམྦྷི་ཧེ་རུ་ཀའི་བཞེད་པ་ལྟར་ན་རང་མིང་བརྗོད་པ་ནི། བུམ་པའི་དབང་གི་དུས་སུ་རྡོ་རྗེ་མིང་གི་དབང་བསྐུར་བ་རྗེས་གནང་དང། གསང་དབང་གི་དུས་སུ་ལུང་བསྟན་དང། གསུམ ་པའི་དུས་སུ་ཨཱ་ལི་ཀཱ་ལི་རིགས་ཀྱི་ཁྱད་པར་ངོས་གཟུང་པས་རིགས་སུ་ངེས་པར་བྱ་བ་དང། དབང་བཞི་པར་ཚིག་དབང་རིན་པོ་ཆེ་སྦྱིན་པ་གཟེངས་བསྟོད་པ་དང་རྗེས་སུ་འབྲེལ་ལོ། །དེ་རྟོགས་ལམ་དབང་གི་དུས་སོ། །གམས་པར་བྱེད་པའི་ལམ་དུ་ནི། བསྐྱེད་པའི་རིམ་པར་རྣལ་འབྱོར ་མ་རྣམས་ཀྱི་སྔགས་བཟླས་པའི་རྣལ་འབྱོར་བསྟན་པས་སྔགས་བཏུབ་མཛད་པའོ། །རྫོགས་པར་རྡོ་རྗེ་བཟླས་པ་དང་འབྲེལ་པས་སྲོག་རྩོལ་ལོ། །རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ནི། དཔའ་བོ་ཉིད་གྱུར་ནི་རང་གི་ལུས་ངག་ཡིད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པས་ཐ་མལ་པ ་མི་ཕྱེད་པས། གྲུབ་པ་ནི་ཞས་བསྐྱེད་པར་བསྟན་པ་ཐོད་ཅིང། རྫོགས་པར་རྟགས་འགའ་མཐོང་བའོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན་ཞེས་པས། བུམ་དབང་དུས་སུ་སྐུ་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་རྩ་ཡིག་གསལ་སྟོང། དབང་གཉིས་པར་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་དམ ་ཚིག་ཕྱག་རྒྱ་རླུང་བརྗོད་པ་སྣང་སྟོང། །གསུམ་པའི་དུས་སུ་ལས་ཀྱི་ཕྱག་རྒྱ་ཐུགས་རྡོ་རྗེ་ཐིག་ལེ་བདེ་སྟོང་གི་དཀྱིལ་འཁོར་མཐོང། དབང་བཞི་པས་ཕྱག་རྒྱ་ཆེན་པོས་རྩ་རླུང་ཐིག་ལེས་ཡི་གེ་ཐམས་ཅད་རོ་མཉམ་ཡེ་ཤེས་ཀྱི་རྡོ་རྗེར་གྱུར་པས། མི་འགྱུར་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས ་དཀྱིལ་འཁོར་མཐོང་བ་བླ་ན་མེད་པའོ། །ཐབས་ཀྱི་རིམ་པ་བསྟན་པའི་ཕྱིར། །དེ་ཤེས་རྟག་ཏུ་བསྒོམ་པས་ནི། །རྣལ་འབྱོར་རབ་མཆོག་འདི་མཐོང་ནས་ཞེས་པ། བསྐྱེད་པར་མངལ་སྐྱེས་རྒྱུའི་ཧེ་རུ་ཀ་མངོན་པར་བྱང་ཆུབ་པ་ལྔས་བདེ་ཆེན་དུ་གྲུབ་པ་དང། དེ་ཉིད་ཡབ་ཡུམ ་བསྲུབ་པ་ལས་བདེ་བའི་ངང་ལས་འཁོར་གྱི་ལྷ་ཚོགས་བྱུང་བའི་དཀྱིལ་འཁོར་དང། འབྲས་བུའི་ཧེ་རུ་ཀ་ཚད་མེད་བཞི་ལྷ་མོའི་གླུས་བསྐུལ་ནས་བདེ་བའི་ངང་ལ་བཞེངས་ནས། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་བདེ་བ་ཆེན་པོ་མཐོང་བའོ། །རྫུས་སྐྱེས་ནི། ལུས་ཀྱི་དཀྱིལ་འཁོར ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐད་ཅིག་མས་བདེ་སྟོང་གི་ཡེ་ཤེས་སུ་གྱུར་པའོ། །རྫོགས་པར་ལུས་ཀྱི་དཀྱིལ་འཁོར་ཡེ་ཤེས་ཀྱི་ངང་ལས་སྐད་ཅིག་གིས་བསྐྱེད་པ་སྟེ། རིམ་པ་བཞི་ལྡན་དུ་རྫོགས་པ་ནི་རྣལ་འབྱོར་རྒྱུད་ཀྱི་རིམ་པ། རྗེས་སུ་རྣལ་འབྱོར་སྔགས། ཤིན་ཏུ་རྣལ ་འབྱོར་ཡེ་ཤེས་ཀྱི་རིམ་པ། རྣལ་འབྱོར་ཆེན་པོ་ནི་གསང་བའི་རིམ་པ་བསྟན་པའོ། །ཡང་ན་གོང་བུ་གསུམ་ལས་འདས་པའི་དུས་སུ། བདེ་བ་དང་སྟོང་པ་ལས་བསམ་གྱིས་མི་ཁྱབ་པ་ལ་གནས་པ་ནི། རྣལ་འབྱོར་བླ་ན་མེད་པའི་ཡེ་ཤེས་ཀྱི་སྙིང་པོ་ཐོབ་པའོ། ། ་ཆེན་རྣམས་དང་དངོས་འགྲུབ་དེ་བཞིན་གཤེགས་པས་གསུངས་ཞེས་དབང་དང་ལམ་གྱིས་རྒྱུད་ཡོངས་སུ་སྦྱངས་པ་ཐོབ་པས་ས་དང་ལམ་གྱི་རིམ་པ་བགྲོད་ནས་སངས་རྒྱས་པར་གསུངས་པ་ཚེ་གཅིག་གིས་རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་པ་བསྟན ་པའོ། །ལེའུའི་མཚན་ནི་དཔའ་བོ་ནི་ཉེར་ལྔ་པོ་རྡོ་རྗེ་སེམས་དཔའ་སོགས་དང། རྣལ་འབྱོར་མ་བརྩོན་འགྲུས་ཆེན་པོ་སོགས་གཉིས་སུ་མེད་པར་བདེ་བ་ཆེན་པོར་དགོད་པའི་ཆོ་ག་བསྟན་པའི་ལེའུ་བཞི་པ་རྣམ་པར་བཤད་པའོ།། །།གསང་བ་བླ་ན་མེད་པའི ་མཆོག་གི་རྒྱུད་དུ་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པར་བསྒྲུབ་པ་བསྟན་པའི་ཕྱིར། དེ་ནས་ཐམས་ཅད་ཅེས་སྨོས་ཏེ། ལེའུ་དང་པོར་གསང་སྔགས་ཟློས་པའི་བཟླས་བརྗོད་དང་ཞེས་མདོར་བསྟན་པའི་དོན་རྒྱས་པར་བཤད་པ་ནི།། དེ་ནས་ཡན་ལག་བརྒྱད་ལྡན ་རྒྱན་གྱིས་མཛེས་བྱེད་དེ་ནི་ཐབས་དང་ཤེས་རབ་ཡེ་ཤེས་གསུམ་གྱི་སྒོ་ལས་རྙེད། གསང་སྔགས་ཀྱིས་ནི་སྟོབས་དག་མཚུངས་པ་གཞན་མེད་དགེ་བ་གསུམ་དུ་ཡོངས་དག་འདིར་བསྟན་པའོ། །དེ་ལ་དང་པོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི ་ལུས་དང། གསང་སྔགས་ཀྱི་གཞི་དགོད་པ་བསྟན་པ་ནི། ཆོས་འབྱུང་བར་ཕྱི་ནང་ལས། སྔགས་བཏུ་བའི་གནས་བདུན་ཡི་མེད་ན་དང་བདུད་རྩིས་བྱུགས་པའི་མཎྜལ་ལ། ནང་དུ་རྡོ་རྗེའི་ལུས་ཀྱི་ལྟེ་བའི་འོག་ཏུ་བྷ་གའི་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པར་སྣང ་བའོ། །དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བས་ན། བདེ་བར་གཤེགས་པའི་ཕྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུ་ཐམས་ཅད་ཀྱི་བརྟེན་པའོ། །སྣ་ཚོགས་པདྨ་ནི། །པདྨ་འདབ་མ་བརྒྱད་པ་སྟེ། ཆགས་པ་མེད་པ་འདམ་གྱིས་མགོས་པ། བདེ་བ་སྐྱེ ་བའི་རྟེན་དེ་ལ་རང་བཞིན་གྱི་དྲི་མ་དག་པའོ། །ལྟེ་བ་ནི་སྙིང་པོར་གྱུར་པ་སྟེ། དེ་གནས་པའི་ཡི་གེ་ནི་མ་སྐྱེས་པས་སྐྱེ་བ་མེད་པ། གཉིས་སུ་མེད་པའི་དོན་འབྱུང་བའོ། །མི་ཤིག་པ་ནི་འཁྲུལ་པའི་རྟོག་པས་མི་ཕྱེད་པ། ཐ་མལ་པའི་འདོད་ཆགས་ཀྱི་ཟག ་བཅས་སྤྲོས་པ་ལས་དབེན་པའོ། །ཤིན་ཏུ་དགེ་བ་བཀྲ་ཤིས་པ་དང། བདེ་ལེགས་འབྱུང་བ་མཆོག་གི་རྩ་དབུ་མའོ། །སྔགས་པས་ཆོ་ག་བཞིན་དུ་བྲི་ཞེས་པ་གོ་རིམས་མ་ནོར་བར་བྱ་བ། རྩའི་འདབ་མ་ལ་ཐིག་ལེ་ཡི་གེའི་གཟུགས་སུ་གནས་པའོ། །ཆོས་འབྱུང་ནི་སྲུང་བའི་འཁོར་ལོ་དང ་སའི་ཆ་མཉམ་པས་ཚོགས་གཉིས་སྔོན་དུ་འགྲོ་བས། མིང་ཚིག་ཡི་གེ་རབ་ཏུ་བྱེད་པ་དུ་མ་གཅིག་ཏུ་བསྡུ་བར་བྱ་བ་ནི་བརྗོད་བྱ་དོན་གྱི་གསང་བར། རྗོད་བྱེད་སྒྲ་དང་ཡི་གེ་མ་ལུས་པ་སྤྲོ་བ་དང་སྡུད་པ་རླུང་གིས། །སླར་རྒྱས་པར་བསྟན་པ་ལ། འདིར་སྔགས་ཚིག་ནི་འདི་ཡིན་ཏེ། ་གང་ལྷ་ཐམས་ཅད་བསྐྱེད་པ་དང་གནས་པ་དང་ཐིམ་པ་དང། འབྱུང་བ་དང་འཇུག་པ་གནས་པ་མངོན་པར་འབྱུང་བའོ། །ཱ་ལི་ཀཱ་ལི་མཉམ་བྱས་པ་ནི་འདུས་བྱེད་ལྔ་བཅུ་སེམས་ལས་བྱུང་བ་བརྒྱ་ཕྱེད་ཕྲེང་བའོ། །སྣ་གཡོན་ནས་ཟླ་བའི་ཆ་འཇུག་པ་སྡེ་ཚན་དང་པོ། སྣ ་སྒོ་གཡས་ནས་འབྱུང་བ་ཉི་མའི་ཆ་སྡེ་མཚན་བདུན། རྩ་ཀུན་དར་གནས་པ་རོ་རྐྱང་ལ་ཡི་གེ་སྡེ་ཚན་བརྒྱད་རོ་མཉམ་པའོ། །སྡེ་མཚན་ལ་ནི་ཐིམ་པར་བྱ་བ་རིགས་ཀྱི་དབྱེ་བ་མ་འདྲེས་པར་རོ། །ཐབས་དང་ཤེས་རབ་ཀྱི་ཆ་ཕྱེད་པས་རྩ་དབུ་མར་འཇུག་པའོ། །བཞི་བཞི་རུ་ནི་ཤེས་བྱས་ལ ་ཞེས་པ་ཐིག་གི་ཁྱད་པར་གཡས་གཡོན་ཆ་མཉམ་པའོ། །དེ་ཡང་ཐབས་ཤེས་རབ་མཉམ་པར་སྦྱར་བས་དགའ་བ་དང་སྐད་ཅིག་མའོ། །ཐུབ་པ་མཆོག་ནི་རེའུ་མིག་བདུན་པ་སྟེ། སངས་རྒྱས་དེ་བཞིན་གཤེགས་པར་བས་བདུན་བརྡར་བསྟན་པ། དེ་དག་གིས་དགོད་པར་བྱ་བ ་ནི་རེ་མིག་ཞེ་དགུ། གསལ་བྱེད་ཉི་མ་རྟ་བདུན་ལྡན་ནོ། །དེར་གནས་དཔའ་བོ་བཏུ་བྱ་བ་ནི་བདུད་ལས་རྣམ་པར་རྒྱལ་པར་བྱེད་པ། ལྷ་དང་སྔགས་ཐ་མི་དད་པ་ཉིད་ཕྱོགས་ལས་རྣམ་པར་རྒྱལ་པའོ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་གནས་སྐབས་སུ་ལས་ཚན་དང་ཐུན ་མོང་མཐར་ཐུག་ཏུ་མཆོག་སྐུ་དང་ཡེ་ཤེས་མྱུར་དུའོ། །དེ་ལ་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ལས་ཁྱད་པར་བ་རྐང་པ་བརྒྱད་པའི་ལུས་ཐུ་བ་ཉིད་བཞི་པའི་ལྔ་པ་གང་ཡིན་དང་ཞེས་པ་ལ་སོགས་པས་བསྟན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སེམས་བསྐྱེད་སྔོན་དུ་འགྲོ ་བས། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། མདུན་གྱི་སྔགས་ལ་ཕོག་དེའི་འོད་ཀྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཡོན་ཏན་ཕྲིན་ལས་ཐམས་ཅད ་བསྡུས་ཏེ། རང་ལ་བསྟིམས་པས་བྱིན་རླབས་དང་དངོས་གྲུབ་དཔག་ཏུ་མེད་པ་འབྱུང་བར་འགྱུར་བ་ནི་གསང་སྔགས་ཀྱི་ཆེ་བ་བསྟན་པའོ། །ུཥྨཱ་ཎ་ཡི་གཉིས་པ་ཉིད། དེ་བཞིན་ཉི་ཤུ་རྩ་དྲུག་པའོ། །ཞེས་པའི་བར་གྱིས་བསྟན་པའོ། །དང་པོའི་དང་པོ་ཉིད་དང་ནི་ཞེས་པ་ནས། ་གཉིས་གཉིས་རྐང་པ་བཞི་ཡིན་ནོ། །ཞེས་པའི་བར་གྱིས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ལས་རྐང་པ་ཉི་ཤུ་རྩ་བཞི་པའི་ལུས་ཐུ་བའི་གསང་བ་བསྟན་པའོ། །དེ་ནས་ཀ་ར་ཀ་ར་ལ་སོགས་པའི་དཔའ་བོ་ཉེར་བཞི་པའི་བར་འཁོར་ལོ་བཀོད་པའོ། །གསང་སྔགས་ཀྱི ་ཁྱད་པར་བསྟན་པ་ལ། རིག་པའི་རྒྱལ་པོ་ནི་སྔགས་འདི་རིག་སྔགས་དང་གཟུངས་སྔགས། གསང་སྔགས་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །བྱ་བ་ཐམས་ཅད་སྒྲུབ་བྱེད་པ་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཀྱིས་ཚར་བཅད་ཕན་འདོགས་པའོ། །འདི་ལས་ཤིན ་ཏུ་མཆོག་གྱུར་པ་ནི་གསང་བ་བླ་ན་མེད་པའི་སྙིང་པོ་ཉིད་དོ། །འཇིག་རྟེན་གསུམ་ན་ཡོད་མིན་ཏེ་ཞེས་ལྷ་དང་མི་དང་ཀླུའི་གནས་ཐམས་ཅད་ནའོ། །ཤྲཱི་ཧེ་རུ་ཀའི་སྔགས་ཤེས་ནས་སྦྱོར་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་བསྐུལ་བའི་རང་བཞིན་གསལ་བར་སྟོན་པ ་རྩ་སྔགས། ཡོན་ཏན་ཕྲིན་ལས་ཕྱོགས་འགའ་སྟོན་པ་སྙིང་པོ་ཡེ་ཤེས་སྡུས་པར་གསལ་བའི་མཚན་ཉིད་ཉེ་བའི་སྙིང་པོ་ཡིན་ཞེས་དཔལ་རྡོ་རྗེ་དྲིལ་བུ་པའི་བཞེད་དོ། །མེ་སྟེ་གཞན་དག་རྩ་དང་མཚུངས་ཞེས་རྒྱུད་འདི་ནི་ཡེ་ཤེས་ཀྱི་མེ་ལྟ་བུ། སྤང་བྱ་དངོས་པོར ་???་པའི་རང་ལས་སྙིང་པོ་བླ་ན་མེད་པ་བསྟན་པའོ། །དེས་སྔགས་ཀྱི་ཕན་ཡོན་བསྟན་པའི་ཚུལ་གྱིས་གཞུང་བསྡུ་བའོ། །ལེའུའི་མཚན་བསྟན་པ་ལ། རྩ་བའི་སྔགས ་ཀྱི་ཡི་གེ་བསྡུ་བའི་ཆོ་ག་ནི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལུང་སྔགས་ཀྱི་རྗེས་གནང་བསྟན་པའོ། །ལེའུ་ལྔ་པ་རྣམ་པར་བཤད་པའོ།། །།དེ་ལ་གསང་སྔགས་ཀྱི་གྲུབ་པ་བླ་ན་མེད་པ་མཆོག་ཏུ་བསྟན་པ་ལས། གཞན་ཡང་ཞེས་པ་རྣམ་གྲངས་བུམ་ལས་ཁྱད ་པར་དུ་གོ་ཆའི་སྔགས་བསྟན་པའོ། །ཡི་གེ་ཉི་ཤུ་གཉིས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་གསང་སྔགས་དངོས་ནི་ལེའུ་བརྒྱད་པར་སྟོན་པའོ། །སྙིང་པོ་ཡིག་བདུན་ཉེ་སྙིང་པོ་ཞེས་པ་ལེའུ་བཅུ་གཉིས་པར་གསལ་བར་བསྟན་ནོ། །ཡ་སྡེ་བརྒྱད་པའི་ས་བོན་དང་ཞེས་པ་ཡང་ལ་ཝ་ཤ ་ཥས་ཧ་ཡིག་འབྲུ་བརྒྱད་བརྒྱད་པ་ཉིད་ལས། གྲོང་ཁྱེར་དཀྲུག་པ་ནི་ཡི་གེའི་ཕྱི་མོ་བརྒྱད་དེ། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱི་ཞེས་ཐབས་ཤེས་རབ་ཀྱི་ཕྱག་རྒྱ་དྲུག་ལྡན་ཕྱི་དང། ནང་གི་སྐྱེ་མཆེད་སྦྱོར་བས། རྟེན་འབྲེལ་གྱི་ཡན་ལག་རྣམ་པར་དག་པའོ། །དབྱངས་ཀྱི་མ་ནིང་ཡི་གེ་མ་གཏོགས ་པས་ཡི་གེ་བར་མདོར་བྱས་པ་ནི་ཨཱ་ལའི་རིང་པོ་དྲུག་གཞག་ནས་ཐུང་དུ་རྣམས་ཧ་ལ་སྦྱར་བའི་ས་བོན་ལྟ་བུའོ། །ཡན་ལག་དྲུག་ནི་རིགས་ཀྱི་ཁྲོ་བོ་ལྔ། ཧེ་རུ་ཀ་བརྗོད་པ་དང། ལུས་ཀྱི་གནས་དྲུག་ཏུའོ། །དཔའ་བོ་དྲུག་དང་མཉམ་སྦྱོར་བ་ནི་རྡོ་རྗེ་སེམས་དཔའ་། རྣམ་པར ་སྣང་མཛད་པདྨ་གར་དབང་ཤྲཱི་ཧེ་རུ་ཀ་།རྡོ་རྗེ་ཉི་མ། རྟ་མཆོག་དོན་ཡོད་རྒྱལ་པོའོ། །ཡི་གེ་གཅིག་ནི་ཧ་སྟེ། དེ་ལ་རྐྱེན་ཨེ་ཨུ་ཨེ་ཨོ་ཨཾ་སྦྱར་བས་ཧ་ཧི་ཧུ་ཧེ་ཧོ་ཧཾ་གིས་མཛེས་པར་གྱུར་པའོ། །ཡང་དག་གནས་པས་འབྲས་བུ་མངོན་པར་ཤེས་པ་དྲུག་འཆར་བའི་ནུས ་པ་དང་ལྡན་པར་གྱུར་པའོ། །ོཾ་ཧ། ན་མ:ནི། སྭཱ་ཧཱ་ཧུ་བཽ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་དང་ཡང་དག་ལྡན་པ་སྙིང་པོ་གསང་བ་ཉིད་དོ། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ་བ་ནི་དུས་དང་གནས་སྐབས་ཀུན་ཏུའོ། །དེ་ལ་ལུས་ཀྱི་གནས་སུ་དམིགས་པ་ལ། དང་པོ་སྙིང་ག་ཉིད་དུ་སྟེ་ཟླ་བ་ལ ་ཨོཾ་ཧ་ལས་རྡོ་རྗེ་སེམས་དཔའ་ཨོ། །གཉིས་པ་མགོ་བོར་ཤེས་པར་བྱ་བ་ཟླ་བ་ལ་རྣམ་སྣང། གསུམ་པ་སྤྱི་གཙུག་དག་ཏུ་སྦྱར་བ་ཉི་མ་ལ་པདྨ་གར་དབང། བཞི་པ་གོ་ཆ་ཉིད་དུ་ངེས་པ་ཤྲཱི་ཧེ་རུ་ཀ་ཉི་མ་ལ་གནས་པའོ། །ལྔ་པ་མིག་ཏུ་གྱུར་པ་སྟེ་རྡོ་རྗེ་ཉི་མ་ཟླ་བ་ལའོ། །དྲུག་པ ་མཚོན་ཆ་ཞེས་བྱ་བར་བརྗོད་པ་དཔལ་རྟ་མཆོག་རྒྱན་དང་སོ་སོའི་ཕྱག་མཚན་དང་ལྡན་པ་སྟེ། ནུས་པ་མཆོག་ཏུ་གྱུར་པ་ཐོབ་པས་བསྲུང་བའི་མཆོག་བསྟན་པའོ། །རྡོ་རྗེ་གོ་ཆ་བསྟན་པའི་ལེའུ་དྲུག་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས ་བཅོམ་ལྡན་འདས་ཧེ་རུ་ཀའི་རྩ་བའི་སྔགས་རྡོ་རྗེ་ཞབས་བཀྲ་ཤིས་སྟོན་པའི་ལུས་གོང་དུ་འབྱུང་བ་ལ་དབྱངས་ཡིག་གི་རྒྱན་གྱིས་མཛེས་བྱེད་བསྟན་པ་ལ། རྡོ་རྗེ་མཁའ་འགྲོ་རྒྱ་མཚོ་ལས། །གསང་སྔགས་རྣམས་ཀྱི་འབྱུང་གནས་ནི། །དེ་ཉིད་ལྷ་གནས་སྐུ་གསུངས་ཐུགས། །རྣམ ་ཤེས་ལས་ནི་ཉེར་འབྱུང་བས། །སྒྲ་ལས་རྐྱེན་སྦྱར་རྒྱུ་ལས་བསྟན། །ཡི་གེ་ཁོང་འབྱུང་བརྗོད་པ་ལས། །ཁ་ཅིག་ཏུ་འཇུག་ཟེར་བ་བརྟག་།མིང་ཚིག་རབ་འབྱེད་སྙིང་པོ་ཉིད། །བཟླས་པ་ཐ་མལ་དག་བྱེད་པས། །བསོད་ནམས་འབྱུང་གནས་སྟོབས་མཆོག། གྱུར་ཞེས ་གསུངས་པའི་དོན་ཏོ། །དབྱངས་ཡིག་བཅུ་གསུམ་ཉིད་ཅེས་པ་ནས། ཡི་གེ་བརྒྱད་ཅུ་རྩ་གཉིས་ལ། དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར་ཞེས་པའི་བར་གྱིས་བསྟན་པའོ། །ཡང་རྩ་བ་ལས་སྐང་པ་ཉེར་བཞི་པའི་སྔགས་ཀྱིས་ལུས་དང་དབྱངས་ཡིག་རྒྱན་དུ ་གྱུར་པ་བསྟན་པ་ནི་མ་མོ་རྣམས་ལས་ལྔ་པ་ཉིད་ཅེས་པ་ནས་དགུ་བཅུ་དང་ནི་རྩ་བརྒྱད་ཞེས་པའི་བར་གྱིས་སྒྲ་དང་སྒྲའི་ལུས་སུ་འབྲེལ་བ་ལ་རྐྱེན་གྱིས་བསྒྱུར་བས་ཡང་དག་པའི་དེ་ཁོ་ན་ཉིད་གསང་བ་བླ་ན་མེད་པ་སྟོན་པའོ། །སྔགས་ཀྱི་ཕན་ཡོན་བསྟན་པའི་ཕྱིར། །འདི་ནི ་རྩ་བའི་གསང་སྔགས་སུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་པས་རྐང་པ་ཉེར་བཞི་པ་རྒྱན་དང་ལྡན་པས་དག་པར་གྱུར་པ་ནི་དཔའ་བོ་ཆེན་པོ་འཁོར་བའི་གཡུལ་ལས་རྒྱལ་ཞིང་བདུད་ཐམས་ཅད་འཇོམས་པར་བྱེད་པའོ། །འདི་ནི་རེའུ་མིག་ལས་བཏུས་པ་ཞེས་ཆོས ་ཀྱི་གཞི་དགོད་པ་ལས་སོ། །རྒྱལ་བ་ཀུན་གྱིས་ནི་རིགས་ཐམས་ཅད་བསྡུས་པའི་སྙིང་པོའི་མཆོག་གྱུར་པ་གསང་ཆེན་མངོན་དུ་འབྱུང་བའོ། །ཧེ་རུ་ཀ་དཔལ་འགྲོ་མགོན་གྱི་ཞེས་རྗེ་བཙུན་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྐུལ་བའོ། །རྩ་བའི་སྔགས་མཆོག་ཏུ ་ཞེས་བྱ་བ་སྟེ། སྐུ་གསུང་ཐུགས་དབྱེར་མེད་ལས་ཆ་ཉེར་བཞི་རྣམ་ཐར་བརྒྱད་ཀྱིས་ཡེ་ཤེས་རྡོ་རྗེ་ཡོན་ཏན་འབྱུང་གནས་སོ། །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་ནི་ཡོན་ཏན་ཕྲིན་ལས་མཆོག་ཐུན་མོང་འཐོབ་པའོ། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན་ཞེས་ཐུགས་བརྩེ་བས ་སྒྲུབ་པ་པོ་ལ་ཉེ་བར་དགོངས་པར་མཛད་པའོ། །དཔལ་ལྡན་ཁྲག་འཐུང་ནི་རྣམ་ཐར་སྒོ་གསུམ་དབྱེར་མེད་པའི་སྐུ་ཅན། ལྷ་རིགས་རྒྱལ་ནི་རིག་ལྔ་ལ་སོགས་པའི་སྙིང་པོས་བར་ཆད་ཞི་ཞིང་བདུད་ལས་རྒྱལ་བའོ། །བཀླགས་པས་འགྲུབ་པ་ནི་སྔགས་དང་ལྷ་ཐ་མི་དད་པའི ་ཕྱིར། དོན་ཡོད་པ་སྟེ་དཀྱིལ་འཁོར་བའི་ཞལ་ཉེ་བར་བསྒྲུབ་པ་ཉིད་དོ། །ཁྱད་པར་དུ་བྱེ་བྲག་ཏུ་ཐོག་མཛའ་ཨི་ཡི་གེ་སྦྱར་བ་ཐ་དད་པའི་རྣམ་པ་ནི་ཨོཾ་ནི་དང་པོར་སྦྱར་བར་བྱ་ཞེས་ཐོག་མར་འབྱུང་བའོ། །ཧཱུཾ་ཧཱུཾ་ཕཊ་ནི་ཐ་མར་རོ་ཞེས་ཡང་ན་དཔའ་བོ་ཉེར་བཞི་སོ་སོར་ཕྱེ་བ་ཡང ་རུང་ངོ། །འདི་ནི་རྩ་བའི་གསང་སྔགས་ཏེ། བསྒྲུབ་པ་ཐམས་ཅད་སྒྲུབ་བྱེད་ཡིན་ཞེས་དབང་བསྐུར་བའི་རྗེས་ལ་སྔགས་དང་ལྷའི་རྗེས་གནང་སྦྱིན་པར་བྱ་བའི་ཏིང་ངེ་འཛིན་དང་ལྡན་པས་སོ། །དེ་ནི་ལེའུའི་མཚན་བསྟན་པ་དཔལ་འཁོར་ལོ་བདེ་མཆོག་ལས་ཞེས་རིམ་པ་གཉིས ་ལྡན་ཕྱག་རྒྱ་བླ་ན་མེད་པའོ། །སྔགས་བཏུ་བ་ནི་ལྷག་ཆད་ནོར་བ་རྒྱང་རིང་དུ་སྤངས་པའི་ཕྱིར། ཆོ་ག་ནི་དབང་དང་རྗེས་སུ་འབྲེལ་བ། ལེའུ་ནི་གཞུང་སྐྱོང་བ། བདུན་པ་ནི་གྲངས་བསྟན་པ་སྟེ། ལེའུ་བདུན་པའི་རྣམ་པར་བཤད་པའོ། །དེ་ནས་རྩ་བའི་གསང་སྔགས་ལ་སོགས ་པ་བཟླས་བརྗོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྷའི་ཏིང་ངེ་འཛིན་བསྟན་པ་ནི་དེ་ནས་ཞེས་ལྷ་དང་སྔགས་དབྱེར་མེད་དུ་བསྟན་པ་སྟེ། རང་གི་བདག་ཉིད་ཀྱི་ཞེས་མངོན་པར་རྟོགས་པ་ཉམས་སུ་བླང་བ་སྔོན་འགྲོ་དངོས་གཞི་རྗེས་ཐམས་ཅད་ལ་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན ་པས་སོ། །དཔའ་བོ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉེར་བཞི་པོ་རྣམས་དང་རྡོ་རྗེ་པདྨ་མཉམ་སྦྱོར་བའི་བདེ་བ་ལ་རོལ་པ། མཁའ་འགྲོ་མ་ནི་བརྩོན་འགྲུས་ཆེན་མོ་ལ་སོགས་པ་རྣམས་དང་ཡེ་ཤེས་བདེ་བར་རོལ་པའོ། །དྲ་བའི་སྡོམ་ནི་སྙིང་པོའི་རྣལ་འབྱོར ་མ་བཞི་དང་སྒོ་མཚམས་མ་བརྒྱད་དེ། དེ་དག་བཅུ་གཉིས་པོ་ཡང་གཙོ་བོ་ཉིད་ཀྱིས་བདེ་ཆེན་དུ་སྙོམས་པར་འཇུག་པ་ལ་བསྟན་པའོ། །འཁོར་ལོ་བདེ་མཆོག་ཡིན་པར་འདོད་ཅེས་ལྷ་ཐམས་ཅད་ཡབ་ཡུམ་དུ་གནས་པ་དེ་ཉིད་གསང་སྔགས་ཉིད་ཀྱང་ཐབས ་ཤེས་རབ་ཟུང་དུ་འབྲེལ་བས་གཉིས་སུ་མེད་པའི་ངང་དུ་གནས་པར་དགོངས་པའོ། །སྙིང་པོ་གོ་བཟློག་ཏུ་བསྟན་པ་ནི། །ཤེས་རབ་རློམ་པ་དག་རང་དགར་འཇུག་པ་དགག་པའི་ཕྱིར་བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་བསྟན་པ་སྟེ། གསང་སྔགས་ལུས་ལས་བཟློག་པར་བསྟན་པ ་ཧཱ་སྭཱ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ལྟར་ཡང་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས། ལྷ་རྣམས་བཟློག་སྟེ་བཀོད་པ་དང། །བསྒོམ་པ་གསང་བའི་བཟློག་པ་དང། །སྔགས་ཀྱི་བཀོད་པ་བཟློག་པ་ནི། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །ཅེས་པའི་དོན་ཏོ། ། ་རིག་པའི་རྒྱལ་པོ་ནི་ལམ་ལྔ་བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུས་པས་སྙིང་པོ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རབ་ཏུ་བསྐུལ་བ་སྟེ། མ་བྱུང་འབྱུང་བར་མི་འགྱུར་བ་ནི་ཐུབ་པ་མར་མེ་མཛད་ནས་ཐུབ་པ་འོད་སྲུངས་དང། མགོན་པོ་མ་ཕམ་པས་ཀྱང་གསུང ་བར་མི་འགྱུར་བ། འོག་མིན་དག་པའི་ཞིང་ནི་མ་གཏོགས་པའོ། །ཕཊ་ཧཱུཾ་ཧུཾ་ཧ་ཧ(རྒྱུད་འགྲེལ་ཕཊ་ཕཊ་ཅེས་བཤད་པ་ནི། རིམ་པ་ཅན་དང་རིམ་པ་བཟློག་པ་ཡང་ཤེས་པར་བྱའོ། །རྣལ་འབྱོར་མ་ནི་དྲུག་ཏུ་གྲགས་ཞེས་གོ་ཆ་དྲུག་ལུས་ལའོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། རྗེ་བཙུན་མའི་ཉེ་བའི་སྙིང་པོའོ། །མཁའ་འགྲོ་མ་ཡི་རིག་པ་ཆེ་ནི་ཡབ་ཡུམ་གྱི ་སྔགས་མཚན་བཞིའོ། །མ་བྱུང་འབྱུང་བར་མི་འགྱུར་རོ་ནི་དུས་གསུམ་གྱི་རྟོག་པས་མི་ཕྱེད་པ་རྡོ་རྗེ་ལྟ་བུའོ། །ད་ལྟར་བ་སྙིང་པོ་ལྟ་བུ་ནི་ས་སྟེངས་ན་ནི་ཞེས་པས་རྡོ་རྗེ་ཐེག་པའི་བསྟན་པ་ལ་རིན་ཆེན་བཞི་ཞེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ ་སྡེ་ཚན་ཆུ་བོ་ལྟ་བུར་འབྱུང་བའོ། །བཞི་ནི་རྩ་བ་དང་སྙིང་པོ་དང་ཉེ་སྙིང་དང་གོ་ཆ་ཟུང་དུ་གྱུར་པ་བསྡུས་པའོ། །ཕྲེང་བའི་སྔགས་ནི་ཞེས་དཔའ་བོ་དང་རྣལ་འབྱོར་མའི་གསང་སྔགས་ལ་ཐོག་མཛའ་གཅིག་ཏུ་གྱུར་པའོ། །དམ་པ་ཡིན་ཞེས་པས་མཆོད་པའི་སྔགས་ལ་ཐམས་ཅད་ལ་ཐབས ་ཤེས་རབ་ཚང་བར་ཤེས་པར་བྱ་བ་ཉིད་དོ། །མཁའ་འགྲོ་མའི་རིག་པ་ཆེན་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྔགས་རྣམས་སོ། །རིག་པའི་རྒྱལ་པོ་ཧེ་རུ་ཀ་ནི་བླ་ན་མེད་པའི་གསང་སྔགས་རྣམས་ཏེ། དེ་ཡང་མཆོད་པ་དང་བསྟོད་པ་གསོལ་བ་གདབ་པ་དབང་བསྐུར་བ ་རྒྱས་གདབ་པ་བདུད་རྩི་མྱང་བ་ཐམས་ཅད་གསང་སྔགས་ཉིད་ལས་བྱུང་བར་རྟོགས་པར་བྱའོ། །ལེའུའི་མཚན་ནི་རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བའི་ཆོ་གའི་ལེའུ་བརྒྱད་པ་རྣམས་པར་བཤད་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ནས། ་ལམ་གྱི་ཁྱད་པར་མངོན་པར་རྟོགས་པས་འབྲས་བུ་གསང་ཆེན་ལས། ལེའུ་དང་པོར། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི་ཞེས་མདོར་བསྟན་ལ། བཅོམ་ལྡན་འདས་ཀྱི་རྩ་བའི་སྙིང་པོ་ཉིད་ལས་ཆོ་ག་དུ་མར་འགྱུར་བ་མེད་དང་ཡོན ་ཏན་དབང་ཕྱུག་ཉིད། དུས་དང་རྒྱུ་རྐྱེན་བྱེད་པ་ཚུལ་གྱི་རབ་འབྱམ་རྟོག་པ་རྒྱ་མཚོའི་ཡེ་ཤེས་སྣང་བ་བསྟེན་པར་འགྱུར། གང་ཟག་རྟེན་འཇིག་པའི་འབྲས་བུ་ལ་སོགས་ལེའུ་འདིས་སྟོན་ཏེ། དེ་ཡང་ལེའུ་གཉིས་པ་དང་གསུམ་པར་བསྟན་པའི་ཆོ་གས་དབང་བསྐུར་བ་ཐོབ་པས ་ལེའུ་བཞི་པ་དང་བརྒྱད་པའི་སྟོང་བཞིན་དུ་ལྷ་ལ་དམིགས་ནས། ལེའུ་ལྔ་པ། དྲུག་པ་བདུན་པའི་རྩ་བའི་སྔགས་བཏུས་ནས། གསང་སྔགས་བཟླས་པའི་རྣལ་འབྱོར་གྱི་བསྙེན་པ་དང་ཉེ་བར་སྒྲུབ་པ་སྔོན་དུ་འགྲོ་བར་བྱ་བ་ལས་ཚོགས་འགྲུབ་པར་འགྱུར་བ་ནི། རྩ་བའི ་གསང་སྔགས་ཀྱི་ལས་མཆོག་ནི་ལས་དང་དངོས་གྲུབ་མྱུར་དུ་གྲུབ་པའི་ཐབས་དང་ཐབས་ལས་འབྱུང་བའོ། །གོ་རིམས་ཇི་བཞིན་ནི་དང་པོར་རྩ་སྔགས། ཕྲེང་སྔགས། སྙིང་པོ་མཆོད་པའི་སྔགས་དེ་དག་ནི་རྣམ་པར་བཤད་བྱ་སྟེ། དེ་ཡང་དག་པའི་རྣལ ་འབྱོར་པས་སྦྱོར་བ་བསམ་གཏན་ཙམ་གྱིས། འདྲེས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་དང་སྔགས་ཀྱིས་སོ། །མ་དག་པས་ནི་འཁྲུལ་འཁོར་རྫས་དང་ཕྱག་རྒྱ་ལྡན་པས་འགྲུབ་པའོ། །འཇིག་རྟེན་གསུམ་ན་གང་ཡོད་རྣམས་ཞེས་བསྒྲུབ་པར་བྱ་བའི་ཡུལ་ཏེ ་ཁམས་གསུམ་ན་གནས་པ་གང་ཡང་ངོ། །ཐམས་ཅད་ནི་གཞན་ཡང་རིགས་ལྡན་མཆོད་པ་དང་སྤྱོད་པ་དང་རྗེས་སུ་འབྲེལ་བ་ལྟ་སྟངས་བྱའོ། །བྱ་བ་རྫོགས་པའི་སྐད་ཅིག་གིས་འགྲུབ་པར་གྱུར་ཞིང། བདུལ་བྱ་རྡོ་རྗེ་ཐེག་པ་ལ་འགོད་པའི་ཕྱིར་ཕྲིན་ལས་རྣམས ་ཐམས་ཅད་མྱུར་དུ་གྲུབ་པར་བྱེད་པའོ་ཞེས་ཇི་ལྟར་བཤད་པ་རྣམས་སོ། །སྒྲུབ་པར་བྱེད་པའི་ཐབས་ཀྱི་དབང་དུ་བྱས་ན། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱི་ངོ་བོ་ཉིད་ལེའུ་ཉེར་ལྔ་པར་སྟོན་ལ་འདིར་ནི་ཆོ་གའི་རིམ་པ་ལས་གསང་སྔགས་ཀྱི་ཕན་ཡོན ་འབྲས་བུའི་ཆེ་བ་དང་ལྡན་པ་སྟོན་པའོ། །རྒྱས་པར་བཤད་པ་ལ། ཀླུ་ཐམས་ཅད་དང་ཞེས་ནོར་རྒྱས་བུ་ལ་སོགས་པའོ། །ལྷ་ཐམས་ཅད་ནི་ཚངས་པ་དང། དབང་པོ་ལ་སོགས་པའོ། །གནོད་སྦྱིན་ཐམས་ཅད་ནི་རྣམ་ཐོས་སྲས་ལ་སོགས་པའོ། །དྲི་ཟ་ཐམས་ཅད ་ཀྱི་ནི་ཟུར་ཕུད་ལྔ་པ་ཅན་ལ་སོགས་པའོ། །སྐྱེ་གནས་ཐམས་ཅད་ནི་འགྲོ་བ་དྲུག་པའོ། །དྲན་པ་ཙམ་གྱིས་ནི་ཤིན་ཏུ་དག་པའི་རྣལ་འབྱོར་པའི་འཕྲིན་ལས་སོ། །བྲན་དུ་འཁོལ་བ་དང་ཞི་བ་དང་རྒྱས་པ་དབང་དུ་བྱེད་པས་གསོད་པས་ཏེ་མངོན་སྤྱོད་ཡང་ངོ། །ཆར་འབེབས་པར་བྱེད ་པ་ནི་ངེས་བརྗོད་དང་རྡོ་རྗེ་མཁའ་འགྲོ་ནས་གསུངས་པ་ལྟར་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་བསྟན་པས་སོ། །ཡང་ན་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་བྱས་ཏེ། དཀྱིལ་འཁོར་རས་སམ་ཤིང་ཤུན་ལ་ཀླུ་བརྒྱད་དང་ལྡན་པའི་གཟུགས་བྲིས་ལ། ཕྱི་རོལ་ནས་འཁོར ་ལོ་གསུམ་གྱིས་བསྐོར་ཞིང་དུག་དང་ལན་ཚྭ་དང་སྐེ་ཚེ་དང་ཚ་བ་གསུམ་དང་དུར་ཁྲོད་ཀྱི་ཐང་ཤིང་གི་དུད་པས་སྣག་ཚ་བྱས་ལ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་སྔགས་བཀོད་ལ། ཀླུ་བརྒྱད་པོ་རྣམས་ཀྱི་སྙིང་ཁར་ཕུ་ཧཱུཾ་ནཾ་ཧཱུཾ་ཞེས་དགོད། དབུས་སུ་ཧཱུཾ་བཅུ་ནཱཾ་ཧཱུཾ་སརྦ་ནཱ ་ག་བརཥ་མན་ཡ་བྷ་རི་ཤ་ཡ་ཧཱུཾ་ཕཊ་ཅེས་བྲིའོ། ཡང་གྲོག་མཁར་གྱི་ས་དང་ཆུ་འགྲམ་གྱིས་རྫིང་བུའི་ས་ལ་བའི་རྣམ་ལྔ་དང་བསྲེས་ལེ་ཀླུ་ནོར་རྒྱས་ཀྱི་གཟུགས་གདེངས་ཀ་བདུན་པ་ཅན་མཐོ་གང་ཙམ་དུ་བྱས་པའི་སྙིང་གར་སྔགས་ཀྱི་འཁོར་ལོ་བཅུག་སྟེ། དགུག་གཞུག་བྱས ་ནས། སྔགས་ཀྱི་འོད་སྤྲོ་བསྡུ་བཟླས་པ་ཁྲི་ཕྲག་ལ་སོགས་པ། ཀ་ར་བཱི་རའི་ལྕུག་མས་བཀག་སྟེ་གུ་གུལ་དཀར་པོའི་དུ་བས་བདུག་ཅིང། དྲི་བཟང་པོའི་ཆུས་ཁྲུས་བྱའོ། །གལ་ཏེ་ཆར་མ་བབ་ན། ཉི་མ་བདུན་པ་ལ་ལུས་དེ་དུམ་བུར་བྱས་ཏེ། རྫའི་བུམ་པར་བཅུག་ནས ་ཆུ་བོར་བསྐུར་ན་ཆར་འབེབས་པར་བྱེད་པའོ། །སྤྲིན་ཐམས་ཅད་འཐོར་བྱེད་ཅིང་ཟློག་པར་བྱེད་དོ། ཞེས་ཆར་ཆེས་ན་སྤྲིན་དྲལ་བའི་ཆོ་ག་སྟེ། སྔ་མ་བཞིན་དུ་འཁྲུལ་འཁོར་བྲིས་ལ། ནོར་རྒྱས་ཀྱི་གཟུགས་ཀྱི་སྙིང་གར་གཞུག་སྟེ། དགུག་བསྟིམ་བྱས་ལ། ཡུངས་ཀར ་གྱིས་བརྡེག་པ་འམ་ཡང་ན་རྡོ་རྗེ་འཛིན་པ་ལ་ཕུལ་བའི་མེ་ཏོག་དག་དང། གུ་གུལ་ནག་པོ་དང་བསྲེས་པའི་དུ་བས་བདུག་ཅིང་རྩ་སྔགས་ཟློས་ཤིང། ཤ་ཆེན་གྱི་སྤོས་ཀྱིས་བདུགས་པས་འགྲུབ་པར་འགྱུར་བའོ། །རྒྱ་མཚོ་སྐེམས་པར་བྱེད་དོ། །ནི་རང་གིས་ཀླུ་བརྒྱད་གནོན་པའི ་ཞལ་ལྔ་པའི་མཁའ་ལྡིང་གི་ཧེ་རུ་ཀ་བསྒོམས་ནས་བཟླས་པ་བྱས་ཏེ། མཚན་མ་བྱུང་བ་དང། རྒྱ་མཚོ་ཆེན་པོའི་དབུས་སུ་གནས་པར་བསམས་ལ། ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་དང་ལྡན་པར་བསམས་པས་གདོན་མི་ཟ་བར་གྲུབ་པར་འགྱུར་བའོ། །ཡང་ཁ་ཊཝཱཾ་ག་དང ་ཡང་ཐོད་པ་ལ་པདྨ་འདབ་མ་བརྒྱད་པར་རེ་རེ་ཞིང་ལ་ཡང་རྐང་པ་བརྒྱད་པ་བྲི་ཞིང། ཆུ་བོ་ལ་ཁ་ཊཝཱཾ་གས་བསྣུན་ན་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་སྟོན་ནོ་ཞེས་པའི་དོན་ཏོ། །དབང་པོ་ཟློག་པར་བྱེད་པའི་དོན་ནི་སྔོན་དུ་བསྙེན་པའི་མཚན་མ་མཐོང་བས། རྩ་བའི ་སྔགས་ཀྱི་འཁྲུལ་འཁོར་ཤིང་ཤུན་ལ་གུར་གུམ་གྱིས་བྲིས་ཏེ་ལག་པ་གཡོན་པར་བཞག་ལ། སྔགས་ལས་འོད་འཕྲོ་བ་དང་ལྡན་པར་བསྒོམས་པས། སྡིགས་མཛུབ་བྱས་ན་ཐོག་ངེས་པར་བཟློག་གོ་།གསང་སྔགས་འདི་ནི་རྩ་སྔགས་སོ། །བཟླས་བརྗོད་འབུམ ་བྱས་པ་ནི་དཔལ་ཧེ་རུ་ཀ་རྒྱས་པའི་སྐུར་གསལ་བར། རྣལ་འབྱོར་པས་ཏྲི་ཤཱུ་ལ་ཁ་སྦུབ་སྟེ་ས་ལ་བསྣུན་ནས་གཡོ་བར་བྱེད་པའོ། །ཤིང་ལ་འཛེག་སྟེ་ཞེས་པ་ནི་གསེར་ཤིང་གི་ས་བོན་སྦྲུལ་ནག་གི་ཚིལ་བུས་ལན་ཉི་ཤུ་རྩ་གཅིག་ཏུ་སྤགས་ལ། བྱ་རོག་གི་ཐོད་པར་དུར ་ཁྲོད་ཀྱི་ས་དང་ཐལ་བ་སོལ་བ་དང་བསྲེས་ཏེ། བླུགས་ལ་ལམ་གྱི་སུམ་མདོར་སྦས་ཏེ། མཚམས་བཅད་པ་དང་བསྲུང་བ་ལ་སོགས་པ་བྱས་ལ་འབྲས་བུ་སྨིན་ཙམ་ན་བུ་མོ་གཞོན་ནུ་མའི་ལག་པ་གཡོན་པས་གཟུང་སྟེ་ཁྲིད་ལ། དེའི་ལག་པ་གཡོན་པར་ཐོད་པའི་ནང་དུ་འབྲས་བུ་རྣམས ་བཏོགས་ནས་འཇུག་དུ་གཞུག་གོ་།དེ་ནས་ཐོད་པའི་ནང་གི་འབྲུ་གུ་དེ་ལ་སྔགས་འབུམ་བཟླས་ཏེ་ཐུམ་པོ་བྱས་ནས་སྐོར་བཏགས་ནས་ཤིང་ལ་འཛེགས་ན། འགྲོ་བ་གཞན་གྱིས་བྱར་མཐོང་ཞིང་རང་ཉིད་གང་དུ་འགྲོ་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། །སྔགས་པ་འཕྲོག ་པར་བྱེད་པ་ནི་གཞན་གྱིས་བདག་ལ་བྱད་ཀ་ལྟ་བུ་ལ། བསྒྲུབ་བྱའི་གཟུགས་བྲིས་པའི་ལྕེ་ལ་རྩ་སྔགས་ཀྱི་འཁྲུལ་འཁོར་དུག་ལ་སོགས་པས་བྲིས་ལ། ཆེ་གེ་མོའི་ངག་བཱག་སྟཾ་བྷ་ཡ་ལྷ་དང་བཅས་པ་ནན་ཞེས་བྲི་ཞིང་བཟླས། རྡོ་རྗེ་རི་རབ་ཟུར་བརྒྱད་པས་མནན་པར་བྱས་ན་འགྲུབ ་པའོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་པ་ནི་བསྒྲུབ་བྱ་དེའི་གཟུགས་བྱས་ནས་སྙིང་གར་རྩ་སྔགས་ཀྱི་འཁྲུལ་འཁོར་བཅུག་ལ། དྲག་པོའི་སྦྱིན་སྲེག་བྱ་ཞིང། ཐལ་བ་ཆུ་བོར་དོར་ཡང་ན་མནན་པ་བྱས་པས་འགྲུབ་པའོ། །ཁྲག་འདྲེན་པར་བྱེད་པ་ནི་རས་ཆུ་ཆུས་སྤངས ་པ་ལུས་ལ་གྱོན་ལ་ཁྲག་གཏུམས་པའི་ཐོད་པར་མདུན་དུ་བཞག་ལ་དེ་ནས་མཛུབ་མོ་ལ་ཛ་བཀོད་དེ་གཏུམ་པོའི་ཐོད་པར་མཉེས་པས་ལུས་གྱི་རས་བསྐམས་པ་དེ་སྲིད་དུ་གཞན་གྱི་ལུས་བསྐམས་ནས་ཁྲག་ཚུར་ཁུགས་པར་བསམ་པས་འགྲུབ་པའོ། །སླར་ཡང་གཏོང་བར་བྱེད་དོ། ། ་ཞེས་པ་རང་གི་སྲིན་ལག་ལ་ཧྲཱི:དང་ཧོ་བཀོད་ལ་དྲུད་པས་གསོ་བར་བྱ་བའོ། །གཟུགས་བརྒྱ་སྟོང་ཕྲག་དུ་མར་བྱེད་དོ་ཞེས་པའོ། །ད་དུ་རའི་འབྲས་བུ་སྨིན་པ་བླངས་ལ། བདུད་རྩི་ལྔས་སྦགས་ཏེ། ཁྱི་ནག་པོའི་ཐོད་པར་གཏུམ་པོར་ས་བོན་དང་སྦགས་ཏེ། དུར ་ཁྲོད་དུ་བསྐྱེད་ལ་སྲུང་བ་ལ་སོགས་སྔ་མ་བཞིན་དུ་བྱས་ཏེ། སྨིན་མ་དང་བཏུས་ལ་ཆ་གསུམ་དུ་དགོས་ཏེ། ཅིག་བླ་མ་ལ་ཅིག་ཧེ་རུ་ཀ་གཅིག་རང་གི་དགོས་པ་བྱ་སྟེ། རང་གིས་དེ་ལ་གང་གི་གཟུགས་སུ་བྱེད་པར་འདོད་པ་དེའི་རིགས་ཀྱི་ཤའི་དུ་བས་བདུག་སྟེ། ཐུ་མ་པོ་བྱས་སྐེར་བཏགས་ན་གང་དུ་བྱས་པ ་དང་དེའི་གཟུགས་སུ་གྱུར་ཏེ། འདོད་ན་སྣང་བར་བྱེད་ཅིང་ནི་གསེར་ཤིང་གི་ས་བོན་བླང་སྟེ་ཉི་ཤུ་བརྒྱད་ནས་དགུ་ལ་བྱ་ཁྭ་དའི་ཐོད་པའི་ནང་དུ་སྦྲུལ་ནག་པོའི་ཁྲག་གིས་བསྐུས་ཏེ་བསྐྱེད་པས་སྨིན་པ་དང་བླངས་ཏེ་གང་གི་འགུལ་དུ་བཅིངས་ན་མི་སྣང་བར་བྱེད། བཀྲོལ་ན་སྣང་བར་བྱེད ་པའོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་ཕྱེ་མར་བྱེད་དོ། །ཞེས་པ་ལ། བསྙེན་པ་ལ་ནུས་པ་ཐོབ་ནས་ཧེ་རུ་ཀ་རྒྱས་པ་རྣལ་འབྱོར་གྱི་སྒྲ་སྟ་ལ་རྐང་པ་བརྒྱད་པའི་འཁྲུལ་འཁོར་དྲུག་ལ་སོགས་པ་བྲིས་ཏེ། ཁྲོས་པའི་ཚུལ་གྱིས་བསྣུན་ན་རྡུལ་དུ་བྱེད་པར་འགྱུར་རོ། །དུག་བདུད་རྩིར་བྱེད ་པ་ནི་ལག་པ་གཡོན་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་བཀོད་དེ། གཡོན་པའི་སྣ་སྒོའི་རླུང་གིས་ལན་གསུམ་དུ་བུས་ཤིང་དུག་ལ་སྔགས་ཀྱིས་ཟིན་པས་བཅུད་དུ་འགྱུར་རོ། །བདུད་རྩི་ཡང་དུག་ཏུ་བྱེད་པ་ནི་བྲམ་ཟེ་མཚོན་གྱིས་བསད་པའི ་ཐོད་པར་གྲོག་མཁར་གྱི་ས་དང་ད་དུ་རའི་འབྲས་བུ་བསྲེས་ཏེ། ལམ་གྱི་བཞི་མདོར་བསྐྱེད་པ་དང་སྡུ་བ་སྔར་དང་འདྲ་བར་ཤེས་པར་བྱས་ལ། འབྲས་བུ་དེ་དུར་ཁྲོད་ཀྱི་སོལ་བ་དང་བསྲེས་ནས་ལྡེ་གུ་བྱས་ཏེ། དཔྲལ་བར་ཐིག་ལེ་བྱས་ཏེ་ཟས་གང་ལ་ཡང་བཏབ་པ་ཙམ་གྱིས་དུག་ཏུ ་འགྱུར། རང་གིས་ཟོས་ན་སྨན་དུའོ། །ཟླ་བ་ནི་ནུས་པ་ཐོབ་པས་སྔགས་ཙམ་གྱིས་ཤི་རི་ཁ་དྷ་ལྟར་འོ་མར་ཆུ་ནི་ཆང་དུ་ཀུ་སུ་མའི་ཕྱེ་མ་དང། ཛམྦུ་རི་ཁུ་བ་འོ་མར་བླུགས་ནའོ། །ཆུ་ཡང་ཟླ་བར་བྱེད་པ་ནི་སྨན་ཨརྐའི་མེ་སྤར་ལ། པདྨའི་སྣལ་མའི་ཕྱེ་མ་དང་ར་དཀར་མོའི་འོ ་མས་ལན་མང་དུ་བྱུགས་ཏོ། ཞི་བའི་སྦྱིན་སྲེག་གི་ཐལ་བ་ལ་ཙི་ཏྲ་ཀའི་ཁུ་བ་དང་སྦྲུས་ཏེ། རི་ལུ་གྲིབ་བསྐམས་བྱས་ཏེ་སེན་མོའི་སྟེང་དུ་བཅུག་ལ་ཆང་གི་སྣོད་དུ་དཀྲུགས་ན་འོ་མ་ལྟ་བུའི་ཁ་དོག་ཏུ་འགྱུར་རོ། །ཀུ་སུ་མའི་ཕྱེ་མ་དང་ཛམྦུའི་ཁུ་བ་དང་བཅས་པ་འོ་མའི ་ནང་དུ་བླུགས་ན་ཆང་དང་འདྲ་བར་འགྱུར་རོ། །དྲི་ཐམས་ཅད་འཕྲོག་པར་བྱེད་པ་ནི་ཚེར་མ་དང་བཅས་པའི་ཤིང་ཀརྙྫའི་བྱེ་མ་དང་བསྲེས་པའི་ཕྱེ་མས་བདུགས་ནའོ། །གང་དུ་འདོད་པ་དེར་འཕོ་བར་འདོད་པ་ནི་ཀ་རཉྩ་ན་དང། ཤ་ཀ་རའི་ཕྱེ་མ་གུ ་གུལ་དང་བསྲེས་པའི་གླ་རྩི་ལ་བདུགས་ན་གུ་གུལ་གྱི་དྲིར་འགྱུར་ལ། ཀླ་རྩི་དང་བསྲེས་པ་ནི་གླ་རྩིའི་དྲི་འཕོ་བར་འགྱུར་བའོ། །མཁའ་ལྡིང་གི་གདོང་ཞེས་པ་ནས། འབྲས་བུ་དང་བཅས་པར་འགྱུར་ཞེས་པའི་བར་གྱི་ནི། རིགས་ལྔ་ནས་མཆོད་པའི་དུས་དང་ཕན་ཡོན ་དང་བཅས་པ་སྟེ། དེ་ཡང་རྣལ་འབྱོར་གྱི་ལམ་པའི་ནང་གི་མཆོད་པ་ནི་ནམ་མཁའ་ལྡིང་ནི་སྤྱི་བོའི་ཧཾ་ངོ། །གདོང་ནི་གཏུམ་མོའོ། །ཆོས་ཐམས་ཅད་སྣ་ཚོགས་སུ་སྣང་བ་སྟེ། འགྲོ་བ་ཉིད་དོ། །འབྱིན་པར་བྱེད་པ་ནི་བདེ་སྟོང་འཆང་བའོ། །ཞི་བ་ནི་བྱང་སེམས་སོ། །འདུས་པ་ནི ་འབར་འཛག་ལ་དམིགས་པའོ། །ལྷ་མོ་ནི་ཡེ་ཤེས་མེ། ཀུན་ཏུ་སྤྱོད་ཅིང་ནི་རྩ་དབུ་མར་རོལ་པའོ། །ཕོ་ཉའི་ལམ་པ་ལྟར་ན། ནམ་མཁའ་ལྡིང་ནི་ཡིད་གའོ། །གདོང་གི་ནི་རྩ་ཁ་ཁ་མུ་ཁའོ། །ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པར་འགྲོ་བ་ཉིད། འབྱིན་པར་བྱེད་ཅིང ་ནི་ཉམས་སུ་ལེན་པར་བྱེད་པའོ། །ཞི་བ་ནི་བྱང་ཆུབ་ཀྱི་སེམས་སོ། །འདུས་པ་ནི་སྙོམས་འཇུག་གི་དུས་སུ་མཉམ་པར་འདུས་པ་ལས་སོ། །ཡང་ན་ནམ་མཁའ་ལྡིང་ནི་ཐིག་ལེ་བདེ་བའོ། །འགྲོ་བ་ནི་ལག་པ་བརྐྱང་བའོ། །གདོང་ནི་ཁ་ཐུར་དུ་བལྟས་པའོ། །འབྱིན་པར་བྱེད་ནི ་ཀུན་རྫོབ་བྱང་ཆུབ་སེམས་མི་གཏོང་བར་འཛིན་པའོ། །ཡང་ན་ནམ་མཁའ་ལྡིང་ནི་ལྷན་ཅིག་སྐྱེས་པའི་དགའ་བ། འགྲོ་བ་ནི་དགའ་བ། འབྱིན་པ་ནི་དག་འབྲལ་ལོ། །ཞི་བ་ནི་མཆོག་དགའ་འདུས་པ་ནི་བྱང་སེམས་བདུད་རྩི་ལ་བཟའ་བའོ། །ལྷ་མོ་ནི་རིག་མ། ཀུན་ཏུ་སྤྱོད་ཅིང་ལུས་ཀྱི་གནས ་དང་ཉེ་གནས་སོགས་བདེ་བ་ལའོ། །མིའི་མཆོག་ནི་རིགས་ལྡན་མ་མཆོད་པའི་སྒྲུབ་པ་པོ་ཉིད། དེའི་ལག་མཐིལ་ན་ཡོད་པ་ནི་དངོས་གྲུབ་ཉེ་བའི་དཔེའོ། །དཔལ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་མི་རྟོག་པའོ། །གང་གིས་ཀྱང་མི་འཕྲོགས་པར་འགྱུར་བ་ནི་ཡེ་ཤེས་དེ་ཉིད ་རྟོག་པར་མི་འགྲོ་བའོ། །རྣམ་པ་དེ་ལྟ་བུའི་མཆོག་དང་ལྡན་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་དང་འདུ་འབྲལ་མེད་པའོ། །དངོས་གྲུབ་ཐམས་ཅད་ནི་ཕྱི་ནང་གི་རིགས་ལྡན་མཉེས་པ་ལས་འབྲས་བུ་དང་བཅས་པར་འགྱུར་བ་ནི། དེ་བཞིན་གཤེགས་པའི་ཕྲིན་ལས་སུ་འགྱུར་བའོ། །དྲན་པ་ཙམ་གྱིས་གསང ་པར་བྱེད་པ་ནི་དུར་ཁྲོད་ཀྱི་ཤིང་ལ་ཏིལ་མར་གྱིས་བྱུགས་པའི་རྡོ་རྗེ་རྩེ་གཅིག་པ་ལྟེ་བར་ཧཱུཾ་བྲིས་ཏེ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་ཕྱོགས་བཅུའི་ཁྲོ་བོ་བཅུ་ལ་སོགས་པ་སྤྱན་དྲངས་ནས་དེར་ཐིམ་པས་ཁྲོ་བོའི་རྡོ་རྗེར་བསམ། དེ་ནས་བདག་འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་དང ་ལྡན་པས་བགེགས་ལ་སོགས་གང་ལ་བསྣུན་པ་དེ་སྲོག་གཏོང་བའོ། །མེ་སྐྱེད་པར་བྱེད་དོ་ཞེས་པ་སྤྲ་ཐོག་གི་དབུས་སུ་མེ་ཤེལ་བཅུག་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་ལན་སྟོང་རྩ་གཅིག་ཏུ་བསྐོར་ནས་འཕངས་ན་དེར་མེ་འབར་བར་བྱེད་པའོ། །ཡང་ན་གཏུམ་མོའི་མེ་འོད་འབར་བས ་སྣ་བུག་གཡས་ནས་རྒྱུ་བའི་རླུང་གིས་འགྲོ་བ་དབང་དུ་བྱེད་པ་འོད་སྤྲོ་བསྡུས་སོ། །ས་འོག་རྣམ་པར་འཇོམས་པར་བྱེད་པ་ཞེས་དུར་ཁྲོད་ཀྱི་ཤིང་ལ་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུཾ་ཡོད་པ་བྱས་ཏེ་རྩ་སྔགས་སྟོང་རྩ་བརྒྱད་དམིགས་པ་དང་བཅས་པས་བསྣུན་ན་ཀླུ་གཉན་ས་བདག་འཇོམས ་པར་འགྱུར་བའོ། །སེར་བ་འབེབས་པ་དང་ཞེས་པས་ཁྲག་གིས་བཀང་བའི་ཐོད་པ་ལ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ཏེ། རྣལ་འབྱོར་དང་ལྡན་པར་སྒྲ་གཅན་རྒྱུ་བའི་དུས་དང་ཕྱོགས་ངེས་པར་དེ་དག་འགྲོགས་ལ་ཁྲག་དེ་བསྲེགས་པའམ་གཏོར་ན་གྲུབ་པའོ།། ་དྲན་ནང་ཅན་གྱིས་གློག་སྐྱེད་པར་བྱེད་པ་ཡང་སྔར་ལྟར་ཏེ་ཤིང་ཀ་རནྟའི་ཡལ་ག་ལ་རང་ཁ་ལྷོར་བལྟས་པས། ཚེས་བརྒྱད་དམ་བཅུ་བཞི་ལས་ཁྲུ་གང་པ་བཅད་ལ་རྡོ་རྗེ་ཕུར་བུ་བྱས་ཏེ་དབུས་སུ་ཐོག་དང་གློག་བྲིས་ཏེ་རླུང་གི་ཕྱོགས་སུ་ཀླུ་གནས་པའི་སར་བཏང་ན་གློག་དང་ཐོག་དང་སེར་བ་དང། ་སྤྲིན་འདུས་ཏེ། ཚ་གྲང་དྲག་པོའི་སྒྲ་འབྱིན་པས་ཐམས་ཅད་སྐྲག་པར་བྱེད་དོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་འཇུག་གོ་ཞེས་པ་ལ། བུད་མེད་སྔོ་བསངས་མ་བུ་བཙས་པའི་ཁྲུ་མ་དང། ཀེ་ཀེ་རུའི་ཊ་མ་དང། ཀརྐ་ཏའི་ཤིང་དམར་བའི་སོལ་པ་བསྲེགས་པའི་དུད་པས ་ཕྱི་རོལ་པ་ལ་སོགས་པའི་ལྷའི་གཟུགས་ལ་བདུགས་ན་དེ་བཞིན་ནོ། །ཡང་ན་རྐང་པ་བརྒྱད་པའི་འཁོར་ལོ་ལྷ་རྣམས་ཀྱི་ཐུགས་ཀར་བཅུག་ལ་འོད་མའི་གཞུ་དང་ཀ་ར་བཱི་རའི་མདའ་ལ་ཁྲག་ཆེན་བསྐུམ་ནས་ཐུགས་ཀར་འཕངས་ནའོ། །ཡང་ན་པྲ?་མི་གཡོ་བར་གནས ་ལབ་དམར་སེར་གྱི་སྣ་བུག་བཀག་གུ་གུལ་དཀར་པོའི་དུད་པས་བདུགས་ན་གར་འཕྲོ་ཆད་པའོ། །གང་ཞིག་གྲུབ་པས་ཞེས་རྩ་སྔགས་སོ། །མིང་ནས་གཟུང་ནས་ལན་ཅིག་བཟླས་པ་ན་ཞེས་པ་ལ། མིའི་ཐོད་པ་ཤ་མེད་པར་བཏགས་ཏེ། སྲིན་ལག་གིས་གཟུགས་བྲིས་ལ་དེའི་སྙིང ་ཀར་འཁྲུལ་འཁོར་མིང་ཚིག་དང་བཅས་པ་བྲིས་ལ། རྩ་སྔགས་ཀྱི་གཤམ་དུ་མིང་དང་མཱ་ར་ཡ་ཕཊ་ཅེས་ལན་ཅིག་བཟླས་ཤིང་ཁྲག་མཉེས་ན་མངོན་སྤྱོད་དེའི་མོད་ལ་འཆི་བར་འགྱུར་རོ་ཞེས་པའོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར་རོ་ཞེས་པ་ལང་གི་ཤ་ལ་སྦྱིན ་སྲེག་རྒྱས་པའི་སྦྱོར་བས་འབྲུ་དང་ཤིང་ཐོག་ལ་སོགས་པ་ཕུལ་ན་རྒྱལ་སྲིད་ཀྱི་སྦྱོར་བས་རྒྱས་པར་འགྱུར། ཡང་འདོད་པའི་ལོངས་སྤྱོད་ཀྱིས་སྐྱོ་བ་ན། འདོད་ན་བསྡུད་པར་འགྱུར་ནི་ཞི་བའི་སྦྱིན་སྲེག་གིས་གཡེང་བ་ཞི་བར་བྱེད་དོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས ་འདི་ལ་ནི་རྩ་བའི་སྔགས་ཕྲིན་ལས་རྒྱ་མཚོ་ལ། བརྟུལ་ཞུགས་མི་དགོས་ཞེས་ཕྱི་རོལ་བའི་ཆོས་བཀག་སྤྱོད་པ་དང་ནི་སྦྱངས་པ་ཉན་ཐོས་ཀྱིའོ། །སྨྱུང་བ་ནི་བྱ་བའི་རྒྱུད་ཀྱི་བྱེད་པ་ལ་སོགས་པ་མི་དགོས་ཏེ། ཕྱི་རོལ་སྤྲོས་པ་གཅད་པའོ། །ཆོ་ག་འདིས་ཞེས་ལྷ་དང་སྔགས་ལྡན་པའི ་སྦྱོར་བས་ཅི་འདོད་པའི་ལས་རྣམས་བྱའོ། །ཞེས་ཕྲིན་ལས་དུ་མ་མྱུར་དུ་གྲུབ་པའོ། །གལ་ཏེ་ཁྲོས་པས་ལོན་ཅིག་བཟླས་ན་བྱེ་བ་གསོད་པར་འགྱུར་རོ། །ཞེས་དཔལ་ཧེ་རུ་ཀའི་བསམ་གཏན་སྔགས་བཅས་ཀྱི་ནུས་པ་ཐོགས་པ་མེད་པ་སྟེ། དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག ་བཟླས་པས་ཞེས་པ། ཨརྐམ་གྱི་ཤིང་དེ་གྲིར་ཤི་བ་བསྲེགས་པའི་སོལ་བ་ལ་ད་དུ་རའི་ཁུ་བས་མེ་བསད་དེ། དེའི་སོལ་བ་དང་དུག་དང་སྐེ་ཚེ་དང་ལན་ཚྭ་དང་དུར་རས་ལ་མིང་དང་རྐང་པ་བརྒྱད་པ་སྤེལ་ཏེ་བྲིས་ལ། སྙིང་པོའི་སྡིགས་དང། བསྒྲུབ་བྱའི་མིང་བྲིས་ལ་དུར་སོལ་དང་ས་ལ ་གཟུགས་བརྙན་བྱས་པའི་སྙིང་ཀར་འཁོར་ལོ་གཞུག་གོ་།དེ་ནས་ཡུངས་ཀར་ལ་དབུས་སུ་ཧཱུཾ་བསམས་ཏེ། དེ་ཡོངས་སུ་གྱུར་བ་ལས་རྡོ་རྗེ་བསྐྱེད་པ་དེས་བསྣུན་པས་སྔ་མའི་ལས་འགྲུབ་པོ། །གཤིན་རྗེ་འཇོམས་པར་འགྱུར་ཞིང་ནི་གྲུལ་བུམ་ལྟ་བུ་ཡང་འཆིང་ལ། དེ་དེའི་མོད་ལ་ལྟུང་བ? ་བྱེད་དོ་ཞེས་མངོན་སྤྱོད་གྲུབ་པའོ། །ཤིང་ཨརྐ་དུར་ཁྲོད་དུ་བསྲེགས་པའི་ཐལ་བ་ལ་ཡོངས་སུ་བཟླས་ཏེ་དེ་ནི་ཡུངས་ཀར་བསྲོགས་པའི་ཐལ་བས་གང་ལ་བསྣུན་པ་དེ་དེའི་མོད་ལ་ཤ་ཟས་གཟུང་བར་འགྱུར་རོ་ཞེས་དྲག་པོའི་ལས། །ཞི་བས་བཟླས་ན་འཚོ་བར་བྱེད་དོ་ཞེས་པ། འཁྲུལ་འཁོར་ཕྱུང་ཞིང་འོ་མས ་བཀྲུས་ཤིང་རྩ་སྔགས་ལ་ཤཱན་ཏིང་ཀུ་རུ་བཏགས་པས་ཉེ་བར་འཚེ་བ་ཞིའོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་ཞེས་པ་ད་དུ་རའི་ཤིང་དུར་ཁྲོད་དུ་བསྲེགས་ཏེ་རིགས་ངན་མའི་ཁྲག་གིས་མེ་བསད་དེ་ཀར་ཀོ་ཏའི་ཤིང་ངམ་ཤིང་གཞན་ལ་དུག་དང་སྐེ་ཚད་དང་ཆས་རྐད་པ་བརྒྱད་པའི་སྔགས ་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ལ་སྔགས་སྤེལ་བ་དང་བཅས་པ་བཟླས་ན་འགྲུབ་པར་འགྱུར་བའོ། ། ཏི་མུཀ་ཏའི་ལྕུག་པ་ཞེས་པ་ལ་སོགས་པ་ནི་ཉི་མ་དང་པོ་ལ་ཕྱིན་ཏེ་ཁྲུ་དོ་པ་ལ་སྐུད་པ་དམར་པོས་བཅིང། དེ་ནས་གསོལ་བ་བཏབ་པས་ཉི་མ་གཉིས་པ་ལ་དཔལ་ཧེ་རུ་ཀའི ་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་མཆོད་ཅིང་གཏོར་མ་དབུལ། དེ་བཅད་པ་དང་ས་ལམ་བཞག་པར་སྔགས་ཁྲི་ཕྲག་གཅིག་བཟླས་ན་མོ་རིགས་ལ་བསྣུན་པ་དེ་རྗེས་སུ་འབྲང་བར་བྱེད་དོ། །གསེག་མ་ལ་མིས་མ་འགོངས་པ་ལ་དབུས་སུ་རྩ་སྔགས་བྲིས་ཏེ་བསྔགས་ནས་གང་ལ ་བསྣུན་པ་དེ་རེངས་པར་འགྱུར་བའོ། །ཡང་ན་དུར་ཁྲོད་ཀྱི་རས་ལ་རྐང་པ་བརྒྱད་པའི་སྔགས་དང་བསྒྲུབ་བྱའི་མིང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཆུད་པར་ཡུང་བས་བྲིས་ཏེ། དུར་ཁྲོད་ཀྱི་ས་དང་སོལ་བས་དགྲའི་གཟུགས་བྱས་ལ་འཁོར་ལོ་དེའི་སྙིང་གར་བཅུག་ལ་སྔགས་ཟློས ་ཤིང་གསེག་མས་ཟབ་པོ། །དེས་འགྲུབ་པོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་ནི་བསྐྲད་པ་སྟེ། རྩ་སྔགས་སྤེལ་ཚིག་དང་བཅས་པའི་འཁོར་ལོ་བྲིས་ཏེ། བྱ་རོག་གི་སྐེར་བཏགས་ནས་བཏང་ན་གནས་ནས་འཕོའོ། །གུ་གུལ་གྱི་དུད་པ་ལ་ཞེས་པ་ནི་ཨ་ཀ་རུ་དང་ར་སྐྱེས་ཀྱི་རྭ ་དང་རྨིག་པའི་རྩེ་རྣམས་དང་ཕྱི་ལ་ནག་པོའི་བྲུན་དང་ཤ་ཆེན་དང་ཀེ་ཀེ་རུའི་རྔ་མ་དང་བསྡེབས་ཏེ། ཌཱ་ཀི་མའི་སྤོས་སྦྱར་བས། ཨཱ་བེ་ཤ་ཡ་ཨ་ཨཱདཉཱ་ན་ཨཱ་བེ་ཤ་ཡ་ཞེས་པས་འབེབས་པར་འགྱུར་བའོ། །དུག་གསོ་བར་བྱེད་པ་ནི་ལག་པ་གཡོན་པ་ལ་ཨ་ལས ་ཟླ་བའི་དཀྱིལ་འཁོར་ལ་སྔགས་བྲིས་པའམ་བསམ་ནས་བཀབ་བ་ནི་སྲིན་ལག་གི་རྩེར་རེག་ནའོ། །མཁའ་འགྲོས་རྒྱས་བཏབ་པ་ལ་དུར་ཁྲོད་ཀྱི་རས་ལ་ཤིང་ཨ་ཤྭ་ཏའི་མྱུ་གུས་འཁྲུལ་འཁོར་བྲིས་ཏེ། ལྟེ་བ་ལ་ཟུར་གསུམ་པ་ལ་ཧཱུཾ་དང་མ་མ་ཨ་མོ་ཀཱ་ས་རཀྵ་ཞེས་པ ་དང་གདོན་གྱི་མིང་བཅུག་ལ་མགུལ་དུ་གདགས་གཏོར་མ་དང་བདེན་པ་བརྗོད་ཅིང་ཆུས་གཏོར་ན་གྲོལ་བར་འགྱུར་རོ། །ཀ་ར་བཱི་རའི་ལྕུག་མ་ལ་ཞེས་པ་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་དང་སྤེལ་བའི་འཁྲུལ་འཁོར་ལ། བུད་མེད་སྡུམ་མ་ཤི་བ་བསྲེགས་པའི ་ཐལ་བ་དང། ཙན་དན་དམར་པོའི་ཕྱེམས། བུད་མེད་གཞན་དེའི་མགུལ་དུ་འཁོར་ལོ་བཏགས་ལ། སྔར་གྱི་ལྕུག་མ་ཁྲུ་དོ་པ་རློན་པ་ཅིག་ནི་དུར་ཁྲོད་མེ་ལ་མ་ཚིག་ཙམ་དུ་བསྲོས་ལ། ཕྱི་མའི་སྤྱི་བོ་ལ་བསྐོར་ཞིང་རྩ་སྔགས་ཁྲི་ཕྲག་གཅིག་གིས་བཟླས་པས་མངལ་འཕོ ་བའོ། །དེས་ནི་གོམས་པར་བྱེད་པ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་སྔགས་བཟླས་པའི་ལས་བསྟན་པའོ། །ད་ནི་དེ་ཁོ་ན་ཉིད་ཡེ་ཤེས་ལས་བྱུང་བ་བྱ་བ་ལས་ཀྱི་ཚོགས་རབ་འབྱམ་ལས། ཕྱི་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་ནི། འཁྲུལ་འཁོར་དང་རྫས་ཀྱི་བྱེ་བྲག་དང། ་སྔགས་དང་ཕྱག་རྒྱ་དང་ལྡན་པས། རྣམ་ཤེས་ཀྱི་ལས་ཀྱིས་མངོན་པར་འགྲུབ་ལ། ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་ནི་བསམ་གཏན་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་ལས་ཀྱིས་ཤིན་ཏུ་འགྲུབ་པ་དུས་ཀྱི་ངེས་པ་དང་བཅས་པས་མྱུར་བ་ཉིད་དུ་འགྲུབ་པ ་སྟོན་པའོ། །ཡང་བུད་མེད་བུ་སྐྱེ་བར་འདོད་ན། ཨ་ཤོ་ཀ་དྷའི་རྩ་བ་མར་བཟང་པོ་དང་ལྷན་ཅིག་བསྐོལ་ལ། བའི་འོ་མ་བསྲེས་ལ་ལྷན་ཅིག་ཏུ་བསྐོལ་ཏེ་ལྷག་པའི་ལྷའི་སྔགས་ལན་ཉེར་གཅིག་བཟླས་དུས་སུ་བླུད་ལ་ཁྲུས་བྱ་ཞིང། དེའི་དུས་སུ་སྤྱོད་པས་རང་གི་ཁྱོ་དང་འདྲ ་བའི་བུ་སྐྱེ་བར་འགྱུར་རོ། །ཡང་འདོད་ལོག་སྤང་ངོ། །ཡང་བུད་མེད་པ་ལ། སྔགས་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་ཏེ། མར་སྙིང་པ་ལ། རྨ་བྱའི་སྒྲོ་བསྲེགས་ཏེ་བཏགས་ལ་ཤ་ཁར་དང་ལྡན་པས་བསྐོལ་ལ་བཏུང་བར་བྱ་སྟེ། ཨ་རུ་ར་ཡང་བག་ཙམ་རེ་བཟའ་བར་བྱ། ཞག་བདུན ་བར་དུ་སྔགས་ཀྱང་བཟླས་ཤིང་དུའོ། །ལས་འདི་དག་གི་འཁྲུལ་འཁོར་ནི། ཆོས་འབྱུང་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ། དེའི་ནང་ངོས་སུ་འཁོར་ལོ་རིམ་པ་ལ་མུ་ཁྱུད་རིམ་པ་བཞི་སྣ་ཚོགས་རྡོ་རྗེ་ཁ་གྱེས་པའི་ལྟེ་བར་པདྨ་འདབ་ན་བརྒྱད་པའི་དབུས་སུ་དཔལ་ཧེ་རུ་ཀའི ་ས་བོན་ཧཱུཾ་དང་རྗེ་བཙུན་མའི་བཾ་བྲི། པདྨའི་འདབ་མ་ལ་རྐང་པ་བརྒྱད་པའི་སྔགས་དགོང། འཁོར་ལོ་གསུམ་པ་ལ་ལྷ་ས་སོའི་སྔགས་སྐུ་གསུང་ཐུགས་ཀྱི་མཚན་ཉིད་འཁོར་ལོ་པདྨ་རྡོ་རྗེ་མུ་ཁྱུད་ཀྱིས་བསྐོར་བ། སྒོ་བཞི་དང་གྲཝར་གནས་པ་དམ་ཚིག་ལྷ་མོ་རྣམས་ཀྱི་དང། ཞལ ་བཞི་པའི་སྔགས་དང་སྤེལ་བར་བྱ། ལྟེ་བའི་ས་བོན་མཐར་གང་ལ་དམིགས་པ་མིང་སྤེལ་སྐུལ་ཚིག་དང་བཅས་པ་བྱ་ཞིང། མཐར་རྡོ་རྗེ་རབ་དང་མེ་འོད་ཕྲེང་བས་འཁོར་བ་ལས། ཨཱ་ལི་ཀཱ་ལི་ཡིག་མགོ་ཕྱིར་བསྟན་པ་བྲི་བར་བྱ་བ་ནི། དཔལ་བཛྲ་ཌཱ་ཀི་ལས། །ནམ་མཁའ་དབྱིངས ་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །འོད་ཟེར་ཚོགས་ནི་གསལ་བའི་མདངས། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །དེ་དབུས་འཁོར་ལོ་རྩིབས་བརྒྱད་དང། །པདྨའི་ཕྲེང་བས་ཤིན་ཏུ་མཛེས། །སླར་ཡང་འཁོར་ལོ་བྲི་བར་བྱ། །སྐུ་གསུང་ཐུགས ་ནི་རྡོ་རྗེ་ཡི། །དཀྱིལ་འཁོར་དམ་པ་ཡངས་པ་ཡིན། །ནམ་མཁའ་ཐམས་ཅད་གཡོག་བྱེད་པ། །རང་གི་ལུས་ལས་སྤྲོ་བར་བྱ། དཀར་དང་དམར་དང་སྔོ་བ་སྟེ། །ཁ་དོག་མཆོག་གི་བྱེ་བྲག་བྱ། །བྱ་བའི་ཆོ་ག་འདི་ཡིན་ནོ། །དཔའ་བོ་དབང་ཕྱུག་རྡོ་རྗེ་བྲི། །དེ་མཐར་བསྐུལ་བར་བྱ ་བའི་ཚིག་།ཇི་ལྟར་འདོད་བཞིན་སྦྱར་བར་བྱ། །ཕྱི་རོལ་རྡོ་རྗེ་ཕྲེང་བ་དང། །འོད་ཟེར་འབར་བ་ཕྲེང་འཁྲུགས་བསྐོར། །འདི་ནི་སྲུང་བ་ཆེན་པོ་སྟེ། །ལས་རྣམས་འགྲུབ་པ་བླ་ན་མེད་ཅེས་པའི་དོན་ཏོ། །ཆར་འབེབས་པ་མུ་ཁྱུད་བར་མ་ལ། །ཁྲོ་བོ་སྟོབས་པོ་ཆེའི་སྔགས། །ོཾ ་བཛྲ་ཀྲོ་དྷ་མཧཱ་བ་ལཾ། ཧ་ན་ཧ་ན། པ་ཙ་པ་ཙ། བི་དྷཝ་ན་ས་ཡ་བི་དྷཝཾ་ས་ཡ། ཨུ་ཙ་ཊ་ཡ། སརྦ་ནཱ་ག་ནཱ་ག་མ་ར་ཎ་ཧཱུཾ་ཕཊ། ཅེས་པ་གཡོན་བསྐོར་དུ་དགོད་པར་བྱའོ། །དེ་ཡང་འཁྲུལ་འཁོར་དེ་དག་ལ་ཚོགས་ཀྱི་མཆོད་པ་གཏོར་མ་དང་ལྡན་པས། རང་ལྷག་པའི་ལྷའི་ང་རྒྱལ ་དང་ལྡན་པས། དམ་ཚིག་གི་འཁོར་ལོ་ལྷ་དང་ཡིག་འབྲུ་གསལ་བ་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། མཆོད་ཅིང་གཉིས་སུ་མེད་པ་ལས། འོད་སྤྲོས་པས་འགྲོ་བ་ལ་ཞི་བ་དང་རྒྱས་པ་ལ་སོགས་པས་རྗེས་སུ་འཛིན་པ་ལས་དང། དབྱེ་བ་བསྐྲད་པ་གནོན་པ་རེངས་བྱེད་ལ ་སོགས་པ་ཚར་གཅད་པའི་ལས། ལྷ་མོ་དུམ་སྐྱེས་མ་དང་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་སོགས་པ་ཕྲིན་ལས་ཀྱི་ལྷ་རབ་ཏུ་བསྐུལ་བས་འགྲུབ་པར་འགྱུར་བའོ། །དེ་ལས་འགྲུབ་ཅིང་ནུས་པའི་སྟོབས་འགྲུབ་པ་དང། ཐབས་ཀྱི་ཁྱད་པར་དང་མི་ལྡན་པས་མི་འགྲུབ་པ་དང། འདི་ཉིད་ངེས་པར ་གྲུབ་པའི་ཚུལ་བསྟན་པའོ། །ལེའུའི་མཚན་ནི། རྩ་བའི་གསང་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་དགུ་པ་རྣམ་པར་བཤད་པའོ།། །།དེ་ལ་ལེའུ་འདིར་ཁྱད་པར་ཅན་གྱི་འབྲས་བུའི་གསང་ཆེན་བསྟན་པ་ལ། དེ་ནས་ཞེས་སྨོས་ཏེ། ལེའུ་དང ་པོ་ལས། ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་པའི་དོན་ལ། ཐོག་མ་ནི་ངོ་བོ་ཉིད་ཀྱི་སྐུ་ལས་སྦྱོར་བ་དང་པོ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཆོས་སྐུའི་ཕྲིན་ལས་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུར་བྱོན་པས་སོ། །དབུས ་ནི་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་རི་རབ་ཀྱི་ཁང་པུ་བརྩེགས་པར་བྱོན་པ་ལས། མཐར་ནི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཚད་མེད་པ་ལས། སྤྲུལ་པའི་སྐུ་དཔལ་ཧེ་རུ་ཀ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པ་འདོད་ཁམས་ཀྱི་འཇིག་རྟེན་པའི་ལྷ ་རྣམས་འདུལ་བའི་དོན་དུ་འཛམ་བུའི་གླིང་དུ་ཡང་དག་པར་དཀྱིལ་འཁོར་མཛད་པ་དང་ལྡན་པས་གནས་པའོ། །རྣལ་འབྱོར་ནི། རྗེས་འཇུག་ལམ་གོམས་པར་བྱེད་པའི་རིམ་པ་ཤེས་ཙམ་གྱིས། འདི་ནི་གསང་བ་གྲུབ་པར་འགྱུར་བར་ཐེ་ཚོམ་མེད་པའི་དོན་བླ་ན ་མེད་པ་མཆོག་སྐུ་གསུམ་པོ་དག་གི་གླེང་གཞི་དང་བཅས་པར་བཤད་པར་བྱ་ཞེས་མདོར་བསྟན་པ་ལས། ཡེ་ཤེས་ཀྱི་འཁོར་ལོ་སྔོན་བྱུང་དང། རྗེས་འཇུག་ལས་ཐོག་མར་སངས་རྒྱས་ཀྱིས་མཛད་པ་ལས། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡེ་ཤེས་དག་པའི་ངང་དུ། ཆོས་སྐུ ་དབྱིངས་དང་ཡེ་ཤེས་དབྱེར་མེད་ལས། འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་དེར་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོས། དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དང། སེམས་མའི་ལྷ་མོ་རྣམས་དང། དེ་བཞིན་གཤེགས་པ་དཔག ་ཏུ་མེད་པ་ཉིད་དང། དབྱེར་མེད་པའི་ཚུལ་གྱིས་འགྱུར་བ་མེད་པར་གནས་པའོ། །དེ་ལས་འགྲོ་བ་འདུལ་བའི་དོན་དུ། གདུལ་བྱ་འདོད་ཆགས་ཅན། མཧཱ་བདེ་བ་ལ་སོགས་པ་གཙོ་བོར་བསྟན་པ། རི་རབ་ཀྱི་ཁང་བུ་བརྩེགས་པར་བྱོན་ཏེ། གདུག་པ་ཅན་ཐམས་ཅད ་བཏུལ་བ་ལས། དཔལ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དང་དབྱེར་མེད་པའི་དཔལ་རྗེ་བཙུན་ཕྱག་ན་རྡོ་རྗེས་ཇི་ལྟར་བཏུལ་བར་མཛད་པ་ནི། དཔལ་དེ་ཉིད་བསྡུས་པའི་དོན་ཏེ། རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དབང་ཕྱུག་ཆེན ་པོ་ལ་སོགས་པ། མ་རུངས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང། ཞི་བས་འདུལ་བར་མི་སྤྱོད་པ་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ན་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཆེན་པོ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་མ་ཐག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ ་པར་འཕོས་ནས། རི་རབ་རིའི་རྩེ་མོ་ན་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལ་བྱས་པའི་ཁང་བུར་རྩེགས་པར་ཡང་གཅིག་ཏུ་འདུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་དམིགས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་དཔལ་གྱི་བེའུ ་རུ་བཞུགས་སོ། །ཧཱུཾ་དེ་ནས་དེ་ཕྱུང་མ་ཐག་ཏུ། དཔལ་ཕྱག་ན་རྡོ་རྗེའི་སྐུའི་ཐུགས་ཀའི་རྡོ་རྗེ་ལས་འོད་ཀྱི་སྣང་བ་ཆེན་པོས་ས་གསུམ་ཐམས་ཅད་དུ་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་རབ་འབྱམས་སྤྲིན་རྒྱ་མཚོ་ཐམས་ཅད་ན། འཇིག་རྟེན་གསུམ་གྱི་བདག་པོ་དབང་ཕྱུག་ཆེན ་པོ་ལ་སོགས་པ་ཇི་སྙེད་པ་དེ་ཐམས་ཅད་ན་གནས་པའི་ཚོགས་ཀྱིས་བསྐོར་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུས་བཀུག་ནས་དེར་ལྷགས་ཏེ། ཁང་བུ་བརྩེགས་པ་ཐམས་ཅད་དུ་བསྐོར་ནས། ལྷ་ཆེན་པོ་ལ ་སོགས་པའི་འཇིག་རྟེན་གསུམ་པོའི་དབང་པོ་ཐམས་ཅད་ཁ་སྤུབ་ཏུ་ལྷུང་སྟེ་ཉམས་ཐག་པའི་ཚིག་འབྱིན་ཅིང་དཔལ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་དོར་རོ། །ལྷ་ཆེན་པོ་ཞེས་བྱ་བའི་ལྷ་དེ་ནི་ས་ལ་འགྱེལ་ཏེ་དྲན་པ་མེད་པར་འགྱུར་རོ། །དེར་དཔལ་ཕྱག་ན་རྡོ་རྗེས་ལྷ་ཐམས་ཅད་ལ ་བོས་ཏེ། གལ་ཏེ་ཁྱེད་རྣམས་རང་རང་གི་སྲོག་འདོད་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་དོང་ལ། ངའི་བཀའ་ཡང་ཉོན་ཅིག་།དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ཕྱག་རྒྱའི་ཚོགས་དང་བཅས་པ་ལ་སྐྱབས་སུ་མཆིའོ། ། ་ཞེས་སོ། །ཡང་ཞི་བར་མཛད་པས་སྡིག་པ་ལས་བཟློག་པར་མཛད་མི་སྤྱོད་པའི་སེམས་ཅན་དེ་རྣམས་ཚར་བཅད་པའི་ཕྱིར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ལྷའི ་བདག་པོ་ལྷ་ཆེན་པོ་འདི་མ་བསླང་ན། སྲོག་ཆུད་གསན་པར་བྱས་པས་དོན་མེད། འདི་གསོས་ན་འདི་ཡང་སྐྱེས་བུ་དམ་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེས། དེ་བཞིན་དུ་བྱའོ་སྙམ་ནས། ཤི་བགོས་པའི་སྙིང་པོ་འདི་སྨྲས་སོ། །ོཾ་བཛྲ་ཨཱ་ཡུརྫྙཱ་བྷྲུཾ། ཞེས་སོ། །དཔལ་ཕྱག་ན ་རྡོ་རྗེའི་ཞབས་ཀྱི་མཐིལ་ནས། ཀུན་ཏུ་འབར་བའི་སྙིང་པོ་རྡོ་རྗེས་སྔགས་བརྗོད་ནས། ལྷ་དབང་ཕྱུག་ཆེན་པོས་སྦྱངས་པའི་ཕྱིར་ཞབས་གཡོན་པས་མནན། ཞབས་གཡས་པས་ལྷ་མོ་ཨུ་མ་དཔེའི་སྟེང་དུ་མནན་པར་མཛད་པའོ། །དེ་ནས་ལྷ་ཆེན་པོ་ལ་དཔལ་ཕྱག་ན ་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པས། དེ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པའི་སྒོ་དུ་མའི་བདེ་བ་མྱོང་སྟེ། ལྷ་ཆེན་པོའི་ལུས་དཔལ་ཕྱག་ན་རྡོ་རྗེའི་ཞབས་ལ་ཕུལ་བས། འོག་གི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་སུམ ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་འདས་པ་ན། ཐལ་བས་ཁེབས་པ་ཞེས་བྱ་བའི་ཞིང་ཁམས་དེར། དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བར་གྱུར་ཏེ། སངས་རྒྱས་སོ། །དེ་ནས་ལྷ་ཆེན་པོའི་ལུས་དེ་ལས་ཆེད་དུ་བརྗོད་པ་འདི་ཕྱུང ་ངོ། །ེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བདེ་གཤེགས་ཡེ་ཤེས་བླ་ན་མེད། །སྔགས་ཀྱི་ཚིག་གིས་མནན་པས་སུ། །མྱ་ངན་ལས་འདས་མི་འདའ་འབར་གཞག་ཅེས་སོ། །དེ་ནས་སངས་རྒྱས་དེ་ལས་བཀོད་པ་སྤྲུལ་པའི་སྐུ་གཅིག་།དབང་ཕྱུག་གི་ལུས་དེར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ་ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཡེ་ཤེས་བདེ་བ་ཆེ། །གང་ཕྱིར་ཤི་བའི་ལུས་འདི་ཡང། །འཚོ་བའི་ཁམས་སུ་གྱུར་པ་ཡིན་ཞེས་བརྗོད་དོ། །དེ་ནས་དབང་ཕྱུག་ཆེན་པོའི་ལུས་དེ་སོས་ཕར་ཕྱིན་གྱིས་བརླབས་ཏེ་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་ཐམས་ཅད ་ཀྱི་དོན་དང། མ་རུངས་པ་རྣམས་ཐམས་ཅད་འདུལ་བའི་ཕྱིར། ཛམ་བུ་གླིང་དུ་ཉིད་ཀྱིས་རྒྱལ་ཚབ་ཏུ་བཅུག་གོ་།དེ་ནས་དབང་ཕྱུག་ཆེན་པོ་དེའི་མགོ་བོ་ལ་དཔལ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་མནན་པའི་རྗེས་སུ་ཟླ་བ་ཕྱེད་པ་གནས་པར་གྱུར་ཏེ་རལ་པའི་གཡོན་ལོགས་ན་འདུག་གོ་།དེ ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། དཔལ་ཕྱག་ན་རྡོ་རྗེའི་གྲོགས་སུ། ལག་ཏུ་མདུང་རྩེ་བྱིན་ནས། རྡོ་རྗེ་རིག་པ་དམ་པ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་བསྐུར་རོ། །དེ་ནས་རྡོ་རྗེའི་རིག་པ་དམ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ནི། །རྡོ་རྗེ་འབར་བའི་མདུད་རྩེ་དེས། ་འགལ་མའི་འཁོར་ལོ་ལྟར་བསྐོར་ཞིང། །གར་གྱི་མཆོད་པས་མཆོད་བྱས་ནས། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་བླ་མེད་པས། །ཞབས་མཆོག་གིས་ནི་གང་རེག་པ། །སངས་རྒྱས་ཉིད་དུ་རབ་གྲུབ་ཐོབ། །ཅེས ་བརྗོད་དོ། །དེ་ཡང་གཞན་འཕྲུལ་དབང་བྱེད་དུ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བར་མཛད་དེ་མ་རུངས་པར་བཏུལ། འཕྲུལ་དགར་ཁྲོ་བོ་ལྟར་འབར་བས་སོ། །དགའ་ལྡན་དུ་དཔལ་རྡོ་རྗེ་སྙིང་པོས་སོ། །འཐབ་བྲལ་དུ་རྡོ་རྗེ་ཧཱུཾ་མཛད་ཀྱིས། རི་རབ་རྩེར་རྗེ་བཙུན་ཕྱག་ན་རྡོ་རྗེ་ཉིད ་ཀྱིས་ལོག་འདྲེན་རྣམས་བརྟུལ་བའོ། །དེས་ནི་དཔལ་ཕྱག་ན་རྡོ་རྗེས་ཇི་ལྟར་མཛད་པ་བསྟན་པའོ། །དེར་ནི་བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཉིད་ཀྱིས་སྤྲུལ་པའི་སྐུ། །སྐུ་བཞི་དབྱེར་མེད་དཔལ་ལྡན་ཧེ་རུ་ཀར་བཞེངས་ཏེ། རྣམ་སྣང་མཛད་ཀྱིས་ཕོ་བྲང་དཀྱིལ་འཁོར་རྫོགས་འཁོར་ལོ ་ཉིད། །འོད་དཔག་མེད་པས་བདུད་རྩི་བུམ་པ་ཤིང་ལོ་སྟེང་དུ་ཀ་པཱ་ལ་རབ་གང། །དོན་ཡོད་སྐྱེ་མཆེད་ལྷ་ཡིས་བྱིན་བརླབས་རིག་པའི་ལྷ་མོས་མཆོད། །དཀོན་མཆོག་དཔལ་གྱིས་གསང་སྔགས་ཡང་དག་ཡེ་ཤེས་ཉིད་ཀྱིས་ཏེ། །མི་བསྐྱོད་རྡོ་རྗེས་དབང་བསྐུར་རིགས་བདག་རྒྱས ་གདབ་བླ་ན་མེད། །རྡོ་རྗེ་སེམས་དཔའ་རྗེས་ཆགས་ཀུན་ཏུ་རོལ་པ་བདེ་བ་མཆོག་།གར་ཉམས་དགུ་ལྡན་མི་ཟད་བདེ་མཆོག་ཁྲོ་བོའི་སྐུར་བསྟན་པ། །དེ་ཉིད་སྐུ་ལས་ཁྲོ་ཚོགས་རྣམ་པར་འཕྲུལ་བ་ཡིས། །ས་གསུམ་ཀུན་ཏུ་ཁྱབ་བྱེད་བདེ་བའི་དབང་ཕྱུག་གི་།ོཾ་བཛྲ་བ་ལེ་ཏ ་ཀྲོ་དྷ་ཡ། བཛྲ་པ་ཤྭ་བྷི་བ་ཏ་ཡ། བཛྲ་དྷ་ཤི་བི་ནཱ་ཤ་ཡ། ཧྲི་ད་ཨཱ་ཀར་ཥ་ཡ་བཛྲ་ཀྲོ་དྷ། ཨོཾ་བཛྲ་ཀྲོ་དྷ་སུ་ཀརྨ། བཛྲ་སུཀྵ་ཀྲཱ་མ། བཛྲ་ཨཱཏ་མ་ཀ་།བཛྲ་དྷརྨ་ཀྲ་མ་ཧཱུཾ། ཨོཾ་བྷཻ་ར་བཛྲ། ཧཱུཾ་ཀ་ར་ཤུདྡྷ:ོཾ་བི་ཤོ་དྷ་ན། བཛྲ་དྷ་ར་བྷཀྵ་ཡ། ཨོཾ་བཛྲ་མུ་དི་བནདྷ། བྷྲི ་ཀུ་ཊི་ཧ་ར། ཨོཾ་སཱུརྱ་ཛཝ་ལ། མེ་པྲ་ཡཙྪ། ཨོཾ་བཛྲ་ཧ་ས་ཀྲོ་དྷ། བཛྲ་ཤོ་དྷ་ཡ། ཨོཾ་བཛྲ་མཧཱ་ཙཀྲ། ཀྲོ་དྷ་ཚེད་བ་ཡ། ཨོཾ་ཧ་རསྤ་ཏ་ཡ། བྷ་མ་ཏྲ་ན་ཧཱུཾ། ཨོཾ་ཀྲོ་དྷ་ར་ཀྵཾ། བཛྲ་ཀྲོ་དྷ་སུ་ཡཀྵ་ཡ་ཧཱུཾ། ཞེས་ཁྲོ་བོ་ཉི་ཤུ་རྩ་བཞིས་ས་བླ་ས་སྟེངས་ས་འོག་ཁྱབ་པར་ཀུན་ཏུ་སྤྱོད་པས ་ཕྱི་ནང་དུས་ཐམས་ཅད་དུའོ། །དེ་ཉིད་དཀྱིལ་འཁོར་རྒྱལ་པོ་མཆོག་ཉིད་བདེ་ཆེན་སྒོ་མཚམས་བཅས་པའོ། །བསྐལ་པ་དང་པོ་རྫོགས་ལྡན་དུས་སུ་བསྙེན་པའི་ཡེ་ཤེས་སྔོན་འབྱུང་བ། །གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་མཐར་འཛམ་གླིང་པདྨའི་དབུས། །ལས ་རྒྱལ་མཆོག་གིས་མ་ག་དྷ་ར་ནི་འཇིགས་བྱེད་དུས་མཚན་གནས་པ་ཡིས། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་དུར་ཁྲོད་བཅས་པར་འཇིགས་བྱེད་བརྒྱད། །ནམ་མཁའ་ལས་ནི་ལྷ་བཞི་ལྷ་མོར་བཅས་པས་གནས་ཞེས་བཏགས། །དྲི་ཟ་བཞིས་ནི་ཡུམ་ལྡན་མི་འགྱུར་ནམ་མཁའ་གནས་ཞེས་བརྗོད། །ས་སྟེངས ་ནས་ནི་གནོད་སྦྱིན་གཉིས་ནི་ཡུམ་དང་ཞིང་ཞེས་བསྒྲགས་པ་སྟེ། །ཉེ་ཞིང་གནོད་སྦྱིན་ཟུང་སྟེ་ཡུམ་བཅས་བཏེར་བདག་རིམ་པས་གནས། ཚན་དོ་ཧ་ནི་སྲིན་པོ་སྲིན་མོ་ཟུང་ལྡན་རི་བོ་རི་སུལ་ལ་ལོངས་སྤྱོད། །ཉེ་བའི་མཚན་དོ་ཐར་ནི་སྲིན་པོའི་འཁོར་གྱུར་ཟུང་ལྡན་རྣམས་གྱུར་སྤྱོད། །འདུས ་དག་ཏུ་ཀླུ་ཡི་དབང་པོ་ཡབ་ཡུམ་ལྡན་པས་རྣལ་འབྱོར་སྤྱོད། །ཉེ་བའི་འདུ་སར་ཀླུ་ཡི་བྲན་གཉིས་ཡབ་ཡུམ་བཅས་པ་རོལ་ཞིང་རྒྱུ། །དུར་ཁྲོད་དག་ཏུ་ལྟོ་འཕྱེ་ཟུང་གྱུར་རྟོག་དཔྱོད་འགག་པར་རོལ། ལྟོ་འཕྱེ་དག་གི་དྲན་གྱུར་གཉིས་པོ་ཡུམ་བཅས་ཉེ་བའི་དུར་ཁྲོད་ས་འོག་སྤྱོད། །དེ ་དག་སྲིད་པ་གསུམ་ལ་དབང་བྱས་འཇིག་རྟེན་དབང་བསྒྱུར་གནས་པ་སྟེ། ཉི་ཤུ་རྩ་བཞིའི་གནས་དེར་ཆགས་སྡང་སྤྱོད་པ་འཇིག་རྟེན་པའོ། །གང་དུ་དབང་ཕྱུག་འཇིགས་བྱེད་ཨུ་མ་འཁོར་བཅས་རོལ་པས་གནས་པའོ། །བཅོམ་ལྡན་ཧེ་རུ་ཀ་དཔལ་རྡོ་རྗེ་རྣལ་འབྱོར་མར་ལྡན་པས། །དཀྱིལ ་འཁོར་འཁོར་ལོའི་ལྷ་ཚོགས་ཡེ་ཤེས་ཕྲིན་ལས་ལས། །གདུག་པ་འདུལ་བའི་ཆོ་འཕྲུལ་འཇིགས་པའི་གད་རྒྱངས་དྲག་པོ་སྒྲོགས། །ས་ཆེར་རབ་གཡོས་འཇིག་རྟེན་ཁམས་རྣམས་རབ་འཁྲུགས་མཛད། །དེར་ནི་འཇུག་དང་དབང་གྱུར་ལོངས་སྤྱོད་རབ་ཏུ་ཐིམ་འགྱུར་པས། ། ་གདུལ་བྱའི་མིང་གིས་དཔའ་བོ་རྣལ་འབྱོར་འདུལ་བྱེད་ཉིད་ལ་བཏགས། དེས་ནི་མངོན་འབྱུང་རྣམ་པར་འཕྲུལ་བའི་མཛད་པ་ཡིས། །སྐུ་གསུམ་འདུལ་བའི་ཞིང་ཁམས་ཕྱི་ནང་དག་ཏུ་འཁོར་ལོ་ལྔ་ལྡན་པའོ། །དེ་ནི་དང་པོའི་སྦྱོར་བ་ལ་སོགས་པ་ཏིང་ངེ་འཛིན་གསུམ་བསྟན་ནས། ད་ནི ་རྗེས་འཇུག་ཉམས་སུ་ལེན་པ་རྣམས་ཀྱིས་བསྒྲུབ་པའི་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་བ་བསྟན་པ། དེ་ཉིད་ཀྱང་རིམ་པ་གཉིས་ཀྱི་ལམ་སྔོན་དུ་བྱས་པ་ནི། རྒྱུའི་ཆ་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ལུས་ཅན་དུ་གནས་པ་ཀུན་ཁྱབ ་ཏུའོ། །ལམ་དུ་ཐབས་ནི་གང་གི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་སྔོན་དུ་འགྲོ་བས་ནི་ཐམས་ཅད་རྣམ་པར་དག་པར་བྱེད་ལ། སྒྲུབ་པ་པོས་མཉམ་རྗེས་གཉིས་མེད་དུ་ཉམས་སུ་མྱོང་བས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཆར་འགྱུར་བ་དེ་ཉིད་གོང་ནས་གོང་དུ་ཞི་གནས་ལྷག ་མཐོང་དབྱེར་མེད་པ་དེའི་ཚེ་ཡེ་ཤེས་ཆེན་པོ་གསང་བ་བླ་ན་མེད་པ་ཆོས་སྐུ་རག་པ་གཉིས་ལྡན་མཁྱེན་པའི་ཡེ་ཤེས་ཕྲིན་ལས་དང་བཅས་པར་ང་ཡིས་བཤད་དོ་ཞེས་གདམས་པའོ། །གཉིས་པའི་གཟུགས་སྐུ་རྣམ་པ་གཉིས་ཀྱི་འབྱུང་ཚུལ་ནི། རྒྱུའི་ཆ་བྱང་ཆུབ་སེམས་འགག ་པ་མེད་པ་ལས། ལམ་དུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ལུས་ཅན། སྣང་ལ་རང་བཞིན་མེད་པ། གང་གི་ཚེ་རྣལ་འབྱོར་པའི་རྒྱུད་ལ་མཚན་དཔེ་སྤྲས་པའི་ཚུལ་དུ་གནས་པས་སྒྲུབ་པ་པོས་ལྷ་སྐུ་དཀྱིལ་འཁོར་གྱི་ཚུལ་དུ་འཁོར་ལོ་བརྟེན་པར་བཅས་པའི་བསམ་གཏན་ལ་བསྒོམས ་པས་དེ་ཚེ་ཡོན་ཏན་ཕུན་སུམ་ཚོགས་པ་འཆར་བས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་སྨྲའོ་ཞེས་གདམས་པའོ། །གང་དུ་རྒྱུ་རང་རིག་པ་སྣ་ཚོགས་གཟུགས་ཅན་ནི་སྤྲུལ་པའི་སྐུ། ཅིར་ཡང་འཆར་བའི་རྨི་ལམ་སྒྱུ་མ་ལྟ་བུའི་ལུས་ཅན་དུ་རྣམ་པ་ཉིད་བྱམས་པ་སྙིང ་རྗེའི་རང་བཞིན་ཅན་དུ་དུས་གང་གི་ཚེ། ཚད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་དོན་གཙོར་བྱེད་པའི་སྒྲུབ་པ་པོས་རང་བས་གཞན་གཅེས་ཀྱི་བློ་དང་ལྡན་པས་ཐ་མལ་པའི་སྣང་བ་དག་པར་འགྱུར་བ་དེའི་དུས་སུ་དཀྱིལ་འཁོར་གྱི་ལྷར་སྣང་ལ་གོམས་པས། སྣོད ་བཅུད་ལྷ་དང་གཞལ་ཡས་ཁང་དུ་འཆར་བ་དེའི་ཚེ་འབྲས་བུ་སྤྲུལ་སྐུ་འཐོབ་པར་ངེས་བཤད་པ་རྒྱུ་མཐུན་གྱི་རྒྱུ་འབྲས་བླ་ན་མེད་པའོ། །ད་ནི་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་འབྱུང་བར་བསྟན་པའི་ཕྱིར། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ཡང་དག ་ཐོབ་པར་གདོན་མི་ཟ་ཞེས་པས། གསང་ཆེན་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་སྟེ། རང་བཞིན་རྣམ་དག་སྟོང་པ་ཉིད། །ངོ་བོ་འགྱུར་བ་མེད་པ་ཀུན་ཏུ་ཁྱབ་པ། མཚན་ཉིད་འོད་གསལ་གཉིས་མེད་རྡོ་མཉམ་པ། རྣམ་པར་མི་རྟོག་པ། བསམ་གྱིས་མི ་ཁྱབ་པས་རབ་ཏུ་མི་གནས་པ། བདེ་བ་ཆེན་པོ་རབ་འབྱུང་གི་དེ་བཞིན་གཤེགས་པའོ། །ཡེ་ཤེས་ནི་རྣལ་འབྱོར་དང་ལྡན་པའི་ཀུན་དར་དུ་རླུང་སེམས་འདུས་པ་ལས་ལོངས་སྤྱོད་ཡུལ་སྣང་ལ་དབང་ཐོབ་པས་བདེ་ཆེན་ཐོབ་པར་འགྱུར་བའོ། །ཉམས་མྱོང་བདེ་གསལ་མི ་རྟོག་པ་མཐར་ཕྱིན་པས་བདག་ཉིད་རྣལ་འབྱོར་བའི་ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། སེམས་ཐུགས་རྡོ་རྗེ་གྱུར་པས། །ཤྲཱི་ཐབས་ཤེས་རབ་དབྱེར་མེད་བདེ་བ་ཆེན་པོར་འགྱུར་ལ། ཧེ་ནི་གར་དགུའི་རོལ་པས་དགྱེས་པར་སྤྱོད་པ། རུ་ནི་བདུད་རྩི་རྒྱ་མཚོ་མི་ཟད་པ་ལའོ། །ཀ་ནི ་ཞིང་ཁམས་དུ་མ་སྐུ་ལ་ཡོངས་སུ་རྫོགས་པའི་བདེ་བའི་མཆོག་།རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པར་ནི་འགྲུབ་འགྱུར་བ་སྐུ་བཞི་ཡེ་ཤེས་ལྔ་ལྡན་ས་བཅུ་གསུམ་པའི་འབྲས་བུ་ཚེ་འདི་ཉིད་ལ་ཐེ་ཚོམ་མེད་པར་ཐོབ་པའི་དོན་ཏོ། །རྒྱུ་དང་ལམ་དང་འབྲས་བུའི་གསང་བ་ལས། རྒྱུད ་ཀྱི་རིམ་པ་ལྟར་ན། འཆི་བསྟོད་པ་ཆོས་སྐུ། བར་མདོ་ལོངས་སྤྱོད་རྫོགས་པའི་སྐུ། སྲིད་པའི་སྐྱེ་བ་བཞེངས་པ་སྤྲུལ་སྐུའོ། །ལུས་གནས་པར་ལྟར་ན། རྩ་སྤྲུལ་པ། ཡི་གེ་ལོངས་སྤྱོད། ཐིག་ལེ་ཆོས། ངོ་བོ་ཉིད་ཆོས་ཉིད་ཡེ་ཤེས་ཀྱི་རླུང་ངོ། །ལྷའི་རྣལ་འབྱོར་ལྟར་ན། རྣམ ་པ་གསལ་བ། སྤྲུལ་པ་ངོ་བོ་སྟོང་པ་ཉིད་ཆོས། ཉམས་མྱོང་བདེ་བ་ལོངས་སྐུ། མི་རྟོག་པ་ངོ་བོ་ཉིད་དོ། །སྔགས་ཀྱི་རིམ་པ་ལྟར་ན། ལུས་རྩའི་དཀྱིལ་འཁོར་སྤྲུལ་པ། ཨཱ་ལི་ཀཱ་ལི་སྔགས་ཀྱི་དཀྱིལ་འཁོར་ལོངས་སྤྱོད། ཐིག་ལེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆོས་སྐུ།། ་སྙིང་པོའི་རླུང་ངོ་བོ་ཉིད་ཀྱི་སྐུའི་དཀྱིལ་འཁོར་རོ། །ཡང་ན་གཏུམ་མོའི་མེ་ལས་རྒྱ་སྤྲུལ་པ། ཧཾ་ཆོས་རྒྱ་ལོངས་སྤྱོད་འབར་འཛག་ཕྱག་རྒྱ་ཆེན་པོ་ཆོས་སྐུ། ཉམས་མྱོང་དྲི་མ་མེད་པ་དམ་ཚིག་ཕྱག་རྒྱ་ངོ་བོ་ཉིད་ཀྱི་སྐུའོ། །ཡེ་ཤེས་ཀྱི་རིམ་པ་ལ། བདུད་རྩི་སྤྱི་བོ་ནས་འབབས་པས། ་མགྲིན་པར་དགའ་བ་སྤྲུལ་པ། སྙིང་གར་མཆོག་དགའ་ལོངས་སྐུ། ལྟེ་བར་ལྷན་ཅིག་སྐྱེས་པའི་དགའ་བ་ཆོས་སྐུ། གསང་བར་དགའ་བྲལ་ངོ་བོ་ཉིད་སྐུ་སྟེ་ལུགས་འབྱུང་ལུགས་བཟློག་ཏུ་ཤེས་པར་བྱའོ། །གསང་བའི་རིམ་པ་ལ། ལྟེ་བར་རྒྱུ་མཐུན་སྤྲུལ་པ། སྙིང་ཀར་རྣམ་ ་སྨིན་ཆོས། མགྲིན་པར་སྐྱེས་བུ་བྱེད་པ་ལོངས་སྐུ། སྤྱི་བོར་དབང་གི་འབྲས་བུ་ངོ་བོ་ཉིད་བདེ་ཆེན་ནོ། །གསང་བ་དེ་ཁོ་ན་ཉིད་ལ། སྐུའི་གསང་བལྟེ་བ། གསུང་གི་གསང་བ་མགྲིན་པ། ཐུགས་ཀྱི་གསང་བ་སྙིང་གར། སྤྱི་བོར་ངོ་བོ་ཉིད་བདེ་ཆེན་ཡེ་ཤེས་རྡོ་རྗེ་དབྱེར་མེད་ཀྱི་གསང་བ ་བསྟན་པའོ། །དེ་ལ་གནས་སྐབས་སུ་ལས་རབ་འབྱམ་བསྟན་པ་ལ་ཉེ་བར་གདམས་པ་བསྟན་པ་ནི། གསང་སྔགས་ནི་ཡིད་ཅན་ཤེས་པས་སྐྱོབ་པར་བྱེད་པའི་ཐབས་འདིའི་སྙིང་པོ་ནི་གཙོ་བོ་དང་འཁོར་དུ་བཅས་པའི་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་བསྐུལ་ཞིང་དངོས་གྲུབ་མྱུར་དུ་སྟེར ་བ་དཔལ་ཧེ་རུ་ཀ་ངས་བཤད་ཀྱིས་སྒྲུབ་པ་པོ་དབང་པོའི་རིམ་པའི་ཁྱད་པར་དང་ལྡན་པ་རྣམས་ཉོན་ཅིག་པར་མདོར་བསྟན་པའོ། །ལས་དང་དངོས་གྲུབ་མངོན་དུ་བྱེད་པ་བྱ་བ་ལས་ཚོགས་བསྒྲུབ་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པའི་ཁྱད་པར་གྱིས། ལས་མྱུར་དུ་འགྲུབ་པ་ལས ་སྦྱིན་སྲེག་ཕྲིན་ལས་དང་བསྟུན་ལ། ལྷའི་རྣལ་འབྱོར་ཡང་ཕྱིར་དཀྱིལ་འཁོར་ཡོངས་སུ་རྫོགས་པས་བསྒྲུབ་པའམ། ཡང་ན་སྙིང་པོའི་སྔགས་འདི་ཉིད་ཀྱི་ལྷ་ཚོགས་ཉི་ཤུ་རྩ་གཉིས་པ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལས། མངལ་སྐྱེས་ཀྱི་དཀྱིལ་འཁོར་དང། རྫུས་སྐྱེས་ཀྱི་དཀྱིལ ་འཁོར་གྱི་བསྐྱེད་ཆོག་ཡན་ལག་དང་ལྡན་པས་དབང་པོ་རབ་ནང་ལ་མཆོག་ཏུ་གཞོལ་བ་ཁོ་ནས་གྲུབ་ལ། དབང་པོ་འབྲིང་དང་ཐ་མས་ནི་ཕྱི་ལ་མཆོག་ཏུ་གཞོལ་བ་འཁྲུལ་འཁོར་རྫས་དང་སྔགས་དང། སྐུལ་ཚིག་དང་བཅས་པས་འགྲུབ་པར་འགྱུར་བ་སྟེ། སྙིང་པོ་འདི་ཟླས་པས ་ཞེས་སྨོས་ཏེ། སྐྱེ་བ་བདུན་པའི་རོ་ཙ་ན་ལ་བརྟེན་པའི་ལས་བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་ཁྲིར་བཟླས་ཏེ། སྨིན་མའི་བར་དུ་ཐིག་ལེ་བྱས་ནས་ནམ་མཁའ་ལ་འགྲོ་བར་བསམས་ན་ནི། དཔག་ཚད་བྱེ་བའི་བར་དུ་འཕགས་པར་འགྱུར་ཞིང་ནི། ནང་དོན་དུ་ན་རྩ་དང་བྱང་ཆུབ་སེམས ་དངས་བར་འགྱུར་བས། ཁམས་གསུམ་ས་དགུའི་བསྒོམ་ལམ་ཟག་བཅས་ལས་འདས་པས། བྱང་ཆུབ་སེམས་དཔའ་ཨི་ས་གནས་ལས། རྣམ་ཐར་སྒོ་བཞི་ཐོབ་པའི་ཡེ་ཤེས་ཀྱི་ངང་ལས། འགྲོ་བ་ནི་གཞན་དུ་གཤེགས་པའོ། །འོང་བ་དེ་བཞིན་ཉིད་དུ་འཇུག་པ་སྤྲོ་བསྡུ་ཁྱད་པར་དུ ་བྱེད་པར་འགྱུར་རོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ་ནི། རྒྱུའི་དུས་སུ་རྣམ་ཤེས་སྣ་ཚོགས་གཟུགས་ཅན་དུ་སྣང་བ། ལམ་དུ་ཉམས་མྱོང་དུ་འཆར་ལ། འབྲས་བུ་དེ་ཤེས་པ་དང་བོ་དྷི་སཏྭའི་ཡེ་ཤེས་སྣ་ཚོགས་གཟུགས་ཅན་དུ་གྱུར་པའོ། །ཡང་དེ་ཉིད་ལས། ཁང་བཟངས་དང་ཞེས་པས་རྡོ་རྗེ ་ལུས་ཀྱི་རྩའི་འཁོར་ལོ་རྣམས། །ཤིང་དང་ནི་རྩ་ཀུན་དར་མ་ལ་བརྟེན་པའོ། །ཁྱིམ་ལ་འཇོགས་ཏེ་ཞེས་དབང་པོ་ཐབས་ཀྱི་ཆས་ཡུལ་ལྔ་ཤེས་རབ་དང་གཉིས་མེད་སྤྱོད་པས་འཛེགས་ཏེ་བདེ་ཆེན་ལ་རོལ་པ་རྣལ་འབྱོར་མ་རྣམས་དང་ཞེས་ཁམས་འབྱུང་བ་རྣམ་པར་དག་པའི་ཡེ་ཤེས ་གོང་ནས་གོང་དུ་འཕེལ་བས་དཔག་ཚད་བྱེ་བའི་བར་དུ་ནི་འོག་མིན་གྱི་མཐར་ཐུག་པའི་དག་པའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །ཞེས་མཁའ་སྦྱོང་གྲུབ་པའོ། །འོད་གསལ་དབྱིངས་ཀྱི་ནམ་མཁའ་ལས་ཟུང་འཇུག་ཏུ་འགྲོ་ཞིང་གནས་པ། ཡེ་ཤེས་ཉིད་དུ་འཇུག་ཅིང་འོང་བ་ལས་བདེ ་ཆེན་ཉིད་དུ་གནས་པ་ལས་གཞན་དུ་མི་འགྱུར་རོ། །ཞེས་གནས་འོག་མར་མི་ལྟུང་ཞེས་པའི་དོན་ཏོ། །འདོད་ན་སྣང་བར་འགྱུར་ཞིང་ནི་རང་གི་འདོད་ལྷའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་རོ། །འདོད་ན་མི་སྣང་བར་འགྱུར་རོ་ནི་ཆོས་ཉིད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གནས་པས་རྟོག ་པས་མི་ཕྱེད་པ་ནམ་མཁའ་ལྟར་མི་མངོན་པའོ། །དེ་ལས་སྣ་ཚོགས་གཟུགས་ཅན་དུ་བསྒྱུར་བའི་བྱེད་པ་བསྟན་པ་ལ། འདོད་ན་བྱིས་པ་དང་ནི་ཐོག་མའི་དུས་ཏིང་འཛིན་གྱིས་སོ། །རྒན་མོ་དང་ནི་ཐ་མ་ནུབ་པ་ལ་ཉེ་བའོ། །ད་ལྟར་བ་ལ་དང་ལ་བབ་པའི་ནི་རྩ་རླུང་བྱང་སེམས་རྒྱས་པས་གནས ་པ་གཟུགས་འཛིན་པར་འགྱུར་བ་ནི་ལུས་ཀྱི་བཀོད་པ་འམ་ཁ་དོག་དང་དབྱིབས་དང། ཚད་མི་འདྲ་བ་ཕྲ་རགས་དུ་མ་རྩ་དང་ཡི་གེ་དང་ལུས་ཀྱི་རྩེན་གར་སྟོན་པའོ། །ཡང་དུད་འགྲོ་ཡི་སྐྱེ་གནས་འདུལ་བ་ལ། འདོད་ན་གླང་པོ་ཆེ་དང་ཞེས་པ་ལ་སོགས་པས་དུས་དང་གནས་སྐབས་གང་ལ་བབ ་པའི་བྱེད་པ་དུ་མ་སྟོན་པ་ཉིད་དུ་ཤེས་པར་བྱ་བའོ། །འདོད་ན་རྨ་བྱ་དང་ཞེས་པ་ལ་སོགས་པས་སྒོང་སྐྱེས་ཀྱིས་འགྲོ་བ་འདུལ་བའི་ཆོ་འཕྲུལ་བསྟན་པ་སྟེ། སྤྲུལ་བསྒྱུར་ལ་དབང་ཐོབ་པར་བྱེད་པའོ། །ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གང་འདོད་པ་དེའི་གཟུགས་སུ་བྱེད་དོ་ཞེས་པ་ལྟ ་མ་སྲིན་གྱི་ཆ་བྱད་དུ་བསྟན་ནས་ཀྱང་རྡོ་རྗེ་ཐེག་པ་ལ་ཡོངས་སུ་དགོད་པར་བྱ་བའོ། །ཡང་རྒོལ་བ་ངན་པ་ཕྱི་རོལ་མུ་སྟེགས་པ་ལ་སོགས་པའི་ཚིག་འཕྲོག་པ་ནི་དེའི་ནུས་མཐུ་དང་རྩོད་པ་ཉམས་པར་རོ། །མཐོང་བ་འཕྲོག་པ་མིག་གི་རྣམ་ཤེས་ཉམས ་པར་འགྱུར་བ། སྣ་འཕྲོག་པ་སྟེ་སྣ་དང་རྣ་བའི་རྣམ་ཤེས་གཟིར་བས་ཉམས་པའོ། །ལྕེ་འཕྲོག་པར་བྱེད་པ་ནི་བརྗོད་པ་སྒྲ་སྐང་ཉམས་པར་འགྱུར་བ་སྟེ། རང་ལྷར་གསལ་བའི་ས་བོན་གྱི་ཡི་གེ་ལས་འོད་ཟེར་མཚོན་ཆ་ལྟ་བུ་སྤྲོས་པས། བསྒྲུབ་བྱའི་དབང་པོ་ལས། གསང་སྔགས ་སྙིང་པོའི་འོད་ཟེར་ཐོག་ལྟ་བུ་རྡོ་རྗེའི་རྣམ་པ་བབས་པས། མེར་འབར་ཞིང་བསྲེག་པར་བསམས་པས། ངེས་པར་འགྲུབ་པར་འགྱུར་བའོ། །གང་གི་འདོད་པ་བསྒྲུབ་བྱ་དེའི་ཁྲག་འདྲེན་ཅིང་འགུགས་པར་བྱེད་པ་འམ་ནི་དྲག་ཤུལ་སྤྱོད་པ་གོང་ལེའུ་དགུ་པ་ལྟར་བྱ་བའོ། །གནོད ་པར་བྱེད་དོ་ནི། སུམ་བྷའི་སྦྱོར་བས་བགེགས་ལ་ཕུར་བུས་གདབ་པའི་སྦྱོར་བ་ལྟར་བྱས་པས་ངེས་པར་འགྲུབ་པར་འགྱུར་བའོ། །དེ་དག་གིས་ནི་རྣམ་ཤེས་ཀྱི་ལས་ཀྱིས་ཚར་བཅད་ཅིང། ཡེ་ཤེས་ཀྱི་ལས་ཀྱིས་རྗེས་སུ་འཛིན་པར་བྱ་བ་བསྟན་པའོ། །ལེའུའི་མཚན་བསྟན་པ ་ནི། དཔལ་འཁོར་ལོ་སྡོམ་པ་ལས་ཞེས། འཁོར་ལོ་ལྔ་ལྡན་བདེ་སྟོང་དུ་རོ་གཅིག་པར་འགྱུར་བའོ། །སྐུ་གསུམ་འགྲུབ་པའི་དོན་ནི་གོད་དུ་རྒྱུ་ཐབས་འབྲས་བུ་ལས། །སྙིང་པོའི་སྔགས་ཀྱི་ཆོ་ག་ནི་ཕྲིན་ལས་མཆོག་ཏུ་གྱུར་པ་གསང་བ་བླ་ན་མེད་པའོ། །ལེའུ་ཡི་ནི་པ་ཊ་ལ ་གཞུང་སྐྱོང་བའི་རབ་ཏུ་བྱེད་པའོ། །བཅུ་པའི་རྣམ་གྲངས་བསྟན་པ། རྣམ་པར་བཤད་པའོ།། །།ལས་ཀྱི་ལུས་རྣམ་པར་དག་ཅིང། ཡེ་ཤེས་ཀྱི་སྐུའི་ཁྱད་པར་གྲུབ་པའི་གསང་བ་ངེས་པར་རིག་པ་འཛིན་པའི་གནས་མངོན་དུ་བྱེད་པ་བསྟན ་པར་བཞེད་ནས། དེ་ནས་ཞེས་བཅོམ་ལྡན་འདས་ཀྱི་སྙིང་པོ་སྔགས་དེ་ཉིད་ཀྱི་ཕྲིན་ལས་སྟོན་པ་ཉིད་དེ། གཞན་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་སྒྲུབ་པ་པོས་རིམ་པ་གཉིས་ལ་གོམས་པས་གང་ཞིག་རྒྱུད་ལ་བརྟེན་པ་ཙམ་གྱིས་ནི་གསང་སྔགས་ཀྱི་ཆེ་བ་སྟོན་པའོ།། ་མཐོང་ཆོས་མངོན་དུ་བྱེད་པས་མྱུར་དུ་དངོས་གྲུབ་ལ་འཇུག་པའི་དོན་སྦས་པ་གསལ་བར་བྱེད་པས། སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་བདུད་རྩི་བླ་ན་མེད་པ་བསྟེན་པ་ཙམ་གྱིས་དངོས་གྲུབ་མྱུར་ཐོབས་ཐབས་བཤད་བྱ་ཞེས་མཁའ་སྤྱོད་དང་ས་སྤྱོད་ས་འོག་ལ་སོགས་པ་མངོན་དུ ་བྱེད་ལ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་སྐུ་མྱུར་བ་ཉིད་དུ་འཐོབ་པ་སྟེ། མདོར་བསྟན་པའོ། །ད་ནི་རྒྱས་པར་བཤད་པ་ལ། སྐྱེས་བུ་གང་ཞིག་ཅེས་པ་ནས། སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ་ལས། རྟགས་ཉེ་བར་མཚོན་པ་ངེས་པ་ནི། དང?་པའི་འགྲོས་ལྟར་དལ་གྱིས་འགྲོ་བ་དང ་དེའི་གྲིབ་མའང་བདུན་དུ་འགྱུར་བ་ཉིད། དེ་ནི་སྐྱེ་བ་བདུན་དུ་མིར་གྱུར་པ་ཡིན་ཏེ་ངོ་བོ་ཉིད་ཀྱིས་སྙིང་རྗེ་དང་ལྡན་པ། རྒྱུད་མི་འགྱུར་བའོ། །རོ་ཙ་ན་ཡོང་དེ་ནི་བསོད་ནམས་ཀྱི་རྒྱུ་མཐུན་ལས་ཕྱུང་བ་ལས། དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་བཟླས་ནས་ཐིག་ལེ་བྱས་ན་ཞེས་པ ་ཡིག་འབྲུ་ཉེར་གཉིས་པའི་ཆེ་བ་སྟོན་པ། དངོས་པོ་ལྐོག་ཏུ་སྟོན་པའི་རྫས་ཕྲ་རགས་དུ་མ་ཤེས་པ་ནི་འཇིག་རྟེན་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་བའི་དོན་ཏོ། །དེ་བསྟེན་པ་ཙམ་གྱིས་ནི་འབྱུང་བ་ཆུའི་ཁམས་དངས་པས་རྡོ་རྗེ་རིགས་ཀྱི་ནུས་པ་བསྟན། ནད་བད་ཀན་ཞི། ་ཞེ་སྡང་དག་པའོ། །སའི་ཁམས་དངས་བས་རིན་ཆེན་རིགས་ཀྱི་ནུས་པ་བརྟན། ནད་མཁྲིས་པ་ཞི། སེར་སྣ་ང་རྒྱལ་དག་པའོ། །མེའི་ཁམས་དངས་པས་ཆོས་ཀྱི་རིགས་ཀྱི་ནུས་པ་བརྟན། ཁྲག་འཁྲུགས་ཞི། འདོད་ཆགས་དག་།རླུང་གི་ཁམས་དངས་པས། ལས་ཀྱི་རིགས་ཀྱི ་ནུས་པ་བརྟན། རླུང་ནད་ཞི། ཕྲག་དོག་དག་པའོ། །འབྱུང་བཞི་དག་པས་ནམ་མཁའ་ཤིན་ཏུ་དངས་པར་འགྱུར། །དེ་བཞིན་གཤེགས་པའི་རིགས་ཀྱི་ནུས་པ་བརྟན། འདུས་པའི་ནད་ཞི། ཉོན་མོངས་པ་གཏི་མུག་མ་རིག་པ་རང་སར་དག་པའོ། །ལུས་ཀྱི་སིཧལ་དངས་པས། ཉི་མ་ལྟ ་བུའི་དྲོད་དང་མདངས་བརྟན། ཕྱིར་འབྱུང་བའི་རླུང་དབུ་མར་ཆུད་པས། ལུས་ཀྱི་ག་བུར་དངས་པས། ཟླ་བ་ལྟར་བསེལ་ཞིང་ནུས་པ་བརྟན། རླུང་ནང་དུ་འཇུག་པ་ལ་དབང་ཐོབ་པས་དབུ་མར་ཆུད་པས། ཆགས་སྡང་ཕྲ་བ་ཞི་བར་འགྱུར་བའོ། །སྲོག་རྩོལ་དབུ་མར་ཆུད་པས་ཡེ་ཤེས་ཀྱི་རླུང་དུ་གྱུར་པའོ།། ་གང་དང་གང་འདོད་པ་དེ་དང་དེ་འཐོབ་པར་འགྱུར་རོ། །ཞེས་དབང་ཕྱུག་བརྒྱད་ལྡན་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའོ། །འབྲས་སཱ་ལུ་ལ་གཟུགས་བརྙན་སྤོ་བའི་དོན་གསོལ་བ་བཏབ་པས་གྲུབ་པར་འགྱུར་བའོ། །འདིས་ནི་འཇིག་རྟེན་པ་དང་འདས་པའི ་ཡོན་ཏན་ཕྲིན་ལས་མྱུར་དུ་གྲུབ་པར་བྱེད་པ། བྱིན་རླབས་ཚད་མེད་པའི་ནུས་པ་བསྟན་པ་སྟེ། སྐྱེ་བ་བདུན་པའི་མཚན་ཉིད་ཀྱི་ཆོ་ག་ནི་རིག་པ་འཛིན་པའི་དངོས་གྲུབ་བསྟན་པའོ། །ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལ་བཅོམ་ལྡན་འདས་དཔལ་ ་ཧེ་རུ་ཀའི་གསང་སྔགས་རང་གི་ངོ་བོ་ཉིད་གོང་དུ་མདོར་བསྟན་པའི་ཚུལ་དུ་བསྟན་ནས། དེ་ནས་ཞེས་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་ཀྱི་རྗེས་ཐོགས་སུ་བསྟན་པ། ཉེ་བའི་སྙིང་པོ་ནི་གསང་བ་ཡི་གེ་བདུན་པ། སྐུ་གསུང་ཐུགས་ཀྱི་སྙིང་པོ་ཀུན་ཏུ་བསྐུལ་བ་ཉིད་དེ། དངོས་གྲུབ ་ནི་གཉིས་ཏེ། མཆོག་དང་མཐུན་མོང་ལས་ཐམས་ཅད་ནི་འོག་ནས་འབྱུང་བའི་ལས་ཚོགས་མྱུར་དུ་གྲུབ་པ་ཐོབ་བྱེད་ཅིང་ནི་བསམ་གཏན་སྔགས་དང་འབྲེལ་བས་སོ། །འཇིག་རྟེན་གསུམ་ནི་ས་འོག་གི་ཀླུ་དང། ས་སྟེངས་གནོད་སྦྱིན་དང། ས་བླ་ལྷ་སྟེ་དེ་དག་གི་ཡོན་ཏན་དང ་ནུས་པ་གང་ཅུང་ཟད་ཅི་ཡོད་པ་མ་ལུས་པ་དེ་ཀུན་གྱི་མཐུ་སྟོབས་སྐད་ཅིག་གིས་གྲུབ་པ་བཤད་པ་བསྙེན་སྒྲུབ་མཐར་ཕྱིན་པའི་དེ་ཉིད་ཀྱིས་སོ། །འདི་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མ་དང་དཀྱིལ་འཁོར་པ་དང་བཅས་པའི་སྙིང་པོའི་ཉེ་བའི་སྙིང ་པོའོ། །དེ་ཉིད་བྱང་ཆུབ་ཡན་ལག་བདུན་དག་པའོ། །སྔགས་གོ་བཟློག་པ་ནི་བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་བས། ཚོགས་གཉིས་དང་ལྡན་པས། རྟེན་དང་བརྟེན་པའི་ཕོ་བྲང་དཀྱིལ་འཁོར་བལྟ་བར་བྱ་སྟེ། མངོན་པར་བྱང་ཆུབ་པ་ལྔས་སམ། ཡང་ན་ཡིག་འབྲུ་ས་བོན་ཙམ་ལས་གྲུབ་པ་ནི། འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཧཱུཾ་དཔལ་ཧེ་རུ་ཀ་ཞལ་གསུམ་པ། སྐུ་དང ་རྩ་ཞལ་མཐིང་ཀ་གཡས་ཞལ་གསེར་མདོག་།གཡོན་མརྐཏ་ལྟ་བུ། ཞལ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་མེ་ཏོག་བནདྷུ་རིག་ལྟ་བུ་ལ་འཁྱུད་པ་ཕྱག་གཡས་གཡོན་པར་མ་ན་མདུད་རྩི་གསུམ ་པ་དང་ཀ་པཱ་ལའོ། །ཐ་མ་གཉིས་ཀྱིས་ཞིང་ཆེན་གཡང་གཞི་བརྒྱངས་པ་འཛིན་པ། རྗེ་བཙུན་མ་ནི་རྡོ་རྗེ་གྲི་གུག་ཐོད་པ་ཅན་སྐུ་ལ་རྡོ་རྗེ་པདྨ་མཉམ་པར་སྦྱར་པ། གཙོ་བོ་ཞབས་གཡས་བརྐྱང་པས་དུས་མཚན་བརྫིས་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སུམ་བལྟབ་ཏུ་མནན ་པ། རུས་པའི་ཕྱག་རྒྱ་དྲུག་དང། རལ་པའི་ཐོར་ཚུགས་ལ། ཟླ་ཚེས་སྣ་ཚོགས་རྡོ་རྗེ་དང། ཐོད་པ་སྐམ་པོ་ལྔ་དང། རྩེ་མོར་ནོར་བུ་ཆེན་པོས་སྤྲས་པའོ། །མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། འོད་ཀྱི་ཕྲེང་བས་ཁྲིགས་པ་བལྟའོ། །མདུན་དུ་ཕཊ་ལས་ཁྲག ་མཐུང་མ་མཐིང་ག་དང། ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་མ་གསེར་མདོག་དང། ཧ་ལས་རྡོ་རྗེ་དྲག་གཏུམ་མོ་ལི་ཁྲིའི་མདོག་དང། ཡང་ཧ་ལས་རྡོ་རྗེ་འོད་ལྡན་མ་མརྐཏ་མདོག་དང། ཧྲི:ལས་རྡོ་རྗེ་དྲག་འབར་མ་དུང་བ་དང། ཨོཾ་ལས་རྡོ་རྗེ་ཌཱ་ཀི་ནི་པུཎྜི་ར་ཀ་ལྟ་བུ་སྟེ། དེ ་རྣམས་ཀྱང་ཞལ་ཅིག་པ་ཕྱག་བཞི་མ། སྤྱན་གསུམ་གསུམ་པ། དང་པོ་གཉིས་ཀྱི་ཌཱ་མ་རུ་དང་དྲིལ་བུ། འོག་མ་གཉིས་ཀྱིས་ཞིང་གི་གཡང་གཞི་གོས་སུ་མནབས་པའི་རྒྱན་ཐམས་ཅད་དང་ལྡན་པའོ། །དེ་ནས་གོ་ཆ་བགོ་བ་དང། ཡེ་ཤེས་ཀྱི་འཁོར་ལོ་ཕྲ་གཉིས ་སྤྱན་དྲངས་ཏེ་མཆོད་ནས་གཉིས་སུ་མེད་པར་བསྟིམ་པ་དང། དབང་བསྐུར་ཞིང་རྒྱས་གདབ་པ་རྫོགས་ནས། ལྷ་མོ་སོ་སོའི་ཐུགས་ཀར་ས་བོན་བཀོད་པ་ལས་འོད་ཟེར་བ་སྤྲོ་སྡུའི་ཚུལ་དུ་བཟླས་པ་དང། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་པས་དགྱེས་པ་བསྐྱེད་ཅིང་རྣམ་པ ་གསལ་བར་དམིགས་པར་བྱ་བ་ཉིད་དོ། །བཟླས་ཐབས་ནང་དང་ཕྱི་ལས། གསང་སྔགས་འདི་འབུམ་བཟླས་པས་ཞེས་པ་ནི། ཟག་བཅས་ཀྱི་རླུང་ཁྲི་ཕྲག་བརྒྱད་ལས་སུ་རུང་བས། ལྷག་མ་ཟག་པ་མེད་པའི་རླུང་གིས་བྱེད་པ་ཁྲི་ཕྲག་གཉིས་ཀྱིས་ཡེ་ཤེས་ཀྱི་རླུང ་རྣམས་སུ་གྱུར་པས་ནུས་པ་ཐོབ་པས་ནི་འཇིག་རྟེན་གསུམ་ཡང་སྟེ་སྲིད་པ་གསུམ་བརྟན་གཡོ་ཐམས་ཅད་གཡོ་བར་བྱེད་དོ་ནི་ལྟས་ཆེན་པོ་བཅོ་བརྒྱད་འབྱུང་བས་འགྲོ་བ་དབང་དུ་འགྱུར་བའི་ལྷ་དང་ཞེས་པ་ལ་སོགས་པའི་དོན་ནི་དབང་པོ་སྒོ་ངའི་རླུང་གི་འོད་ལྕགས་ཀྱུ་ལྟ་བུ ་ཡུལ་འདོད་ཡོན་ལྔའི་ལྷ་དང་ལྷ་མོ་འགུགས་པར་བྱེད་དོ་ཞེས་ཕོ་ཉ་གྲུབ་པའི་དབང་ཕྱུག་བསྟན་པའོ། །ཡང་ཕྱི་ནང་གི་ཆུ་ལ་དབང་ཐོབ་པར་བྱ་བ། རྒྱ་མཚོ་ནི་སིཧལ། གླ་རྩི། ཤུཀྲ། ཞག། ཆུ་སེར། རྒྱུས་པ། རྣག་ལ་སོགས་པ་སྟེ། རོལ་མཚོ་ཆེན་པོ་བདུན་ནོ། །ཆུ་བོ་ནི ་དེ་དང་ཉེ་བར་ཆ་མཐུན་པ་དག་སྟེ། གངྒཱ་སིནདྷུ་པཀྵུ་ལོ་ཧ་ཏི་སོགས་སོ། །རྫིང་བུ་ནི་གསང་བའི་གནས་ཀྱི་ཐིག་ལེ་འཁྱིལ་པ་སྟེ་ཁམས་སུམ་ཅུ་རྩ་དྲུག་ལ་སོགས་པ་དཔྱིད་དང་ཐིག་ལེའི་རང་བཞིན་གྱིས་སྙེམས་ཤིང་གནོན་པ་འབར་འཛག་གིས་བདེ་སྟོང་དུ་བྱེད་དོ་ཞེས་པའི་དོན་ཏོ། ། ་གསེག་མ་ལ་ཞེས་པ་རླུང་ཕྲ་བ་སྟེ། རྡོ་རྗེའི་བཟླས་པ་བྱས་ཏེ། དམིགས་པས་ཌཱ་ཀི་མའི་གཟུགས་བརྙན་ལ་བཏབ་ན་ཡུལ་དང་དབང་པོ་རྨོངས་པར་འགྱུར་བ་ཡིས། སྒྲུབ་པ་པོས་གང་དུ་བཟླས་པའི་ལུས་ཀྱི་གནས་དེ་དང། ཉེ་པའི་གནས་ལ་སོགས་པ་དེར་མཁའ་འགྲོ་མས ་འོག་ས་སྟེངས་ས་བླའི་དབང་ཕྱུག་དེའི་ཕྲིན་ལས་ཐམས་ཅད་མྱུར་དུ་གྲུབ་པའི་མངག་གཞུག་པ་བྱེད་པར་འགྱུར་བའོ། །རང་དང་གཞན་གྱི་སྐྱེ་བ་བརྟག་པར་བྱ་བ་ནི། འདི་ཆུ་ལ་ཡོངས་སུ་བཟླས་ཏེ་ཞེས་པས་ཐོ་རངས་ཀྱི་དུས་སུ་འབྱུང་བ་ཆུ་རླུང་རྒྱུ་བས། རྡོ་རྗེའི་བཟླས་པ་བྱས ་ཏེ། བདག་ཉིད་ཀྱིས་མིག་བཀྲུས་ན་ཞེས་པ་ཡི་དམ་ཡབ་ཡུམ་གྱི་རྩ་མིག་ཏུ་བབ་པས་དྲི་མ་དག་པར་བལྟས་ན། མཐོང་བ་དག་པར་གྱུར་པས། འགྲོ་བ་སྐྱེ་བ་བདུན་ཤེས་པར་འགྱུར་རོ། །ཞེས་གང་ཡིན་ངོས་ཟིན་པར་བྱེད་དོ། །རང་དང་གཞན་གྱི་ཚེ་དང་དབང ་ཐང་གི་རིམ་པ་ཤེས་པར་བྱ་བ་ནི། གང་དང་གང་ཚེ་ཟད་ཅིང་ཡུལ་ཉེ་རིང་ཐམས་ཅད་དུ་འཆི་བ་ཉིད་དུ་སྣང་བ་ཡང། ཚེ་རིང་བ་སྟེ་ཚེ་འཕེལ་བར་བྱ་བར་ནུས་པ་དང། ཡང་བཱ་དང་ཚེ་སྲོག་དང་བཅས་པ་ཉམས་ལ་འཆར་བས་སྣང་བར་འགྱུར་རོ་ཞེས་འཆི་བ་སླུ་བ་ལ་འབད ་པས་ཚེ་གཟུགས་བརྟག་ཅིང་ལེའུ་སོ་བཞི་པར་ཤེས་པར་བྱའོ། །ཡང་དཔལ་ཧེ་རུ་ཀའི་ཡི་གེ་བདུན་པས་མིག་ལ་མངོན་པར་སྔགས་ནས་གཉིས་ཀའི་སྤྱན་དབུ་མ་ལ་ཤེས་པ་བསྟད་ཏེ། དམིགས་པས་གང་ལ་བལྟས་པའི་ལྐོག་ཏུ་འགྱུར་པའི་རྫས་ལ་སོགས་པ་དེ་དག་དབང་པའི ་མངོན་སུམ་ལྟར་མཐོང་བར་འགྱུར་རོ་ཞེས་དུས་གསུམ་གྱི་སྤྱོད་ཡུལ་རྟོགས་པའོ། །ཡང་མི་སྣང་བ་བསྒྲུབ་པ་བསྟན་པ་ལ་དཔའ་བོ་ཤི་བའི་ཞེས་པ་ནས་གསུངས་པ་ཡིན་ནོ། །ཞེས་པའི་བར་གྱི་དོན་ནི། དཔའ་བོ་ཤི་བ་ཞེས་བྱ་བ། དཔའ་བོ་དྲག་པོ་དབང་ཕྱུག་ཆེ། ། ་དེ་ཉིད་བསྒྲལ་བའི་ལུས་པོ་ནི། །ཧེ་རུ་ཀ་ཡིས་གདན་གྱུར་པ། །སུམ་བལྟབ་གྱུར་པའི་རྐང་མཐིལ་གྱིས། །གྱེན་བསྟན་གཉིས་པོ་གྲི་གུག་གིས། །བཅད་པར་བསམས་པ་དེ་བླངས་དང། །དེ་ཡི་ཁྲག་ནི་གཡས་རྩ་ལས། །མཚན་མོ་དབང་བྱེད་མིག་མིན་ཏེ། །དྲི་བ་ལ་ནི་?ངོ་བོ ་ན། །གླ་རྩི་སིཧལ་འབྱུང་བ་ཡི། །མེ་ཏོག་རླུང་གསུམ་ཚ་གྲང་དང། །བསྟན་བྱེ་ཊི?་ལུ་སྔགས་འབྲུ་ཡང། །ལྷག་གནས་བདུད་ལས་རྒྱལ་བ་སྟེ། །ཀུན་དར་བརྒྱུད་དེ་བརྒྱ་རྩ་བརྒྱད། །རླུང་འགོག་རང་ཉིད་ལག་གཡོན་གྱིས། །ཧེ་རུ་ཀ་ནི་སྙིང་གར་གནས། །ཡབ་ཡུམ ་ཞལ་དུ་ཆུང་གྱུར་པས། །ཐབས་དང་ཤེས་རབ་ཁ་སྦྱར་བས། །འོད་གསལ་དང་དུ་མི་སྣང་འགྱུར། །ལྷ་མི་ཀུན་གྱིས་མི་མཐོང་བ། །གཟུང་འཛིན་རྟོག་པས་མི་ཕྱེད་པའོ། །ཞེས་རྣལ་འབྱོར་མ་མངོན་པར་དགའ་བ་སྙིང་པོའི་རྒྱུད་ལས་གསུངས་པའི་དོན་ཏོ། ། ་དེ་ལས་གལ་ཏེ་ཁ་ལས་གཏོན་ན་ནི་ཡབ་ཡུམ་ཧེ་རུ་ཀ་བདེ་སྟོང་གི་ཞལ་འོད་གསལ་དང་ལས་སྣང་བ་ཟུང་འཇུག་ཏུ་འགྱུར་རོ།། །།ཡང་ཕྱི་དོན་དུ་ནི་ལྷ་ལ་སོགས་པ་ལ་འཁྲུལ་འཁོར་མིང་སྤེལ་ཚིག་དང་བཅས་པ་ཙནདན་གུར་གུམ་གྱིས ་བྲི། ཙནདན་དམར་པོའི་རྡུལ་ལས་གཟུགས་བརྙན་བྱས་ལ་སྙིང་གར་གཞུག་།རང་ཁ་ནུབ་ཏུ་བལྟས་པས་སོ། །ཤིང་ཨ་ཤྭ་ཀའི་སྨྱུ་གུས་བྲི། །སྐུད་པ་གསང་གནས་ནས་དབྱུང། རང་ལྷར་གསལ་བའི་སྣ་གཡས་པ་ནས་ཁཎྜ་རོ་ཧ་ཕྱག་ན་ལྕགས་ཀྱུ་དང་ཞག་ ་པ་ཐོགས་པ་སྤྲོས་ལ། བསྒྲུབ་བྱ་ནི་སེངྒེ་ལ་ཞོན་པ་རང་དབང་མེད་པར་མདུན་དུ་འོང་བར་བསམས་པས་འགྲུབ་པོ། །གལ་ཏེ་མ་འོངས་ན་གཟུགས་སྤྲ་ཚིལ་གྱིས་གཏུམས་ལ་སེང་ལྡེང་གི་མེ་ལ་བསྲོ་བར་བྱའོ། །རྒྱ་མཚོ་ལ་སོགས་པ་སྐེམས་པ་ལ་རང་གི་སྙིང་གའི་ཧཱུཾ ་གི་འོད་ཀྱིས་བསྐམས་པར་བསམ་མོ། །གནོན་པ་ལ་རེངས་པའི་འཁོར་ལོས་སོ། །འདི་ཆུ་ལ་ནི་ཉེ་སྙིང་ངོ། །ཆུ་ནི་རང་གི་མི་བསྐྱོད་པའོ། །དེས་རང་གི་མིག་ལ་བསྐུས་ལ། །ལག་པ་གཡོན་པའི་སྲིན་ལག་ལ་འཁྲུལ་འཁོར་བཀོད་ནས། ཤྲོ་ཏ་ཨརྫའི་ཕྱེ་མ་དང་དུར་ཁྲོད་ཀྱི་རས་ལ ་བྱས་པའི་སྡོང་བུ་ཟད་པའི་ཐལ་བ་དང་བདུད་རྩི་ལྔ་བསྲེས་ནས་ཉེ་སྙིང་འབུམ་ཕྲག་གཅིག་བཟླས་ནས་མིག་ལ་བྱུགས་པས་འགྲུབ་བོ། །ཡང་བདུད་རྩི་ལྔ་དང་ཁྲག་ཏུ་བཅས་པའི་འདག་པ་ལ་ཌཱ་ཀི་མའི་གཟུགས་བྱས་ལ། དགུག་གཞུག་བྱས་ནས། དེའི་གདོང་ལག ་པ་གཡོན་པས་བཀབ་ནས་འཁྲུལ་འཁོར་ལ་རང་བསྲུང་བ་གསུམ་དང་རཀྵ་སྤེལ་ནས་རང་གིས་གཟུང་ནས། ཉེ་སྙིང་གི་གཤམ་དུ་ཌཱ་ཀི་ནི་སརྦ་ཨཱ་ཀརཥ་ཡ་ཝ་ཤཾ་ཀུ་རུ་ཧོ། །ཞེས་ཁྲི་བཟླས་པས་གཟུགས་དེ་གཡོ་འགུལ་བྱུང་ན། གང་འདོད་པ་བཀའ་བསྒོ་བས་འགྲུབ་ལ། ་ཁྱད་པར་དུ་མཁའ་འགྲོ་མ་འགྲུབ་པའོ། །ཡང་མི་སྣང་བར་བྱེད་པ་ལ། །དཔའ་བོ་ཤི་བའི་རྐང་མཐིལ་གྱི་པགས་པ་དང། དེའི་ཁྲག་དེའི་ཐོད་པར་བཞག་ལ། ལིག་བུ་མིག་སྨན་གུར་གུམ་དང། གིའུ་ཝཾ་དང། ལྡོང་རོས་བསྣོལ་ལ་རི་ལུ་བྱས་པ་ལྕགས་གསུམ་གྱི་དཀྲིའོ། །ལྷག་པར་གནས་པ་ནི་རི་ལུ་དེའི་དཀྱིལ་དུ་དཔལ་བདེ་མཆོག་གི་ལྷ་ཆོ་གས་བསྐྱེད་ལ་མཆོད་པ་ལ་སོགས་པ་བསྙེན་སྒྲུབ་སྐར་མ་རྒྱལ་ལ་བྱའོ། །རོ་ལངས་སྒྲུབ་པ་ལ། དེ་ཉིད་ཧེ་རུ་ཀར་བསྐྱེད་ལ། དེའི་ཁར་རིལ་བུ་བཅུག་ལ་ལག་པ་གཡོན་པས་ཁ་བཀབ་སྟེ ་དེ་ནས་རི་ལུ་རང་གི་ཁར་བཅུག་པས་མི་སྣང་བ་ཐོབ་པོ། །ཁྲག་དགུག་པ་ལ། མཛུབ་མོ་གཡོན་པ་ལ་ཧཱུཾ་བཀོད་ལ་ཐོད་པ་ལ་འགུགས་པའི་འཁྲུལ་འཁོར་བྲི། གཡས་པའི་མཛུབ་མོས་མཉེ་ཞིང་སྔགས་བཟླས་པས་ཁྲག་ཁུགས་སོ། །མཛུབ་མོ་གཡོན་པ་ལ་ཧཱུཾ་བཀོད ་སྔགས་བཟླས་ནས་མཉེས་ན་སླར་འཇུག་པར་འགྱུར་རོ། །མངོན་པར་བཟླས་ཏེ། དུར་སོལ་གྱིས་སྣག་ཚ་བྱ། བ་རུ་རའི་ཤིང་གིས་སྨྱུ་གུ་བྱས་ལ་ཐོད་པ་ལ་འཁྲུལ་འཁོར་བྲི། དེ་ལ་ཁུ་ཚུར་བསྣུན་པས་གླད་པ་འགས་སོ། །འོ་མས་ཞི་བར་བྱེད་དོ། །གི་ཝང་དང་དཔའ་བོ་གཡུལ་དུ་བསད ་པའི་ཁྲག་དང་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་པས་འགྲུབ་པོ། །མཛུབ་མོའི་ཁྲག་གིས་བསད་པའི་འཁོར་ལོ་བྲིས་ལ། གཟུགས་བརྙན་གྱི་སྙིང་གར་གཞུག། དུག་སྐེ་ཚེ་ཚྭས་བྱུག་གཡོན་པའི་སྡིགས་མཛུབ་ཀྱིས་གཟུང་ལ་གཡས་པའི་སྡིགས་མཛུབ་ཀྱིས་ཕུབ་མའི ་མེས་བདུགས་ན་འཆི་བར་བྱེད་དོ། །ཆུས་སླར་སོས་སོ། །ཡང་ན་བྲམ་ཟེའི་ཐོད་པའི་ནང་དུ་བསད་པའི་འཁྲུལ་འཁོར་བྱས་པ་དུར་ཁྲོད་དུ་སྦ་པའི་དུས་སུ་རྐང་པ་གཡས་པ་ལ་མངོན་སྤྱོད་འཁོར་ལོ་བསམས་ལ་དེས་མནན་ཅིང་སྔགས་བཟླས་པས་འཆིའོ། །ཆུ་འོ་མས་གསོ་བའོ ་གདུག་པ་སྟོང་ལ་ཞེས་རེངས་པའི་འཁོར་ལོ་བྲིས་ལ་སྡིགས་མཛུབ་བྱ་སྟེ། སྔགས་བཟླས་པས་རེངས་པར་བྱེད། བདེན་ཚིག་གིས་གྲོལ་ལོ། །སྨེ་ཤ་ཅན་ཞེས་པ་ལ་དུ་ར་དང་ཨེ་རཎྜའི་འདབ་མ་དང་འབྲས་བུ་ལ་སྔགས་ལྡན་པས་སྦྱིན་སྲེག་བྱས་ལ་ཐལ་བ་འཆང ་བས་བྱུགས་པས་འགྲུབ་བོ། །སྦྱིན་སྲེག་གི་མེའི་ཐལ་བ་ནི་ཤིང་ཨརྐ་ལ་བུད་ཤིང་བྱས་པའོ། །བཟླས་བརྗོད་ནི་ཉེ་བའི་སྙིང་པོའོ། །བསྣུན་པ་ནི་བསྒྲུབ་བྱ་ལ་ཐལ་བ་ངེས་སོ། །ཆུ་ནི་མི་བསྐྱོད་པའོ། །གཏོར་བ་ནི་བསྒྲུབ་བྱ་འམ། ཡང་ན་དེའི་གཟུགས་བརྙན་ལའོ། །ཐོད ་པའི་ཕྱག་རྒྱ་ནི་འགུགས་པའི་འཁོར་ལོ་བྲིས་ལ་གཟུགས་བརྙན་གྱི་སྙིང་གར་གཞུག་།འགུགས་བྱེད་རྫས་ནི་ཤིང་སྲིན་བུས་ཟོས་པའི་རྗེས་ཤུལ་དང། ཤིང་ཕྱེས་ཉི་མའི་རྗེས་སུ་འགྲོ་བའི་ཤིང་ལ། ད་དུངས་འཁོར་ལོ་བྲིས་ལ་ཁྱི་སྨྱོན་ཤི་བའི་ཐོད་པ་ཁ་སྦྱར་དུ་བཅུག་ལ ་དུར་ཁྲོད་དུ་སྦས་ན་འགྲུབ་བོ། །སེམས་ཀྱིས་གྲོལ་བའོ། །གང་གིས་ནི། གཙུག་པུད་བཅིངས་པས་ཌཱ་ཀི་མ་འདུ་བར་འགྱུར་བའོ། །ཁང་སྟོང་དུ་སོང་སྟེ་ཞེས་པས་དུར་ཁྲོད་ཀྱི་ཐོད་པའི་སྟེང་དུ་གྲོག་མཁར་གྱིས་དང། གདོལ་པ་མའི་ལག་པར་དེ་ཉིད་བྱིན་ཏེ། ས་དེ ་ལ་མཆིལ་མས་འདག་པ་བྱེད་དུ་བཅུག་ལ། དེའི་ནང་དུ་འཁྲུལ་འཁོར་བཅུག་ལ་རི་ལུ་བྱས་ལ་རང་གི་སྤྱི་བོར་བཞག་།མིག་བགྲད་ལ་བཟླས་པ་བྱས་པས་མི་སྣང་བའོ། །སྟན་དང་མལ་ཁྲི་ལ་ཞེས་པས། རྔ་མོའི་རུས་པ་ལ་བུ་ག་བྱས་པར་མི་རུས་ཀྱི་གུས ་པ་བཅུག་ལ་སྔགས་བཟླས་པས་འགྲུབ་པའོ། །ཐོད་པ་དང་བཅས་པ་ནི་འཁྲུལ་འཁོར་ཕྱིན་ཅི་ལོག་ཏུ་བྲིས། གྱོ་མོའི་ཕྱེ་མ་དང་སྒྲུབ་པའི་ཡུངས་ཀར་བླུགས་ནས། སྔགས་ཀྱིས་འགྲུབ་པའོ། །སྟེང་དུ་བལྟས་ཏེ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་གིས་སྦྱིན་སྲེག ་བྱས་པས་འགྲུབ་པའོ། །གཞན་གྱི་དཔུང་བཟློག་པར་བྱ་བ་ལ་ལག་པ་གཡོན་པའི་མཐིལ་དུ་ལྡོང་རོས་སམ་ཡུང་བས་འཁྲུལ་འཁོར་བྲིས་ཏེ། ཁུ་ཚུར་བཅངས་ནས། གཡུལ་འགྱེད་པའི་ཕྱོགས་སུ་བསྟན་ན་རེངས་པར་འགྱུར་བའོ། །བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་སས་བཀང་ལ། ་སྨན་གྱི་ས་བོན་ཨ་བ་ར་མི་ཏ་དང། ད་དུ་ར་དང་ལྡན་པའི་བདུད་རྩི་ལྔ་དང། སྨེ་ཤ་ཅན་གྱི་བུ་མོའི་རང་བྱུང་གིས་བསྐུས་ལ། དགུ་སྟོང་ལ་ས་བོན་བཏབ་ལ་མཱ་མ་ཀཱིའི་སྔགས་ཀྱིས་ཆུས་བྲན། སྒྲོལ་མའི་སྔགས་ཀྱིས་གཏོར་མ་ཕུལ་ལ། སྐར་མ་རྒྱལ་དང་དྲང་སྲོང་ཉི་མ་ལ ་འབྲས་བུ་སྨིན་པ་ས་ལམ་ལྷུང་བར་ཏེ། སྨན་གྱི་ཐུམ་བུ་མགུལ་བར་བཏགས་སམ་སྤྱི་བོར་བཅིངས་སམ། ལུས་ལ་བཅངས་ན་མཚོན་བཟློགས་སོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །ཞེས་པས། ནགས་ཀྱི་རས་བལ་ལ། བུ་མོ་གཞོན་ནུས་བཀལ་པའི་སྐུད་པ་ལ་ཉེ་སྙིང ་བཟླས་ཤིང་རྡོ་རྗེའི་མདུད་པ་བྱས་པ་ལུས་ལ་འཆང་ན། ཐུབ་པ་མེད་པར་འགྱུར་བའོ། །དེ་ཉིད་ནང་དང་ཕྱིའི་བྱེ་བྲག་གིས་ལས་ཉེར་ལྔ་བསྟན་པའོ། །ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་ག་ནི་ལས་རབ་འབྱམ་མོ། །ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །། ་དེ་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་སྤྱིར་རྒྱས་པར་རྣལ་འབྱོར་དུ་བྱེད་པས་སམ། ཡང་ན་བྱེ་བྲག་ཏུ་གོ་ཆ་ཉིད་ཀྱི་ལྷ་དང་སྔགས་ལམ་དུ་གྱུར་པས། དུས་དང་གྲངས་སམ། མཚན་མའི་བསྙེན་པ་གྲུབ་པས། དེ་ཉིད་ཀྱིས་བྱ་བ་ལས ་ཚོགས་བསྒྲུབ་པ་ལ་འཇུག་པའི་ཕྱིར་རོ། །དེ་ནས་ཞེས་སྨོས་ཏེ། ཕྱི་དང་ནང་གི་ཁྱད་པར་གྱི་གོ་ཆའི་ལས་ཉེ་བར་འགྲུབ་བའི་ཕྲིན་ལས་རྣམས་ནི་ལས་དང་དངོས་གྲུབ་ཐམས་ཅད་དོ། །འཇིག་རྟེན་གསུམ་ན་གང་ཡོད་པ་ནི་ཕྱི་སྲིང་གསུམ། ནང་དུ་རྩ་ཡི་གེ་ཐིག་ལེ་རླུང་གི་ནུས་པ ་ས་བོན་ཚུལ་དུའོ། །ཡིད་ལ་འདོད་པ་ཀུན་གྲུབ་པ་ནི་གྲུབ་པ་བརྒྱད་མཁའ་སྤྱོད་དང་བཅས་པ། ལུས་ངག་ཡིད་ལ་རྡོ་རྗེ་ལྟར་ནུས་པ་དང་མངོན་པར་ཤེས་པ་ཐོགས་པ་མེད་པ་འབྱུང་བའོ། །སྐྱེ་མཆེད་རྣམས་བྱིན་གྱིས་རློབ་ཅིང། གསང་བའི་སྲུང་བ་གོ་རིམས་བཞིན་དུ ་བཤད་པར་བྱ་ཞེས་བཤད་པའི་རྒྱུད་ཨ་བྷི་དྷཱ་ན་ལ་སོགས་པ་ལས་ཤེས་པར་བྱ་བ་སྟེ། གོ་ཆའི་ལྷ་དཔའ་བོ་དྲུག་དང། དཔའ་བོ་དྲུག་ལས། ལམ་དུ་གཙོ་བོ་གོ་འཕོ་བ་ཡབ་ཡུམ་ཅན་གྱི་དཀྱིལ་འཁོར་དང། གཙོ་བོ་ཡབ་ཡུམ་ཅན་ལས་འཁོར་ལྔ་ལྷ་རྐྱང་བར ་འདོད་པ་ཐམས་ཅད་ཡབ་ཡུམ་ཅན་དུ་གནས་པ་དང། དེ་དག་ལ་མངལ་སྐྱེས་རྫུས་སྐྱེས་སོ་སོའི་དབྱེ་བས་རྟོགས་པར་བྱ་བའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པའི་ལས་བསྟན་པའི་ཕྱིར། དེ་ལ་གོ་ཆ་ཟློས་བཞིན་དུ་ཞེས་པ། རང་ཉིད་ལྷག་པའི་ལྷའི་འཁོར ་ལོར་གསལ་བའི་ངང་ལས། རྡོ་རྗེ་བཟླས་པས་ལྷ་དང་དབྱེར་མེད་དུ་ལུས་ཀྱི་གནས་རྣམས་སུ་བཀོད་པ་ལ་ཡང་བའི་ལམ་དུ་ཞུགས་ན་ཡང་བར་ཆད་ཀྱི་གནོད་པས་མི་ཚུགས་ཏེ། མིའི་རྐུན་མ་དང་ནི་ཚོམ་པོ་པ་འམ། འབྱུང་པོ་ཕྲ་མོའི་གནོད་པ་མི་འབྱུང་ཞིང། སྟག་ལ་སོགས ་བདག་གིས་ལྐོག་ཏུ་གྱུར་པའི་ནུས་ལྡན་དག་ལ་ཡང་འཇིགས་པར་མི་འགྱུར་པ་དེ་དག་གིས་མི་མཐོང་ཞིང་མི་སྣང་བར་འགྱུར་རོ་ཞེས་གནས་སྐབས་ཀྱིའོ། །ཡང་ན་གྲོ་ག་ལ་རོའི་སེན་མོ་དང་གུར་གུམ་དང། གི་ཝང་གིས་སྐར་མ་བཟང་པོ་ལ་པདྨ་འདབ་མ་དྲུག་གི་ཕྱི་རོལ་དུ ་རྡོ་རྗེ་རྩེ་གསུམ་པ་དྲུག་པྲི། ལྟེ་བ་ལ་མིང་སྐུལ་ཚིག་དང་བཅས་པ་དང། འདབ་མ་ལ་གོ་ཆའི་སྔགས་དང། རྡོ་རྗེ་རཱ་དབུས་མ་ལ་ཉེ་བའི་སྙིང་པོའི་ཧཱུཾ་ཅིག་བཞག་པ་དྲུག་བྲིས་ལ། དམ་ཚིག་གི་ལྷ་སྔགས་ལ་ཡེ་ཤེས་དགུག་བསྟིམ་མཆོད་བསྟོད་བྱས་ནས་ལུས་ལ་བཅངས་ན་སྲུང ་བ་ཆེན་བར་འགྱུར་བའོ། །ཡང་ན་དབྱི་མོའི་ཤིང་གི་འབྲས་བུ་བྱ་རོག་གིས་ཟར་བཅུག་ལ་དེའི་བྲུན་དང་འབྲུ་བྲམ་ཟེའི་ཐོད་པར་བསྐྱེད་ལ་དེའི་འབྲས་བུ་ཟླ་བ་སྒྲ་གཅན་གྱིས་ཟིན་པའི་ཚེ་བླངས་ལ། ལྕགས་གསུམ་གྱིས་དཀྲིས་ནས་ཁར་བཅུག་ན་ཡང་འགྲོ་བ་གཞན་གྱིས་མི ་མཐང་ངོ། །རྒྱལ་པོའི་ཕོ་བྲང་དུ་ཞེས་པ་ལ། ཁྱི་ནག་པོའི་ཆུའི་ས་བློན་པ་ལས་གོ་ཆའི་འཁྲུལ་འཁོར་བྲིས་ནས་དེའི་དཀྱིལ་དུ་བཅུག་ནས་ལྕགས་གསུམ་གྱི་དཀྲིས་ལ་ཁར་བཅུག་ནས་སྔགས་བཟླས་ན་ཡང་འགྲུབ་པའོ། །རེངས་པའི་ལས་ལ། གོ་ཆའི་སྔགས་ལན་བདུན་ཟློས ་པའི་སྔགས་པས་ཞེས་པ་ནི། དུར་ཁྲོད་ཀྱི་མེ་འགྲམ་དུ་འཁྲུལ་འཁོར་བྲིས་ལ། དུར་ཁྲོད་ཀྱི་ས་དང་ཐལ་བ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་འཁོར་ལོ་སྙིང་གར་གཞུག་།རང་གི་ལག་པ་ལ་རེངས་པའི་འཁོར་ལོ་བྲིས་པའི་ལག་པས། དུར་ཁྲོད་དུ་སྤས་ལ་དེའི་སྟེང་དུ ་གཞི་མཉམ་གྱིས་བཀབ་ལ་བཞག་པས་འགྲུབ་པོ། །ཁྲག་དགུག་པ་ལ་རང་གི་སྲིན་ལག་གི་ཁྲག་གིས་འགེགས་ནས་ཤི་བའི་ཐོད་པར་བཞག་ལ་སྔགས་བཟླས་ཏེ། རང་གིས་དཔྲལ་བར་ཐིག་ལ་བྱས་ན། འགྲུབ་པར་འགྱུར་རོ། །གང་གི་ཁྱིམ་དུ་ཞེས་པ་དུར་ཁྲོད་ཀྱི་རས ་ལ་དྲག་པོའི་རྫས་ཀྱིས་འཁོར་ལོ་བྲིས་ལ། ཟག་རྫས་ལ་གཟུགས་བརྙན་བྱས་ཏེ། དགུག་སྟིམ་བྱས་པས་དུར་སོལ་མེ་ལ་བསྲོ་བས་གདུང་ཞིང་སྔགས་བཟླས་ནས་དུར་ཁྲོད་དུ་སྦས་ན་འགྲུབ་པའོ། །གང་གི་གདོང་ལ་བལྟས་ཏེ་ཞེས་པ་ལ། བསྒྲུབ་བྱའི་ཟག་རྫས་ལ་བྱས་པའི ་གཟུགས་ཀྱི་སྙིང་ཀར། དུར་རས་ལ་དུག་གིས་འཁྲུལ་འཁོར་བྲིས་པའི་སྤེལ་ཚིག་བཅུ་ཅིང་བཟླས་པས་ཁྲོ་བོའི་བལྟ་བ་དང་བཅས་པས་ངེས་པར་བསྒྲུབ་བོ། །ཆུ་བོ་དང་རྫིང་བུ་རིན། ཤོ་མ་ལའི་ཤིང་ལ་ལྕང་ལྕམ་བྱ་སྟེ། པདྨ་དང་སྦལ་བའི་ཚིལ་བུ་སྦྲུལ་གྱི་ཁྲག་གསེར་གྱི་མེ་ཏོག ་ལ་སྤགས་པ་ལྷམ་ནང་དུ་བཅུག་སྟེ་དེ་ལ་སྔགས་བཟླས་ཤིང། འགྱུར་བཞི་སྟེང་དུ་བཅགས་ན་ཆུ་ལ་ཐང་བཞིན་དུ་འགྲོ་བར་འགྱུར་བའོ། །ཆུ་ལ་ཞུགས་པ་ནི། ཆུ་སྦྲུལ་གྱི་ཁྲག་སྤྲ་ཚིལ་གྱིས་གཏུམས་ལ་རང་གི་ཁར་བཅུག་སྟེ་སྔགས་སྤེལ་ཚིག་དང་བཅས་པས་བཟླས་ན་འགྲོ་བ ་འམ་གནས་པ་ལ་ལུས་ལ་གནོད་པ་མི་འབྱུང་ངོ། །གནས་གསུམ་གྱི་རྣལ་འབྱོར་མའི་དབང་ཕྱུག་བྱ་བར་འདོད་པས། ལག་པ་གཉིས་ཀྱི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་དབང་དུ་བྱས་པའི་འཁྲུལ་འཁོར་གུར་ཀུམ་གྱིས་བྲིས་ནས། དུར་ཁྲོད་ཀྱི་རོ་ཟོས་པའི་ལྷག་མ་ཞི་བ་མོར་བྱས་པ ་དང། བསྲེས་པས་ཉིད་བཞིན་དུ་ནི་དྲིལ་གྱིས་བྱས་ནས། གསང་སྔགས་ལན་སྟོང་བཟླས་ནས་ལྷ་མོ་ལ་སོགས་པའི་མིང་སྤེལ་བཅུག་སྟེ། ཨ་མུ་ཀཾ་མེ་བ་ཤཾ་ཀུ་རུ་མན་ཡ་ཧོ་ཞེས་འགྲུབ་པོ། །མཁའ་འགྲོ་མ་གང་གང་ཡིན་པ་ནི་རྣལ་འབྱོར་མ་སྣ་ཚོགས་ཞེས་པ་ལ་སོགས་པས ་སྙིང་པོའི་རྣལ་འབྱོར་མ་སྟེ། དབྱིབས་ལྟར་ན་སྙིང་གའི་འཁོར་ལོའི་རྩ་ཕྱོགས་བཞིན་གནས་པ། སྔགས་ལྟར་ན་འབྱུང་བ་བཞི་རླུང་ཁ་དོག་སོ་སོ་བ་ཉིས་བརྒྱ་ཉེར་ལྔ་པ་བྲག་བཞི་དང། ཆོས་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ལས། ཡང་ཐམས་ཅད་ནི་མཁའ་འགྲོ་མ་རྡོ ་རྗེའི་རིགས་ལ་སོགས་པ་དང་ཁྭ་གདོང་མ་ལ་སོགས་པ་ཡང་འགྲུབ་པའོ། །ད་ནི་གོས་ཀྱི་རྣལ་འབྱོར་ལམ་དུ་བྱེད་པས་ཕྱོགས་བཅུར་ཀུན་ཏུ་འགྲོ་བའི་དབང་ཕྱུག་ཐོབ་པར་བྱ་བ་ནི། སྐར་མ་རྒྱལ་ལ་རས་བྱས་ལ་ཞེས་པ་ལ་སོགས་པའི་དོན་ནི། དུར་ཁྲོད་ལ་སོགས་པར་སྦྲུལ་གྱི ་རོ་བཅལ་ལ། ལུས་དཀར་ནག་གི་མཚམས་སུ་རྡོ་རྗེ་གྲི་གུག་གིས་སོར་བཞི་བཞིར་གཏུབས་ལ་ཞག་བྱུང་བ་མ་འདྲེས་པར་རས་བལ་གྱི་ས་བོན་ལ་བསྐུས་ཏེ། དེ་མ་ཐག་ཏུ་སྐབས་ལ། མ་འདྲེས་པར་དུར་ཁྲོད་ཐག་ཉེ་བར་བསྐྲུན་པ་ཡིན་ན་བཟང་ངོ། །གལ་ཏེ་མ་ཡིན་ན ་རང་གི་ཁང་པར་དབེན་སར་དུར་ཁྲོད་ནས་ས་བླངས་ཏེ་སྐར་མ་རྒྱལ་གྱི་ཉིན་པར་ལྷ་མོ་སྤྱན་མའི་སྔགས་ཀྱིས་བཙུགས་པ་ནག་པོ་ཟླ་བ་མར་ངོའི་དུས་དང། ཡང་མཱ་མ་ཀཱིའི་སྔགས་བཟླས་པས་ཡར་ངོ་དཀར་པོའི་ཤ་དང་ཞག་ལས། གེས་དཀར་མོའི་ཁཎྜ་རོ་ཧའི་སྔགས་ཀྱིས ་སྲུང་ཞིང། བར་ཆད་སྲུང་ཞིང་གོ་ཆའི་སྔགས་བཟླས་ཞིང་མཆོད་གཏོར་དང་ལྡན་པས་བསྐྱེད་དོ། །དེ་ནས་ཡུན་རིངས་ཞིག་ནས་རས་བལ་དུ་གྱུར་པ་དང། བུ་མོ་མ་ཉམས་པས་དཀར་མོ་ལ་ཡང་སེམས་བསྐྱེད་དབང་ཐོབ་དམ་ཚིག་ལྡན་པས་དཀར་པོའི་ཞག་བགོས་པ་བླངས་ལ ་ཡར་ངོའི་རྒྱལ་ལ་ཐག་ཏུ་གཞུག་པ་སྟོང་གཡོགས་དང། ཡང་གདོལ་བའི་བུ་མོ་ལ་སྔར་ལྟར་ཏེ་ནག་པོའི་ཞག་བགོས་པ་མར་ངོའི་རྒྱལ་ལ་འཐག་ཏུ་བཅུག་སྟེ། རས་ཡུག་ཏུ་གྲུབ་པའི་ཚེ་ན། ཞག་སོ་སོ་ལ་ཡང་བླུགས་ལ། གུ་གུལ་དཀར་ནག་གི་དུ་མས ་བདུག་ཅིང་གྲོར་ཕྲིན་ལས་ཀྱི་འཁྲུལ་འཁོར་ཡང་བྲིས་ལ་གོ་ཆའི་སྔགས་སྟོང་ཕྲག་བཅུ་སོ་སོར་བཟླས་ནས་བླ་གོས་དང་མཐང་གོས་སུ་བྱས་ཏེ་གར་འགྲོ་ཡང་མི་སྣང་ཞིང། རིག་འཛིན་གྱི་དངོས་གྲུབ་ཐོབ་སྟེ། རྒྱ་མཚོ་དང་འོག་མིན་གྱི་མཐར་ཐུག་པར་འགྲོ་བས་འགྲུབ་པར ་འགྱུར་བའོ། །ནང་དོན་དུ་སྟོང་གཡོགས་གླང་པོའི་པགས་པ་དང། སྨད་གཡོགས་སྟག་གི་ཤམ་ཐབས་སུ་བྱིན་གྱིས་བརླབས་ཏེ། རིག་པ་བརྟུལ་ཞུགས་གྱི་སྤྱོད་པ་དང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བྱ་བ་ཉིད་དོ། །རྣམ་ཤེས་ལྡན་པའི་ལུས་ལྗོན་ཤིང་དུ་བསྒྱུར ་བའི་བྱེད་པ་བསྟན་པ་ལ། ཤིང་ཡོངས་འདུའི་ཞེས། ཕོ་ཉ་ལ་བརྟེན་པ་འམ། རྣལ་འབྱོར་གྱི་ལམ་པས། ལུས་ཀྱི་རྩ་ཀུན་དར་མ་ལས་བྱུང་བའི་ཁུ་བཅུད་བྱང་སེམས་ཙཎྜ་ལཱི་སྤར་བས་བླངས་ལ་ཐུར་ལ་བབ་པ། གྱེན་དུ་བཟློག་ཅིང་དྲང་བ། ཧཱུཾ་གིས་རླུང་དྲག་པོར་དྲང་པའོ། བཟླས ་བརྗོད་སྟོང་བྱས་ཏེ་ནི་ཧཱུཾ་ཧཱུཾ་ཞེས་འདྲེན་པར་མི་པས་ལྟེ་བ་ནས་ཡང་གང་ལ་སྟེ་ལུས་ཀྱི་དཔྲལ་བར་ཐིག་ལེ་བྱས་པས་འོག་ཏུ་འཕོ་པར་མི་འགྱུར་བས་དེ་ཉིད་དཔག་བསམ་གྱི་ཤིང་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ་ནི་ལེའུ་ཞེ་དགུ་པར་ཡང་བསྟན་པའོ།། ་དེ་ཉིད་བསམ་གཏན་ཞི་གནས་བདེ་བ་ལ་མ་སད་པ་ལ། ཆུ་ལ་ནི་རླུང་སྲོག་རྩོལ་བསྐུལ་བས་བཟླས་ཏེ། འཁྲུལ་འཁོར་གྱིས་གཏོར་ན་ལུས་ཐམས་ཅད་དུ་ཁྱབ་པར་བྱས་པས་སླར་འཚོ་བར་འགྱུར་བ་ཏིང་ངེ་འཛིན་ནས་ལྡང་བའོ། །སྟོབས་ཁྱད་པར་བྱེད་པ་ལ་འདི་དག་ནི ་སྔ་མའི་དོན་གྱི་ཡེ་ཤེས་སོ། །གླང་པོ་ཆེའི་ལུས་ལྟར་བསྒྲུབ་པ་ལ་རྐང་རྗེས་ནི་ས་རླུང་རིགས་བཞི་ལམ་དུ་བྱ་བས། བཟླས་བརྗོད་སྟོང་བཟླས་པས་ནི་སྔགས་དང་རླུང་དབྱེར་མེད་ཀྱིས། འཕྲལ་བ་ན་བྱང་སེམས་ཧཾ་གི་རྡུལ་བླངས་ཏེ་ཞེས་ཁ་བལྟར་བབས་པས་གད ་ལ་བསྣུན་པ་དེ་ནི་འོག་ཏུ་ཙནྡྲ་ལཱི་ལ་སྟེ། གླང་པོ་ཆེ་ལྟ་བུའི་སྟོབས་ཀྱིས་ཐེག་པ་ཆེན་པོ་གཞན་གྱི་སྡུག་བསྔལ་ཁུར་དུ་འཁུར་བའི་བཟོད་པ་ཐོབ་པར་འགྱུར་བའོ། །དེ་ལས་གོང་དུ་བསྟན་པའི་རྩ་སྔགས་སྙིང་པོ་དེ་སྙིང་གོ་ཆའི་ལས་ཚོགས་གྲུབ་པའི་ཁྱབ་པ་གསང་བ་བླ་ན་མེད་པ་བསྟན་པ་ནི། དབང་པོ ་གང་དང་གང་ལམ་གྱུར་ཞེས་པས་དང་པོ་ལྷའི་རྣལ་འབྱོར་ལྟར་ན་དབང་པོ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པ་གཏི་མུག་རྡོ་རྗེ་ལ་སོགས་པ་དང། ཡིད་ཀྱི་སྐྱེ་མཆེད་དབང་ཕྱུག་རྡོ་རྗེ་ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །གང་དང་གང་ལམ་གྱུར་ནི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས ་པ་ཕྲ་རགས་སྣ་ཚོགས་སྣང་བའོ། །ཡེ་ཤེས་ཀྱི་རོལ་བར་འཆར་བ་དེ་དང་དེའི་རང་བཞིན་ཐབས་ཤེས་རབ་གཉིས་མེད་དུ་འགྲོ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པར་རོ། །མཆོག་ཏུ་ནི་བདེ་ཆེན་པོར་མཉམ་གཞག་ནི་ལྷར་གསལ་བ། རྗེས་ཐོབ་དང་རོ་མཉམ་དུ་སྦྱོར་བ་ཡིས་ནི་བརྟན་གཡོ་ཐམས་ཅད ་དཀྱིལ་འཁོར་བའི་སངས་རྒྱས་ལ་སོགས་པའི་རང་བཞིན་སྣང་སེམས་གཉིས་མེད་ལས་གཞན་དུ་མི་འགྱུར་བའོ། །རྫོགས་པའི་རིམ་པར་དབང་པོ་གང་དང་གང་ལམ་གྱུར་ནི། རླུང་སེམས་དབྱེར་མེད་ལས། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་ཐམས་ཅད་དེ་དང་དེའི ་རང་བཞིན་འགྲོ་ནི་ཤེས་རབ་ཐབས་རྒྱུ་འབྲས་དབྱེར་མེད་དུ་འོད་གསལ་བར་འགྲོ་བའོ། །དེ་ཉིད་མཆོག་ཏུ་ནི་ཆོས་ཉིད་དང་མཉམ་གཞག་བདེ་ཆེན་ལས་སྦྱོར་བ་ཡིས་ནི་ཟུང་འཇུག་སྟེ། སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔ་ཐམས་ཅད་རྫོགས་པའི་རང་བཞིན་དུ་འགྱུར་བ་ལྷུན ་གྲུབ་མི་འགྱུར་པའོ། །ཁྱད་པར་སྙིང་པོའི་དོན་དུ་ནི། དབང་པོ་གང་དང་གང་ལམ་འགྱུར་ནི་སྒོ་ལྔ་རྟོག་མེད་དུ་འཆར་བ་ཡུལ་གཟུགས་ལ་སོགས་པ་ལ། དགའ་བ་དང་མཆོག་དགའ་ཨི་ངོ་བོ་བདེ་བ་དང་དེའི་རང་བཞིན་རྟོག་པ་ཐམས་ཅད་དང་བྲལ་བས་འགྲོ་འོང་མེད་པའི ་རང་བཞིན་དུ་བདེ་བ་ཆེན་པོའི་མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་མི་འགྱུར་བར་རོ་མཉམ་དུ་མཉམ་གཞག་སྟོང་པ་ཉིད་དང་གཉིས་སུ་མེད་པ་དགའ་བྲལ་ཞུ་བདེའི་སྦྱོར་བ་ཡིས་རྗེས་ཐོབ་སྣང་གྲགས་བདེ་བར་འཆར་བས་སངས་རྒྱས་སྐུ་བཞི་ཡེ་ཤེས་རོ་མཉམ་ཡེ་ཤེས་ཀྱི ་རང་བཞིན་དུ་འགྱུར་བ་ཉིད་དོ། །དེ་ཉིད་ཕྱག་རྒྱ་ཆེན་པོ་ལྟར་ན། དབང་པོ་ནི་རྣམ་པར་ཤེས་པ་རང་རིག་པའོ། །གང་དང་གང་ལམ་གྱུར་ནི་ཚོགས་དྲུག་ཡུལ་དང་ཡུལ་ཅན་དུ་སྣང་བ་ཐམས་ཅད་དོ། །སྣང་བ་སྣ་ཚོགས་དེ་དང་དེ་རི་ནི་རང་སེམས་སྟོང་བ་ཉིད་ཀྱི་ཆོ་འཕྲུལ་དུ་ཤེས་བས། ་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་ཤར་བས་རྣམ་པར་མི་རྟོག་པའི་ནམ་མཁའ་ལྟ་བུའི་རྒྱུ་འབྲས་བུ་འགྲོ་བ་རྟེན་འབྲེལ་ཉིད་དེ། བདེ་ཆེན་མཆོག་ཏུ་གྱུར་པས། མཉམ་གཞག་རྗེས་རོ་གཅིག་རབ་ཏུ་མི་གནས་པས། དོན་གྱི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ ་རང་བཞིན་དབྱིངས་ཡེ་ཤེས་དབྱེར་མེད་དུ་འགྱུར་བས་ན། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་དག་དང་རི་མོ་མཁན་ལྟར་སྣང། གང་དུ་བདེ་ཆེན་ཞེས་བྱ་གཅིག་བུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ་ཞེས་པའི་དོན་ཏོ། །གོ་ཆའི་སྔགས ་ཀྱི་ཆོ་གའི་ལེའུ་ནི། ཐབས་དང་ཤེས་རབ་ཀྱི་སྲུང་བ་ཆེན་པོའི་དཀྱིལ་འཁོར་གསང་བ་བསྟན་པ་སྟེ། བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་གོང་དུ་ཐུན་མོང་དུ་སྤྱིར་སྒྲུབ་པ་རྩ་བའི་སྔགས་ལས་ཚོགས་དང་བཅས་པ་བསྟན་ཅིང། བཅོམ་ལྡན་འདས་ཀྱི་སྙིང ་པོའི་ལས་སྟོན་པ་ལས། བྱེ་བྲག་ཁྱད་པར་དུ་ལས་རབ་འབྱམ་གྱི་གྲུབ་པ་བྱེ་བྲག་ཏུ་འཆི་བདག་བཟློག་པ་དུས་ཀྱི་ངེས་པ་དང་བཅས་པས་འགྲུབ་པར་གསུངས་པ་ནི་ད་ནས་ཞེས་སྨོས་ཏེ། གང་གིས་སྒྲུབ་པོ་ནི་བསྙེན་སྒྲུབ་སྔོན་དུ་སོང་བའི་ཁྱད་པར་དང་ལྡན་པའི་དེ་ཉིད་ལས། འགྲུབ ་པའི་རིམ་པ་གསང་བ་ཕྱི་དང་ནང་གི་བྱེད་པའོ། །གང་འགྲུབ་པར་བྱ་བ་ཧེ་རུ་ཀ་བོང་བུའི་རྣལ་འབྱོར་བདག་ཅེས་ལྷའི་རྣམ་པ་གཞན་དུ་བྱེད་པ་རྡོ་རྗེ་རྟོག་པས་མི་ཕྱེད་པའོ། །ཡིད་ཀྱི་གཟུགས་ཀྱིས་འཇུག་བྱའི་ཕྱིར་ནི། བཅོམ་ལྡན་འདས་ཀྱིས་ཐོག་མར་དམ་བཅས་པ་ལས། ་བསྐུལ་བར་བྱ་བས། གང་ཟག་ཉམས་སུ་ལེན་པ་དག་ལ་ཐུགས་རྗེས་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་བརླབས་འཇུག་པའི་ཐབས་ཀྱི་བསྒྲུབ་པའི་རིམ་པ་དེ་ནི་བཤད་པར་བྱ་ཞེས་ཐབས་བླ་ན་མེད་པ་མདོར་བསྟན་པའོ། །དེ་ཉིད་ཀྱི་དོན་ལ། བཛྲ་ཌཱ་ཀི་རྒྱ་མཚོ་ལས། འཁོར་ལོ་? ་བའི་རྣལ་འབྱོར་པས། མཚན་དང་དཔེ་བྱད་ལྡན་པ་ཡི། །ཞལ་ལ་ཞེན་པ་སྤོང་བ་དང། །དངོས་པོ་གང་དང་གང་ལ་ཡང། །དུས་གསུམ་ཤེས་པར་བྱ་བའི་ཕྱིར། །ཧེ་རུ་ཀ་ཉིད་བདེ་ཆེན་གྱི། །འཁོར་ལོའི་གཙོ་བོ་དེ་ཉིད་ནི། །བོང་བུའི་ཞལ་དུ་བསྒྱུར་ལ་བསྒྲུབ། །འདིས་ནི་ལས་དང་དངོས་གྲུབ ་ཀུན། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །ཐུགས་ཀྱི་འཁོར་ལོ་མཁའ་ལྡིང་གདོང། །གསུང་གི་རྨ་བྱ་སྐུ་སེང་གེ་།མི་ཕྱེ་ལྷ་མོ་ཤ་བ་དང། །མ་ཧེ་སྟག་དང་འུག་པའི་གདོང། །སྒོ་བ་སྔ་མ་ཉིད་ཡིན་ནོ། །ཌཱ་ཀི་མ་ནི་བོང་བུའི་ཞལ། །ལཱ་མ་སེངྒེ་གླང་པོ་ཆེ། ཕག་རྒོད་དུ་མ་སྐྱེས ་རུ་པའི་ན། ས་གསུམ་དབང་གཏེར་ལོངས་སྤྱོད། །གྲུབ་པ་ཀུན་ཏུ་བསྒྱུར་བའོ། །ཞེས་པའི་དོན་གྱིས་བསྟན་ཏོ། །དེ་ཡང་སྒྲུབ་པའི་རིམ་པ་ནི་།གནས་དབེན་པར་དཀྱིལ་འཁོར་བཤམས་པ་ལ། །ལྷག་པར་གནས་པ་བཞིན་དུ་དྲིའི་བྱུག་པ་ལ་ཚོམ་བུ་བཀོད་པ་འམ། རྡུལ་ཚོན ་གྱི་ཕྱག་རྒྱ་དགོང་པ་ལ། ལྷག་པའི་ལྷར་བསྒྲུབ་བ་མཆོད་པ་དང་བསྟོད་པ་བྱས་ལ་འཁྲུལ་འཁོར་བྱ་བ་ནི། གྲོག་འམ་ཤིང་ཤུན་ལ། ལྟེ་བ་ལ་ཧཱུཾ་བཾ་བྲི། གུར་གུམ་གྱིས་བྱས་ཏེ། ཕྱོགས་ལ་སྙིང་པོ་ཉེ་སྙིང་བྲི། མཚམས་སུ་ཐོད་པ་བདུད་རྩི་ཅན་དང། འཁོར་ལོའི་རྩིབས་ལ་དཔའ་བོའི ་རྩ་སྔགས། སྒོའི་ནང་དུ་སུཾ་བྷ་སོགས། རྡོ་རྗེ་ར་བའི་ཕྱི་རོལ་དང། མུ་ཁྱུད་ཀྱི་མཚམས་པ་ཐམས་ཅད་དུ་སྔགས་ཐམས་ཅད་བྲི། ར་བ་ཟླུམ་པོ་ལ་ཡུམ་གྱི་རྩ་སྔགས། ཕྱི་རོལ་གྱི་ར་བ་ལ་སྦེལ་ཚིག་དང་བཅས་པ་སྟེ། འཁོར་གྱི་དབུས་སུ་འབྲས་སཱ་ལུ་འམ་བག་ཕྱེ ་ལ་མིའི་གཟུགས་བོང་བུའི་མགོ་ཅན་བྱ་སྟེ། ཡང་ན་འཁྲུལ་འཁོར་བྲིས་པ་སྤེལ་ཚིག་ནི་ཨ་མུ་ཀཾ་ཤུ་བྷ་ནི་མི་ཏྲཾ་ཏི་ཀ་ཀུ་རུ་དང། ཨཱ་མོ་ཀ་སཔཏ་ཛ་ར་མ་དྲི་ཤ་ཀུ་རུ་ཞེས་པ་དང། འཁྲུལ་འཁོར་གཟུགས་ཀྱི་སྙིང་གར་བཅུག་ལ། དེ་ལ་ཧེ་རུ་ཀ་བསྟིམ་སྟེ་བསྒོམ་བཟླས ་བྱས་ནས། ཞུན་ཆེན་མར་མེ་བསྟམས་ལ། བཟླས་པ་ཁྲི་ཕྲག་རེ་སོང་བ་དང་མེ་ལོང་ནང་དུ་གཟུགས་བརྙན་དེ་འཆང་བར་བྱ་སྟེ། ལྷོ་སྒོར་བཞག་ལ་མཚན་ལྟས་བརྟགས་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བས་དུས་གསུམ་དང་སྐྱེ་བ་བདུན་པ་ལ་སོགས་པ ་དེར་ཤེས་པར་འགྱུར་བའོ། །རྒྱས་པར་བསྟན་པ་ལ་རྣལ་འབྱོར་པས་ནི་བདག་དང་ལྷ་ཐ་མི་དད་པར་བལྟ་བས་སོ། །ལཱ་མའི་གཟུགས་ནི་ཞལ་རྣམ་པར་འགྱུར་བའོ། །དེ་བཞིན་དུ་ནི་མཁའ་འགྲོ་མ་ནི་རི་བོང་གི་ཞལ་ཅན་ཤར་དུ་དུ་མ་སྐྱེས་མ་ནུབ་ཏུ། འདོད ་གཟུགས་ཅན་ལྷོ་ཕྱོགས་སུའོ། །མཁའ་འགྲོ་མ་དེ་དག་ནི་གྲི་གུག་ཐོད་པ་དང། ཌ་མ་རུ་དང་རྩེ་གསུམ་ལས་ན་ཐོགས་ཞེས་པས་རྒྱན་ལ་སོགས་པ་སྤྱིའོ། །དེ་ལ་དྲན་པ་དང་རིག་པ་ཕྲ་མོ་འཆར་བ་ནི། ཚེ་ཟད་པ་ཡང་སྟེ་སྒྲུབ་པ་འདིས་འཆི་བདག་ལས་རྒྱལ་བར་འགྱུར་ལ། ་ཚེ་རིང་བར་ནི་ཅུང་ཟད་ནུས་པ་སྐྱེས་པས་ཚེ་ལ་དབང་བས། ལྟས་ངེས་པ་བསྒྲུབ་པ་ཉིད་ཀྱི་ཉམས་སྣང་ལ་གསལ་བ་ཡིན་ཞེས་དུས་གསུམ་ཤེས་པ་འབྱུང་བའོ། །འདིར་ནི་བོང་འདྲའི་རྣལ་འབྱོར་མ། དེ་ཚེ་བོང་བུ་འདྲ་བལྟའི་གནས་སྐབས་སུ། རང་དང་གཞན་གྱི་སྐྱེ་བ་དང ་འཆི་འཕོ་བ་མངོན་སུམ་དུ་ཤེས་པར་འགྱུར། ཡང་ན་སྐྱེ་བ་སྔ་ཕྱི་རྟགས་ལ་རྟེན་ནས་རྗེས་སུ་དཔག་པའོ། །གླང་པོ་ཉིད་དུ་སྔོན་དུ་གང། །མཐོང་སྟེ་གླང་པོའི་གཟུགས་ཅན་ཡིན། ཞེས་བྷ་ག་བཱན་གྱིས་སྔོན་གླང་པོ་ངེས་པར་སྐུ་སྐྱེ་བ་བཞེས་པ་དེ་དང་མཚུངས་པ་འམ། ་བོ་དྷ་སཏྭ་རི་བོང་དུ་སྐྱེ་བ་བཞེས་པ་ལྟར། གང་དང་གང་གི་སྐྱེ་བ་ནི། སྔོན་གྱི་སྐྱེ་བར་གྱུར་བ་དག་འགྲོ་བ་རིགས་དྲུག་གི་སྣང་བ་མཐོང་བས་ཟག་བཅས་ཟག་མེད་ཀྱི་ཉམས་སྣང་ངོ། །རྒྱུ་མཐུན་གྱི་འབྲས་བུ་དེ་ནི་དེ་འདྲའི་གཟུགས་དག་ཏུ་ཞེས་རྒྱུ་འབྲས་ཀྱི་བྱེ་བྲག་མ་འདྲེས ་པར་རྣལ་འབྱོར་པས་ནི་འདིར་མཐོང་འགྱུར་རྟེན་འབྲེལ་གྱི་ཆེ་བ་སྟོན་པའོ། །དེ་ནི་གྲུབ་པའི་སྐྱེས་བུས་ཏེ་དེ་ནི་གནས་སྐབས་དང་མཐར་ཐུག་གི་དབང་ཕྱུག་ཡོན་ཏན་ནོ། །ཁྱད་པར་དུ་སྐྱེ་བ་བདུན་པའི་ཤེ་ཁ་ན་མ་ཐོ་བ་མེད་པ་ལ་ཚོགས་འཁོར་དང་གཏོར་མ་བྱས་པའི་ནུས ་པ་བསྟན་པ་ལ། སྐྱེ་བ་བདུན་གྱི་རིམ་པ་ཞེས་གནད་ལ་བོར་བ་ཁྱད་པར་དུ་བྱ་བས། དེའི་ཤ་དེས་ཚོགས་དང་གཏོར་མ་དང་སྦྱིན་སྲེག་ཏུ་བྱས་ནས་ལོངས་སྤྱད་པས་སྒྲུབ་པ་པོ་ལ་གྲུབ་པར་འགྱུར་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མ་ཐོས་པའོ ་དེ་ལས་མཁའ་སྤྱོད་གྲུབ་པ་ནི། དེ་བཞིན་དཔག་ཚད་བརྒྱ་ཕྲག་ནི་རྫུ་འཕྲུལ་གྱིས་བགྲོད་པ་སྟོང་གི་སྟེང་དུ་སྟེ་བྷ་གནས་གོང་མ་ཐམས་ཅད་དུ་ནུས་པའི་སྟོབས་ཀྱིས་སྐད་ཅིག་ཙམ་ལ་འགྲོ་བ་ལུས་ཤིན་ཏུ་དངས་པར་འགྱུར་བའི་ཁྱད་པར་རོ། །ཡང་དེ་ཉིད་ཁྱད་པར་དུ་བྱེད་པ་ལ་རྣལ་འབྱོར ་སྔགས་མཆོག་དམ་པ་སྟེ་ནི་ནད་དོན་ལྟར་ན། རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་བྱེད་པ་ལས་ངགས་ནི་ཨ་ཧཾ་མཆོག་ནི་རྩ་དབུ་མའི་གདོང་སྟེ། ཤེས་རབ་ཀྱི་ཆ་བོང་བུའི་གདོང་རྩ་ཁ་ཁ་མུའོ། །ཐབས་ཀྱི་བོང་བུའི་གདོང་ནི་སྤྱི་བོ་བདེ་བ་ཆེན་པོའི་ཧེཾ་མགོ་ཐུར་དུ་ལྟ་བའོ། །དམ་པ་ནི་རྩ་གསུམ་འོང་མ ་པ་ནས་ཙན་ཌ་ལའི་འབར་བའོ། །མཁའ་འགྲོ་མ་ནི། སྟེང་འོག་གི་ཙཎྜ་ལཱི་དེ་རླུང་གིས་བསྐུལ་བས། རྩ་ཀུན་དར་མ་ནམ་མཁའ་ཨི་རྩའི་ནང་བརྒྱུད་དེ་གྱེན་དུ་འགྲོ་བ་ལས། མེའི་མདངས་ཕོག་པས། སྤྱོད་བ་ནི་ཧཾ་ལས་བདུད་རྩི་བབས་པས་བདེ་སྟོང་གྲུབ་པར་བྱེད་པ་ཡེ་ཤེས་འཆར་བ་ལ། རྣལ་འབྱོར་གྱི་བསམ ་གཏན་གྱིས་འབད་ན་མཚན་མ་རླུང་སེམས་ལས་སུ་རུང་བས། དུག་ལ་སོགས་པའི་ཉམས་སྣང་བ་དཔག་ཏུ་མེད་པ། གང་གིས་རླུང་སྔགས་གཉིས་མེད་དུ་བཟློག་པ་ངེས་ནི། རྟགས་བཅུ་ལ་སོགས་བཟླ་བ་གཅིག་གིས་ཏེ། འབྱུང་བ་ལྔ་དབང་པོ་ལྔ་ཡུལ་ལྔ་ཉིན་མཚན་དུ་འབད་པས ་ཡེ་ཤེས་ཆེན་པོ་འགྲུབ་པར་འགྱུར་བ་ཉིད་ངེས་པའོ། །གསང་བའི་ལུས་ཀྱི་རྩ་གསུམ་ལས་ཉམས་འཆར་བ། སྔགས་འདི་ཡིན་ནི་རླུང་འགྲོ་གསུམ་གཅིག་ཏུ་གྱུར་བའི་ནུས་པའོ། །སྙིང་པོ་ནི་ཉམས་ཞི་གནས་ཀྱིས་འཇིག་རྟེན་པའི་ལམ། ལྷག་མཐོང་གིས་འདས་པའི་ལམ་ཆོད་ཤིན ་ཏུ་དགེ་བའི་ཡིན་ནི་ཐོག་མ་བར་དང་མཛའ་མར་རོ། །གང་ཞིག་རྣལ་འབྱོར་པས་དེ་ཉིད་ཡེ་ཤེས་ཀྱི་རིམ་པ་ཤེས་པས་ནི། དེར་འདིར་གསང་བ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་བདེ་ཆེན་ཡེ་ཤེས་ཉིད་ཐོབ་པར་གྱུར་པས། འདི་ལ་ཐེ་ཚོམ་སོམ་ཉིད་ཟེད་དེ་ལམ་ཕྱིན་ཅི་མ་ལོག ་པ་འདི་ཉིད་ནི་མཁའ་ཆོས་ཉིད་སྟོང་བ་ལ་འགྲོ་སྙིང་རྗེ་དང་དབྱེར་མེད་དུ་གྱུར་པས། གཞན་དོན་དུ་འབྲེལ་བ་དྲ་བ་ལྟར་འཆར། དེ་ཉིད་བདེ་མཆོག་ཕྱག་རྒྱ་ཆེན་པོ་གྲུབ་པ་ཡིན་ནོ། །དེ་ལྟར་ཡང། མི་གཡོ་རྣམ་པར་མི་འཁོར་བས། རྣམ་པར་མི་འགྱུར་གོས་པ་མེད། །སྒྲིབ ་པ་ལྔ་ནི་རྣམ་དག་པས། །རང་ཉིད་ཧེ་རུ་ཀ་དཔལ་གྱུར་ཞེས་པ་དང། །ལྷོ་ཕྱོགས་སྐྱོང་བ་བཅུ་གདུལ་པའི་དོན་དུ་སྟེ། །དྲང་སོང་སྤྱོད་པས་རི་བོང་དུ། །ཚངས་པ་དབང་པོ་ཕྱོགས་སྐྱོང་བ། །གདུལ་ཕྱིར་དམན་པའི་ཞལ་བསྙན་ཏེ། །སྡོམ་པས་མངོན་པར་ཤེས་པ་བསྒྲུབ། ་ཅེས་པ་ཌཱ་ཀི་མདུས་འབྱུང་བ་ལས་བྱུང་བས། དུས་གསུམ་ཤེས་པར་བྱ་བའི་ཕྱིར། གསང་བའི་རིག་པ་ཆེན་པོ་བསྒྲུབ་ཅེས་འབྱུང་བའི་དོན་ཏོ། །དཔལ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་གའི་ལེའུ་ནི་གནས་སྐབས་དང་དུས་དང་གདུལ་བྱ་ལ་དགོངས་པར་གསང་བའི ་ཐུན་མོང་མ་ཡིན་པའི་ཕྲིན་ལས་བསྟན་པའོ། །བཅུ་བཞི་པ་རྣམ་པར་བཤད་པའོ།། །།ད་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འདིར། རྗེ་བཙུན་མ་རྣལ་འབྱོར་མ་ལྷ་མོ་སུམ་ཅུ་རྩ་དྲུག་དང་བཅས་པ་རྣམ་པར་འགྱུར་བས་དུ་མའི་ཆོ་འཕྲུལ་གྱིས་འགྲོ་བ་འདུལ ་བར་མཛད་པས་དེ་ཉིད་ཀྱི་རྣམ་འཕྲུལ་ངོ་ཤེས་ཤིང་མཆོད་པར་བྱ་བ་ལ། རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། ཅེས་ལེའུ་དང་པོར་བསྟན་པའི་དོན་ལས་དབུགས་འབྱིན་པར་མ་མཆོག་དག་དང་ཞེས་པ་ལ་སོགས་པས་མདོར་བསྟན་ཅིང། ་འདི་ནས་ལེའུ་བཅུས་རྒྱས་པར་བཤད་པ་བསྟན་པའི་ཕྱིར་དེ་ནས་ཞེས་སྨོས་ཏེ། དེ་ཡང་བཅོ་ལྔ་པ་ནས་ཉེར་བཞི་པ་ལ་ཐུག་པའི་བར་དུ་རིགས་ལྡན་མའི་བརྡ་དང། མཚན་ཉིད་བསྟན། དེ་ལ་གནས་ཉི་ཤུ་རྩ་བཞི་ལ་སོགས་པའི་ས་ཆེན་པོ་ལ་གནས་པའི་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ལྷ་མོའི་གཟུགས་སུ་སྤྲུལ་ནས་གནས་པའི་མཚན་ཉིད་བརྟགས་པའི་སྒོ་ནས་བརྡའི་ལེའུ་འདི་བསྟན་པའོ། །སྡོམ་པ་ནི་སཾ་པ་རའི་སྒྲས་བླ་ན་མེད་པ་ལུས་ངག་ཡིད་ཡེ་ཤེས་ཀྱི་ངང་དུ་གནས་ཤིང། སྡོམ་པ་ཐམས་ཅད་ལ་ཞེས་ཐ་མལ ་པའི་ཚུལ་བཞིན་མ་ཡིན་པ་རྣམ་པར་དག་པའོ། །གང་ཞིག་བརྡ་ནི་ཤེས་གྱུར་པ་ནི། ངོ་བོ་བསམ་གཏན་དང་ལྡན་པའི་རྣམ་པར་འགྱུར་བ། སྒྲ་འཇུག་པའི་དོན་སང་གྷེ་ཏ་ན་དོན་ཟབ་བ་སྟོན། དབྱེ་བ་ནི་ལུས་བརྡ་ལ་འདུས་པ་དང་ཡན་ལག་རེ་རེ་བའོ། །ངག་བརྡ ་ལ་ཡི་གེ་རེ་རེའི་བརྡ་འདི་ནས་སྟོན། འདུས་པ་འོག་ནས་སྟོན། ཡུལ་ནི་རྣལ་འབྱོར་མ་རྣམས་སོ། །དུས་ནི་སྤྱོད་པ། དབང་དང། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཁྱད་པར་རོ། །དགོས་པ་དམ་ཚིག་མི་ཉམས་པའི་ཡན་ལག་དང། བར་ཆད་མི་འབྱུང་བ་དང། གསང ་མི་འཕེལ་བ་དང། མྱུར་དུ་བྱིན་གྱིས་བརླབ་ཅིང། དངོས་གྲུབ་སྟེར་ལ། རང་རིག་ངོ་ཤེས་པར་འགྱུར་བའོ། །དེ་ཉིད་ཀྱིས་དེ་འགྲུབ་པ་ནི་ཞེས་ལྷན་ཅིག་སྐྱེས་ན། ཞིང་སྐྱེས་དང། སྔགས་སྐྱེས། ཡེ་ཤེས་དང། དམ་ཚིག་ལ་གནས་པ་དག་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པའོ། །ཐེ ་ཚོམ་མེད་པར་བཤད་པར་བྱ་བ་ནི་བརྡའི་རྟགས་ཀྱི་བྱེ་བྲག་ཤེས་པས་རིགས་ལྡན་ཡིན་པར་སོམ་ཉིད་ཟ་བ་མེད་པས། དངོས་གྲུབ་མྱུར་ཏུ་འགྱུར་བའི་ཐབས་བསྟན་པ་སྟེ། དེ་ཉིད་རྒྱས་པར་བཤད་པ་ནི། ཌཱ་ཞེས་བྱ་བ་ལ་སོགས་པས། དཔའ་བོ་དང་རྣལ་འབྱོར་མ་འདུ་བའི ་གནས་དང། ལོངས་སྤྱོད་དང་རྗེས་ཀྱི་བྱེ་བྲག་འགའ་ཞིག་དང། སྤྱོད་ཚུལ་ཐ་སྙད་དུ་བྱ་བའོ། །དེ་ཁོ་ན་ཉིད་ལྟར་ན། སྐྱེས་བུར་བསད་པ་ཐབས་དཔའ་བོ། །ཡང་ན་ཕྱོགས་བདག་གོ་།ཌཱ་ཞེས་བྱ་བ་ལྷ་མོ་ཡིན་ཌཱ་ཀི་ནི་སྟེ་ཤེས་རབ་ཡུལ་ལོ། །སྤྱོད་པའི་ཁྱད་པར་སུ་ཞེས་བྱ་བ་གནོན ་པ་ཡིན་ནི་བྱང་སེམས་འཛིན་པས། རྟོག་པས་ལྡང་མི་ནུས་པར་བྱེད་པའོ། །སུ་ཞེས་བྱ་བ་ཟ་བར་བྱ་བ་ཉིད་དེ། གཎ་ཙཀྲའི་དུས་སུ་མྱོང་བའི་དགའ་བ་བདེ་བར་ཟ་བས། ཐིག་ལེ་མ་ཟིན་ན་རྣམ་རྟོག་ཟས་སུ་ཟ་བའོ། །མ་ཞེས་ནི་བདག་བྱིན་གྱིས་བརླབས་པས་ཆོས་དབྱིངས ་ཡེ་ཤེས་བསྐྱེད་པའོ། །ཡོ་ཞེས་ཡོ་གི་དམ་ཚིག་ཅན་གྱིས་རྣལ་འབྱོར་པ་ལ་དགའ་བ་བསྐྱེད་པའོ། །བྷི་ཞེ་བྷི་ག་ཧ་སྟེ་སྣང་བ་དང་སྟོང་པ་ཡེ་ཤེས་མཉམ་དུ་སྐྱེས་པའོ། །ཝི་ཞེས་བྷྲི་ས་ཏི་ཏ་སྟེ་ཡེ་ཤེས་ཐོད་རྒལ་ཅན་སྣང་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་བ་བདེ་ཆེན་མ་རྟོགས ་ན་སངས་མི་རྒྱའོ། །ལུ་ཞེས་པ་ལུ་ཚེ་ལྔ་ནི་ཡེ་ཤེས་ཕྲ་མོས་རྣམ་རྟོག་ཉོན་མོངས་གཅོད་པའོ། །ཡང་ན་ལུ་ཏི་ཏ་སྟེ་དེ་ཤེས་པའི་སྟོབས་དང་མི་འཇིགས་པ་འཇོ་བའོ། །སྲི་ཞེས་ཤྲཱི་ད་བྷ་ས་སྟེ་སྙིང་རྗེའི་ཆགས་པ་ཆེན་པོས་སེམས་ཅན་སྨིན་པར་བྱེད་པའོ། །སོ་མ་ཞི ་བའི་བརྡུང་བ་སྟེ་སོ་སོ་ལ་སྟེ་རྣམ་རྟོག་སྐེམས་ཤིང་ས་དྷེ་ནས་སྟེ་ཉོན་མོངས་པ་དག་པར་བྱེད་པའོ། །པེ་ནི་པ་ཡ་ནས་སྨན་བཏུང་བ་སྟེ་རྟོག་པ་ནུབ་པ་ནུབ་པ་ཉིད་དོ། །པའི་གྷ་པིས་ཡན་སྒྲོན་མ་སྟེ་ཤ་ལྔ་བསྟེན་པའོ། །ཧེ་ཞེས་བྱ་བ་དག་པ་ཉིད་ནི་ཧེ་ནི་ཧེ་ཏུ ་བྷི་གྷ་ཏས་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །བྷ་ཞེས་བྷ་ག་བ་ཏ་རྣམ་རྟོག་ཐམས་ཅད་བདེ་བར་ཟ་བ་དཔའ་བོའི་སྟོན་མོ་དང་ལྡན་པའོ། །བྷུ་ཞེས་པ་རྣམ་རྟོག་ཟ་བ་སྟེ། ཐབས་ཤེས་རབ་གཉིས་མེད་དུའོ། །ལ་ལྡན་དང་པོ་ཉིད་དུ་བརྗོད་པ་སྟེ། རྒྱ་མཚོ་ལ་འཚོ་བ་སྟེ། ཟབ་པའི་ཡེ་ཤེས ་སོ། །པི་ཞེས་པ་ཐབས་ཤེས་རབ་རོ་གཅིག་པ་རྟོག་པ་དང་བྲལ་བས་རྟོག་མེད་དུའོ། །བྷུ་ཞེས་རོ་ལངས་བསྒྲུབ་པས་ཡེ་ཤེས་ལས་ལོངས་སྤྱོད་པའོ། །བྷ་ག་ཅེས་བྱ་རུང་ཉིད་དོ། །ཀ་ཏུ་ར་ནི་ལེན་པར་བརྗོད་པ་སྟེ། ཁ་དོག་པར་རང་འབྱུང་བ་དང། ཁམས་ཀྱི་བདུད་རྩི་རྡོ་རྗེས ་དབང་དུ་བྱེད་པའོ། །རྫི་ཞེས་དེ་ཡ་ཏ་ཡེ་ཤེས་མཁའ་འགྲོ་མའོ། །གྷ་ནི་སྒྲོལ་བྱེད་ཀྱི་ཏིང་ངེ་འཛིན་ནོ། །ཡང་ན་ལ་ཞེས་པར་ལ་ཏ་ལས་དྲངས་པས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའོ། །ཏྲི་ནི་འདོད་པའི་གཟུགས་རཱུ་པི་སྟེ་མཚན་དང་ལྡན་པའོ། །ཡང་ན་ཧ་ན་དྷ་ཧ་ན ་སྟེ་ཧེ་ནི་བཞད་པ་མས་དངོས་གྲུབ་སྟེར་བར་བྱེད་པ་སྐྱེ་འཇིག་མེད་པའོ། །ཀུ་ཞེས་པ་རིགས་བྱེད་ཀུ་རུ་ལས་ཏེ་རིགས་ཀྱི་ས་ལ་གནས་པའོ། །ཛཱ་ནི་སྤྱོད་པ་མཛའ་གཉིས་དག་པའི་ཐབས་ཤེས་རབ་ལྡན་པའོ། །བྷ་ནི་བདེ་ཆེན་དུ་སྨྲ་བ་ཉིད་དོ། །སྭ་ཞེས་འགྲོ་འོང་གནས་པ ་ཞི་བ་ཉིད་དོ། །མི་ཞེས་རྡོ་རྗེའི་ལུས་ལ་གནས་པའི་རྒྱ་མཚོར་འཕྱོ་བའི་ཆུ་སྲིན་ཉ་མིག་དག་པ་ཡེ་ཤེས་ལ་རོལ་པའོ། །བྷཡ་ཞེས་པ་ནི་བདུད་རྩི་སྙིང་པོ་ལུས་ལ་སྨིན་པར་བྱ་བའོ། །ཕོ་ཞེས་འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད་དེ། གྷ་ནི་སྤྱོད་པ་བས་གཉིས་འཛིན་དག་པའོ ་ཀ་ཞེས་པ་གཟུགས་སོགས་ཡུལ་འདོད་ཡོན་དག་བྱའོ། །ས་ཞེས་རིགས་གཞན་གྱི་དབང་དུ་མི་འགྲོ་བའི་ཡེ་ཤེས་སོ། །ང་ཞེས་རང་བསྲུང་བ་སྟེ་དཔའ་མོ་རང་དབང་ཅན་ནོ། །དུ་ཞེས་སྨྲི་ཏི་དུ་ན་ཏེ་དྲན་པ་མི་བརྗེད་གཟུངས་ཐོབ་པའོ། །སུ་ཞེས་གཉུག་མ་རྟོག ་མེད་བདེ་ཆེན་ནོ། །ན་ཞེས་རྟོག་པའི་ཆ་རང་སར་དག་པའོ། །ས་ནི་གདོང་མ་ནས་འདའ་བ་མེད་པའོ། །མ་ཞེས་མཱ་ནུ་སེམས་ཅན་སྒྲོལ་བྱེད་དྲག་མོའོ། ། ནི་འགག་པ་མེད་པའི་ཡེ་ཤེས་སོ། །ན་སྟོང་པ་ཉིད་ཕྱི་མ་སྐྱེ་བ་མེད་པའོ། །སོ་ནི་འདོད་ཡོན་ལམ་དུ་བྱེད་པས་རྣམ་པར་དག ་པ་ཉིད་དོ། །བྷཱི་རི་ནི་མི་འཇིགས་པ་དཔའ་བོ་ནི་རྣལ་འབྱོར་པ་སྲིང་མོ་ཡིན་ནི་ཌཱ་ཀི་མ་དམ་ཚིག་ལ་གནས་པ་ལ་འདུ་བ་མཚོ་ལ་ངང་པ་འདུ་བལྟར་རོ། །ད་ནི་གཞུང་ཉེ་བར་བསྡུ་བ་སྟེ། འདི་དག་ནི་ཡི་གེ་རེ་རེ་ཞིང་གི་བརྡ་ཡིན་ཏེ། མཚོན་པ་ཙམ་ཟུར་གྱིས་གོ་བར་བྱ་བ་ཉིད་དེ། ་དང་པ་དང་མི་ལྡན་པ་རྣམས་ལ་སྦྱིན་པར་མི་བྱའི་ཞེས་སྐལ་པ་དམན་པ་ལ་གསང་བའོ། །དམ་ཚིག་གི་མཆོག་ཡིད་འཐུན་པ་ལ་ནི་སྐལ་པར་ལྡན་པ་སྟེ། དགོངས་པ་དང་ནི་ལེགས་པར་བརྟགས་ལ་དད་པ་རྣམས་ལ་རྡོ་རྗེའི་ཐེག་པ་གསང་བ་སྦྱིན་པར་བྱ་བའོ། །བརྡའི་ཆོ་གའི ་ལེའུ་ནི་གསང་ཞིང་སྙིང་པོའི་རིམ་པ་ལེའུ་བཅོ་ལྔ་པའོ།། །།དེ་ཡང་སྔ་མའི་བརྡ་དེ་དག་གིས་རིགས་ལྡན་ཉིད་དུ་ངོ་ཤེས་པར་གྱུར་ཀྱང། དེ་དག་གིས་ཁྱད་པར་བདེ་བར་གཤེགས་པའི་རིགས་བདུན་ལ་སོགས་པའི་ངེས་པའི་ཁྱད་པར། སྤྱི་དང་བྱེ་བྲག ་གི་རིགས་ཀྱི་དབྱེ་བ་ཤེས་པར་བྱ་བ་ལ། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་སྨོས་ཏེ། འདིར་ཕོ་ཉའི་མཚན་ཉིད་ལེའུ་གཉིས་ཀྱིས་རིག་པར་བྱ་བ་སྟེ། དངོས་གྲུབ་ཆེན་པོའི་གསང་བ་གང་ནི། མ་བླ་ན་མེད་པའི་རྒྱུད་འདིར་མཆོག་ཐུན་མོང་གི་བསྒྲུབ་པ་མྱུར་དུའོ། །སྐལ ་ལྡན་ཡང་འོང་སྐལ་མིན་པ་ནི་སྔ་མ་ནི་རྒྱུད་འདིར་ཞུགས་པའི་ལས་འཕྲོ་ཅན་བརྡ་དང་སྤྱོད་ཡུལ་ཅན་ནོ། །ཡང་ན་ལྷན་ཅིག་སྐྱེས་མ་ལ་སོགས་པའི་རྣལ་འབྱོར་མའི་རིགས་ཀྱི་ཁྱད་པར་ཤེས་པའོ། །ཕྱི་མ་ནི་བརྡ་མ་རྟོགས་པའི་གང་ཟག་གོ་།ཡང་ན་རིགས་དང་མི་ལྡན་པ ་དམན་པ་ཡོན་ཏན་མེད་པ་རྣམས་སོ། །སྒྲུབ་པ་པོ་ལ་བཤད་བྱ་བ་ནི་རིགས་ལྡན་མཚན་ཉིད་དང་ལྡན་པའམ། རིགས་མ་ངེས་པ་དང་དམན་པ་ཤེས་པར་བྱ་བའོ། །དད་པ་རབ་དང་ལྡན་པ་ནི་གང་ཟག་སྣོད་གསུམ་གྱི་སྐྱོན་དང་བྲལ་བ། གསང་བ་འདིར་ཤིན་ཏུ་མོས་གུས་ལྡན་པ་ལའོ། ། ་མཆོག་དུ་དམ་ཚིག་བསྟན་པ་ནི། རིགས་སོ་སོའི་སྡོམ་པ་དང་བསྲུང་བྱ་སྤྱད་པ་བཟའ་བ་ལ་སོགས་པ་མི་འབྲལ་བའི་བསླབ་པ་ལ་གནས་པས་སོ། །དེ་ལ་རབ་ཏུ་བསྟན་པར་བྱ་བ་ནི་ཁྱད་པར་ཤེས་པས་གསང་ཆེན་རིམ་པ་ཉིད་སྦྱིན་པའོ། །བཟའ་བ་ཡིད ་དགའ་ཕན་བྱེད་པ་ནི་ཕྱི་དང་ནང་ལས་བདུད་རྩི་བསྟེན་པའོ། །བཟའ་བ་རབ་ཏུ་རྟག་བསྟེན་པ་ནི་ཕྱི་ནང་དུ་བསྟེན་པ་ལུས་སེམས་ཚིམ་པར་བྱེད་པའོ། །དཔའ་བོ་གཉིས་མེད་རྣལ་འབྱོར་པ་ནི་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་ལ་བརྟེན་པའོ། །རིགས་ཀྱི་བྱེ་བྲག་གསང་བ་གང་ནི ་རིགས་བསྡུས་པ་དང། རིགས་བྱེ་བྲག་པའི་ཁྱད་པར་ཤེས་པའོ། །དང་བས་རབ་ཏུ་བསྟེན་པ་དང་ནི་དཀྱིལ་འཁོར་འཁོར་ལོའི་ལམ་ལས་མོས་པས་སོ། །བསྟེན་པ་དྲི་ལ་སོགས་པ་དང་རྣལ་འབྱོར་མའི་མདོག་དང་ལུས་ཀྱི་དྲིའི་བྱེ་བྲག་ཐ་དད་པ་ཀུན་ནོ། །གཉིས་མེད ་དཔའ་བོ་བསྟེན་བྱ་བ་ནི་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་སོ། །གང་ཞིག་ཤེས་པ་ཙམ་གྱིས་ནི་བརྡ་དང་བརྡ་ལན་ལ་སོགས་པའི་བསྟེན་ཚུལ་ལོ། །སྒྲུབ་པ་བོ་རྣམས་དངོས་གྲུབ་ཆེ་ནི་དབང་གི་དུས་མེ་ཏོག་གང་ལ་ཕོག་པ་དེའི་རིགས་ངེས་པར་མྱུར་དུ་འགྲུབ་པའོ། །ཐོབ་འགྱུར ་མཆོག་ནི་བཤད་པར་བྱ་ཞེས་པས་ལས་དང་དངོས་གྲུབ་གཏེར་ལྟ་བུའི་གྲུབ་པ་ལ་དབང་བྱེད་པ་ཉིད་དོ། །དེས་མདོར་བསྟན་པའོ། །ད་ནི་རྒྱས་པར་བཤད་པ་ལ། །རྣལ་འབྱོར་མ་རིགས་བདུན་སོ་སོའི་མཚན་ཉིད་བཤད་པ་ལས། ལྷ་མོ་རེ་རེ་ལ་ཡང། ཁ་དོག་དང ་དབྱིབས་དང། སྤྱོད་པའི་ཚུལ་དང། དྲིའི་བྱེ་བྲག་དང། རྣམ་པར་འགྱུར་བ་བསྟོན་པ་ལས། བུད་མེད་པང་རྩ་ལྟར་དཀར་ཞིང་ཞེས་པ་ལ་སོགས་རྡོ་རྗེ་སེམས་དཔའ་ཨི་རིགས་ལྡན་དུ་ཤེས་པར་བྱ་བའོ། །བུད་མེད་གང་བཙོ་མའི་གསེར་ཞེས་པ་ལ་སོགས་པས་རིན ་ཆེན་རིགས་བསྟན་པའོ། །ཐམས་ཅད་ཨུཏཔ་ལ་ལྟ་བུ་ནི་དཔལ་ཧེ་རུ་ཀའི་རིགས་གཡུང་མོ་ལས་མི་བསྐྱོད་པའི་རིགས་ནི་པད་དཀར་འདྲ་མདོག་ནི་ཞེས་པས་བསྟན་ནོ། །དམར་ཞིང་སེར་བ་ནི་འོད་དཔག་མེད་གོས་དཀར་མོའི་རིགས་སོ། །སེར་ཞིང་ལྗང་བའི ་དོན་ཡོད་གྲུབ་པ་ལས་ཀྱི་རིགས་སུ་ཤེས་པར་བྱའོ། །གང་ཞིག་ཁ་དོག་དམར་ཞེས་པས་སངས་རྒྱས་རྣམས་སྣང་གི་རིགས་སོ། །ད་ནི་དེ་དག་གི་དོན་ཉེ་བར་བསྡུ་བ་བསྟན་པ་ནི། རྣལ་འབྱོར་མའི་ཞེས་བ་ལ་སོགས་པས་བསྟན་པ་སྟེ། འདི་དག་རང་གི་ཕྱག་རྒྱ་ཆེན་པོའི་རྟགས་ཀྱི་མདོག་གིས་ཁྱབ་པ་རིགས ་སུ་ངེས་པའི་དོན་ཏོ། །ངེས་པར་དམ་ཚིག་ཅན་ཡིན་ནོ། །ཞེས་པའི་བར་གྱིས། སྤྱི་དང་བྱེ་བྲག་རིགས་ལྡན་ཁྱད་པར་དུ་གྲུབ་པའི་ཡེ་ཤེས་ཀྱི་གར་གྱི་རྣམ་པར་འགྱུར་བ་བསྟན་པའོ། །ད་ནི་ལེའུའི་མཚན་ནི། རྣལ་འབྱོར་མ་བདུན་གྱི་ངེས་པར་བརྟགས་པའི་མཚན་གྱི་ཆོ་གའི་ཞེས ་པས་རྣལ་འབྱོར་མ་ཐམས་ཅད་ས་གསུམ་དུ་ཀུན་ཏུ་ཁྱབ་པའི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་བཞི་ལྡན་དུ་རྒྱས་བཏབ་པས་རིགས་སྤྱི་དང་བྱེ་བྲག་གི་གནས་བཤད་པ་སྟེ། ལེའུ་བཅུ་དྲུག་པ་རྣམས་པར་བཤད་པའོ།། །།དེ་ལ་རྣལ་འབྱོར་མ་བླ་ན་མེད་པ་ལས་ཁྱད་པར་དུ་དཔལ་འཁོར ་ལོ་སྡོམ་པའི་རྒྱུད་ཀྱི་དགོངས་པ། དཔལ་རྡོ་རྗེ་རྣལ་འབྱོར་མ་བཅས་པའི་ཆོས་འདི་ཤིན་ཏུ་དཀོན་པར་བསྟན་པའི་ཕྱིར། དེ་ནས་རྙེད་དཀའ་ཨི་རྣལ་འབྱོར་མ་ཞེས་པས་ལེའུ་དང་པོར་ཡང་འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་པའི་དོན་ཏེ། དེ་བཞིན་མཁའ་འགྲོ་མ་རྣམས་ཀྱིས་ནི། ་བརྡའི་ནི་དཀྱིལ་འཁོར་དུ་བཀོད་པ་རྣམས་ཐམས་ཅད་དོ། །དོན་ནི་སེམས་ཉིད་རྣམ་པར་དག་པ་བྱང་ཆུབ་ཀྱི་དཀྱིལ་འཁོར་དང། ལུས་རྩའི་དཀྱིལ་འཁོར་དུ་པུ་ཛཱ་ལ་སོགས་པའི་རྟེན་དང་བརྟེན་པར་བཅས་པ་དང། བདེ་ཆེན་བྱང་ཆུབ་སེམས་ཐབས་ཤེས་རབ་གཉིས་མེད་རྣམ་པར ་དག་པའོ། །བདུད་རྩི་ལྔ་རྣམས་ནི་འབྱུང་བ་དང་རིགས་དག་པ་འཁོར་ལོ་ལྔ་ལྡན་ཡེ་ཤེས་ལྔར་འཆར་བའོ། །ཡང་དག་འབྱུང་ནི་ཐབས་ཤེས་རབ་རོལ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བ་ཉིད་དོ། །དེ་ལ་རྣལ་འབྱོར་མ་ཐུན་མོང་དུ་སྤྱིར ་གྲགས་པ་ནི་ཡ་མ་ནི་ཉིད་ནི་རྒྱལ་རིགས་ལས་འབྱུང་བ་ཉིད་དེ་རྡོ་རྗེ་སེམས་དཔའ་ཨི་རིགས་སོ། །སྐྲག་བྱེད་མ་ནི་བཙོ་བླག་མ་རིན་ཆེན་རིགས་སོ། །འདོད་ལྡན་ནགས་ཚལ་མ་ནི་ལས་ཀྱི་རིགས་རྗེ་རིགས་ལས་བྱུང་ངོ། །ཕག་མོ་ནི་མི་བསྐྱོད་པའི་རིགས་གདོལ་པ་མའོ། །འཇིགས ་གཟུགས་མ་ནི་གར་མཁན་མ་དེ་ཤེས་པ་སངས་རྒྱས་ཀྱི་རིགས་སོ། །ཀུན་སྤྱོད་མ་ནི་བྲམ་ཟེ་སྟེ་འོད་དཔག་མེད་མའི་རིགས་སོ། །དམང་རིགས་ཧེ་རུ་ཀ་དང་དབྱེར་མེད་བྷ་སུ་ར་སྟེ་ཕྱིར་ནང་དུ་ཉེ་བར་སྤྱོད་པ་ཅན་ནོ། །མཁའ་འགྲོ་མ་ནི་རྣམ་པ་བདུན་རིགས་ཀྱི་བྱེ་བྲག ་ཏུ་གྱུར་པ་བྱང་ཆུབ་ཡན་ལག་གིས་ངེས་པ་རྒྱས་གདབ་པར་བྱའོ། །བསྡུས་པའི་མཚན་ཉིད་འདིར་བཤད་བྱ་ཞེས་ཡོངས་སུ་བསྡུད་པར་བྱ་བ་དང། སྡུད་པར་བྱེད་པ་བསྡུས་པའི་ཁྱད་པར་དུ་རྒྱས་གདབ་པར་བསྟན་པའོ། །ཁྱད་པར་གསང་ཆེན་དུ་གྲགས་པའི་རྣལ་འབྱོར་མ་ནི། ་གཟུགས་ཅན་མ་ནི་སྡུག་པ་རྗེས་སུ་འཛིན་མི་སྡུག་པ་ཚར་གཅོད་པ་སྟེ། མངོན་པར་ཞེན་པས་ཞེས་པ་ནས་ཚིག་རྐང་དྲུག་གིས་རྒྱས་པར་བཤད་ལ། མཁའ་འགྲོ་འཇིགས་པའི་གཟུགས་ཅན་མ། སྒྲིབ་པ་ཐམས་ཅད་མྱུར་འཇོམས་པས། །དེ་བཞིན་གཤེགས་པ་ཀུན ་ཁྱབ་མ། །རིགས་ཀྱི་དབང་ཕྱུག་གྱུར་པའོ། །ཙུམ་བི་ཀ་ནི་བདེ་བའི་སྦྱོར་བ་གསང་བ་ཉེ་བར་སྟོན་པ་ཉིད་དོ། །སྡུག་པ་འམ་ཡང་ན་ཞེས་པ་ནི་ཚིག་རྐང་བཞིས་བསྟན་པ་ལ། མ་མོའི་མཁའ་འགྲོ་སྙིང་པོ་ཆེ། །བདེ་སྟེར་ཙུམ་བྷི་ཀ་པ་མོ། །ཆོས་བདག་པདྨ་འབར་བ་ལས། ་དབང་ཕྱུག་མཆོག་མ་དགའ་བ་མོ། །ལཱ་མ་ནི་ཚད་མེད་སྤྲོས་པ་མེད་པའི་བདག་།སྒྲོལ་བྱེད་ཡེ་ཤེས་སྙིང་རྗེའི་ཆེ། །ནགས་ཚལ་རྒྱུ་བ་ཡེ་ཤེས་ཡུམ། །སྐྱོབ་མཛད་ཕྲིན་ལས་སྣ་ཚོགས་མཛད། །ལམ་ནི་ཕོངས་པ་ཐམས་ཅད་ཐུགས་རྗེས་སྐྱོབ་པ་སྡུག་བསྔལ་ལས ་དབུགས་འབྱིན་པར་མཛད་པ། ཟས་མི་ཟ་བར་ཞེས་པ་ནས་ཚིག་རྐང་ལྔ་ཡིས་བསྟན་པའོ། །ཡོངས་གྱུར་མ་ནི་གཟུགས་དུ་མར་སྟོན་པས་འགྲོ་བའི་ཡིད་ཚིམ་པར་བྱེད་མ། ཕག་དང་དྲེད་དང་ཞེས་པས་ཚིང་རྐང་བཞིས་བསྟན་ལ། རྡོ་རྗེ་ཕག་མོས་གསུམ་སྦྱོང། ། ་ཞི་བ་གདུག་པ་འདུལ་ཞེས་འཛིན། །དགའ་བ་ཆེན་པོ་རིགས་འབྱུང་མ། །འདོད་ཡོན་རོལ་པ་སྟོན་པའོ། །བྱིས་བཅས་མ་ནི་བདེ་བ་ཆེན་པོས་རྒྱུད་རྒྱས་པ་ཟག་མེད་ཀྱི་དགའ་བ་སྤེལ་བ་སྟེ། ཤིན་ཏུ་དགའ་བ་ཞེས་པ་ཚིག་བཞིས་ཁཎྜ་རོ་ཧ་མར་བསྟན་པ་ལ། བྷ ་སུར་སྟེ་སྦྱིན་པའི་བདག། བྱིས་བཅས་རྒྱས་འདེབས་དཔའ་མོ་ཆེ། །ཡོན་ཏན་མི་བཟང་རྔམ་པ་སྟེ། །དགྱེས་སྡེ་མ་ནི་བྱིན་རླབས་བདག་།མི་ལྡོག་མ་ནི་ཕྱིར་མི་ལྡོག་པའི་དོན་ཡང་དག་པར་དབྱིངས་ལ་འཇུག་པ་སྟོང་ཉིད་མའོ། །ཡིད་ནི་ཀུན་ཏུ་སྐྱོབ་པ་ཞེས་ཚིག་རྐང་དྲུག་གིས་ཤེས ་པ་ལ་ཡིད་སྐྱོབ་པ་སྟེ། མི་ཕྱེད་ཡེ་ཤེས་དཔལ་དང་ལྡན། །དགའ་སྐྱོང་ཡེ་ཤེས་སེམས་མ་ཆེ། །རིགས་ལྡན་རོལ་པ་བླ་ན་མེད། །སྤྲོས་པ་སྤྱོད་བྱེད་ཁྲོ་མོ་ཉིད། །ེ་ཧི་ཀི་ལྷ་མོ་ནི་ཚར་གཅད་པ་དང་རྗེས་སུ་འཛིན་པ་གསལ་བར་བྱེད་པ་ཉིད། དགའ་བའི་དབང་མོ་སྟེ། རྒོད་པར་བྱེད ་པ་སྟེ་ཚིག་རྐང་བཞིས་སྙིང་པོ་ཟླ་མེད་ཡང་དག་པ་མངའ་བ་སྟེ། དགའ་བའི་གནས་སུ་ཁྲིད་ཅིང་འཛིན། །མཉམ་སྦྱོར་ལྷན་ཅིག་སྐྱེས་སྐུ་དང། །རོ་མཉམ་དྲག་མོ་འབར་བ་ཆེ། །སྟོབས་ཆེན་བླ་མེད་སྙོམས་འཇུག་པའོ། །ལྷ་མོ་ནི་རིགས་ཀྱི་བདག་པོ་རྡོ་རྗེ་འཛིན་དང་གཉིས་སུ ་མེད་པ་ཡོངས་སུ་བསྡུས་པའི་ངོ་བོ་ཉིད་དེ། ཁྱིམ་གནས་ནམ་མཁའ་གསལ་བྱེད་མ། །ཆོས་དབྱིངས་པདྨ་གར་བསྒྱུར་བས། །མཆོད་པ་དགའ་བ་བསྐྱེད་པའི་བདག་།ཡེ་ཤེས་ཕ་རོལ་ཕྱིན་མ་གྱུར། །ལྷ་མོ་གསོང་པོ་སྨྲ་བ་སྟེ་ཞེས་པ་ཚིག་རྐང་དྲུག་གིས་བསྟན་པའོ། །དེ་ལས་གསང ་བ་ཁྱད་པར་གྱི་རྟགས་ངོས་གཟུང་བས་མཚན་མ་ཤེས་པར་བྱ་བ་ནི། མཁའ་འགྲོ་མའི་རིགས་ནི་འདིར་ནི་དཔག་ཏུ་མེད་པ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་བདེ་བ་ཆེན་པོའི་རིགས་སུ་བསྡུས་པའོ། །དཔའ་བོའི་དབང་སོགས་ཡིན་ཞེས་བྱ་ཞེས་དཔའ་བོ་ཐབ་སྣང ་བའི་ཆ་དང་དབང་ཕྱུག་ཤེས་རབ་སྟོང་ཉིད་ཀྱི་ཆ་ལས་བདེ་ཆེན་གཉིས་མེད་ཡེ་ཤེས་སུ་རྒྱས་གདབ་པ་སྟེ། དེ་ལ་ཕྱག་རྒྱའི་ངེས་པ་བདུན་དུ་ཤེས་པར་བྱས་ལ། ཐོད་པ་ནི་བདེ་བའི་བདུད་རྩི་མྱང་བར་བྱ་བ་པདྨ་བྷ་ཛཧའོ། །དགྲ་སྟ་ནི་སྐྱེ་བའི་ལྗོན་ཤིང་གཅོད་པས་མ་རིག་པ་ལ་སོགས ་རྩད་ནས་གཅོད་པའོ། །མཆེ་བ་བཞི་ལྡན་ནི་རྣམ་རྟོག་ཟས་སུ་ཟ་བས་བདུད་བཞི་འཇོམས་པའོ། །རལ་གྲི་ནི་སྤང་བྱ་མ་ལུས་པ་གཅོད་ཅིང་དངོས་གྲུབ་ཆེན་པོ་སྟེར་བའི་བརྡའོ། །ཀུན་ཏུ་སྐྲག་བྱེད་ནི་མདུང་ཐུང་སྟེ་ལྟེ་བ་ངན་པའི་ཕྱོགས་རིགས་པས་འབིགས་པའོ། །རྡོ་རྗེ་ནི་རྟོག ་པས་མི་ཕྱེད་བའི་ཡེ་ཤེས་སོ། །འབུན་དུང་ཉིད་དག་ནི་རང་འབྱུང་དྲི་མ་མེད་པ་ཆོས་ཀྱི་སྒྲ་སྒྲོགས་པ་ཉིད་ཕྱོགས་བཅུ་རྣམས་སུའོ། །རིགས་བསྡུས་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པའི་གསང་བ་ཡིན་པར་བཤད་ཅེས་སྙིང་པོ་འདུ་བའི་དོན་ལྡན ་པའོ། །ད་ནི་ལེའུའི་མཚན་བསྟན་པ་ནི་དཔལ་འཁོར་ལོ་སྡོམ་པར་བརྗོད་པ་ནི་བསྡུས་པའི་རྒྱུད་ཚིག་དོན་བཅས་པ་ལས་རྣལ་འབྱོར་མའི་གཟུགས་ཡོངས་སུ་བརྗེ་བ་ནི་འཇིག་རྟེན་པ་དང་འདས་པའོ། །ཕྱག་མཚན་ནི་རིགས་སོ་སོ་བའི་བྱེ་བྲག་གོ་།ཕྱག་རྒྱ་བསྟན་པ་ནི་སྐུ་གསུང ་ཐུགས་ལ་ཕྱག་རྒྱ་བཞི་ལྡན་དུ་རྒྱས་གདབ་པའི་གསང་བ་བདུན་པོའི་ཆོ་གའི་ཁྱད་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པ་རྣམ་པར་བཤད་པའོ།། །།འདིར་རྣལ་འབྱོར་མ་བླ་ན་མེད་པའི་གསང་ཆེན་འདི་ཉིད་དུ་མཁའ་འགྲོ་མའི་རིགས་བདུན ་དུ་ངེས་པ་དང། བསྡུས་མ་དཔལ་རྡོ་རྗེ་རྣལ་འབྱོར་མས་རྒྱས་གདབ་པ་གོང་དུ་བསྟན་པའི་རྗེས་ཐོགས་ལ་དེ་ནས་ཞེས་སྨོས་ཏེ། དེ་དག་སྤྱིར་བསྟན་ལ། ཁྱད་པར་དུ་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་དང། དམ་ཚིག་གི་རིགས་ཀྱི་ལཱ་མའི་ཁྱད་པར་དམིགས ་ཀྱིས་བསལ་བ་སྟོན་པ་ནི། གཞན་ཡང་བཤད་བྱ་བ་ནི་རྗོད་བྱ་དང་རྗོད་བྱེད་དོ། །མཁའ་འགྲོ་རྣམས་ཀྱི་མཚན་ཉིད་ནི་སྤྱོད་པའི་བྱེད་ལས་རྣམ་པར་གྱུར་པ་དང། རིགས་ཀྱི་ཁྱད་པར་བསྟན་པའོ། །གང་ཞིག་ནི་གནས་གསུམ་གྱིས་བསྡུས་པའོ། །ཡང་དག་ཤེས་པ ་ཡིས་ནི་ལྷན་ཅིག་སྐྱེས་མ་ལ་སོགས་པའི་ཁྱད་པར་རོ། །མཁའ་འགྲོའི་ཡེ་ཤེས་གསང་པའི་སྡོམ་པ་དང་དམ་ཚིག་ལ་རྣལ་འབྱོར་པས་གནས་པ་ན་དངོས་གྲུབ་ཐམས་ཅད་མྱུར་དུ་སྟེར་བར་གྱུར་པ་ཉིད་དོ། །དེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་དང་པོར་པདྨའི ་རིགས་ཀྱི་མཁའ་འགྲོའི་ཁྱད་པར་ངོས་གཟུང་བ་དང། དཔལ་ཧེ་རུ་ཀའི་རིགས་ཀྱི་མཁའ་འགྲོ་དང། དཀོན་མཆོག་དཔལ་གྱི་རིགས་དང། དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་མ་དང། མི་བསྐྱོད་པའི་རིགས་དང། དཔལ་རྡོ་རྗེ་སེམས་དཔའ་ཨི་རིགས་དང། ་དཔལ་ཧེ་རུ་ཀའི་རིགས་དང། དམ་ཚིག་རྒྱལ་པོའི་རིགས་ཀྱི་རྣལ་འབྱོར་མ་ངོས་གཟུང་བ་བསྟན་པའོ། །གསང་བའི་དབང་ཕྱུག་འདོད་ཡོན་མི་འཆི་ཡེ་ཤེས་དག་པ་རང་བཞིན་རིགས་ལྡན་ཡོན་ཏན་དབང་ལས་ནི། །ལྷ་མོ་སངས་རྒྱས་རིགས་སྐྱེས་ཕྱག་རྒྱ་བཞི་ལྡན་རྒྱས་གདབ་དེ་ཉིད་གསང ་བ་འཕོ་ཚུལ་ཡེ་ཤེས་ཐུབ་པ་ནི། །ཐུན་མོང་གསང་བ་ལས་ནི་མི་འདའ་གདུང་ནི་སོ་སོའི་རིགས་གྱུར་སྤྱོད་ཡུལ་རིམ་པས་བདེ་སྟེར་འཕེལ་བ་གང། །ཞི་དྲག་ཚར་བཅད་རྗེས་འཛིན་ཕྲིན་ལས་མཁའ་འགྲོ་ཡུལ་དང་དུས་ཀུན་བདེ་བར་རོལ་པའོ། །ལེའུའི་མཚན་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི ་ཁ་དོག་གི་མཚན་ཉིད་དང་སྤྱོད་ཡུལ་གྱི་མཚན་མའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་དང་དེ་ཉིད་ལན་ཁྱད་པར་དུ་སྟོན་པ་ནི། དེ་ནས་ཞེས་པ་ནས། སྒྲུབ་པ་པོའི་ལཱ་མའི་མཚན་ཉིད་ཅེས་པ་ལ་སོགས་པ་ལ་མདོར ་བསྟན་པ་དང་རྒྱས་པར་བཤད་པས། རིན་ཆེན་དང། པདྨའི་རིགས་དང། དེ་བཞིན་གཤེགས་པའི་རིགས་དང། མི་བསྐྱོད་རྡོ་རྗེ་དང། ལས་ཀྱི་རིགས་ཀྱི་མཚན་ཉིད་བསྟན་པའོ། །རྡོ་རྗེ་ཕག་མོ་ལ་ཞེས་པས་གཞུང་བསྡུ་བའོ། །ལེའུ་བཅུ་དགུ་པའི་བཤད་པའོ།། །། ་ད་ནི་གོང་དུ་བསྟན་པའི་རིགས་ལྡན་གྱི་མཚན་ཉིད་དང་ཁྱད་པར་གྱི་ངོ་བོ་ཉིད་ཡོངས་སུ་ཤེས་པ་དེ་ཉིད་ཀྱིས་ལེའུ་ཉི་ཤུ་པ་འདིར་ཡན་ལག་གི་ཕྱག་རྒྱའི་བརྡ་སྟོན་པ། ཐ་སྙད་པའི་བརྡ་ལས་འདས་པ་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་བརྡ་སྟོན་པ་ཉིད་དོ། ཡེ་ཤེས་ཡང་དག ་མཚོན་ཕྱིར་བརྡ་དང་ཆོ་གས་ཐེ་ཚོམ་བྲལ་བྱེད་གསང་ཆེན་སྤྱོད་པའི་དེ་ཉིད་དོ། །བརྟུལ་ཞུགས་ཆེན་པོས་ཟག་མེད་བདེ་ཆེན་མཚོན་བྱེད་ཕྱག་རྒྱ་གར་གྱི་དྲིས་དང་ལན་བསྟན་པའོ། །འདི་ཉིད་ལ་དགོངས་པ་ཁྱད་པར་ཅན་གསང་བ་ཡང་དག་པར་སྟོན་པ་དང། རིགས ་ལྡན་གྱི་བརྡལ་བརྟེན་པའི་ཟབ་པ་དང་རྒྱ་ཆེ་བའི་སྙིང་པོ་དང། ཁྱད་པར་དང་སྤྱིའི་བརྡ་གསལ་བ་བྱེ་བྲག་ཏུ་རྣམ་པར་གསལ་བས་ངེས་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་གསང་བ་བླ་ན་མེད་པ་བསྟན་པའོ། །ལེའུ་ཉི་ཤུ་པའོ།། །།ད་ནི་མི ་འགྱུར་བ་གསང་པའི་རྒྱས་འདེབས་པར་བྱེད་པ། ཡེ་ཤེས་བདེ་བ་ཆེན་པོ་མཚོན་པར་བྱེད་པ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་དོན་ལ་བློ་ངེས་པར་བྱ་བ་སྟེ། ཕྱོགས་ལས་རྣམ་རྒྱལ་རྣལ་འབྱོར་པ་ཡི་བརྡས་མཚོན་དེ་ཉིད་ལམ་གྱི་འཇུག་ལྡོག་སྤྱོད་པ ་སྟེ། ཉེར་བསྟན་བསྡུས་པའི་བརྡ་གང་ནུས་ལྡན་དགེ་བའི་ཆོས་ཉིད་རོ་མཉམ་བདེ་ཆེན་མངོན་དུ་བྱེད་པར་འགྱུར་པའོ། །གསང་བ་བདེ་ཆེན་ཡེ་ཤེས་སྟོན་པའི་མཚན་ཉིད་ངེས་པ་སྟེ། དེ་བཞིན་གཤེགས་པས་ཉེ་བར་གདམས་པ་དང། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས ་ཡུལ་དང་རྣམ་པར་ཕྱེ་པ་བྱེ་བྲག་ཏུ་ཁྱད་པར་རྟོགས་པར་བྱ་བ། འདི་དག་ལྟ་བའི་བརྡ་བསྟན་པ་གསང་བའོ། །ལེའུ་ཉེར་གཅིག་པའོ།། །།ད་ནི་ཡན་ལག་འདུས་པའི་བརྡ་ལས་ཡེ་ཤེས་ཀྱི་གསང་བ་སྟོན་པ་དེ་ཁོ་ན་ཉིད་བདེ་ཆེན་གྱི་ཀུན་ཏུ་སྤྱོད་པ་སྟོན ་པ་ལས། ཡང་དག་ཕྱག་རྒྱ་གསང་བ་ཁྱད་པར་བླ་ན་མེད་པ་བསྟན་པ་ཉིད་དེ། འདིས་ནི་བགས་གནང་མཆོད་བྱའི་ལྷ་མོས་འཁོར་བ་སྒྲོལ་བྱེད་ཡན་ལག་གསང་བ་ཕྱག་རྒྱས་བསྡུས་པ་སྟེ། གང་སྟོན་ལམ་བྱེད་ཐུན་མོང་སྤྱོད་ཡུལ་དུ་ནི་རབ་ཏུ་བསྒྲུབ་སྟེར་བག་ཆགས་མ་འཁྲུལ་སྦྱང་ཕྱིར་རོ། ་དེ་ཁོ་ན་ཉིད་ཀྱི་སེམས་ཡེ་ཤེས་མངོན་དུ་བྱེད་པ་ཐེ་ཚོམ་མེད་པར་གདམས་པ་སྟེ། གང་ཐབས་དང་ཤེས་རབ་ཀྱི་བྱེད་པ་རྣམ་པར་འགྱུར་བས་ཡེ་ཤེས་རྟོགས་པར་བྱེད་པ་ལས། གསང་བ་ཉེ་བར་གདམས་བས་གཞུང་བསྡུས་པ་སྟེ། ལེའུ་ཉེར ་གཉིས་པའོ།། །།འདིར་སྙིང་པོའི་གསང་བ་བདེ་ཆེན་ཡེ་ཤེས་ཀྱི་སྡོམ་པ་ལས་རིགས་ལྡན་མའི་རིགས་ཀྱི་ཕྱག་རྒྱའི་བྱེ་བྲག་ངེས་པ་བསྟན་པ་ལས། གང་གིས་གང་དུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་ནི་རྗེས་ཆགས་བདེ་བར་ཀུན་སྤྱོད་རོལ་པའི ་ཆགས་ཚུལ་དུ་མ་དེ་ལས་ནི། །དེ་ཉིད་རིམ་པ་ཕྱག་རྒྱས་མི་འགྱུར་ཡོན་ཏན་རྒྱས་བྱེད་རྟགས་ནི་གསང་བ་མཉམ་རྗེས་གཉིས་མེད་རོལ། །ཉེ་བར་གདམས་པས་ཡུལ་བདེ་བའི་འབྱུང་གནས་ཏེ། ཡེ་ཤེས་ཀྱི་ཁྱད་པར་རྗེས་སུ་ཆགས་པའི་སྤྱོད་ཡུལ་གྱིས་ཉེ་བར ་སྤྱད་པའི་ཚུལ་གྱིས་བདེ་པའི་མཚན་མ་འཆར་བ་ཉིད་ལས། ཕྱི་དང་ནང་གི་རྣམ་པར་འགྱུར་བས་ཁམས་འདུའི་བྱེད་པ་སྟོན་པ་གང་ཡིན་པ་གསལ་བར་གྱུར་པ་སྟེ། རིགས་ལྡན་གྱི་སྤྱོད་པའི་ཚུལ་བླ་ན་མེད་པ་ཕྱག་རྒྱའི་གྲུབ་པ་ཡེ་ཤེས་མངོན་དུ་བྱ་བ་གང་ཡིན་པ། རྣམ་པར་? ་འགྱུར་འཇུག་ལྡོག་གསང་བ་རང་བྱིན་གྱིས་བརླབས་པས་ལུས་ཀྱི་བྱ་བ་ཉིད་དང། རྣམ་པར་འགྱུར་བས་ཡེ་ཤེས་བདེ་བ་བསྐྱེད་ཅིང། སྔགས་དག་གི་རྣམ་པར་དབྱངས་སྒྲ་བརྙན་ལྟ་བུ་དང། རིགས་ཀྱི་ཕྱག་རྒྱས་ཉམས་སུ་མྱོང་བ་སྐྱེས་ཚུལ་ངོས་གཟུང་བ། སྒྱུ་མ་ལྟ་བུའི་ཚུལ ་ལ་གནས་པས་གཟུགས་ལ་སོགས་པ་ཡུལ་ལ་ཚོགས་དྲུག་བདེ་བར་རོལ་པའི་སྤྱོད་པ་ཨ་བ་དྷཱུ་ཏཱི་པའི་སྤྱོད་པ་བྱ་བའོ། །ལྷ་དང་སྔགས་ཡེ་ཤེས་མཆོག་ཏུ་གསང་བའི་བདེ་བ་ཆེན་པོ་ཉིད། མི་འགྱུར་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོལ་པ་ལས། སྐུའི་འཕྲིན་ལས་དང། ་གསུང་གི་བརྗོད་པ། ཐུགས་ཀྱི་བསམ་གཏན་གྱི་བྱེད་པ་བསྟན་ཅིང་གཞུང་བསྡུ་བ་སྟེ། ལེའུ་ཉེར་གསུམ་པའོ།། །།དེ་ལ་གོང་དུ་རིགས་ལྡན་གྱི་ཁྱད་པར་རྟགས་ཀྱི་བྱེད་པ་རྣམ་པ་དང་མཚན་ཉིད་རྟོགས་པས། རྣལ་འབྱོར་པ་གསང་བའི ་སྤྱོད་པ་ལ་གནས་པས། གནས་དང་ཉེ་བའི་གནས་ལ་སོགས་པར་བགྲོད་པའམ། ཡང་ན་དུར་ཁྲོད་ལ་སོགས་པར་དབེན་པར་གཎ་ཙཀྲ་ལ་སོགས་པའི་དུས་སུ་བརྡའི་སྒོ་ནས་འདོད་པའི་ཡོན་ཏན་ལྔ་ལམ་དུ་འགྱུར་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་རྟོགས ་པར་འགྱུར་བ་སྟེ། དེ་ཉིད་སྟོན་པ་ནི་དེ་ནས་ཞེས་བརྟུལ་ཞུགས་བླ་ན་མེད་པ་ཉིད་ལས། གཞན་ཡང་བཤད་བྱ་བ་སྟེ་སྔར་ལེའུ་བཅོ་ལྔ་པར་ཡི་གེ་རེ་རེ་པའི་བརྡ་བསྟན་པས་ངག་གི་བརྡ་སྤྱིར་བསྟན་ལ། འདིར་ངག་གི་བརྡའི་རབ་ཏུ་བྱེད་པ་ཡི་གེ་འདུས་པའི་དོན་དུ། ་ལུས་བརྡ་ནི་གོང་དུ་བསྟན་ཅིང། སྒྲུབ་པ་པོའི་བརྡ་ཁྱད་པར་དུ་བྱེད་པ་རྣམས་ཏེ། དེ་ཉིད་རྣམ་དབྱེ་ཤེས་པར་བྱ་བའོ། །དཔལ་འཁོར་ལོ་སྡོམ་པའི་དཔའ་བོ་དང་རྣལ་འབྱོར་མ་སྤུན་དང་སྲིང་མོ་ངེས་པ་ནི་ཡུལ་དང་སྐད་མི་ཅིག་པ་ཡང་ལྷ་དང་སྔགས་དཀྱིལ་འཁོར ་གཅིག་པའི་དོན་གྱིས་ལྷན་ཅིག་ཏུ་ཚོགས་གང་གིས་བརྡ་དག་གིས་ངེས་པར་ངོ་ཤེས་པར་གྱུར་པ་སྟེ། འདིར་ཀླ་ཀློའི་སྐད་ལྟ་བུ་སྒྲ་མཁན་དང་རྟོག་གེ་པས་མི་ཤེས་པར་འགྱུར་བའི་དགོས་པ་སྟོན་པའོ། །རྒྱས་པར་བཤད་པ་ལ་དང་པོ་དྲི་བ་དང་ལན་གྱི་ཚུལ་དུ ་སྟོན་པའི་བརྡ་ངོ་འཕྲོད་པར་བྱ་བ་དང། བརྡ་པ་ལ་བ་རྣམས་ཀྱིས་སྣ་ཚོགས་ཆོས་ཉིད་རོ་མཉམ་དུ་སྟོན་པ་དང་སྤྱོད་པའི་བྱེ་བྲག་གིས་ཡེ་ཤེས་རྟོགས་པར་འགྱུར་བ་དང། ཁྱད་པར་དུར་ཁྲོད་ལ་སོགས་པའི་གནས་ཀྱི་རིམ་པ་བསྟན་པ་དང། ལུས་ཀྱི་རྣམ་པར་འགྱུར་བའི་ཚུལ་དང། ་རིགས་ལ་དགོངས་པ་བསྟན་པའོ། །པོ་ཏང་གི་ཞེས་བྱ་བ་ནི་གསོང་པོར་སྨྲ་བ་ནི་གནས་ལུགས་ཆོས་ཉིད་ཀྱི་བབས་ཏེ། རྟོག་པ་གཅོད་པས་སོ། །པྲ་ཏི་པེ་ཏཾ་གི་ཞེས་བྱ་བ་ནི་གསོང་པོར་སྨྲ་བའི་ལན་ནི། རྟོག་པ་དེ་སེམས་སྟོང་ཉིད་དུ་རྟོགས་པར་བྱ་བ་ཆོས་ཐམས་ཅད་ལ ་བདེན་པ་རྟོགས་པས་ཡང་དག་པའི་དོན་ཟུང་འཇུག་རབ་ཏུ་མི་གནས་པར་སྟོན་པའོ། །ག་མུ་ཞེས་བྱ་བ་ནི་འགྲོ་བོ་ཞེས་པ། སྐྱོ་བ་ང་སྟེ། ཕྱིར་ཐབས་ཀྱི་ཚུལ་དུ། ཡང་དག་པའི་ལམ་ལའོ། །ལུཾ་བཾ་ཞེས་བྱ་བ་ནི་སྙིང་པོ་ཡང་དག་པར་ན་ཤེས་རབ་ཏུ་འོང་ངོ། ། ་ཞེས་བྱ་བ་དབུ་མ་ཡིན་ནོ། །ཀུ་ཏ་ནི་གནས་ག་གེ་མོ་ནས་འོང་སོ་ཞེས་བྱ་བ་ལུས་ཀྱི་རྩ་གནས་ཐམས་ཅད་དུ་རླུང་འགྲོ་འོང་མེད་པ་ནི་རྣམ་པར་མི་རྟོག་པ་ལ་སོགས་པའོ། །དེ་ཧི་ཞེས་བྱ་བ་ནི་ཟས་ཞེས་སྨྲ་བ་ཡིས་ནི་ནང་གི་ཤ་ལྔ་བདུད་རྩི་ལྔ་བསྟེན་པས། མཛའ་གཉིས ་ལས་མི་གནས་པར་ཉམས་སུ་མྱོང་བའོ། །ལྕེ་སོ་ལ་རེག་པས་ལྟོགས་པར་སྟོན་པ་ནི། མགྲིན་པར་རོ་དྲུག་ལ་ལོངས་མ་སྤྱད་ཅེས་པའོ། །ཁ་ལ་རེག་པས་ཟོས་སོ་ནི་ཉམས་མྱོང་བདེ་སྟོང་ལྷན་ཅིག་སྐྱོད་པའི་ཡེ་ཤེས་སུ་ཞེས་པའོ། །ལྕེ་རྩེ་ལ་རེག་པ་ནི་ཚིམ་ཞིང་བདེ ་བས་ཁེངས་པས་ངོམས་སོ་ཞེས་སོ། །གྲིཧྞ་ཞེས་བྱ་བ་ནི། བྲམ་ཟེ་སྨྲ་བ་ནི་གཙང་མའི་དྲང་སོང་སྟེ། རྩ་ཀུན་དང་མཆོག་ཏུ་གནས་པ་ཡིན་ནོ། །སྙི་རཱ་ནར་མ་ཞེས་པ་སྙིང་པོ་ཉིད་དོ་ནི་དྲན་པ་ཐམས་ཅད་སེམས་སུ་རོ་གཅིག་པའི་ཧཱི་ད་ཡ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལས ་ཡེ་ཤེས་ཀྱི་སྙིང་པོ་ལེན་པ་ཉིད་དུ་སྟོན་པའོ། །ས་ག་མ་ནི་མ་ནི་མིའོ། །ཞེས་གཟུགས་རྡོ་རྗེ་མ་དང་རྣལ་འབྱོར་མའི་ལུས་སོ། །ཤྲ་བ་ཎི་རྣ་བའོ་ཞེས་ནི། ཆོས་ཐམས་ཅད་ལ་སྒྲ་བརྙན་ལྟར་རོ། །མཱ་རཱ་ཎ་ནི་སྒྲ་ངན་ཉོན་མོངས་པ་དང་རྟོག་པ་ཐམས་ཅད་རྩད་ནས་གཅོད་པས ་དངོས་པོར་འཛིན་པ་སྤོང་བ་ལའོ། །གནདྷ་ཞེས་པ་ནི་དྲིའི་མཆོག་བླ་ན་མེད་པ་སྟེ། ཤིཾ་ཀར་ནི་ཀའོ་ཞེས་སིམ་པས་ལུས་སེམས་ལ་བདེ་བ་བསྐྱེད་པ་སྟེ་སིཧལ་དང་པདྨ་དབང་གི་དྲི་བྲོ་བས། ཏྲིཥྚ་ན་དྲིས་བསྒོ་བ་ནི་ཡེ་ཤེས་ཉམས་པ་མེད་པའི་དྲིའོ། །གྷྲ་ཧ་ར་ནི་རྡོ་རྗེའི་ཆུ ་གཏོད་པ་སྤྱི་བོ་ནས་འབབ་པའི་རོ་རྡོ་རྗེའོ། །ཡན་ཏི་ནི་དཀྱིལ་འཁོར་ཏེ་ལྷའི་ཚོམ་བུའོ། ། གུ་ལི་མི་ནི་ཡན་ལག་སྟེ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བས་མཚན་དཔེ་གྲུབ་པའོ། །མྲི་ཏ་སྭ་ན་ནི་སྲུབ་པ་སྟེ། ར་ས་ཡ་ནཱ་ནི་བདུད་རྩིའི་སྦྱོར་བས་བདེ་ཆེན ་དུའོ། །གང་དང་ལྷན་ཅིག་ཏུ་ན་ཏ་ལ་ཀ་སྟེ་མཁའ་འགྲོ་མ་ནི་རིགས་བདུན་གྱི་ལུས་ཀྱིས་སྒོ་གསུམ་དུ་སྡུད་པར་བྱེད་པའི་ཕྱག་རྒྱ་ཅན་ནོ། །ཏྲི་?་ནི་ཞུ་བ་སྟེ་སྤྱི་བོའི་ཧཾ་ལས་ཐིག་ལེ་འབབ་པས་སོ། །དནད་ནི་ཆར་འབབ་པ་བཟློག་པ། གཏུམ་མོའི་མེ་དང་འཁྲུལ་འཁོར་གྱིས ་བདུད་རྩིའི་རྒྱུན་བཟློག་པའོ། །ན་ར་ཀ་ན་ནང་ལུས་ཀྱི་དཀྱིལ་འཁོར་ཏེ། ཡང་ན་ཆོས་ཉིད་ལའོ། །ཥ་ནམ་ནི་བཞི་མདོ་སྟེ་རྩ་གསུམ་འདུས་པའི་རོ་གཅིག་པའོ། །དེར་རྣམ་ཤེས་དག་པའི་ཚུལ་ཨ་མོ་ཀ་ནི་དུར་ཁྲོད་ཅེས་རྣམ་པར་རྟོག་པ་འགག་ཅིང་མི་རྟོག ་པའི་ཡེ་ཤེས་སྐྱེ་བ་ཉིད་དོ། །ཀ་ཀི་ལ་ནི་དཀྱིལ་འཁོར་སྒོ་བཞི་ཕྱི་ནང་གི་རྣམ་ཐར་བཞིའོ། །པ་ཤུ་ལི་ཀ་ནི་ཁྱིམ་སྟེ་འཁོར་ལོ་ལྔའི་ཡུལ་ཉེར་བཞི་ཕྱི་ནང་དུའོ། །དེར་རྣལ་འབྱོར་མ་ཌཱ་ཀི་ནི་སྲིང་མོ་ལྷ་མོ་སུམ་ཅུ་སོ་བདུན་ཀུན་སྤྱོད་མའོ། །མེ་ཏ་ཀ་ནི་ཆུ་བོ་བདུད་རྩིའི་རྒྱུན་ཞག་ཆུ་འབབ ་པ་ལྟར་རོ། །ཤི་རྭ་ནི་བརྫུན་ནོ་ཞེས་ཐམས་ཅད་ལ་སྒྱུ་མ་ལྟ་བུར་རྟོགས་པའོ། །ཀརྞ་ནི་ལྟེ་བ་སྟེ། ཆོས་ཉིད་དབུ་མའི་སྙིང་པོ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །པཱ་རཱ་ཏཱ་ནི་སྒྲ་སྟེ། སྣ་ཚོགས་དུ་མ་ཏིང་ངེ་འཛིན་ཏུ་རོ་གཅིག་པའོ། །ཏེ་ཙ་ནི་མཆོད་རྟེན་ནོ། ཞེས་ཡེ་ཤེས ་སྟོང་ཉིད་ཞི་བ་ཉིད་དོ། །སྲོག་ཆགས་ལ་ཀུཾ་བྷི་ཧ་ནི་ཆུ་སྲིན་ཏེ། ཆུའི་ཁྲིམས་མ་གོས་པའོ། །ཀྲིཎ་ར་ནི་མེ་ཏོག་ནི་མ་ལས་བྱུང་བའི་ལུས་ཀྱི་ཁམ་སོ། །དུ་མུ་ལ་ནི་རྒོད་པ་སྟེ་བདེ་བ་ལམ་དུ་འགྱུར་བའོ། །དུ་ར་དྷཡ་ནི་ཆུ་འཛིན་ཕྱིའི་སྤྲིན་ཏེ། ནང་ནི་ཧཾ་ལས་རླུང་སེམས ་འདྲེས་བའི་ཐིག་ལེའི་འབྱུང་གནས་སོ། །དྷུ་པ་ནི་མ་ཙཎྜ་ལཱི་ལས་བྱུང་བའི་དུ་བས་བདུག་པའོ། །ལུས་ལས་ནུ་ཞེས་རི་བོ་བཅུ་གཉིས་ཡེ་ཤེས་རྒྱས་པར་སྟོན་པའི་གནས་སོ། །ལུས་ལས་འབྱུང་བས་རི་ཏ་ནི་ཆུ་བོ་ཕྱི་ནང་དུ་ཆེན་པོ་བཞི་ལ་སོགས་པ་འབབ་པའོ། །ན་ར ་དྷ་ས་ནི་རོའོ། །ཞེས་རོ་ལངས་རྟོག་པ་འགག་པར་ལོངས་སྤྱོད་པའོ། །བྷ་དན་གི་ནི་གདོང་ངོ་ཞེས་ལྷའི་ཞལ་མི་འདྲ་བ་གླང་པོ་ཆེ་སྟོབས་ལྡན་མི་ལྡོག་པའོ། །ངག་དག་པར་སྟོན་པར་ཌཱ་ཀ་ནི་ཞེས་མགྲིན་པར་ཨཱ་ལི་ཀཱ་ལི་ལ་དབང་ཐོབ་པའོ། །ཱ་དྷཱ་ན་ནི་སོའི་བཅུ་དྲུག་གཉིས་ཀྱི་ཐིག་ལེ་རྩ ་བར་འབབ་པའོ། །བྷཱ་ཀཱི་ནི་རྒྱལ་མཚོན་ཏེ་རླུང་སེམས་གཉིས་མེད་འཁྱམས་མཐོང་བའོ། །ཙྪ་ངོ་ནི་ཡི་གེ་རླུང་སྔགས་ཀྱི་ཕྲེང་བའི་རྣམ་པ་ཅན་ནོ། །ཙ་ལ་ནི་ཙ་ལ་རྒྱུ་བའི་རླུང་འགྲོ་འོང་གི་སྒྲའོ། །པ་ཤུ་ནི་རི་དགས་བྱིད་རྒོད་དང་བྲལ་བའོ། །རིགས་ལ་དགོངས་པ་རྒྱུད་ངེས་པ ་བསྟན་པ། ཤ་ས་དྷྲ་མ་ནི་བྲམ་ཟེའི་རིགས་གཟུངས་སྔགས་སོ། །བ་རི་དྷི་ནི་རྒྱལ་རིགས་གསང་སྔགས་སོ། །བྷི་ར་ཏི་ནི་རྗེ་རིགས་སོ། །ཀྲུ་ར་ནི་དམངས་རིགས་བླ་མའི་སྔགས་སོ། །ན་ཏ་སཱ་ནི་སྨེ་ཤ་ཅན་གྱི་གྲོང་སྟེ་རྩའི་འཁོར་ལོ་ལྔའོ། །ཕལ་གུ་ཤཾ་ནི་འབྲས་བུ་སྐྱེ་བ་སུམ ་ཅུ་རྩ་གཉིས་ཕྱི་ནང་དུ་ཡེ་ཤེས་འཆར་བའོ། །མཧཱ་ཀྵ་ར་མ་ནི་པ་ཤུ་སྟེ། ཕྱུགས་ཆེན་པོ་ནི་སྒྲུབ་པ་པོ་སྟེ། ལམ་རིམ་ལ་མྱུར་དུ་སྦྱོར་བའོ། །ག་ཙེར་ནི་ར་སྐྱེས་མེ་འབར་བའི་གནས་སོ། །ན་ར་ནི་མེ་རྩ་གཡས་སྟོད་ཆའོ། །གྷོ་དྷ་ནི་ཁྱུ་མཆོག་རྩ་གཡོན་པ་བདེ་བའོ། །མ་ན་མ ་ཧེ་སྟེ། དབུ་མར་ལྔ་ན་བདེ་ཆེན་ནོ། །བྷ་ནི་ཤ་ཟ་བ་ཅན། ཡེ་ཤེས་རོ་མཉམ་དུའོ། །དྷ་ནི་རྣམ་གྲངས་ཡེ་ཤེས་ཐིག་ལེ་བཅུ་དྲུག་གོ་། དྷཡ་ནི་རང་རིག་པའི་རྒྱལ་པོའོ། །གྷ་ཏ་ནི་རིག་པས་གནས་དང་ཉེ་བའི་གནས་ལ་སོགས་པའོ། །ཎ་དྷ་སྟི་ནི་སྟོང་པ་ཉིད་བཅུ་དྲུག་རྟོགས་པའོ ་ཧྲི་ནི་ཏིང་ངེ་འཛིན་མེད་པ་ན་ངོ་ཚ་བའོ། །ཧོ་ཧི་ཏི་ནི་ཆོས་ཐམས་ཅད་ལ་མ་འདྲེས་པར་མིང་རྒྱུ་འབྲས་སོ་སོའི་བྱེ་བྲག་གོ་།ཆོས་འབྱུང་སྟོང་པ་ལ་རེག་པ་ནི་མི་ཐུང་གིས་གཅིག་པ་འབར་འཛག་གིས་ཁམས་རྒྱས་པའོ། །བླ་ལ་རེག་པ་ནི་སྟེང་ཉིད་དུ་སྟེ་གོང་ནས་གོང་དུ་འགྲོ་བ་སྟེ། འོག ་མིན་གྱི་བར་དུ་ཁྱད་པར་དུ་འོག་ན་མེད་པའོ། །ད་ནི་ཡོངས་སུ་བསྡུ་བ་ཕྱག་རྒྱའི་རིགས་ལྡན་ནོ། །ཕྱག་རྒྱ་ལན་དཔའ་བོ་རྣལ་འབྱོར་པས། དཔལ་ཧེ་རུ་ཀའི་གསུང་གི་ཡན་ལག་གི་བརྡ་ནི་ཞི་གནས་ལྷག་མཐོང་དབྱེར་མེད་དུ་ཤིན་ཏུ་བསྟན་པ་གསང་བའི་དོན་ཏོ། །གང་གིས་གསང ་བ་བླ་ན་མེད་པའི་བརྟུལ་ཞུགས་ཆེན་པོ་དག་གི་བརྡ་རྣམས་རྒྱུད་ཆེན་ཀུན་ཏུ་སྦས་པའི་ཕྱག་རྒྱའི་གཞི་ལྡན་སྙིང་པོ་ངེས་པ་རྣམ་དག་རིམ་པ་བསྟན་པ་མཁའ་འགྲོའི་སྤྱོད་ཡུལ་ལྷ་དང་ལྷ་མོ་ཡིན་ཞེས་པའི་དོན་ཏོ། །ད་ནི་ལེའུའི་མཚན་བསྟན་པ་ལ། རིགས་བཞིའི་མཚན ་ཉིད་ཅན་གྱི་ནི་ཡེ་ཤེས་ལས་སྐྱེས་པ་ལ་སོགས་པ་འམ་ཡང་ན། ཌཱ་ཀི་མ་རྡོ་རྗེའི་རིགས་ལ་སོགས་པའི་བརྡའི་ཚིག་ལུས་ངག་ཡེ་ཤེས་ཀྱི་བརྡར་བརྟགས་པའི་ཆོ་གའི་ལེའུ་སྟེ་ཉེར་བཞི་པའི་རྣམ་པར་བཤད་པའོ།། །ད་ནི་དཔལ་འཁོར་ལོ ་སྡོམ་པའི་རྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་གསང་སྔགས་ལས། དེ་ནས་ཞེས་སྨོས་ཏེ། གང་ཟག་བརྩོན་འགྲུས་ཅན་མངོན་པར་འདོད་པའི་དོན་ཀུན་བསྒྲུབ་པའི་ཞེས་པ་ལས་དང་དངོས་གྲུབ་ཤིན་ཏུ་མྱུར་བར་བསྒྲུབ་པ་ནི་འདིར་འཇུག་པ་དེས་པ་ཉིད་དོ། །སྦས་པ་ནི ་སྣོད་དང་མི་ལྡན་པ་སྐལ་པ་ངན་པའི་འགྲོ་བ་ལའོ། །ཡང་ན་གོང་དུ་བསྡུ་བ་འབྱུང་ཡང་ནི་ཤིན་ཏུ་གསལ་བར་མ་སྨོས་པའོ། །བརྒྱད་པའི་མཐར་སྤྱར་བར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རྩ་སྔགས་རྐང་པ་བརྒྱད་པའི་རྗེས་སུ་འབྲེལ་པ། འཁོར་ལོ་གསུམ་གྱི་དཔའ་བོ་རྣམས ་ཀྱི་སྐུ་གསུང་ཐུགས་ཀྱི་རྩ་བའི་སྙིང་པོ་གསལ་བར་བསྟན་པ་ལས། ཐོག་མར་ཨོཾ་དཔལ་ཕུན་སུམ་ཚོགས་པ་བསྒྲུབ་པ་སྟེ། མཐར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པ་སོ་སོར་བྱེ་བྲག་ཏུ་མ་ཕྱེད་པར་རིགས་གཅིག་ཏུ་བསྡུས་པའི་གསང་བ་བླ་ན་མེད་པ་བསྟན་པ་ལས། མོས་པ་དམན ་པའི་སེམས་ཅན་གང་དག་སྦས་པ་རྟོགས་པར་དཀའ་བའི་ཕྱིར། འདིར་ཤིན་ཏུ་གསལ་པ་གསུངས་པ་ནི་རྨོངས་ཤིང་སྟེ་དབང་པོ་རྟུལ་པོའི་དོན་དུའོ། །མི་ཤེས་པ་ནི་ཆོས་འདི་ལ་མོས་པ་ཡོད་ཀྱང་བློ་ནུས་མེད་པ། བྱམས་པ་དང་སྙིང་རྗེའི་སེམས་ཅུང་ཟད་དང་ལྡན་པ་ལོ་ ་ཞེས་དེ་དག་ལ་ཉེ་བར་གདམས་པའོ། །དེ་ལས་གསང་སྔགས་བླ་ན་མེད་པའི་དོན་བསྟན་པ་ལ། དཔའ་བོ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་དང་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པའི་སྐུ་ལྔ་དབྱེར་མེད་ལས། དེ་ཉིད་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་གོང ་དུ་བསྡུ་བ་ལས་རང་གི་ངོ་བོ་མི་གསལ་བར་དཀྱིལ་འཁོར་བའི་ས་བོན་གྱི་ཚུལ་དུ་གསུངས་པའི་དོན་གྱི་སྙིང་པོའི་གསང་སྔགས་ནི་འདི་ཡིན་ཏེ་ཞེས་འགྲོ་ལྡིང་བཱི་ཚུལ་གྱི་སྒྲ་བཤད་ཀྱི་ཚུལ་ལས་འདས་པས་ལྷའི་རྣལ་འབྱོར་གྱི་ལས་མ་གཏན་དང་ལྡན་པས་བཟླས་པར་བྱ་བ་བསྟན་པའོ། །དཔའ་བོ་དང་ནི་རྣལ་འབྱོར ་མ་རྣམས་ལུས་ཀྱི་དཀྱིལ་འཁོར་བཀོད་ཅིང་གསལ་བྱས་འཁོར་ལོ་ལྔ་ཡི་བདག་ཉིད་ཅན། །སྒྲ་བཅས་འཁོར་བར་གྱུར་པ་ལས་ཀྱང་སྲོག་རྩོལ་འགོག་པའི་བཟླས་པ་གཞན་དུ་ཡ་སྡེ་བརྒྱད་པ་ཐབས་ཤེས་དབྱེར་མེད་འགྱུར། །རྩ་བའི་གསང་སྔགས་རིག་པ་ཆེན་པོ་འདི ་ཡིས་ཡེ་ཤེས་ལྷ་རྣམས་མ་ལུས་འབེབས་པར་འགྱུར་བ་སྟེ། །རང་འབྱུང་གསང་སྔགས་ཟུང་འགྱུར་སྐུ་གསུང་ཐུགས་འཁོར་དམ་ཚིག་སྙིང་པོ་དག་པ་རྡོ་རྗེ་བསྟན་པའོ། །ད་ནི་ལེའུའི་མཚན་བསྟན་པའི་ཕྱིར། རྩ་བའི་སྔགས་ཀྱི་ནི་དཔལ་ཧེ་རུ་ཀ་ཉིད་དང། གཞན་ཡང་སྐུ་གསུང་ཐུགས་ཀྱི ་འཁོར་ལོའི་དཔའ་བོ་ཉི་ཤུ་རྩ་བཞི་དང་བཅས་པའི་དཀྱིལ་འཁོར་བའི་གསང་བའི་ཆོ་གའི་དོན་གཏན་ལ་ཕབ་པའི་ཆོས་ཉིད་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལ་ལམ་གྱི་གཞི་དམ་ཚིག་ལ་གནས་པར་བྱ་བ་ནི། ལེའུ་དང་པོ་ལས ་ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། དམ་ཚིག་རྟག་ཏུ་བརྐྱང་བར་བྱ་ཞེས་མདོར་བསྟན་པ་ཡིན་ལ། དེ་ཉིད་རྒྱས་པར་བཤད་པ་ལེའུ་འདིས་སྟོན་ལ། ཡང་བཟློག་པའི་སྒོ་ནས་བསྟན་པ། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། དབང་བསྐུར་དངོས་གྲུབ་བོར?་མི ་འགྱུར་ཞེས་པས་སོ། །ཡང་དྲ་བ་སྡོམ་པ་ལས་ཀྱང། སྔགས་པ་དམ་ཚིག་མེད་པ་ལ། །ལྷ་ཡིས་བསྲུང་བར་མི་འགྱུར་ཞིང། གལ་ཏེ་དམ་ཚིག་སྡོམ་གནས་ལ། །ཡེ་ཤེས་ཅན་གྱིས་ལེགས་སྐྱོབ་ཡིན། ཞེས་གསུངས་པའི་དོན་གྱིས། དེ་ཡང་བསྲུང་བར་བྱ་བ་དང། མི་འབྲལ་བ་དང། ་བཟའ་པ་དང། སྤྱད་པར་བྱ་བ་དང། བརྟུལ་ཞུགས་བླ་ན་མེད་པ་བསྟན་པའོ། །དེ་ནས་ཞེས་པ་ལེའུ་ཉེར་ལྔ་པ། རྩ་བའི་སྔགས་བསྟན་པའི་རྗེས་ཐོགས་ལའོ། །གཞན་ཡང་ནི་རྡོ་རྗེ་ཐེག་པའི་ལམ་ལ་གནས་པ་ལ་ཁྱད་པར་དུ་དམ་ཚིག་ལ་གནས་པར་བྱའོ། །འཇིག་རྟེན ་གསུམ་པོ་དག་ཅེས། ཕྱིའི་ནི་ཀླུ་དང་མི་དང་ལྷའི་གནས་རྣམས་སོ། །ནང་དུ་ནི་གནས་གསུམ་པོའི་སྐྱེ་བ་རྣམ་པ་བཞི་པོ་ལ་མ་གྲགས་པའོ། །གསང་བ་ལྟར་ན་ལུས་ཅན་གྱིས་སྒོ་གསུམ་སྤྱོད་ཡུལ་ལོ། །ཡོང་མིན་པ་ནི་བྱ་བ་ལ་སོགས་པའི་རྒྱུད་དུ་ཟ་བ་དང་རྒྱ་ཆེ་བ། བླ་ན་མེད་པའི ་དམ་ཚིག་སྦས་པའོ། །གཞན་ལས་ཁྱད་པར་དུ་བསྟན་པའི་ཕྱིར། ཤྲཱི་ཧེ་རུ་ཀའི་སྔགས་ཞེས་པ་ཡིད་ཅན་ཤེས་པ་སྐྱོབ་པ་སྟེ། སྔགས་ཀྱི་རང་བཞིན་ལྷ་དང་ཐ་དད་མེད་པའི་ཕྱིར་རོ། །དེ་ཉིད་ཤེས་ན་ཞེས། བདག་དང། ལྷ་སྔགས། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཐ་མི ་དད་དུ་ཤེས་པས་དབྱེར་མེད་དུ་འགྱུར་བའི་དོན་ཏོ། །རྒྱུད་གཞན་དུ་བསྟན་པའི་གཟུངས་དང་རིག་སྔགས་ལ་བལྟོས་པ་མེད་པར་བསྟན་པས་གསང་སྔགས་ཐམས་ཅད་ཡོངས་འདོར་བའོ་ཞེས། གླང་པོ་རྙེད་ནས་གླང་པོའི་རྗེས་མི་ཚོལ་བ་ལྟ་བུའོ། ད་ནི་དངོས་གཞི་ལམ་གྱི་དོན་དངོས ་ལས། རིགས་ལྡན་གྱི་ཁྱད་པར་ཇི་ལྟར་གནས་པའི་ཚུལ་གསང་བ་བསྟན་པ་ལས། ལུགས་འབྱུང་ནི་རབ་ཏུ་གཏུམ་མོ་ནས། བརྩོན་འགྲུས་ཆེན་མོའི་བར་ཏུ་རིམ་པ་ཇི་བཞིན་ལའོ། །ལུགས་བཟློག་པ་ནི་ལྷ་མོ་བརྩོན་འགྲུས་ཆེན་མོ་ནས་ལྷ་མོ་རབ་གཏུམ་མོའི ་བར་དུ་གོ་བཟློག་ནས་བསྟན་པ་ལ་དགོངས་པའོ། །དེ་ཉིད་ལ་རིམ་དང་རིམ་ལས་བཟློག་པ་ཞེས་ཀྱང་ཟེར་རོ། །དེ་དག་རང་གི་ངོ་བོ་གང་ཚུལ་ཇི་ལྟར་གནས་ཤེ་ན། ཕོ་ཉ་མོ་རྣམས་ཞེས་པས་རྣལ་འབྱོར་མ་རྣམས་སོ། །ཡང་དག་གནས་ནི། དཔའ་བོ་རྣམས་དང་གཉིས་སུ་མི་རུ? ་དཀྱིལ་འཁོར་དུ་གནས་པའོ། །འོག་གི་ནི་ས་འོག་གི་ཀླུ་དབང་དུ་བྱ་སྟེ། ལྷ་མ་ཡིན་གྱི་ཕུག་ལ་སོགས་པའོ། །སྟེང་གི་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རལ་གྲི་ལ་སོགས་པའི་གྲུབ་པའི་དངོས་གྲུབ་སྟེར་བ་ལྷ་རྣམས་དབང་དུ་བྱེད་པའོ། །ཡང་ན་འོག་གི་གཏུམ་མོ ་འབར་བས་ས་སྟེངས་ས་བླའི་ཁམས་འདུད་རྩིར་དབབ་པ། དངོས་གྲུབ་སྟེར་ནི་བདེ་སྟོང་གི་ཉམས་རང་བྱུང་དུ་འཆར་བའོ། །ཕོ་ཉ་མོ་རྣམས་ནི་ལུས་ཀྱི་གནས་ལ་སོགས་པར་ཙཎྜ་ལི་འབར་བའོ། །ཡང་དག་གནས་ནི་རྩ་དང་ཐིག་ལེ་རླུང་དབྱེར་མེད་བདེ་བར་སྦྱོར་བས་སོ། །རིགས ་ལྡན་ཕྱག་རྒྱ་བཞི་ལྡན་ལམ་དུ་འགྱུར་བ་ནི་བདག་གི་ཕོ་ཉ་མ་ཀུན་འགྲོ་ནི། ཕོ་ཉ་ལྷན་སྐྱེས་མ་དང་ཞིང་སྐྱེས་མ་དང་སྔགས་སྐྱེས་མ་སྟེ། བདག་གི་བདེ་བ་དེས་ས་གསུམ་ཁྱབ་པར་སྟོང་ཉིད་དུ་གནས་ཞེས་པའོ། །དེ་ནི་ལས་ཀྱི་ཕྱག་རྒྱའོ། །བྱང་སེམས་ཕ་དང་མ་ལས་ཐོབ་པ་དེའི་བྱང་སེམས ་ལུས་ཀྱི་སྤྱི་གཙུག་ནས་རྐང་ཐིལ་གྱི་བར་དུ་རྟེན་དང་བརྟེན་པ་ཚུལ་གཅིག་ཏུ་ཁྱབ་པར་རྒྱུ་བ་ཆོས་རྒྱའོ། །ལུས་ཀྱི་ཁམས་དངས་མའི་ཆ་དང་སྙིགས་མའི་ཆ་འབྱེད་པར་བྱེད་པས་རྩ་གནས་སུམ་ཅུ་རྩ་གཉིས་པོ་ཀུན་ཏུ་འགྲོ་འོད་རླུང་གི་ནུས་པ་ལས་འབྱུང་བ་ནི་དམ་ཚིག་གོ་།རང ་ལུས་སྒྱུ་མ་ལྟ་བུ་དེ་ཉིད་ལས། རིགས་ཀྱི་ཕོ་ཉ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པས་འོད་གསལ་ཆོས་ཉིད་ཀྱི་ངང་དུ་ཀུན་ཏུ་འགྲོ་བས་ཕྱག་རྒྱ་ཆེན་པོ་ཉིད་ཐོབ་པའོ། །དེ་ལས་ཕན་ཡོན་འབྱུང་བ་ནི། ཕོ་ཉ་མ་དེ་དངོས་གྲུབ་སྟེར་ཞེས་པས་དེ་ལས་ལུས་སེམས་བདེ་བར་གནས ་སྤྲོས་པ་མེད་པས་ཞི་གནས། ཡེ་ཤེས་བདེ་ཆེན་མངོན་དུ་བྱས་པ་ལྷག་མཐོང་སྟེར་བ་སྟེ་ཕྱག་རྒྱ་བཞི་ལྡན་ཉམས་སུ་བླངས་པས་ནུས་པ་ཐོགས་མེད་དུ་འབྱུང་བས་དངོས་གྲུབ་ཀྱི་དབང་ཕྱུག་རབ་ཏུ་སྟེར་བའོ། །དེས་གྲུབ་པའི་ཁྱབ་པར་རོ། །ད་ནི་མངོན་པར་དད་པའི་ཁྱད་པར་བསྟན ་པའི་ཕྱིར། རྣལ་འབྱོར་གནས་ཀྱི་ཁྱད་པར་ཉིད་ནི། དམ་ཚིག་མེད་པའི་སྐྱེ་བོས་དབེན་པར་སྒྲུབ་པ་པོས། རང་བྱིན་གྱིས་བརླབ་པར་བྱ་སྟེ། རང་ལུས་ལྷར་གསལ་ཞིང་དཔལ་རྡོ་རྗེ་རྣལ་འབྱོར་མའི་བདེ་བ་ལམ་དུ་བྱ་བའོ། །ཙུམ་བི་ན་ཞེས་རླུང་སྲོག་རྩོལ་འགོག་པས། འོག ་རླུང་གྱེན་ལ་དྲང་པའི་སྦྱོང་བ་དང། ལྷག་པར་འཁྱུད་པ་ལུས་ཀྱི་མེ་དང་གཉིད་མ་རྩེ་སྤྲད་ཅིང། ཀུན་དར་རོ་མ་རྐྱང་མ་གཉིས་འཁྱུད་པ། ལྷར་རྩ་གསུམ་འདུས་པའོ། །དེ་ལས་མཐོང་བ་ནི་ཙཎྜ་ལཱི་ཅུང་ཟད་བསྐུལ་བ་མཐོང་བས་མེ་ལྕེ་འབར་པའོ། །དེ་དང་རེག་པ་དེ་བཞི་ནི། ཀུན་དང་ནས་རྒྱུད་དེ་རིམ་གྱི་བྱིན ་ལ་གཤེགས་པས་བདེ་ཆེན་གྱི་ཧཾ་ལ་རེག་པས་ཇི་སྙེད་ནི་བྱང་སེམས་འབབ་པའོ། །རྣལ་འབྱོར་ཚོགས་རྣམས་ནི། ཐིག་ལེ་བཅུ་དྲུག་འབབ་པ་ལས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་ལ་ཐམས་ཅད་དངོས་གྲུབ་སྟེ། སྐད་ཅིག་མ་ལ་ནུས་པ་མངོན་དུ་བྱེད་པར་ཞེས་ལམ ་ལ་གང་མས་པའོ། །ལམ་ཉེ་བར་བསྒྲུབ་པའི་ཡུལ་བསྟན་པའི་ཕྱིར་བདེན་དངོས་ཐམས་ཅད་སྦྱིན་བྱེད་པ་ཞེས་པས་འཇུག་པ་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོ་སྣང་ལ་རང་བཞིན་མེད་པར་སྟོན་ལ། ལྡོག་པ་དོན་དམ་པའི་བདེན་པ་ཐམས་ཅད་འོད ་གསལ་དུ་སྟོན་པར་བྱེད་པའོ། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་དངོས་པོ་དང་མཚན་མར་འཛིན་པ་ཅན་ཐམས་ཅད་ལ་དགག་པ་ཉིད་དོ། དེ་ཡང་ལྷག་པའི་ལམ་བསྒྲུབ་པ་ལ་ཕོ་ཉ་མ་རྣམས་ཞེས་པ། མ་ནི་ཀུན་དང་ཐོག་མར་ཆགས་པས་ཐུགས། སྲིང་མོ་རོ་མ། བུ ་མོ་རྐྱང་མ་སྟེ་སྐུ་དང་གསུང། རིག་མ་ནི་དེ་གསུམ་ལ་བརྟེན་ནས་འཁྲུལ་འཁོར་དང་ལྡན་པར་བྱས་ལ། གང་ཞིག་ཙཎྜ་ལཱི་འབར་བ། རྟག་ཏུ་འབར་འཛག་ལ་དམིགས་པས་སྔགས་སྦྱིན་པ་སྲོག་རྩོལ་འགོག་པའི་སྦྱོར་བས། དེའི་དེ་ཉིད་བདེ་བ་དང། སྟོང་པ་དབྱེར་མེད་པའི ་ཉམས་མྱོང་དྲང་རྟགས་འཆང་བ་ལ་ཆོ་གར་བཤད་ཅེས་སྐུ་གསུང་ཐུགས་གཉིས་མེད་ཡེ་ཤེས་གྲུབ་པའི་ཐབས་སུ་བསྟན་པའོ། །ད་ནི་བསྲུང་བར་བྱ་བའི་དམ་ཚིག་དངས་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་རྒྱུད་འདིར་ནི། རྙེད་དཀའ་ཨི་དམ་ཚིག་ང་ཡིས་བཤད་ཅེས ་པས། ཐུན་མོང་གི་རྒྱུད་ལས་མཆོག་ཏུ་གྱུར་པའི་ཐབས་ཤེས་རབ་གཉིས་མེད་སྟོན་པའི་རྒྱུད་འདིར་ནི། སྐལ་བ་དང་མི་ལྡན་པས་དརྙེད་པར་དཀའ་བའི་དམ་ཚིག་ཁྱད་པར་པ་དེ་ཡིས་བཤང་ཅེས་པས། དམ་ཚིག་གི་ངོ་བོ། སྒྲ་འཇུག་པ་དང། བྱེད་ལས་དབྱེ་བ ་མི་ཉམས་པར་བྱ་བའི་ཐབས། ཉམས་ན་ཕྱིར་བཅོས་པ་ལ་འཇུག་པར་བྱ་བའོ། །དེ་ལ་ཐོག་མར་རྣལ་འབྱོར་མའི་རྒྱུད་དུ་ཤེས་རབ་ཁོ་ན་གཙོ་ཆེ་བར་བསྟན་པའི་ཕྱིར། སྐྱེས་པ་བུད་མེད་གཡོན་ནས་འགྲོ་ཞེས་པ་སྨོས་ཏེ། གང་ཡང་ངོ་བོ་ཉིད་ཀྱིས་རྡོ་རྗེ་རྣལ་འབྱོར ་མ་མཛེས་མའི་བདག་ཉིད་བདེ་ཆེན་པོ་དང་ལྡན་པ་ནི། གཡོན་པའི་ཀུན་ཏུ་སྤྱོད་པ་ལ་ནི་གནས་པས་བདེ་སྟོང་དབྱེར་མེད་དུ་གནས་པའི་བརྡ་གོ་བར་བྱ་བའོ། །དེས་རིགས་ལྡན་རྣམས་ནི་མཆོད་པར་བྱ་ཞེས་པས། རིགས་ལྡན་ཡེ་ཤེས་ཀྱིས་ལྷ་མོ་མཛེས་མ་རྣམས་སྟོང་པ་ཉིད་བཅུ ་དྲུག་གི་ངོ་བོ་མཆོད་པར་འགྱུར་བའོ། །དེའི་ཕན་ཡོན་ནི་འདོད་པའི་དངོས་གྲུབ་སྟེང་བར་བྱེད་ཅེས་པ་གནས་སྐབས་དང་མཐར་ཐུག་ཏུ་བླ་ན་མེད་པའི་དོན་སྩོལ་བར་འགྱུར་བའོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་འདིར་ཞུགས་ཤིང་གནས་པ་མཆོད་པར་འོས་པ་ལ་དུས་རྣམས ་ཀུན་ཏུ་མཆོད་པར་བསྟན་པ་ནི། ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག་ནི་རིམ་པ་གཉིས་ལ་གནས་པའི་གང་ཟག་དེ་བརྟུལ་ཞུགས་དང་ལྡན་པ། དེ་ལས་སྦྱོར་གཞན་མེད་པ་ནི་འཁོར་བ་ལས་སྐྱོབ་པ་མཉན་པ་ལྟ་བུ་ཡིན་པའོ། །སློབ་དཔོན་ཏེ་རང་གི་རྒྱུད་ལ་ཡོན་ཏན་བསྐྱེད ་ཅིང་ཡང་དག་པའི་ལམ་ལ་ཁྲིད་པའོ། །གསང་བའི་དབང་གི་དུས་སུ་ནི་རྣལ་འབྱོར་མ་དེ་ཉིད་དུ་ཀུན་གྱི་ཡུམ་ཡེ་ཤེས་སྐྱེད་བྱེད་ཡིན། སློབ་མའི་ཁམས་རྒྱུད་བྱིན་གྱིས་བརླབས་པའོ། །ཁྱིམ་དང་ཞིང་དུ་རྣམ་གནས་པ་ནི་འཁོར་ལོ་ལྔ་ལ་གནས་པའི་ཕྱི་ནང་གི་རྡོ་རྗེ ་རྣལ་འབྱོར་མ་ཕོ་ཉ་ལྷན་ཅིག་སྐྱེས་མ་ལ་སོགས་པ་རྣམས་ཀྱིས་སྒྲུབ་པོ་རྣམས་ཤིན་ཏུ་རིང་བ་འོག་མིན་ལ་སོགས་པ་ནི་གནས་ཀྱང་ཤེས་པར་འགྱུར་བ་ནི་མངོན་པར་ཤེས་པས་སོ། །ཡང་ན་རྣལ་འབྱོར་པས་ལྷན་ཅིག་སྐྱེས་མ་དང། ཞིང་སྐྱེས་མ་རྟགས་ཀྱི་སྒོ་ནས་ཤེས ་པར་འགྱུར་བའོ། །དཔལ་བདེ་མཆོག་གི་རྒྱུད་འདི་རུ་ནི་གང་ཞུགས་པ་དེ་དག་སྒྲུབ་པ་པོ་ཁྱད་པར་དུ་འགྱུར་པ་ཡིན་ཏེ། ངེས་པར་ལེགས་པའི་ལམ་ཁྱད་པར་བ་ལ་གནས་པར་འགྱུར་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། བླ་མ་དང་མཆོད་པར་འོས་པ་རྡོ་རྗེ་སྤུན་ལ་སོགས་པ ་ལ་བརྙས་མི་བྱ་ཞིང་སྤང་མི་བྱ་ལུས་ཀྱིས་གུས་འདུད། །ངག་གིས་སྟན་པ་བརྗོད། སེམས་ཀྱིས་སྙིང་བརྩེ་བར་བྱ་བ་སྟེ། ནུས་པ་ཡིས་ནི་མཆོད་པར་བྱ་བ་ལྷག་པའི་ལྷ་དང་དབྱེར་མེད་དུ་བལྟ་བས་ཆོས་བཅུ་ཕྲག་གཉིས་ལ་སོགས་པ་ལ་མཆོད་པར་བྱ་བའོ། །ཤེས་རབ་ཀྱི་རང་བཞིན་ཌཱ་ཀི་མའི ་ཚོགས་ལམ་གུས་པ་སྤང་ཞིང་གུས་པ་བསྒྲུབ་པ་ནི། ཁྭ་གདོང་ལ་སོགས་བརྒྱད་པོ་ནི་ཞེས་པས་ཌཱ་ཀི་དེ་དག་དང་ཆོས་མཐུན་དུ་འགྱུར་བའི་སེམས་ཅན་དུད་འགྲོའི་སྐྱེ་གནས་ལ་ཡང་མི་སྣང་ན། མིང་གྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གལ་ཏེ་སྨད་པར་བྱེད་ན་ཉེས་བྱས་སུ་འགྱུར་བའོ།། ་དེ་ཉིད་ལ་གུས་པས་ནུས་པ་ནི་རྣམ་ཤེས་ཀྱི་ལས་མོས་པ་འཕེལ་བས་ལས་མ་དག་པ་དག་ལ་དད་པ་འཕེལ་བར་བྱེད་པ་ཡེ་ཤེས་ཀྱི་ལས་ཀྱིས་ཉོན་མོངས་པའི་སྒྲིབ་པ་དག་པར་བྱེད་པའོ། །དུས་རྒྱུན་མ་ཆད་པར་རྟག་པར་དངོས་གྲུབ་གཉིས་ལ་སོགས་པ་རྣམས་ཐོབ་པར་བྱེད་པ་དག་གི ་རྒྱུ་འམ་གཞི་རྟེན་ཆོས་ཀྱི་འབྱུང་གནས་ཏེ། ཡེ་ཤེས་མཆོག་ཏུ་འགྱུར་བ་སྤྲོས་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་ཡུམ་ལ་མོས་པར་བྱ་བ་བསྟན་པའོ། །དེ་ཉིད་དུ་དམ་ཚིག་ལ་གནས་པའི་གང་ཟག་ལ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཐུགས་ཀྱི་རྗེས་སུ་འཛིན་པས་ན་དམ ་ཚིག་རྣམས་ནི་སྐྱོང་བྱེད་པ་ཞེས་དཔལ་བདེ་མཆོག་ཉིད་ཀྱིས་འགྲོ་བ་འདུལ་བའི་དོན་དུ་སྣ་ཚོགས་གཟུགས་ཅན་དུ་བསྟན་ཅིང། སློབ་དཔོན་ཌོམྦྷི་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ལ་གནས་པར་བྱ་བ་སྟེ། མཉམ་རྗེས་གཉིས་སུ་མེད་པས་གནས་པར་བྱ་ཞེས་སོ།། ་ཁྱད་པར་དུ་རིགས་ལྡན་སྤང་བར་མི་བྱ་སྟེ། །ལྷ་མོ་གཞན་དང་ཀུན་སྦྱོར་བ་ཞེས་བདག་ཉིད་དཔལ་ཧེ་རུ་ཀར་བྱ་སྟེ། ལྷ་མོ་བཅུ་གཉིས་པོ་ལ་སོགས་པ་ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མ་ཉིད་དུ་བསྐྱེད་ཅིང་མཉམ་པར་སྦྱོར་བ་ལས། དཀྱིལ་འཁོར་དུ་མ་གཏོགས་པ་གཞན་ལ ་བརྟེན་པར་མི་བྱ་བ་ཡུལ་གྱི་དབྱེ་བས་ཤེས་པར་བྱ་བའོ། །འདོད་པས་ཆགས་པར་བྱ་བ་མིན་ཞེས་སྨོས་པས། ཐ་མལ་འཇིག་རྟེན་པའི་སྤྱོད་པས་བསྟེན་པ་ནི་ལྟུང་བར་འགྱུར་བས་དགག་བྱའོ། །ད་ནི་བཟའ་བར་བྱ་བའི་དམ་ཚིག་ལ། གཉིས་སུ་མེད་དང་ཞེས་ཤ་ལྔ་བདུད་རྩི ་ལྔ་ལ་སོགས་པ་ལ་བླང་དོར་སྤངས་པས་རོ་མཉམ་དུ་སྤྱོད་ལ། ཐོགས་པ་མེད་ཅེས་གསང་བར་བྱ་བའི་རྫས་དང་མཆོད་པའི་ཡོ་བྱད། ག་ཎ་ཙཀྲའི་བྱེད་པ་དང་རྟེན་ལ་སོགས་པ་གཞན་ལ་མི་བསྟན་ཅིང་གསང་བ་བསྒྲག་པར་མི་བྱ་བའོ། །དམ་ཚིག ་སྤྱོད་པའི་སྤྱད་བྱ་བ་ནི། དམ་ཚིག་ཅན་ལེགས་པར་བརྟགས་པས། བསྙེན་སྒྲུབ་ཀྱི་ཡན་ལག་གིས་སྦྱངས་ནས་སྤྱོད་པའི་རིམ་པ་ལ་གནས་པར་བྱ་བའོ། །གསང་བའི་སྤྱོད་པ་ཡེ་ཤེས་བསྒྲུབ་པས་གནས་པ་བསྟན་པའི་ཕྱིར་ལྷ་མོའི་དབང་ཕྱུག་ལེགས་པར་སྦྱོར་བ་ནི་སྔགས་སྐྱེས ་ཀྱི་རིགས་ལྡན་ལེགས་པར་སྦྱངས་པ་སྟེ། དང་པོ་གསོ་སྦྱོང་སྦྱིན་པ་ནས། བསླབ་པ་དང། ཐོས་བསམ་དབང་དང་བསམ་གཏན་ཡབ་ཡུམ་གྱི་སྙིང་པོ་དགོད་པ་དང་བྱིན་བརླབས་དང་ལྡན་པས་བསྟེན་པའོ། །དེ་བཞིན་བསམ་གཏན་གྱི་ཚངས་སྤྱོད་ཅེས་ཚད་མེད་བཞི་དང ་ལྡན་པས་དེ་བཞིན་ཉིད་ལྷ་དང་ཡེ་ཤེས་ཀྱི་བསམ་གཏན་བདེ་བ་ལ་སྟོང་པས་རྒྱས་འདེབས་པས་ཚངས་པར་སྤྱོད་པ་བདེ་སྟོང་གཉིས་མེད་དུ་གྱུར་པ་ལ་སོ་སོར་ཐར་པའི་ལྟུང་བ་ལྟ་བུས་གོས་པ་མེད་དོ། །ཉོན་མོངས་པ་ཟིལ་གྱིས་མནན་པའི་ཕྱིར་རོ། །ཁྲོ་མེད་བུ་གར་ཀུན་སྤྱོད ་པ་ཞེས་པ། དགོས་པ་དང་མི་ལྡན་ཞིང་ཡོན་ཏན་མེད་བཞིན་དུ་བྱང་སེམས་རྩེ་མོ་ལས་དབྱུང་བར་མི་བྱ་བ་སྟེ། རྟེན་དང་བརྟེན་པ་མེ་ཏོག་དང་དྲི་ལྟ་བུ་སྟེ། དེ་དང་འགལ་ན་ལྟུང་བའོ། །དེའི་ཉམས་མྱོང་ལ་དང་བ་ཉིད་ཀྱིས་གལ་ཏེ་ལྟུང་ན་ཞེས་བླང་གི་།མིག་དང ་ལག་པས་མ་ཡིན་ནོ་ཞེས་དགག་བྱའོ། །དེ་དག་གི་གཞུང་ཉེ་བར་བསྡུ་བའི་ཕྱིར། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་མིན་ཞེས་པས། གཡོན་པ་ཀུན་སྤྱོད། བླ་མ་དང་མཆོད་འོས་མཆོད་པ། ཤ་ལྔ་བདུད་རྩི་ལ་བླང་དོར་མེད་པས་ཚེས་བཅུ་དང། རྒྱུད་འདི་ཞུགས་པ་ལ ་མི་སྨད་པ། དུད་འགྲོའི་སྐྱེ་གནས་ལ་སྨད་པ་སྤང་བ། ཀུན་ད་མི་སྤང་ཞིང་སྤེལ་བ། དམ་ཚིག་གཉིས་འཛིན་རྟོག་པ་སྤོང་བ། ཚངས་པར་སྤྱོད་པ་ཅན་ནོ། །རྣལ་འབྱོར་པས་བསྙེན་པ་དང། སྒྲུབ་པ་དང་ཉེ་བར་སྒྲུབ་པ་ལ་གནས་པ་ནི་ཡན་ལག་བཞི་ལྡན་དུ་སྤྱོད་པའོ།། ་སྒྲུབ་པ་པོས་ནི་རྟག་ཏུ་ལུས་ཀྱིས་མཐོ་རིས་དང་སེམས་ཀྱིས་ཐར་པ་མཆོག་ཤེས་པས་གནས་པར་བྱ་བའོ། །རྒྱུད་རྣམས་ཐམས་ཅད་ཐུན་མོང་དུ་ནི། བྱ་བ་སྤྱོད་པ་རྣལ་འབྱོར་བླ་ན་མེད་པ་ཐམས་ཅད་དུ་དམ་ཚིག་གསང་བ་སྤྱོད་པའོ། །རྒྱུ་མེད་པར་ནི་བཅོམ་མི་བྱ་ཞེས་ཐམས ་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་སྡོམ་པ་དང་དམ་ཚིག་ལ་གནས་པར་བྱ་བ། ལྟུང་བ་མི་བཅབ་ཡོན་ཏན་མི་བསྒྲག་།བསམ་གཏན་ལ་གནས་པ་ལ་བསླབ་པའོ། །བདེ་བ་ཁྱད་པར་གྲུབ་པ་ཉེ་བར་གྱུར་པ་ནི། །ཕོ་ཉ་མ་རྣམས་ནི་ལྷན་སྐྱེས་ཞིང་སྐྱེས་སྔགས་སྐྱེས ་རྣམས་སོ། །ཡང་དག་གནས་པ་ནི་ལུས་ངག་ཡིད་བདེ་བར་སྐྱོབ་པའོ། །ཤེས་རབ་མའི་མཆོག་གི་གསང་རྩ་བློ་ལྡན་རྣལ་འབྱོར་པས། མཐེ་ཆུང་བསྐྱོད་པ་ནི་གཡོན་ངོས་ཀྱི་རྡོ་རྗེ་དབྱིངས་ཕྱུག་མའི་རྩ་ལམ་དུ་གྱུར་པས། བདེ་བ་ཆེན་པོར་གནས་པར་བྱ་བ་གསང་བའི་སྤྱོད་པ ་བསྟན་པའོ། །ཡང་ཌཱ་ཀི་མ་རིགས་ལྔ་ལས་འཇིག་རྟེན་གྱི་ཌཱ་ཀི་མས་ཚར་བཅད་རྗེས་འཛིན་གྱི་ཕྲིན་ལས་བྱེད་པ་སྟེ། མཐེ་ཆུང་ལྟ་བུ། བློ་ལྡན་གྱིས་བསྐྱོད་པ་ནི་རྣལ་འབྱོར་པས་ཌཱ་ཀི་དབང་དུ་གྱུར་པའོ། །དེར་ནི་ཕོ་ཉ་མ་རྣམས་ཡང་དག་གནས་པ། ཕྱི་ནང་གི་སྲིད་པ་གསུམ ་ལ་གནས་ནས་དངོས་གྲུབ་སྩོལ་བའོ། །ད་ནི་རྟེན་གྱི་གང་ཟག་བསྟན་པ་ལ། རྒྱུད་འདིར་འཇུག་པའི་གང་ཟག་ངོས་གཟུང་བའི་དབང་དུ་བྱས་ནས་མ་དག་པ་ལ་གཉིས་ལས། རང་བཞིན་གྱིས་མ་དག་པ་དབང་པོ་དམན་པ་འཇིག་རྟེན་འཁྲུལ་པའི་དབང་དུ་སོང་བ ་དངོས་འཛིན་ཤས་ཆེ་བའོ། །སྦྱངས་པས་མ་དག་པ། ལས་དང་པོ་བསླབ་དང་ལམ་དང། དབང་གིས་མ་སྦྱངས་པ་དེས་ནི་ཉེས་བྱེད་ཅེས། དད་པའི་རྗེས་སུ་འབྲང་ཞིང་བླ་མ་བསྟན་ཅིང་ཐུན་མོང་བ་ལ་བློ་རིམ་གྱིས་སྦྱང་བ་ལ་བསླབ་པར་བྱའོ། །གཉིས་པ་དག་པ་ནི ་རང་བཞིན་གྱིས་དད་པ་ཤེས་རབ་སྙིང་རྗེ་ཅན། །དངོས་འཛིན་ཤས་ཆུང་བ། ཟབ་མོ་ལ་ལྷག་པར་མོས་པའོ་སྦྱངས་པས་དག་པ་ནི། བསླབ་པ། ལམ། དབང་གིས་སྨིན་པས་རྒྱུད་རྣམ་པར་དག་པ་ཆོས་ཀྱི་རྗེས་སུ་འབྲང་བ། ཡེ་ཤེས་མྱུར་དུ་སྐྱེང་རུང་བའི་གང་ཟག ་གོ། དེ་ཉིད་ངོ་བོ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་མི་དམ་པའི་ཆོས་ལ་དང་གིས་གནས་པའོ། །འདྲེས་པ་སྟེ་ཞེས་པས། དབང་པོ་འབྲིང་དུ་གྱུར་པ། རིགས་མ་ངེས་པ། རྐྱེན་དབང་ཅན་ལ། གསལ་བྱེད་ནི། གྲོགས་བཟང་པོ་དང་མ་བྲལ་བ ་གཅེས་ཏེ། བསྒོམ་པ་ལ་འབད་ན་ལྷའི་ཏིང་ངེ་འཛིན་ལ་སོགས་པ་ལ་ནུས་པ་ཅུང་ཟད་གསལ་བར་འབྱུང་པའོ། །དེ་དག་ལ་སྒྲུབ་པ་པོ་ནི་གསུམ་དུ་གནས་ཞེས་པས་དབང་པོ་རབ་འབྲིང་གསུམ་དུ་ངེས་ལ། ཡང་ན་ཐོས་བསམ་སྒོམ་པ་བྱེད་པའོ། །དེའི་རྒྱུའི་རྒྱུད་དུ ་བསྟན་པ་ཡང་ཡིན་ནོ། །ལེའུ་མཚན་ལ། སློབ་མ་ཡོངས་སུ་བརྟག་པ་སྣོད་ཀྱི་བྱེ་བྲག་ཤེས་པར་བྱ་བ་དང་སྡོམ་པའི་ཆོ་ག་ནི་ཁྱད་པར་གྱི་སྡོམ་པས་དམ་ཚིག་ལ་གནས་པར་བྱ་བའོ། །ལེའུ་ཉེར་དྲུག་པ་བསྟན་པའོ།། །།ལེའུ་འདིས་ནི་སྤྱོད་པ ་གཙོ་བོར་སྟོན་ཏེ། དེ་ཡང་ལེའུ་དང་པོར། མཆོག་དང་འབྲིང་དང་ཐ་མ་སྟེ། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། ཅེས་པས་མདོར་བསྟན་ལ། རྒྱས་པར་བཤད་པ་ལེའུ་ལྔས་སྟོན་པ་ལས། སྤྱོད་པ་རང་གི་ངོ་བོ་དང། ངེས་པའི་ཚིག་དང། བྱེད་ལས་དང། སྤྱོད ་པ་མ་བྱས་པའི་སྐྱོན་དང། སྤྱོད་པ་བྱ་བའི་དུས་དང། སྤྱོད་པའི་ཕན་ཡོན་བསྟན་པ་དང། སྤྱོད་པའི་དབྱེ་བའོ། །དེ་ལ་དང་པོ་ནི་ཏིང་ངེ་འཛིན་གོང་ནས་གོང་དུ་བོགས་འདོན་པར་བྱེད་ཅིང་བླང་དོར་མེད་པས་ཆོས་ཐམས་ཅད་ལ་རོ་མཉམ་པ་ཉིད་དུ་སྤྱོད་པའོ། །ནུས་པས་གཞན་མ ་དད་པ་བཟློག་པས་རྡོ་རྗེ་ཐེག་པའི་ཆེ་བ་སྟོན་པའོ། །ངེས་པ་སྒྲ་འཇུག་པའི་རྒྱུ་མཚན་ནི་ཡོ་ག་ཙརྱ་སྟེ་ལྷའི་བརྟུལ་ཞུགས་ཀྱིས་ཐ་མལ་པའི་རྟོག་པ་བཙན་ཐབས་སུ་སྤྱོད་པའོ། །བྱེད་ལས་ནི། བག་ལ་ཉལ་རྩ་བ་ནས་འདག་ལ། འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས ་གནོན་ཞིང། རོ་སྙོམས་པ་དང། རྣམ་ཤེས་ཀྱི་ཚར་བཅད་པ་དང། ཡེ་ཤེས་ཀྱི་ལས་ཀྱིས་གསད་པ་གསོ་བར་ནུས་པས་བྱེད་པ་བསྟན་པའོ། །སྤྱོད་པ་བྱ་བའི་དུས་ཚོད་ནི། ཚོགས་ལམ་མངོན་དུ་གྱུར་ནས། སྦྱོར་བའི་ལམ་དྲོད་ཆེན་པོ་ཐོབ་ནས ་སྤྱོད་པ་བྱའོ། །འདི་ཉིད་ཀྱི་ལེའུ་ཉེར་དགུ་པ་ལས། ཇི་སྲིད་དྲོ་བའི་བྱ་བ་དག་།མངོན་པར་བརྩོན་པས་རྟོགས་པར་བྱ་ཞེས་པ་དང། ཀྱེ་རྡོ་རྗེ་ལས་ཀྱང། ཅུང་ཟད་དྲོད་ནི་ཐོབ་པ་ན། སྤྱོད་པ་འདི་ནི་སྤྱད་པར་བྱ་ཞེས་གསུངས་པའི་དོན་ཏོ། །སྤྱོད་པ་མ་བྱས་པའི་སྐྱོན་ནི་ལས་ཀྱི་སྒྲིབ་པ་མྱུར་དུ་མི ་སྤོང་ཞིང་འབྲས་བུ་དང་རྒྱར་རིང་བར་འགྱུར་བའོ། །ཕན་ཡོན་ནི་འབྲས་བུ་མྱུར་དུ་ཐོབ་པས་མཚན་ཉིད་ཐེག་པ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ། །སྤྱོད་པའི་དབྱེ་བ་བསྟན་པ་ལ། ཀུན་ཏུ་བཟང་པོ་དང། མགོན་པོ་ཀུན་སྤྱོད་དང། དཔལ་ལྡན་རྒྱལ ་ཚབ་ཀྱི་སྤྱོད་པ་དང། གསང་སྤྱོད་སྦས་པའི་ཚུལ་དང། མཉམ་གཞག་ཆེན་པོ་དང། རིག་པ་བརྟུལ་ཞུགས་དང། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །རིག་པ་བརྟུལ་ཞུགས་ལ་གསུམ་སྟེ། སྤྲོས་བཅས་དང། སྤྲོས་མེད་དང། ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ནས་ཞེས་སྤྱོད་པ་རང་གི་ངོ་བོ་རྣལ་འབྱོར་སྤྱོད་བརྟུལ་ཞུགས་ཞེས་སྨོས་ཏེ། ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བ་ལྷ་ཡབ་ཡུམ་ལ་དམིགས་པ་སྟེ། ལྷའི་རྣལ་འབྱོར། བདེ་བ་སྒྱུ་མ་ལྟ་བུ་དང ་སྟོང་པ་ཉིད་གཉིས་མེད་དུ་སྦྱོར་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གོམས་པར་བྱེད་པས། སྤྱོད་པ་ཡང་རང་གི་བློའི་འཇུག་པས་རིམ་གྱིས་པ་དང། ཅིག་ཅར་བར་བཞེད་དོ། །རྣལ་འབྱོར་མ་ཀུན་རབ་སྒྲུབ་བྱེད་ཅེས་པ། ལས་ཀྱི་ཕྱག་རྒྱ་དང། ཆོས་ཀྱི་དང། ཕྱག་རྒྱ ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱས། ལུས་སེམས་གྲུབ་སྟེ་གཅིག་པ་ལ། བདེ་བ་དང། གསལ་བ། མི་རྟོག་པ། རོ་གཅིག་ལྷན་ཅིག་སྐྱེས་པ་མི་འགྱུར་བ་རང་གྲུབ་འགྱུར་པའོ། །དངོས་གྲུབ་མྱུར་དུ་ཐོབ་བྱེད་པ་ཞེས་པས། དགོངས་པ་ཁྱད་པར་ཅན་བསྟན ་པ་སྟེ། ལས་ཆེན་ཐམས་ཅད་དང། དངོས་གྲུབ་བླ་ན་མེད་པའི་མཆོག་སྩོལ་བས་བདེ་བ་ཆེན་པོ་འཐོབ་པའོ། །ཆོ་ག་ཐམས་ཅད་ཤེས་པར་བྱ་ཞེས། ཨ་བ་དྷཱུ་ཏཱི་པའི་སྤྱོད་པ་དང། བྷུ་སུ་ཀུ་དང། སྨྱོན་པ་ལྟ་བུ། ཉི་མ་ལྟ་བུ་ལ་སོགས་པ་མངོན་དུ་བྱ་བའོ། ། ་དེ་ཡང་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གནས་པས་གཙང་སྦྲའི་གནས་ལ་འཇུག་པ་བསྟན་པའི་ཕྱིར། ཕྱག་རྒྱ་སྔགས་བཅས་སྒྲུབ་པ་པོས་ཞེས་སྨོས་ཏེ། བདག་དང་ལྷ་ཡབ་ཡུམ་ལྡན་པ་དང། སྔགས་དང། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ ་གནས་པས། མཉམ་རྗེས་ཐ་མི་དད་དུ་གནས་པར་བྱ་ཞེས་སོ། །བདག་དང་ལྷ་དབྱེར་མེད་དུ་བྱ་བའི་བསམ་གཏན་གྱིས་སྤྱོད་པར་ཡང། མཆོད་པ་ཉིད་ལ་རབ་ཏུ་འཇུག་ཅེས་པས། དབང་པོས་ཡུལ་ལ་ལོངས་སྤྱོད་པ་ཐབས་ཤེས་རབ་གཉིས་མེད་དུ་རོལ་པའི་བདེ་བས་བདག ་གཞན་བརྟན་གཡོ་ཁྱབ་པ་ལའོ། །འདི་ལས་གཞན་པའི་མཆོད་པ་མེད་ཅེས་ཕྱི་དང་ནང་དེ་ཁོ་ན་ཉིད་དང་ལྡན་པས་སོ། །དེ་ཉིད་བསྟན་བཅོས་ངེས་པ་ཡིན་ཞེས་སྒྱུ་མ་བདེ་མཆོག་ལ་སོགས་པར་ཆགས་སོགས་རོལ་མོ་རྒྱ་ཆེན་པོ་དང་ལྡན་པ་ཡང་འདིར་འཇུག་པའི་མཆོག ་གི་སྤྱད་པ་ལྷ་མོ་ཉི་ཤུ་དང་སྤྱོད་པ་བསྟན་ཏོ། །བདེ་བ་གཅོད་སྒྲུབ་པ་ནི་ཕོ་ཉའི་ལམ་ལ་དགའ་བ་དང་ནི། དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ། །མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པ་ནི། སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་པ། རྣམ་པར་མི་རྟོག་པ ་རང་བྱིན་གྱིས་བརླབ་པའི་ལམ་གནས་པས་སོ། །ཕྱག་རྒྱར་ཡང་དག་ལྡན་རིག་སྔགས་ཞེས་པ་ནི། བདག་ཉིད་དཔལ་ཧེ་རུ་ཀ་དང་དཔལ་རྡོ་རྗེ་རྣལ་འབྱོར་མ་དང་དབྱེར་མེད་དུ་སྦྱོར་བས་སྒོ་གསུམ་རྡོ་རྗེ་གསུམ་ལྡན་དུ་སྦྱོར་བའོ། །འདིར་ཁྱད་པར་གྱི་ཚོགས་ཀྱི་འཁོར ་ལ་ལ་སྤྱད་པར་བསྟན་པའི་ཕྱིར། སྒྲུབ་པ་པོས་ནི་ལེགས་པ་ཉིད་ནི། །དུར་ཁྲོད་ལ་སོགས་པའི་གནས་ཁྱད་པར་ཅན་དེར། ཚོགས་ཀྱི་དཀྱིལ་འཁོར་བཀོད་པ་སྟེ་རྣལ་འབྱོར་བ་དང་རྣལ་འབྱོར་མ་ལ་གྲངས་དང་མཉམ་ཚོགས་པ་ལས། མཆོད་པ་དང་གཏོར ་མཆོག་རྫས་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་མཉམ་པར་གཞག་པས་ཐམས་ཅད་ལྷའི་བསམ་གཏན་དང་ལྡན་པར་བྱས་ལ། དང་པོར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་གོ་བགོ་དབང་བསྐུར་བ་དང་ལྡན་པ་ལ། ཕྱི་ནང་དེ་ཁོ་ན་ཉིད་ཀྱིས ་མཆོད་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས། དྲིའི་བྱུག་པ་སྔོན་དུ་འགྲོ་བས་ཀུན་ཀྱང་ལྷའི་ཏིང་ངེ་འཛིན་དུ་གནས་པ་ལས། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ལ་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་མི་རྟོག་པས་རྟོག་པ་ཐམས་ཅད་རྣམ་པར་སྤངས་ལ། བ་ལ་དང་མ་ད་ནམ ་ལ་སོགས་པ་ལ། ཀུན་ལ་ཉེ་བར་སྤྱད་བྱ་ཞིང་ནི་གླུ་དང་གར་ལ་སོགས་པའི་མཐར། ཕོ་ཉ་རིགས་ལྡན་རྣམས་ལ་ནི་ཞེས་པས། བདག་ཉིད་ཧེ་རུ་ཀར་གནས་པས། ཕྱོགས་ཀྱི་ལྷ་མོ་བཞིར་འབྱུང་བ་བཞི་དག་པས་སྦྱོར་ལ། མཚམས་ཀྱི་ལྷ་མོ་གཤིན་རྗེ་བརྟན་མ་ལ་སོགས་པས་གཟུགས ་རྡོ་རྗེ་སྒྲ་རྡོ་རྗེ་དྲི་རྡོ་རྗེ་རོ་རྡོ་རྗེ་མའི་རྣམ་པར་སྤྱོད་ལ། སྒོ་སྲུངས་བཞི་ནི། དགུག་གཞུག་དབང་དུ་བྱ་བ་དགྱེས་པ་བསྐྱེད་པའི་ཚུལ་གྱིས་སྤྱོད་པར་འགྱུར་ལ། རེག་བྱ་རྡོ་རྗེ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་དེ། རྣལ་འབྱོར་མ་བཅུ་གསུམ་གཙོ་བོ་དང་རོལ་ལ། གཞན་དཔའ་བོ་དང ་རྣལ་འབྱོར་མ་རྣམས་སོ་སོ་མཉམ་པར་རོལ་པ་སྟོན་པ་ལས། དེ་ཉིད་དུ་ནི་དབྱེར་མེད་ཅེས་པས་འཁོར་ལོ་ལྔའི་ལྷ་ཚོགས་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བ་དེ་ཡིས་ཚོགས་ཁྱད་པར་ཅན་རྫོགས་པའོ། །དེ་ལས་ཁྱད་པར་ཕྱག་རྒྱ་བཞི་ལྡན་ནི། ཕོ་ཉ་མ་ནི་གཉིས ་བསྒྲུབ་བྱ་ཞེས་པས། ཆོས་ཀྱི་ཕྱག་རྒྱ་བསྐྱེད་རིམས་དུས་ཀྱི་རིག་མ་དང། ལས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འཁོར་ལོའི་དུས་ཀྱིའོ། །དེ་དག་དང་བདེ་བ་བསྒྲུབ་པར་བྱ་བ་བསྟན་པའོ། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ་ནི་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས ་དཀྱིལ་འཁོར་ལྷག་པའི་ལྷ་དང་གཉིས་སུ་མེད་པ་དམ་ཚིག་ཕྱག་རྒྱ་ལས་མི་འདའ་བའ་ཨོ། །ཕོ་ཉ་གཅིག་བུ་ཁོ་ན་ཡིན་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཕྱག་རྒྱ་ཆེན་པོ་བླ་ན་མེད་པའི་ཡེ་ཤེས་སུ་སྦྱར་བས་འགྲུབ་པའོ། སྤྱོད་པའི་ཡུལ་གནས་ཀྱི་ཁྱད་པར་ལས་བྱུང་བའི་རྟག་པ་བསྟན ་པའི་ཕྱིར། ཡུལ་དང་ཡུལ་དེར་བགྲོད་ནས་ནི་ཕོ་ཉའི་གཟུགས་ནི་མཚོན་པར་བྱ་ཞེས་པས། འདི་ལའང་ཕྱི་དང་ནང་གི་དཀྱིལ་འཁོར་ལས། ཕྱིའི་ནི་གནས་སུམ་ཅུ་རྩ་གཉིས་ལ་སོགས་པར་སྤྱོད་པར་བྱ་སྟེ། ཕོ་ཉ་ཞིང་སྐྱེས་མ་དང་ལྷན་ཅིག་ཏུ་སྤྱོད་པ་བྱ་བས་ལམ་ ་མྱུར་དུ་བགྲོད་ལ། ནད་ལུས་ཀྱི་དཀྱིལ་འཁོར་ཀུན་ཏུ་སྤྱོད་པ། ཐུན་བྱེད་པ་དེའི་བར་དུ་འཕོ་བ་ངོས་ཟིན་པས་གནས་འདི་རྣམས་སུ་རྣལ་འབྱོར་མ། རྩ་གཟུགས་མཛེས་པས་ཡང་དག་གནས་ཞེས་པས་ལམ་དུ་བྱ་བའོ། །ཕོ་ཉ་རལ་གྲིའི་སོ་འདྲ ་ཞིང། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན་ནོ། །དབང་བཞི་ལམ་དང་ལྡན་པ་དང་སྦྱར་བའོ། །དེ་བཞིན་ཕོ་ཉ་ལེགས་འདྲེས་པ་ཞེས་པ། རྣམ་པ་གསུམ་དུ་ནི། ལྷན་སྐྱེས་ཞིང་སྐྱེས། སྔགས་སྐྱེས་གསུམ་གཅིག་ཏུ་བྱ་བའོ། །རྣམ་པ་བཞི་ནི། ཕྱག་རྒྱ་བཞི་དང་རྣལ་འབྱོར ་པ་རྒྱུད་གཅིག་ཏུ་སྦྱོར་བའོ། །སྒྲུབ་པ་པོས་དངོས་གྲུབ་ཐོབ་པ་ནི། བསམ་གཏན་གྱི་ཉེར་བསྡོགས་ཐོབ་པས་བསམ་གཏན་གྱི་དངོས་གཞི་སྐྱེས་ནས་ཡོན་ཏན་དུ་མ་བྱུང་བའོ། །ནང་གི་དོན་མངོན་དུ་གྱུར་པས་ཕྱི་རོལ་བལྟོས་པ་མང་པར་བསྟན་པའི་ཕྱིར། རིག ་སྔགས་ཀྱི་བཟླས་བརྗོད་དང། ཕྱི་རོལ་གྱི་ལྷ་མཆོད་པའི་རིམ་པའི་དངོས་པོ་མཚན་མའི་བསམ་གཏན་མེད་པར་ཡང། མྱུར་བ་ཉིད་དུ་འགྲུབ་པར་འགྱུར་བ་རང་གར་གྲུབ་པ་བསྟན་པའོ། །དེ་ལས་གནས་ལ་སོགས་པར་བགྲོད་པས་ཡོན་ཏན་འཆར་བ་དང། ནང་དུ་ལུས་ཀྱི ་གནས་དང་ཉེ་བའི་གནས་ལ་སོགས་པས། རླུང་སེམས་ལ་གནད་དུ་ཆུད་པས། ས་དང་པོའི་བདེན་པ་མངོན་དུ་བྱེད་པར་འགྱུར་བ་ནི། རབ་དགའ་ཉིད་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། ལུས་ཀྱི་རྩ་མདུད་གྲོལ་བས། དེར་བྱང་ཆུབ་ཀྱི་སེམས་སྟོབས་སུ་འགྱུར ་རླུང་གནས་པ་ལ་དབང་ཐོབ་པས། སྒྲུབ་པ་དག་སྣང་སྟོང་གཉིས་མེད་སྒྱུ་མ་ལྟ་བུ་ལས། ཉེ་བར་སྒྲུབ་པ་གསལ་སྟོང་དང། སྒྲུབ་པ་བདེ་སྟོང། སྒྲུབ་པ་ཆེན་པོ་གཉིས་མེད་ཡེ་ཤེས་མངོན་དུ་འགྱུར་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུ་སྐྱེས་ཏེ། རྒྱུ་བར་ལ་གནས་པའི ་དེ་བཞིན་གཤེགས་པའི་སྙིང་པོ་ལ། རྐྱེན་བླ་མ་བརྒྱུད་པའི་རིམ་པས་བྱིན་རླབས་ཐོབ་པ་ཡིས། དབང་བསྐུར་བ་སྔོན་དུ་འགྲོ་བས་རྒྱུད་སྨིན་པར་གྱུར་པས་ནི། རྟེན་འབྲེལ་གྱི་ཆེ་བས་སྔགས་ལེགས་ལྡན་མོས་གུས་ཆེན་པོས། བརྩོན་འགྲུས་བརྩམས་པས ་ལམ་གྱི་རིམ་པ་ཐམས་ཅད་ཡང་དག་རྫོགས་པ་སྟེ། མྱུར་དུ་བླ་ན་མེད་པ་ཐོབ་པའོ། །ཁྱད་པར་གྱི་ལམ་ལས། གཏོང་བ་ནི་སྦྱིན་པའོ། །ཚུལ་ཁྲིམས་ནི་སྡོམ་པ་གསང་བའོ། །ལྡན་པ་ནི་བཟོད་པ་དང་པོ། །ཆགས་མེད་ནི་བརྩོན་འགྲུས་ཐོགས་པ་མེད་པ། དང་ཚུལ་ལྡན་ནི་བསམ ་གཏན་ཕྱག་རྒྱ་ཆེན་པོ། ཤེས་རབ་ལེགས་སྦྱོར་ནི་ཐབས། འདུ་འབྲལ་མེད་པར་སྦྱོར་བ་སྟོབས། ཡང་དག་ནི་སྨོན་ལམ་ཕོ་ཉ་ནི་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་དོན་དང་ལྡན་པའོ། །ཕོ་ཉ་རྣམས་ནི་ཁྱད་པར་ས་བཅུ་རྫོགས་པས་ཕ་རོལ་ཕྱིན་པ་བཅུའོ། །ད་ནི་ལམ་ཐམས ་ཅད་མྱུར་དུ་གཅོད་པ་ལ་ཕོ་ཉ་ཞེས་མིང་དུ་གྲགས་པའོ། །ད་ནི་ལམ་གྱི་རིམ་པ་མངོན་པར་རྟོགས་པ་གོ་རིམས་བཞིན་དུ་དམིགས་པར་བྱ་བའི་ཕྱིར། རེ་ཞིག་བདག་ཉིད་ལྡང་བ་ལས་ཞེས་པ་ནི། རྣལ་འབྱོར་པས། ཉལ་བ་འོད་གསལ་ཆོས་སྐུ། རྨི་ལམ་ལོང་སྐུ་ལྟ་བུ། ་སད་པ་སྤྲུལ་པ་སྐུའི་ཚུལ་དུ་ཌ་མ་རུའི་སྒྲས་བསྐུལ་བ་ལས་ཐུགས་རྗེའི་ངང་ལས་བཞེངས་པ་སྟེ། རྣལ་འབྱོར་དང་བདག་དང་གནས་བསྲུང་བ་དང་ཚོགས་གཉིས་དང་ལྡན་པ་སྔོན་དུ་འགྲོ་བས། གཟུགས་ཀྱི་བྱ་བ་ཀུན་བྱ་སྟེ་ནི། རྟེན་འབྱུང་བཞི་རིམས་བརྩེགས་ནས། ་རྟེན་གཞལ་ཡས་བརྟེན་པ་ལྷའི་འཁོར་ལོ་དང་བཅས་པ་ཅིག་ཅར་དུ་རྫོགས་པ་བསྐྱེད་པ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཤིན་ཏུ་སྤྱད་པ་ནི་ཡེ་ཤེས་སེམས་དཔའ་ཨི་དཀྱིལ་འཁོར་ཕྲག་གཉིས་སྤྱན་དྲངས་པའོ། །ལུས་ཀྱིས་ནི་ཕྱག་རྒྱ་དང། རྐང་པ་མནན་པ། ་མིག་གྱེན་དུ་བལྟ་བ་ལ་སོགས་པའོ། །རྟག་ཏུ་སྔགས་ནི་བརྗོད་པར་བྱ་བ་ནི་ཨོཾ་ཨཱ་ཧཱུཾ། སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་བཱཀྩཏྟིཾ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་།ཞེས་པས་སྟོང་པ་ཉིད་དང། ཧཾ་ཞེས་པས་བདེ་བ་ཆེན་པོ་སྟེ། བདེ་སྟོང་དབྱེར་མེད་དུ། ལྷན་སྐྱེས། ཞིང་སྐྱེས། འཇིག ་རྟེན་དམ་ཚིག་གི་དཔའ་བོ་རྣལ་འབྱོར་མ་རྣམས་མཉམ་པ་ཉིད་དུ་རོ་གཅིག་པར་གྱུར་པར་བལྟའོ། །སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་པས། ལུས་ལ་གནས་པ་ནི་བདག་གི་ལུས་ཀྱི་དཀྱིལ་འཁོར་པ་རྣམས་དང་གཉིས་མེད་དུ་བྱ་བའོ། །ོཾ་བཛྲ་ཤུདྡྷས་བརྟན་པར ་གྱུར་པ་ལ། དག་བྱེད་བྱས་པ་ནི་དབང་བསྐུར་བའོ། །ལུས་ལ་ཤིན་ཏུ་མཚོན་ཆ་ནི་གོ་ཆ་གསུམ་བགོ་པའོ། །རྒྱས་གདབ་པ་དང་ལྡན་པ་ལ། རྣལ་འབྱོར་གནས་རྣམས་ནི། བྱང་ཆུབ་ཕྱོགས་ཆོས་བསམ་པའོ། །དེས་བརྟན་ཞིང་ནི་རྡོ་རྗེ ་འཛིན་ལ་གནས་པས། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བའོ། །ཡང་སྔགས་ནི་བརྗོད་པར་བྱ་བ་བཟླས་པའི་རྣལ་འབྱོར་རོ། །མངོན་པར་ཕྱོགས་པས་གནས་པར་བྱ་བ་ནི་བདུད་རྩི་མྱང་ཞིང་དཀྱིལ་འཁོར་ཉེ་བར་བསྡུ་བ་བསྟན་པའོ། ད་ནི་སྤྱོད་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར ་གྲོལ་བའི་དོན་དང་བདེ་དོན་དུ་ནི། རིམ་པ་བླ་ན་མེད་པའི་བསམ་གཏན་ལ་གནས་པ་དང། ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱི་རོལ་བ་ལ་གནས་པར་བྱ་བའོ། །དེ་དང་ནི་རིག་མའོ། །ལྷན་ཅིག་བདེ་བ་བྱ་བ་ནི་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན་པའོ། །འདི་དང་ལྷན་ཅིག་སྤྱོད ་པ་བྱ་བ་ནི་འདོད་པའི་ཡོན་ཏན་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པས་ཡེ་ཤེས་ལ་རོལ་པའི་སྤྱོད་པ་བསྟན་པའོ། །གཞན་དམ་ཚོག་གི་སྤྱོད་པ་བསྟན་པ་ནི། མཚོན་བྱ་རྣམས་ནི་འགོམ་མི་བྱ་བ་ནི། རྡོ་རྗེ་དྲིལ་བུ་ལ་སོགས་པ་ལྷའི་ཕྱག་མཚན་དུ་གྱུར་པ་རྣམས་ཏེ། ནང ་དོན་དུ་རིགས་ལྔའི་ཆ་ཤས་ཀྱི་རྟགས་དང་ལྡན་པའི་རྣལ་འབྱོར་པ་ལའོ། །རྡོ་རྗེ་སྡུན?་ལ་སོགས་པ་དང་རིག་མ་བདེ་ཆེན་བརྒྱད་དག་དམ་ཚིག་ཅན་ལ་ཁྲོ་མི་བྱ་ཞེས་བསྲུང་པའི་དམ་ཚིག་ལ་གནས་པར་བྱ་བ་བསྟན་ཏོ། །ད་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་ལྟར ་སྤྱོད་པ་བསྟན་པ་ལ། མཚན་མོ་རྟག་པར་ནམ་མཁའ་ཨི་གོས་ནི། རྣལ་འབྱོར་པ་དང་རིག་མ་དག་དུར་ཁྲོད་དུ་རྒྱུ་ཞིང་གཙེར་བུར་བྱ་བའོ། །གནག་དང་དམར་བར་རྟག་བསྒྱུར་བྱ་བ་ལུས་རྣལ་མ་མི་ཤེས་པར་བྱ་བའི་དོན་དུའོ། །ནང་དོན་དུ་དཔལ་ཧེ་རུ་ཀ་དང། རྡོ་རྗེ ་རྣལ་འབྱོར་མའི་ང་རྒྱལ་དུ་བྱ་བའོ། །གོས་ཀྱི་བྱེ་བྲག་ཇི་ལྟར་བགོ་བ་ནི། སྲོག་ཆགས་ཡན་ལག་ལས་བྱུང་གྱོན་ཞེས་པ་གླང་ཆེན་ཞིང་ལྤགས་སྟོང་གཡོགས་སྣམ་སྦྱར། སྨད་ལ་དུར་ཁྲོད་རས་དང་སྟག་གི་ཤམ་ཐབས་དང་ལྡན་པའི་བྱིན་གྱིས་བརླབས་པའི ་གོས་འཆད་བའོ། །བདེ་བ་འདོད་པས་བདེ་ཐོབ་འགྱུར་བ་ནི། ཟག་བཅས་ཀྱི་བདེ་བ་ལ་བརྟེན་ནས་ཟག་མེད་ཡེ་ཤེས་ཀྱི་བདེ་བ་དམན་པ་ཐོབ་པའོ། །ད་ནི་ཕྱག་རྒྱ་དྲུག་གི་རྒྱན་འཆད་པས་རྒྱས་གདབ་པ་བསྟན་པའི་ཕྱིར། ཕྱི་རོལ་བས་བཏགས་པའི་ཕྱིར། མཆོད་ཕྱིར་ཐོགས་ནི ་ཡོངས་སྤངས་གཙང་ཞེས་པ། དཔལ་བདེ་ཆེན་ཡེ་ཤེས་ཀྱི་རྒྱན་ཚངས་སྐུད་སྒྲིལ་མ་འཆང་པས་ཨཱ་ལི་ཀཱ་ལིས་བརྒྱན་པའོ། །ཤྲཱི་ཧེ་རུ་ཀས་བྱིན་གྱིས་བརླབས་པ་ནི། རིས་དྲུག་པའི་བདག་ཉིད་ཀྱིས་སོ། །ཕྱག་རྒྱ་ལྔ་པ་ཡང་དག་ལྡན་ནི། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་དྲུག་པ ་ཐལ་ཆེན་གྱིས་བྱུག་པ་མེད་དེ། རིགས་ལྔས་རྒྱས་གདབ་པ་ཉིད་དོ། །ལམ་བསྒོམ་པའི་དུས་སུ་ནི་སྔགས་བརྗོད་པ་ཉིད་རྒྱན་དུ་འགྱུར་བས་ཡང་དུས་ཀུན་ཏུ་སྤྲོས་བཅས་ལ་སོགས་པར་དེ་དག་ཐམས་ཅད་དུ་ནི་ཡང་དག་དཔྱད་པ་རྒྱན་སྔགས་དང་ལྷའི་རྒྱས་གདབ་མཚོན ་པའོ། །ང་ནི་དཔའ་བོའི་ཕྱག་རྒྱ་དྲུག་བསྟན་པའི་ཕྱིར། མགུལ་རྒྱན་ནི་རྡོ་རྗེ་རྣལ་འབྱོར་མའི་རྩ་བའི་སྔགས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། གདུ་བུ་དང་དཔུང་རྒྱན་དཔའ་བོ་ལྔའི་གོ་ཆའི་སྔགས་ཀྱིས་སྦྱིན་པ། རྣ་བའི་རྒྱན་ནི་ཧེ་རུ་ཀའི་ཉེ་བའི ་སྙིང་པོས་བཟོད་པ། སྤྱི་བོར་འཁོར་ལོས་རྣམ་པར་བརྒྱན་པ་ཐོད་པ་ལྔ་དང་ལྡན་པ་ནི་རྡོ་རྗེ་རྣམ་སྣང་མཛད་མས་བརྩོན་འགྲུས་ཚངས་པའི་སྐུད་པ་ནི་ཐོགས་མེད་ལྡན་ཏེ། དཔའ་བོ་ཉི་ཤུ་རྩ་བཞིའི་རྩ་སྔགས་ཀྱིས་སེ་མོ་དོ་སྟེ་སྣ་ཚོགས་ནོར་བུའི་ངོ་ཤལ་འཕྱད་བས ་ཏེ། ཞབས་གདུབ་དང་བཅས་པའོ། །སྐ་རགས་འོག་པག་སིལ་སིལ་སྒྲ་སྒྲོགས་པ་ནི་རྣལ་འབྱོར་མ་གོ་ཆའི་སྔགས་ཀྱི་བསམ་གཏན་ནོ། །མགོ་བོའི་ཕྲེང་བས་མགུལ་དུ་སྦྱངས་པ་ནི། བདུད་རིས་བསྐྲལ་བའི་ཐོད་པ་རློན་པ་ལྔ་བཅུའི་ཕྲེང་བ་སྟེ། ཤྲཱི་ཧེ་རུ་ཀའི་སྙིང ་པོས་བྱིན་གྱིས་བརླབ་པའོ། །དཔའ་བོའི་ལུས་ཐལ་ཆེན་གྱིས་ཁྱབ་པར་བྱུག་པ་ནི། དཔལ་རྡོ་རྗེ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའོ། །རྡོ་རྗེ་ནི་སྒོ་གསུམ་ལྷའི་ང་རྒྱལ་ལོ། །ཐོད་པ་ནི་མཆོད་ཡོན་སྣོད་དོ། །ཁ་ཏྭཱཾ་ག་ནི་ལྷ་སྐུ་སྒྱུ་མ་མཚོན་པའོ།། ་ཌ་མ་རུ་དང་ལྡན་པ་ནི་ཆོས་སྒྲའོ། །ཧཱུཾ་སྒྲ་སྒྲོགས་པ་ནི་བདུད་ཚོགས་ཟིལ་གྱིས་གནོན་པར་མཛད་པའོ། །དུས་ཀུན་ཏུ་ནི་རྣམ་པར་གནས་པ་ནི། ཐོག་མ་བར་དང་ཐ་མ་ཀུན་ཏུ་རིག་པ་བརྟུལ་ཞུགས་ཀྱིས་སྦྱོང་པ་སྟེ། ཨོཾ་ཤྲཱི ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀུ་ལ་ས་མུཙྪ་བཛྲ་ཨ་བྷི་ཥཏྲི་ན་ས་མ་ཡ་སྟཝཾ་ཅེས་ཐམས་ཅད་བདེ་ཆེན་ཡེ་ཤེས་གཅིག་པའི་ངོ་བོར་སྡོམ་པའོ། །མཚན་མོ་རྟག་པར་གསལ་བྱ་ཞིང་ནི་དུར་ཁྲོད་ལ་སོགས་པར་རྒྱུ་བར་མོས་པ་བྱ་བ་རྗེ་བཙུན་མས་བྱིན་གྱིས་བརླབས་པའོ། །ཉིན་པར ་གསལ་བ་ཉིད་དུ་བྱ་བ་དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་དུས་བྱིན་གྱིས་བརླབ་པ་རྣམ་དག་བསྟན་པའོ། །དཔའ་བོ་རྣལ་འབྱོར་གོ་ཆས་བརྒྱན་ཅེས་པ་ནི། ཐབས་ཀྱི་གོ་ཆ། ཤེས་རབ་ཀྱི་གོ་ཆ། གོ་ཆ་ཆེན་པོ་དག་གིས་རབ་ཏུ་བརྒྱན་པར་འགྱུར་བའོ། ། ་དེས་བརྟུལ་ཞུགས་ཀྱི་སྤྱོད་པའི་དེ་ཁོ་ན་ཉིད་བསྟན་ཅིང། ད་ནི་བདེན་པ་གཉིས་དག་པའི་དོན་ལ། དབྱེ་བའི་ཡེ་ཤེས་ཤིན་ཏུ་སྦས་ཞེས་སྨོས་ཏེ། འཇུག་པ་ཀུན་རྫོབ་ཀྱི་ཡེ་ཤེས་ལས། ལྡོག་པ་དོན་དམ་པའི་ཡེ་ཤེས། དག་པ་འཇིག་རྟེན་པ་ལས། ་དཔེ་དོན་གྱིས་བྱེད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་གཟུང་བ་བསྟན་ཏེ། ད་ནི་ཡེ་ཤེས་ཡོངས་སུ་དག་པའི་ལམ་བསྟན་པར་བྱ་བའི་ཕྱིར། གཙང་སྦྲ་གསུམ་དུ་ཤེས་བྱ་ཞིང་ཞེས་སྨོས་ཏེ། འདི་ལ་ཐུན་མོངས་ཁྱད་པར་བ་གཉིས་ལས། དང་པོ་ནི་ཐུན ་མོང་གི་གཙང་སྦྲ་བྱ་བ་དང། སྤྱོད་པའི་རྒྱུད་བཞིན་དུ་རྣམ་པར་གནས་པ་ནི། ཉེ་རེག་དང་འཐོར་འཐུང་ལ་སོགས་པ་ལྷར་མོས་པ་ཙམ་དང། རིགས་སྔགས་ཀྱི་བཟླས་བརྗོད་ཙམ་གྱིས། གང་ཟག་གི་ལུས་ངག་ཡིད་དག་པར་བྱེད་པ་ཡིན་ལ། རྣལ ་འབྱོར་གྱི་རྒྱུད་བཞིན་དུ་ལྕེ་དང་ལག་པ་བྱིན་གྱིས་བརླབས་པ་ནས་སྒོ་གསུམ་ནུས་པ་མཐུ་ལྡན་དུ་བྱིན་གྱིས་རློབ་པ་དང། གོ་བགོ་ཞིང་བཀའ་ནན་བཅིང་བ་ལ་སོགས་པས་དག་པར་བྱེད་པའོ། །ཁྱད་པར་གསང་བ་བླ་ན་མེད་པའི་རྒྱུད་འདི་ཉིད་བཞིན་ལྟ་དང ་ཡེ་ཤེས་གཉིས་མེད་ལྷན་ཅིག་སྐྱེས་པའི་རྣམ་པར་གནས་པས། ཐབས་ཤེས་རབ་གཉིས་མེད་ཀྱི་བདེ་བ་བསྒྲུབ་པའི་དོན་གྱིས་བདེ་སྟོང་དང་མ་བྲལ་བར་སྤྱོད་པས་ཡེ་ཤེས་ལ་གནས་པར་བྱ་བའོ། །རིགས་དང་ནི་ཞེས་རང་རིགས་ཀྱི་ནང་དོན་གྱིས་ལྷ་དང་སྔགས་ལས་བྱུང་བ་དང། ་རིགས་མིན་ཏེ་གཞན་པའི་ལྷ་ཕྱིའི་སྔགས་ལས་བྱུང་བའི་ཡུལ་སྤང་བླང་གི་དོར་མི་ལྟ་བར། ཐམས་ཅད་གསང་ཆེན་རིགས་གཅིག་ཏུ་གནས་པར་བྱ་བའོ། །ཕོ་ཉའི་གཙང་སྦྲ་དང་པོ་ཡིན་ཞེས་པ་ལ། དོན་ཁྱད་པར་དུ་བྱེད་པ་ལ་བཞི་སྟེ། བུམ་དབང་ལྟའི ་རྣལ་འབྱོར་གྱི་ཕོ་ཉ་དང། གསང་དབང་བདག་བྱིན་གྱིས་བརླབས་པའི་ཕོ་ཉ་དང། དབང་གསུམ་པར་རང་རིག་པའི་ཕོ་ཉ་དང། བཞི་པར་རང་རིག་པའི་སྐྱེས་བུ་ཡེ་ཤེས་ཀྱི་ཕོ་ཉ་བསྟན་པའོ། །གཉིས་པ་བཞི་པའི་བཏུང་བ་ཡིན་ཞེས་པས། དང་པོར་ལྷ་དབང ་བསྐུར་བས་དག་བྱེད་བཏུང་བ། གཉིས་པས་འཆི་མེད་བདུད་རྩི་མྱང་བ་གསུམ་པས་བདེ་ཆེན་རོ་མཉམ་དུ་བཏུང་བ། བཞི་པས་སྤྲོས་མེད་འོད་གསལ་དུ་བཏུང་བར་བྱ་བའོ། །སྣོད་ཅིག་ཏུ་ནི་ཟ་བ་ནི་ཞེས་པས། དང་པོར་སྣང་སྟོང་གཉིས་མེད་རོ་མཉམ་དུ་ཟ་བ། ་གཉིས་པས་གསལ་སྟོང་གཉིས་མེད་རོ་མཉམ་དུ་ཟ་བ། གསུམ་པས་བདེ་སྟོང་གཉིས་མེད་རོ་མཉམ་དུ། བཞི་པས་དངོས་པོ་དང་དངོས་མེད་ཐམས་ཅད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དང་དུ་ཟ་བའོ། །དེ་ཉམས་རྟོགས་གཉིས་མེད་དུ་དཔྱད་པའོ། །གཙང ་སྦྲ་བཞི་ཡིན་པར་བཤད་ཅེས་པ་རྣལ་འབྱོར་པའི་སྒོ་གསུམ་སྦྱང་བའི་དོན་དུ་གྲངས་དང་གོ་རིམས་ངེས་པའོ། །དེ་ནི་དེ་ཁོ་ན་ཉིད་རྣམ་དག་གསང་བའི་སྤྱོད་པ་བསྟན་པའི་ཕྱིར། །རྣལ་འབྱོར་བས་རྟག་པར་ནི། མཉམ་གཞག་མཉམ་ལངས་ཀྱིས་དུས་རྣམ་དག་ལ ་གནས་ལ། དྲི་མ་སམ་གོས་པར་སྤྱོད་པའོ། །གཙང་སྦྲ་འདི་དག་རབ་བསྐྱངས་པས་ཞེས་པ་ནས། རིགས་སྐྱེས་ཆོས་ལྡན་རྒྱལ་པོར་འགྱུར། །ཞེས་པའི་བར་དུ། ལམ་ལ་བསླབ་པའི་ཡོན་ཏན་དང། སྤྱོད་པའི་ཁྱད་པར་གྱིས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན ་འབྱུང་བ་བསྟན་པ་དང། ལམ་གྱི་ཁྱད་པར་གྱིས་རིམ་པ་གསང་བ་གྲུབ་ཅིང། ཡེ་ཤེས་འཐོབ་ཚུལ་དང། གསང་ཆེན་གྱི་སྤྱོད་པ་ལ་གནས་པའི་ནུས་པ་ཐོབ་ལ། ས་ལམ་བགྲོད་ཚུལ་གྱིས་མངོན་དུ་འགྱུར་བ་སྟོན་པའོ། །དེ་ཉིད་སྤྱོད་པའི་བརྟུལ ་ཞུགས་དང་ལྡན་པས་གསང་སྦྲའི་དོན་བསྟན་ནས། དེ་ལྟར་རྟག་ཏུ་མཆོད་བྱས་ནས། ཞེས་ཞི་བའི་བཏུང་བ་བདེ་ཆེན་ཡེ་ཤེས་སུའོ། །བཟའ་བཅའ་བཏུང་ལ་སོགས་ལྡན་པས་ཞེས་གང་དུ་རྣལ་འབྱོར་པ་དམ་ཚིག་འདུས་པའི་ཚིགས་ལ་ཚོགས་ཀྱི་མཆོད་པས ་མཉེས་པར་བྱ་བ་ལ། བདག་ཉིད་སངས་རྒྱས་ཀུན་སོགས་མཆོད་ནི་བདག་ཉིད་དང་གྲོགས་དག་དང་བཅས་པས་དཀྱིལ་འཁོར་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་རིམ་པས། མཉེས་པར་བྱ་བ་བསྟན་ཏོ། །དེ་ཡང་ཚོགས་སོགས་ལ་ཕྱི་རོལ་མཆོད་པ ་མཎྜལ་ཚེམ་བུ་བཀོད་པ་དང། ཞིང་སྐྱོང་གི་མཎྜལ་དང། ཌཱ་ཀིའི་མཎྜལ། བླ་མ་མཆོད་པ་སྟེ། ཅི་འབྱོར་པའི་རྫས་རིམ་པར་བཤམས་ལ། ལག་མཆོར་བྱ་ཞིང། དད་པ་ཡིས་ནི་གཏོར་མ་དབུལ་ཞེས་པས་དང་པོར་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བ ་དབུལ་བའོ། །གཉིས་པ་ཌཱ་ཀིའི་ཚོགས་དང་ཞིང་སྐྱོང་རྣམས་ལ། གསུམ་པ་ཆོས་སྐྱོང་ལ་སོགས་པ་དུར་ཁྲོད་ན་གནས་པ་ཐམས་ཅད་ལ་དབུལ་བར་བྱ་བ་སྟེ། དེ་ལྟར་ཡང། གྲུ་གསུམ་དཀྱིལ་འཁོར་དུ་ནི་དགོད། །དམར་པོ་མེ་ཏོག་སྤོས་ཚོགས་ཀྱིས། ། ་བདུད་རྩི་ལྔ་ཡི་ཁྱད་པར་ལས། །འབྱུང་པོ་འདུལ་བྱེད་ཧེ་རུ་ཀས། བྱིན་བརླབས་ཁྱད་པར་ལྡན་པ་ཡིས། །སྔོན་བཞིན་དམ་ཚིག་དགུག་བསྟིམ་གྱིས། །གཉིས་མེད་གནས་ལ་ལེགས་མཆོད་དོ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་བོ་དྲག་དང་ཕུག ་རྣམས་ལ། །བཞི་མདོ་དང་ནི་ལམ་སྲང་ཞིང། །ལྷ་ཁང་ཁྱད་པར་ཁྱིམ་སྟོད་གནས། །བས་མཛའ་ཆུ་དང་ཐང་སྟོང་དང། །ས་སྟེངས་གདོལ་པའི་ཁྱིམ་གནས་སོགས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མ་རུངས་མཉམ་རྟེན་དང། །ནག་མོ་གཙིགས ་པས་འཇིགས་སྟོན་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱད་མ་དང་དྲག་མོ་དང། །འཇིག་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང། །ཐུབ་བྱེད་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྤོམ་སྔོ་བསངས་རྣལ་འབྱོར་མ། །དགའ་བྱེད་མ ་དང་ཟ་བྱེད་མ། །དྲག་མོ་སྡང་བྱེད་ལམ་པ་ཀི་།འཕྲོད་བྱེད་མ་དང་མར་མེ་མ། །འཇོམས་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་པོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་མགོ་བོའི་ཕྲེང་ཅན་མ། །ཁ་ཊཝཱཾ་ག་མ་རྫུ་འཕྲུལ་ཆེ། ། ་རལ་གྲི་དགྲ་སྟ་ལག་འཛིན་དང། །རྡོ་རྗེ་དེ་བཞིན་གཞུ་ལག་ཅན། །མཁའ་འགྲོ་ལྔ་ཡི་བདག་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པའི། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །རྡོ་རྗེ་དབང་ཕྱུག་དེ་བཞིན་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །གོས་མེད་སྦྱོར ་བ་སྐྱེད་བྱེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །རྡོ་རྗེ་ཁྲོ་བོ་ཀྲོ་བོ་ཆེ། །རབ་ཏུ་འབར་བ་འཇིགས་པའི་ཚོགས། །བྱང་ཆུབ་སེམས་ཀྱི་རྟོགས་མཛད་མ། །རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་ལྡན། །གུས་པས་བདག་ལ་བཀའ་དྲིན་སྐྱོབས། །རྡོ་རྗེ་དྲིལ་བུ་མངོན ་བསྒྲགས་ནས། །བསྟོད་པ་འདི་ཡིས་ཉ་བར་མཆོད། །ཅེས་པས་བསྐུལ་བར་བྱ་བའོ། །དེ་ནས་ལྷ་ཚོགས་དེ་དག་ལ་ཕྲིན་ལས་བཅོལ་བ་ནི་རང་འདོད་པའི་ལས་རྣམ་ལ་ཞེས་མངོན་པར་འདོད་དོན་གསོལ་བ་གདབ་པའོ། །ཇི་ལྟར་ཆོ་གའི་སྦྱོར་བ་ཡིས་ཞེས་པ་ནི་དང་པོར ་བླ་མ་མཆོད་པ། དེ་ནས་དཀྱིལ་འཁོར་པ་ལ་རིག་མ་ལྷ་མོ་བཅུ་དྲུག་ལ་སོགས་པས་མཆོད། བསྟོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱ་བའོ། །དེ་ནས་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མའི་སྙིང་པོ་ཉེ་སྙིང། མཆོད་སྔགས་ཡབ་ཡུམ་ཐ་དྡ་པའི་སྔགས་ཀྱིས་དང ་ཕྲེང་སྔགས་དང། རྩ་བའི་རྐང་པ་བརྒྱད་པའི་དང། ཐུགས་གསུང་སྐུའི་འཁོར་ལོའི་རྩ་སྔགས་དང། དམ་ཚིག་འཁོར་ལོས་ཀྱང་ངོ། །ཡུམ་རྗེ་བཙུན་མའི་རྩ་སྔགས་རིང་པོ་དང་བཅས་པས་མཆོད་པར་བྱའོ། །དེ་ནས་དཀྱིལ་འཁོར་པ་ལ་གསོལ་བ་གདབ་ཅིང། ལྷ ་དང་བླ་མ་ཌཱ་ཀི་ཐམས་ཅད་ལས་འོད་ཟེར་དུ་མ་དང། གཉིས་མེད་སྦྱོར་བ་ལས་བྱུང་བའི་བདུད་རྩི་འབབ་པ་བདག་ཉིད་ལ་བསྟིམ་མོ། །དུས་ནི་མཚན་མོ་སྟེ་སྤྱོད་ལམ་ནི་སྒྲུབ་པོ་སྐྲ་གྲོལ་ཞིང་གཅེར་བུར་གྱུར་པས་ལྷའི་རྣལ་འབྱོར་བརྟུལ་ཞུགས ་ཅན་གྱིས་གཏོར་མ་སྦྱིན་ཞེས་སོ། །དད་པས་ཅི་འདོད་དབུལ་བར་བྱ་བས་ལས་དང་དངོས་གྲུབ་གསོལ་བར་བྱེད་པའོ། །དུས་རྒྱུན་ཏུ་འམ། ཕུན་སུམ་ཚོགས་པའི་ཁྱད་པར་ནི། མར་གྱི་ངོའི་ཚེས་བཅུ་དང་བཅུ་བཞི་ལ་སྒྲིབ་པ་འདག་པར་བྱེད་ལ། ཟླ་བ་ཡར་གྱི་ངོའི ་གང་འགྱུར་ལ་ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བས་དཔའ་བོ་དང་རྣལ་འབྱོར་མ་རྣམས་འདུ་པའི་དུས་ཀྱི་ངེས་པ་ཉིད་ལས་སྒྲུབ་པ་པོ་ལས་མྱུར་དུ་འབད་པས་ཞེས་བརྩོན་འགྲུས་དང་ལྡན་པས་མཆོད་བྱ་སྟེ་ཞེས་ཕྱི་ནང་དེ་ཁོ་ན་ཉིད་ཀྱིས་སོ།། ་རྡོ་རྗེ་ནི་དཔལ་ཧེ་རུ་ཀ་ཐབས་ཀྱི་ངོ་བོ། ལྷ་མོ་ནི་རྡོ་རྗེ་བཙུན་མོ་ལ་སོགས་པས་ཏེ་མྱོས་བྱེད་མ་ང་ནང་གིས། ཤས་སྟོབས་སྟེར་བ་ལ་ཞེས་སོ། །དེར་འདུས་པའི་སྐྱེ་བོ་རྣམས་ཀྱིས་བླ་མ་དང་ལྷག་པའི་ལྷ་ཐ་མི་དད་པ་ལ་མཆོད་པ་བྱ་ཞིང་དཀྱིལ་འཁོར་བའི་ཡེ་ཤེས ་གཤེགས་དམ་ཚིག་རང་ལ་བསྡུས་ལ་ཡི་གེ་བརྒྱ་པ་བརྗོད་པར་བྱ་བའོ། །མཐར་བསྔོ་ཞིང་སྨོན་ལམ་གདབ་པར་བྱ་བ་ནི། ཧེ་རུ་ཀ་དཔལ་མངོན་དགའ་བའི་ཞེས་ངོ་བོ་ཉིད་ཀྱིས་དཀྱིལ་འཁོར་བའི་ལྷ་ཚོགས་དག་པའི་ཞིང་ན་གནས་པ་རྣམས་སོ། །མགུ་བའི ་སེམས་མཆོག་དག་དང་ནི་ལྷན་ཅིག་སྐྱེས་པ་དང་ཞིང་སྐྱེས་ལ་གསོགས་པ་དགྱེས་པར་འགྱུར་བའི་དོན་གྱིས། དེ་རྣམས་ལག་ནས་མི་ཕྲོགས་མཆོག་ནི་གནས་ཞེས་ཡོན་ཏན་དངོས་གྲུབ་ནུས་པ་ཐོབ་པ་ནི་གཞན་འབྱུང་པོས་གླགས་མི་རྙེད་པའི་དོན་ཏོ། །དེ་ལས་ཕན་ཡོན་བླ ་ན་མེད་པ་ནི། ཤྲཱི་ཧེ་རུ་ཀའི་བདག་ཉིད་ནི་རྣལ་འབྱོར་པ་དང་ཐ་མི་དད་པར་གྱུར་པའི་སྦྱོར་བས་མ་མོ་རྣམས་མཉེས་འགྱུར་གནས་སུམ་ཅུ་རྩ་གཉིས་ན་གནས་པའི་ཌཱ་ཀི་མ་རྣམས་དང་ཞིང་སྐྱོང་ལ་སོགས་པ་རྣམས་དགྱེས་པར་འགྱུར་བ་ཞེས་པའི་དོན་ཏོ། ། ་ད་ནི་ལེའུ་མཚན་བསྟན་པ་ལ། སྤྱོད་པ་ནི་སྤྲོས་བཅས་སོགས། བརྟུལ་ཞུགས་ནི་དཔའ་བོའི་སྟོན་མོ་ལ་སོགས་པ། མཆོད་པ་ཕྱི་ནང་གསང་བ་དེ་ཉིད་དོ། །གཏོར་མའི་ཆོ་ག་ནི་འཇིག་རྟེན་པ་དང་འདས་པ་ལ་དབུལ་བའོ། །ལེའུ་ཉེར་བདུན་པའོ།། །། ་ད་ནི་རང་བཞིན་གྱི་དོན་བླ་ན་མེད་པའི་དགོངས་པའི་ཡེ་ཤེས་བསྒྲུབ་པའི་གསང་བ་བསྟན་པ་ལ། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། མཆོད་པ་རྣམ་དག་དངོས་ནི་ཐབས་ཤེས་རབ་དབྱེར་མེད་ཡེ་ཤེས་བདེ་ཆེན་དུའོ། །མྱ་ངན་འདས་པར་ངེས་འབྱུང་ཉིད་ནི་ཆོས་ཀྱི་དབྱིངས ་ལས་སེམས་ཅན་གྱི་དོན་དུ་ལོངས་སྐུ་དང་སྤྲུལ་སྐུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བྱོན་ནས་སོ། །དེ་བཞིན་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད། ཤྲཱི་ཧེ་རུ་ཀའི་ང་རྒྱལ་དུ་གནས་པ་ལ་མཆོད་པར་བྱ་བ་ཉིད། རྣམ་གྲངས་སྒོ་དུ་མ་ནས་སོ། །སྤྲུལ་པ་ལས ་བྱུང་དཔའ་བོ་རྣམས་ནི་དཀྱིལ་འཁོར་བ་རྣམས་ཐམས་ཅད་དོ། །དེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། རྣལ་འབྱོར་པ་ཉིད་ལྷ་ཚོགས་ཐམས་ཅད་ཚད་མེད་པའི་སྒོ་ནས་མཆོད་པར་བྱ་བ་སྟེ། སངས་རྒྱས་ཀུན་སོགས་སྲས་བཅས་ནི་ཕུང་པོ་ཁམས་དང ་སྐྱེ་མཆེད་ཀྱི་རང་བཞིན་རྣམས་ལའོ། །རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་བསྟན་པ་ནི་ལྷའི་གཞལ་ཡས་ཁང་རང་ཆོས། །དེ་དག་ལྷའི་ཕོ་བྲང་དང་གཡོ་བ་ནི་གོང་གི་དཔའ་བོ་བྱང་སེམས་ཁམས་དག་པའི་ཆ་ཀུན་དང་རྣལ་འབྱོར་མ་ནི་རྩ་གནས་སུ་པུ་ཛཱ ་སོགས་ཡི་གེའི་ཆ་ཤས། ཡང་འཕེལ་འགྲིབ་བྱེད་པའི་ཐིག་ལེའོ། །ཟླ་བ་ཉི་མ་འདུས་ལེགས་གནས་ནི། ལུས་ཀྱི་གཡོན་ལ་དཀར་ཆ་འཕེལ་ལ། གཡས་ལས་ནག་པོའི་ཕྱོགས་དམར་འཕེལ་བ། གཉི་ཀ་ཡང་ཀུན་དར་དུ་ཐབས་ཤེས་རབ་ཟབ་པ་བདེ ་ཆེན་དུ་གནས་པས་ཟུང་འཇུག་ཏུའོ། །སྤུན་ནི་སྲོག་རྩོལ་སྡུག་གུ་ནི། འབྱུང་འཇུག་གནས་པ་མཆོད་པའོ། །ཞེས་པ་རླུང་སེམས་འདྲེས་པའི་ཐིག་ལེ་འཁོར་ལོ་དག་ཏུའོ། །གསང་ཆེན་གཞན་ལ་མི་གཏན་པ་ནི། ལས་ཀྱི་སྤྱོད་པས་འབྲེལ་བ་ལ་གསང་བ ་གང་ཟག་དམན་པ་ལ་མི་སྦྱིན་ཞིང་དབང་པོ་རིགས་དང་མི་ལྡན་པ་ལ་གསང་བའོ། །གང་སྐལ་ལྡན་རྗེས་སུ་གཟུང་བར་བྱ་བ་ལས། ཡང་རིགས་ལྡན་བསྟེན་པར་བྱ་བ་ཡོན་ཏན་བསྒྲུབ་པ། དཀྱིལ་འཁོར་འཁོར་ལོའི་སྒོ་ནས་གྲུབ་པ་ཀུན་ཏུ་སྤྱོད ་པ་སྟེ། རྣལ་འབྱོར་མའི་དམ་ཚིག་གཡོན་པ་ཀུན་སྤྱོད་ལ་གནས་པར་བྱའོ། །རིགས་ཀྱི་ཞེས་པ་སྤང་བས་མཆོད་པ། ཤ་ལྔ་ལ་བརྟེན་པའི་ནང་གི་སྦྱིན་སྲེག་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསྟན། ཀུན་ད་ལྟ་བུའི་བྱང་སེམས་མི་ཉམས་པར་བྱ་བ། འདི་ཉིད་གསང་བ ་མི་འགྱུར་བར་གདམས་པས། རྣམ་པར་མི་རྟོག་པའི་དོན་གྱིས་ལམ་གྲུབ་པ་ཁྱད་པར་དུ་གདམས་པའོ། །གཞུང་ཉེ་བར་བསྡུ་བ་ནི། བླ་མའི་མན་ངག་ལ་དགའ་ཞིང་ནི་གོང་དུ་བསྟན་པའི་ལཾ་གྱི་རིམ་པ་ལ་བརྟེན་པས་ཉམས་མྱོང་མཆོག་སྐྱེ་བས་ན་དེའི་དོན་ནི་མཆོག ་མཚུངས་པའོ། །ཞེས་སྤྱོད་པ་དང་གྲོལ་བ་བླ་ན་མེད་པ་འཐོབ་པ་ཉིད་དོ། །ད་ནི་ལེའུའི་མཚན་བསྟན་པ། ནང་གི་སྦྱིན་སྲེག་ནི་ཙཎྜ་ལི་དང་ཕོ་ཉའི་ལམ་མོ། །རིགས་དང་ལྡན་པའི་ཆོ་ག་ནི། སྤྱོད་པ་དང་རྗེས་སུ་འབྲེལ་བའི་དོན་གསང་ཆེན་གྲུབ་པ་བསྟན་པའོ།། ་ལེའུ་ཉེར་བརྒྱད་པའོ།། །།དཔལ་ལྡན་ཕྱག་རྒྱ་ཆེན་པོ་མི་ཕྱེད་མཆོག་གི་ཤེས་རབ་མཚན་ཉིད་དོན་རྟགས་ཤེས་འགྱུར་མི་འདའ་བ། རོ་རྐྱང་ཀུན་དར་བདག་པོ་རིག་པ་མེ་ལྕེ་འབར་བ་བློ་མིག་གིས་ཏེ་ཡུལ་ནི་དམར་སེར་ཉིད། རྩ་ནི ་འཇམ་རྩུབ་སྤུ་ནི་སྒྲ་གཅན་ཨ་བ་དྷཱུ་ཏཱིར་ལམ་བྱེད་ཡོན་ཏན་དབང་ལས་ཏེ། སྲོག་རྩོལ་འགོག་པར་བཟླས་པ་བརྟུལ་ཞུགས་ཏིང་འཛིན་ལམ་མཆོག་ལས། ཕྱི་ནང་མཁའ་འགྲོ་ཞུ་བདེ་གཅིག་གྱུར་དེ་ལས་མཆོག་ཐོབ་རྩ་བ་ཡན་ལག་སྙིང་པོ་ཉེ་སྙིང་དོན་ཀུན་སྩོལ ་བདུད་བཞི་འཇོམས་བྱེད་འཆི་མེད་ཡན་ལག་བདེ་བ་གཞན་དུ་རྙེད་མི་འགྱུར། ཞེས་པའི་དོན་ཏོ། །དེ་ཉིད་ལས་རྣལ་འབྱོར་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་གནས་པས། རིགས་དང་རྗེས་སུ་མཐུན་པའི་རིག་མ་དང། ལྷན་ཅིག་ཏུ་བདེ་བ་ཆེན་པོ་ལ་རོལ་པའི་སྤྱོད་པ་སྤྱད་པ་ལས ་དེ་ཡང་སྤྲོས་བཅས་པས་འདོད་པའི་ཡོན་ཏན་ལ་རོལ་པ་བརྒྱས་དང། སྤྲོས་མེད་པས་བསྡུས་པའི་སྤྱོད་པ་ལྷ་མོ་ལྔ་འམ། ཤིན་ཏུ་སྤྲོས་པ་མེད་པས་ལྷ་མོ་གཅིག་དང་རོལ་པའི་སྤྱོད་པར་སྦྱོར་ཐབས་དགའ་བ་བཅུ་དྲུག་སྐྱེས་པའི་རྟེན་དང། སྦྱོར་ཐབས་ཀྱི་དབྱེ་བ་དུ་མའི ་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་འཆར་བའི་ཐབས་ལ་འབད་པ་རིག་མའི་རྣམ་པའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་དེ་ནས་གཞན་ཡང་གསང་བསྟན་པ་ཕོ་ཉའི་མཚན་ཉིད་རིགས་རྣམས་ཏེ་ཞེས་སྨོས་ཏེ། རིག་མའི་མཚན་ཉིད་ནི་ལོ་གྲངས་དང་ངང་ཚུལ ་དང་སྤྱོད་ལམ་ལས་རྡོ་རྗེའི་རིགས་མཆོག་ཏུ་ཤིས་ལ། རིགས་གཞན་པ་ཡང་གཟུང་དུ་རུང་ངོ། །དམ་ཚིག་ལ་ངོ་བོ་ཉིད་ཀྱིས་གནས་པ་བྱང་ཆུབ་སེམས་ཀྱི་ངང་ལས་མཁའ་འགྲོ་ཀུན་ཏུ་སྤྱོད་པ་མར་གྱུར་པའོ། །དེ་ཡང་གང་ཟག་དེས་གང་གིས་ཞེས་ཁྱད་པར་དུ་རིགས ་ལྡན་གསང་བའི་ལམ་ལས་གནས་པའི་དོན་ཤེས་གྱུར་པའོ། །དེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། རྣལ་འབྱོར་པ་ལ་ཡུལ་ཉེ་བར་སྤྱོད་པ་བསྟན་པ་ནི། མིང་པོ་ནི་ཤིན་ཏུ་བརྩེ་བས་ཀུན་ནས་བསླང་པའོ། །ཡང་ན་ཕ་ནི་བསྐྱེད་བྱ་སྐྱེད་བྱེད་དུ་དམིགས་པས ་ཉེ་བར་གྱུར་བའི་བདག་པོ་ནི་ལྷན་ཅིག་ཏུ་དམིགས་པས་འདུ་འབྲལ་མེད་པར་བལྟ་བས། ཚོགས་པའི་སྐད་ཅིག་ལ་ཡེ་ཤེས་དེ་ཉིད་དུ་སྦྱོར་བ་སྐད་ཅིག་ལ་ཡེ་ཤེས་མཐོང་བས་ཡོན་ཏན་སྐྱེ་བ་ལ་ཕྱོགས་པའོ། །འདིར་རིག་མ་རྡོ་རྗེའི་རིགས་བྱེ་བྲག་ཏུ་བསྟན་པའི་ཕྱིར། ་ལུས་ཀྱི་ཁྱད་པར། ལྕེ་སྦོམ་ནི་ལྕགས་ཟླུམ་པ་རིང་བ་མིག་ནི་དམར་སེར་ལ་ཞེས། འུག་པའི་ལྟར་འདུག་པ་ཡངས་ཤིང་དཀྱུས་རིང་བ། སྐྲ་ནི་རྩུབ་ཅིང་གནག་ལ་ལུས་ཀྱི་བ་སྤུ་ཐམས་ཅད་དམར་སེར་གྱེན་དུ་ལངས་པ་འམ་འཁྱིལ་བ་ཡིན་ཏེ། ཡོན་ཏན ་དང་ལྡན་པའོ། །དངོས་གྲུབ་ནི་མཆོག་མངོན་དུ་བྱེད་ཅིང། ཐུན་མོང་གྲུབ་པ་རལ་གྲི་རོ་ལངས་བུམ་པ། རྐང་མགྱོགས་གསེར་འགྱུར་བཅུད་ལེན། མི་སྣང་བ་ནམ་མཁར་འགྲོ་བ་ཀུན་ཤུགས་ལས་གྲུབ་པ་སྟེ། ཐུན་མོང་ནི་སྔགས་སྐྱེས་སུའོ། །བརྟུལ་ཞུགས་ནི ་ལྷག་པའི་ང་རྒྱལ་དུ་གནས་པ་སྟེ། བཟླས་པའི་སྙིང་པོ་ཉེ་སྙིང་བཞི་པོ་ལ་སོགས་པའོ། །དེ་དགའ་དགའ་བ་ནི་དབང་ཐོབ་ནས་དུས་རྒྱུན་ཏུ་ཡིད་ལ་བྱེད་པའོ། །དྲན་པ་དང་ནི་ཡང་དག་ལྡན་ཞེས་པ། ལུས་དྲན་པ་ཉེ་བར་བཞག་པ་རང་ལུས་ལྷ་སྐུར་རོ། ཚོར་བ ་ནི་བདེ་བ་ལ་གནས་པ། ཆོས་ནི་བདེ་བ་ལ་སྟོང་པས་རྒྱས་བཏབ་པས་ཡེ་ཤེས་དང་དུའོ། །སེམས་ནི་གཉིས་མེད་རང་གྲོལ་སྐྱེ་མེད་སྤྲོས་པ་མེད་པ་ཉིད་དུ་གནས་པ་ཡང་དག་པའི་དོན་དྲན་པའོ། །ཕོ་ཉ་མོ་སོགས་ནི་ལྷན་སྐྱེས། ཞིང་སྐྱེས། དམ་ཚིག་ལས། སྔགས ་སྐྱེས་སོ། །ཡང་ན་རྣལ་འབྱོར་མའི་རིགས་བདུན་པོ་དག་གོ་།གནས་དང་བཅས་ནི་ཕྱི་རི་གནས། ས་འོག་ས་སྟེངས་ས་བླ་བའི་གནས་སོ། །ནང་དུ་ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ལ་སོགས་པར་གནས་ནས་དཔའ་བོ་དང་ལྷན་ཅིག་བཅས་པ་རྣམས་སོ། །དེར་རྣལ་འབྱོར ་པས་རྡོ་རྗེའི་ལུས་ལ་བརྟེན་ནས་གནད་བཅིངས་པས། རླུང་དྲག་ཏུ་ཆུན་པས་རྩ་ཡི་གེ་པུ་ཛཱ་ཨོ་ཨ་ལ་སོགས་པ་ལ་གནད་དུ་བསྣུན་པས། རླུང་སེམས་གཅིག་ཏུ་འདྲེས་པས་ལུས་ནང་རྩིའི་མཁའ་འགྲོ་མ་ཐམས་ཅད་ཡི་གེའི་རྣམ་པར་དབང་དུ་འདུས་འབྱུང་བ ་བཞི་རླུང་མཱ་མ་ཀཱི་སོགས་ཕྲིན་ལས་ལ་དབང་བྱེད་པས་གསང་བསྔགས་ལམ་དུ་བྱས། ཐིག་ལེ་བྱང་ཆུབ་སེམས་བདེ་བ་སྐྱེ་བའི་ཚུལ་ཏུ་ཀུན་དར་དུ་བྱང་སེམས་དཀར་དམར་གཉིས་མེད་དུ་དབང་བྱས་པས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྒྲུབ་པ་པོའི་བཀའ་ ་ཉན་ཅིང་འདུན་པར་བྱེད་དོ། །དེར་རླུང་ལས་སུ་རུང་བས་ཕྱི་ནང་གི་རླུང་གཉིས་འདྲེས་ཏེ། དང་པོར་དྲོད་སྐྱེ། དེ་ལས་བདེ་བ། དེ་ལས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་སྟེ། ལུས་མགོ་ཞབས་ཐམས་ཅད་ཁྱབ་པར་བདེ་བ་མི་བཟོད་པ་འཆར། དེ་ཡང་ནང ་གནས་གསུམ་གྱི་རྣལ་འབྱོར་མ་རྣམས་ལྷའི་རྣམ་པར་གཞུག་པ་དང། དཔའ་བོ་རྣམས་སོ་སའི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྒྱས་ཤིང་འབར་བས། སྤྱོད་པར་གྲོལ་བའི་འབྲས་རབ་སྟེར་ཞེས། དེར་དྲོད་དང་བདེ་བ་མི་རྟོག་པའི་ཡེ་ཤེས་རྟེན ་ཅིང་འབྲེལ་པར་འབྱུང་བའི་ཆར་བ་ཡང། རྣལ་འབྱོར་མ་དང་དཔའ་བོ་ཐབས་ཤེས་རབ་གཉིས་མེད་ཀྱིས་རང་བྱིན་གྱི་བརླབས་པ་སྟེ། ཕྱི་ནང་གི་རྟེན་འབྲེལ་རང་འགྲིག་ཏུ་འོང་སྟེ། བདེ་སྟོང་རོ་གཅིག་པའི་ཡེ་ཤེས་རྣལ་མ་དུས་དེ་ཙེ་ན་འབྱུང། སྤྱོད་པ་ཡང་འཇིག་རྟེན་ཆོས ་བརྒྱད་ཟིལ་གྱིས་ནོན་པ་བུ་ཆུང་ལྟར་ཞེན་པ་མེད་པའི་ངང་ལས་རྣམ་པར་གྲོལ་བའི་འབྲས་བུ་རབ་ཏུ་ཐོབ་པ་ཉིད་ཀྱིས་གཞན་གྱིས་མ་དད་པ་བཟློག་ནུས། སྔགས་ཀྱི་ནུས་པ་ཐོག་ལྟ་བུ་ཐོགས་པ་མེད་པར་འབྱུང་བའོ། །དེ་ལས་མངོན་པར་འདོད་པའི་དོན་འབྲས་བུ་བླ་ན ་མེད་པ་ཀུན་སྒྲུབ་བྱེད་པའོ། །རིག་སྔགས་ཀྱི་སྙིང་པོ་ཉིད་ཡིན་ཏེ། རྩ་བའི་སྔགས་ནི་རྟག་ཏུ་ཟློས་ཞེས་པས་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་ལ། ཨོཾ་ཀ་ར་ཀ་ར་ལ་སོགས་པ་རྣམས་ཐུན་བཞི་ལ་སོགས་པར་བསྙེན་པ་བྱེད་པའོ། །དེ་ཡང་རྩ་བ་ཞེས་ཡོན་ཏན་མ་ལུས་པའི ་འབྱུང་གནས་ཤེས་པས་སྐྱོབ་པ་དང་ཡིད་སྐྱོབ་པར་བྱེད་པའི་དོན་ཏོ། །དེ་ཡང་ལྷའི་རྣལ་འབྱོར་དུས་ནི་ཁྱོགས་ལྟ་བུ་དང། མགལ་མེའི་འཁོར་ལོ་ལྟར་དང། མདའི་ཤུགས་ལྟ་བུ་ལ་སོགས་པར་བཟླས་ལ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ལྟར་ན་བདེ་བ་ཆེན་པོ་ཉམས་སུ ་མྱོང་བའི་ཤེས་རབ་ཀྱི་པདྨར་གནས་པའི་རྡོ་རྗེ་བུམ་པའི་ཆ་ལས་སྔགས་ཀྱི་རྣམ་པ་མུ་ཏིག་གི་རྣམ་པ་ལྟ་བུ་ལ་ཕྲེང་བ་ལྟར་དམིགས་པར་བྱ་བ་ཉིད་དོ། །བདུད་ཀུན་རབ་ཏུ་ཞི་བར་བྱེད་ཅེས་པ་ནི། ལྷའི་བུའི་བདུད་གཡེང་བ་ལ་སྤྲོས་པ་མེད་པས་ཞི། ཕུང་པོའི་བདུད་སྒྱུ ་མ་རྨི་ལམ་ལྟར་གྱུར་པས་ཞི། འཆི་བདག་ཆོས་ཐམས་ཅད་སྐྱེ་འགག་མེད་པར་རྟོགས་པས་ཞི། ཉོན་མོངས་པ་ནི་ཐམས་ཅད་འོད་གསལ་བདེ་བ་ཆེན་པོར་གྱུར་པས་རབ་ཏུ་ཞི་བར་གྱུར་པ་སྟེ། ཤིན་ཏུ་རབ་ཏུ་ཞི་བར་གྱུར་ཉིད་དོ། །རྒྱུ་དང་མི་རྒྱུ་ནི་བརྟན ་གཡོ་མ་ལུས་པ་གཞལ་ཡས་ཁང་དང་ལྷའི་དཀྱིལ་འཁོར་དུ་སྣང་བའི་འཇིག་རྟེན་སྲིད་པ་གསུམ་ཐམས་ཅད་ཀྱི་ཡོན་ཏན་ལ་དབང་ཕྱུག་ཏུ་གྱུར་པའོ། །དེ་དག་གི་ནུས་པ་བླ་ན་མེད་པ་ཐོབ་པའི་རྣལ་འབྱོར་རོལ་པས་ནི། ཕྱག་རྒྱ་ཆེན་པོ་གསང་བ་མི་འགྱུར་འབྲས་རབ ་སྟེར་བ་ནི། གསང་ཆེན་གྲུབ་བ་མངོན་དུ་འགྱུར་བའོ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ནི་གསང་སྔགས་འདི་ལ་སྟེ། ལས་དང་དངོས་གྲུབ་མ་ལུས་པ་འབྱུང་འཇུག་གནས་པ་གང་ཟག་གི་རྒྱུད་ལ་འཆར་བ་ནུས་པ་མངོན་དུ་འབྱུང་བར་བསྟན ་པ་ཡིན་ནོ། །ཕྱག་རྒྱའི་ཁྱད་པར་གྱི་སྒོ་ནས་ཡོན་ཏན་ཐོབ་པར་བསྟན་པའི་ཕྱིར། སྔགས་དང་ཕྱག་རྒྱར་ཡང་དག་ལྡན་ཞེས་པ། ལས་ཀྱི་ཕྱག་རྒྱ་གསང་བསྔགས་ཀྱི་བདེ་བ་དང་ཡང་དག་པར་ལྡན། ཆོས་ཀྱི་ཕྱག་རྒྱ་རིག་སྔགས་ལྷའི་རྣལ་འབྱོར་སྣང་བ་རིགས ་ཀྱི་དཀྱིལ་འཁོར་ལྡན། ཕྱག་རྒྱ་ཆེན་པོ་གཟུངས་སྔགས་འཛིན་ཅིང་སྡོམ་པའི་བདག་ཉིད་ཀྱིས། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཡང་དག་ལྡན། དམ་ཚིག་ཕྱག་རྒྱ་དབྱེར་མེད་ཡེ་ཤེས་མི་འགྱུར་བ་སྔགས་ས་བོན་སྲོག་ལྟ་བུ་མི་ཕྱེད་པའི་དོན་དང་ཡང་དག་ལྡན ་པའོ། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་པ་ནི། འཇུག་བསམ་བསྒོམས་བསམ་ལས་དབང་པོའི་ཁྱད་པར་གྱིས་གཟུགས་སྒྲ་ལ་སོགས་པ་ཡུལ་དང་དབང་པོ་ཐབས་ཤེས་རབ་གཉིས་མེད་དུ་གནས་པས་འབད་པའོ། །ཡང་ལྡོག་པའི་སྒོ་ནས་ཕྱག་རྒྱ་བཞི་ལམ་དུ ་བྱ་བ་མེད་ན་ཡོན་ཏན་མི་འབྱུང་བར་བསྟན་པའི་ཕྱིར། ཕྱག་རྒྱ་དང་བྲལ་གསང་སྔགས་ནི་ཞེས་པ། གོང་མིའི་ཕྱག་རྒྱ་བཞི་སྔགས་དང་མི་ལྡན་ན་ཡོན་ཏན་ཐོབ་པ་ལ་རིང་དུ་འགྱུར་བའི་དོན་དུ། ལུས་ཅན་རྣམས་ལ་བྱིན་མི་རློབ་ཅེས་པ། དམ་ཚིག་ལ་གནས་པ ་དང། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཌཱ་ཀི་རྣམས་ཀྱིས་དངོས་གྲུབ་མི་སྟེར་བའོ། །ད་ནི་སྤྱོད་པ་བྱ་བའི་དུས་དེས་པ་ཅན་དུ་བྱ་བ་ནི། ཇི་སྲིད་དྲོ་བའི་བྱ་བ་དག་།ཤིན་ཏུ་སྦྱོར་བས་རྟོགས་པར་བྱ་ཞེས་སྨོས་ཏེ། བསྐྱེད་པའི་རིམ་པའི་དུས་སུ་གཞན་དོན ་གཙོར་དམིགས་ལ། རྣམ་པ་སྙིང་རྗེས་ཡུལ་ཕྱི་རོལ་སྣང་བ་ལྟར་གསལ་བ། སྣང་བའི་ཡེ་ཤེས་དྲོད་ཐོབ་པ་དང། བདག་དོན་ལ་དམིགས་པ་བྱམས་པས། རང་གི་ལུས་ལྷར་གསལ་བ་ལས། སྣང་བ་མཆེད་པ་རྩེ་མོ་དང། བདག་གཞན་གཉིས་ཀའི ་དོན་ལ་དམིགས་ནས། རྣམ་པ་བྱང་ཆུབ་སེམས་ཀྱི་ཀུན་བསླངས་ཏེ། བརྟན་གཡོ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་འཆར་བ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་གྱིས། བཟོད་པ་ཐོབ་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ལ། སྐྲག་པ་མི་སྐྱེ་བའོ། །དེ་དག་བྱམས་སྙིང་རྗེ ་བྱང་ཆུབ་ཀྱི་སེམས་རོ་མཉམ་པར་གྱུར་པས། དམིགས་པ་ཞིག་གནས་ཀྱི་སེམས་ལས། རྣམ་པ་འཇིག་རྟེན་ཆོས་མཆོག་དང་གཞལ་ཡས་ཁང་དབྱེར་མེད། སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྟོང་པ་ཉིད་ཉམས་སུ་མྱོང་བས་ཡུལ་དང་ཡུལ་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན ་དུ་རྣམ་པར་དག་པར་གྱུར་པས། རྣམ་ཤེས་ཀྱི་ལས་འགྲུབ་པས་རིག་པ་འཛིན་པའི་དངོས་གྲུབ་འགྲུབ་པའོ། །རྫོགས་པའི་རིམ་པར་བདག་འཛིན་གྱི་རྟོག་པ་དག་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སེམས་ཅན་ལ་དམིགས་པའི་སྙིང་རྗེས། དྲོད་སྣང་བ ་གསལ་བའི་ཡེ་ཤེས་རྒྱུད་ལ་འཆར་བ་དང། གཞན་འཛིན་གྱི་རྟོག་བདག་པས། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཐོབ་པས། ཆོས་ལ་དམིགས་པའི་སྙིང་རྗེས། སྣང་བ་མཆེད་པ་རྩེ་མོའི་ཡེ་ཤེས་བདེ་བར་འཆར་བ་དང། བདག་གཞན་གཉིས་ཀར་འཛིན ་བའི་རྟོག་པ་རྣམ་པར་དག་པས་རྣམ་པར་མཐར་པའི་སྒོ་སྨོན་པ་མེད་པ་ཐོབ་པས། དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་པས་སྣང་བ་ཐོབ་པའི་ཡེ་ཤེས་བཟོད་པ་མི་རྟོག་པའི་ཏིང་ངེ་འཛིན་དང། ཡང་བདག་གཞན་ཐ་དད་པར་རྟོག་པ་རྣམ་པར་དག་པས་རྣམ་པར་ཐར་པའི་སྒོ་མངོན་དུ་བྱ་བ ་མེད་པའི་དང་ལས། ཡེ་ཤེས་ཆེན་པོ་ཡང་དག་པའི་སྙིང་རྗེས་སྣང་བ་ཉེ་བར་ཐོབ་པ་སྟོང་པ་བཞི་ལ། བདེ་གསལ་མི་རྟོག་པ་ཚོགས་པ་གཅིག་པའི་ཞི་གནས་རྩེ་གཅིག་པའི་བསམ་གཏན་གྱིས། ཆོས་མཆོག་ཐམས་ཅད་སྟོང་པ། འོད་གསལ་འཆར་བས་ན ་ཡེ་ཤེས་ཀྱི་ལས་ཁྱད་པར་དུ་འགྲུབ་པའོ། །དེ་ལ་འདོད་པའི་ཡོན་ཏན་ལམ་དུ་འཁྱེད་པར་བསྟན་པའི་ཕྱིར། འདོད་པའི་དོན་ཀུན་སྒྲུབ་བྱེད་པའི་ཞེས་པའི་དོན་ལས་ཕྱི་རོལ་གཟུགས་སྒྲ་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུ་ལ། སྣ་ཚོགས་བདེ་བར་འཆར་བར་བསྟན་པ་ལ། ་འགའ་ཞིག་གིས་ཐུབ་པས་གསུངས་པ། འདོད་པ་ནི་དུག་གི་ལོ་མ་ལྟ་བུ། སྦྲུལ་གྱི་མགོ་དང། མེ་ཏོག་ཀིམ་པ་ལྟ་བུ་ལ་སོགས་པས་དགག་བྱར་བསྟན་པ་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ཐེག་པས་ཀྱང་ཐམས་ཅད་སེམས་སྣང་མི་ལམ ་ལྟར་རྟོགས་ལ། གསང་ཆེན་པོས་དུག་ལ་སྔགས་ཀྱིས་བཏབ་པ་ལྟར་རང་བཞིན་མེད་པར་རྟོགས་པས། ཐམས་ཅད་བདེ་བར་འཆར་ཞིང་ཟུག་རྔུ་མེད་པས་ཡུལ་དང་དབང་པོ་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བས་ངེས་པར་འགྲུབ་པའི་དོན་ཏོ། །རྣལ་འབྱོར་ཆེན་རིམ་པ ་གཉིས་ལ་གོམས་པར་བྱེད་པའི་གང་ཟག་ལ་གང་ཞིག་སྡང་པ་ནི་ཆོས་དང་གང་ཟག་ལ་བརྙས་པར་བྱེད་པ་གང་ཡིན་བ། བདེ་བར་གཤེགས་པས་ཤིན་ཏུ་རྣམ་གྲངས་དུ་མར་སྨད་ཅིང་ལམ་ལས་གོལ་བར་བསྟན་པ་ཡང་ཁྱིའི་སྐྱེ་གནས་བརྒྱར་སྐྱེས་ཏེ། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར་ཞེས་གསུངས་པའི་དོན་ཏོ།། ་གཞན་ཡང་ལམ་བརྟགས་པ་ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པའི་བརྟུལ་ཞུགས་དཀའ་ཐུབ་དང། ཡང་དུས་གསུམ་དུ་ཁྲུས་དང་གོས་བརྗེ་པ་ལ་སོགས་པ་ཡང་ལམ་དམན་པ་སྟེ། དཔེར་ན་ལ་ལ་མར་འདོད་པ་ལ་སོགས་པས་གནས་སྐབས་ཀྱི་ཕན ་བདེ་ཕྲ་མོ་འབྱུང་བ་སྲིད་པ་ཙམ་མོ། །ཐེག་པ་ཆེན་པོའི་རྟགས་ཙམ་འཛིན་ཅིང་མཆོད་པར་བྱེད་པ་བདག་དང་ལྷ་ཐ་དད་དུ་ལྟ་བ་དག་ཀྱང། གནས་སྐབས་ཀྱི་ཉེ་བར་མཁོ་བའི་འཚོ་ཞིང་སྐྱོང་བར་བྱེད་པའི་ཐབས་དུ་མའི་སྒོ་ནས་ཐམས་ཅད་མཁྱེན་པའི་རྒྱུད་ཙམ་དུ ་གྱུར་པས། ཕྱི་རོལ་དོན་རྣལ་འབྱོར་གཞན་ལ་བརྟེན་པ་ཞེས་ཕྱི་རོལ་གྱི་ལྷས་བདག་ལ་དངོས་གྲུབ་སྟེང་བར་འདོད་པ་དེ་དག་ཀྱང། ཐ་དད་དུ་གནས་པའི་ཕྱིར། དེ་བཞིན་དོན་མེད་འགྱུར་ཞེས་དགག་བྱར་བསྟན་པའོ། །དེ་ལས་གསང་བ་མཆོག་ལ ་གནས་པའི་གང་ཟག་གང་གིས་སྤྱོད་ཡུལ་གྱི་ཁྱད་པར་བྱིན་གྱིས་བརླབས་པས་ཁྱད་པར་དུ་བསྟན་པའི་ཕྱིར། རྣལ་འབྱོར་ཆེ་མཆོག་ནི་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་དང་ལྡན་པས་དཔའ་བོ་ཞེས་བྱའོ། །ཡུལ་ཕྱོགས་ནི་ཉེ་བར་སྤྱད་པ་བླ་ན་མེད་པ་སྟེ། གང ་ནས་གྱུར་པ་ནི་སྐུ་བལྟམས་པ་དང་རོལ་པ་བསྟན་པ་གང་དུ་བཞུགས་པ་ཐམས་ཅད་ཀུན་གྱི་མཆོད་པའི་གནས་སུ་གྱུར་པ་ཉིད་དོ། །གང་དུ་རིགས་ངན་པ་དང། ཀླ་ཀློའི་སྐྱེ་བོ་གནས་པའི་ས་ཡིན་ན་ཡང། ཡུལ་དེ་ཡོངས་སུ་བརྟགས་པ་ཡིན་ཞེས་ཡོན་ཏན་གྱི་འབྱུང་གནས་སུ་རིག་པར་བྱའོ། །སེམས་ཅན་ཡོངས་སུ་གཟུང་བའི ་ཕྱིར། དེར་ནི་ང་ཡང་རྟག་པར་གནས་ཞེས་དཔལ་ཧེ་རུ་ཀས་འགྲོ་བའི་དོན་དུ་སྐུ་གསུང་ཐུགས་རྡོ་རྗེ་འགྱུར་བ་མེད་པར་བདེ་བ་ཆེན་པོའི་ངང་དུ། གཙང་བ། རྟག་པ། བདེ་བ། ཡོན་ཏན། བླ་ན་མེད་པའི་ཕ་རོལ་ཏུ་སོན་པས་གནས་པའོ་ཞེས་པའི་དོན་ཏོ། །ལེའུ ་ཉེར་དགུ་པའོ།། །།ད་ནི་ཁྲོ་བོའི་རྒྱལ་པོ་ཧཱུཾ་མཛད་ཀྱི་བཀའ་ཨི་འཁོར་ལོས་བར་ཆད་རྣམ་པར་བསྲུང་བའི་དོན་དུ་བསྟན་པ་ནི། དཀྱིལ་འཁོར་རིག་བྱེད་མེ་ཡིས་གནས་པ་དག་ལ་གནས་དང་བྱ་བ་ཐབས་བཅས་བསྒྲུབ་པའི་ཆོ་ག་སྟེ། དེ་ལས་ཁྱད་པར་གྱུར ་པའི་ཆེ་མཆོག་ཧེ་རུ་ཀ་དཔལ་རིག་བྱེད་ཞལ་ཅན་གཙོ་གྱུར། འཁོར་ལོ་བཀོད་པ་འམ། རྡོ་རྗེ་ཧཱུཾ་མཛད་ཞལ་ནི་ཆུ་པོ་ཀླུ་ཡི་ཕྱག་ལྡན་དག་པ་ཕྱོགས་སྐྱོང་འདུལ་བར་མཛད་པ་ནི། ཁྲོ་བོ་རྣམས་ནི་མེ་ཞལ་ངོ་ལྡན་གདེངས་ཀ་ལས་ཀྱང་སྟེང་འོག་སྦྱོར་བ་ལས་བྱུང་ཡོངས་སུ ་གནས། །གསང་སྔགས་དེ་ཉིད་འོད་ཟེར་བཅས་ལས་ཡི་གེ་ཁྲོ་མོ་རིག་བྱེད་མེ་སྟེ་ལུགས་འབྱུང་དག་གིས་བསྐོར་བ་ཡང། །རིག་བྱེད་མེ་ལྡན་དག་གིས་ཁྲོ་བས་བདུད་འདུལ་བགེགས་ཚོགས་མ་ལུས་ཀུན་ལས་རྣམ་རྒྱལ་དྲི་མེད་སྙིང་པོ་ཐོབ། འདིར་ནི་ལམ་གྱི་ཆོས ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་སྦྱང་བར་བྱས་ནས། གསང་ཆེན་གྱི་ལམ་འདིར་ཁྱད་པར་གྱིས་སྲུང་བ་བསྟན་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ནི་བདག་གཞན་ཐམས་ཅད་ཀྱི་དོན་དུའོ། །ཤིན་ཏུ་རྙེད་དཀའ་ནི ་བྱ་བའི་རྒྱུད་ལ་སོགས་པར་མ་བསྟན་པའོ། །འགོད་པ་ནི་སྡེ་ཚན་རྣམས་གསལ་བར་བྲི་བའོ། །གང་ཞིག་ཤེས་པ་ཙམ་གྱིས་ནི་ཏིང་ངེ་འཛིན་དང་འཁྲུལ་འཁོར་གྱི་སྦྱོར་བ་ཉིད་དོ། །མྱུར་དུ་དངོས་གྲུབ་བྱེད་པ་ནི་ལས་ཆེན་བཅུ་གཉིས་ལ་སོགས་པ་ལས་རབ་འབྱམ་དུ་མ་གྲུབ ་བ་བླ་ན་མེད་པའོ། །དེས་མདོར་བསྟན་ནས། ད་ནི་རྒྱས་པར་བཤད་པ་ལ། དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པ་ནི། སའི་ཆ་མཉམ་ཡིད་འོང་མཎྜལ་ལེགས་པར་བྱས་པས་སྤྱད་བའོ། །དེར་བའི་ལྕི་བ་ས་ལ་མ་ལྷུང་བ་དང་རྣམ་ལྔ་སྟེ། ་ཙན་དན་གྱིས་ནི་ཉེ་བར་སྐུ། །དྲི་བཟང་དྲི་ལྡན་ས་ལ་ནི་ཞེས་པས་བྱུག་པ་ལག་པ་གཡོན་པས་བྱ་བའོ། །དེར་མཆོད་པའི་ཚོགས་བཤམ་པ་མེ་ཏོག་སིལ་མ་གཅལ་དགྲམ་ཞིང། སྤོས་ཀྱི་དྲིས་ཉམས་དགར་བྱ་ཞེས་གཏོར་མ་དང་ཚོགས་ཀྱི་མཆོད་པ་དང་ལྡན་པས། ་བདག་གིས་བྱ་བ་ནི་ལྷག་པར་ལྷའི་རྣལ་འབྱོར་སྒོ་གསུམ་དག་པའི་རྣལ་འབྱོར་ཁྱད་པར་ཀུན་བྱས་ཤིང་ནི་གོ་ཆ་བགོ་བ་ལ་སོགས་པའོ། །ཕྱོགས་བཅིང་བ་ནི་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་ར་བ་དང། རྡོ་རྗེའི་གུར་དང་བླ་རེ་ངག་བསམ་ཞིང། །རྡོ་རྗེ་ར་བ་ཕྱི་མའི་པར་དེར་ཉི ་མའི་དཀྱིལ་འཁོར་བཅུའི་སྟེང་དུ་ཧཱུཾ་བཅུ་འཕྲོས་པ་ལས། ཁྲོ་བོ་ཡབ་ཡུམ་བཅུ་གསལ་བར་བལྟ། དེ་ནས་བགེགས་བཀུག་པ་ལ་ཕུར་བུས་གདབ་ཅིང་བརྡུང་བ་ལ་སོགས་པ་བྱས་ནས་མཐར་མེ་འོད་འབར་བས་འཁྲིགས་པར་བལྟའོ། །དེ་ནས་ཡི་གེ་བསྡུ ་བའི་བཞི་བསྟན་བ་རྫ་རྡ་བཅིང་བྱ་སྟེ་ནི། ཁ་བཞི་པ་འམ་ཁ་གཉིས་པའི་རྣམ་པ་བྱས་ལ། རི་མོ་གསུམ་པ་ནི་ཝརྟ?་བ་སྟེ། གསུམ་པའི་རི་མོ་གསུམ་གསུམ་དགུ་དྲི་བ་ཡོངས་སུ་ཟླུམ་པོར་བསྐོར་བ་ནི་ཐ་མའོ། །ཡི་གེ་ཕྱི་མོ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ། དེ་ལས་བྱུང་བའི་སྡེ་ནི་དབྱངས ་དད་གསལ་བྱེད་རྣམས་ཏེ། དགོད་པར་བྱ་བ་ནི། ཐབས་ཤེས་རབ་ཀྱི་ཆ་ལྡན་ནོ། །དེར་གནས་པ་ལས་ནི་རེ་མིག་བཞི་བཅུ་ཞེ་དགུའོ། །དཔའ་བོ་ནི་དཔལ་ཧེ་རུ་ཀས་སྔོན་བདུད་བརྟུལ་བའི་དུས་སུ་ཞལ་བཞི་ནས་ཕྱུང་བའོ། །འདོད་པའི་དོན་ནི་ལས་དང་དངོས ་གྲུབ་དེ་ཉིད་སྒྲུབ་བྱེད་བཏུ་བ་ནི་ཨཱ་ལི་ཀཱ་ལི་ལས་སོ། །རིམ་བཞིན་འབྱུང་ནི་ཨ་ནས་བགྲངས་པའི་དོན། །རིམ་མིན་པས་ནི་ཧ་ས་ནས་མས་བགྲང་བའོ། །དབྱངས་དང་ནི་ཨཱ་ལི་བཅུ་དྲུག་ཡི་གེ་ནི་གསལ་བྱེད་སྒྲུབ་པ་པོས་ནི་མངོན་པར་རྟོགས་པ་ལྡན་པའོ།། ་ཐུབ་པས་དེ་ལྷའི་གྲངས་གྱུར་ལས་ཞེས་ཀཱ་ལིའི་སྡེ་མཚན་མདུན་ནོ། །བཏུ་བ་དངོས་ལ་དེ་མིག་སུམ་ཅུ་གཉིས་པ་བླང་ཞེས་པ་ནས། མཛའ་རུ་སྦྱང་ཡན་ཆད་ཀྱིས་བཏུ་བ་རྒྱས་པར་བཤད་པའོ། །གསང་བ་ཉེ་བར་གདམས་པ་ནི་རིགས་རྒྱལ་ནི་འདུད་ལས་སོ། །འཁོར་ལོ་སྦྱར་བ་ཆེན་པོ་དྲུག་གི ་སྙིང་པོ་གསང་བའི་སྔགས་འདིས་གྲུབ་པ་མཐར་འབྱིན་པ་ཉིད་དོ། །གསང་བ་བླ་ན་མེད་པའི་རྒྱུད་ཀུན་གྱི་སྲུང་བའི་འཁོར་ལོ་འདིར་སྟོན་པ་ཡང། འདི་ནི་མ་བྱུང་འབྱུང་མི་འགྱུར་ནི་འདོད་ཁམས་ལྷ་མིའི་མངོན་སུམ་དུའོ། །དེ་ཉིད་བསྡུས་ཞེས་པ་ལ་སོགས་པའོ། །ཁྲོ་བོ་བཞི ་དང་ཡང་དག་ལྡན་ནི་ཕྱོགས་ཀྱི་སྒོ་བཞི་བསྲུང་པའི་ཁྲོ་བོ། ཨ་བྷི་དྷཱ་ན་ལས། རྡོ་རྗེ་དྲག་པོ་དཔལ་གཤིན་རྗེ་གཤེད་དང། རྡོ་རྗེ་ཉི་མ་ཤེས་རབ་མཐར་བྱེད་དང། རྡོ་རྗེ་གཙུག་ཏོར་དེ་བཞིན་བཤད་པ་དཔལ་རྟ་མགྲིན་དང། རྡོ་རྗེ་ཐལ་སྦྱོར་བདུད་རྩི་ཁྱིལ་བ་ཕྱོགས་བཞིར་རོ། །ཡང ་མཚམས་སུ་ཁྲོ་བོ་བཞི་དང་ལྡན་པ། རྡོ་རྗེ་གནོད་སྦྱིན་ཤར་ལྷོར་མི་གཡོ་བ། རྡོ་རྗེ་ནག་པོ་ལྷོ་ནུབ་དུ་འདོད་པའི་རྒྱལ་པོ་དང། ནུབ་བྱང་དུ་རྡོ་རྗེ་སྟོབས་དབྱུག་སྔོན་ཅན་དང། བྱང་ཤར་དུ་རྡོ་རྗེ་རྒྱལ་བ་སྟོབས་པོ་ཆེ་དང། རྡོ་རྗེ་ས་འོག་སྟེ་གནོད་མཛེས་དང། རྡོ་རྗེ་གཙུག་ཏོར་ཅན་ནི་གཙུག ་ཏོར་བ་ཁོ་ལོ་སྒྱུར་བ་དང། དབུས་སུ་རྡོ་རྗེ་འཇིགས་པ་ཧཱུཾ་མཛད་ཞལ་བཞི་ཕྱག་བརྒྱད་པ་ཞབས་གཡས་པ་བརྐྱང་བས་གནས་པའོ། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར་ཞེས་པས་འདི་ལ་རྣམ་གྲངས་དུ་མར་འགྱུར་བ། དེ་བཞིན་གཤེགས་པའི་སྐུ་དང། མཆོད་རྟེན་དང། ་ཞིང་སྐྱོང་བརྒྱད་དང། ཁྲོ་བོ་དང། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་མཆོག་བརྒྱད་དང། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ལ་སོགས་པའི་དོན་གྱིས་བསྟན་པའོ། །གསང་སྔགས་འདི་ནི་ནུས་པ་བརྟན་པར་དཀྱིལ་འཁོར་བསྲུང་བའི་དོན་དུ་ནི་བཀའ་ཨི་འཁོར་ལོ ་འདི་ཉིད་ལ་བསམ་གཏན་གྱི་རྣལ་འབྱོར་གྱིས་འབད་ན་ངེས་པར་འགྲུབ་པར་འགྱུར་རོ། །འཇིག་རྟེན་པའི་ལོག་འདྲེན་གདུག་པར་ན་ཐམས་ཅད་ངེས་གནོན་པ་སྟེ། མ་རུངས་པ་འདུལ་བའོ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་སྟེ་རྡོ་རྗེ་ཕུར་བུས་གདབ་པ་ལ་སོགས་པའི ་སྦྱོར་བ་ཙམ་གྱིས་ཐམས་ཅད་ཟིལ་གྱིས་གནོན་པས་ན་བརྟག་མི་དགོས་པར་འཆི་བར་འགྱུར་ཞེས་དང་པོར་ཚར་གཅོད་ཅིང། ཕྱིས་ལྡང་མི་ནུས་པའི་དོན་ཏོ། །སྔགས་རང་གི་ངོ་བོ་ཉིད་ནི། ཨོཾ་སུམ་བྷ་ཞེས་པ་ལ་སོགས་པས་སྔགས ་ཚན་བཞི་པ་སྦས་པ་གསལ་བར་བསྟན་པའོ། །དེ་ཉིད་ཀྱི་འབྲས་བུ་གྲུབ་ཚུལ་ནི། རྣལ་འབྱོར་ཐུན་མོང་བརྗོད་པ་ནི་ཞེས་རྒྱུ་ཐབས་འབྲས་བུའི་དུས་ཐམས་ཅད་དུའོ། །དངོས་གྲུབ་ཀུན་གྱིས་འབྲས་བསྐྱེད་པའོ། །ཞེས་གནས་སྐབས་སུ། གྲུབ་པ་བརྒྱད་ལ་སོགས་པ་དང་མཐར་ཐུག ་མའི་སློབ་པའི་ཟུང་འཇུག་དུས་སུ་ཡང་བྱང་ཆུབ་སེམས་རྡོ་རྗེས་གསུང་པ་ཉིད་དོ། །ད་ནི་ལེའུའི་མཚན་བསྟན་ཏེ། རྫ་རྔ་བཅིང་བའི་གསང་སྔགས་རེ་མིག་ལས་བཏུ་བའི་ཆོ་གའི་ལེའུ་སྟེ། སུམ་ཅུ་པའོ།། །།འདིར་ཡང་ལེའུ་དང་པོ་ལས། ཞི་པའི་བཏུང་བ་བཞིན ་མྱངས་ན། རྟག་པར་དངོས་གྲུབ་ཐོབ་པར་འགྱུར་པའི་དོན་བསྟན་པ་སྟེ། དེ་ནས་ཤ་ཆེན་པོ་དེ་དག་ཀུན་ཅེས་པ་ལ་སོགས་པའི་དོན་ཏོ། །འདིར་ནི་སྒྲུབ་པོས་ཚོགས་རྣམས་ཐམས་ཅད་སྒྱུ་མ་རྨི་ལམ་ལས་དབེན་འོད་གསལ་ཆེན་པོར་རྟོགས་པས་ལམ། ཡང་ན ་བདུད་རྩི་སྒྲུབ་བྱེད་རྫས་གྱུར་ཆེན་པོའི་ཤ་དང་ཁྱི་དང་བ་ལང་མཚོན་བྱེད་ཅང་ཤེས་སྔོ་ཞིང་ཕྲུལ་དམར་གྱུར་པའི་རྟ། མུ་ཏིག་འབྱུང་གནས་བ་ལང་ཤ་སྟེ་ཐོད་པ་སྣོད་གྱུར་དུང་དང་ཉ་ཕྱིས་ཐབས་དང་ཤེས་རབ་སྟེ། མི་འཆི་བཅུ་ཕྱེད་བཟའ་བྱ་སྦྱོར་བ་བསྒྲོན་མེ་སྲེག ་བླུགས་པ་ལར་བྱ་པས་རང་བཞིན་ཡོན་ཏན་དབང། །བརྡ་ནི་ལྔ་ལས་ལྔར་གྱུར་ལག་གཡོན་གྱིས་ནི་མཆོད་པ་བྱས་ལས་མཛའ་ཡས་མཐུ་སྤྱོད་འགྱུར་ཞེས་པའི་དོན་ཏོ། །དེ་ལ་མདོར་བསྟན་པའི་ཚུལ་གྱིས་ཉེ་བར་གདམས་པ་ལས། གསང་ཆེན་དུ་མཐུན་པའི་ཕྱོགས་གྲུབ་བྱེད་ཀྱི་དངོས་པོ ་ལམ་དུ་བྱ་བ། དམ་ཚིག་གི་རྫས་ཀྱི་ཡོན་ཏན་དང། སྣོད་ཀྱི་ཁྱད་པར་བཟའ་བར་བྱ་ཞིང་སྤྱད་བྱ་ལག་མཆོད་ཀྱི་དོན་ལས་རྣམས་རྣལ་འབྱོར་པའི་ལག་གཡོན་ལྷའི་གནས་ཁྱད་པར་གྲུབ་ཅིང། གཡོན་པའི་ཀུན་སྤྱོད་དང། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཀོད་པ་ལས་སོ་རི་མོ ་ལྟར་གྲུབ་པ། ལག་མཐིལ་དུ་དཔའ་མོ་བསམ་པ། ཕྱི་རྒྱབ་དུ་དཀྱིལ་འཁོར་བ་བསམས་པ་ལས་དེ་ཉིད་བླ་མེད་མཆོད་པར་བསྟན་པའོ། །ལེའུའི་མཚན་ནི་བཟའ་པ་དང་ནི་ཉམས་མྱོང་ཕྱི་ནང་དུ་སྦྱར་བ། སྦྱིན་སྲེག་ནི་ནང་གི་རྣལ་འབྱོར་དང། གཏོར་མའི་བྱ་བ་ནི ་འཇིག་རྟེན་པ་དང་འདས་པ་མཆོད་པ་དང། ལག་བརྡའི་ཆོ་ག་ནི་ལག་པ་བྱིན་རླབས་ཀྱི་རིམ་པ་སྟེ། ལེའུ་སུམ་ཅུ་སོ་གཅིག་པའོ།། །།འདིར་ཐུན་མོང་མ་ཡིན་པའི་གྲུབ་པའི་གསང་ཆེན་བསྟན་པ་དང་པོ་མདོར་བསྟན་པ་དེ་ནས་ཤེས་པ་ལ་སོགས་པས། དངོས ་གྲུབ་བསྒྲུབས་པའི་དཀྱིལ་འཁོར་བསྟན་ཅིང། དམ་ཚིག་གི་རྫས་བརྟེན་པ་དང། རོ་ལངས་ཀྱི་སྒྲུབ་པས་སྦྱིན་སྲེག་བྱ་བ་སྟེ། ཡང་དག་ཆོ་ག་ནི་ལྷའི་བསམ་གཏན་དང། གསང་སྔགས་བཟླས་པའི་བྱིན་བརླབས་ཀྱིས་བདུད་རྩིའི་རང་བཞིན་དུ། བསྒྱུར་སྤྱང་ཞིང་སྤེལ་བས་ནུས ་པ་ཐོབ་པར་འགྱུར་བའོ། །རྒྱས་པར་བཤད་པ་ལས་བཟང་པོ་ནི་པ་ཤུ་བལ་སྟེ། ཕྱུགས་ཤེས་པས་གོང་དུ་བསྟན་པའི་སྐྱེ་བ་བདུན་པའི་རིགས་ཤེས་པས་དེའི་ཤ་དགུག་བྱ་ཉིད་དོ། །དབེན་པར་དཀྱིལ་འཁོར་བཞེངས་ནས་སྤྱོད་པའི་ནུས་པ་དང་ལྡན་པའི་སྒྲུབ་པ་ཚོགས་ཀྱི ་འཁོར་ལོ་བྱས་པས་སོ། །བཟང་པོ་དེ་བཞིན་ནི་མི་སྐྱེ་བ་བདུན་པའི་ཤ་ལ་གཞན་ཡང་ལྔ་རྣམས་ཏེ། བདུད་རྩི་ལྔ་དང་དུ་སྦལ་སོགས་ལ་སོ་སོའི་ནུས་པ་ཅུང་ཟད་ཡོད་པ་སྟེ། སོགས་ནི་ཅི་སྤྱང་དང་ངོ། །དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ནི་རིས་དྲུག་འཁོར་ལོ་སྒྱུར་བའི་དཀྱིལ ་འཁོར་རམ། འདི་ཉིད་ཀྱི་དཀྱིལ་འཁོར་དུ། ཁ་དོག་རིགས་ལས་རིགས་མཆོག་ཕྱུགས་ནི་དུད་འགྲོ་ཁྱུ་མཆོག་དང། གླང་པོ་ལ་སོགས་པ་དུག་ལྔ་དག་བྱེད་ཀྱི་རྫས་སོ། །བྱ་རོག་ཁྭ་ཏ་ལ་སོགས་རྣམས་ཀྱི་བྱའི་རིགས་རྣམས་ཀྱི་ཤས་ཌཱ་ཀི་དབང་དུ་བྱེད་པའི་ཁྱད་པར་དབང ་ཕྱུག་ཏུ་བསྒྱུར་བའི་དོན་ཏོ། །དེ་ནས་རོ་ལངས་བསྒྲུབ་པ་ནི། དུར་ཁྲོད་ལ་སོགས་པར་འགེགས་ནས་ཤི་བ་འམ་ཡང་ན་གཞན་ཡང་སྟེ། རྨ་མེད་པ་རུལ་པ་མ་ཡིན་པ་སོམ་ལ། ཡརྐ་ལ་སོགས་པའི་རྫས་ཀྱིས་བཀྲུ་ཞིང། དྲི་བཟང་པོའི་ཆུས་བྱུག་།སྲུང་བའི ་འཁོར་ལོ་སྔགས་ཀྱིས་བགེགས་མེད་པར་བྱས་ལ། མཆོད་གཏོར་དང་ཚོགས་ཀྱི་མཆོད་པ་དང་ལྡན་པས། རང་ཧེ་རུ་ཀ་ར་འགྱུར་བའི་ས་བོན་ལས་འོད་སྤྲོས་དཀྱིལ་འཁོར་བསྐུལ་ཏེ། དེ་དག་ལས། ཐབ་ཁུང་དུ་མེ་ལྷ་བསྐྱེད་བསྟིམ་བྱ་ཞིང། དུར་ཁྲོད་ཀྱི་རོ་ལངས ་ཆེན་པ་བསྟིམ་ལ། དེའི་སྙིང་གར་དཀྱིལ་འཁོར་པ་བསམས་པ་ལ་སྲེག་རྫས་དབུལ་བ་སྟེ། ཀྲིཥྞ་ས་རིའི་ཐུག་པ་ནི་ཁྱི་ནག་མོ་འམ། བ་ནག་མོའི་འོ་མ་ལས། མ་ཤ་འབྲས་དང་ཏིལ་ནག་པོ་ལ་སོགས་པ་དང། སྔར་གྱི་རྫས་དེ་རྣམས་ཀྱིས་ཉམ་ང་བག་ཚ་མེད་པ་སྟེ། འཛེམ ་པ་མེད་པས་རོའི་ཁར་བླུག་པ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ་ཞེས་དཀྱིལ་འཁོར་གྱི་ལྷ་མཆོད་པར་བསམས་པས། གང་འདོད་པ་སྤེལ་ཚིག་དང་བཅས་པས་མཆོད་པར་གྱུར་ན། དེ་ནས་རོ་དེ་ལངས་ནས་ནི། ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང་འཇིག་རྟེན་པའི་ལས་ཆེན་བཅུ ་གཉིས་སམ། ཡང་ན་གྲུབ་པ་བརྒྱད་ལ་སོགས་པའི་གང་ཅི་འདོད་པའི་དོན་སྒྲུབ་པར་བྱེད་པ་སྟེ། གཞན་དུ་མིན་ཞེས་པ་ལྷ་རྣམས་གཤེགས་ཐལ་བ་སྟེང་དུ་བླུགས་པར་ནུས་མེད་དུ་འགྱུར་བའོ། །སྟེང་དང་ནི་མཁའ་སྤྱོད་དམ་གནོད་སྦྱིན་མོ་འགྲུབ་ལ་འོག་ཏུ་ཕོ་ཉ་འགྲུབ ་པས་བླའི་ཕོ་ཉ་མོ་ལ་སོགས་པ་འགྲུབ་པར་འགྱུར་བའོ། །རྒྱུད་འདིར་ཐེ་ཙོམ་མེད་པ་ཡིན་ཞེས་གསང་བ་བླ་ན་མེད་པ་མཆོག་འདིར། ཐབས་ཀྱི་ཁྱད་པར་གྱི་གནས་སྐབས་སུ་ནུས་པའི་ཁྱད་པར་དུ་མ་ཐོབ་ཅིང། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཤིན་ཏུ་མྱུར་བར ་རིག་པ་འཛིན་པ་ཐོབ་པའི་།དེ་ལ་དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པའི་རིམ་པ་ནི། དང་པོར་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས། གནས་ཕུན་སུམ་ཚོགས་པར། བྱ་བའི་རིམ་པ་དང་ལྡན་པས། སྔོན་དུ་འགྲོ་བ་བྱང་ཆུབ་སེམས་བསྐྱེད་ཅིང། ཚད ་མེད་བཞི་བསྒོམས་ལ་བདག་ཉིད་ཀྱིས་སྐད་ཅིག་གིས་སྣ་ཚོགས་རྡོ་རྗེའི་ས་གཞིའི་སྟེང་དུ་རཾ་དམར་སེར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ། དེའི་སྟེང་དུ་ཧཱུཾ་མཐིང་ཀ་ལས་བྱུང་བའི་དཔལ་ཧེ་རུ་ཀ་ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་ན་རྡོ་རྗེ ་དང་གཡོན་ན་དྲིལ་བུ། ཁ་ཊཝཱཾ་ག་མཚན་ཁུང་དུ་བཅུག་པ་རྒྱན་ཆ་ལུགས་རྫོགས་པར་བལྟའོ། །དེའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་མཐིང་ག་འོད་འཕྲོ་བ་ཞིག་བསམས་ལ། དེའི་ཧཱུཾ་གི་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི་ལ་སོགས་པ་དང། རྡོ་རྗེའི ་གུར་དང་རྡོ་རྗེའི་ར་བ་ལ་སོགས་པ་བསྲུང་པའི་འཁོར་ལོ་བསམ་པར་བྱའོ། །དེ་ནས་ཐུགས་ཀའི་ས་བོན་གྱིས་བླ་མ་དང་ལྷག་པའི་ལྷའི་འཁོར་ལོ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་དང་བསྟོད་པ་དང། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་རྗེས་ལ་ཨོཾ་སྭ་བྷཱ་པ་དང་ཤཱུ་ནྱ ་ཏཱས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་བྱ་བའོ། །ད་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྟན་པ་སྟེ། བ་ལང་གནས་དང་སྟེང་ལྡིང་པ། །ལྷག་པ་སྐམ་རྩ་དེ་ནས་ནི། །དུད་ཆེན་པོ་ཡི་རང་བཞིན་བྱ། །མི་བྱེད་པ་དང་རུ་བསལ་ལོ། །ཞེས་པའི་དོན་ལ་རྩ་སྟོང་པའི་ནང་ནས་རླུང་རྒྱུ ་བས་ན། རླུང་གི་དཀྱིལ་འཁོར་བསྟན། སྐམ་ཞེས་པ་མེ་ཡིན་ཏེ། མེས་བརླན་ཐམས་ཅད་སྐེམས་པར་བྱེད་པའི་དོན་ཏེ། །ལྷག་མ་ནི་རླུང་ལ་བ་དན་གྱིས་དང། མེ་ལ་འབར་བས་མཚན་པ་སྟེད་ལྡིང་བ་ནི་ཆུའི་དཀྱིལ་འཁོར་ཏེ། དེ་ཡང་རྩའི་ཟིལ་པ་ཆགས་པ་ལྟ་བུ་ལ ་བུམ་པའི་ཁ་ཁྱེར་ཅན་ནོ། །བ་ལང་འདུག་པའམ། སའི་ལྷ་མོ་འདོད་འཇོའི་བར་སྤྲུལ། དེ་དག་ས་ལ་ཉལ་བ་ལྟ་བུ་སྟེ། སའི་དཀྱིལ་འཁོར་གྲུ་བཞི་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཅན་ནོ། །གནས་ཤེས་པ་སངས་རྒྱས་ཀྱི་ཞིང་ཁམས་དག་པ་ཐམས་ཅད་ཀྱི་རྟེན་སའོ། །དེ་ནས ་ནི་རིམ་པ་བཞིན་དུ་སྟེ། དུད་ཆེན་པོ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ལ། གསོན་པའི་དུས་སུ་འང་སྟོབས་དང་ལྡན་པའི་ཕྱིར་རོ། །རི་བོ་མཆོག་རབ་ཀྱང་རིན་པོ་ཆེ་ལས་གྲུབ་པས་བརྡས་མཚན་པའོ། །དེའི་རང་བཞིན་ཡང་རི་ཐམས་ཅད་ཀྱི་རྒྱལ་པོ་ལྷུན་པོ་མི་འགྱུར་བའོ། །མི ་ཕྱེད་པ་ནི་རི་རབ་ཀྱི་བྱང་ཕྱོགས་གསེར་དུ་ཡོད་པ་སྟེ། མཧཱ་གསེར་གྱི་རུས་སྦལ་དང་ཁ་དོག་དང་ནུས་པ་ཅུང་ཟད་མཚུངས་པ་ལ་དགོངས་པའོ། །དེར་བྲཱུཾ་ཁ་དོག་སྣ་ཚོགས་མདོག་ཅན་ལས་གྲུབ་པའི་རིན་པོ་ཆེ་ནི་གཞལ་ཡས་ཁང་ཚད་མེད་པ་དུར་ཁྲོད་དང་བཅས་པ་བསམ་ ་པའོ། །སངས་རྒྱས་ཀྱི་ཕོ་བྲང་དཀྱིལ་འཁོར་རྟེན་ཡོངས་སུ་དག་པ་དེ་བསྒོམས་པས། མྱུར་དུ་དངོས་གྲུབ་སྦྱིན་འགྱུར་ཡིན་ཞེས་ཡོན་ཏན་དུ་མ་རྒྱུད་ལ་བསྐྱང་པའི་དོན་ཏོ། །དེ་ཉིད་གཞལ་ཡས་ཁང་གི་དབུས་སུ་ལྷ་ཚོགས་ཇི་ལྟར་བསྐྱེད་པའི་ཚུལ ་ནི། ལེའུ་སུམ་ཅུ་རྩ་བཞི་པ་ལས། གོང་མ་ནི་ཡི་གེའོ། །ས་དང་ནི་ག་པུར་ཟླ་བ། རུ་ཏི་ར་ནི་སཧལི་ཉི་མ། བཅས་ནི་ཨཱ་ལི་བཅུ་དྲུག་ཉིས་འགྱུར་དང། ཀཱ་ལི་སུམ་ཅུ་སོ་བཞི་ཡ་ལ་ད་དྷ་ཌ་དྷ་དྲུག་གིས་བཞི་བཅུ་གཉིས་འགྱུར་གྱི་དབུས་སུ་སོ་ལྔ་པ་ལས་ས་བོན་ཕྲེང་བ་ཞེས ་པས་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ཕྲེང་བ་ལྟ་བུར་གཟུང་བ་སྟེ་ཧཱུཾ་ནི་ཐོག་མར་གནས་པ་ཡིན་ཞེས་པས་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་འོད་འཕྲོ་བ་ཅན་ནོ། །རྡོ་རྗེ་དབྱེ་བ་ཉིད་དང་ནི་ཞེས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པའོ། །འབད་པས་བསྲེག་བྱ་ནི་འགྲོ་བའི་ཕུང་པོ་ལྔ་འམ ་དུག་ལྔའི་རྟོག་པ་སྦྱོང་བ་སྟེ། མངོན་པར་བྱང་ཆུབ་པ་ལྔ་དག་བྱ་ཞེས་པས་བསྟན། ལྷའི་སྐུ་ཡོངས་སུ་རྫོགས་པར་གྱུར་པ། དཔའ་བོའི་དབང་པོ་ཞལ་བཞི་པ་ཞེས་པ་དང། གོང་དུ་གསུངས་པ་ཞལ་གཅིག་ཕྱག་ནི་བཞི་པ་གསུམ་ཞེས་ཕྱག་བཅུ་གཉིས་པའོ།། ་ཇི་སྲིད་ཕྱག་ནི་འབུམ་གྱི་བར་ཞེས་ཏེ། ཕྱག་བརྒྱད་ཅུ་པ་དང་བརྒྱ་དང། སྟོང་དང་ཁྲི་དང་འབུམ་གྱི་བར་དུ་སྡོམ་པ་ཆེན་པོ་ལ་སོགས་པ་དཀྱིལ་འཁོར་དུ་མ། སྐུ་མདོག་བཞུགས་ཚུལ་དང་རྣམ་པར་འགྱུར་བ་མི་འདྲ་བ་སྣ་ཚོགས་སུ་བསྟན་པ་གདུལ་བྱའི་དབང་དུ་བྱས་པའོ། ། ་སྐུ་ནི་དཀར་བའི་ཁྲོ་བོ་ཆེ་ནི་རྒྱུའི་ཧེ་རུ་ཀ་སྐུ་མདོག་དཀར་བ་ཉིད་དོ། །རྡོ་རྗེ་ཕག་མོ་ལ་གཟེགས་པ་ཞེས་རྗེ་བཙུན་མ་ཞལ་སྦྱོར་དུ་མཛད་པའོ། །དེའི་ཞེས་རྗེ་བཙུན་ཧེ་རུ་ཀ་ཇི་ལྟ་བར་སྐུ་ནི་དཀར་པའི་ཁྲོ་བོ་མཚོན་ཆ་འཆང་ཞེས་གསུམ་ཡང་ངོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན་ནི ་ཐོད་པ་སྐམ་པོ་དཀར་བ་ལྔས་དབུ་བརྒྱན་ལ། ཐོད་པ་རློན་པ་ལྔ་བཅུའི་ཕྲེང་ལ་འཕྱད་བའོ། །སྐུ་ལ་ཐལ་བའི་རྡུལ་གྱིས་ཉེ་བར་བྱུགས་པ་ནི། རྡོ་རྗེ་འཆང་རིགས་དྲུག་པའི་རྒྱས་གདབ་ཉིད་དོ། །ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན་ནི་རུས་པའི་རྒྱན་དབུ་རྒྱན། སྙན་ན། མགུལ ་རྒྱན། ཕྱག་གདུབ་སྐ་རགས་འོག་པག་ལ་སོགས་པའོ། །མེ་ཏོག་ཅོད་པན་ནི་དབུ་སྐྲ་དང་སྐུ་ལ་དར་དཔྱངས་དང་ཆུན་འཕྱང་གིས་སོ། །མདུང་དང་ལྡན་ནི་ཏྲི་ཤུ་ལ་རྩེ་གསུམ་པ་ཡབ་ཀྱི་ཕྱག་གཡས་ཀྱིས་འཛིན་པའོ། །དུས་མིན་འཆི་ལས་རྒྱལ་བ་ནི་ཌ་མ་རུའི་ཆོས་ཀྱི་སྒྲས ་སེམས་ངལ་སོས་པས་འཆི་བདག་གིས་མི་ཚུགས་པའོ། །ཡན་ལག་འཆིང་བྱེད་ནི་རྡོ་རྗེའི་ཞགས་པ་སྟེ། ཁ་ཊཝཱཾ་ག་ནི་རྡོ་རྗེས་མཚན་པས་སྐུ་གསུམ་མཐར་འབྱིན་པའོ། །ཐོད་པ་མཆོད་ཡོན་སྣོད་ནི་ཀ་པཱ་ལ་ཁྲག་བཀང་ཉིད་དོ། །ཞལ་དུ་མཚོན་ཆ་ནི་ཚངས་པའི ་མགོ་བོ་སྟེ། མཚོན་ཆ་སྦྱར་ནི་དགྲ་སྟ་བསྣམས་པའོ། །རྡོ་རྗེ་དྲིལ་བུ་སྙིང་རྗེ་དང་སྟོང་པ་ཉིད་ཀྱི་རང་སྒྲའོ། །ཞལ་གྱི་ཆེ་བ་ནི་བཞད་པའི་ཞལ་ཏེ་ལས་ཅུང་ཟད་གཙིགས་པ་བདུད་བསྒྲལ་བར་མཛད་པའོ། །འབྱུང་པོ་ཆེན་པོ་ནི་ཞབས་གཡོན་པའི་འོག་ཏུ་འཇིགས་བྱེད་དང་དུས ་མཚན་མོ་གཉིས་གདན་དུ་བྱས་པའོ། །དེ་དག་གིས་ནི་གཙོ་བོ་ཡབ་ཡུམ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་སྟེ། དེ་ནས་རྗེས་སུ་ཆགས་པ་ནི། ཁ་དོག་ཕོ་ཉ་སོགས་སྔགས་གང་ཞེས་པ་འཁའ་གསང་བྱིན་གྱིས་བརླབས་པ། མདའི་ཤུགས་ཀྱིས་ཡོངས་སུ་འཁོར་བ་ནི ་སྔགས་རྣམས་ལས་འོད་ཟེར་སྐར་མདའ་ལྟ་བུར་འཕྲོ་བའོ། །ཕན་ཚུན་འདུད་པའི་གསང་སྔགས་ནི་ཡབ་ཡུམ་གྱི་སྐུའི་ཐུགས་ཀ་ལྟེ་བ་མགྲིན་པ་དཔྲལ་བ་རྣམས་སུའོ། །དེར་ཟླ་བ་དང་ཉི་མ་ལ་གནས་པའི་ཡུལ་ཉིད་ཐབས་ཤེས་རབ་ཀྱིས་ཕྱེ་བའོ། །གསང་སྔགས་ནི་ལུས་ལ་བཀོད ་ནས། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ལྷ་མོ་རིགས་དང་ཁྲོ་བོ་དུ་མ་ཐམས་ཅད་འོག་མིན་ནས་སྤྱན་དྲངས་པ་ནི། ལྕགས་ཀྱུ་ཉིད་ཀྱིས་དགུག་པ་སྟེ་ཞེས་སྨིན་མའི་བར་མཛོད་སྤུ་ནས་བསྟིམ་པས། དྲི་ཟ་ཉེ ་བ་ཞུགས་པ་ལྟ་བུ་སྟེ། ཨ་བ་དྷུ་ཏཱིར་བརྒྱུད་རྡོ་རྗེ་བུམ་པ་ནས་ཡུམ་གྱི་ཆོས་འབྱུང་དུ་བདུད་རྩི་བབས་པས། ཐིག་ལེ་ཆ་གསུམ་གྱི་དང་པོ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བྷུཾ་ལས་གཞལ་ཡས་ཁང་དུ་གྱུར་ཏོ། །ཆ་གཉིས་པས་མངོན་པར་བྱང་ཆུབ་པ་ལས་དཀྱིལ ་འཁོར་བ་རྣམས་བསྐྱེད་པ་ནི། འཁོར་ལོ་ལྔ་ལྡན་ལ། ཨཱ་ལི་ཟླ་བ་ཡབ་ལས་བྱུང་བ་དང། ཀཱ་ལི་ཉི་མ་ཡུམ་རྗེ་བཙུན་མ་ལས་བྱུང་བ་དང། ཧཱུཾ་བཾ་ལས་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དང་གྲི་གུག་དང་བཅས་པ་ལས། དཔའ་བོའི་དབང་པོ ་ཞལ་བཞི་པ་ཕྱག་བསྐྱོད་པར་བྱ་བའི་སྐུ་ཡོངས་སུ་རྫོགས་པར་བསམ་པའོ། །བདེ་བ་ཆེན་པོའི་ཌཱ་ཀི་བཞི་ནི། མཾ་ཏཾ་པཾ་ལཾ། བཞིས་འདབ་མ་ལ་ཕོ་ཉ་མ་བཞི་ཡིན་ཞེས་པའོ། །ཧཱུཾ་པུ་ཛཱ་ཨོ་ཨ་གོ་རཱ་དེ་པཱ་རྣམས་ཀྱིས་ཐུགས་ཀྱི་འཁོར་ལོ་རྡོ་རྗེ་བརྒྱད་ལྡན་དང། ་ཨཱ:ཀཱ། ཨོ། ཏྲི་ཀོ་ཀ་ལ་ཀཱ་ཧི། ཨོཾ་པྲེ་གྲི་སཽ་སུ་ན་སི་མ་ཀུ་ལས་འཁོར་ལོ་བརྒྱད་ལྡན་དང་བཅས་པའི་དཔའ་བོ་རྣལ་འབྱོར་གནས་དེ་བཞི་ནི་ཞེས་པ་དཔའ་བོ་ཀུན་དང་གཉིས་མེད་བདེ་ཞེས་པའི་དོན་གྱིས་བསྟན། སྒོ་བཞིར་ཛ(རྒྱུད་འགྲེལ་དང་བཅས་པ་ལས་ཁ་གདོང་ལ་སོགས་དང། ཀྵིཾ་བཞི་ལས་མཚམས་མ་བཞིའི་རྡོ་རྗེ་གྲི་གུག་ལས། དེ་དག་ཐམས་ཅད་ཀྱི་སྐུ་ཆུང་ལ་ཡན་ལག་རགས་པ་སྐུ་མདོག་ཕྱག་མཚན་ཤིན་ཏུ་གསལ་བར་གྱུར་པས་སྐུ་ཡོངས་སུ་རྫོགས་པའོ། །དེ་དག་བརྟན་པར་བྱེད་པ ་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནི་ཀཱ་ཡ་བཱཀྩི་ཏྲཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་པར་བྱ་བའོ། །དེ་ནས་ཐིག་ལེ་ཆ་གསུམ་པས་བདེ་བ་ཆེན་པོའི་མཆོད་པར་འགྱུར་བའོ། །དེ་ཡང་བྷ་གའི་དཀྱིལ་འཁོར་དུ། རྟེན་དང་བརྟེན་པར་བཅས་པ་རྫོགས་ནས། ཡུམ ་གྱི་སྐུ་ལས་སྤྲོ་བར་བྱ་བ་ནི། ས་བོན་སྤྲོ་བ་དེ་ནས་གཟང་ཞེས་པས་ཧཱུཾ་བཾ་ཨོཾ་ཨཱ:ཧཱུཾ་གི་མཐར་ནི་གནས་པ་ཡིན་ཞེས་པས། འབྲུ་གསུམ་སྒྲ་དང་བཅས་པས་དབྱུང་བར་བྱ་བ་ལ་དང་པོར་འབྱིན་པ་ནི། ཡུམ་རྡོ་རྗེ་རྣལ་འབྱོར་མའི་བྷ་ག་ནས་རྩ་དབུ་མ ་བ་རྒྱུར་ན་སྤྲོ་བ་ལ། རྣམ་དབྱེ་རང་དག་སྔགས་པས་ནི། ཕྱིན་ཅི་ལོག་ཏུ་སྦྱོར་བར་བྱ་ཞེས་པ་ནི། ཡུམ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས། ཕྱིར་ཐོན་པས། གདུལ་བྱ་འགྲོ་བ་ཐམས་ཅད་ཀྱི་དོན་བྱ་བ་སྟེ། ཚར་བཅད་པ་ལས་དང་ཉོན་མོངས་དག ་པར་བྱ་བ་ནི། རྗེས་སུ་འཛིན་པས་སྨིན་གྲོལ་ལ་བཀོད་པའི་དོན་རྣམས་ལ། ལས་ཀྱི་དངོས་པོ་རྣམ་སྨིན་གྱི་ལུས་རྣམ་པར་དག་སྟེ། དེ་ཉིད་ཀྱི་དབྱེ་བས་འགྲོ་བ་ཡང་དག་པའི་ལམ་ལ་དགོད་པ་དང། ཕྱེ་ནས་ནི་ཞེས་དཀྱིལ་འཁོར་འཁོར་ལོར་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི ་གོ་འཕང་ལ་བཀོད་པའོ། །ཕྱེ་ནས་སླར་ལོག་པ་དང། རྩལ་ལས་ལམ་དུ་སྦྱར་བ་སྟེ། བདག་ཉིད་མི་བསྐྱོད་བདེ་མཆོག་འཁོར་ལོ་ཉིད་སྔར་གྱི་རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོའོ། །དེའི་ཐུགས་ཀར་ཐིམ་པ་དང། བདག་ཉིད་སྡང་ལོངས་སྐུ་རྡོ་རྗེ་འཆང ་དེ། སྤྲུལ་སྐུ་ཞེ་སྡང་རྡོ་རྗེར་བསྒྱུར་བས་ན། དྲག་ཤུལ་སྤྱོད་པའི་གཟུགས་འཆང་བ་ཞེས་པས། ཁྲོ་ཆགས་འདྲེན་མ་སྟེ། རྗེ་བཙུན་མ་སྐུ་མདོག་མེ་ཏོག་བནདྷུ་རི་ཀ་ལྟ་བུར་གྱུར་བ་ནི། འབྲས་བུའི་ཧེ་རུ་ཀ་སྟེ། སྦྱོར་བ་དང་པོ་བསྟན་པའོ།། ད་ནི་དཀྱིལ་འཁོར་བའི ་ལྷ་ཚོགས་རྣམས་འབྱིན་པར་བྱ་བ་ནི། །སླར་ཡང་ཡབ་ཡུམ་རྗེས་སུ་ཆགས་པ་གསལ་བར་བསྟན་པ། ཡང་མཚན་མ་གཉིས་ལས་སྔགས་སྦྱར་ཏེ། དཔའ་བོ་རྣལ་འབྱོར་མ་གཉིས་མེད། །སྙིང་པོ་རྣམས་ནི་དེ་བཞིན་དུ། སྔགས་པས་མཁའ་འགྲོ་མ་ལ ་སྦྱར། །ཞེས་ཡབ་ཡུམ་གཉིས་ཀའི་ལྟེ་བ་ཐུགས་ཀ་མགྲིན་པ། དཔྲལ་བ་རྣམས་སུ་སྔགས་རྣམས་ཉེ་སྙིང་གསལ་བར་བཀོད་ནས། ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བ་ལ་གནས་པར་བྱ་བ་སྟེ། བློ་ལྡན་རྣལ་འབྱོར་མ་བསྒྲུབ་བྱ། །དག་པའི་ལུས་ནི་རང་འདོད ་པ། །དཔའ་བོ་མཆོད་པ་རྣམས་བྱས་ནས། །ཕྲིན་ལས་འབབ་པ་ཉིད་ཀྱིས་བྱ། །ཞེས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་རུ་རཱ་ག་ཎ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པས་ཡང་བྷ་གའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དབྱེར་མེད་པའི་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོའི ་མཆོད་པས་མཆོད་པ་དང། ཡང་སྙོམས་པར་ཞུགས་པའི་ཧ་ཧ་སི་སི་སྒྲ་ལས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་དང་རིག་མ་ལྷ་མོ་དང། ཁྲོ་བོའི་ཚོགས་དང་བཅས་པ་ཐམས་ཅད་ནམ་མཁར་བྱོན་པ་ཡང་སོ་སོར་བདེ་བའི་ངང་དུ་ཞུགས་པས ་འོང་དུ་ཞུ་ཞིང་སྨིན་མཚམས་མཛོད་སྤུ་ནས་ཞུགས། ཨ་བ་དྷཱ་ཏཱིའི་གནས་ནས་ཡུམ་གྱི་ཆོས་འབྱུང་དུ་བབ་པས་འཁོར་ལོ་ལྔའི་ལྷ་ཚོགས་དེ་དག་ཐམས་ཅད་བདེ་བས་རྒྱས་པར་གྱུར་ཏེ། རྗེ་བཙུན་མའི་པདྨ་ནས་གྱེན་དུ་བརྒྱུད་ཨ་བ་དྷཱུ་ཏཱི་ནས་ཐུགས་ཀ ་ནས་ཕྱིར་འབྲུ་གསུམ་གྱིས་ཕྱུང་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ཆེན་པོའི་སོ་སོའི་གནས་དང་ཉེ་བའི་གནས་སོགས་སུ་འཁོད་པ་ཙམ་གྱི་སྐུ་ཤིན་ཏུ་རགས་པར་གྱུར་ཏེ། སྒོ་མཚམས་མའི་བར་དུ་རིམ་གྱིས་ཕྱུང་བར་དཔལ་ཌཾ་བྷི་ཧེ་རུ་ཀའི་བཞེད་པའོ། ། ་དེ་ནས་དཀྱིལ་འཁོར་པ་རྣམས་རྫོགས་ནས་གནས་པས་ཐམས་ཅད་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པར་གྱུར་པར་བལྟའོ། །ོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་དེ་ནས་ཡང་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི ་དང་དུ་ཞུ་བར་གྱུར་པ་དང། ཡབ་ཡུམ་གྱི་སྐུ་ཐིག་ལེ་བྱང་ཆུབ་སེམས་ཀྱི་གོང་བུ་འོད་སྣ་ཚོགས་འཕྲོ་བ་ཅན་དུ་གནས་པ་ལས། མཚམས་ཀྱི་ལྷ་མོ་གཤིན་རྗེ་བརྟན་མས་བྱམས་པ་ཚད་མེད་པས་བསྐུལ་བ། ཁྱོད་ཀྱི་བདེར་གཤེགས་རྣལ་འབྱོར་དབུ་མར་བཀྲ་ཤིས ་འགྲོ་འོད་བྱང་སེམས་འཛག་པ་ཡང་དག་རོལ་མཛད་པ། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་མ་ལུས་དབང་ཕྱུག་གིས་གཅོད་མཛོད། །ལྷ་མོ་གཤིན་རྗེ་མཆེ་བ་ཅན་མས་དགའ་བ་ཚད་མེད་པས་བསྐུལ་བ་ནི། འགྲོ་བ་རྣམས་ལ་དབུགས་དབྱུང་བས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པས་འགྲོ་ལ་སྐྱབས་མཛོད་ཅིག་ཅེས་སོ། །ཡང་ལྷ་མོ་གཤིན་རྗེ་འཇོམས་མས་བཏང་སྙོམས ་ཆེན་པོ་ཚད་མེད་པའི་དང་ལས་བསྐུལ་བ་ནི། ཕྲིན་ལས་སྟོན་པའི་འགྲོ་དང་འོང་བ་དྲི་མ་མེད་པ་མཆོག་ཏུ་དགའ་བའི་རང་བཞིན་ཅན་དུ་བཞེངས་ཤིག་པའོ་ཞེས་རབ་ཏུ་བསྐུལ་བར་བྱ་བའོ། །འདི་ཡིས་བསྐུལ་བ་ཙམ་གྱིས་ཀྱང། བཾ་ཧཱུཾ་གཉིས་ལས་རྡོ་རྗེ་ཅན་ཁུ་བའི ་གཟུགས་ཅན་ལས་བཞེངས་པ། འཇིག་རྟེན་ཁམས་ལ་བདེ་ཆེན་སྩོལ། །ཇི་ལྟར་སྐྱེ་བའི་རིམ་པ་ཡིས། །གཉུག་མའི་སྔགས་ལས་རང་འབྱུང་འགྱུར། །དེར་ནི་ཆོ་ག་གསུམ་གྱིས་བཞེངས་པར་གྱུར་པའོ། །དམ་ཚིག་ཡེ་ཤེས་ཡང ་དག་སེམས། །འདིར་ནི་རྡོ་རྗེ་འཛིན་པར་གནས་པ་ནི་སེམས་དཔའ་སུམ་རྩ་གཉིད་དོ། །སྙིང་གའི་ས་བོན་འོད་སྤྲོས་པས། །སྤྱན་དྲངས་པ་ཡི་བདེར་གཤེགས་རྣམས། །དབང་བསྐུར་གོ་འཕང་བསམ་བྱ་བ། །ཕྱི་ནས་མཆོད་པ་ཡང་དག་བརྩམ། །རབ་དགའ་ཆེན་པོའི་དཀྱིལ ་འཁོར་ལོ། །རབ་སྦྱོར་དོན་དུ་བསྒྲུབ་པའོ། །དེས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམ་ཞིང། དབང་བསྐུར་ཞིང་རྒྱས་གདབ་པར་བྱ་བའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་གསལ་བར་བྱ་བ་དང། བྱང་ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་སྟེ། དཀྱིལ ་འཁོར་རྒྱལ་མཆོག་གོ། །།དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང། གོ་ཆ་གཉིས་ཐབས་དཔའ་བོ་དང། ཤེས་རབ་རྣལ་འབྱོར་མའི་གོ་ཆ་བགོ་བར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདེ་བ་ཆེན་པོའི་མཆོད་པའི་མཐར་གསང་སྔགས་ཀྱི་ཕྲེང་བ་བཟླས་པའི ་རྣལ་འབྱོར་ལ་གནས་པས་སོ། །དེ་རྗེས་ལ་ཐུན་ཉེ་བར་བསྡུ་བས། འགྲོ་བ་སྦྱང་བའི་བསམ་གཏན་དང་ལྡན་པས། རིམ་གྱིས་དཀྱིལ་འཁོར་ཡོངས་སུ་བསྡུས་ཏེ། བདུད་རྩི་མྱུར་བ་དང་གཏོར་མ་དབུལ་བར་བྱ། དེ་ནས་མཉམ་གཞག་གི་རྣལ་འབྱོར། །མཉམ་ལངས། ། ་རྗེས་ཐོབ་ལ་ཐུན་མཚམས་ཀྱི་བྱ་བ་སྤྱོད་ལམ་ལ་འཇུག་པར་བྱའོ། །རྫོགས་པའི་རིམ་པ་ལམ་དུ་བྱ་བ་ནི། དེ་ནས་འབར་བའི་མ་ལ་ནི། །སྲེགས་བླུགས་དགུ་ནི་སྦྱིན་པར་བྱ། །འབར་ཕྲེང་རྒྱ་མཚོར་བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོར་ངེས་ཤེས་པའི་དོན་གྱིས་བདེ་སྟོང་ལྷན་ཅིག་སྐྱེས་པའི ་ཡེ་ཤེས་ཉིད་ལ་གནས་པས། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དོན་ལ་གནས་པས། དུས་དང་རྣམ་པ་ཐམས་ཅད་དུ་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་ང་རྒྱལ་དུ་གནས་པར་བྱ་བ་ཉིད་དོ། །འདི་ནི་ཧེ་རུ་ཀ་མངལ་སྐྱེས་ཉམས་སུ་བླང་བའི་རིམ་པ ་དཔལ་ཌོཾ་བི་ཧེ་རུ་ཀའི་དགོངས་པའོ།། །།དེ་ལ་དཔལ་ཧེ་རུ་ཀ་མངལ་སྐྱེས་ཀྱི་བསྐྱེད་པའི་རིམ་པའི་ཁྱད་པར་བསྟན་པའི་གཞུང་བསྡུ་བ་བསྟན་པ། དེ་ནས་རྟག་ཏུ་སྒྲུབ་པ་པོས་ཤེས་རྣལ་འབྱོར་པས་མཐུན ་བཞི་ལ་སོགས་པར་ཉམས་སུ་བླང་བའོ། །གསང་སྔགས་ནི་རྩ་བའི་དང་སྙིང་པོ་དང་ཉེ་སྙིང་ལ་སོགས་སོ། །ལྷ་ནི་ཤེས་ནས་བསྒོམ་པ་བསྙེན་སྒྲུབ་བཞིས་སམ་སྦྱོར་བ་དང་པོ་ལ་སོགས་གསུམ་གྱིས་ཉམས་སུ་བླང་བ་མཉམ་རྗེས་འབྲེལ་བས་མ་ཡངས་པར་བས ་གཏན་ལ་གནས་པའོ། །དེ་ཉིད་ཡོན་ཏན་ནི་ཀུན་བརྟགས་འཁྲུལ་པ་བཟློག་པ་བརྟན་གཡོ་གཞལ་ཡས་ཁང་དང་ལྷར་འཆར་བའོ། །གཞན་དབང་ལས་དང་ཉོན་མོངས་པ་རྣམ་པར་དག་པས་ཡེ་ཤེས་སུ་འཆར། ཡོངས་གྲུབ་འཁོར་འདས་ཀྱི་ཆོས་ཉིད་དེ ་མཉམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བའི་ཁྱད་པར་གྱིས། ཞི་གནས་ལྷག་མཐོང་དབྱེར་མེད་དུ་འགྱུར་བས་བྱང་ཆུབ་སེམས་བདེ་ཆེན་རྣམ་པར་མི་རྟོག་པ་སྒྲུབ་པ་པོས་ནི་འདོད་འགྲུབ་འགྱུར་ཞེས་དེ་བཞིན་གཤེགས་པའ་ཕྲིན་ལས་ལ་དབང ་བསྒྱུར་བའོ།། །།ལེའུའི་མཚན་ནི་རོ་ལངས་བསྒྲུབ་པ་ཞེས་དུར་ཁྲོད་ཀྱི་ཞིང་སྐྱོང་དང་ཤ་ཟ་སོགས་བསྟིམ་སྟེ་ལས་ཀྱི་ཕོ་ཉ་མ་བསྐུལ་ཅིང་བསྒྲུབ་པའོ། །བསྐྱེད་པའི་རིམ་པ་ནི་སྐྱེ་གནས་ཀྱི་གཞིའི་གཉེན་པོས་སྤྱོད་བྱེད་མངོན་པར་བྱང་ཆུབ་པའི་ཆོ ་གའི་ལེའུ་སྟེ། སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་དཔལ་ལྡན་མཆོག་གི་སྤྱོད་པ་གསང་བར་བསྟན་པས་བསྙེན་དང་ཉེ་བསྙེན་སྒྲུབ་དང་སྒྲུབ་ཆེན་ལྡན། །སྦྱིན་སྲེག་ཕྲེག་ཕོ་ཉ་ལེགས་བསྟན་མ་ཞེན་ཐབས་བཅས་བདེ་ཆེན་མཆོད་བྱ ་ཕྲིན་ལས་གྲུབ། །ད་ནི་ས་མ་ཡ་ན་ཡ་གྷན་མུ་པུ་ཙཱ་ཞེས་པས་དམ་ཚིག་ཚུལ་ལ་ཚོགས་ཀྱི་མཆོད་པ་བསྟན་པ་ལ། དེ་ནས་སྒྲུབ་པ་པོ་རྣམས་ཀྱིས་ཞེས་སྨོས་ཏེ། རིམ་པ་གཉིས་ལ་གནས་པའི་གང་ཟག་དམ་ཚིག་དང་སྡོམ་པ་ལྡན་ཞིང་སྤྱོད་པ་ཨ་བ་དྷཱུ་ཏཱི ་པ་སྦས་པ་ལ་སྤྱོད་པ་གསང་བ་ཅན་ནོ། །སྦྱོར་བ་ནི་རིགས་ལྡན་མ་ལྷར་བསྐྱེད་པས་བདེ་ཆེན་དུ་སྟེ། ཀུན་ལ་མེད་པ་བཤད་ནི་ཤིན་ཏུ་གསང་བ་སྟེ། བྷུ་སུ་ཀུའི་སྦྱོང་བ་ལྟར་བྱས་པས་རབ་ཏུ་དབེན་པའི་ཚུལ་གྱིས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་ཚོགས་ཀྱི་འཁོར་ལོ ་དང་འབྲེལ་བའོ། །སྦྱོར་དེ་ཡང་ཁྱད་པར་དུ་ནི་འདི་ལྟ་སྟེ། གནས་ཕུན་སུམ་ཚོགས་པར། དུས་ཁྱད་པར་ཅན་ཚེས་བཅུ་ལ་སོགས་པ་ལ་ལྷ་གྲངས་དང་མཉམ་པ་འམ། དེ་མ་ཡིན་ཡང་དཀྱིལ་འཁོར་འཁོར་ལོའི་བསམ་གཏན་ལ་གནས་པ་ཚོགས་པ་བར་བྱས་པས ་ཁྲོ་བོ་སྔོན་པོས་བགེགས་བསྐྲད་ཅིང་ཁྲུས་བྱས་ནས་ནང་དུ་འོངས་པ་ལ། རྣམ་པར་བཀོད་པའི་དཀྱིལ་འཁོར་རམ། ཚོགས་ཀྱི་སློབ་དཔོན་གྱིས་ལྷའི་འཁོར་ལོ་ལ་མཆོད་བསྟོད་བྱས་ནས། དེར་ལྷའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་དང། རིགས་ལྡན་མ་ལ་སྐུ ་གསུང་ཐུགས་བྱིན་གྱིས་བརླབ་ཅིང། བཟླས་བརྗོད་བྱས་ལ། མཆོད་པ་ལ་བྱུག་པ་སྔོན་དུ་འགྲོ་བས། ཚོགས་རྫས་དང་གཏོར་མ་བྱིན་རླབས་ལག་མཆོད་དང་འདྲེལ་བས་མཆོད་པ་ནི། རེག་མ་བཅུ་དྲུག་ལ་སོགས་པ་དབུལ། དེ་ནས་རྒྱན་ལ་སོགས་པ་དབུལ་ཏེ ་ཨོཾ་བཛྲ་སུ?་མུ་ཊཱ། ཨོཾ་ཀུཎ་ཌ་པི་པཱུ་ཛ། ཀཎ་ཧྲི་ཀ་ཀེ་ཡུང། ཨད་ཀུ་ལི། མེ་ཁ་ལ། ནཱུ་པུ་ར། ཧ་ར། མ་དྷ་ཧ་ན། པ་ཏ་ཀ་།པུཥཔ་མཱ་ལ་པཱུ་ཛ། ཨོཾ་ཙནྡྲ། སཱུརྱ། བི་བཱ་ན། དྷཱ་ཛ། པུཥཔ་ཀ་རི་ཎི། ཨོཾ་པུ་རཏྭི་ར་ཎི། ཙ་མ་ར། དྷརྨ་ཏ་ཙཀྲ། ཚད་ཏྭ། ཨ་ཤད་ཏ ་པ་གཙྪ། ཙཀྲ། ཙིནདམ་མ་ཎི། མ་ན་དྲི། སཾ་ཀ་པུ་རུ་ཥ་ར་ཏ་ན། སྟེ་རཏན། ཨོཾ་ཤཾ་ཁ་བྷཱ་ཥ། ཙཀྲ། ཤྲི་བྷཱ་ད་ཚ། ཚད་ཏྲ་རཏན། མན་དྷ་ར། དྷཱ་ཛྙ། མཙྪ། ཀ་ལ་ཤ་པཱུ་ཛ། མེ་གྷ་ས་མུ་ད་སྤ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པ་མཆོད་པ་སྣ་ཚོགས་རོལ་མོའི ་བྱེ་བྲག་ལོངས་སྤྱོད་ཀྱིས་མཆོད་དོ། །དེ་ནས་ཐམས་ཅད་ཀྱང་ལྷའི་ང་རྒྱལ་དང་ལྡན་པས། ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ། ལྕེ་རྡོ་རྗེའི་སྦྱོར་བས་ནང་གི་སྦྱིན་སྲེག་ལམ་དུ་བྱ་བས་དང་པོ་བླ་མ་དང་ལྷའི་འཁོར་ལོ་མཁའ་འགྲོའི ་ཚོགས་ལ་མཆོད་ཅིང། སོ་སོར་རྟོག་པ་དྲལ་བའི་ཆོ་གས་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱད་པར་བྱ་བའོ། །མཐར་གླུ་དང་གར་དང་ཕྱི་ནང་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་རྣལ་འབྱོར་གྱི་ཡེ་ཤེས་གསང་བ་ལྷན་ཅིག་སྐྱེས་པའི་ཉམས་བསྐྱང་བས་ཀུན་ནས་དང་བས་ཅི་ནུས་པར ་མཆོད་པར་བྱ་བ། ལྷག་གཏོར་ཕྱིར་བཏང་བར་བྱ་ཞིང། མཐར་བསྔོ་ཞིང་སྨོན་ལམ་གདབ་པར་བྱ་བས་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །དེས་ནི་དངོས་གྲུབ་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་བ་སྟེ། ལེའུའི་མཚན། གསང་བའི་མཆོད་པ་ལྷའི་ཚོགས་ཕྱི ་ནང་ཀུན་ཏུ་བདེ་བ་ཆེན་པོས་སོ། །བསྙེན་བཀུར་གྱི་ཆོ་ག་ནི་ཚོགས་ཀྱི་འཁོར་ལོ་སྟེ། ལེའུ་སུམ་ཅུ་རྩ་གསུམ་པའོ།། །།ཁྱད་པར་ཡང་དག་ཡེ་ཤེས་མཁའ་འགྲོ་དྲ་བསྡོམ་པ་རྒྱ་མཚོ་ཆེན་པོའི་འཁོར་ལོ་ཡི། །དཀྱིལ་འཁོར་རིམ་པ ་བསྡུས་ལས་དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི་གསང་སྔགས་རིགས་པ་རྒྱུ་སྐྱེས་ལྡན། འདིར་ནི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐམས་ཅད་མྱུར་དུ་སྒྲུབ་པར་བྱེད་པ་བསྟན་པ་ནི། དེ་ནས་ཞེས་སྨོས་ཏེ། མཁའ་འགྲོ་མ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ ་སྐུ་གསུང་ཐུགས་རྡོ་རྗེའི་དོན་ཀུན་སྒྲུབ་པར་བྱེད་པའི་ཚོགས་ཀྱི་དྲ་བ་སྡོམ་པ་རྒྱ་མཚོའི་དགོངས་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྟེ། ཟབ་པ་དང་རྒྱ་ཆེ་བའོ། །ལས་གང་ལ་ནི་ཀུན་བརྗོད་པ་ནི ་ཕྱི་ནང་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་སྦྱིན་སྲེག་ལས། ཞི་བ་དང་རྒྱས་པ་དབང་དགུག་དང་མངོན་སྤྱོད་ལ་སོགས་པ་ལས་ཆེན་རྣམས་དང་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་པའོ། །ཞེས་པས་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་བཞི་མས་ཕྲིན་ལས་མྱུར་དུ་སྒྲུབ་པ ་ཉིད་དོ། །དེ་ལ་འདིར་སྦྱིན་སྲེག་བསྟན་པ་ལས་ཕྱིའི་ཐབ་ཁུང་དང་རྫས་ལ་སོགས་པ་མེ་ལྷ་མཆོད་པ་ལ་སོགས་པ་ཡང་གཟུང་ངོ། །ཡང་ལྷའི་རྣལ་འབྱོར་དང་སྦྱོར་བ་ནི། མཁའ་འགྲོ་རྒྱ་མཚོ་ལས། དཔལ་ལྡན་དཔའ་བོ་ཧེ་རུ་ཀ་།དེ་ཡི་ཡན་ལག་འཁོར་ལོར ་གནས། །རྣལ་འབྱོར་མ་ནི་ས་གསུམ་སྤྱོད། ། ཧཾ་ཤེས་རབ་ཐབས་བདག་ཉིད། །ལྷ་ཡི་རྣལ་འབྱོར་སྙིང་ག་སྟེ། །གོང་མ་ག་པུར་སིཧལ་ལས། རོ་རྐྱང་རྩ་དང་དྷཱུ་ཏཱི་ར། །སྲོག་རྩོལ་བཅས་པའི་སྦྱོར་བའོ། །བསམ་གཏན་གནས་པས་མངོན་བྱང་ཆུབ། །ས་བོན་རྡོ་རྗེ་ལྔ་བདག་ཉིད། ་ཤེས་པ་དག་བྱེད་སྐུ་རྫོགས་བྱ། །ལྟེ་བ་སྤྲུལ་པར་པདྨ་ལ། །ཱ་ལི་ཀཱ་ལི་ངེས་པར་སྦྱར། ། བ་དྷཱུ་ཏཱིར་སེམས་དཔའ་ཆེ། །འབར་འཛག་བདུད་རྩི་ཐིག་ལེ་ནི། །མཛོད་སྤུའི་གནས་ལས་ངེས་པར་གཞུག་།དཔའ་བོ་ནུས་པ་བཟློག་གྱུར་པས། །ཞལ་གྱི་ཐིགས་པ ་བྱས་ཆགས་འབར། །ཙཎྜ་ལཱི་ཡིས་བསྲེག་དེ་ནས། །བདེ་བ་འབར་བ་མེ་ལས་ནི། །བསྲེག་བྱ་ཕུང་པོ་འབྱུང་བདུད་རྩི། །དྲག་འབར་ཐིག་ལེ་བཅུ་དྲུག་གི་།ཕྲེང་བ་ཡེ་ཤེས་རྒྱ་མཚོ་ཆེ། །འོད་འཕྲོ་ཀུན་ནས་ལུས་ཀྱི་སྒོ། །མགལ་མེའི་འཁོར་ལོ་ལྟར་འཁོར་གྱུར། ། ་དབང་ཕྱུག་དཔའ་བོ་དཔྱིད་རྒྱས་པས། །ཞལ་བཞི་དེ་ཉིད་ཕྱག་རྒྱ་ཆེ། །ཐིག་ལེས་མཉམ་གནས་དགའ་བ་ཆེ། །ལྷན་ཅིག་སྐྱེས་པས་མཚན་ཉིད་བྲལ། །སྐད་ཅིག་སྐུ་གསུང་ཐུགས་ཡེ་ཤེས། །རྡོ་རྗེ་སྙིང་པོ་རྩ་པདྨ། །འདབ་གནས་ཡི་གེ་དཀར་དམར་གསལ། །འབྱུང ་པོའི་ཕོ་ཉ་རྟགས་དག་བཞི། །གནས་འདུས་དཔལ་ལྡན་འཁོར་ལོ་སྒྱུར། །དཔའ་བོ་རྣལ་འབྱོར་གཉིས་མེད་བདེ། །ཕྱི་རོལ་འཁྲུལ་འཁོར་ལས་རླུང་དགུག་།ཁཎྜ་རོ་ཧས་སྐུལ་བྱེད་ཡིན། །ཡུལ་དང་དབང་པོ་མངོན་ཞེན་པ། །ཡེ་ཤེས་རོ་མཉམ་རང་གིས་ལུས། །ཀུན ་དང་འཁོར་ལོ་ཀུན་དབུས་སྐྱེས། །དུས་དང་ཆུ་བོའི་འཁོར་ལོ་ནི། །གསང་བ་རྣལ་འབྱོར་ལུས་གནས་ཡིན། །ཞེས་གསང་བ་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་བསྟན་པའོ། །ལེའུའི་མཚན་རྣམ་པར་བཤད་པ་ནི། ཕོ་ཉ་མོའི་སྦྱིན་སྲེག་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བླ་ན་མེད ་པའི་ཡེ་ཤེས་བསྟན་པའོ། །ཕྱི་དང་ནང་དུ་ཕྲིན་ལས་ཡེ་ཤེས་ཀྱི་ཁྱད་པར་དགུག་པའི་ཆོ་ག་སྟེ། ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནམ་མཁའ་མཉམ་པའི་བདག་ཉིད་ཇི་ལྟ་བ་བཞིན་རིམ་པ་བཞི ་ལྡན་ཏེ། །འབར་བའི་ཕྲེང་བས་ཁམས་གཞན་བདུད་རྩི་ལེན་པའི་དུས་རྟགས་ཕྱོགས་དང་ཡོན་ཏན་གདེངས་ཅན་མཐར། །སྐུ་གསུང་ཐུགས་ཀྱི་སྒོ་རྣམས་མངོན་འགྱུར་དུས་མིན་འཆི་བདག་འཇོམས་པར་འགྱུར་བས་དཔའ་དབང་བདེ་བ་ཐོབ། །དེ་ལ ་ཕྱི་ནང་དེ་ཁོ་ན་ཉིད་གསང་བའི་དོན་བླ་ན་མེད་པ་བསྟན་པའི་ཕྱིར། དེ་ནས་ལས་ཀྱི་མཆོག་རབ་ནི་དང་པོར་ལྷའི་རྣལ་འབྱོར་དང་ལྡན་པས་གསང་སྔགས་བཟླས་པ་དང། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་སྲོག་རྩོལ་ཙཎྜ་ལཱི་སྤར་བས། རིགས་ལྡན་ལས ་ཐབས་ཤེས་རབ་གཉིས་མེད་བདེ་བ་བསྒྲུབ་ཅིང། བརྟན་གཡོ་ཐམས་ཅད་རང་སེམས་སྟོང་པ་ཉིད་དུ་གནས་པ་སྣང་སྟོང་དུ་ཤར་བའོ། །རི་བཞིན་རིམ་གྱིས་མཚོན་པ་སྟེ་ནི་ཕྲིན་ལས་ཐམས་ཅད་པའི་བྱེ་བྲག་དང། བཏུམ་མོ་འབར་བ་ལས་ཐིག་ལེ་བཞུ་བརྟུལ ་དང། སྙོམས་པར་འཇུག་པའི་བདེ་བ་ལྷན་ཅིག་སྐྱེས་པ་ཉིད་ལམ་དུ་བྱ་བ། སྣང་གྲགས་བདེ་སྟོང་དུ་འཆར་བའི་དོན་ཏོ། །མཆོད་པ་གཉིས་མེད་སྦྱོར་བདག་ཉིད་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལམ་དུ་གྱུར་པ་དང། རྩ་གསུམ་ལས་ཀུན་ཏུ་རིམ་གྱིས་འབར ་བ་ལས། དགའ་བ་དང་སྐད་ཅིག་ཉམས་སུ་མྱོང་བ་སྟེ། འཁོར་འདས་གསལ་སྟོང་གཉིས་མེད་དུ་འཆར་བའོ། །ལས་ནི་སོ་སོར་སྦྱར་བར་བྱ་བ་ནི། ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་རོ་མཉམ་དུ་སྟོན་པའོ། །ཁ་སྦྱར་བར ་གྱུར་པ་དང། རྡོ་རྗེ་ལུ་གུ་བརྒྱུད་བཅིངས་པ་ཞེས་པ་ལ་སོགས་པའི་དོན་ནི། དཔལ་རྡོ་རྗེ་མཁའ་འགྲོ་ལས། ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །རྩ་གཉིས་ཀུན་ཏུ་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་བཅིངས ་བརྗོད། །རྡོ་རྗེ་པདྨ་དབྱེ་བ་དང། །སྒྲོ་ཆུན་སྦྲང་རྩི་དབྱེ་བར་བཤད། །སྐོར་བ་གང་ཞིག་བསྐྱོད་པ་སྟེ། །བདེ་དེ་ཐབས་ཀྱིས་ཀུན་རིག་པའོ། །ཆགས་པ་ལྕགས་ཀྱུ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག་།མི་འཁྲུག་རྡོ་རྗེས་དཀྲུགས་པ་དང། ་དེ་ནི་བཟའ་བ་གསལ་ཞིང་བརྗོད། །དེ་ནས་ཆགས་སོགས་ཉོན་མོངས་རྣམས། །དབུག་ལ་དུམ་བུ་མདའ་སྦྱར་བྱ། །ཤིན་ཏུ་རྒྱ་ཆེ་དམིགས་པ་སྟེ། །ཀུན་རྫོབ་བཏུང་བ་མཆོག་ཉིད་དང། །དངོས་ཀུན་རྡོ་རྗེ་རྣམ་དག་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །ཇི་ལྟར་རྒྱལ་བ་དེ་དབུས་སུ ་རྟག་ཏུ་འབྱིན་དང་སྡུད་པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །མངའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་མཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་གནས་ཏེ། །ཕན་ཚུན་ཅི་ཡང་རུང་བ་བསྐྱེད།། ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ལུས་ཅན་རྣམས་ཀྱི་སྙིང་གར་བྱེ། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ལོངས་སྤྱོད་འཁོར་ལོ་ཞེས་བྱ་བ། །ཡ་ར་ལ་ཝ་རྣམ་པར་བླུགས། །རོ་ལངས་ཀྱི་ནི་རྟེན་རང་བཞིན། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། ། ་བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་སེམས་སུམ་ཅུ་རྩ་གཉིས་ལྡན། །ཞེས་བྱ་བ་ཡང་དེ་ཉིད་དོ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུཾ་གི་སྐུད་པས་རྒྱུ་བར་བྱ། །བསྒྲུབ་བྱ་འོག་པར་གྱུར་པ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །འདི་ནི་ཤེས་རབ་ལྷན་སྐྱེས་ཏེ། དེ་ཡི་གཟུགས ་སུ་གྱུར་པས་ན། ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་འོག་ནས་འབར། །ཁ་སྦྱར་སྒྱུ་མ་ཆེན་པོར་བཤད། །འཆི་བདག་ལས་རྒྱལ་རབ་པ་སྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་པ་ཡི་ཆ། །སྐད་ཅིག་གློག་གི་འོད་ཟེར་ཅན། ལྷའི་རྣལ་འབྱོར་དུས་སུ་ནི། ། ་བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་མིན་བསྡིགས་པར་བྱེད། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་འཇུག་།སྣ་བུག་གཡས་ནས་བྱུང་ནས་ནི། །སླར་ཡང་ཞུགས་ཏེ་སྨིན་མཚམས་ཀྱི། ། ་མཛོད་སྦུ་ཁུང་ནས་སུ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཤངས་སྒོ་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོ་བསྲེགས་ནས་སུ། །བདུད་རྩི་ཡེ་ཤེས་བཅུད་བསྡུས་པ། །སྔོན་གྱི་ལམ་ནས་སླར་བྱུང་སྟེ། ་སླར་ཡང་རྣལ་འབྱོར་སྤྱི་གཙུག་ཞུགས། །བསྲེགས་པར་གྱུར་པའི་སངས་རྒྱས་རྣམས། །བདེ་ཆེན་རྒྱས་པའི་ལྟེ་བ་ཡི། །དཀྱིལ་འཁོར་དུ་ནི་སོན་གྱུར་ནས། །སྔོན་བཞིན་དུ་ནི་གནས་པར་འགྱུར་ཞེས་གསུངས་པའི་དོན་ཏོ། །རང་རང་ཕྱོགས་ཀྱིས་ཕྱེ་བ ་ཡིན། །འཇུག་པ་ཡིས་ནི་དབྱེ་བ་ཉིད། །ཅེས་པའི་དོན་ལ། ཟླ་བ་དང་ནི་ཉི་མ་དག་།འོག་དང་སྟེང་གི་སྒོ་གཉིས་ཏེ། །གནང་འབྱེད་པ་ནི་གསེར་སྒོ་སྟེ། ཛཱ་ལན་དྷ་རར་གཏུགས་པས་བཟློག་།ཕྱིར་འགྲོ་ནང་དུ་འོང་བས་སོ། །འགོག་པའི་དུས་དང་དཔྱིད་ཀྱི་དུས།། ་ཇི་སྲིད་གཡས་དང་གཡོན་པ་ཡི། །རླུང་དང་ཡི་གེ་ཐིག་ལེ་འགོག་།ཀུན་དང་འགྲམ་གྱི་རྩ་དང་རྩེ། །ཛཱ་ལནདྷ་རར་འགོག་འགྱུར་བའོ། །སྐྱེ་བ་རབ་ཏུ་འཕེལ་བའི་དུས། །སྡུད་པ་འགྲིབ་ཅིང་ལྡོག་པའི་དུས། །གནས་པ་མཉམ་པར་འགྱུར་བ་སྟེ། །རབ་ཏུ ་ཐིམ་པས་སྟོངས་པར་གྱུར། །ཚ་གྲང་འབྱུང་བའི་ཁྱད་པར་ཕྱེད། །ཉིན་མོ་འཕེལ་བ་བྱང་བགྲོད་དུས། །མཚན་མོ་འཕེལ་བ་ལྷོར་བགྲོད་དུས། །མཉམ་པ་དུས་ལྡན་གནས་པའོ། །གཡས་ནས་འཕེལ་བ་གཡོན་རྩེར་ལྡོག་།གཡོན་ནས་འཕེལ་བ ་གཡས་རྩེར་ལྡོག་།དྲོད་ཀྱང་ལུགས་འབྱུང་ལུགས་བཟློག་ལས། །བརྟན་པ་དང་ནི་གཡོ་བ་ལས། །དྲོད་ནི་འཕེལ་འགྲིབ་ཅན་ཡིན་ཏེ། གྱེན་དུ་བསྙག་དང་ཐུར་དུ་འཇུག་།འཆི་བདག་ལས་ནི་རྣམ་རྒྱལ་བ། །སྒྲ་གཅན་མཆོད་ཡོན་ཡན་ལག་སྦྱད ་གསང་བ་གྲུབ་པ་རྟོགས་པར་བྱ། །ཞེས་པའི་དོན་ཏོ། །འཇུག་ཅིང་མགོ་བཟུག་པ་དབང་དུ་བྱས་པ། ལོངས་སྤྱོད་པ་ཡོངས་སུ་ཐིམ་པ་བསྟན་པས་ཉི་མ་དང་མཚུངས་པ་རྟོགས་པར་བྱ་བའོ། །ལེའུའི་མཚན་ནི་དུས་མ་ཡིན་པར་འཆི་བ་བསླུ་བའི་ཆོ་གའི་ལེའུ ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།གསང་བདེ་ཁོ་ན་ཉིད་མཆོད་པ་རིག་མ་དང་ནི་གཉིས་མེད་བདེ་བ་ལམ་དུ་བྱ་བ་ཉིད། རིམ་དང་རིམ་པ་མེད་པས་དཔྱིད་དང་ཐིག་ལེ་སོས་དང་སྟོན་དུས་ཀྱིས་ཕྱེ་ཟླ་བ་ངོས་བཟུང་བའོ། །འདིར་དཔལ་འཁོར་ལོ་བདེ ་མཆོག་གི་རྣལ་འབྱོར་པས། ལུས་སེམས་སྣང་བ་བདེ་བ་ལམ་དུ་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་ཞེས་སྨོས་ཏེ། འདི་ཉིད་ལས། ལེའུ་དང་པོ་ལས་བསྲུབ་བྱ་སྲུབ་བྱེད་ཡང་དག་སྦྱོར་ཞེས་པ་དང། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཞེས་པའི་རྒྱས་པར་བཤད ་པ། འདི་ནི་དཀྱིལ་འཁོར་འཁོར་ལོའི་ལམ་བླ་ན་མེད་པ་བསྟན་པ་ཉིད་དོ། །དེ་ལ་རྣལ་འབྱོར་རིགས་ལྡན་དང། །མཐུན་མོང་སྔགས་ཀྱི་དགོད་པ་མཆོག་།གོ་ཆ་ཆེན་པོ་བགོ་བ་དང། །སྙིང་པོ་ཉེ་སྙིང་ལྟེ་བ་དང། །སྙིང་ཀ་མགྲིན་པ་དཔྲལ་བར་ནི། །ཉི་ཟླ་གནས ་ལ་གསལ་བར་བལྟ། །ཕྱག་རྒྱ་སྙིང་པོའི་མཆོད་པ་འདིས། །བདེ་ཆེན་གསང་བ་གྲུབ་པ་ཉིད། །མྱུར་འགྲུབ་ཡིན་པར་ཐེ་ཚོམ་མེད། །བློ་ལྡན་དཔའ་བོ་ལྷ་མཆོག་གིས། །རིགས་ལྡན་རྣལ་འབྱོར་མ་བསྲུབ་བྱ། །ལྷར་གསལ་བདེ་བར་སྙོམས་ཞུགས་པས། །ཧཾ ་ལས་བདུད་རྩི་བྱང་ཆུབ་སེམས། །རབ་འབབ་བཅུ་དྲུག་ཆ་བཅས་པ། །དེ་ཉིད་ཀུན་དར་ལས་བརྒྱུད་དེ། །ཐམས་ཅད་བདེ་བ་ཉིད་འཆར་བ། །དགའ་བ་མཆོག་དགའ་ལུས་སེམས་ཏེ། རྣམ་པ་སྣ་ཚོགས་རྣམ་པར་སྨིན། །འཁོར་ལོ་རྣམས་ལ་ཆ་ཤས་གནས། ་གསང་བ་ནོར་བུའི་རྩེ་ལས་ནི། །ཐ་མལ་རྟོག་པ་རྣམ་དག་དང། མ་རིག་ཐིག་ལེ་གཉིས་ཤོར་ཞིང། །ཡེ་ཤེས་བདེ་བ་གསང་བ་ཡི། །ཐིག་ལེ་སྙིང་པོ་གསང་བར་གནས། །གཉིས་ཤོར་གཉིས་མཉམ་དུས་སུ་ནི། །ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། མཚན་ཉིད ་བྲལ་བའི་སྐད་ཅིག་མ། །རབ་རྫོགས་དགའ་བྲལ་རྣམ་པར་ཉེད། རོ་མཉམ་རྡོ་རྗེ་མི་འགྱུར་བའོ། །དེ་ཉིད་ཆག་པ་རྣམ་དག་པ། །དྲི་མེད་ལུས་ངག་སེམས་དག་ནི། །འདམ་སྐྱེས་པདྨ་ལྟར་གསལ་འགྱུར། །ཕྱག་རྒྱ་གྲུབ་པའི་ལུས་རྣམས་ནི། །བགྲོད ་བས་འདོད་ཡོན་ལམ་དུ་འགྱུར། །ས་བོན་འོད་འབར་མཚོན་ཆ་དང། །སྔགས་ལྡན་ལྷ་མོ་ལྷ་སྦྱར་བ། །སྙིང་པོ་གསང་བ་ཆོ་ག་ཉིད། །འབད་པ་རྒྱུ་འབྲས་རྒྱས་གདབ་གྱུར། །འབྲས་བུ་རྣམས་དབྱེ་སྐད་ཅིག་མ། །ཕྱིན་ཅི་མ་ལོག་གསང་བ་ལས། ། ་ཐུགས་ཀ་ནས་ཕྱུང་ངེས་པར་སྤྲོ། །རྣམ་ཤེས་ཚར་བཅད་ཡེ་ཤེས་ཀྱིས། །ཕན་བྱེད་དངོས་འཛིན་ལས་དག་འགྱུར། །ཐབས་ཤེས་དབྱེ་བ་འཁོར་ལོ་ཡི། །རྩ་ཡི་ལམ་མཆོག་རྡོ་རྗེ་ཡི། །སྐྱིལ་ཀྲུང་གྱུར་པས་རབ་སྦྱོར་འགྲུབ། །ཅེས་པའི ་དོན་གྱིས་རབ་ཏུ་བྱེད་པས་ཡེ་ཤེས་བདེ་བ་ཆེན་པོ་རབ་ཏུ་ཐོབ་པ་ཌཱ་ཀི་བཛྲ་རྒྱ་མཚོ་ལས་གསུངས་པའི་དོན་གྱིས། ལམ་མྱུར་དུ་གཅོད་པ་ཕྱག་རྒྱ་ཆེན་པོའི་སྙིང་པོ་བླ་མེད་བསྟན་པའོ། །ལེའུའི་མཚན་ནི། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང། དགུག་པའི་ཆོ་ག་ནི་བདེ ་བ་ལམ་དུ་གྱུར་པ། ལུགས་སུ་འབྱུང་བ་དང། ལུགས་ལས་བཟློག་པའི་རིམ་པའི་སྐྱེ་ཚུལ། དེས་དབང་ཕྱུག་བརྒྱད་ལྡན་གྱི་གསང་བ་བསྟེན་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།བདེ་ཆེན་སྡོམ་པ་ལམ་དུ་བྱེད་པས་སྤྱོད་པ་གྲུབ་པས་རིགས་ལྡན ་ཐམས་ཅད་ས་གསུམ་པོར་ནི་དབང་དུ་བྱེད། །གང་དུ་དགུག་བྱེད་སྨིན་བསྲེག་སྦས་པའི་ལམ་ཉིད་དམ་ཚིག་ལྡན་པས་ངེས་འགྲུབ་འགྱུར། །འདིར་རིགས་ལྡན་གྱི་ཁྱད་པར་གྱི་མཚན་ཉིད་དང་སྤྱོད་པ་ཡོངས་སུ་ཤེས་པས་དབང་དུ་བྱ་བ་དང། དེ་ཁོ་ན་ཉིད་ཀྱི་མཆོད་པའི ་གསང་བ་བསྟན་པ་ལ། རྣལ་འབྱོར་པ་ལ་རྗེས་སུ་ཆགས་པར་འགྱུར་བ་མེད་པ་ནི། བརྟེན་པར་བྱ་བ་ལ་དབང་ཐོབ་པར་མི་འགྱུར་བས། དེ་ཉིད་ངེས་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ནི། ཕོ་ཉའི་ལམ་པས་ནི་ཕྱིའི་རིགས་ལྡན་དབང་དུ ་བྱ་བ་ལ་བརྟེན་འདོད་ཡོན་ལམ་དུ་ཁྱེར་བས་ཕྱག་རྒྱ་ཆེན་པོ་འཐོབ་པ་དང། རྣལ་འབྱོར་གྱི་ལམ་པས། དེ་ཁོ་ན་ཉིད་སྦས་པའི་དོན་གྱིས་རང་ལུས་ཐབས་ལམ་དུ་གྱུར་པས་ཡེ་ཤེས་གྲུབ་པ་བླ་ན་མེད་པ་བསྟན་པས། ཕྲིན་ལས་ཐམས་ཅད་ནང་གསང་བའི་རིགས་ལྡན་གྱིས ་གྲུབ་པར་བསྟན་པའོ། །ཚར་བཅད་གྲུབ་པའི་ཆོ་ག་སྟེ་ཞེས་པས། བདག་ལ་མངོན་པར་མི་ཕྱོགས་པ་ལ། རྫས་དང་འཁྲུལ་འཁོར་གྱི་སྦྱོར་བ་དང། སྔགས་དང་བསམ་གཏན་ནུས་པ་དྲག་ཏུ་དམིགས་པས་སོ། །རྗེས་སུ་འཛིན་པ་ནི་སྔགས་དང་རྫས་ཙམ་གྱིས་འགྲུབ ་པའོ། །གྲོལ་ལམ་བས་ཆོ་ག་ནི་ཁོ་ན་ཉིད་ལྔ་ལྡན་གྱི་རིམ་པ་སྟེ། བདག་གི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་པའི་ལུས་སྐུ་གསུམ་ལས་བྱུང་བའི་རྩ་ཡི་གེ་ཐིག་ལེ་རླུང་གི་ཕྲ་རགས་སྤྱི་དང་བྱེ་བྲག་རྟོགས་པའོ། །ལྷའི་དེ་ཁོ་ན་ཉིད་རང་ལུས་གདོང་མ་ནས་དཀྱིལ་འཁོར་ཡོངས་རྫོགས ་སུ་ཤེས་པས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེའི་རྩ་བ་ཨེ་བཾ་ལས་གྲུབ་ཚུལ་བསྟན་པ་ཕྱི་མོ་བརྒྱད་དང་ཨཱ་ལི་ཀཱ་ལིའི་ཚུལ་ལོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་དེ་ནི། ཕྱག་རྒྱ་འཆིང་བ་དང་འགྲོལ་བ་བརྡའི་བྱེ་བྲག་གིས་རྟོགས་པར་གྱུར་པའི། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། ་གནས་ལུགས་དང། རྟོག་པ་ཐབས་ཀྱི་ཡེ་ཤེས་དང། ཐོབ་པ་དབང་གི་ཡེ་ཤེས། གྲོལ་བ་རང་བྱུང་ཡེ་ཤེས། འབྲས་བུ་ཆོས་ཉིད་ཡེ་ཤེས་སོ། །ཕན་ཚུན་སྦྱར་བའི་གསང་སྔགས་ཏེ་ཞེས་པས་སྟེང་འོག་ཕྱོགས་བཅུ་ཐམས་ཅད་དུ་རྩའི་འཁོར་ལོ་ལ་གནས ་པའི་ལུས་ཀྱི་ནང་ཁོང་ནས་འབྱུང་བའི་རང་སྒྲ་ལམ་དུ་འགྱུར་བའོ། །དཀྱིལ་འཁོར་བའི་འབྱུང་གནས་ཐམས་ཅད་ཀྱི་བདག་ཉིད་གྲུབ་པའི་དབང་ཕྱུག་ཏུ་བསྟན་པའི་ཕྱིར། སངས་རྒྱས་མཁའ་འགྲོ་མ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་ཉིད་དེ་དེ་དང་གཅིག་ཏུ་སྦྱོར་བ ་དཔལ་ཧེ་རུ་ཀ་སྟེ། ཡང་ཡུམ་ཐབས་ཤེས་རབ་དབྱིངས་རིག་དབྱེར་མེད། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་དང་བསྡུ་བའི་དབང་ཕྱུག་ཕུན་སུམ་ཚོགས་པ་གསང་བ་མི་འགྱུར་བའོ། །དབང་དུ་བྱེད་པ་ལ་ཚོགས་ཀྱི་ཞལ་ཟས་སྦྱར་བའི་བྱེ་བྲག་དང། ་འདོད་འཇོ་བའི་འོ་མའི་རྫས་ལ་བརྟེན་པ་དང། ཁུར་བ་བོ་ལའི་སྦྱོར་བས་བྱ་བ་དང། བྱུག་པའི་སྦྱོར་བས་བྱ་བ་དང། སྦྱིན་སྲེག་གི་དབང་དུ་བྱ་བ་དང། དུས་ཐུང་དུས་གྲུབ་པ་དང། ཤིན་ཏུ་གསང་བ་རྙེད་དཀའ་བར་གདམས་པ་དང། གང་ཟག་དམན་པས ་ཀྱང་གྲུབ་པར་བསྟན་པའོ། །ལེའུའི་མཚན་ནི་ནང་གི་བདག་ཉིད་དབང་དུ་བྱ་བའི་ཁྱད་པར་དུ་བྱས་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ལ་གོང་དུ་ཕྱི་ནང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་བསྟན་ནས་ད་ནི་དེ་ནས་ཤེས་སྨོས་ཏེ། ལེའུ་འདིས་ཁྱད་པར་ ་དུ་རིགས་ལྡན་མཆོད་པ་སྔོན་དུ་འགྲོ་བས་སྤྱོད་པ་གསང་བ་ཉིད་ལས། དམ་ཚིག་དང་འགལ་བའི་ལས་སྤང་བྱ་མི་མཐུན་ཕྱོགས་དགག་པ་སྟོན་པ་ཉིད་ལས། བརྡ་དང་མཁའ་འགྲོ་མའི་ཞེས་པ་ཕོ་ཉའི་བྱེ་བྲག་གོ་།རིགས་ལྡན་ངོས་གཟུང་བའི ་ཁྱད་པར་ལུས་ཀྱི་མཚན་ཉིད་དང་ངག་བརྡ་དང་ཡན་ལག་གི་བརྡ་བྱ་བས་སོ། དཔའ་བོའི་ཡན་ལག་ནི་གསང་སྤྱོད་ཀྱི་དབྱེ་བ་ནི། ཨ་བ་དྷཱུ་ཏཱི་པ་དང། བྷུ་སུ་ཀུ་ལྟར་དང། སྨོན་པ་ལྟ་བུར་སྤྱོད་པ་ལས། དེ་བཞིན་དུ་ནི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད ་དུས་དང་འབྲེལ་པ་ཅན་གྱིས་འགྲུབ་པར་འགྱུར་བ་སྟེ། མཆོག་བསྒྲུབ་པའི་དོན་དུ་བསྟན་པའོ། །དེ་ལ་བསྲུང་བའི་དམ་ཚིག་ལས་འཕྲོས་པ་ཅན་ཏེ། གསང་བ་ཉེ་བར་གདམས་པ། མ་བསྲུངས་པའི་ཉེས་པ་དགག་པར་བྱ་བ་ལ། དཔའ་བོའི ་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། དེའི་དོན་ནི། གསང་བའི་བརྡ་དང་སྤྱོད་པའི་ཁྱད་པར་དག་ལས་དམ་ཚིག་སྡོམ་པ་ཡང་དག་གྲུབ་སྟེ་དཔལ་ལྡན་མཁའ་འགྲོ་ཡི། །དགག་དང་བསྒྲུབ་ཕྱོགས་གནས་བཅས་ཕན་ཡོན་མཐོང་ཞིང་རྣམ་དག་གནས་སུ་རྣལ ་འབྱོར་རོལ་པ་ཉིད་འཐོབ་འགྱུར།། །།དེ་དག་ལྷན་སྐྱེས་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན་ཞེས་པས། དཔལ་འཁོར་ལོ་སྡོམ་པའི་ལམ་འདིའི་གསང་བ་བདེ་བ་ཆེན་པོ་མཆོག་གི་ལམ་ཉམས་སུ་ལེན་པ་དེ་དགྲ་ལམ ་ཐམས་ཅད་མྱུར་དུ་མཆོད་པར་འགྱུར་བའི་དོན་ཏོ། །ལེའུ་སུམ་ཅུ་རྩ་བརྒྱད་པའོ།། །།འདིར་དངོས་གྲུབ་ཉེ་བའི་རྟགས་ཅུང་ཟད་འབྱུང་བ་ལ། ལེའུ་དང་པོ་ལས། མཆོག་དང་འབྲིང་དང་ཐ་མ་སྟེ། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། ་ཅེས་པའི་དོན་བསྟན་པའི་ཕྱིར། །དེ་ནས་སྒྲུབ་པོས་རྣལ་འབྱོར་ཆེ་ཞེས་སྨོས་ཏེ། རྣལ་འབྱོར་ཏེ་ཚོགས་ལམ་ཆུང་ངུ་དང། རྗེས་སུ་རྣལ་འབྱོར་ཏེ། ཡང་དག་སྤོང་བ་ཤིན་ཏུ་རྣལ་འབྱོར་རྫུ་འཕྲུལ་རྐང་པའི་ནུས་པ་འཕེལ་བས། །རྣལ་འབྱོར་ཆེན་པོ་སྦྱོར ་ལམ་དུ་ལྷག་པའི་དཀྱིལ་འཁོར་དུ་ཕོ་ཉ་ལྷན་ཅིག་སྐྱེས་པ་འམ། ཞིང་སྐྱེས་ཀྱི་ལྷ་ཚོགས་ཀྱིས་དངོས་གྲུབ་སྟེར་བའི་རྟགས་འཆར་བ་ལ་ཚོགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་ཆེན་པོ་བྱ་བ་སྟེ། དེའི་དུས་སུ་དང་པོ་དྲི་ཡིད་དུ་མི ་འོང་བ་དང་ཡིད་དུ་འོང་བ་དུ་མ་འབྱུང་བ་དང། དེ་ནས་སྒྲའི་ཚོགས་སྣ་ཚོགས་པ་དུ་མ་གྲག་ཅིང། མཐར་གཟུགས་སྡུག་པ་དང་མི་སྡུག་པ་སྣ་ཚོགས་འབྱུང་བའི་ཚེ། པདྨ་གར་སྐོར་ཕྱག་རྒྱ་དང། གསང་སྔགས་ཡིད་ཀྱིས་བརྗོད་པ། ཏིང་ངེ་འཛིན་མི་འགྱུར་བའི་ངང ་ལས། ལྷའི་འཁོར་ལོ་གསལ་བའི་སྔགས་ཀྱི་རྣམ་པ་བརྒྱད་དུ་བཀོད་པ་ཡེ་ཤེས་ཀྱི་གང་མོ་ཟིལ་ནོན་རྡོ་རྗེ་རྐང་པ་བརྒྱད་པ་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་ལྡན་པས་བལྟ་བར་བྱའོ། །བཞད་པ་རྣམ་པ་བཞི་བོས་རྒོད་ནི་རང་ཧེ་རུ་ཀ་ཞལ་བཞི་པའི་ཉམས་ཀྱིས་སྔགས ་དང་ལྟ་སྟངས་ཀྱིས་སང་པའོ། །དེའི་དུས་སུ་ཡང་གཟུགས་མི་སྣང་བའི་སྒྲ་སྒྲོགས་པ་གལ་ཏེ་བྱུང་བར་འགྱུར་བ་ནི་འཇིགས་པའི་སྒྲ་ནི་རྣམ་མང་པོ་ནི་ཕྱི་དང་ནང་གི་ལས། རྩ་གནས་ཀྱི་ཡི་གེ་དང་རླུང་ཕྲད་པ་ལས་འབྱུང་བ་བཞིའི་ཚ་གྲང་ལས་གྱུར་པ་དང། ཉམས ་མྱུལ་བའི་ཌཱ་ཀིའི་བྱེད་པའི་ཁྱད་པར་རྟོགས་པར་བྱ་བའོ། །ཡང་རྣལ་འབྱོར་མའི་ཚོགས་མི་ཟད་པ་དུ་མའི་མཁའ་འགྲོ་མ་རྣམས་ཀྱིས་འཇིགས་བྱེད་ཅུང་ཟད་བསྡིགས་པར་བྱེད་པ་ལ་རྗེ་བཙུན་མའི་ང་རྒྱལ་གྱིས་རྐང་པ་བརྒྱད་པ་རྩ་བའི་སྔགས་བརྗོད་པར་བྱའོ། །དེར ་ལྷག་པའི་ལྷའི་སྐུ་མཐོང་བས་བདུད་ཀྱི་བར་ཆད་ཀྱིས་གླགས་མི་རྙེད་ལ། རྣལ་འབྱོར་པ་ཉིད་གལ་ཏེ་སྐྲག་ན་མི་སྣང་བར་འགྱུར་བའོ། །དེ་ནས་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་འདིའི་དུས་ཁྱད་པར་ཅན་ལ་ཡང་དག་མཐོང་བས་དེ་ཉིད་དུ་དངོས་གྲུབ་མཆོག ་གསོལ་བར་གྱུར་པར་གདོན་མི་ཟ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་བའོ། །ཡང་ན་རིགས་ལྡན་པད་ཅན་མ་ལྟ་བུ་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་གསང་བ་ཐབས་ཤེས་རབ་ལྷའི་ང་རྒྱལ་གྱིས་སྙོམས་པའི་ཚེ། བཞད་པ་བཞི་ནི་དགའ་ ་བ་བཞི་ཉམས་སུ་མྱོང་བ་ལས། བྱང་སེམས་གྱེན་དུ་བཟློག་པ་ལུས་ཀྱི་འཁྲུལ་འཁོར་རླུང་གནད་སྔགས་ཀྱི་རྣམ་པ་འདྲེན་པའི་ཡི་གེས་རྩ་གནས་སུ་དགྲམ་པར་བྱ་བ་བརྒྱད་དུ་དགོང་ཅེས་པ་ཡན་ལག་དང་སྤྱིར་བོར་ཧཾ་ལ་བསྟིམ་པའོ། །དེ་ཡང་དགའ་བ་བཞི་ལ ་དུས་སྐད་ཅིག་མ་བཞི་དང་ལྡན་པས་ཀྱང་བརྒྱད་ཉིད་དེ་ཐིག་ལེ་བཅུ་དྲུག་ལས། བདེ་བ་ཆེན་པོའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའོ། །དེ་ཡང་ཐབས་ཤེས་རབ་གཉིས་ཀ་ལ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་དུས་སུ་ཐིག་ལེ་གནས་ནས་ཅུང་ཟད་གཡོ་བས ་འཇིགས་པ་མི་ཟད་ཅིང། རྔམ་ཞིང་དབུགས་རྒོད་པ་ལ་སོགས་པ་རྣམ་འགྱུར་འབྱུང་ལ། གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མའི་དུས་སུ་བདེ་བ་ཆེར་འཕེལ་བ་ལུས་ཀྱི་གནས་ཉི་ཤུ་རྩ་བཞིའི་ཐིག་ལེ་དབུ་མར་འདུ་བ་ལས་དངོས་གྲུབ་ཡེ་ཤེས་སྩོལ་བར་འགྱུར་བ ་ལས་ཐིག་ལེ་རྡོ་རྗེ་བུམ་པ་ནས་གཉིས་ཤོར་གཉིས་གནས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བདེ་སྟོང་གཉིས་སྡེ་ཐོབ་པར་གདོན་མི་ཟ་བ་ཉིད་དོ། །དེ་ལས་ཐ་མལ་པའི་རྟོག་པ་ཐམས་ཅད་སྐྲག་ཅིང་རྣམ་པར་བྱེད་པར་གྱུར་པ་རྣམ་པར་ཉེད་པའི་སྐད་ཅིག་མ་དགའ་བྲལ་དུ་གྱུར་པའོ།། ་རང་གི་གནས་ནི་རྩ་ཀུན་དང་དུ་ཀུན་རྫོབ་ཀུན་ད་ལས་དོན་དམ་བདེ་བ་ཅན་ཡེ་ཤེས་རང་འབྱུང་མི་འགྱུར་བ་ཐོབ་པའི་དོན་གྱིས་གསང་བའི་མཁའ་སྤྱོད་ཐོབ་པས་ཟུང་འཇུག་རབ་ཏུ་མི་གནས་པ་མངོན་དུ་གྱུར་པའོ། །ལེའུའི་མཚན་ནི་ཧ་ཧ་ཞེས་རྒོད་པ་སྟོན་པ་ནི། དབང ་ཕྱུག་བརྒྱད་དང་ལྡན་པ། བདེ་ཆེན་གསང་བ་མཉམ་པ་ཉིད་ཡེ་ཤེས་ཀྱི་གནས་བསྟན་པའི་ལེའུ་སུམ་ཅུ་རྩ་དགུ་པ་རྣམ་པར་བཤད་པའོ།། །།དེ་ཡང་གོང་དུ་ལེའུ་སུམ་ཅུ་སོ་བདུན་པར་རིགས་ལྡན་མ་དབང་དུ་བྱ་བ་བསྟན་ཅིང། འདི་ནས་འཇིག་རྟེན ་གྱི་ཡུལ་དང་སའི་བདག་པོ་ལ་སོགས་པ་དབང་དུ་བྱས་པ་བསྟན་པ་ལ། དེ་ནས་ཞེས་སྨྲོས་ཏེ། གང་དག་བསྟན་པ་རྒྱས་ཤིང་སྐྱོང་བར་བྱ་བའི་ཐབས་ད་ནི་བཤད་བྱ་བ་ནི། རྣལ་འབྱོར་ཆེ་གར་གནས་པས། དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་ཆུ་བོ ་མེ་ཡིས་ཕྱེ་བའི་ལྷ་ཚོགས་ཀྱིས། །ཐམས་ཅད་དབང་བྱེད་འཁོར་ལོ་སྦྱིན་སྲེག་ཕྱི་ནང་དག་གིས་སྐལ་ལྡན་ཡོན་ཏན་དབང་ཕྱུག་འགྱུར་བ་ཉིད། ཅེས་པའི་དོན་ཏེ། གང་གིས་མི་རྣམས་དབང་དུ་འགྱུར་བ་ཕྱི་ནང་དེ་ཉིད་བྱ་བ་ལས་ཚོགས་རབ་འབྱམ། རྫས་དང་སྔགས་དང ་འཁྲུལ་འཁོར་ཐབས་ཀྱི་དབྱེ་བས། ཐབས་ཁུང་དང། ཡམ་ཤིང། བསམ་གཏན་གྱི་ཁྱད་པར། དགང་གཟར་བླུགས་གཟར་གྱི་བྱེ་བྲག་དང། མེ་ལྷ་ཇི་ལྟར་མཆོད་པས་འཇིག་རྟེན་པའི་ལྷ་མཉེས་པར་བྱ་ཞིང། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བ་མཆོད ་པའི་ཚུལ་གྱིས། དེ་དག་གི་ཕན་ཡོན་འབྱུང་བ་རྟོགས་པར་བྱ་བའོ། །རྣལ་འབྱོར་སྔགས་ཀྱི་ཆོ་གར་གནས་པ་ནི། རིམ་པ་གཉིས་ལ་གནས་པའི་ནུས་པ་བརྟག་པ་ལས། ལྷའི་རྣལ་འབྱོར་གྱི་དུས་དང། གྲངས་མཚན་མ་མཐོང་ཞིང། དེ་ཁོ་ན་ཉིད ་དུ་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པས། བསམ་གཏན་ལ་དབང་སྒྱུར་བས། ཆོས་ཅན་དང་ཆོས་ཉིད་ཐ་དད་པའི་གཉིས་འཛིན་རྣམ་པར་དག་པ་ཉིད་ཀྱིས་ཡུལ་སྣང་དབང་དུ་བྱེད་པ་འགྲོ་ལྡོག་ནུས་པའི་བྱེ་བ་ལ་རག་ལས་པ་ཉིད་དོ། །འཇིག་རྟེན་གྱི་དབང་ཕྱུག་ཉིད ་དང་འཇིག་རྟེན་ལས་འདས་པའི་ས་ལ་གནས་པ་གང་ཡིན་པ་ནི་འགྲོ་བ་དང། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཕྲིན་ལས་སོ། །དཔའ་བོ་ཟླ་བས་ཞེས་ཐུན་མོང་དུ་རྩ་སྔགས་སྙིང་པོ་ཉེ་སྙིང་གིས་གྲུབ་པའོ། །ཁྱད་པར་དུ་ནི་རྣལ་འབྱོར་གྱི་ལམ་པས་ཟླ་བ་བྱ་བ་སེམས ་ཡོངས་སུ་འཕེལ་བ་ལས་ཡོན་ཏན་དུ་མ་འགྲུབ་པར་འགྱུར་བ་ཉིད་བསྟན་པའོ། །ཐབ་གདང་ལྡན་པས་སྲེག་རྫས་ཀྱི། དུས་ཀྱི་ཁྱད་པར་འགྲོ་བ་དང་གང་གིས་རིགས་ལ་གྲངས་ཀྱི་རིམ་པ་ལས། རྣམ་ཤེས་ཡེ་ཤེས་ལས་ཀྱི་གྲུབ་པ་བསྟན་པའོ། །ལེའུའི་མཚན་ལས ་རིགས་ལྔ་པོ་དབང་དུ་བྱ་བ་ནི། བྲམ་ཟེ། རྒྱལ་རིགས། རྗེའུ། བློན་པོ། རྒྱལ་ཕྲན། དམང་རིགས་རྣམས་སོ། །ཕྱག་རྒྱ་ཆེན་པོ་བསྟན་པ་ནི། འགྲོ་བ་གདུལ་བྱ་དེ་དག་ལ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པའོ། །ལེའུ་བཞི་བཅུ་པའོ།། །། ་དེ་ནས་གྲུབ་པའི་ཁྱད་པར་རྣམ་ཤེས་ལས་དང་ཡེ་ཤེས་དག་གི་ལས་ཏེ་གསང་བ་འཇིག་རྟེན་དང། བདེན་པ་མངོན་བྱས་ཡེ་ཤེས་ལ་སྟེ་དཔག་མེད་ནུས་པ་རྫུ་འཕྲུལ་ཚད་མེད་རྣམས་འབྱུང་ཞིང། །རྣམ་ཤེས་ཆོ་འཕྲུལ་བཀོད་པར་ཉི་ཚེ་བ་ཡིན་རབ ་འབྱམ་ཟད་པར་ཟིལ་གནོན་དེ་ལས་དབེན་པར་གྱུར་པ་ཉིད། །ལས་ཆེན་བཅུ་གཉིས་འདི་དག་རེ་རེ་ལ་ཡང་ལག་པ་ཟླ་བ་དག་གིས་ཀླུ་དང་རིག་བྱེད་དུ་འགྱུར་འཁྲུལ་འཁོར་གསང་བའོ། །གྲུབ་བྱེད་གཉིས་དང་ལྷན་ཅིག་སྤྱོད་པའི་རིགས་ལྡན་ཕོ་ཉ་རིག་མའི་སྐྱེས་བུ་མངོན་གྲུབ ་བྱེད། །ཅེས་པའི་དོན་གྱིས། དེ་ཡང་གནས་སྐབས་དང་མཐར་ཐུག་གི་ཕྱི་ལ་མཆོག་ཏུ་གཞོལ་བ་དང་ནང་ལ་མཆོག་ཏུ་གཞོལ་བས་རབ་མཆོག་ནི་ལས་རབ་འབྱམ་དུ་མ་བསྡུས་པའོ། །སྒྲུབ་པ་པོ་གང་གིས་ཐབས་དང་ཐབས་ལས་འབྱུང་བའི་རིམ་པ་ཤེས་ནས་རྣལ ་འབྱོར་མ་ཡིས་གྲུབ་པ་རབ་ཏུ་སྟེར་བས་ངེས་པ་ཉིད་འགྲུབ་པར་འགྱུར་བའོ། །དེས་མདོར་བསྟན་ནས་རྒྱས་པར་བཤད་པ་ལ། །དབང་ནི་རྒྱལ་པོ་བློན་པོ་བྲམ་ཟེ་ལ་སོགས་པའོ། །དགུག་པ་ནི་ཕོ་ཉ་རིགས་ལྡན་ནོ། །དབྱེ་བ་ནི་མཛའ་སྡེ་འབྱེད་པའོ། །གསང་བ་བླ་མ ་ལ་སྡང་བ་དང་རྡོ་རྗེ་ཐེག་པ་ལ་སྨོད་པ་རྣམས་ལའོ། །བསྐྲད་པ་ནི་ཡུལ་ཕྱོགས་གཞན་དུའོ། །ལ་སོགས་ནི་ཞི་བ་དང་རྒྱས་པ་བསྡུས་པས་སོ། །རྨུགས་པ་ནི་མི་ཤེས་པར་གྱུར་པའོ། །རེངས་པར་བྱེད་པ་ནི་ལུས་ཤིང་ལྟར་གྱུར་པ། རྨོངས་པ་ནི་མ་རིག་པའི ་ངང་དུ་བརྒྱལ་བར་གྱུར་པ་སྟེ། ཕུར་བུས་གདབ་པ་ནི་དེ་དག་ཀུན་ལ་ཡང་ཁྱབ་ཅིང། ཡང་ན་དཔུང་ནོན་པར་བྱ་བའོ། །རྩོད་པར་སྨྲ་བ་ནི་ཚིག་འཕྲོག་པ་ངག་གི་ནུས་པ་མནན་པས་ནི་ལྐུགས་པར་གྱུར་པ་ཕ་རོལ་པོའི་ངག་གི་བདེན་པའི་སྟོབས་ཉམས་པར་བྱེད་པའོ། །འོན ་དང་ནི་རྣ་བའི་སྒྲ་འགོག་པ། དེ་བཞིན་མིག་ཉམས་པར་བྱེད་པ་མཐོང་བ་འགོག་པའོ། །མ་ནིང་ཉིད་དུ་བྱ་བ་ནི་ལུས་ཀྱི་ཆ་ཤས་ཉམས་པར་བྱེད་པ་ཅན་ནོ། །གཟུགས་ནི་ཡོངས་སུ་འགྱུར་བ་རྐང་བཞི་དང་རྐང་གཉིས་སུ་འགྱུར་བ་དང། འདབ་ཆགས་དུ་མར་བྱ་བ ་ལ་སོགས་པའོ། །ལས་ཆེན་བཅུ་གཉིས་འདི་དག་ནི་སྔར་གོང་དུ་བསྟན་པའི་ཕྲིན་ལས་བསྡུས་པ་ཉིད་དོ། །དངོས་གྲུབ་སྒྲུབ་པ་པོ་ལ་ནི་ཞེས་བསམ་གཏན་གྱི་བྱེད་པས་མྱུར་དུ་མངོན་དུ་བྱེད་པ་སྟེ། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ཅིང་རྫོགས་པའི་རིམ་པ་ལ་རྟགས་འགའ་འཐོན་པས ་ནི་དྲན་པས་འགྲུབ་འགྱུར་གདོན་མི་ཟ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་སྐད་ཅིག་རེ་རེས་གྲུབ་པའི་དོན་ལ་ཐེ་ཚོམ་མེད་པར་འགྲུབ་པར་བྱེད་ཅེས་པའོ། །ད་ནི་རིགས་ལྡན་གྱི་རྣལ་འབྱོར་མ་དག་གིས་རྣལ་འབྱོར་པ་ལ་གསང་བ་གྲུབ་པ་སྟོན་པར་བྱེད་པ་ནི། ཞིང་སྐྱེས་ཀྱི་མཁའ་ ་འགྲོ་ཀུན་ཏུ་སྤྱོད་པས་གནས་པ་ནི། མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ་ཅེས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དམ་ཚིག་ཡེ་ཤེས་ལ་གནས་པས་ཕྱོགས་བཅུ་ཀུན་ཏུ་རོལ་པར་མཛད་པའོ། །གང་ཟག་སྐལ་བར་ལྡན་པ་ལ་བྱིན་གྱིས་བརླབ་པར་འགྱུར་བ་ནི། ཤར ་དང་བྱང་གི་གནས་ལ་སོགས་ཤེས་པ་དཀྱིལ་འཁོར་གྱི་རྣམ་པར་གནས་པའི་ཕྱི་ནང་ཀུན་ཏུ་སྟེ། གང་དུ་སྤྱོད་པའི་དུས་ལ་བབ་པའི་ཚེ། ཡེ་ཤེས་ལྡན་པའི་རང་སྐྱེས་གནས་ནི་བསོད་ནམས་དང། ཡེ་ཤེས་ལས་གྲུབ་པ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་བྲམ་ཟེ ་ལ་སོགས་པའི་ཚུལ་ལ་གནས་ནས་ཀུན་ཏུ་སྤྱོད་པའོ། །ཡུལ་དང་ནི་ཞིང་སྐྱེས་མ་རྣམས་སོ། །ཡུལ་དུ་ནི་ཡུལ་དབུས་ལ་སོགས་པར་སྔགས་སྐྱེས་མ་དུས་ཚིགས་ཁྱད་པར་ཅན་ལ་སྐྱེས་པ་རིགས་ཀྱི་རྟགས་མཚན་མངོན་པར་འཆར་བ་ཅན་ནོ། །དེ་ཡང་དཔལ་ཧེ་རུ་ཀའི་གནས་བཅུ ་བསྡུས་པ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བཞུགས་ལ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་དུ་ནི་དམ་ཚིག་གི་མཁའ་འགྲོ་རྣམས་བཞུགས་པ་ངེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ལས་གྲུབ་པའི་རྡོ་རྗེ་སྟོབས་ལྡན་མི་ཤིགས་པའི་གནས་ཉིད་དེ་རྡོ་རྗེའི་དཀྱིལ ་འཁོར་ནི་འཁོར་ལོ་ལྔ་ལྡན་དཀྱིལ་འཁོར་སྒོ་བཞི་རྟ་བབས་ལ་སོགས་པ་དང་ལྡན་པའོ། །དེའི་དབུས་ཀྱི་དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི་གཙོ་མོས་རྡོ་རྗེ་རྣལ་འབྱོར་མ་ཡིན་ཞེས་འཁོར་བཞི་དང་བཅས་པ་ཉིད་དོ། །དེ་ནི་མཁའ་འགྲོ་མ་རུ་བཤད་ཅེས་ལྷའི་རྣལ་འབྱོར་དུ་ལུས ་ཀྱི་དཀྱིལ་འཁོར་དུ་དེ་ཁོ་ན་ཉིད་དང་ནང་གི་མཆོད་པས་སོ། །རྫོགས་པར་རྩ་དང་ཡི་གེ་བྱང་སེམས་ལས། བྱང་ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་དུ་ཐབས་ཤེས་རབ་གཉིས་མེད་བདེ་ཆེན་ཡེ་ཤེས་ཀྱི་མཆོད་པར་བྱ་བའོ། །ད་ནི་ཕྱི་དང་ནང་གི་ཡུལ་ཉི་ཤུ་རྩ་བཞི ་ངོས་གཟུང་བ་རིམ་པ་མ་ཡིན་པར་བསྟན་པའི་ཕྱིར། སྐུའི་འཁོར་ལོ་ནས་བརྩམས་ཏེ་བསྟན་པ་ཀུ་ལུ་ཏཱ་དང་ཞེས་སྨོས་ཏེ། དགོན་པ་ནི་མ་རུ་སྟེ་མྱ་དམ་གྱི་ཤང་ངོ། །དེས་དུར་ཁྲོད་དོ། །སིནདྷུའི་ཡུལ་དང་གྲོང་ཁྱེར་ནི། ན་གར་སྟེ་དུར་ཁྲོད་ཅེས་བྱའོ། །གསེར་གྱི ་གླིང་ནི། སུ་ཝརྞ་ཏྭི་སྟེ། སཽ་རཥྚ་ནི་ཉེ་བའི་འདུས་ས་འོ། །དེ་བཞིན་ལྷའི་ཁྱིམ་ནི་གྲི་ཧ་དེ་བ་ཏའོ། །འབྱུང་པོའི་གྲོང་ནི་འདུས་ཞེས་བྱ་བའོ། །གསུང་གི་འཁོར་ལོ་བསྟན་པ་ནི། ཁ་བའི་གནས་ནི་ཧི་མཱ་ལ་ཡ། ཀལཙི་ནི་ཉེ་བའི་ཚནདོ་ཧ། ལམཔཱ་ཀའི་ཡུལ་དང ་ཀ་ལཾ་ག་ནི་ཚནདོ་ཧའོ། །ཀོ་ས་ལེ་དང་ཏྲི་ཤ་ཀུ་ནེ་ནི་ཉེ་བའི་ཞིང། ཨོ་ཊེ་དང་ཀཱ་མ་རཱུ་པ་ནི་ཞིང་ཞེས་བྱའོ། །ཐུགས་ཀྱི་འཁོར་ལོ་བསྟན་པ་ནི། མཱ་ལ་བ་དང་ལྷ་མོ་ཁར་ནི་དེ་བི་ཀོ་ཊ་སྟེ། རཱ་མེ་ཤྭ་རི་ནི་དབང་ཕྱུག་གོ་དཱ་བ་རི་ནི་ཉེ་བའི་གནས་ཞེས་བྱའོ། །རྦུ་ད་དང ་ཨུཌཡན། ཛཱ་ལན་དྷར་ནི་དང། པཱུལླཱིར་མཱ་ལ་ཡ་ནི་གནས་ཞེས་བྱ་བའོ། །དེ་ལ་སོགས་ཁོངས་སུ་བསྡུ་བ་ནི། ཨའུ་ལ་ཐཱ་དང་པི་ལ་ཐཱ་སྟེ། གནས་བརྒྱད་དུ་དམ་ཚིག་གི་ལྷ་མོ་རྣམས་བཞུགས་པ་སྟེ། ཡུལ་སུམ་ཅུ་སོ་གཉིས་པོ་ཀུན་ཏུ་རོལ་པ ་སྟོན་པའོ། །དེ་དག་ལ་རྒྱ་འདེབས་པའི་རྣལ་འབྱོར་མ་རྣམས་གང་ཞེ་ན། གཟུགས་ཅན་འོ་བྱེད་ལཱ་མ་དང། ཡོངས་བསྒྱུར་མ་དང་བྱིས་བཅས་མོ། །ཕྱིར་མི་ལྡོག་པ་ཨེ་ཧི་ཀ། རྡོ་རྗེ་མ་ཉིད་བརྒྱད་དུ་དྲན། །དང་པོ་རྒྱས་འདེབ་ཕྱག་རྒྱ་སྟེ། གཉིས ་པ་སྙིང་ནས་འགུག་བྱེད་མ། །གསུམ་པ་རྨོངས་བྱེད་ཕོ་ཉ་མ། །བཞི་པ་དེ་ཉིད་སློང་བྱེད་མ། །ལྔ་པ་བཞད་པའི་ཕྱག་རྒྱ་སྟེ། །དེ་ཉིད་རིགས་ལྡན་མ་ཡིན་ཏེ། །དྲུག་པ་གསོང་བྱེད་མ་རུ་འགྱུར། །བདུན་པ་ཟ་བྱེད་དཔའ་མོ་ཆེ། །བརྒྱད་པ་ངེས་པར ་སྡུད་བྱེད་དོ། །གཤིན་རྗེ་སྐྲག་བྱེད་དྲག་མོ་དང། །གཏུམ་མོ་དང་ནི་ཚེ་ཟན་མ། །བྷ་སུ་ར་དང་ཀ་ན་ནི། །བསྡུས་མ་ཕག་མོ་བརྒྱད་དུ་འདོད། །ཅེས་རྣལ་འབྱོར་མ་བཞི་རྒྱུད་ལས་གསུངས་པའི་དོན་ཏོ། །དེ་ཡང་ཁྱད་པར་དུ་མིའི་འགྲོ་བ་སྐྱེ་གནས་འཛིན་པར་མཛད་པའི་ཚུལ་སྟོན ་པ་ནི། ཡུལ་འདི་རྣམས་ཀྱི་བུ་མོ་གང་ཞེས་སྤྱི་དང་བྱེ་བྲག་ཏུ་འགྲོ་བའི་དོན་དུ་བཞུགས་པས་དངོས་གྲུབ་སྩོལ་བར་བྱེད་པའོ། །དཔའ་བོ་ཁཎ་ཌ་ཀ་པཱ་ལ་ལ་སོགས་པ་དང་གཉིས་མེད་རྣལ་འབྱོར་མ་ཞེས་རང་བཞིན་གྱི་བྱང་ཆུབ་སེམས་ཀྱི་ངང་ལས་ཐུགས་རྗེས་དུས་རྒྱུན་ཏུ ་གཟིགས་པར་མཛད་པའོ། །དེ་ཀུན་ནི་ལྷན་ཅིག་སྐྱེས་མ་རྣམས་སོ། །འདོད་པའི་ཁམས་ཀྱི་ལྷ་དང་མིའི་གཟུགས་ཅན་ཏེ། ཞེན་པ་མེད་ཀྱང་གཟུགས་སྒྲ་ལ་སོགས་པ་ལ་སྤྱོད་པ་ལྟར་སྣང་བ་ཡིན་ནོ། །ངོ་བོ་ཆོས་ཉིད་སྐྱེ་བ་མེད་པ་ཡེ་ཤེས་ཀྱི་སྐུ་ཡིན་ཡང་ཐུགས་བརྩེ ་བ་ཆེན་པོས་འགྲོ་བའི་དོན་ལ་འཇུག་པའི་ཕྱིར་ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན་ཞེས་གློག་འགྱུ་བ་ལྟར། ཐོགས་པ་མེད་པ་གདུལ་བྱའི་བསམ་པའི་དབང་གིས་འཇུག་ཀྱང། རང་བཞིན་རྣམ་པར་མི་རྟོག་པའི་ངང་ལས་གཡོས་པ་མེད་ཅེས་པའི་དོན་ཏོ། །དེ་ནི ་སྐུའི་འཁོར་ལོ་ས་འོག་སྤྱོད་དང། གསུང་གི་འཁོར་ལོ་ས་སྤྱོད་དང། ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་རྣམས་ནི་མཁའ་འགྲོ་དྲུག་གིས་ཡོངས་སུ་བསྡུས་ཤིང་རྒྱས་བཏབ་པ་ནི། རྣལ་འབྱོར་མ་དྲུག་ནི། ལཱ་མ་དང། གཟུགས་ཅན་མ་དང། བྱིས་བཅས་མ་དང། ་ཡོངས་སུ་བསྒྱུར་མ་དང། ཨེ་ཧི་ཀ་དང། མི་ལྡོག་མ་རྣམས་སོ། །དེ་ཡང་བྱེ་བྲག་སོ་སོར་བསྟན་པ་ལ། ཀུ་ལུ་ཏཱ་དེ་ཉིད་ན་ལྷ་མོ་མཧཱ་བཱིརྱ་བཞུགས་པའོ། །མྱ་དམ་ཡུལ་ནི་མ་རོ་སྟེ་དེར་མ་མོ་རྣམས་ནི་དེ་ཉིད་རླུང་གི་ཕྱོགས་ཀྱི་ཙཀྲ་ཝརྟི་ནི་འོ། །སིན་དྷུའི་ཕུལ་ན་དེ ་ཉིད་བདེན་བྲལ་ཕྱོགས་ཀྱི་ལྷ་མོ་མཧཱ་པ་ལ་སྟེ། རིགས་ཀྱི་གཙོ་མོ་ནི་ཐུགས་རྗེ་སའི་བདག་ཉིད་ཅན། ན་ག་རར་དེ་ཉིད་དུ་ལྷ་མོ་ཤིན་དུ་དཔའ་མོ་མེའི་ཕྱོགས་སོ། །ལཱ་མ་སྟེ་ཞེས་དེ་ཉིད་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་འཁོར་ལོའི་མཚམས་མ་རྣམས་ལཱ་མ་ནགས་ཚལ་ ་མས་བསྡུས་ཞེས་པའོ། །ལམཔ་ཀ་ནི་སུ་ཝརྞ་དྲཱི་བ་སྟེ། དེ་ཉིད་འཆི་བདག་གི་ཕྱོགས་ཀྱི་ལྷ་མོ་ཙཀྲ་ཝརྨི་ཎིའོ། །སཽ་རཱཥྞ་ར་ནི་དེར་ཆུ་བདག་ཕྱོགས་ཀྱི་ལྷ་མོ་ཤཽཎྜི་ནིའོ། །རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ། །ཀ་དྱ་ཆེ་ནི་གྲིཧ་དེ་བ་ཏཱ་སྟེ་དེར་ལྷ་མོ་ཁཎྜའོ་ཉི་མ་གནོད ་སྦྱིན་ཕྱོགས་ནའོ། །འབྱུང་པོའི་གྲོང་ནི་བྲེ་ཏ་པུ་རི་སྟེ་དེར་དབང་པོའི་ཕྱོགས་ཀྱི་ལྷ་མོ་ཙཀྲ་བེ་གེ་གནས་པ་སྟེ། མཁའ་འགྲོ་གཟུགས་ཅན་མ་དུང་བཅས་ནི་སྐུ་རྡོ་རྗེའི་རིགས་ཀྱི་ཕྱོགས་ཀྱི་ལྷ་མོ་དེ་རྣམས་རཱུ་པི་ཀ་རུ་སྟེ་གཟུགས་ཅན་མས་བསྡུས་པ་ཉིད་དོ། །ད་ནི་གསུང་རྡོ་རྗེའི ་འོད་དཔག་མེད་ཀྱི་རིགས་ལས། ཧི་མཱ་ལ་ཡ་རི་བོ་ནི་འབྱུང་པོའི་ཕྱོགས་དེར་ལྷ་མོ་ཁ་ག་ན་ནེ་ཉིད་དོ། །ཀཉྩ་བྷ་ལི་ནི་ཀཉྩི་སྟེ་དེར་རིག་འཛིན་ཕྱོགས་སུ་ལྷ་མོ་ཧ་ཡ་ཀརྞ་ཉིད་དོ། །པཉྩ་ལིའི་ཡུལ་དག་ནི་དེར་བདེན་བྲལ་ཕྱོགས་སུ་ལྷ་མོ་སུ་བྷ་དྲེ་གནས་པའོ། །ཀ ་ལི་གིན་མེའི་ཕྱོགས་དེར་ལྷ་མོ་ཤྱཱ་མ་དི་ཝ་གནས་པ་ལས། བརྟུལ་ཞུགས་འཛིན་པ་ཁྱིམ་ལྷ་མོ་སྟེ་སྤྱོད་པ་བླ་ན་མེད་པ་ཅན་ནོ། །གསུང་གི་ཙཀྲའི་མཚམས་མ་བཞི་ནི་ལྷ་མོ་བྱིས་བཅས་མས་བསྡུ་བར་གྱུར་པས་ཏེ། དེ་ཉིད་ཁོ་ནའོ། །ཀོ་ས་ལ་ནི་ཡུལ་དེར ་གཤིན་རྗེའི་ཕྱོགས་སུ་ལྷ་མོ་སུ་ར་བྷཀྵི་གནས་པའོ། །ཤ་ཟན་མ་ནི་སྐྱེ་བ་བདུན་པའི་ཤ་ལ་ལོངས་སྤྱོད་པར་བྱེད་པ་ཉིད་དོ། །གྲུལ་བུམ་གྲོང་ནི་ཨོ་ཊའོ། །ཤ་ཆེན་མ་ནི་ལུས་ཡོངས་སུ་རྒྱས་པའོ། །རྡོ་རྗེ་མཁའ་འགྲོ་ནི་དེར་གནས་པའི་གནོད་སྦྱིན་ཕྱོགས་ཀྱི་ལྷ་མོ་མ ་ཧཱ་བྷཻ་ར་གཱི་ཡེའོ། །སྦོམ་དབང་ཕྱུག་ནི་ཡེ་ཤེས་ལ་དབང་སྒྱུར་བའོ། །ཀཱ་མ་རཱུ་པར་ཏེ་དེ་ནི་བརྒྱ་བྱིན་ཕྱོགས་ཀྱི་ལྷ་མོ་ཨེ་དཱ་བ་ཏིའོ། །ཏྲི་ཤ་ཀུ་ནེ་ནི་ཆུ་ལྷའི་ཕྱོགས་ཏེ་དེར་ལྷ་མོ་བཱ་ཡུ་བེ་ག་གནས་པ་སྟེ། །ཁཎྜ་རོ་ཧེ་ནི་ཡོངས་བསྒྱུར་མ་སྟེ་གསུང་གི་འཁོར་ལོའི ་ཕྱོགས་ཀྱི་ལྷ་མོ་དག་བསྡུས་པའོ། །འོད་དཔག་མེད་ཀྱིས་རྒྱས་གདབ་པ་ཉིད་དོ། །དེ་དག་ནི་རིམ་པ་ཅན་མ་ཡིན་པའི་སྒོ་ནས་མས་རིམ་གྱིས་བསྟན་ནས། ད་ནི་ཐུགས་ཀྱི་འཁོར་ལོའི་སྡུད་བྱ་སྡུད་བྱེད་དུ་བསྟན་པ་སྟེ། པུལླི་ར་མ་ལ་ཡ་ནི་དེ་བཞིན་ཉིད་བརྒྱ ་བྱིན་ཕྱོགས་སུ་ལྷ་མོ་པྲ་ཙཎྜི། དེ་བཞིན་དུ་ནི་ཨུ་རྒྱན་དུ་ནི་ཆུ་བདག་ཕྱོགས་དེ་ལྷ་མོ་པྲ་བྷ་བ་ཧཱི་ཡེ་དང། ཨར་བུ་ད་ནི་དེ་ཉིད་གཤིན་རྗེའི་ཕྱོགས་ཏེ་ལྷ་མོ་མཧཱ་ནཱ་སེའོ། །གསེར་རིར་ནི་ཛཱ་ལན་དྷ་ར་སྟེ་གནོད་སྦྱིན་ཕྱོགས་ཀྱི་ལྷ་མོ་ཙཎྜ་ཨཀྵི་མའོ། །སྨེ་ཤ་ཅན་རིགས་སྐྱེས་ནི་ལྷ་མོ་ཨི་ཧི ་ཀ་སྐྲག་བྱེད་མ་སྟེ། ཐུགས་རྡོ་རྗེའི་འཁོར་ལོའི་ཕྱགས་མ་བཞི་པོ་བསྡུས་པའོ། །ལྷ་མོ་སྟོང་ཕྲག་ཉི་ཤུ་བཞི་ནི་དཔའ་མོ་གཙོ་མོ་རྣམས་ལ་འཁོར་གྲངས་ཅན་དང་གྲངས་མེད་དུ་བསྐོར་བ་དུ་མ་རྣམས་སོ། །ལྷག་མ་གཞན་དག་ཇི་སྙེད་པ་ནི། ཐུགས་ཀྱི་འཁོར་ལོའི་འབྱུང ་པོའི་ཕྱོགས་ཀྱི་ལྷ་མོ་དྲུ་མཙྪ་ཡེ་དང། དེ་ཝི་ཀོ་ཊིའི་རླུང་གི་ཕྱོགས་ཀྱི་ལྷ་མོ་ལཾ་ཀེ་ཤྭ་རི་མ་དང། རཱ་མེ་ཤྭ་རིའི་བདེན་བྲལ་ཕྱོགས་ཀྱི་ལྷ་མོ་ཁར་བ་རཱི་ཡེ་དང། གོ་དཱ་བ་རིར་མའི་ཕྱོགས་ཀྱི་ལྷ་མོ་བཱ་རིམ་ཏི་དང་ལྷ་མོ་དེ་རྣམས་མི་ལྡོག་མ་ཞེས་བྱ་བར་བསྡུས་པས་ཤེས་པར ་བྱའོ། །དམ་ཚིག་འཁོར་ལོ་ནི་ཙུམ་བི་ཀ་ཞེས་པ་ཡ་མི་ནིས་བསྡུས་པར་ནི་དཔལ་ཛཱ་ལན་དྷར་བས་བཞེད་པ། བདེ་ཆེན་གྱི་ལྷ་མོ་ནི་རྡོ་རྗེ་རྣལ་འབྱོར་མ་སྟེ། སྡུད་བྱེད་མར་གྲངས་པའོ། །དེ་དག་ཐམས་ཅད་ཐབས་ཤེས་རབ་དབྱེར་མེད་པའི་སྡོམ་པར་བསྡུས་པ་ནི་དཔལ་ལྡན་ཧེ་རུ ་ཀ་ཡིན་ཞེས་ཡབ་སྙིང་རྗེ་ཆེན་པོ་མི་འགྱུར་བ་དང། དཔལ་རྡོ་རྗེ་རྣལ་འབྱོར་མ་ཤེས་རབ་སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་འཁོར་ལོའི་ལྷ་ཚོགས་རྣམས་བྱང་ཆུབ་སེམས་སུ་སྡོམ་པའོ། །དཔལ་ཧེ་རུ་ཀའི་སྒྲུབ་པ་ཆེན་པོ་ནི་རྗེ་བཙུན་ཉིད་ཀྱིས་དབང་སྒྱུར་བ་སྟེ། དེའི ་དཀྱིལ་འཁོར་གཙོ་མོ་ཡིན་ནི། རྣལ་འབྱོར་མའི་རྒྱུད་དུ་ཡུམ་གཙོ་ཆེ་བ་ཉིད་བྱིན་རླབས་ཕུལ་དུ་བྱུང་བ་སྙིང་པོར་བསྟན་པའོ། །ད་ནི་ཌཱ་ཀི་སོ་བདུན་པོ་ཀུན་གྱི་ཁྱད་པར་བསྟན་པ་ནི། མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས་ཤེས་པ་གསུམ་ཀུན་ཏུ་སྤྱོད་པས་མི་རྒྱུ་བ་སྣོད་ཀྱི ་འཇིག་རྟེན་དང་རྒྱུ་བ་བཅུད་ཀྱི་འགྲོ་བ་མ་ལུས་པ་ལ་ཁྱབ་པར་མཛད་པའོ། །ཌཱ་ཀི་འདིའི་དམ་ཚིག་གི་དཀྱིལ་འཁོར་དུ་སྤྲུལ་པའི་དཀྱིལ་འཁོར་བསྒོམ་པ་ཉིད་ཡིན་ན་ཡང་ལུས་ཀྱི་དཀྱིལ་འཁོར་ལའོ། །བསམ་གཏན་ནི་བྱང་ཆུབ་ཕྱོགས་ཀྱི་དཀྱིལ་འཁོར་ཉིད་དོ། །ལ་སོགས ་གང་ཅི་ཡང་རུང་ནི་ལས་དང་དངོས་གྲུབ་ལས། ལས་ཚོགས་རབ་འབྱམ་རྒྱ་མཚོ་ལ་མངའ་བརྙེས་པར་སྤྱོད་པའོ། །རྣལ་འབྱོར་པས་ས་སྟེངས་ན་ནི་སྤྱོད་པ་རྫོགས་ནི་ལམ་མཐར་ཕྱིན་པས་རྡོ་རྗེ་འཆང་ཚེ་འདིར་འཐོབ་པའོ། །བསམ་གཏན་གྱི་སྦྱོར་བས ་གྲུབ་པ་ནི་སྔགས་པས་དུས་རྟག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་གསང་བའི་སྤྱོད་པ་བྱ་བ་མཚན་མོ་ནམ་མཁའ་ཨི་གོས་ཅན་ནི་ཤྲཱི་ཧེ་རུ་ཀ་དང་རྣལ་འབྱོར་མར་རོ། །སྐྱེས་བ་འམ་ནི་རྡོ་རྗེ་འཛིན་པའོ། །གཡོན་པ་ནི་ལྷ་མོ་བཅུ་གཉིས་ཏེ། ཀུན་ནི་དཀྱིལ་འཁོར་ཡོངས་རྫོགས ་སོ། །རྣལ་འབྱོར་མ་ནི་རིགས་བདུན་ནོ། །དཔའ་བོ་མཉེས་ནི་ཐབས་ཤེས་རབ་གཉིས་མེད་བདེ་བ་ཆེན་པོ་གྲུབ་བའོ། །གཞུང་བསྡུ་བ་ནི་རིགས་ལྡན་མཆོད་པས་ཡེ་ཤེས་གྲུབ་པ་ཁྱད་པར་ཐོབ་པའོ། །ལེའུའི་མཚན་ནི། ཡི་གེ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་དགོད་པའི་ཆོ་ག་ནི ་རྒྱུད་འདིའི་བརྗོད་བྱ་གསང་ཆེན་གྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྙིང་པོ། ཕྱི་ནང་གི་རིགས་ལྡན་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་གདམས་པ་སྟེ། ལེའུ་བཞི་བཅུ་ཞེ་གཅིག་པ་རྣམ་པར་བཤད་པའོ།། །།ཆོས་རྣམས་སྒྱུ་མའི་སྣང་བ་རྟེན་ཅིང ་འབྲེལ་པར་འབྱུང་བ་རིག་པ་ཆེན་པོའི་སྐྱེས་བུ་རྒྱུ་དང་འབྲས་བུ་དག། ཡོངས་སུ་དག་པ་ཀུན་ཏུ་བསྒྱུར་བ་ཧེ་རུ་ཀ་ཡི་བརྟུལ་ཞུགས་མཆོག་གནས་དབང་ཕྱུག་བརྒྱད་ལྡན་གསང་བ་ཉིད། །ཕྱག་རྒྱ་དྲུག་གི་རབ་སྤྲས་སྔགས་ཀྱིས་བརྒྱན་པའི་ལུས་ནི་ཡི་གེ་གདེངས་ཅན་ལས ་ནི་དག་པར་བྱ། །དེ་ལ་འདིར་ནི་གསང་བ་བླ་ན་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བ་སྟེ། ལེའུ་སུམ་ཅུ་རྩ་དགུ་པའི་གྲུབ་པ་ཉེ་བའི་ལྟས་བརྟག་པའི་ཐབས་རྒྱས་པར་བཤད་ཅིང་དོན་ངེས་པར་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོས་ཞེས ་པ་རྣལ་འབྱོར་པ་ལྷའི་བསམ་གཏན་དང་ལྡན་པས་གནས་ཤིན་ཏུ་དཔེན་པར། ལོངས་སྤྱོད་ཐབས་ཤེས་རབ་ཀྱི་རྫས་དང་ལྡན་པས་ཤེས་རབ་ཕུན་སུམ་ཚོགས་པ་ནི་བདེ་གཤེགས་ཀུན་གྱི་ཕོ་བྲང་མཆོག་།ཆོས་འབྱུང་པདྨ་འདི་སྤངས་ནས། །སྐྱེ་བ་དང་བཞུགས་གནས ་ཡོད་མ་ཡིན་ཞེས་པས་སོ། །མཚན་མོ་རྟག་ཏུ་རོ་མཆོག་སྤྱོད་པ་ནི། སྟོབས་དང་མྱོས་བྱེད་ཤ་ལྔ་བདུད་རྩི་ལྔ་བསྟེན་པའོ། །ཡང་ན་ཉམས་སུ་མྱོང་བ་བདེ་བའི་ཟས་ལ་སྤྱོད་པའོ། །ལུས་ངག་ཡིད་ཀྱི་སྒོ་དག་པར་བྱ་བ་ཆོས་ཉིད་རྣམ་པར་དག་པས་སྦྱང་བ་སྔོན་དུ་འགྲོ་བས་སྔགས ་གསུམ་དག་བྱ་འདི་ཉིད་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཅིང་གོ་ཆ་བགོ་བ་ཉིད་ལས་ཆོགས་རྫས་བྱིན་གྱིས་བརླབ་པར་ཡང་འབྲེལ་བ། གསུམ་གྱིས་རྒྱས་བཏབ་གཉིས་ལྡན་གང། །ཟུང་འཇུག་དོན་དུ་གྲོལ་བར་འགྱུར། །མྱོང་བའི་དོན་ནི་གང་ཡིན་པ། །དབེན་པའི ་ཚལ་དུ་བསྒོམ་པར་བྱ་བའོ། །དེར་འདོད་པའི་ཡོན་ཏན་གཟུགས་ལ་བལྟ་བ་ལ་སོགས་པས་བདུད་རྩི་ཆུའི་རྣམ་པ་ལྟ་བུའི་བདེ་བ་མྱུར་དུ་ཐོབ་པར་འགྱུར་བ་སྟེ། ལུས་ཟུངས་འཕེལ་ཞིང་བདེ་བ་བརྟན་པར་བྱ་བ་ལ་བསླབ་པའོ། །རིམ་གྱིས་པ་གཟུགས་ལྔ་ན་རེག་བྱ་དང་གི་བར་དུ་བསྟེན ་པ་ལྷན་ཅིག་ཏུ་གནས་པར་བྱ་བ་གཙོ་མོ་ཆེ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྐུ་དང། དཔལ་ཧེ་རུ་ཀར་གསལ་བའོ། །དེ་ཉིད་རབ་ཏུ་སྤྱོད་ཤེས་ནས། རྣལ་འབྱོར་ཡེ་ཤེས་ཚོགས་ལ་འཇུག་།ཏིང་འཛིན་གསལ་ལྡན་ཡུན་རུང་ཡང། །ཐུན་བཞི་དག་དང་རྒྱས་པར་རོ། །བདེན ་པས་ཚངས་པར་སྤྱོད་པར་གནས་པ་སྟེ། ལྷ་སྐུ་མཁའ་གསང་བྱིན་བརླབ་དང། བསམ་གཏན་གྱི་འཁྲུལ་འཁོར་དང་ཐབས་ཤེས་རབ་ཁྱད་པར་ཅན་ཏེ། ཚུལ་བཞིན་མ་ཡིན་པས་མི་གོས་ཏེ། སྙིང་རྗེས་བྱང་སེམས་ལྡན་པ་ལ། བཀག་པ་རྣམས་ཀྱང་དེ་ལ་གནང ་རྣལ་འབྱོར་ཀུན་གྱི་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བར་བསྟེན་བྱེད་ཅིང། །རང་གིས་ལྷག་པའི་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་མཆོད་པར་བྱ། །བལྟ་བ་དང་ནི་རྒོད་པ་དང། །འཁྱུད་པ་བསྒྲུབ་པ་སྙོམས་འཇུག་པ། །དེ་ནས་དཔའ་བོས་མེ་ཏོག་ཆུ། འཐུངས ་ནས་ཤེས་པ་ཡི་དོན་ལ། །ལྷ་སྦྱིན་གྱིས་ནི་བལྟ་བྱས་ལ། །ཀླུ་ཡི་སྒོ་བཞི་དབྱེ་བར་བྱ། །གཞུ་རྒྱས་ཀྱིས་ནི་འདོད་པ་གཟུང། །རྩངས་པ་མཆོག་རྩ་བཙལ་བ་སྟེ། །རུ་སྦལ་འགྲོས་ཀྱིས་འཕེལ་བར་བྱེད། །འགོག་པར་བྱེད་ཅིང་དབུགས་དབྱུང་དང། །སྐེ་རགས ་ཧིཀ་གིས་གནས་སུ་བསྐྱལ། །སྔགས་འདི་རྗེས་དྲན་བྱ་ན་ནི། །ཧ་ཧ་ཧེ་ཧེ་ཧྲི་ཧྲི་ཧཾ་ཧཾ་ཧི་ཧི་ཧུ་ཧུ་ཧུཾ་ཧུཾ་ཧཾ་ཧ(རྒྱུད་འགྲེལ་པར་བྱ་བ་སྟེ། དམ་པའི་དབུགས་གཉིས་རབ་ཕྱུང་སྟེ། །ཆགས་པ་ཆེན་པོའི་སྙོམས་འཇུག་གིས། །རབ་ཏུ་སྦྱར་ཞིང་བསྲུབས་པ་ལས། །ནོར་བུའི་མགྲིན་དང་རྩེར་ཁྱབ་པ། །གཉིས་འདས་ནས་ནི་གཉིས་མཉམ་སྟེ། །ལྷག་མ་འདས་ནས་དགའ་དྲའོ། ་དགའ་བ་འཛིན་པ་དང་བཅས་པ། །མཆོག་དགའ་དེ་ལས་ལྷག་གྱུར་ཉིད། །རྣམ་མེད་གཟུང་འཛིན་རྟོག་པ་དག་།ལྷན་ཅིག་སྐྱེས་པ་གསུམ་མི་དམིགས། །བཟློག་པས་ཡོན་ཏན་དེར་ཤེས་བྱ། །བྲལ་ལ་བཏང་སྙོམས་གསུམ་མི་དམིགས། །དབང་པོ ་སྒོ་ཡི་ཉི་ཤར་བ། །འདི་ནི་བློ་སྤངས་ཆོས་ཀྱི་དབྱིངས། །འཐུངས་དང་རྡོ་རྗེ་ཆུ་འཐུངས་ནི། །ངང་པས་བདུད་རྩི་ལེན་པ་ལྟར་རོ། །དེ་བཞིན་སྦྱིན་པ་ནི་རང་ལུས་ཀྱི་གནས་དང་ཉེ་བའི་གནས་སུ་ཁྱབ་པར་བྱའོ། །འཁོར་ལོ་ལྟེ་བ་སྙིང་ཀ་མགྲིན་པ་སྤྱི་བོར་རོ། ། ་སུམ་འགྱུར་ནི་རྩ་རོ་མ་རྐྱང་མ་ཀུན་དར་མས་དཀྲིས་བ་ལྗོན་ཤིང་ལ་འཁྲིལ་བ་ལྟར་དེ་བཞིན་དུ་ནི་རླུང་གིས་འབྱུང་འཇུག་གནས་པ་ལ་སྦྱངས་པའི་ནུས་པ་ཐིག་ལེ་ལ་དབང་ཐོབ་པར་འགྱུར་བའོ། །བཞད་པའི་ཕྱག་རྒྱ་ནི་སྔགས་ཀྱི་སྦྱོར་བ་རླུང་དབུ་མ་ནས ་ཐབས་ཤེས་རབ་ཀྱི་རྩ་དྷཱ་ཏཱིར་ཚུད་པའོ། །བསྒྲུབ་བྱ་བ་ནི་བདེ་བ་གོང་ནས་གོང་དུ་སྤེལ་བའོ། །ཐོག་མར་དགའ་བ། ཐ་མར་དགའ་བྲལ། །བཞད་པའི་ཕྱག་རྒྱ་ཡིན་ནི་སྐད་ཅིག་མ་བཞི་ལམ་དུ་སློངས་པ་ནི། འདིར་འབབ་པ་ཡི་ཡེ་ཤེས་ནི། །རྡོ་རྗེ་འཆང ་ཆེན་ཉིད་ཡིན་ཏེ། །ཐོག་མཐར་དབུས་རབ་ཞི་བ་ཆེ། །སངས་རྒྱས་ཀུན་གྱི་སྡོམ་པ་མཆོག་།ེ་བཾ་སྦྱོར་བ་ཐབས་གསང་བ། །བདེ་བ་རྡོ་རྗེ་ཅན་གྱི་གནས། །དགའ་བ་རྣམ་པ་སྣ་ཚོགས་ཉིད། མཆོག་དགའ་རྣམ་པར་སྨིན་པ་སྟེ། བྲལ་བ་རྣམ་པར་ཉིད ་ཅེས་བྱ། །མཚན་ཉིད་བྲལ་བ་ལྷན་ཅིག་སྐྱེས། །ཡེ་ཤེས་རྡོ་རྗེ་དེ་ན་བཞུགས། །བལྟ་བའི་བསྙེམས་པ་ནི་ལྟ་སྟངས་གྱེན་དུ་བཟློག་པ་ཁྲོ་བོའི་ཚུལ་ལས་གྲགས་ལྡན་པ་སྔགས་པ་རོ་ཅན་ནོ། །མཚན་མོ་འམ་ནི་རྟོག་པ་འགག་པའི་དུས། །དེ་བཞིན་ཉིན་མོ་ནི་སྣང་བ་ཡུལ ་ལ་སྤྱོད་པ་སྟེ། འདིས་ནི་བཞད་པ་དག་དུ་བྱ་ནི་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཉམས་དེས་སྣང་གྲགས་ལ་རྒྱས་གདབ་པར་བྱ་བ་སྟེ། རྒྱུ་ལ་འབྲས་བུས་རྒྱས་བཏབ་པས། །རིག་བྱེད་མཛའ་ཡིན་འདོད་པ་བཀག་།འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །གསང་བར་སྣ ་བའི་འདོད་པ་བཀག་།གཉིས་ལ་གཉིས་མེད་རྒྱས་གདབ་པས། །ལ་བ་ཅན་གྱི་འདོད་པ་དགག་།རྣལ་འབྱོར་སྤྱོད་དང་དབུ་མ་དང། །དབུ་མ་ཆེན་པོ་ལ་སོགས་པ། །རབ་ཏུ་མི་གནས་པས་བཀག་ཅེས། །འདི་ནི་བདེ་བ་ཆེན་པོ་སྟེ། །ཤེས་རབ་བཅུ་དྲུག་ཐིག་ལེ་ཅན ་དང་པོ་བརྒྱད་དང་བཞི་ལས་ཀྱང། འཇིག་ཚོགས་འཁོར་བ་དག་པ་ཡི། །དུས་ཀྱི་ཤུགས་ཀྱིས་འཕྲོས་པའོ། །གཟུགས་ཀྱི་གསང་བ་ཕྱག་རྒྱ་བཞི་ལམ་དུ་བྱེད་ལ། ལས་ཀྱི་གསང་བ་ནི་འདོད་ཡོན་ལྔ་ལམ་དུ་བྱ་བས་བར་མི་མངོན་པར་གྱུར་པ་ཉིད་དོ། །ཇི་ལྟར་གནས ་པ་ཀུན་རྫོབ་ཀུན་ད་བྱང་སེམས་ལ་དོན་དམ་བདེ་སྟོང་གཉིས་མེད་དུའོ། །དཔའ་བོ་ཉོན་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་གདམས་པའོ། །གང་ཟག་དེ་ཡང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཉིད་དེ། རྟག་ཏུ་དེ་ཡི་མཆི་མ་འབྱུང། །དད་པས་དེ་ཡིས་སྤུ་ཡང་ལྡང་ཞེས ་ལྷག་པར་བྱམས་པ་དང་བྱང་ཆུབ་སེམས་ཁྱད་པར་གྱུར་པའོ། །རང་ལས་བྱུང་བའི་ཟས་དེ་བཞིན་ཞེས་པ་ཁམས་གོང་ནས་གོང་དུ་འཕེལ་བས་ལུས་ཟག་མེད་བདེ་བ། སེམས་བདེ་སྟོང་མཆོག་གིས་རྒྱས་པར་འགྱུར་བའོ། །རྡོ་རྗེ་ལས་ནི་གོང་མི་བྱེད་ནི་དགའ་ ་ཐབ?་ལ། མི་གནས་བར་ལྷན་སྐྱེས་ཉིད་མཉམ་རྗེས་གཉིས་མེད་དུ་བྱ་བའོ། །འདོད་ཆགས་ཉིད་བྲལ་གནོད་པ་མེད། །ཐུན་བརྒྱད་པ་ལ་ཕྱེད་བྲི་ཞིང། །བཅུ་ཆ་རྣམ་པ་བཅུ་དྲུག་སྟེ། །ཆུ་ཚོད་དག་དང་དབྱུ་གུར་སྣང། །ལུས་ཀྱི་རྩེ་མོ་རྡོ་རྗེ་ཆུར། །བཅུག་ནས ་དག་རྩེར་བདུད་རྩི་བཞག་།ཡིད་ཀྱི་རྩེ་མོར་ཡེ་ཤེས་སྦྱིན། །ཀུན་གྱི་རྩེ་མོར་བསམ་མི་ཁྱབ། །དེ་བཞིན་ཕྱོགས་གོས་གྱུར་པས་མཆོད་པ་ནི། །བདེ་སྟོང་ཡེ་ཤེས་ཀྱི་ཁྱབ་སྟོན་ཏེ། །རྗེ་བཙུན་བླ་མ་ཟེ་ས་ར་ཧ་པས། །སྟེང་དང་འོག་ཏུ་ཕྱོགས་བཅུ ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོས་ངེས་བལྟས་འཁྲུལ་པ་ཆད། །ད་ནི་སུ་ལ་འང་བྲི་བར་མི་བྱའོ། །ཞེས་པའི་དོན་ཏོ། །གཡོན་པའི་དབང་ཕྱུག་ཐམས་ཅད་ཀྱི་ཞེས་ཤེས་རབ་སྟོང་ཉིད་སྙིང་རྗེ་དང་འདུ་འབྲལ་མེད་པ་དཔལ་རྡོ་རྗེ་རྣལ་འབྱོར་མ ་དཔལ་ཧེ་རུ་ཀ་དང་ཡབ་ཡུམ་བདེ་ཆེན་དུ་སྡོམ་པ་ལས་དཀྱིལ་འཁོར་དུ་མའི་འབྱུང་གནས་སུ་གྱུར་པ་སྙིང་པོ་གསང་བ་མི་འགྱུར་བའོ། །འདི་ནི་ཕྱག་རྒྱའི་ཚོགས་ནི་བཞི་ལྡན་ཏེ། །ལས་ཀྱི་ཕྱག་རྒྱ་རིགས་ལྡན་གསང་བའོ། །ཆོས་ནི་ལུས་སེམས་བདེ་སྟོང ་ངོ། རྒྱ་ཆེན་ནི་ཞི་གནས་ལྷག་མཐོང་དབྱར་མེད་དོ། །དམ་ཚིག་ཕྱག་རྒྱ་ནི་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཐ་མལ་པའི་རྟོག་པ་དག་པས། རིམ་པ་ནི་བཞི་ལྡན་ཉམས་སུ་བླངས་པའོ། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར ་བསྒོམ། །དེ་ཉིད་བདེ་སྟོང་ཕྱག་རྒྱ་ཆེ། །མི་འགྱུར་དམ་ཚིག་ཕྱག་རྒྱའོ། །རྒྱུད་རིམ་རྩ་དང་ཡི་གེ་རླུང། གསང་བ་ཙཎྜ་ལཱི་སྦར་སྔགས། །ཡེ་ཤེས་འབྱུང་བ་རྡོ་རྗེ་དབྱིངས། །གསང་བ་སྐུ་བཞི་རབ་རྫོགས་འགྱུར། །ཞེས་པའི་དོན་ཏོ། །དེ ་ལས་ལྷག་པའི་ལྷས་རྗེས་སུ་འཛིན་པར་འགྱུར་པ་ནི། རྣལ་འབྱོར་པས་གར་གྱི་རས་སད་པ་བསྟན་པ་ལ། དབུགས་འབྱིན་ནི་ཞི་བ་སྙིང་རྗེ་སྡུད་དང་ནི་ཚམ་རྔམ་ཅན་དབང་དུ་བྱེད་པ། རྒོད་པ་ནི་ཧ་ཧ་ཞེས་བཞད་པ། སྒེག་དང་ནི་ཐབས་ཤེས་རབ་གཉིས ་མེད་དུ་རོལ་པ་དཔའ་པ་ནི་རབ་དྲགས་གཙིགས་པ་ཅན་གྱི་རྣམ་པར་འགྱུར་བ། ངོ་མཚར་ནི་བདེ་སྟོང་སྤྲོས་མེད་རོ་གཅིག་གིས་རྒྱུད་རྒྱས་པའོ། །དགའ་བ་བཞི་ལས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་པོར་བྱས་ནས་ནི་ཞེས་དགའ་བའི་ཡེ་ཤེས་པ་དེ་བ་བསྒྲུབ ་བའི་དོན་ལས་གལ་ཏེ་སྟོང་ཉམས་ལ་འབྱམས་པའོ། ཕྱོགས་རྒྱ་ནི་རུས་པའི་རྒྱན་ནོ། །སྔགས་ནི་རྒྱན་བྱིན་གྱིས་རློབ་པས་སྔགས་ཉིད་རྒྱན་དུ་བྱས་པའོ། །རྗེས་དྲན་བྱ་ནི་ལྷ་དང་བླ་མ་ལ་མོས་གུས་སོ། །དབང་ཕྱུག་བརྒྱད་ཀྱི་རྒྱུ་མཐུན་གྱི་ཉམས་བརྟན་པར་བྱ་བ་ལ། ཧ་ཧ་ཧེ་ཧེ་རྣམ་པ་བརྒྱད ་ནི་འཕགས་པའི་ལམ་ཡན་ལག་འཐོབ་པའི་གསང་བ་བླ་ན་མེད་པ་མཆོག་དོན་ནོ། །ལྷག་པའི་ལྷའི་དཀྱིལ་འཁོར་པས་བྱིན་གྱིས་བརླབ་པ་ལ། ཧ་ཧའི་རྣམ་པས་ཉེས་པར་བརྟག་ཅེས་སྔགས་ཀྱི་བྱེད་པས། སྐུ་གསུང་ཐུགས་ཀྱི་ཉམས་ལའོ། །དུ་བར་བྱེད་པས ་ནི་འགྲོ་བ་སྡུག་བསྔལ་ཐམས་ཅད་མཐར་བས་སོ། །རྟག་ཏུ་སྔགས་ནི་བྱང་ཆུབ་སེམས་དང་ལྡན་པས་མཆོད་པ་དང་བསྟོད་པ་བྱ་བའོ། །ལྷག་པའི་ལྷ་དང་རིགས་ལྡན་ལས་དངོས་གྲུབ་ཇི་ལྟར་འཐོབ་པར་བྱ་བ་ཡང་རྒོད་དང་ནི་གཟུགས་དང་སྒྲའི་བྱེད་པ། རྣམ་པ་སྣ་ཚོགས་པའི ་སྐད་ཅིག་མ་ལས་བདེ་བ་ཉམས་སུ་མྱོང་བས་དཔའ་མཆོག་དགའ་ཞེས་རྣམ་པར་སྨིན་པའི་དགའ་བ་ཅན་ལས། དེ་ཉིད་ཀྱིས་དེ་ལྷན་ཅིག་སྐྱེས་པའི་དགའ་བར་འགྱུར་ཞིང་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་འཆར་པའི་རྗེས་ཐོབ་དགའ་བྲལ་ཉིད་དོ། །གཞན་ཕན་ཕྱིར་ནི ་ལས་རྣམས་གང། །སྙིང་རྗེ་ཅན་གྱིས་གང་བྱས་རྣམས། །དེ་ཀུན་བསོད་ནམས་ཕུང་པོ་ཞེས། །འགྲོ་བའི་བསམ་པ་རྫོགས་མཛད་གསུང། །འདི་ཉིད་ཀྱི་དོན་བསྡུས་པ་བསྟན་པ་ནི། །སྔགས་དང་ནི་ཨཱ་ལི་ཀཱ་ལི་རྩ་བ་དང་སྙིང་པོ་སོགས་སོ། །ཕྱག་རྒྱ་ནི་ཡེ་ཤེས་ཀྱི ་རིགས་དང་ལྡན་པ་མ་ལ་སོགས་པའི་བྱེ་བྲག་གི་།ལེགས་པར་སྦྱོར་ནི་ཐབས་ཤེས་རབ་ལས་འཇིག་རྟེན་པའི་དགའ་བ་གསུམ་ཞི་གནས་ལས། ལྷན་ཅིག་སྐྱེས་པའི་དགའ་བ་ལྷག་མཐོང་འཇིག་རྟེན་ལས་འདས་པ་ཉིད་ཀྱིས་བར་ཆད་མེད་པའི་ལམ་མོ།། ་གཙོ་བོ་རྣམས་ནི་རིགས་ལྔ་ཧེ་རུ་ཀ། ཡང་ན་གཙོ་མོ་རྣམས་ནི་རིགས་བདུན་གྱི་ཁྱད་པར་དུ་གྱུར་པ་དཔའ་བོའི་ཞེས་ཁནད་ཀ་པཱ་ལ་ལ་སོགས་པའི་དཀྱིལ་འཁོར་མཐོང་བ་ནི། ལུས་ཀྱི་བ་སྤུ་ལྡང་ཞིང་བདེ་བ་རྒྱས་པའི་ཉམས་ལྷན་ཅིག་འབྱུང་བ་ཏིང་ངེ་འཛིན་འགྲིབ ་པ་མེད་པ་འཆར་བའོ། །རྡོ་རྗེ་འགོང་བར་མི་བྱ་བ་ནི་ཡེ་ཤེས་སྒྲིབ་པ་ཐམས་ཅད་དག་པའི་དོན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་འདའ་བ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བོ། །གཡོན་པས་ཡོངས་སུ་བརྟགས་པ་ནི་ལུས་སེམས་རབ་ཏུ ་དངས་པར་འགྱུར་བས། བདེ་བ་དང་སྟོང་པ་ཟུང་འཇུག་ཐོབ་པའི་དོན་ཏོ། །དེ་ལ་འདི་ནི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཏེ། སྐུར་གནས་ཡེ་ཤེས་འདིར་རིགས་པས། །དེ་བས་སྐུ་ནི་ཀུན་མཁྱེན་ཡིན། །སྐུ་ལས་ཐ་དད་ཐ་དད་མིན། །སངས་རྒྱས ་རྣམས་ཀྱི་ཡེ་ཤེས་ནི། །སྐུ་ལ་ཡང་དག་ལྡན་ཞེ་ན། །མྱ་ངན་འདས་ན་དེ་ཡང་འཇིག་།སྐུ་ནི་འཇིག་པའི་ཆོས་ཅན་པས། །ཡེ་ཤེས་ཀྱང་ནི་འཇིག་པར་འགྱུར། །དེ་བས་སངས་རྒྱས་ཡེ་ཤེས་སྐུ། །འཇིག་པར་རིགས་པ་མ་ཡིན་ནོ། །ཡེ་ཤེས་ལུས་ལ ་གནས་གྱུར་ན། །སྐུ་མེད་པས་ན་ཀུན་མཁྱེན་མིན། །རྟེན་འབྲེལ་ལས་བྱུང་ཡེ་ཤེས་དེ། །དེ་བས་འཇིག་པ་ཉིད་དུ་འགྱུར། །རྟོག་མེད་ཡེ་ཤེས་སྐུ་རྣམས་ནི། །ཐམས་ཅད་མཁྱེན་ཉིད་མི་རིགས་སོ། །དེ་ལས་སངས་རྒྱས་སྐུ་དག་ནི། །ཐམས་ཅད་མཁྱེན་པར་བྱ་བ ་ཡིན། །ཡེ་ཤེས་ལས་གཞན་ཕྱོགས་ལ་ཡང། །སངས་རྒྱས་སྐུར་ནི་ཇི་ལྟར་འགྱུར། །འདི་ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བར་རིགས། །སངས་རྒྱས་ཡེ་ཤེས་ལྷུན་གྲུབ་པས། །དེ་བས་མི་རྟོག་པར་གནས་ཏེ། །བསམས ་བའི་བྱེད་པ་ཡོད་མིན་ཏེ། །སེམས་མེད་གྱུར་པ་མ་ཡིན་ནོ། །ལེའུའི་མཚན་ནི་མཁའ་འགྲོ་མའི་གཟུགས་ཀྱི་དགོད་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།དེ་ལས་འདིར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཉེ་བའི་སྙིང་པོའི ་འཁྲུལ་འཁོར་ཕྲིན་ལས་དང་བཅས་པ་བསྟན་པ་ནི། དེ་ནས་ལྟ་བ་བཤད་བྱ་སྟེ། ཞེས་ལྷའི་སྐུ་དང་ཡེ་ཤེས་ཀྱི་དོན་ལ་རྣམ་པར་དམིགས་པའོ། །དཔའ་བོ་དང་ནི་གཉིས་མེད་མི་ནི་དཔལ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་དང། ཡུམ་རྡོ་རྗེ ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་པ་དང་བདེ་ཆེན་དུ་སྦྱོར་བས་སོ། །འཁོར་གྱི་ལྷ་མོའི་གནས་ཀྱི་དབྱེ་བ་ནི། རྩི་བས་དྲུག་པའི་འཁོར་ལོ་ལ་རྡོ་རྗེ་ཌཱ་ཀི་མ་དང། རྡོ་རྗེ་དྲག་མོ་དང། རྡོ་རྗེ་ཉི་མ། རྡོ་རྗེ་གཏུམ་པ་མ། རྡོ་རྗེ་འཇིགས་པ་མ། རྡོ་རྗེ་ཁྲག་འཐུང ་མ་རྣམས་སོ། །ཆོ་ག་ཤེས་ནི་ཡན་ལག་དྲུག་ལྡན་དུ་རྫོགས་པར་བྱེད་པ་ལས། བསྒོམ་ལ་རྟག་ཏུ་མངོན་དགའ་བ་ནི་མཉམ་རྗེས་ལ། ཡང་རྫོགས་པའི་རིམ་བ་བདེ་ཆེན་ལམ་དུ་བྱ་བའོ། །འདིའི་དོན་ནི། སྒྲུབ་པོས་དང་པོར་འཚམ་པའི་གནས། །དུར ་ཁྲོད་སོགས་པར་སྦྱར་བར་བྱ། །ཉམས་དགའ་ཨི་ཕྱོགས་སུ་ཡེ་ཤེས་ཀྱི། །བདུད་རྩི་ལེགས་པར་བྱུགས་པ་ལ། །ལེགས་འབྲས་དང་མཚུངས་མེ་ཏོག་འགྲམ། །དེ་ནས་ཕྱག་རྒྱའི་གནས་འདུག་སྟེ། སྒྲུབ་པོས་དང་པོ་རང་སྙིང་གར། །གསལ་བར་གྱུར་པའི ་ཉི་མ་ལ། །ཧཱུཾ་བཀོད་འོད་ཟེར་གསལ་སྣང་ལས། །སྔོན་གྲུབ་པ་ཡི་བད་གཤེགས་དང། །ལྷ་མོ་ཁྲོ་མོ་ཌཱ་ཀི་མ། །སེམས་དཔའ་ཆེ་དང་བླ་མ་རྣམས། །ནམ་མཁར་ཏིལ་གྱིས་གང་ལྟར་དམིགས། །རང་གི་ཡི་གེ་ས་བོན་ལས། །སྤྲོས་ཏེ་ཁྲོ་ཚོགས་མཁའ་འགྲོ་མ ་རིགས་དྲུག་འགྲོ་བ་ཐམས་ཅད་ཀྱང། །བདེ་གཤེགས་གནས་སུ་དགོད་པར་བྱ། །དེ་ནས་བདུན་པོ་རྣམ་དག་ཉིད། །བྱང་ཆུབ་སེམས་མཆོག་བསྟན་བྱེད་ལ། །སྔགས་ཀྱི་ལུས་སུ་གྱུར་པ་ཡིས། །འདི་སྣད?་སྨོན་ལམ་གདབ་པར་བྱ། །ཧེ་རུ་ཀ་དཔལ་བདག་གྱུར ་ན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཧེ་རུ་ཀ་དཔལ་གོ་འཕང་མཆོག་།ཐོབ་ནས་སེམས་ཅན་མ་ལུས་པ། །འདི་ལ་འཇོག་ཅིང་འགོད་པར་ཤོག་།དེ་ནས་ཚངས་པའི་གནས་བཞི་ནི། །ཚད་མེད་སེམས་ཅན་ཀུན་དམིགས་བསྒོམ། །དེ་ནས་ཕུང་པོ ་སྐྱེ་མཆེད་རྣམས། །ཁམས་ཀྱི་རྣམ་པར་དག་པ་རྣམས། །ོཾ་སོགས་སྔགས་ཀྱིས་གསལ་བར་བལྟ། །རང་གི་སྙིང་གའི་འོད་ཟེར་ལས། །མདུན་དུ་སྤྲུལ་ལས་ས་གཞི་ཀུན། །དྲ་བ་བླ་རེ་མདའའདྲ་བ། །རྡོ་རྗེ་ལས་བྱུང་ཐམས་ཅད་ནི། །ཤར ་བཛྲ་སྔགས་ཀྱིས་གྲུབ། །དེ་རྗེས་སྨིག་རྒྱུ་ལྟ་བུ་ཡི། །རང་སེམས་གཟུང་འཛིན་བྲལ་བའི་སྔགས། །སྭ་བྷཱ་དག་པ་གསང་བའི་ངང། །ཤཱུ་ནྱ་པཱ་ཡི་སྔགས་བརྗོད་དེ། །དེ་ནས་ཡཾ་སོགས་གྱུར་པ་ལས། །རླུང་སོགས་བ་དན་སོགས་མཚན་རྫོགས།། ་རི་རྒྱལ་རིན་ཆེན་བཞི་རང་བཞིན། །བྷཱུཾ་ལས་བྱུང་བ་གཞལ་ཡས་ཁང། །དཀྱིལ་འཁོར་ཕོ་བྲང་ལྟེ་བ་ལྟ། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང། །རྡོ་རྗེ་མཁའ་འགྲོ་བདེ་བ་མཆོག་།ཞལ་སྤྱན་གསུམ་པ་ཕྱག་དྲུག་ལྡན། །མཚན་རྣམས་ཐམས་ཅད་ཀྱིས་མཚན ་ཅིང། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །ཱ་ལི་ཀཱ་ལི་ལས་བྱུང་གཙོ། །རྡོ་རྗེ་རྣལ་འབྱོར་མ་མཉམ་སྦྱོར། །སྟོང་ཉིད་ཐུགས་རྗེས་ཁྱབ་པ་སྟེ། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །ན་རའི་པགས་པ་གོས་སུ་མནབས། །ཐོད་པ་ཁ་ཊཝཱཾ་ག་འཛིན་ཅིང། ། ་གཉིས་པའི་ཕྱག་གཡས་མདུད་རྩེ་གསུམ། །འདོད་པའི་འབྲས་བུ་ཐམས་ཅད་སྩོལ། །ཐོད་པའི་ཕྲེང་ལྡན་དབུ་རྒྱན་ཅན། །སྣ་ཚོགས་རྡོ་རྗེ་རལ་པ་བཅིངས། །ཟླ་ཕྱེད་ནོར་བུ་གཙུག་ཏོར་འཛིན། །ཕྱག་རྒྱ་དྲུག་གིས་སྐུ་ལ་བརྒྱན། །དུས་མཚན ་འཇིགས་བྱེད་བཅས་པ་དག་།གཡས་བརྐྱང་བ་ཡི་ཞབས་ཀྱིས་མནན། །སྣ་ཚོགས་པདྨ་ཉིད་དབུས་བཞུགས། །འཁོར་ལོ་དྲུག་གི་དབུས་འགྱིང། །རྣལ་འབྱོར་མ་དྲུག་མཉམ་པར་སྦྱོར། །མྱུར་དུ་དངོས་གྲུབ་གསོལ་བྱེད་ཡིན། །དང་པོར་ཁྲབ ་འཐུང་ལྷ་མོ་སྟེ། །གཉིས་པ་རྡོ་རྗེ་འཇིགས་མ་ཉིད། །གསུམ་པར་གྲག་གཏུམ་མ་ཡིན་ཏེ། །བཞི་པར་རྡོ་རྗེ་སྣང་བྱེད་མ། །ལྔ་པ་རྡོ་རྗེ་དྲག་འབར་མ། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །གཡོན་གྱི་ཕྱོགས་ནས་དགོད་པར་བྱ། །ལྷ་མོ་དེ ་དག་ཚར་གཏུམ་ཞིང། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །ཕྱོགས་ཀྱི་གོས་མཆོག་འཛིན་པ་ཡིན། །ཐམས་ཅད་རོ་སྟེང་ཉི་མར་གནས། །མཐིལ་ཤུན་སེར་དང་ལྗང་བ་དང། །དམར་དང་དུད་ཀ་དུང་མདོག་ལ། །གྲི་གུག་དང་ནི་ཐོད་པ་དང།། ། ་ཌ་མ་རུ་དང་ཁ་ཊཝཱཾ་དྲིལ། །ཀུན་ཀྱང་ན་རའི་པགས་པ་འཛིན། །ཐོད་པའི་ཕྲེང་བའི་ནོར་བུའི་རྒྱན། །གཡས་གཡོན་བརྐྱང་བསྐུམ་ཚུལ་གྱིས་གནས། །ཡི་གེ་དྲུག་ལས་ཡང་དག་བྱུང། །ལྷ་མོ་གཟིགས་པ་མཚན་པ་སྟེ། །མཐིང་མདོག་གསེར་དང་མརྐ?་ཏ་ཏེ། །སྟག་གི ་པགས་པ་འཕྱང་བ་མནབས། །ལྷ་མོ་བྱིན་པ་མཉམ་པར་འཁྲིལ། །མཆོག་ཏུ་དགའ་བས་རྣམ་པར་རྒྱལ། །ོཾ་ཧྲཱི:ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ས་བོན་གནས་ལས་ཌཱ་ཀི་མ། །ཡན་ལག་དྲུག་ལྡན་རྣམ་པར་བསྒོམ། །བྱང་ཆུབ་ཡན་ལག་བདུན་དག?་པ། ། ་ཇི་ལྟའི་རིམ་པས་སྦྱར་ཞིང་བསམ། །གསང་སྔགས་གཞལ་དུ་མེད་པ་བཟླས། །ཁྲོ་བོ་ཀུན་གྱི་གནས་མཆོག་དེ། །བསོད་ནམས་ཆུང་བའི་སྒྲུབ་པོས་ཀྱང། །ཟླ་བ་ཕྱེད་ན་དངོས་གྲུབ་སྟེར། །རྟག་ཏུ་ཉིན་རེ་བསྒོམ་པ་ནི། །ཞག་བདུན་གྱིས་ནི་ཐེ་ཚོམ ་མེད། །དཔྱིད་ཟླ་འབྲིང་པོའི་ཉི་མ་ནི། །སྐུ་གསུམ་གྲུབ་ཕྱེད་ཕོ་ཉ་ལས། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །བསམ་གཏན་ཉིན་མཚན་འབར་བྱས་པས། །ཐོ་རངས་ཁྲག་མཐུང་དང་མཉམ་འགྱུར། །ངེས་པར་བརྗོད་པའི་ལེའུ་ལྔ་བཅུ་པ་ལས་གསུངས ་པའི་མངོན་པར་རྟོགས་པའོ།། །།ཐབས་དང་ཤེས་རབ་དབྱེར་མེད་ཆེན་གསང་བ་དྲི་མེད་མཆོག་ཏུ་རྟག་ཅིང་འགྱུར་མེད་ཕ་རོལ་སོན། །ཡན་ལག་བཞི་ལྡན་ལས་ལ་བརྟགས་བརྡ་ནུས་པ་ཐོབ་ནས་རིམ་པ་རྩ་བའི་ལྷ་དང་གཞན་དག ་ལས་སྦྱར་བ། །ལས་རྣམས་སྣ་ཚོགས་རབ་འབྱམ་འགྲུབ་དང་དེ་ཡི་ངེས་པ་གསང་བ་ཕྲིན་ལས་རྣམ་པ་དུ་མར་འཆར། །ལུས་དང་སེམས་ཀྱི་སྤྱོད་པས་རྫས་ལྡན་ལྷན་ཅིག་ངག་གི་དབང་ཕྱུག་དེ་ཡིས་ཡེ་ཤེས་འགྲུབ་པར་འགྱུར། །དེ་ལ་རྣལ་འབྱོར་པས ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་བྱ་བ། སྒྱུ་མ་འམ་རྨི་ལམ་དུ་ནི་བྱ་བ་ཀུན་ཞེས་པ་ལ་སོགས་པས་དངོས་པོར་སྣང་བ་ཐམས་ཅད་རབ་བཞིན་བདེན་པས་སྟོང་པའི་ཀུན་རྫོབ་ལམ་དུ་བྱ་བ། ཐམས་ཅད་སྣང་ལ་རང་བཞིན་མེད་པ། རྨི་ལམ་ལྟར་སྤང ་རྨི་ལམ་ལས་བྱུང་བ། རྨི་ལམ་ལྟར་སྤྱོད། རྨི་ལམ་གྱི་གནས། ཐམས་ཅད་བདག་མེད་པ། བྱ་བ་དང་བྱེད་པ་པོ་རྣམ་པར་དག་པས། རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་རབ་ཏུ་མི་གནས་པའི་དེ་ཁོ་ན་ཅིང་དུ་རྟོགས་པར་བྱའོ། །འདིའི་དོན་ལ ་སློབ་དཔོན་ས་མནྟ་བཛྲ་པས་ཁྱད་པར་མན་ངག་ཏུ་བསྟན་པ། རིམ་པ་ནི་འདི་ཡིན་ཏེ། དུས་ཚེས་བརྒྱད་ཀྱི་རྒོངས་ཀའི་དུས་སུ་ཁྱེའུ་འམ་བུ་མོ་སྐྱེ་གནས་མ་ཉམས་པ་པོས་དབབ་པ་བསྟེན་པ་ནི། དེ་ནས་ལྷ་དབབ་པའི་རྣམ་དཔྱད་སྟོན་པ་ལ། སྔགས་བཟླས ་ནི་དེ་དག་གི་མིག་ལ་ཡི་གེ་བདུན་པ་ལན་ཉེར་གཅིག་བརྗོད་པ་བཏབ་ཅིང་ལུས་ཀྱི་སྤྱི་བོར་ལག་པ་གཡོན་པས་རེག་ནས། རྩ་ཀུ་ཤའི་སྟན་ལས་ཕྱོགས་གཙང་མར་གནས་པར་བྱོས་ལ། ནང་པར་ཐོ་རངས་ཤོག་ཅིག་ཅེས་བརྗོད་ལ་བཏང་ངོ། །དེའི་ནུབ་མོ ་སྔགས་པས་ལྷའི་རྣལ་འབྱོར་ལ་གོམས་པས། བའི་རྣམ་ལྔས་བྱུགས་པའི་མཎྜལ་ལ་དྲི་བཟང་པོའི་ཐིག་ལེ་བྱས་ལ། ལྷ་གྲངས་གང་ཡང་རུང་བའི་མེ་ཏོག་ཚིམ་བུ་བཀོད་ཅིང། ལྷ་གསལ་ངར་དམིགས་ལ་མཆོད་གཏོར་?་ལོ་བཤམས་ཏེ། བུམ ་པ་ལ་བཟླས་པ་དང་བྱིན་གྱིས་བརླབ་པ་བྱའོ། །རྫས་ནི་ཡུངས་ཀར་ཉི་མ་ལ་གདུངས་ནས་བཙིར་བའི་འབྲུ་མར་ལ་གཞན་དུ་བསྟན་པའི་མིག་སྨན་ལ་སྔགས་བདག་ཉིད་བརྟན་རྣལ་འབྱོར་པ་ཞེས་ལྷའི་ང་རྒྱལ་བརྟན་པས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ་ནང་པར་ཐོ་རངས་དེ་དག་ཀུན་ལ་དུམ་ཆུས་བཀྲུས་ཏེ་གོས་ཁ་དོག་དམར་བ་བསྐོན་ལ་མིག་ལ་མིག་སྨན་བྱུག་སྟེ། རལ་གྲི་གཙང་མ་འམ་མེ་ལོང་ལ་བུམ་པའི་ཆུས་བསང་གཏོར་བྱ་སྟེ། དེ་ལ་བརྟན་ན་དེའི་ནང་དུ་གང་ཡིན་པའི་གཟུགས་བརྙན་མཐོང ་ནས་སྨྲ་བར་བྱེད་དོ། །ཡང་ན་རྣལ་འབྱོར་པས་རང་གི་གཡོན་པའི་ཐེ་བོང་ལ་རྒྱ་སྐྱེགས་ཀྱི་ཁུ་བ་འམ། ཙི་ཏྭ་ཀས་བྱུགས་ལ་ཡང་ཡུངས་མར་གྱིས་ཀྱང་བྱུགས་པ་དེ་བསྟན་ཅིང། གང་མཐོང་ཞིང་སྣང་པ་གང་ཡིན་པ་ད་སྨྲོས་ཤིག་ཅེས་བརྗོད་པས ་པྲ་སེན་ནི་འབེབས་པར་བྱེད་ཅེས་གསལ་སྣང་དུ་འཆར་བར་འགྱུར་པའོ། །ཡང་མ་ཕེབས་ན་བསྐྱར་བ་ནི། སྔགས་པས་ལྷ་གསལ་བར་བསྒོམས་ནས་སྔགས་ལན་བདུན་བཟླས་ཤིང་བརྗོད་པས་ལྟས་བཟང་ངན་གང་ཡིན་པ་དགེ་བ་དང་མི་དགེ་བ་གྲུབ་པ་དང་མི་གྲུབ་པའི་མཚན ་མ་རལ་གྲི་དང་མེ་ལེང་དང་རྡོ་རྗེ་དང་རྒྱལ་མཚན་དང་ནོར་བུ་ལ་སོགས་པ་བདེ་ལེགས་འབྱུང་བ་སྟོན་པར་འགྱུར་བ་དང། ཡང་མི་དགེ་བ་སྟོན་པ་ནི་མདུང་ཐུང་དང་གསལ་ཤིང་ལ་སོགས་པ་མཐོང་ནས་སྨྲ་བར་བྱེད་པས། རྣལ་འབྱོར་པས་རྟོགས་པར་བྱའོ། །དེས་ལེའུའི་མཚན ་གཞུང་བསྟན་ནས། ང་ནི་ལེའུའི་མཚན་ནི། ཉེ་བའི་སྙིང་པོའི་ལས་བསྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ། །།གང་དུ་མཁའ་འགྲོ་མ་དྲུག་འཁོར་ལོའི་སྦྱར་བས་ལས་ཀྱི་གསང་བ་སྲེག་བླུགས་རབ་དབྱེ་བསྟན། །ཚར་བཅད ་རྗེས་འཛིན་ལས་ཀྱིས་ཞི་རྒྱས་དབང་བྱེད་ནུས་པ་གྲུབ་པའི་གསང་བ་རྗེས་སུ་བསྟན། དེ་ནས་ཕོ་ཉ་རྣམས་ཀྱི་མི་།ཡི་གེ་བདུན་པར་ལྡན་བསྒྲུབ་པ། །ཞེས་ལེའུ་འདིས་དཔལ་ཧེ་རུ་ཀ་ལ་གོ་ཆའི་དཔའ་བོ་དྲུག་གིས་བསྐོར་བའམ། ཡང་ན་ཕོ་བྲང་པདྨ་འདང་མ་ལྔ ་པའི་དབུས་སུ་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་འཁོར་ལྷ་མོ་ལྔས་བསྐོར་བ་སྟེ། དཔའ་བོ་འཆོལ་བར་བྱས་མྱུར་འགྲུབ་པ་སྟེ། མངོན་པར་རྟོགས་པ་ནི། སྔོན་དུ་འགྲོ་བ་བྱང་ཆུབ་སེམས་བསྐྱེད་པ་ནས། ཚད་མེད་པ་དང། ཚོགས་གཉིས་དང། སྟོང་པའི ་དང་ལས་འབྱུང་བའི་རིམ་པ་རི་རབ་ཀྱི་སྟེང་དུ། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་ལྔ་པའི་ལྟེ་བར། །ཉིན་ཟླ་པདྨ་ས་བོན་བམ་དང་རྡོ་རྗེ་གྲི་གུག་ལས་འོད་སྤྲོས་བསྡུས་པ་ལས་རྡོ་རྗེ་རྣལ་འབྱོར་མ་ཉི་མ་ལ་ཞབས་གཡས་བརྐྱང་བས་གནས་པ། ཞལ ་གསུམ་པ། ཞལ་རེ་རེ་ལ་མང་སྤྱན་གསུམ་གསུམ་མངའ་བ། སྐུ་མདོག་མེ་ཏོག་བན་དུ་རིཀ་ལྟ་བུ་ལ། གཡས་གསེར་འོང། གཡོན་མརྐཏ་ལྟ་བུ། ཕྱག་དྲུག་པའི་དང་པོ་གཉིས་གྲི་གུག་ཐོད་པ། བར་མ་གཉིས་ཚངས་མགོ་དང། ཁཊཝཱི་ག། ཐ་མ་གཉིས ་ན་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ། རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའོ། །མདུན་ཕྱོགས་ན། ཡ་མི་ནི་མཐིང་ཀ། རྨོངས་བྱེད་མ་དཀར་བ། སྐྱོང་བྱེད་མ་སེར་པ། སྐྲག་བྱེད་མ་ལྗང་ཁུ། ཙཎྜི་ཀ་དུད་ཀ་སྡེ་ཀུན་ཀྱང་ཞལ་གཅིག ་ཕྱག་བཞི་མ། དང་པ་གཉིས་ཀྱི་གྲི་གུག་དང་ཐོད་པ། འོག་མ་ཁ་ཊཝཱཾ་དང་ཌ་མ་རུ་སྒྲོགས་པ་།རྒྱན་ཆ་ལུགས་རྫོགས་པར་བལྟའོ། །དེ་དག་ལ་ཆོ་ག་ཡན་ལག་རྫོགས་པར་བྱས་ལ་བཟླས་པའི་རྣལ་འབྱོར་བྱའོ། །དེའི་འཁྲུལ་འཁོར་ནི་དབུས་ཀྱི་པདྨའི་ལྟེ་བ ་ལ་ཨོཾ་བི་དབང་དུ་བྱེད་པ་མིང་སྐུལ་ཚིག་དང་བཅས་པའོ། །འདབ་མ་ལྔ་པོ་ལ་ཧཾ་ཡོཾ་ལ་སོགས་པ་རིམ་པས་སོ། །མུ་མཁྱུད་ནང་མ་ལ་ཨཱ་ལི་དང། དེའི་ཕྱིར་འཁོར་ལོ་རྩིབས་དྲུག་པ་ལ་ཤར་དུ་ཨོཾ་ཧྲཱི?་དང་འབྲུ་རེ་རེ་རིམ་པ་བཞིན་དུའོ། །ཕྱིའི་མུ་ཁྱུད་ལ་ཀཱི་ལ་དང་རྡོ་རྗེ ་ཕྲེང་བ་དང་མེ་འོད་ཀྱིས་འཁོར་བའོ། །ཐམས་ཅད་ཤར་ནས་བྱང་དུ་བསྐོར་བར་བཀོད་པ་ཉིད་ཀྱིས་ཙན་དན་དང་རྒྱུ་སྐྱེགས་ཀྱིས་བྲི་བར་བྱའོ། །འཁྲུལ་འཁོར་དེ་ཉིད་ལ་གཡོན་པའི་འཁོར་ལོ་བསྐུལ་དང་ལྡན་ཞེས་པ་ལ། ལྟེ་བ་གེ་སར་ལྡན་པ་ཡི། །པདྨ་འདབ ་མ་དྲུག་པ་བྲི། །ཟླ་བ་བཟང་པོ་ཉེར་བྲིས་བརྒྱན། །རྡོ་རྗེའི་ཕྲེང་བས་རྣམ་པར་བསྐོར། །དེ་ཡི་ཕྱི་རོལ་འཁོར་ལོ་སྟེ། །སྟོན་ཀའི་ཟླ་ལྟར་དྲི་མ་མེད། །ཡི་གེ་མཆོག་ནི་རྣམ་པ་བདུན། །ལྷ་མོ་མཆོག་གི་རྣམ་པ་སྟོན། །ཞེས་པའི་དོན་ཏོ། །ངེས ་ལེའུའི་མཚན་གཞུང་བསྟན་ནས། །ད་ནི་ལེའུའི་མཚན་བསྟན་པ་ནི། རྣལ་འབྱོར་མ་དྲུག་གི་ཡི་གེ་འདུན་གྱི་ལས་ཀྱི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་བཞི་པའོ།། །།ལྷ་མོ་རོ་ལྡན་ལས་ཀྱི་འཁྲུལ་འཁོར་རིག་པ་ལས་ནི་གྲུབ ་བ་ཕྲིན་ལས་ཐུན་མོང་ཁྱད་པར་མཆོག་ཏུ་བརྟགས་པས་བྱ། །དེ་ཉིད་རྩོད་དུས་ཕྱི་མར་བདུན་འགྱུར་རྣམ་ཤེས་ཡེ་ཤེས་ལས་ནི་རིམ་དང་ཅིག་ཅར་གྲུབ་པར་འགྱུར། །དེ་ལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་དཔའ་མོ་གོ་ཆའི་ཕྲིན་ལས་སྟོན་པ་ནི། ་དེ་ནས་ལས་ཀྱི་རབ་མཆོག་ནི། །དག་གི་དངོས་གྲུབ་བྱེད་པའོ། །ཞེས་པ་ལ་སོགས་པ་ཕྱི་དང་ནང་གི་བྱེ་བྲག་གིས་རྣལ་འབྱོར་པས་ལྷའི་རྣལ་འབྱོར་དང། དེ་ཁོ་ན་ཉིད་ཀྱི་བསམ་གཏན་དང་ལྡན་པས། སྤྱོད་པའི་ཆུལ་མཉམ་གཞག་ཆེན་པོའི་གསང་སྤྱོད་གྲུབ་པའི་དབང ་ཕྱུག་ཏུ་གྱུར་པས། ངག་གི་དབང་ཕྱུག་ཆེན་པོ་ཐོགས་པ་མེད་པས་ས་སོ་ཡང་དག་པར་རིག་པ་ཐོབ་པར་བྱ་བ་སྟེ། དེ་ཉིད་ལ་པུ་ཤའི་སྦྱོར་བ་ཁྱད་པར་དུ་རྡུལ་ཕྲ་རབ་ཏུ་བྱ་བས་མ་ཏོག་ལ་བསྟེན་པས། །པུ་ཤའི་སྦྱོར་བ་ནི་ནུས་པ་མཆོག་ཏུ་དང། རླུང་དང་རྣམ་ཤེས ་གཉིས་མེད། ལྷ་དང་སྔགས་ཐ་མི་དད་པས། རྫས་དད་ལུས་ངག་གི་བྱེད་པས་མྱུར་དུ་གྲུབ་པར་བྱེད་པའོ། །དགུག་པའི་སྦྱོར་བ་ལས། གཟུགས་བརྙན་གྱི་བྱེད་པས་ལྷའི་ཆོ་གས་བསྐུས་པ། ཙན་དན་ལས་མེ་ལ་གདུང་བའི་བྱེད་པས་རྒྱལ་པོ་བསྐུལ་བ་དང། སྤྲ་ཚིལ ་ལས་བྱས་པའི་བྱེད་པས་འཁོར་ལོ་སྒྱུར་བའི་རྒྱལ་པོ་དགུག་པས། སྦྱིན་སྲེག་གི་ཁྱད་པར་གྱིས་གང་དང་གང་ལ་དམིགས་པ་དབང་དུ་བྱ་བ་དང། གསང་བའི་སྦྱོར་བས་ཕོ་ཉ་བསྐུལ་བ། གང་ལ་དམིགས་པ་དང། དབང་དུ་བྱ་བས་མྱུར་དུ་གྲུབ་པའོ། །མངོན ་འགྱུར་ནི་ཡོངས་གྲུབ་སྟེ་བདེ་བ་ཆེན་པོའོ། །ཐ་མལ་པ་སེམས་ནི་ལྡག་པ་ནི་ཀུན་བརྟགས་རབ་ཏུ་ཞི་བའོ། །གཞན་དབང་ཡན་ལག་ནི་མི་གཡོ་བས་སྐྱེ་བོའི་ངོ་བོ་ཉིད་མེད་པའོ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡན་ནི་ཐབས་ཤེས་རབ་དབྱེར་མེད་མི་གནས་པའི ་དོན་ཏོ། །དབང་དུ་བྱེད་པ་སྐད་ཅིག་གིས་ནི་ཧེ་རུ་ཀ་རྣམ་ཐར་སྒོ་རྣམ་དག་ཡེ་ཤེས་གྲུབ་པ་ཉིད་དོ། །དེ་ལ་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་རབ་ཏུ་བསྟོད་པར་གྱུར་པ་ནི། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོ་བྱེ་བའི་གཙོ་མོ་སྟེ། །ཉི་མ་འབུམ་གྱི་འོད་མཉམ་གྱི ་རྡོ་རྗེ་གཡས་པའི་ཕྱག་རྣམས་བརྒྱན། །བ་ཊཝཱཾ་མགོ་བོ་ཐོད་ཁྲག་ནི། །གཡོན་པས་བདེ་སྟེར་རབ་ཏུ་གྲགས། །དུས་མཚན་དྲག་པོ་མཉམ་མནན་ཞིང། །གར་ཐབས་རེ་ཡིས་ཉེ་བར་བརྒྱན། །མཆེ་བཞི་གཙིགས་པས་བདུད་འཇོམས་ཤིང། །བནདྷ་ཛྲི་ཀྲ་མེ་ཏོག ་འབར། གཤིན་རྗེ་མ་ཚོགས་རྣལ་འབྱོར་མ། །པདྨའི་འདབ་མར་གནས་པས་བརྒྱན། །ལྟེ་བའི་དབུས་མས་འབྱུང་ཞིང་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །མཁའ་འགྲོ་ཐམས་ཅད་དབང་སྡུད་མཛད། །གཏུམ་མོ་དེ་ལ་ཕྱག ་འཚལ་ལོ། །སྲིད་ཞི་མྱ་ངན་འདས་སྡུད་ཅིང། །སྲིད་ནི་མྱ་ངན་འདའ་མི་གནས། །འབར་བྱེད་ལུས་ལས་དཀྱིལ་འཁོར་སྤྲོ། །ཉི་ཤུ་རྩ་བཞི་ལུས་ཅན་སྐུ། །རྡོ་རྗེ་ཕྲེང་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་རྣམ་བརྒྱན་ཅིང། །ལྷ་རྫས་བདེ་བས་མྱོང་བ་ཡི། །འཇིག ་རྟེན་སྐྱོང་རྣམས་ཕྱག་འཚལ་བདུད། །གང་གཞན་ཕོ་ཉ་ལྷ་མོའི་ཚོགས། །ཐལ་མོ་སྦྱར་བས་གུས་འདུད་ཅིང། །སངས་རྒྱས་ཀུན་གྱི་ཡུལ་འདི་ནི། །རྫུ་འཕྲུལ་དངོས་གྲུབ་མཆོག་རྣམས་སྩོལ། །ལྷ་མི་ཐར་པའི་དོན་དུ་ནི། །ཁྱོད་ཉིད་ལ་ནི་སྐྱབས་སུ་མཆི། ། ་སྙིང་རྗེས་ཞུ་བའི་སེམས་ཀྱིས་ནི། །ལྷ་ཡི་སྤྱན་གྱིས་རྣམ་གཟིགས་ནས། །དེ་ལ་མཆོད་ཅིང་གསོལ་དོན་དུ། །ཕྱོགས་བཅུ་དག་ཏུ་རྣམ་བཞུགས་ཤིང། །བློ་ཆེན་ལྡན་པའི་སྒྲུབ་པ་པོ། །དངོས་གྲུབ་མཆོག་ནི་སུ་གནས་ཤེས། །མཁའ་འགྲོ་མ་ཚོགས་ལྷན་ཅིག ་ཏུ། །ཕྱག་རྒྱའི་དངོས་གྲུབ་སྩོལ་མཛད་པའི། །རྡོ་རྗེ་རྣལ་འབྱོར་མ་ཕྱག་འཚལ་ཞེས་པ། །རྡོ་རྗེ་ཕག་མོ་ལ་མཚན་བརྒྱ་རྩ་བརྒྱད་པ་བ་བསྡོམ་པ་ལས་བྱུང་བའི་བསྟོད་པའོ། །ད་ནི་ལེའུའི་མཚན་ནི། རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་ལུང་བསྟན ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པ་རྣམ་པར་བཤད་པའོ།། །།གསང་བ་ཧ་ལྔ་མཁའ་འགྲོ་ལྔ་ཡི་འཁོར་ལོ་ཕྱི་ནང་ལྡན་པས་ལས་ཀྱི་རབ་དབྱེ་སྤྱི་བྱེ་བྲག། གང་དཱུང་རྟེན་འབྲེལ་ལུས་ངག་ནུས་པ་ཏིང་འཛིན་ལྡན་པས་རླུང་གི་སྦྱོར་བས ་མངོན་དུ་འགྱུར། །འདི་ནི་ལེའུ་དང་པོར་སྔགས་བཟླས་ཀྱི་དོན་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་ཅན་གྱི་ཕྲིན་ལས་སྟོན་པ་ལ། དེ་ནས་ཡི་གེ་ཧ་ལྔ་ཡི། ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ་ཞེས་སྨོས་ཏེ། རྣལ་འབྱོར་པས་རྡོ་རྗེའི་ལུས་ཀྱིས་རྩ ་འཁོར་ལ་ལྔར། དུག་ལྔའི་རྟོག་པ་སྦྱོང་བ་སྟེ། ཧི་སྤྱི་བོར་འཁོར་ལོ་དཀར་པོ། ཧོ་མགྲིན་པར་པདྨ་འབར་བ། ཧེ་སྙིང་གར་རྡོ་རྗེ་སྔོ་བ། ཧཱུཾ་ལྟེ་བར་རིན་པོ་ཆེ། ཧ(རྒྱུད་འགྲེལ་པའི་ཤོད་པ་ལ། །དེ་ཉིད་ཀྱི་ཁྲག་གིས་འཁོར་ལོ་བྲི་བ་ནི། དབུས་སུ་པདྨ་འདབ་མ་ལྔ་ལ་ཧ་ལྔ་བཀོད། དེའི་ལྟེ་བ་ལ་གང་ལ་དམིགས་པའི་བསྐུལ་ཚིག་དང་བཅས་པ་བྲི། མུ་མཁྱུད་ནང་མ་ལ་ཨཱ་ལི་བྲི། དེའི་ཕྱིར་འཁོར་ལོ་རྩིབས་དྲུག་ལ་དཔའ་བོའི་ཆོ་ག་དྲུག་བྲི། མུ ་ཁྱུད་ལ་ཀཱ་ལི་གཡོན་བསྐོར་དུ་བྲི་བས་མཐར་འོད་ཕྲེང་ཅན་ནོ། །རྣལ་འབྱོར་མ་གཙོ་བོར་བྱེད་པས་ནི། ལུས་ཀྱི་གནས་ལྔ་པོ་ལ་སངས་རྒྱས་ཌཱ་ཀི། པདྨ་ཌཱ་ཀི་རྡོ་རྗེ་ཌཱ་ཀི། རིན་ཆེན་ཌཱཀི་།སྣ་ཚོགས་ཌཱ་ཀི་ལས་འོད་སྤྲོ་བསྡུ་བྱ་བས་གང་ལ་དམིགས་པ་ལས་དགུག་བསྟིམ་བྱ་བ་ལན ་སྟོང་གིས་ངེས་པར་འགྲུབ་པ་སྟེ། ལག་པའི་འཁོར་ལོ་ཡང་དེ་ཉིད་ཀྱིས་སོ། །དེའི་དུས་སུ་མཆོད་པ་དང་གཏོར་མ། ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བས། མཁའ་འགྲོ་ལྔ་འཁོར་དང་བཅས་པས་མྱུར་དུ་འགྲུབ་པའི་དབང་ཕྱུག་ཐོབ་པ་ནི། ཕྱི་དང་ནང་དུ་ཁྱད་པར་དུ་དམིགས ་པ། རླུང་གི་སྦྱོར་བ་དང་ལྡན་པས་ངེས་པར་འགྲུབ་པ་ནི་དཔལ་ཀ་ཙ་ཏའི་བཞེད་པའོ། །ལེའུའི་མཚན་ནི་ཡི་གེ་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་དྲུག་པ་རྣམ་པར་བཤད་པའོ། །།དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་ཡི་སྙིང་པོ་ཉེ་སྙིང་དང ་བཅས་གསང་བའི་སྔགས་ཀྱི་འཁོར་ལོ་རྒྱས་པ་བརྗོད་པ་སྦས་པ་ཡི། །རྩ་བའི་གསང་སྔགས་མཁའ་འགྲོ་རིག་པས་ཡ་ཕྲག་ནི་ཉེར་བཞི་བྱེ་བ་ལས་ནི་དུར་ཕྱུང་ནས་ལས་རྣམས་དྲ་བ་སྡོམ་པ་རྒྱ་མཚོའི་གསང་བ་མ་ལུས་འདིར་ནི་དམ་ཚིག་ལྡན་པས་སྤྱོད་པ་གང། འབྱུང ་འཇུག་གནས་པ་གཅིག་གྱུར་རྡོ་རྗེའི་གནས་ལས་ཐམས་ཅད་ས་གསུམ་པར་གྲུབ་འགྱུར། །འདིར་ལེའུ་དང་པོ་ལས་ཀྱང་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས་པའི་དོན་རྒྱས་པར་བསྟན་པ་ལས། སྔགས་བཟླས་བསམ་གཏན་ལ་སོགས་ལྡན་པ་ཉིད་དཔལ་རྡོ་རྗེ ་རྣལ་འབྱོར་མའི་མངོན་པར་རྟོགས་པ་བསྟན་པའི་ཕྱིར། དེ་ནས་ཡང་དག་བཤད་བྱ་བ་ཞེས་སྨོས་ཏེ། རྗེ་བཙུན་མའི་དཀྱིལ་འཁོར་བྱེ་བྲག་ཏུ་གསལ་བར་རོ། །མཁའ་འགྲོ་ཀུན་ནི་གནས་གསུམ་གྱིས་བསྡུས་པའི་རིགས་ལྔ་འམ། བདུན ་གྱིས་བསྡུས་པའི་རྣལ་འབྱོར་མ་ཐམས་ཅད་དོ། །སྙིང་པོ་ཉིད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དམ་ཚིག་ལ་གནས་པ་མྱུར་དུ་སྐུལ་བར་བྱེད་པ། འདི་ནི་བརྗོད་པ་ཙམ་གྱིས་ཀྱང་ཞེས་ཤིན་ཏུ་མྱུར་བ་ཉིད་དུ་ཐུགས་རྗེ་ཆེན་པོས་བརྩེ་བར་དགོངས་པས་རྟག་ཏུ་བྱིན ་གྱིས་རློབ་པའོ། །འདིར་ནི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐམས་ཅད་སྐྱེད་བྱེད་ཡིན་པ་ནི་མཁའ་སྤྱོད་དང་ས་སྤྱོད་དང་ས་འོག་སྤྱོད་པ་མ་ལུས་པའི་སྙིང་པོ་རྩ་བའི་གསང་སྔགས་ཕུལ་དུ་བྱུང་བ་སྟོན་པའོ། །དེ་ཡང ་དཀྱིལ་འཁོར་གྱི་རིམ་པ་ནི། རྗེ་བཙུན་མ་ལ་ལྷ་མོ་སུམ་ཅུ་རྩ་བདུན་པོས་ཡོངས་སུ་བསྐོར་བ་འམ། ཡང་ན་ལྷ་ཚོགས་བཅུ་དགུ་པའི་དཀྱིལ་འཁོར་ལས། མངལ་སྐྱེས་ཀྱི་སྒོ་ནས་སམ། ཡང་ན་རྫུས་སྐྱེས་རིམ་པས་སྙིང་པོའི་རྣལ་འབྱོར་མ་བཞི་དང་འཁོར ་ལོས་རྩིབས་དྲུག་ལས་ལྷ་མོ་དྲུག་དང། སྒོ་མཚམས་མ་བརྒྱད་དེ། དེ་ཉིད་བསྒོམ་པ་བསྟན་ལ། ཡང་ན་ནི་ཐུགས་ཀྱི་འཁོར་ལོའི་བརྒྱད་དམ། ཡང་ན་གསུང་གི་བརྒྱད་ཀྱིས་སམ། ཡང་ན་སྐུའི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཡང་རུང་བའོ། །དེ་ཡང ་རྣལ་འབྱོར་པས་སེམས་བསྐྱེད་ཅིང། སྒོ་གསུམ་སྦྱངས་ཚོགས་གཉིས་སྔོན་དུ་འགྲོ་བས། སྲུང་བའི་འཁོར་ལོ་ཆེན་པོའི་ནང་དུ། འབྱུང་བ་རྣམས་ཀྱི་རིམ་པ་ལས། རིའི་རྒྱལ་པོ་རི་བོ་མཆོག་རབ་གནས་ཀྱི་སྟེང་དུ། སྣ་ཚོགས་པདྨའི་ལྟེ་བར་ཉི་མ་ལ ་གནས་པའི་མངོན་པར་བྱང་ཆུབ་ལྔ་ལས། རྡོ་རྗེ་ཕག་མོ་མངོན་འབྱུང་ལྟར་ཞལ་བཞི་མ་བསྐྱེད་པའམ། ཡང་ན་ཞལ་གསུམ་ཕྱག་དྲུག་མ་འམ་ཞལ་གཉིས་མའམ། ཞལ་གཅིག་ཕྱག་བཞི་མའི་སྐུ་བསྐྱེད་ཅིང། བདེ་ཆེན་ཌཱ་ཀི་བཞི་དང། རྣལ་འབྱོར་མ ་དྲུག་པོ་ནི་གཡོན་ནས་བསྐོར་བ་སྟེ། ཧེ་ལ་ཀི་མཐིང་ཀ་དང། རྡོ་རྗེ་འཇིགས་མ་གསེར་མདོག་དང། རྡོ་རྗེ་གཏུམ་མོ་བན་དུ་རི་ཀ་ལྟ་བུ་དང། རྡོ་རྗེ་ཉི་མ་ལྗང་བ་དང། རྡོ་རྗེ་དྲག་མོ་དུང་ཀ་དང། རྡོ་རྗེ་མཁའ་འགྲོ་དུང་མདོག་ཅན་ནོ། །རྣལ་འབྱོར་སྒོ་མཚམས་མ་བརྒྱད་དད་ལྡན ་པ་བསྐྱེད་ཅིང། ཆོ་ག་ཡན་ལག་རྫོགས་པར་བྱེད་པ། སྤྱི་དང་མཐུན་པ་ཤེས་པར་བྱས་ལ། རྫོགས་རིམ་བསྒོམ་པས། མཉམ་ལངས་དུས་སུ་ལས་རབ་འབྱམ་ལ་དམིགས་པ་སོ་སོར་བྱས་པས་འཁྲུལ་འཁོར་སྔགས་དང་ལྡན་པས་འགྲུབ་ལ། དེ་ལ་ཁྱད་པར་དུ་རྩ་བའི ་རིག་པ་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་བ་ཏེ། བཛྲ་བཱ་རཱ་ཧི་བཾ། ཨཱརྱ་ཨ་པ་རཱ་ཛི་ཏེ། ཏྲཻ་ལོཀྱ་མཱ་ཏེ་མཧཱ་བི་དྱེ་ཤྭ་རཱི། སརྦ་བྷཱ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྲེ། བཛྲ་ཨཱ་ས་ནེ། ཨ་ཇི་ཏེ། ཨ་པ་རཱ་ཛི་ཏེ། པ་ཤྱད་ཀ་རི་ཎེ་ཏྲ་བྷཱ་མ་ཎི། ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནེ། སཾ ་ཏྲཱ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་བི་ཛ་ཡེ། ཛཾ་བྷ་ནི། སྟཾ་བྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧི། མ་ཧཱ་ཡོ་གྲ་ནི། ཧེ་ཀཱ་མེ་ཤྭ་རི། ཁ་གེ་ཤཙཾ། ཏདྱ་ཐཱ། ཨོཾ་ཤྲཱི་པྲོ་ཏདཀེ་པྲོ་ཏདཀེ། ཧ་ན་ཧ་ན་པྲཱཎཱ། ཀི་ཀི་ནི། ཁཾ་ཁཾ་ནི། དྷུ་རྒཝ་དྷུ་ན། བཛྲ་ཧ་སྟེ། ཤོ་ཁ་ས་ཤོ་ཐ་ཡ་བཛྲ་ཀ ་པཱ་ལ། ཁཌཝཱཾ་ག་དྷཱ་རི་ཎི། མཧཱ་པི་སི་ཏ། མཱཾ་སཱ་ཤ་ནི་མ་ནུ་ཥྱཱ་ནཱ། པྲ་བྲི་ཏི། སནྣི་དྷཡཾ། ན་ར་ཤི་རོ་མཱ་ལཱ་གྲནྠི་ཏ། དྷཱ་རི་ཎི། སུཾ་བྷ་ནི་སུཾ་བྷ། ཧ་ན་ཧ་ན་པྲཱ་ཎཱཾ། སརྦ་པཱ་པཾ་སཏྭཱ་ཎཱཾ། སརྦ་པ་ནཱུ་ཎཱཾ། མཧཱ་མཱཾ་སཙྪེ་ད་ནི། སྨྲི་ཏཱི་ཀྲོ་དྷ་མཱུརྟེ། དཾཥྚཱ་ཀ་རཱི་ལ་ནི། མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱ། ་ཨགྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་སེ་ཧ་སྲ། ཨཱ་ན་ནེ། ཛཝ་ལི་ཏ་ཏེ་ཛ་སེ། ཛཝ་ལ་མུ་ཁེ། བཾ་ག་ལ་ལོ་ཙ་ནེ། བཛྲ་ཨཱ་ས་ནེ། བཛྲ་ཤ་རཱི་རེ། མི་ལ་ཏེ། ཙི་ལོ་ཏ། ཧེ་ཧེ་ཧཱ:ཧཱ(རྒྱུད་འགྲེལ་ཨ་དྷ་རི་ཎི་ཤེ་བྷྲ་མཎ། མཧཱ་ཡོ་གི་ནི་པ་ཐི་ཏ་སིདྡྷི། དྲཻཾ་དྷཾ་དྲཻཾ་དྷཾ། ཧི་གྲཾ་གྲཾ་ཧེ་ཧེ་ཧ་ཧ། བྷཱཾ་མེ། ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ་ཧོ(རྒྱུད་འགྲེལ་མེ་ཁ་ལེ། གྲ་ས་གྲ་ས་ཧུཾ་ཧཱུཾ་ཕཊ། བཱི་དྲཱ་དྭཻ་ཏེ་ཧུཾ་ཧཱུཾ་ཕཊ། ཧཱ:ཧཱ(རྒྱུད་འགྲེལ་ཕཊ། ཧུཾ་ཧཱུཾ་ཕཊ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། །ད་ནི་ལེའུའི་མཚན་ནི། སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།གང་ཞིག་དེ་ནི་གསང་བ་རྣལ་འབྱོར་ཙམ་གྱིས་བདེ་ཆེན་ཕྱི ་ནང་འཇིག་རྟེན་གསུམ་པོ་ཏིང་ངེ་འཛིན་གྱིས་གཡོ་བར་བྱེད། །ལྷ་དང་སྔགས་ཀྱི་དེ་ཉིད་རྗེས་སུ་དྲན་པ་ཙམ་གྱིས་ཀྱང་ནི་ཡང་དག་ལྟ་བ་མཆོག་འགྱུར་འཐོབ། །སངས་རྒྱས་མཁའ་འགྲོ་རྡོ་རྗེ་དང་ནི་དེ་བཞིན་གཤེགས་པས་རྒྱས་བཏབ་བྲམ་ཟེ་རྒྱལ་རིགས་དག ་ལས་སྟེ། །རྟོག་བཅས་དག་པས་ཕག་ཞལ་རྡོ་རྗེའི་ཞལ་མངའ་རིགས་ཀྱི་བདག་མོ་ད་ལས་དུ་མའི་རྣམ་པར་བསྟན། །འབྲས་བུ་དང་ནི་ཐབས་ལས་མཆོག་སྟེ་རང་བཞིན་རྒྱུད་འདི་རྒྱལ་བ་རྒྱ་མཚོ་ཀུན་གྱི་གནས་གྱུར་པ། །བརྗོད་བྱ་དོན་རྒྱས་བསྡུས་པ་ཚིག་གི ་བརྗོད་བྱེད་རབ་འབྱམ་ཉུང་དུ་སྤྲོ་བསྡུའི་དབྱེ་བས་ཟབ་དང་རྒྱ་ཆེ་ཉིད། དེ་ནས་ཞེས་བྱ་བ་སྨོས་ཏེ། འདི་ཉིད་ཀྱི་བཅོམ་ལྡན་འདས་མའི་སྙིང་པོ་ཉིད་ཉེ་བའི་སྙིང་པོའི་ཕྲིན་ལས་བསྟན་ཅིང། དཀྱིལ་འཁོར་རིགས་ཀྱི་སྙིང་པོ་དང་རིགས་བསྡུས་ཀྱི་འཁོར་ལོ ་དང། དེ་དག་ཡེ་ཤེས་བདེ་ཆེན་གྱི་འབྱུང་གནས་སུ་བསྟན་པ་ལས། གཞན་ཡང་བཤད་བྱ་བ་ནི་མངོན་པར་རྟོགས་པ་རྡོ་རྗེ་གསང་བ་གྲུབ་པ་བསྟན་པའོ། །མཁའ་འགྲོ་ཀུན་གྱི་བླ་ན་མེད་པའི་ཡེ་ཤེས་མཆོག་དགེ་བའི་དོན་ཕུན་སུམ་ཚོགས་པ་བསྒྲུབས ་པའོ། །སྙིང་པོ་འདི་ནི་དབྱིངས་ཀྱི་ངང་ལ་གནས་པའི་སྐུ་གསུང་ཐུགས་བསྐུལ་བ་རྣལ་འབྱོར་མ་རྣམས་ཀྱི་གཙོ་མོར་གྱུར་པ་རྡོ་རྗེ་རྣལ་འབྱོར་མ་སྟོང་པ་ཉིད་སྙིང་རྗེའི་བདག་ཉིད་ཅན་ནོ། །དེ་ལ་གུས་པའི་རྣལ་འབྱོར་པའི་འདོད་དོན་ཐམས་ཅད་དུ་སྒྲུབ་བྱེད་པ་མི ་ལས་དངོས་གྲུབ་རྒྱ་མཚོ་མྱུར་དུ་ཐོབ་པར་བྱེད་པའི་དོན་ཏོ། །ཁམས་གསུམ་གྱི་དབང་ཕྱུག་ཏུ་གྱུར་པར་བསྟན་པའི་ཕྱིར། གང་ཞིག་དྲན་པ་ཙམ་གྱིས་ནི་རྣལ་འབྱོར་པས་ལྷ་དང་སྔགས་ཀྱི་གསང་བ་བ་ཉིད་དོ། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་ནི་ས་འོག་ས ་སྟེངས་ས་བླའི་ལྷ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་སྟེ། རྗེས་སུ་དྲན་པ་ཙམ་གྱིས་ཀྱང་ནི་གསང་བའི་སྤྱོད་པ་ལ་གནས་པའི་ཁྱད་པར་གྱིས་ཏེ། དབང་པོ་རབ་འབྲིང་རྣམས་ལ་སྟེ། བསྐྱེད་པའི་རིམ་པར་ལྷ་ལ་གནང་བ་ཐོབ་ཅིང། རྫོགས་པར ་རྟགས་འགའ་ཐོན་པས་སོ། །ལས་ཆེན་ཐམས་ཅད་དང་གྲུབ་པ་བརྒྱད་ལ་སོགས་པའི་ཡང་དག་པའི་ཡེ་ཤེས་ཀྱི་དོན་དངོས་གྲུབ་རྣམས་རིམ་བཞིན་སྟེར་བར་འགྱུར་བ་ནི། ཕྱག་རྒྱ་ཆེན་པོའི་མཆོག་འགྲུབ་པའོ། །ལྷའི་རྣལ་འབྱོར་དང་ལྡན་པའི་ངང་ལས་གསང་སྔགས་གོ ་ཟློག་ཏུ་བསྟན་པ་ནི། ཧཱ་སྭཱ་ནས་ཨོཾ་གྱི་བར་དུ་བསྟན་པ་སྙིང་པོ་གསང་བ་བསྟན་པའོ། །ནུས་པའི་ཁྱད་པར་ནི། སྔགས་འདི་བཀླགས་པར་འགྲུབ་པ་སྟེ་ཞེས་རྡོ་རྗེ་ལྟར་ཐོགས་པ་མེད་པའོ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན་ཞེས་ཐོག་མཛའ་བར་དུ ་མི་འགྱུར་བའོ། །འདིའི་འཁྲུལ་འཁོར་གྱི་སྦྱོར་བ་ནི། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་དཀྱིལ་འཁོར་གྱི་རྣམ་པ་ལས་བསྒོ་བཞི་དང་བཅས་པའི་དུར་ཁྲོད་ལ་རྡོ་རྗེ་ར་བ་དང་མེ་འོད་ཕྲེང་བས་བསྐོར་བ་བྱ། ལྟོ་བ་ལ་པདྨ་འདབ་མ་བཅུ་པ་ལ་སྔགས ་དགོད་པ་སྟེ། དབུས་སུ། ཨོཾ་བཾ་ཧཱུཾ། ཤར་ནས་གཡོན་སྐོར་དུ་འདབ་མ་རེ་ལ་ཡིག་འབྲུ་གཉིས་གཉིས་དགོད་པར་བྱ་བ་སྟེ། དབུས་སུ་ཕྲིན་ལས་གང་བསྒྲུབ་པའི་མིང་སྤེལ་བསྐུལ་ཚིག་དང་བཅས་པ་དགོད་པར་བྱ། དེ་ལ་ལྷ་མོ་རྣམས་ཀྱི་འཁོར་ལོའི ་དམ་ཚིག་པ་སྐྱེད། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། དབང་སྐུར་རྒྱས་གདབ། མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་ཡིག་འབྲུ་ལྷ་མོ་ཐམས་ཅད་བསྟིམ་པས་འོད་འབར་བར་བལྟའོ། །རྡོ་རྗེ་རྣལ་འབྱོར་མ་འཁོར་བཅས་པའི་ཕྲིན་ལས་འདིར ་བསྡུ་བར་བསྟན་པའི་ཕྱིར། མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་ནི་རིགས་བདུན་གྱིས་བསྡུས་པ་དེ་དག་གོ་།དུམ་སྐྱེས་ལཱ་མ་ལ་སོགས་པ་ནི་སྙིང་པོའི་བདེ་ཆེན་གྱི་ཌཱ་ཀི་དག་གོ་།མཁའ་འགྲོ་མ་ནི་ཐམས་ཅད་ཀྱི་ཞེས་རྣལ་འབྱོར་མ་སུམ ་ཅུ་རྩ་གཉིས་ཐམས་ཅད་བསྡུས་པའི་ས་བོན་གྱི་སྔགས་ནི་འདི་ཉིད་ཡིན་པར་གྲགས་པ་བླ་ན་མེད་པ་ངེས་པར་མྱུར་དུ་གྲུབ་བྱེད་ཀྱི་སྙིང་པོ་ཉིད་དོ། །ས་འོག་ནི་སྐུའི་ཌཱ་ཀི་རྣམས་ཀྱིས་ཀླུ་ལ་སོགས་པས་ཕྲིན་ལས་བསྒྲུབ་པ། ཡང་ན་མཐོ་རིས་སམ་ནི་མཁའ་སྤྱོད ་ཐུགས་ཀྱི་ཌཱ་ཀི་རྣམས་ཀྱི་ལྷའི་ཕོ་ཉས་སོ། །དེ་བཞིན་མི་ཡུལ་དག་ཏཱུང་ཞེས་ས་སྤྱོད་གསུང་གི་ཌཱ་ཀི་རྣམས་ཀྱིས་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་བྲན་དུ་བཀོལ་བའི་ཕོ་ཉས་ཕྲིན་ལས་སྣ་ཚོགས་བྱེད་པའོ། །ལས་ནི་གང་དག་ཡོད་པ་རྣམས་ཤེས་པ ་ལས་ཆེན་བཅུ་གཉིས་དང། བསྡུས་པ་ཕྲིན་ལས་ས་བཞི་ལ་སོགས་པ་གྲུབ་པར་བྱེད་པའོ། །སྔགས་ཀྱིས་དེ་དག་ཐམས་ཅད་འགྲུབ་པར་འགྱུར་བ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གསང་བའི་འཁོར་ལོ་བསྟན་པ་སྟེ། དེ་ཡང་སྙིང་པོའི ་རྣལ་འབྱོར་མ་བཞི་གོ་ཆའི་ལྷ་མོ་དྲུག་སྒོ་མཚམས་མ་བརྒྱད་དེ་རྣལ་འབྱོར་མ་བཅུ་དགུའི་དཀྱིལ་འཁོར་སྒོ་བཞི་རྟབས་དང་ལྡན་པ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བ་སྟེ། དེའི་ཆོ་ག་ཡོངས་སུ་རྫོགས་པ་མཉམ་རྗེས་ལམ་དུ་བྱ་བ་བསྟན་པའོ། །འདི་ལས་ཤིན ་ཏུ་མཆོག་འགྱུར་གང་ནི། ཡེ་ཤེས་ཟག་པ་མེད་པའི་མཁྱེན་པ་དང། བདེ་བ་ཆེན་པོ་མི་འགྱུར་བའི་གསང་བ་བསྟན་པའོ། །འཇིག་རྟེན་གསུམ་ནི་ཕྱིའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ནུས་པ་ཡང་འདིར་འདུས་ལ། ནང་གི་ནི་དུག་གསུམ་དག་པའི ་ཉམས་སྣང་ཉིད་ལས་ཕྱི་རོལ་ན་ཅི་ཡང་མེད་པར་སྒྲོ་འདོགས་ཆོད་པའོ། །གསང་ཆེན་བདེ་བ་མཆོག་གི་དངོས་གྲུབ་གྲུབ་པ་གང་ཕྱིར་འདི་ནི་བླ་མེད་དེ་ཞེས་ཐབས་ཤེས་རབ་ཐ་མི་དད་པའི་སྙིང་པོའོ། །ལས་རྣམས་མ་ལུས་གྲུབ་བྱེད་ཡིན་ཞེས་ལས་དང ་དངོས་འགྲུབ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབང་ཕྱུག་ཕུན་སུམ་ཚོགས་པ་བསྟན་པའོ། །ད་ནི་རིས་དྲུག་འཁོར་ལོ་སྒྱུར་བ་བཀའ་ཨི་དཀྱིལ་འཁོར་གསང་བ་རིགས་བསྡུས་པ་བསྟན་པ་ནི། དཔལ་རྡོ་རྗེ་མཁའ་འགྲོ་ནི་རིགས་ཀྱི་བདག་པོ་སྟེ། རིགས་ལྔ་པོ་ཀུན་གྱི་འབྱུང ་གནས་དཔལ་རྡོ་རྗེ་འཆང་བདེ་མཆོག་འཁོར་ལོའི་རྟེན་དང་བརྟེན་པའི་འཁོར་ལོ་ལས། མདོར་བཤད་རྒྱས་པར་མ་ཡིན་ནོ། །དོན་ཡོངས་སུ་བསྡུས་པར་བསྟན་ལ་ཚིག་རྒྱ་ཆེར་མ་བསྟན་པའོ། །འདིར་མངོན་པར་རྟོགས་པར་ལྟར་ན། དང་པོར་རང་ཉིད་སྐད་ཅིག་གིས་ཏི ་མ་ལ་གནས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བལྟས་ལ། སེམས་བསྐྱེད་སྔོན་དུ་འགྲོ་བས་གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བྱས་ལ་ཚོགས་གཉིས་སོག་པར་བྱ་བ་དང། སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་ཀྱི་སྟེང་དུ། བྷྲུཾ་ལས་བྱུང་བའི ་རི་བོ་བཟང་པོ་ནི། ལྷུན་པོ་རི་བོ་མཆོག་རབ་སྟེ། དྲི་བར་བྱ་ཞིང་ནི་ཡིད་ཀྱི་ཡུལ་དུ་བློས་བསམ་པའོ། །མེ་ཏོག་ནི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་སོ་གཉིས་པའོ། །འབྲས་བུ་ནི་ལྟེ་བ་ལ་གེ་སར་དང་ལྡན་པ། སྣ་ཚོགས་ཀྱིས་ནི་རྡོ་རྗེ་རྒྱ་གྲམ་ཁ་དོག་བཞི་ལྡན་ནོ།། ་ཡང་བཟང་པོ་བྲི་བྱ་ཞིང་ནི་དཀྱིལ་འཁོར་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་སངས་རྒྱས་ཀྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་བསམ་པའོ། །དེའི་སྟེང་དུ་རྟག་ཏུ་བསྒོམ་པ་ནི་བརྟེན་པ་ལྷའི་འཁོར་ལོ་བསྟན་པ་ལ། དཔའ་བོ་རྣམས་ནི། ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་དོ། །དེ་དག་གི་དཔའ་བོ་ཆེན་པོ་ཉིད་ནི་རྒྱལ་བ་རིགས་ལྔ་རྡོ་རྗེ་འཆང་དང། དྲུག་པའི་བདག་ཉིད་ལས། །རྡོ་རྗེའི་མུ་ཁྱུད་ཀྱིས་བསྐོར་བའི་འཁོར་ལོ་ཕོ་བྲང་ཆེན་པོར་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་མཁའ་འགྲོ་མ་དང། རྣམ ་པར་སྣང་མཛད་དང་གཉིས་སུ་མེད་པའི་གཟུགས་ཅན་མ་དང་དོན་ཡོད་རྒྱལ་པོ་དང་སྦྱོར་བའི་ལཱ་མ་དང། འོད་དཔག་མེད་དང་སྦྱོར་བའི་དུམ་སྐྱེས་མ་དང། རིན་ཆེན་འབྱུང་ལྡན་དང་གཉིས་སུ་མེད་པའི་རིན་ཆེན་རིགས་ཀྱི་ལཱ་མ་དང། དབུས་སུ་དཔལ་ཧེ་རུ་ཀ་དང ་གཉིས་སུ་མེད་པའི་།དཔལ་རྡོ་རྗེ་རྣལ་འབྱོར་མ་སྟེ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ནོ། །ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི། རིན་པོ་ཆེ་ཀེ་ཀེ་རུ་དང། མཎྜར་ལྗང་བ་དང། བཻ་ཌཱུརྱ་དང། པདྨ་རཱ་གའི་བུམ་པའི་ཤིང་ལོའི་ཁ་རྒྱན་སྟེང་ན་ཐོད་པ ་བཞི་དང་བཅས་པ་བདུད་རྩིས་གང་བ་ལ་རབ་ཏུ་བཞད་ཅིང་དགྱེས་པར་རོལ་པའོ། །རིགས་དྲུག་འཁོར་ལོས་བསྒྱུར་བའི་འཁོར་དུ་བཀོད་པ་ནི། དཔའ་བོ་ཉི་ཤུ་རྩ་བཞི་ཞེས་རིགས་རེ་རེ་ལ་དཔའ་བོ་ཡབ་ཡུམ་ཅན་བཞི་བཞི་ཡོངས་སུ་བསྐོར་བ་སྟེ། སོ་སོའི ་འཁོར་ལོ་ལ་རྡོ་རྗེ་དང་འཁོར་ལོ་རྡོ་རྗེ་རྒྱ་གྲམ་དང་པདྨ་དང་རིན་པོ་ཆེས་ཡོངས་སུ་བསྐོར་བའོ། །གཙོ་བོ་ལ་རྡོ་རྗེ་གྲི་གུག་གི་ཕྲེང་བས་བསྐོར་བ་མཚམས་སུ་བུམ་པ་བདུད་རྩི་ཅན་ཀ་པཱ་ལ་དང་བཅས་པ་ཉིད་དོ། །དེར་ནི་དཔའ་བོ་རྣམས་ནི་ཁཎྜ་ཀ་པཱ་ལ་སོགས་པ ་སྟེ། རྒྱན་ཆ་ལུགས་དང་ལྡན་པའོ། །མཁའ་འགྲོ་ཉིད་ནི་སྒོ་མཚམས་མ་བརྒྱད་དམ་ཚིག་འཁོར་ལོ་བཀོད་པའོ། །དཔའ་བོ་དཔའ་མོ་རྣམས་ཀྱིས་འགྲོ་བ་འདི་དག་ཐམས་ཅད་ཁྱབ་ཅེས་ས་གསུམ་ཀུན་ཏུ་ཡེ་ཤེས་ཀྱི་རོལ་པས་ཕྱི་ནང་དེ་ཁོ་ན་ཉིད་དུ ་རོལ་པས་སོ། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན་ཞེས་པ་ཐུགས་རྗེ་ཆེན་པོ་མངའ་བའི་དེ་ཉིད་ཀྱིས་འགྲོ་བ་གཞན་དོན་དང་འབྲེལ་བ་ཉིད་སྟོན་པའོ། །དེ་ལ་དཀྱིལ་འཁོར་གྱི་དཔའ་བོ་རྣམས་ནི་བཛྲ་ས་ཏྭ་ལ་སོགས་པ་ནས། ཁཎྜ་ཀ་པ་ལའི་བར་དུ ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བདེ་སྟོང་དབྱེར་མེད་དུ་བསྡུས་པ་ཉིད་འཛམྦུའི་གླིང་དུ་གནས་དང་ཉེ་བའི་གནས་ལ་སོགས་པར་གདོད་མ་ནས་གྲུབ་པའི་དཔའ་བོ་ཉི་ཤུ་རྩ་བཞི་ཡིས་ཤེས། ལྷ་དྲག་པོ་འཇིགས་བྱེད་ཨུ་མར་བཅས་པ་འདུལ ་བ་སྟེ། རྣལ་འབྱོར་མ་ནི་རབ་གཏུམ་སོགས་དང་གཉིས་སུ་མེད་པས། བྱ་བ་ཀུན་ནི་འཇུག་ཅིང་མགོ་དྲུག་པ་དང། །དབང་དུ་བྱ་བ་ཉིད་དང། ལོངས་སྤྱོད་ཅིང། ཡོངས་སུ་ཐིམ་པའི་ཚུལ་གྱིས། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པར་འགྱུར ་བས་ནི། གདུལ་བྱའི་མིང་ནི་འདུལ་བྱེད་ལ་བཏགས་པར་ཤེས་པར་བྱའོ། །དེས་སྔོན་བྱུང་བསྟན་ཅིང་རྗེས་འཇུག་ལ་སྒྲུབ་པ་པོས་མངོན་པར་རྟོགས་པ་ལ། ཐོག་མར་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་རིས་དྲུག་ལྡན་དེར་ཞུགས་པར་བལྟ་བར་བྱ་བ་ནི་རྟོགས་པར་བྱེད ་པའི་དུས་དང་རྒྱུན་ཏུ་རྣལ་འབྱོར་པས་མྱུར་དུ་གྲུབ་འདོད་ཅིང་ཤིན་ཏུ་མཉམ་གཞག་པས་ཤེས་ལམ་གོམས་པར་བྱ་བ་ལ། འཁོར་ལོའི་བདག་ཉིད། རྟག་ཏུ་བསྒོམ་པ་ལྷའི་སྐུའི་རྣམ་པ་གསལ་བའོ། །རིམ་པ་གཉིས་མཉམ་པར་གནས་པ་སྔར་བཤད་པའི་ཆོ་ག ་ཡིས་ཤེས་ལེའུ་སོ་གཉིས་པར་གསུངས་པ་དང་འབྲེལ་པའམ་དེ་ལམ་འདིར་རྡོ་རྗེ་མཁའ་འགྲོ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་ཉིད་དེ་དྲ་བའི་བདེ་མཆོག་བརྗོད་ནི་རིགས་ཐམས་ཅད་དེ་ལས་འབྱུང་ཞིང་བསྡུས་པའི་ངོ་བོ་འཁོར་ལོ་འབྲེལ་པ་ཉིད་དོ། །དེ་ཉིད་སྙིང་པོ་གསང་བ ་གྲུབ་པ་བསྟན་པའི་ཕྱིར། འཁོར་ལོ་ཆེན་པོ་ནི་དཔལ་སྡོམ་པའི་དྲུག་གི་དཀྱིལ་འཁོར། དམ་ཚིག་དང། ལུས་དང། བྷ་གའི་དཀྱིལ་འཁོར་གདོར་ནས་གྲུབ་ཅིང་ཀུན་ཁྱབ་པར་གནས་པ་ལམ་དུ་བྱ་བ་ཉིད་དོ། །འདི་ནི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་དང ་དཔའ་བོ་རྣལ་འབྱོར་གྱི་དབང་ཕྱུག་བྱ་བ་ཐམས་ཅད་དཔལ་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་རྣམ་པ་ཐ་དད་དུ་མ་ཡང་དག་པར་འདུས་པའི་སྐུ་གསུང་ཐུགས་རྡོ་རྗེས་ལེགས་པར་གསུངས་ཞེས་ཆེ་བའི་བདག་ཉིད་བསྟན་པའོ། །ལྷག་པར་གྱུར་པ་མཁའ་འགྲོ་མ་ནི་རེ་རེའི ་ཞེས་ལྷན་སྐྱེས་དང་ཞིང་སྐྱེས་ཀྱི་རྣལ་འབྱོར་པ་རྣམས་ལ། །འཁོར་ནི་བྱེ་བ་དག་ཏུ་འགྱུར་བ་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བའོ། །སྙིང་པོའི་རྣལ་འབྱོར་མ་ནི། རྡོ་རྗེ་རྣལ་འབྱོར་མ་དང་ནི་མཁའ་འགྲོ་ཉིད་རྡོ་རྗེ་རིགས། བླ་མ་དང་དུམ་སྐྱེས་མ་དང། གཟུགས ་ཅན་མ་རྣམས་ནི་ལས་དང་པདྨ་དང་རིན་པོ་ཆེའི་རིགས་སོ། །དེ་དག་ལ་སོགས་ནི་རྣལ་འབྱོར་མ་རྣམས་ལ་དངོས་གྲུབ་ཀུན་བྱེད་དགེ་བ་ཡིན་ཞེས་བར་ཆད་མེད་པར་འགྲུབ་པ་མཐར་ཕྱིན་པ་ཉིད་དོ། །ལེའུའི་མཚན་བསྟན་པ་ནི། །དཔའ་བོ་མཁའ་འགྲོ་མའི་གནས ་གྲུབ་ན་རིགས་བསྡུ་ཆེན་པོ་བླ་ན་མེད་པའི་གསང་བའི་དཀྱིལ་འཁོར་མཆོག་གི་ལེའུ་སྟེ། བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།ཁྱད་པར་གསང་ཆེན་རབ་བསྒྲུབ་ཆོ་ག་སྒྲུབ་པོས་གོ་འཕང་བདེ་བ་ཆེན་པོ་སྒྱུ་མའི ་རྣམ་འཕྲུལ་གར། སྐྱེ་བ་བདུན་པའི་མཚན་ཉིད་རྟོགས་པས་མི་འཆི་སྒྲོན་མེར་ལྡན་པས་གྲུབ་པའི་གསང་བ་གྲུབ་པར་འགྱུར། དེ་ལ་རྣལ་འབྱོར་པ་བསམ་གཏན་མཐར་ཕྱིན་ཅིང་སྡོམ་པའི་གསང་བ་སྤྱོད་པ། མགོན་པོ་ཀུན་ཏུ་སྤྱོད་པས་གོམས་པར ་འགྱུར་བས་ནི། སྤྱོད་པ་སྤྲོས་བཅས་དང་སྤྲོས་མེད་ལ་གནས་པས། དངོས་གྲུབ་ཤིན་ཏུ་མྱུར་བར་བྱེད་པ་སྐྱེ་བ་བདུན་པའི་ལུས་ཀྱི་ཆོ་གའི་གྲུབ་པ་ངོས་གཟུང་བའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་སྨོས་ཏེ། གོང་དུ་ཧེ་རུ་ཀ་བོང་ཞལ་གྱི་གྲུབ་པས ་བདག་ཉིད་མངོན་ཤེས་ཕྲ་མོ་དང་ལྡན་པས། ལེའུ་བཅུ་གཅིག་པའི་དོན་སླར་རྒྱས་པར་བཤད་པ་སྟེ། བསྒྲུབ་བྱ་ནི་ལམ་མྱུར་དུ་གཅོད་པ། ཇི་བཞིན་ཆོ་ག་དཔལ་ཧེ་རུ་ཀ་དང་རྗེ་བཙུན་མའི་སྙིང་པོ་གཉིས་དང་རྗེས་སུ་འབྲེལ་བའི་དོན། གང་ཞིག་གིས་ནི་གང ་ཟག་དེ་སྤྱོད་པ་ཤིན་ཏུ་སྤྲོས་མེད་སྣང་བ་སེམས་ཀྱི་ཡུལ་དུ་ཤེས་པ་ཙམ་གྱིས་ནི། རྣམ་ཤེས་གཞན་དུ་སྤྲོ་བ་གྲོང་འཇུག་དང་འཕོ་བའི་ནད་ཀྱིས་མྱུར་དུ་དངོས་གྲུབ་ཐོབ་འགྱུར་བ། དབང་པོ་རབ་ཀྱིས་ཚེ་འདི་ཉིད་དུ་ཡེ་ཤེས་ཀྱི་ལུས་སུ་སྒྱུར་བར་བྱེད་པའོ། ། ་སྔགས་པས་འབྲས་ཀྱི་ཕྱེ་མ་ལས། རིམ་པ་བཞིན་དུ་ཕྱུགས་གཟུགས་བྱ་ཞེས་པས་ཁྱད་པར་གསང་བའི་འཕོ་བའི་དམིགས་པ་དང་བཅས་པས་ལྐོག་ཏུ་ཕྲིན་ལས་བྱ་བ། སཱ་ལུ་དང་འབྲུ་ལས་གཟུགས་བརྙན་གྱི་སྦྱོར་བས་ལམ་དུ་བྱ་བ། དུད་འགྲོ ་ནི་མི་དང་གླང་པོ་རྟ་བོང་དང། རུ་སྦལ། རྔ་མོ་བག་སྣ་ཚོགས་ནི་འདི་དག་ཀྱང་དེ་ཉིད་ཀྱི་སྐྱེ་བ་བདུན་རིམ་པར་ཐོབ་པ་འགའ་ཞིག་སྟེ། འདི་དག་ལ་སོ་སོའི་རྣམ་ཤེས་ལྡན་པར་དམིགས་ཤིང། ལྷའི་འོད་ཟེར་གྱིས་འདི་དག་ལ་ཌཱ་ཀི་མ་སྤྱན་དྲངས་པ ་བསྟིམ་པས་ནི། སྲོག་འཕྲོག་པར་ནུས་པ་དང་ལྡན་པར་བྱེད་པ་ཉིད་ཀྱིས། ཕྱུགས་འདི་དག་ཏུ་ཤེས་པར་བྱ་བ་ལས་ཀྱི་ཌཱ་ཀི་བསྐུལ་བའོ། །འདི་དག་གི་ཁྱད་པར་རང་བཞིན་ཤེས་པར་བྱ་བ་ནི་ཇི་ལྟར་མཚན་ཉིད་རྣམ་པ་ཡི། འདི་དག་ལས་ནི་བཤད་པར་བྱ་བ་ཉིད་དེ། ་ཇི་ལྟར་མིའི་འགྲོ་བ་ལ་སྐྱེ་བ་བདུན་པ་ཡོད་པ་བཞིན་དུ་དུད་འགྲོ་ལ་ཡང་དེ་དང་མཚུངས་པའོ། །དེ་ལྟར་ཡང། མི་གནས་མིར་གྱུར་བདུན་པ་ལ། །རྡོ་རྗེ་སྟོབས་མཆོག་དངས་བྱེད་པའི། །ནས་པ་ལུས་ལ་རྫོགས་གྱུར་ཏེ། །འབྱུང་བ་བསྟན་པ་འོང་སྙིང་པོ། །རླུང ་ནི་ནམ་མཁའ་སྲོག་གསང་གིས། །མཁའ་ལ་ལྡིང་ཞིང་བདུད་རྩི་ཐོབ། །ཚེས་བརྒྱད་ཞུན་མེར་གྲིབ་མ་ལ། །བདུན་འགྱུར་བྱ་རྒོད་རྐང་མིག་བལྟ། །དེ་ལས་ཐེ་ཚོམ་མེད་པར་འགྱུར་ཞེས་རྡོ་རྗེ་སྙིང་པོ་ཌཱ་ཀི་རང་འབྱུང་བའི་རྒྱུད་ལས་གསུངས་པའི་དོན་ཏོ། །དེ་ལས ་སྐྱེ་བ་བདུན་གྱི་ངེས་པ་བསྟན་པ་ནི་སྐྱེ་བ་གཅིག་དང་ཞེས་པ་ནས། འགྲོ་ན་འང་ངང་པ་ལྟར་དལ་གྱིས་འགྲོ་བ་དང། བརྫུན་མི་སྨྲ་བ་དང། སྐད་ཀྱི་གདངས་སྙན་པ་དང། གཟི་བརྗིད་ཆེ་བ་ལ་སོགས་པ་སྟེ། སྐྱེ་བ་བདུན་དུ་འབྱུང་བ་ཡིན་ཞེས་པའི་བར་གྱིས ་བསྟན་ལ་དབབ་པ་ངེས་པའོ། །དེའོ་སྙིང་ཁའི་རོ་ཙ་ན་ཞེས་པ་བསྲོག་གིས་ས་བོན་ནོ། །མཁས་པ་ཡིས་ནི་བླངས་ནས་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པས་འཁྲུལ་འཁོར་དང་དམིགས་པའི་སྦྱོར་བའོ། །སྙིང་པོའི་སྔགས་ནི་བཟླས་ནས་སུ་ཞེས་ཡབ་ཡུམ་གྱི་སྙིང ་པོ་ལ་དཔའ་མོའི་གོ་ཆའི་སྔགས་བཏགས་པ་བསྐྱེད་རིམ་དང་འབྲེལ་པའོ། །རྫོགས་རིམ་དུ་རླུང་གིས་བྱེད་པ་དང་བསམ་གཏན་གྱིས་གསང་བའི་འཕོ་བའི་བྱ་བས་དེའི་ཐིག་ལེ་དབང་དུ་བྱ་བ་ཡིན་ཞེས་ཡེ་ཤེས་ཡུལ་གཞན་ལ་གྲོང་འཇུག་བྱ་བའོ། །དེ་ཉིད ་ཐོབ་པ་ལས་ཕན་ཡོན་ནི། དེ་ནི་བསྟེན་པ་ཙམ་གྱིས་ནི་ཞེས་པ་ནས། འདི་ནི་རང་དགའ་ཨི་གཟུགས་འཆང་འགྱུར་ཞེས་པའི་དོན་གྱིས་མངོན་ཤེས་ལྔ་ཐོབ་ཅིང། ཡེ་ཤེས་ལུས་སུ་འགྱུར་བ་བསྟན་པའོ། །འདིའི་དོན་ནི་འདི་ལྟ་སྟེ། རང་ཉིད་དཔལ་ཧེ་རུ་ཀའི ་སྐུར་གསལ་བ་ཐུགས་ཀའི་ས་བོན་ལ་སྙིང་པོ་གཉིས་པོས་འཁོར་བར་བལྟས་པ་ལས་འོད་སྤྲོས་ཏེ། བླ་མ་དང་ལྷག་པའི་ལྷ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་པ་ལ་མཆོད་པ་སྣ་ཚོགས་ཕུལ་ཏེ། དེ་དག་ལ་གསོལ་བ་གདབ་པ། བདག་སངས་རྒྱས་ཐོབ ་ནས་འགྲོ་བའི་དོན་བགྱིད་པས། གང་ཟག་སྐྱེ་བ་བདུན་པ་འདིའི་ལུས་འདི་དག་ལ་གནང་ཞིང་རང་དབང་ཐོབ་པར་མཛད་དུ་གསོལ་ཞེས་གསོལ་བ་གདབ་པའོ། །དེའི་ཉེ་བའི་མཚན་མ་རྨི་ལམ་དང་ཉམས་ལ་གསལ་བའི་རྟགས་ཅུང་ཟད་བྱུང་བ་དང། སྔར་བྱས་པའི་མི ་དང་དུད་འགྲོ་ལ་སོགས་པའི་གཟུགས་བདུན་པོ་ལ་དམིགས་པ་བཏད་པས། ལུས་ཅུང་ཟད་འགུལ་ཞིང་གཡོ་བ་འམ། འཕར་བ་བྱུང་ན། ཁམས་གཞན་གྱིས་བདུད་རྩི་ལེན་པ་བཞིན་དུ་བྱ་བ་ནི་དཔལ་ཌོཾ་བྷི་ཧེ་རུ་ཀའི་བཞེད་པའོ། །ཡང་ན་བདག་གི་ས་བོན་ལས་ཌཱ་ཀི་མ ་བསྐུལ་བས། ཌཱ་ཀི་མའི་སྐུའི་འོད་ཟེར་གྱིས། དེ་ཉིད་ཀྱི་སྙིང་དཀར་ནག་གི་མཚམས་ནས་རྣམ་ཤེས་སྲོག་གི་ཐིག་ལེ་ཨ་ཤང་ལྟ་བུ་དང་བཅས་པ་དེ་བླངས་ཏེ། མདུན་གྱི་གཟུགས་བརྙན་ལ་བསྙིམ་པར་བྱ་བ་འདིས་ནི་མྱུར་དུ་གྲུབ་པར་བྱེད་པ་ལ་དཔལ་ཛཱ་ལན ་ལྷ་རའི་བཞེད་པའོ། །ཡང་རང་ལྷར་གནས་པའི་ས་བོན་ལས་འོད་སྤྲོས་ནས་རླུང་རྩོལ་དྲག་ཏུ་བྱས་ཏེ། འོད་ཁ་དོག་ལྔ་སྤྲོས་པས། དེའི་སྒོ་ལྔའི་རྣམ་ཤེས་ལ་བསྟིམ་ནས་ཚུར་དྲང་ཞིང། ཡང་རང་གི་སྣ་སྒོ་གཡས་ཀྱི་རླུང་ཕྱིར་སྤྲོ་བ་དང་བསྟུན་ཏེ། འོད ་ཟེར་སྤྲོས་པས་དེའི་སྣ་སྒོ་གཡོན་ནས་ཞུགས་པས་དེའི་ལུས་ཀྱི་ནུས་པ་ཐམས་ཅད་བསྡུས་ཏེ། སྲོག་འཕྲོག་པའི་ཐིག་ལེ་ཚུར་བྱུང་བས། མདུན་གྱི་གཟུགས་བརྙན་དེ་དག་གི་སྣ་སྒོ་གཡོན་ནས་ཞུགས་ཤིང་ཐིམ་པར་བལྟ། དེ་ལྟར་ཡང་དང་ཡང་དུ་བྱས་པས་དམིགས ་པ་གསལ་བར་འགྱུར་བས་མྱུར་དུ་གྲུབ་པར་འགྱུར་བའོ། །མཁས་པས་ཤིང་ལོ་ཞེས་པ་ལ་སོགས་པ་རང་ལུས་ལྗོན་ཤིང་གི་རྣམ་པར་བསྐྱུར་བ། ལེའུ་བཅུ་གཉིས་པའི་ལས་སོ།། ། །།ཡང་ཕྱུག་ཉིད་ཀྱིས་ནི་ཞེས་པ་ལ་སོགས་པས་ལེའུ་ཞེ ་འདུན་པའི་དོན་པའི་དོན་གྱིས་རྣམ་པར་བསྒྱུར་བ་ཉིད་དོ། །མི་རྣམས་ཤེས་པ་ནས་འགོག་བྱེད་ཡིན་གྱིས་ལོག་རྟོག་དགག་པ་བསྟན། གླང་པོ་རྟ་དང་ནས་ཁྲུང་ཁྲུང་ཁྲའི་བར་གྱིས་རྟེན་འབྲེལ་བཅུ་གཉིས་དག་པའི་རྣལ་འབྱོར་པས། སྲིད་པ་དག་པའི་ཡེ་ཤེས་ཀྱི་ལུས། ཉོན་མོངས ་དང། ལས་དང། སྡུག་བསྔལ་དག་པས། དུས་སྦྱོར་དང་ཉི་ཁྱིམ་རྣམ་པར་དག་པས། ལས་ཀྱི་རླུང་དག་པས། ས་ར་ས་ནམ་མཁའ་ལྡིང་སའི་དབང་ཕྱུག་ཐོབ་པས། བཟང་ངན་ཐམས་ཅད་དག་པ་ལྷའི་གཟུགས་སུ་དེ་འགྱུར་རོ་ཞེས་ལས་ཀྱི་ལུས་རྣམ་པར་དག་པ་རྡོ་རྗེའི་སྐུ་བསྟན ་པའོ་སྙ?་འཇིག་རྟེན་གསུམ་ན་ཡོད་མ་ཡིན་གྱི་བར་གྱིས་ནི། འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བའི་ཆེ་བ་སྟོན་པ་སྐད་ཅིག་མའི་ཡེ་ཤེས་རྣམ་ཐར་སྒོ་གསུམ་དག་པ་ཧེ་རུ་ཀར་གྱུར་པས། བདེ་ཆེན་མི་འགྱུར་བའི་གནས་ཐོབ་པར་སྟོན་པའོ། །ལེའུའི་མཚན་ནི། ་སྐྱེ་བ་བདུན་པ་བསྒྲུབ་པར་བྱ་བ་སྟེ་ཞེ་དགུ་པའོ།། །།དཔལ་ལྡན་ཉི་མའི་སྙིང་པོས་རྡོ་རྗེ་རྣལ་འབྱོར་མ་ཡི་འཁོར་ལོ་དོན་ཀུན་བྱེད་མ་ཉིད་ཀྱིས་ཕྲིན་ལས་སྤྱོད། །གང་དུ་གནད་ལ་འབབས་པའི་སྦྱིན་སྲེག་གསང་བ་ལས་ཀྱང་རབ་དབྱེ་མཆོག་ཏུ་བསྟན་པ ་སྡོམ་པ་བསྡུས་པ་ཉིད། །ཅེས་པའི་དོན་ཏོ། །དེ་ལ་འདིར་གོང་དུ་གསུངས་པའི་བསམ་གཏན་དང་གསང་སྔགས་ཀྱི་བསྒྲུབ་པ་བསྟན་པའི་བྱ་བ་ལས་རབ་འབྱམ་གྱི་ཕྲིན་ལས་ཀྱི་གཞུང་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། དེ་ནས་སྦྱིན་སྲེག་ཆོ་ག་ནི་ཞེས་སྨོས་ཏེ། འདི ་ཉིད་དོན་མདོར་བསྟན་པའི་གསང་བ་སྟེ། ཕྱི་ནང་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་གིས་ཐུན་མོང་བ་དང་ཁྱད་པར་བའི་ལྷ་མཆོད་པས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་འགྱུར་བའོ། །ངེས་པར་དབང་དུ་བྱེད་འགྱུར་བ་ནི། ཡུལ་གང་ལ ་དམིགས་པ་ཐམས་ཅད་དོ། །ཡང་དག་ཆོ་ག་ནི་སྤྱིར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྒྱས་བསྡུས་ཀྱི་བྱེ་བྲག་ལས། འདིར་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་མངོན་པར་རྟོགས་པའི་ཕྲིན་ལས་གང་གིས་ནི་གསང་ཆེན་གྱི་ཆེ་བ་དཀའ་བ་མེད་པར་མྱུར་དུ ་དངོས་གྲུབ་ཐོབ་འགྱུར་བཤད་ཅེས་སྔོན་བྱུང་དང་རྗེས་འཇུག་ལ་དགོངས་པའོ། །ད་ནི་རྒྱས་པར་བཤད་པ་ལ། དང་པོར་ལྷའི་རྣལ་འབྱོར་ནི། གནས་དབེན་པར། ནུབ་མོ་ཆོས་ཀྱི་སྐུའི་འོད་གསལ་གྱི་ངང་དུ་ཉལ་བ་ལས། རྨི་ལམ་ལོངས ་སྐུའི་ཚུལ་དང། སད་པ་སྤྲུལ་པའི་སྐུའི་ཚུལ་ལས་སེམས་བསྐྱེད་ཅིང། གནས་དང་བདག་དང། རྣལ་འབྱོར་བསྲུང་བ་བྱས་ནས། ཚོགས་གཉིས་བསགས་པའི་རྗེས་ལ། འབྱུང་བཞི་རིམ་བརྩེགས་དང། གཞལ་ཡས་ཁང་གི་ལྟེ་བར། པདྨ་ལ་གནས་པའི ་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་པདྨའི་དབུས་སུ་ས་བོན་བཾ་དམར་བ་ལས་རྡོ་རྗེ་གྲི་གུག་འོད་འབར་བ་ལས། འོད་འཕྲོས་པས་གདོད་མ་ནས་གྲུབ་པའི་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་ཐུས་རྒྱུད་བསྐུལ་ཞིང་མཆོད་པར་འགྱུར། འོད་དེ་ཚུར་འདུས་པ་ལས། དཔལ་རྡོ ་རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག་གཡས་ན་རྡོ་རྗེ་གྲི་གུག་བསྣམས་པ། གཡོན་པ་ཀ་པཱ་ལ་བདུད་རྩིས་བཀང་བ་འཛིན་པ། གྲེ་གུགས་སུ་ཁ་ཊཝཱཾ་ག་ཡོད་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་དུས ་མཚན་དང་འཇིགས་བྱེད་མནན་པ། ཐོད་པའི་ཕྲེང་བ་དབུ་ལ་བཅིངས་པ། མགོ་བོ་རློན་པའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་རིན་པོ་ཆེས་བརྒྱན་པ། དར་དཔྱངས་ཀྱིས་མཛེས་པའོ། །དེའི་ཕྱོགས་བཞིར་ཌཱ་ཀི་མ་དང་ལཱ་མ་ལ་སོགས་པ་པདྨ་ལ་གནས་པ། ་ཕྱོགས་བྲལ་དུ་རིན་པོ་ཆེའི་བུམ་པའི་སྟེང་ན་ཀ་པཱ་ལ་བདུད་རྩིས་བཀང་བ་ཅན་ནོ། །དེ་ནས་དམ་ཚིག་འཁོར་ལོའི་ལྷ་མོ་བརྒྱད་དང་བཅས་པ་གསལ་བར་བལྟས་ལ། གནས་གསུམ་བྱིན་གྱིས་བརླབ་ཅིང་གོ་ཆ་བགོ་བ་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་བསྟིམ ་པ་དང་དབང་བསྐུར་ཞིང། དཔལ་རྡོ་རྗེ་སེམས་དཔས་རྒྱས་གདབ་ཅིང། ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་དང། ལྟེ་བར་ས་བོན་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པའི་རྣལ་འབྱོར་བྱ་བའོ། །དེ་ཉིད་ལ་ལྷ་རྣམས་ཐམས་ཅད་བསྒོམ་པ་ནི་ཞེས ་དཀྱིལ་འཁོར་འཁོར་ལོ་ལས། ལས་ཐམས་ཅད་པའི་ཐབས་ཁུང་དུ་མེ་ལྷའི་ཐུགས་ཀར་ལྷ་ཚོགས་གསལ་བར་བལྟ་བའོ། །ཐུན་གཉིས་པར་དུ་ནི་མཆོད་བསྟོད་དང་ལྡན་པས་སྦྱིན་སྲེག་བྱ་ནི་ཚེ་དང་དབང་ཐང་འཕེལ་བའི་དོན་དུའོ། །དེའི་ཕན་ཡོན་ནི། མཁའ་ལ་སྤྱོད་པ ་ཉིད་ཐོབ་གྱུར་ནི་ཨདྷ་རི་ཤི་གྷ་མ་ན་ཞེས་ཡེ་ཤེས་ཀྱི་སྐུ་འཐོབ་པའི་དོན་ཏོ། །རང་གི་ལུས་ནི་དེ་ཉིད་ཀྱིས་ཤེས་རྣལ་འབྱོར་པའི་ཐ་མལ་པའི་ལུས་འདི་ཉིད་ཡོངས་སུ་དག་པའི་དོན་ཏོ། །དེ་ལ་དང་པོར་དབང་གི་ཐབ་ཁུང་ལ་དབྱིབས་ཟླ་གམ་པར། གོ་མང་ས་ནི་བ་ལང་དམར་སེར ་གྱི་ཤ་དང། མྱོས་བྱེད་བསྲེ་བ་ད་དུ་ར་དང་རོ། །ལག་པ་གཡོན་པ་ལ་ནི་དེའི་དུས་སུ་ལག་པའི་མཆོད་པ་དང་རྗེས་སུ་འབྲེལ་པ་སྟེ། དགང་གཟར་བླུགས་གཟར་དང་ལྡན་པས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་བ་ཉིད་དོ། །མེ་ལྷ་དམར་བའི་སྙིང་གར་ལྷ་ཡང་དམར་བ་སྟེ། ཞག ་བདུན་ལ་སོགས་པར་སྤེལ་ཚིག་དང་ལྡན་པས་ཕྲིན་ལས་ལ་སྦྱར་བས་སངས་རྒྱས་ལྟ་བུ་འམ། བརྒྱ་བྱིན་ལྟ་བུ་ནུས་ལྡན་ཡང་དབང་དུ་གྱུར་ན། ཕྲན་ཚེགས་མི་ནི་སྨོས་མ་དགོས་ཞེས་ཤིན་ཏུ་མྱུར་བར་གྲུབ་པར་བྱེད་པ་བསྟན་པའོ། །ལས་ཀྱི་བྱ་བ་ལས། ཁ ་ཆུ་ནི་དམར་སེར་གྱི་ཁ་ནས་འབབ་པ་སྟེ། ཡང་ན་རྣལ་འབྱོར་པས་ག་ཎ་ཙ་ཀྲའི་དུས་ཀྱི་ཤ་ལྔའི་བདུད་རྩི་གྲོས་ནས་སྐྱུགས་པ་དང། སོ་ཤིང་བསྲེག་པའི་ཐལ་བ་དེ་དག་དང་ནི་སྦྱར་བ་ལས་ཡང་འབྲས་ཕྱེས་དྲིལ་ཕྱིས་བྱས་པའི་རང་གི་ལུས་མཉེས་པ་དྲི ་མ་དེ་བཞིན་ཆགས་པ་དང་མྱོས་བྱེད་ད་དུ་ར་འམ། ཡང་ན་མ་ངན་མིང་དང་བཅས་པ་ནི་འདི་ཞེས་བྱ་བ་ཨཱ་ཀརཥ་ཡ་མེ་པ་ཥ་མན་ཡ་ཧྲཱི:ཛ(རྒྱུད་འགྲེལ་ནང་དུ་ཡང་དག་པར་གྲུབ་པའོ། །ད་ནི་དགུག་པའི་ལས་ལ་སྦྱར་བ་ནི། རང་འབྱུང་གི་ནི་མཚལ་དང་ནི་རིགས་ལྡན་གྲུབ་པར་བྱ་བ། རློན་པའི་ཟས་དང་ཟོས་པ་ནི། སྐེ་ཚེ་ཡུངས་མར་བཅོས་པ་སྐྱུགས་པའོ། །མིའི་བུ་མོ་གཞོན་ནུ་མའི་སྐྲ་དང་ལྡན་པའི་སྦྱིན་སྲེག་བྱས ་ན། མིང་སྤེལ་དང་ལྡན་པས་བརྒྱ་རྩ་བརྒྱད་ལ་སོགས་པས་མོད་ལ་དགུགས་པར་འགྱུར་བ་ཡིན་ཞེས་ཐབས་ཀྱི་ཆེ་བ་བསྟན་པའོ། ད་ནི་དྲག་པོའི་བྱེ་བྲག་མཛའ་བོ་ནང་དབྱེ་བར་བྱ་བ་ནི། བསྒྲུབ་བྱའི་སྐྱུགས་པ་དང་ཡང་ཟག་པ་སྐྲ་དག་སྟེ། ནིམ་པའི་ཤིང་ལས ་སྦྱིན་སྲེག་རབ་སྦྱར་ཏེ། མིང་སྤེལ་དང་བི་དེ་ཤ་ཡ་དང་རང་ཁ་ལྷོར་བལྟ་བས་མེ་ལྷ་ནག་པོར་བསྐྱེད་པས་མོད་ལ་དབྱེ་བར་འགྱུར་བ་ཡིན་ཞེས་ནང་འཐབ་པ་འམ་སོ་སོར་འགྲོ་བའོ། །ཡང་དག་པའི་ཐབ་ཁུང་དུ་མེ་ལྷ་ནག་པོའི་སྙིང་གར་ལྷའི་འཁོར་ལོ་བསྐྱེད་པ་རབ་མཉམ ་གཞག་པས་ཤེས། དམ་ཚིག་པ་ལ་ནི། ཡེ་ཤེས་པ་བསྟིམ་པ་བྱས་ཤིང། སྲེག་རྫས་ད་དུ་རའི་ལྡུམ་བུ་ལ་བུད་ཤིང་བྱ་སྟེ། བྱ་ཁྭ་དའི་གཤོག་པ་དང། ཡུངས་མར་མེས་གདུངས་བ་ལ་བསྒྲེས་པ་ནི། མཆོད་སྦྱིན་ལ་བརྒྱ་རྩ་བརྒྱད་དུ་མར་ཡ་ཨུ་ཙ་ཊ་ཡ ་ཧཱུཾ་ཕཊ་ཀྱིས་སྦྱིན་སྲེག་བྱས་པར་གྱུར་ན་ནི། གདོན་མི་ཟ་བར་ཡང་འཕྲལ་དུ་འཆི་བ་འམ། སྐྲོད་པར་འགྱུར་ཞེས་པའི་དོན་ཏོ། །རྣལ་འབྱོར་པ་ལ་ཕ་རོལ་གྱི་འཁྲུལ་འཁོར་ལ་སོགས་པའི་བར་ཆད་ཀྱིས་མི་ཚུགས་པ་ནི། ཟས་ལ་སྤྱོད་པ་དང་དེ་ལ་སོགས་པ་རྣམས་ནི་སྤྱོད་ལམ ་གྱིས་དུས་ཐམས་ཅད་དུ་སྔགས་པས་ལྷའི་ང་རྒྱལ་དུས་རྟག་ཏུ་ཚམ་ངམ་གྱི་གསང་སྔགས་ཀྱི་བཟླས་བརྗོད་བྱེད་ན་བསྲུང་བ་ཆེན་པོ་སྟེ། དེ་ལ་བགེགས་ནི་ཡོད་མ་ཡིན་མཉམ་ལངས་དུས་སུའོ། །གཉིད་ལོག་མ་ལོག་འདུག་པ་འམ་ཞེས་པའི་དོན་ལ་འོད་གསལ་ལམ་ ་དུ་བྱེད་པ་སྙིང་གའི་འཁོར་ལོ་ཧཱུཾ་དང་ཐིག་ལེ་ཁ་དོག་ལྔ་ལྡན་ལ་དམིགས་པས་ལམ་དུ་བྱ་བ་དཔལ་ལ་བབ་ཆེན་པོའི་བཞེད་པའོ། །ཡང་རྒྱས་པའི་ཐབ་ཁུང་ཁ་དོག་ཙན་དན་དང་ཡུང་དབྱུགས་ཤིང་སྒྲོན་མེ་ལྔ་དང་བདུད་རྩི་ལྔ་ལྡན་པ། མེ་ཏོག་སེར་པོས་མཆོད་ཅིང། ་ཝའི་ཤའི་སྲེག་བླུགས་བརྒྱད་དབུལ་ཞིང། འབྲས་བུ་ཅན་གྱི་ཡམ་ཤིང་གིས་མཆོད་པ་ལས། ཡང་དག་སྤྱི་བླུགས་བྱེད་པའི་མི་ནི་ཁྱད་པར་དུ་བརྗོད་པ་རྡོ་རྗེ་ལུས་ཀྱི་རྩ་འཁོར་ལོ་རྣམས་སུ་ལྷ་ཐམས་ཅད་གསེར་མདོག་དུ་བལྟས་ལ། སྤེལ་ཚིག་པུཥྚིཾ་ཀུ་རུ་ཡང་བརྗོད ་པས། དུས་གསུམ་དུ་འཕྲིན་ལས་འདིར་རིན་པོ་ཆེའི་བྱེ་བྲག་གིས་དེ་ནི། ཟླ་བ་གསུམ་རྗེས་ལ་ནུས་པ་མངོན་དུ་འབྱུང་བ་སྟེ། རིགས་ཀྱི་དབུལ་བ་འཇིག་པར་འགྱུར་ཞེས་མཐོང་ཆོས་མྱོང་བ་ཉིད་དོ། །དེ་ལ་རྒྱས་པའི་ཐབ་འཁུང་དང་ལྡན་པ་ལ། ཤ་ཆེན་པོ་དང་མདོ་ལ་བརྟེན ་པའི་རྣལ་འབྱོར་པས་བདུད་རྩི་ལྔ་དང་ལྡན་པ་དག་གིས་ལ་ལ་ཞིག་དབང་དུ་གྱུར་པ་མྱོས་བྱེད་ལྡན་པར་ནི་ལྷ་མཆོད་པའི་ཚུལ་ལས་སྦྱིན་སྲེག་བྱེད་པ་ཚོགས་འཁོར་དང་འཕྲེལ་བ་བརྒྱ་རྩ་བརྒྱད་པ་སྲེག་བླུགས་ཐུན་གསུམ་དུ་བྱེད་པས་ནི། མ་ལུས་ས་རྣམས་སྤྱོད་པ་ནི ་ཞེས་ཁམས་གསུམ་ས་དགུ་ཟག་བཅས་ཟག་མེད་དུ་སྤྱོད་པ་ཟླ་བ་དྲུག་གིས་དབང་དུ་འགྱུར་བའི་གླིང་བཞི་ལ་སོགས་བ་ལ་དབང་བྱེད་པ་ཉིད་འཐོབ་པའོ། །ཡང་ལྷ་རྣམས་སྐུ་མདོག་དམར་སེར་ལ། འབྲས་བུ་ལྡན་པའི་ཡམ་ཤིང་ལ་ཝའི་ཤ་དང་མངར་གསུམ་སྦྱར ་བས་མཆོད་པས་ནི་ཚམ་འགྱུར་མཁའ་འགྲོ་མས་དེ་ལས་ནི་ལོངས་སྤྱོད་རྒྱལ་སྲིད་སྟེང་བར་གདོན་མི་ཟ་ཞེས་རྒྱས་པའི་ཕྲིན་ལས་སོ། །ད་ནི་རྣལ་འབྱོར་པའི་ཚེ་དང་ལོངས་སྤྱོད་རྒྱས་པར་བྱ་བ་ནི། གོ་མ་ཡུའི་འཕྲལ་གྱི་ཤས་ཅི་སྦྱང་ངམ་ཡང་ན་ཝའི་ཤ་དང་མྱོས ་བྱེད་ཀྱིས་ཕྱི་དང་ནང་གཏོར་མ་དང་ཆོད་རྫས་ལྡན་པ། ནང་གི་སྦྱིན་སྲེག་བྱ་ནི་རྫས་བྱིན་རླབས་ལྡན་པ་དག་།ལུས་ཀྱི་ལྷ་བསྐྱེད་པ་ལ་མཆོད་པའོ། །མེའི་ལྷ་མཆོད་པ་ཅན་གྱི་ལག་པར་མྱུར་དུ་ནི་བར་ཆད་མེད་པར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཞེས་གང་བསམས་པ་གྲུབ་པ ་བརྒྱད་སོགས་སོ། །ཕྲིན་ལས་དེ་དག་ཐམས་ཅད་ལ་སྔགས་ཀྱི་བཟླས་བརྗོད་མཚན་མོ་བཟླས་པ་གསང་སྤྱོད་དང་འབྲེལ་བ་སྟེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའོ། །ཡུལ་འཁོར་ཡང་ནི་འཁྲུག་པར་བྱེད་པ་ཕྱི་དང་ནང་དུ་ངེས་པའོ། །དུས་བསྟན་པ། དེ་ལྟར་ཉིན་རེ ་བྱས་ན་ནི་ཞེས་ཟླ་བ་དྲུག་གི་བར་དུ་ཐུན་གསུམ་པར་བྱའོ། །ཕན་ཡོན་ནི་རྒྱལ་པོ་ཉིད་དུ་བྱེད་འགྱུར་ནི་ནུས་པ་ཐོབ་པའི་སྒྲུབ་པ་པོས་སོ། །འདི་ལ་རབ་མཆོག་གཞན་དག་ནི་འཁོར་ལོ་སྡོམ་པའི་ཕྲིན་ལས་འདི་ཉིད་ཀྱིས་མྱུར་དུ་གྲུབ་པ་སྟེ། འཇིག་རྟེན་གསུམ ་ན་ཡོད་མ་ཡིན་ནི་གོང་ན་མེད་པས་གསུམ་ལས་སོ། །རྣལ་འབྱོར་ཆེན་པོ་འཚེ་མེད་ནི་སྒྲུབ་པ་པོ་དེའི་ཚེ་འཕེལ་བར་འགྱུར་བས་རང་དགའ་འཆི་བདག་འཇོམས་པར་འགྱུར་བའོ། །སྒྱུ་མ་ལྟ་བུའི་རྫུ་འཕྲུལ་སྟོན་པས་ཏེ། སྣ་ཚོགས་གཟུགས་ནི་འགྲོ ་བ་མོས་པའི་དབང་སྟེ། འཛིན་ཅིང་རོལ་པ་སྟོན་པའོ། །ཡང་རྒྱས་པའི་ཕྲིན་ལས་ཏེ། བིལ་བ་ནི་སྨན་ཀ་པེད། ཕ་ལ་ཤ་ནི་འབྲུམ་བུ་མངར་བ། ཨུ་དུམ་པར་ནི་མེ་ཏོག་དཀར་སེར་རོ། །རྒྱས་པའི་སྦྱིན་སྲེག་ལ་ལྷ་ཐམས་ཅད་དམར་སེར་རོ། །འབུམ་དུ་བྱས་པ་ན ་གཏོར་མ་དང་མཆོད་པ་ཡང་དེ་ཙམ་གྱིས་ནོར་གྱི་བདག་པོ་ཆེན་པོར་འགྱུར་བ་འཕགས་པ་ངལ་སོ་པོའི་མཛོད་ཐོབ་པ་ལྟ་བུར་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་མངའ་བརྙེས་པའོ། །ཡང་རྒྱལ་སྲིད་འཐོབ་པར་འདོད་ཅིང་གྲུབ་པ་ནི། གོ་མང་ས་སྟེ་བ་ཡང་ཤ་དང་སྤྱོད་བྱེད་པ་སྲེ་བ ་ད་རུ་རའི་འབྲས་བུ་ལས་སྦྱིན་སྲེག་བྱེད་པས་བརྒྱ་རྩ་བརྒྱད་ལ་སོགས་པར་མཆོད་པས། རྣལ་འབྱོར་དབང་ཕྱུག་མཉེས་བྱས་ནི་དཔལ་སྡོམ་པའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་ཐ་མི་དད་པ་ལ་མཆོད་པས། དབུལ་པོ་ཉིད་དུ་ག་ལ་འགྱུར་ཞེས་ཕན་ཡོན་མི ་ཟད་པ་ནམ་མཁའ་མཛོད་ཐོབ་པའོ། །གོ་མ་ཡུ་ནི་ཅེ་སྤྱང་གི་ཤ་དང་ཞི་བའི་ཤིང་ལ་སྦྱིན་སྲེག་བྱས་པ་ནི། གང་ཟག་དེས་ནི་ལས་དང་དངོས་གྲུབ་གང་འདོད་ཅི་བདེ་བ་ནི་གྲུབ་པར་འགྱུར་བ་ཉིད་ཀྱིས། ཡང་གོ་མཾ་ཡུའི་སྦྱིན་སྲེག་བརྒྱ་འམ་སྟོང་ལ་སོགས་པས ་དཔའ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་མཆོད་པ་ནི་མྱུར་དུ་ནོར་བདག་མཉམ་པར་འགྱུར་ཞེས་རིན་པོ་ཆེའི་ཕུང་པོ་ཐོབ་པའོ། །དེ་དག་འདི་དུས་སུ་ཕྱི་རོལ་གྱི་དཀའ་ཐུབ་ཀྱི་སྤྱོད་པ་མཐར་ལྷུང་བ་དགག་པ་ནི། བརྟུལ་ཞུགས་དམན་པ་ལ་སོགས་པ་སྟེ། གཙང ་སྒྲ་དུས་གསུམ་གྱིས་ཁྲུས་ལ་སོགས་པ་བྱ་བའི་རྒྱུད་ཀྱི་སྤྱོད་པ་མེད་པའོ། །ཡེ་ཤེས་ཆེན་པོ་གསང་བ་མཆོག་བླ་ན་མེད་པ་ཐོབ་པ་ནི་བརྟགས་པའི་དངོས་གྲུབ་འཐོབ་ཅིང། ཡོན་ཏན་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་འགྱུར་བའོ། །ད་ནི ་ཁྱད་པར་དུ་སྒྲུབ་པ་པོ་ཚེ་འཕེལ་བར་འདོད་ན། འཁྲུལ་འཁོར་དང་རྫས་གཉིས་ལས། དང་པོར་བཅུད་ལེན་དུ་གྱུར་པ་ནི། ལྷག་པའི་མཚེ་ནི་བྲག་ལ་སྐྱེ་བ་ཅན་དང། ཀུཥྨན་ཌཾ་ནི་མེའི་ས་བོན་ཅན་ནོ། །མུ་ཏ་ཀ་དབང་ཕྱུག་ས་བོན། མ་ཤ་ནི་སྒྲ་བ་ལོ་མ། ཙ་ནོ་ཀ་ནི ་མོན་སྲན་ནོ། །སྦྲང་རྩིའི་རྩིགས་མ་སྤྲ་ཚིལ་ཏེ་སྐེ་ཆེ་དང། ཞེས་ར་ས་ཡཱ་ན་སྟེ། བཅུད་ལེན་དུ་གྱུར་པ་སྟེ། ཚེ་འཕེལ་བར་བྱེད་པའི་འཆི་མེད་བསྒྲུབ་པའི་སྦྱོར་བ་གསང་བ། ནང་དུ་བདུད་རྩི་རླུང་ལམ་དུ་གྱུར་པས་སོ། །འཁྲུལ་འཁོར་སྦྱོར་བ་ལ། ཏ་མ ་ལའི་འདབ་བླངས་དེ་ནི་གུར་གུམ་གྱིས་ཡི་གེ་བཅུ་གསུམ་པའི་འཁོར་ལོ་ཨཱ་ལི་ཀཱ་ལིས་མཚན་པ་བྲིས་པ་ལ་ལྷ་བསྟིམ་ཞིང་ཚེ་བསྒྲུབ་པའི་སྤེལ་ཚིག་ཅན། ཕྱི་རོལ་མུ་ཁྱུད་ལས་རྡོ་རྗེ་ཕྱོགས་སུ་ཡོད་པར་རབ་གནས་ལྡན་པས་འགྲུབ་པའོ། །གདོང་གཡོགས ་བྱས་ནས་ཞེས་པ་བར་ཆད་བསལ་ཞིང་གནོད་པ་བཟློག་པའོ། །འཁྲུལ་འཁོར་ད་དུ་ར་ཡིས་བྲིས་ལ། གནོད་པ་བྱེད་པའི་སྤེལ་ཚིག་བྲིས་པ་དགུག་བསྟིམ་བྱས་ལ་དུར་ཁྲོད་དུ་སྦས་ན་ཁ་བཅིངས་པར་ནི་འགྱུར་བ་གཅན་བཟན་ཁྲོ་བོ་ལྟ་བུའི་ཁ་དང་ལྕེ ་རེངས་པར་བྱེད་དོ། །རྣལ་འབྱོར་པ་རང་གིས་ཇི་ལྟར་འདོད་པ་ནི་གྲུབ་པར་འགྱུར་བ་ཡིས། གོང་གི་ལས་དང་དངོས་གྲུབ་མ་ལུས་པ་ཡང་ངོ། །གང་དུ་དགའ་བ་དེར་གནས་སོ། །ཞེས་པ་རིམ་པ་གཉིས་སྤྱོད་པ་མཐར་ཕྱིན་པས་སོ། །ཧཱ་སྭཱ་ཕཊ་ཧཱུཾ་ཧུཾ་ཡེ་ནཱི་ཙ་རོ ་བཻ་བཛྲ་ཨོཾ་གསང་སྔགས་སོ།། །།དེ་ལ་གསང་ཆེན་འདིར་ལམ་སྤྱོད་པ་ཡོངས་སུ་དག་པས་ཕྱོགས་ལས་རྣམ་པར་རྒྱལ་བ་མངོན་དུ་གྱུར་པས། འཁོར་ལོ་ཆེན་པོ་རིགས་བསྡུས་པ་ལ་གོམས་པ་མཐར་ཕྱིན་པས། ལམ་གྱི་རིམ་པས ་བཅུ་གསུམ་གྱི་དབང་ཕྱུག་རང་རྫོགས་སུ་གྱུར་པར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་སྨོས་ཏེ། མཚན་ཉིད་ཀྱི་ཐེག་པར་ཇི་ལྟར་ས་ལམ་ཐམས་ཅད་འདིར་དོན་ལ་སྟོན་ཅིང་རྫོགས་པའི་ཁྱད་པར་ལས། རྣལ་འབྱོར་མའི་རྒྱུད་དུ་ཐབས ་ཤེས་རབ་གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ཀྱིས་ས་དང་ལམ་མྱུར་དུ་ཆོད་པ་ཉིད་ལ་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་ཀྱིས་ཡེ་ཤེས་རང་རྫོགས་སུ་གྱུར་པར་དགོངས་པའོ། །ཧེ་རུ་ཀ་དཔལ་ནི་དཔལ་འཁོར་ལོ་སྡོམ་པ་སྐུ་ལྔ་ཡེ་ཤེས ་ལྔ་བདེ་ཆེན་དུ་སྡོམ་པ་ཟུང་འཇུག་ཡེ་ཤེས་ཀྱི་སྐུའོ། །དེའི་སྐུའི་ཡན་ལག་ནི་ཕྱི་སྤྲུལ་པའི་འཁོར་ལོ། །ཇི་ལྟར་གནས་པ་དེ་ཉིད་ནང་དབང་དང་བྱིན་རླབས་ཀྱིས་ཁྱད་པར་དུ་གྱུར་པའི་དུས་ནས། སྨིན་གྲོལ་གྱིས་སྦྱངས་པའི་ཚེ། དཔལ་བདེ་མཆོག་གི་ལྷ་ཚོགས་ཀྱིས་བསྡུས ་པའི་དཀྱིལ་འཁོར་བ་ཐམས་ཅད་ལུས་ལ་བསྟིམ་པས་དེ་ཉིད་དུ་ནུས་པ་བཞག་ཅིང་རྩ་གནས་སུ་རྣམ་པར་འགྱུར་བ་བསྟན་པའོ། །སྐུ་ཀུན་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་པ་རིགས་ལྔ་རྡོ་རྗེ་འཆང་གིས་བསྡུས་པ་རྣམས་སོ། །བསྟན་པ་ལྷའི་གཞལ་ཡས ་ཁང་དང། གཡོ་བ་འགྲོ་བ་ཐམས་ཅད་མ་ལུས་པ་ལ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་གྱིས་ཁྱབ་ཅིང་སྤྲོ་བ་དང་བསྡུ་བའི་དབང་ཕྱུག་ཏུ་མཛད་པའོ། །དེ་དག་ལ་ཌཱ་ཀི་གསང་བ་མཛོད་ལས་གསུངས་པ་ནི། འདིར་ནི་རྣམ་སྦྱོང་གནས་དང་ཉེ་བའི་གནས་ཞིང་དང། ་ཉེ་ཞིང་ཚནདོ་ཉེ་བའི་ཚནདོ་འདུས་ས་ཉེ་བའི་འདུས་ས་ཉིད་དུར་ཁྲོད་ཉེ་བའི་དུར་ཁྲོད་འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་ས་རྣམས་དག་སྟེ་ཀུན་ཏུ་འདོད་ཡིས་ཆེ། བཅུ་གསུམ་རྡོ་རྗེ་འཛིན་པ་མཆོག་ཏུ་དག་པ་གསང་བའི་ས་རྣམས་དྲི་མེད་ཧེ་རུ་ཀ་དཔལ་བརྗོད། །ས་གསུམ་དག་ཏུ་དཔའ་བོ་རྣམས་དང ་རྣལ་འབྱོར་མ་ཡི་རང་བཞིན་ཡི་གེ་ཕྱི་ནང་དག་པ་དབྱེར་མེད་གསང་བར་གནས། མ་ལུས་འཁོར་འདས་ཀུན་ཏུ་ཁྱབ་ཅིང་དབང་བསྒྱུར་མཛའ་ཡས་འཇིག་རྟེན་འདས་པའི་བདག་།དེས་མདོར་བསྟན་ནས་ད་ནི་རྒྱས་པར་བཤད་པ་ལ། གནས་ནི་རབ་ཏུ་དགའ་ ་པའི་ས་ཞེས་པ་ནི། ཌཱ་ཀི་བཛྲ་རྒྱ་མཚོ་ལས་གསུངས་པའི་དོན་ཏེ། གང་དུ་ཕྱག་རྒྱ་དེ་ཉིད་འཁོར་ལོ་བཞིར། །སྐུ་གསུང་ཐུགས་ཀྱི་རྩ་ནི་རབ་གང་བ། །བཅུ་དྲུག་བདེ་བ་མི་ཕྱེད་ཡེ་ཤེས་ཆེ། །སྙིང་པོ་པདྨ་གེ་སར་རབ་དགའ་བ། རང་གི་བདེ་ཆེན་གནས་ནི ་ལྷན་ཅིག་སྐྱེས། མགོ་བོར་བདུད་རྩི་འཕེལ་བྱེད་ཕྱོགས་དག་སྟེ། །ཟླ་བ་དེ་ཉིད་དཔའ་བོ་རྣལ་འབྱོར་མ། །བདག་མེད་གཉིས་ལྡན་མཛེས་པ་ཐུགས་སྤྱོད་པའོ། །དེ་བཞིན་ཉེ་གནས་དྲི་མ་མེད། །སྤྱོད་པ་ཆུ་རྒྱུན་རབ་འབབ་རྣམ་པར་དག་།ཆོས་ཀུན་བདེ་བ་མི་འགྱུར་སྤྲོས་མེད་པ། ། ་ཏིང་འཛིན་ཉེར་སྤྱོད་སྟོང་ཉིད་ལས་རླུང་ཞི། །རྒྱལ་བར་མཐོང་བ་རྣམ་ཐར་མཚུངས་མེད་ཐོབ། །ཞིང་ནི་འོང་བྱེད་ཤེས་པར་བྱ། །ལུས་གནས་རྩ་ལས་སུམ་འདོར་མེ་འབར་བ། །འོད་ཟེར་བྱེ་བས་འགྲོ་ཀུན་ཁྱབ་འགྱུར་བ། །མཆེ་མེད་རྣམ་པར་དག་པའི་ཞིང་གྱུར་ནི། །དཔའ་བོ ་སྟབས་མཆོག་སྐྱེ་མེད་གསུང་རྡོ་རྗེ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཡེ་ཤེས་འོད་ཟེར་དེ་ཉིད་སྤྲོ་དང་བདུད། །སྐར་མདའ་ཐིག་ལེ་གསང་བ་རབ་དབྱེ་ཉིད། །སྨིན་ཅིང་འཛག་པ་ཆུ་དབང་ཉེར་ཞི་དྲག་།སྒྲ་ལས་བརྗོད་པ་དུ་མ་བསྡུས་པའོ། །ཚནདོ་ཧ་ནི་མངོན་གྱུར་ཉིད། །རྣམ་ཤེས ་སྤྱོད་པས་རོ་དྲུག་ཟ་བ་སྟེ། ཡེ་ཤེས་ཀྱིས་ནི་ཞི་བ་རབ་རྒྱས་བྱེད། །བསྒྱུར་དཀའ་སེམས་ཉིད་ཐ་བ་འཇོམས་པ་ལས། །འཁོར་ལོ་རལ་གྲི་རྫུ་འཕྲུལ་སྟོན་པའོ། །ཉེ་བའི་མཚན་དོ་སྤྱད་དཀའ་བ། སྒྱུ་མ་རྨི་ལམ་ཆོས་ནི་མངོན་དུ་གྱུར། །རྗེས་འགྲོ་ཆོས་ཉིད་འཕགས ་པའི་ལམ་ཉིད་དེ། །དགེ་བ་བསམ་གཏན་མཁའ་འགྲོ་ཁམས་ཀུན་སྤྱོད། །གསལ་བ་ཉི་མ་འཆར་ནུབ་ཐིམ་པར་འགྲོ། །འདུས་ས་རིང་དུ་སོང་བ་ཡིན། །ལུས་གནས་ལུགས་ནི་རིང་འགྱུར་སྤྱོད་པ་དག་།ཕྲ་བ་རྗེས་སྤྱོད་དགའ་བའི་ཡུལ་གྱུར་ཉིད། །འདོད་ཡོན་དག་པ ་དབང་པོ་རབ་སིམ་པ། དོན་བྱེད་གྲོང་ཁྱེར་དགྲ་རྣམས་འདུལ་བའོ། །ཉེ་བར་འདུས་ས་མི་གཡོ་བ། །བླ་མེད་འགྲོད་པ་སེང་གེ་སྟོབས་མཆོག་ཉིད། །ཕྱིར་མི་ལྡོག་པས་མཛའ་དག་མི་འཁྲུག་པ། བྱང་སེམས་རོ་མ་རྐྱང་མ་ཀུན་དར་དུ། །སྙིང་རྗེས་འདུ་བ་རྩ་གཞན ་བླ་མེད་སྤྱོད། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཡེ་ཤེས་མཚུངས་མེད་ལེགས་སྤྱོད་ནམ་མཁའ་ལས། །ཐོགས་མེད་བློ་གྲོས་རྒྱ་མཚོའི་རྣལ་འབྱོར་ཆེ། །སྲོག་དང་སྩོལ་བ་དག་པས་རབ་མི་གནས། །འོད་གསལ་འགོག་བ་མེད་པར་སྤྱོད་པའོ། །ཉེ་བའི ་དུར་ཁྲོད་ཆོས་ཀྱི་སྤྲིན། །དཔའ་རླབས་ཆུ་འཛིན་སྣ་ཚོགས་བྱམས་པའི་གདུགས། །གླིང་རྣམས་འགེབས་པ་ཆོས་ཉིད་ཀློང་ཡངས་ཏེ། རྣམ་དག་ཡང་དག་ལམ་གྱི་སྙིང་པོ་ཆེ། །སྲ་བ་མཆོག་འགྱུར་རྡོ་རྗེ་དབྱིངས་དབང་ཕྱུག་།ཡང་དག་མཛའ་དགས ་བྱང་ཆུབ་སྙིང་པོ་ཉིད། །རྡོ་རྗེའི་ཏིང་འཛིན་ཡེ་ཤེས་དེ་བཞིན་གཤེགས། །གདོད་ནས་དག་པ་སྤྲོས་མེད་ཕྱག་རྒྱ་ཆེ། །མཉམ་མེད་བདུད་འཇོམས་སྒོ་གསུམ་རོ་མཉམ་གྱུར། །འོད་གསལ་སྙིང་པོ་སྲོག་གྱུར་རྩ་རྣམས་དག་པ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཀུན་ཏུ ་སྟོན་གྱུར་པ། །མཆོག་གྱུར་རྒྱལ་པོ་བཅོམ་ལྡན་རྡོ་རྗེ་འཆང། །དེ་ནི་ཁྱབ་བདག་མ་ལུས་རྣམ་མི་རྟོག་།རྒྱུ་འབྲས་བདེ་ཆེན་ལྷུན་གྲུབ་བཅུ་གསུམ་པ། །སྐད་ཅིག་གཙུག་གཏོར་རྫོགས་པར་རབ་ཐིམ་པ། །རྒྱུན་མི་འཆད་པར་བྱང་ཆུབ་སེམས་འབྱུང་འགྱུར། །ཡིད ་བཞིན་ནོར་བུ་དབང་གི་རྒྱལ་པོ་བཞིན། །ངོ་བོ་ཉིད་སྐུ་ཡེ་ཤེས་ཟུང་འཇུག་སྐུ། །སངས་རྒྱས་ནམ་མཁའ་ཨི་སྐུ་ནི་འདིར་འཐོབ་བྱེད། །ཅེས་གསུངས་པའི་དོན་ཏོ། །འདིར་ནི་མཚན་ཉིད་ཀྱི་ཐེག་པ་ལས། །སྙིང་པོར་གྱུར་པ་རྡོ་རྗེའི་ཐེག་པ་གསང་བ་བླ་ན་མེད་པའི་དཔལ ་ལྡན་ཧེ་རུ་ཀ་གཞུང་སྤྱོད་ཅེས་སྨོས་ཏེ། བདེ་བ་ཆེན་པོར་སྡོམ་པ་ཡེ་ཤེས་ཀྱི་སྐུ་ཅན་གྱིས་བསྟན་པའི་དོན་ཏོ། །འདི་ནི་ནང་གི་བདག་ཉིད་ཅན་ལ་མཆོག་ཏུ་འགྱུར་བ་ནང་གི་རྩ་དང་ཐིག་ལེ་ལ་སོགས་པའི་རྟེན་འབྲེལ་ཕྱི་སྣང་བ་འཁོར་ལོ་སྡོམ་པའི་ངང་ལས་མ་འདས ་པའོ། །དེ་ཡང་དབང་བཅུ་མངོན་དུ་གྱུར་པས་སྦྱིན་པ་ནས་ཡེ་ཤེས་ཀྱི་བར་གྱིས་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཀྱི་དང་ལམ་རྣམས་ནི་ཐོབ་ཚུལ་མཚུངས་ཀྱང་ལམ་བགྲོད་ཚུལ་མི་འདྲ་བ་ཉིད་དོ། །རྣལ་འབྱོར་མའི་བརྡའི་སྐད་ནི་ཀླ་ཀློའི་སྐད་ཀྱིས་སྦས་པའི་གསང་བ ་འཇིག་རྟེན་གྱི་སྒྲ་དང་རྟོག་གེ་པས་མི་རྟོགས་པར་གྱུར་པའོ། །དེ་ལ་དཀྱིལ་འཁོར་གསང་བ་ཡང་དག་པའི་གནས་ཚུལ་ནི། མཐོ་རིས་ཧེ་ཐུགས་མཁའ་སྤྱོད་དང་ས་སྟེང་ནི་ས་སྤྱོད་གསུང་དང། ས་འོག་ཏུ་སྤྱོད་པ་སྐུའི་འཁོར་ལོ་ལ་དཔའ་བོའི་ཡན་ལག་ནི། ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་བའོ། །བརྟན་པ་དཀྱིལ་འཁོར་གཞལ་ཡས་ཁང་ལ་གཡོ་བ་ལྷ་ཚོགས་འཁོར་ལོར་གནས་པ་དག་གི་བདག་ནི་དེ་ཐམས་ཅད་རྣལ་འབྱོར་པའི་ལུས་སེམས་ལ་སྡོམ་པར་གྱུར་པའོ། །པུལླི་ར་སོགས་གང་བསྟན་པ་ནི་སྦྲུལ་པ་འཛམ ་བུའི་གླིང་གིས་འཁོར་ལོ་ཡུལ་གྱི་བྱེ་བྲག་ཐ་དད་པའོ། །དེ་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུལ་གནས་པ་གཞིན་དུ། རྣལ་འབྱོར་པའི་ལུས་ལ་ཡང་སྦྱར་བའོ། །ཐོགས་མེད་དུས་སུ་གང་བསྟན་པས་ནི་གདོད་མ་ནས་གྲུབ་པའི་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གྱི་འཁོར་ལོ། འོག ་མིན་དང། རི་རབ་རྩེ་དང། ཛམྦུའི་གླིང་དུ་ཡང་སྣང་བར་མཛད་པའོ། །ཕྱི་ནང་བདག་ཉིད་ཅན་དུ་གནས་པ་ནི་ཀུན་ཏུ་ཁྱབ་ཅིང་ལྷུན་གྱིས་གྲུབ་པའོ། །ཐོགས་པ་མེད་པར་ཀུན་གྱི་དབང་ཕྱུག་དུ་བསྟན་པས་གར་གྱི་ཆོ་འཕྲུལ་ནི་དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ་ནི་དུས་དང་རྣམ་པ་ཐམས ་ཅད་དུ་བདུད་ལས་རྒྱལ་བའི་སྐུ་གཙོ་བོར་གྱུར་པའོ། །འདོད་པ་ཀུན་ནི་སྒྲུབ་པ་པོའི་དོན་ཀུན་སྩོལ་བ་ཉིད་ལས། དབང་ཕྱུག་གཙོ་ནི་ཡེ་ཤེས་ཀྱི་དབང་ཕྱུག་བརྒྱད་དང་ལྡན་པ་ཉིད་དོ། །ཀུན་ཏུ་ཕྱག་དང་ནི་ཟླ་བ་བཅུ་གཉིས་རྣམ་པར་དག་པ། ཞབས་ལྡན་ཞིང་ནི་ཉི་མ་ལྷོ་བྱང ་དུ་བགྲོད་པ་གཉིས་སོ། །ཀུན་ཏུ་སྤྱན་དང་ནི་དུས་གསུམ་ཐམས་ཅད་དུས་མེད་མཉམ་པ་ཉིད་དུ་གཟིགས་པའོ། །གཙུག་ཏོར་ཞལ་ཏེ། གཙུག་ཏོར་ལྟར་མི་མངོན་པ་དང་ཞལ་གྱི་ཁྱབ་པ་ཚད་མེད་པ་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ། ཀུན་ཏུ་ཐོས་ལྡན་ནི་གསུང་གི ་གསང་བ་བདེ་ཆེན་བསམ་གྱིས་མི་ཁྱབ་པས་བསྐལ་བ་གང་གཱ་ཀླུང་གི་བྱེ་མ་སྙེད་བཅུ་དྲུག་འདས་པའི་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ལ་སོགས་པར་ཡང་གསུང་ཐོས་པ་ཉིད་ཀྱིས་སོ། །ཐམས་ཅད་གཡོགས་ཏེ། རྣམ་པར་བཞུགས་པ་ནི་སྐུ་གསུངས་ཐུགས་ཡེ་ཤེས་ཀྱི ་གསང་བ་བདེ་ཆེན་བསམ་གྱིས་མི་ཁྱབ་པའི་མི་བཟད་པ་བརྒྱན་གྱི་འཁོར་ལོས་འཁོར་འདས་ཐམས་ཅད་ཀྱི་དོན་མཛད་པ་ཉིད་དོ། །ད་ནི་གཞུང་ཉེ་བར་བསྡུ་བའི་སྒོ་ནས་ལམ་གྲུབ་པའི་དོན་བསྟན་པ་ནི། དེ་ནས་དངོས་གྲུབ་བསྒྲུབ་བྱ་བ་ནི་འབྲས་བུའི་མཆོག་གསང་བ་མཆོག་མཐུན་ ་མོང་ངོ་བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ་ནི་ལམ་གྱི་རིམ་པས་དམ་ཚིག་སྡོམ་པ་སྤྱོད་པ་དང་ལྡན་པས་འཐར་འབྱིན་པའོ། །སྒྲུབ་པ་པོས་རྟེན་གྱིས་གང་ཟག་ཉམས་ལེན་བྱེད་པ་ལ་ཕན་པའི་ཕྱིར་ཞེས་པ་མ་འོངས་པའི་སྐལ་པ་དང་ལྡན་པ་རྣམས ་ལ་དགོངས་པ་ཉིད་དོ། །དེ་དག་ཆོས་འདི་ལ་འཇུག་པར་འགྱུར་བས་ན། གསང་བ་ཆེན་པོ་རྒྱུད་གསུམ་སྟོན་པའི་དེ་ཉིད་གསལ་བར་གསུངས་པ་ཡིན་ཞེས་སྙིང་པོ་མཆོག་ཏུ་གྱུར་བའི་དོན་གསང་ཆེན་ལ་ཉེ་བར་གདམས་པ་བསྟན་པ་ཉིད་དོ། །ད་ནི་ལེའུའི་མཚན་ལས ་དཔལ་འཁོར་ལོ་སྡོམ་པ་ལ། དབང་གི་སྦྱིན་སྲེག་གི་ངང་ལས་ཚོགས་རྣམས་སོ། །གནས་ལ་སོགས་པ་བསྟན་པའི་ཆོ་ག་ནི་ས་ལམ་རིམ་པ་སྟེ། ལེའུ་ལྔ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤང་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། འདིར་ནི་ཡོངས་སུ་བསྡུས་པའི་རྒྱུད་འདི་ལ། རྗོད་བྱེད་སྒྲའི་གསང་ཆེན་དང་བརྗོད་བྱ་དོན་གྱི་གསང་ཆེན། གཉིས་སུ་མེད་པ་བདེ་བ་ཆེན་པོ། ཡེ་ཤེས་ཀྱི་གསང་ཆེན་གྱི་དོན་མ་ལུས་པ་ཐམས་ཅད་ལེའུ་དང་པོར་མདོར་བསྟན་པ། ལུས་རྣམ་པར་བཞག་པ་ལྟ་བུར ་གསུངས་ནས། ལེའུ་གཉིས་པ་ནས་ཞེ་དགུ་པ་ཡན་ཆད་ཀྱིས་རྒྱས་པར་བཤད་ལ་ལེའུ་ལྔ་བཅུ་པས། ལས་རབ་འབྱམ་རྣམས་དང། ལམ་དང་སའི་རིམ་པ་བསྟན་པས་ཅུང་ཟད་བསྡུ་བ་ཙམ་མཛད་ནས། ལེའུ་ལྔ་བཅུ་རྩ་གཅིག་པ་འདིས་ཚིག་དོན་ཐམས་ཅད་ཉེ ་བར་བསྡུ་བ་མཛད་པ་ནི། མན་ངག་ནི་དཔལ་རྡོ་རྗེ་འཆང་ཆེན་པོ་ནས་ད་ལྟའི་བླ་མའི་བར་དུ་བྱིན་རླབས་མཆོག་ཏུ་གྱུར་པའི་རྒྱུ་འདི་ནི། སྐལ་པ་དང་མི་ལྡན་པས་རྙེད་པར་དཀའ་བ་སྟེ། དེ་བཞིན་གཤེགས་པ་མར་མེ་མཛད་ནས། ཐུབ་པ་འོད་སྲུངས་ཀྱི་བར ་གྱིས་ཀྱང་མ་གསུངས་པའི་ཕྱིར་རོ། །དེ་བས་ན་ཐུབ་པ་འདི་ཐུགས་རྗེ་ཆེ་ཞིང་ཐབས་མཁས་པས་དཔའ་བོས་ཤེས་དཔལ་ཧེ་རུ་ཀས་བརྡའི་སྐད་དུ་ནི་སྒྲ་ཇི་བཞིན་པ་མ་ཡིན་པར་གསང་བ་སྙིང་པོའི་དོན་ལྐོག་ཏུ་གྱུར་པ་དེ་བཞིན་གཤེགས་པ་སྤྱོད་ཡུལ་ཉིད་ཐུན་མོང ་བ་མ་ཡིན་པར་བསྟན་པའོ། །ང་ཡིས་རྒྱུད་གཞན་རྣམས་ཐམས་ཅད་དུ་ཡང་གསལ་པོར་མ་བསྟེན་ཏེ། ཤིན་ཏུ་སྦས་པ་ཡིན་ཞེས་སྒྲ་པ་དང། རྟོག་གེ་པས་རྟོགས་པར་དཀའ་བ་ཀླ་ཀློའི་སྐད་ལ་སོགས་པའི་སྒོ་ནས་བསྟན་པ་སྟེ། རིམ་པ་གཉིས་མངོན་དུ་གྱུར་པའི་ཚུལ་གྱི་གཞུང་བསྡུ་བ ་སྤྱིར་མཛད་པའོ། །ད་ནི་མངོན་པར་རྟོགས་པ་ཡོངས་སུ་བསྡུ་བའི་དོན་གྱི་གསང་བ་སྟོན་པ་ནི། གོས་དང་ཞེས་པ་ལ་སོགས་པ་སྟེ། བྷཱ་སྨཱ་ཤེ་ཞེས་དུར་ཁྲོད་ལས་བྱུང་བའི་གོས་སམ། པཥཐི་ཛའི་སྒྲས་གནས་ལ་འགྲོ་བས། དུར་ཁྲོད་ཀྱི་དབྱེན་པར་གནས་ཕུན་སུམ ་ཚོགས་པའམ། །ཚད་མེད་པ་བསྟན་པ་ཉིད་ཀྱི་རྣལ་འབྱོར་བསྡུད་བ་དང། བདག་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ལ་ཕྱག་རྒྱ་ལྔས་བརྒྱན་པར་ལ་སོགས་ཀྱིས་བདག་བསྲུང་བ་དང། ཡང་སོགས་ཀྱི་ཐབས་ཀྱི་ཡན་ལག་བསོད་ནམས་ཀྱི་ཚོགས་དང། ཤེས་རབ ་ཀྱི་ཡན་ལག་ཡེ་ཤེས་ཀྱི་ཚོགས་དང། ཕུར་བུ་གུར་གྱི་གནས་བསྲུང་བ་སྔོན་དུ་འགྲོ་བའོ། །རྒྱུ་ཚོགས་ནི་རྟེན་འབྱུང་བ་རིམ་བརྩེགས་རི་རབ་ཆེན་པོ་གཞལ་ཡས་ཁང་བསྐྱེད་པ་དང། བརྟེན་པ་ལྷའི་འཁོར་ལོ་བསྐྱེད་པ་ལ། སྟོང་པ་སྔོན་འགྲོ་སྟེ་ཨཱ་ལི་དང། ཧཱ ་ལི་སྟེ་ས་བོན་ཕྱག་མཚན་ལ་སོགས་མངོན་པར་བྱང་ཆུབ་པ་ཉིད་དང། བརྗོད་ནས་སྔོན་དུ་འགྲོ་བ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་རྒྱུའི་ཧེ་རུ་ཀ་བསྐྱེད་པ་ཉིད་དང། འཇུག་པ་སྒྲ་ལ་སོགས་པ་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ཉིད་ལས། ཇི་སྲིད་བསྡུས་པ་ནམ་མཁའ་ ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ནས་བསྟིམ་པ་ལས། ཡུམ་གྱི་ཆོས་འབྱུང་དུ་ལྷའི་འཁོར་ལོ་རྫོགས་པ་ལས། དམ་ཚིག་གི་འཁོར་ལོ་ཕྱུང་ནས་བཀོད་པས་སྤྲོ་བ་དང་བསྡུ་བ་བསྟན་པའོ། །མྱ་ངན་ལས་འདས་པ་གཙོ་བོ་ཡབ་ཡུམ་འོད་ཀྱི་ཐིག ་ལེར་ཞུ་བ་དང་བདུད་རྩི་སྟེ། ཐིག་ལེའི་རང་བཞིན་དུ་གནས་པ་ལ་ཚིམ་བྱེད་ཚད་མེད་བཞིའི་དང་ལ་གནས་པ་ལ་གླུས་བསྐུལ་བ་དང། སྡུས་པའི་སྦྱོར་ལྡན་གཙོ་བོ་ཡབ་ཡུམ་བཞེངས་པར་གྱུར་པས་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྟན་པའོ། །གོ་ཆ་ཆེན་པོ་ལུས་ཀྱི་དཀྱིལ ་འཁོར་བསྒོམ་པ་བསྟན་པ་དང། མྱ་ངན་འདས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་བསྒོམ་སྟེ། དཀྱིལ་འཁོར་རྒྱལ་པོ་མཆོག་གོ་།ལས་རྒྱལ་པོ་མཆོག་ལ། ལག་པའི་མཆོད་པས་གོ་ཆ་གཉིས་བགོ་བ་དང། བསྡུས་པའི་སྦྱོར་བས་ཡེ་ཤེས་སེམས ་དཔའ་སྤྱན་དྲངས་ནས། གཉིས་སུ་མེད་པར་བསྟིམ་པ་དང། དབང་བསྐུར་ཞིང་རྒྱས་གདབ་པར་བྱ་བ་དང། སྔགས་རྣམས་ཀུན་གྱིས་མཆོད་པ་བླ་ན་མེད་པ་བསྟན་པས་མཉམ་གཞག་གི་རྣལ་འབྱོར་ལ། དེ་ལྟར་དེ་ཉིད་བཅུ་བཞི་ནི་ཞེས་པ་མངོན་པར་རྟོགས་པ་ཧེ་རུ་ཀ ་མངལ་སྐྱེས་བསྟན་པ་ལ་མདོར་བསྡུས་ནས་ནི་བཤད་པ་ཡིན་ཞེས་ཐུན་ཉེ་བར་བསྡུས་ནས་བདུད་རྩི་མྱང་ཞིང་གཏོར་མ་དབུལ་བར་བྱ་བ་དང། རྫོགས་པའི་རིམ་པ་བསྒོམ་པའི་བར་གྱིས་མཉམ་གཞག་གི་རྣལ་འབྱོར་བསྟན། དེ་ནས་རྗེས་ཐོབ་སྤྱོད་པ་ལ་གནས ་པར་བྱ་བའོ། །ཡང་རྫུས་སྐྱེས་ཀྱི་རིམ་པ་ལྟར་ན་དང་པོར་བྱང་ཆུབ་སེམས་དང་ལྡན་པས། དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་ལུས་ངག་ཡིད་གསུམ་དག་པར་བྱས་ནས། གོས་དང་ཞེས་ཚངས་པའི་གནས་བཞི་བསྒོམ་པ་རྣལ་འབྱོར་བསྲུང་བའོ། །ཕྱག་རྒྱ ་ལྔ་ནི་ཕུང་པོ་ལྔ་རིགས་ལྔས་རྒྱས་གདབ་སོགས་ཁོངས་སུ་ཁམས་དང་སྐྱེ་མཆེད་བསྡུ་བས་བདག་བསྲུང་བའོ། །ཕུར་བུ་གུར་ནི་གནས་བསྲུང་བའོ། །པྲཛྙཱ་པུ་ཎའི་སྒྲས་ནི་ཤེས་རབ་ཀྱིས་ཟིན་པའི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡན་ལག་བདུན་པས།། ་རྒྱུ་སོགས་སྟོང་པ་སྔོན་འགྲོ་བ་ཡེ་ཤེས་ཀྱི་ཚོགས་སོ། །འཇུག་པ་ནི་སྒྲ་དེས་གཞོམ་དུ་མེད་པའི་ནཱ་ད་ལ་སོགས་པ་བྷེ་རམ་བྷ་སྟེ། ཇི་སྲིད་བསྡུ་བའི་སྦྱོར་ལྡན་པ་ནི་འབྱུང་བ་རིམས་བརྩེགས་ནས་རི་རབ་དང་སྣ་ཚོགས་པདྨ་དང། ཨཱ་ལི་ཀཱ་ལི་ཐིག་ལེ་ལས་ས་བོན་དང ་བཅས་པ་སྤྲོ་བ་དང་བསྡུ་བས་ངོ་བོ་ཉིད་སྐུ་དམ་ཚིག་གི་དཀྱིལ་འཁོར་རྒྱས་པར་བསྐྱེད་པའོ། །མྱ་ངན་འདས་ནི་བྱང་ཆུབ་ཕྱོགས་ཆོས་སྐུའི་རྣལ་འབྱོར་དང། གོ་ཆ་ཆེན་པོས་ནི་ལུས་རྟེན་དང་བརྟེན་པར་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་དང། ལག ་པའི་མཆོད་པ་སྟེ་གོ་ཆ་གཉིས་བགོ་བ་དང། སྡུད་པའི་སྦྱོར་ལྡན་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱ་བ་དང། དབང་བསྐུར་བ་དང་སྔགས་རྣམས་ཀུན་གྱིས་མཆོད་པར་བྱ་བ་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་བྱ་བ་དང། སྔགས ་རྣམས་ཤེས་པས་བཟླས་པའི་རྣལ་འབྱོར་ཡང་བསྟན་བདུད་རྩི་ཚིམ་བྱེད་ཀྱི་བདུད་རྩི་མྱང་བ་གཏོར་མ་དབུལ་བ་དང་ཡང་བསྡུས་པའི་སྦྱོར་ལྡན་པས་ཐུན་ཉེ་བར་བསྡུ་བ་ཡང་བསྟན་ཏོ། །དེས་བསྐྱེད་པའི་དོན་གཞུང་བསྡུ་བ་དེ་ཁོ་ན་ཉིད་སྟོན་པའོ། །ད་ནི་དེ་ཉིད་ལ་རྫོགས ་པའི་རིམ་པ་ལྟར་ན། ཁྱད་པར་དུ་རྣལ་འབྱོར་རྣམ་པར་གྲོལ་བ་ལས། གོས་ནི་ལུས་ཀུན་ཏུ་ཁྱབ་པའི་ཀུན་ད་བྱང་སེམས་དེ་ལ་བརྟེན་པའི་དོན་དམ་བདེ་བས་ཀུན་ཏུ་ཁྱབ་པས་གོས་སམ་གནས་སུ་གྱུར་པའོ། །ཕྱག་རྒྱ་ལྔ་ནི་འབྱུང་བ་ལྔ་དང་དུག་ལྔ་དག་པའི་ཡེ་ཤེས ་ལྔ་ཉིད་དོ། །སོགས་ནི་རྩ་འཁོར་ལོ་དྲུག་ལ་སོགས་པ་དབྱེ་བསྡུ་རྣམས་སོ། །ཤེས་རབ་ཡན་ལག་ནི་ལས་དང་ཆོས། དམ་ཚིག་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པའོ། །ཕུར་བུ་གུར་ནི་རྡོ་རྗེ་དྲི་གུར་ལྟ་བུ་སྟེ། བྱང་ཆུབ་སེམས་ཀྱི་ཕུར་བུས་བསྲུང་བ་ཆེན་པོའོ། ། ་ཨཱ་ལི་ཀཱ་ལི་ནི་རྩ་འཁོར་ལོ་བཞི་ཡིག་འབྲུ་དགོང་པ་རྣམས་སོ། །བརྗོད་པ་ནི་རླུང་སྲོག་དང་རྩོལ་བའོ། །རྒྱུ་ནི་ཆོས་ཉིད་ཀྱི་རྩ་ཀུན་དར་མའོ། །སོགས་ནི་རོ་རྐྱང་གཉིས་དང་རྩ་གཞན་ཐམས་ཅད་དོ། །བདེ་བ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེ་བའི་རྟེན་རྩ་དབུ་མ་དེ ་ཉིད་དང་པོ་ལུས་ཆགས་པའི་ཐོག་མར་དང་པོ་བྱུང་བས་ན་སྔོན་འགྲོ་བའོ། །འཇུག་པ་ནི་རླུང་ལམ་དུ་བྱ་བ་སྟེ། འབྱུང་འཇུག་གནས་པའོ། །སྒྲ་ལ་སོགས་པ་ནི་རླུང་དང་རྩ་ཡིག་ཁོང་ན་གནས་པ་ལས། ངག་ལས་ཚིག་དང། མིང་དང། བརྗོད་པ་དང། ་རབ་ཏུ་བྱེད་པ་དུ་མ་འབྱུང་བ་གནས་པ་ཐིམ་པའོ། །ཇི་སྲིད་ནི་སྲིད་པ་གསུམ་སྟེ་རྩ་གསུམ་མཚོན་པའོ། །བསྡུས་པ་ནི་རྩ་དབུ་མ་དང་ཨ་ཐུང་ལས། མི་ཤིགས་པའི་ཐིག་ལེ་གནས་པ་ལས་འོད་ཟེར་སྤྲོ་བ་དང། སྡུད་པའོ། །དེ་ཉིད་ཁམས་གཞན་གྱི་བདུད་རྩི་བླངས་ནས་རང ་གི་གནས་སུ་སྡུད་པས་ཡེ་ཤེས་མྱུར་དུ་སྐྱེ་བའོ། །སྦྱོར་ལྡན་པ་ནི་ལྟེ་བའི་འོག་གི་ཙཎྜ་ལི་དང་སྟེང་གི་སྤྱི་བོའི་ཧཾ་ལས་བདུད་རྩི་ཕབ་སྟེ། འཁོར་ལོ་རྣམས་སུ་རིམ་པ་བཞིན་དུ་སྦྱོར་བའོ། །དེ་ཉིད་ལ་འབར་འཛག་ཏུ་གྱུར་པས་བདུད་རྩི་ནི་སྤྱི་བོའི ་ཧཾ་ལས་སོ། ཚིམ་བྱེད་ནི་འབར་བ་ལ་ཐིམ་པས། ལུས་སེམས་ལ་བདེ་སྟོང་ལྷན་སྐྱེས་ཚིམ་བྱེད་དུ་གྱུར་པའོ། །མྱ་ངན་འདས་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་བསྲེགས་པས་བདེ་སྟོང་དུ་རང་སར་རྣམ་པར་དག་པའོ། །ལག་པ་ནི་ཕྱག་རྒྱ་སྟེ་དེ་དག ་ཐམས་ཅད་ལ་ཡང་ཕྱག་རྒྱ་བཞི་ལྡན་དུ་གནས་པས། མཆོད་པ་ནི་རང་ལུས་ཐབས་ཧེ་རུ་ཀ་བདེ་བ་དང་ཡུམ་སྟོང་ཉིད་དེ། ཐབས་ཤེས་རབ་གཉིས་མེད་ཡེ་ཤེས་ཆེན་པོ་མཆོད་པའོ། །དབང་བསྐུར་བ་ནི་དགའ་བ་དང་སྐད་ཅིག་མ་ལྷན་ཅིག་སྐྱེས་པའི ་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་དུ་དབང་བསྐུར་བ་ཉིད་དོ། །གོ་ཆ་ཆེན་པོ་ནི་ལུས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པ་ཐམས་ཅད་དུ་དཔའ་བོ་ཐབས་དང་རྣལ་འབྱོར་མ་ཤེས་རབ་དབྱེར་མེད་དུ་གྱུར་པས་རྩ་དང་བྱང་སེམས་རོ་མཉམ་བདེ་ཆེན་མི་རྟོག་པར་གནས་པས ་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་འཇོམས་ཤིང་བསྲུང་བར་འགྱུར་བའོ། །སྔགས་རྣམས་ནི་འབྱུང་བ་ལྔའི་རླུང་སྟེ། སྲོག་སྩོལ་ལ་སྦྱངས་པས་དབུ་མར་ཆུད་པས། སྣང་གྲགས་ཐམས་ཅད་བདག་གཞན་དབྱེར་མེད་བདེ་བ་དང་སྟོང་པ ་གཉིས་མེད་ཀྱི་མཆོད་པར་བྱ་བ་ཉིད་དེ། དེ་དག་གིས་ལམ་རྫོགས་པའི་རིམ་པ་དང་སྦྱར་བ་དཔལ་ཌོཾ་བི་ཧེ་རུ་ཀའི་བཞེད་པའོ། །ང་ནི་དེ་དག་གི་གཞུང་ཡོངས་སུ་བསྡུ་བའི་ཚུལ་གྱིས་གདམས་པ་ནི། བཱ་ས་ནི་ཞེས་གནས་དང་གོས་ལ་འཇུག་པས། ས ་ལ་འདོད་པ་ཀུན་དབང་ཕྱུག་ནི་གནས་ཕུན་སུམ་ཚོགས་པ་བསྟན་པའི་གཞུང་བསྡུ་བའོ། །དབང་གི་གཞུང་བསྡུ་བ་ནི་དབང་བསྐུར་བ་ཞེས་པའོ། །ལམ་བསྐྱེད་པའི་རིམ་པའི་དེ་ཉིད་བཅུ་བཞི་པོ་ཐམས་ཅད་ཀྱིས་བསྟན། ཡང་རྫོགས་རིམས་ཀྱང་དེ་ཉིད ་ཀྱི་?་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ནི། ཆོས་ཉིད་བསམ་མི་ཁྱབ་དྲན་བྱ་ཞེས་པའོ། །དམ་ཚིག་ལ་གཉིས་ལས། བསྲུང་བའི་དམ་ཚིག་ནི། གང་གིས་ཐོབ་ནས་མ་དད་པ་དབུལ་པོ་སྡུག་བསྔལ་གྱིས་གདུངས་པ་དེ་ལ་རྟག་ཏུ་འབྱུང་བར་འགྱུར། དེ་ལ་ཉེས་དམིགས་ཀྱི་སྒོ་ནས་བསྟན ་པའོ། །བདུད་རྩི་ཚིམ་བྱེད་ཀྱི་ཚོགས་ཀྱི་འཁོར་ལོའི་དུས་སུ། །ཡང་ལག་པའི་མཆོད་པ་ཞེས་པས་བཟའ་བའི་དམ་ཚིག་གི་གཞུང་བསྡུ་བའོ། །སྤྱོད་པ་ལ་ཕྱག་རྒྱ་ལྔ་སོགས་དང། མགུལ་རྒྱན་གདུ་བུ་སོགས་ཚིག་རྐང་བཞིས་རིག་པ་བརྟུལ་ཞུགས་དང། སྤྱོད་པ་སྣ་ཚོགས་སྟོན ་མཛད་ཀྱིས། ཀུན་ཏུ་བཟང་པོ་མགོན་པོ་ཀུན་སྤྱོད། སྦས་པ་ཨ་བ་དྷཱུ་ཏཱི་པའི་སྤྱོད་པ་ཕྱོགས་ལས་རྣམ་པར་རྒྱལ་བར་བསྡུས་པའི་སྤྱོད་པ་ཡང་བསྡུས་པའོ། །ཱ་ལི་ཀཱ་ལི་དང། སྔགས་རྣམས་ཀུན་གྱི་ཞེས་གསང་སྔགས་སྙིང་པོ་ཉེ་སྙིང་རྩ་སྔགས་བཟླས་པའི་དོན་ཏོ། ། ་ཤེས་རབ་ཡན་ལག་དང། མཆོད་པར་བྱ་ཞེས་པས་རིགས་ལྡན་མཆོད་པ་བསྡུས་པའོ། །ལམ་མངོན་དུ་གྱུར་པ་ལ་སྤངས་ཐོབ་གཉིས་ལས། སྤང་བྱ་རང་སར་དག་པར་གྱུར་པ་ནི། ཇི་ལྟར་སྔོན་བསགས་སྡིག་པ་ཡི། །བག་ཆགས་ཀུན་ཟད་མཚན་ཉིད་ཅན་ཞེས་པས་སོ། ། ་འབྲས་བུ་མངོན་དུ་གྱུར་པ་ལ། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང། །ས་ལ་འདོད་པ་ཀུན་དབང་ཕྱུག་ཅེས་པས་ཡེ་ཤེས་ས་ལ་རྫོགས་པའི་གཞུང་བསྡུ་བའོ།། །།ད་ནི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འདིར་ཞུགས་པའི་རྣལ་འབྱོར་པས། འབྲས་བུ་མཆོག ་མངོན་དུ་གྱུར་པ་བསྟན་པ་ནི། མི་མཆོག་གང་ཞིག་ཀུན་སྤྱོད་པ་ཞེས་སྨོས་ཏེ། འདིར་རྟེན་གྱི་གང་ཟག་གིས། ཐོས་བསམ་བསྒོམ་པས་རྒྱུད་སྦྱངས་པས་ལམ་ལ་གོམས་པར་གྱུར་པས། སྒྲིབ་པ་ཐམས་ཅད་རྣམ་དག་བདག་ནི་ལས་དང་ཉོན་མོངས་པ་གནས་ངན་ལེན་མྱུར ་དུ་བདག་སྤྱོད་པ་དང་ལྡན་པའོ། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་ནི་ས་བཅུ་གསུམ་པའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཚེ་འདི་ཉིད་ལ་མངོན་དུ་གྱུར་པ་དབང་པོ་ཡང་རབ་སྟེ། ས་ལ་འདོད་པ་ཀུན་དབང་ཕྱུག་ཅེས་པ་ལ། ཕྲ་ཞིང་ཡང་ལ་ཕྲ་བར་ནུབ་པ་དང། །སྤྱོད་པར་ནུས་དང་བདག་ཉིད་ཆེན ་པོ་དང། །དགའ་མགུར་བྱེད་ཅིང་ཐམས་ཅད་དབང་དུ་གྱུར། །ཅི་འདོད་བསྐྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པའི་དོན་གྱི་མཚུངས་པ་མེད་པའོ། །ཡང་སྐྱེ་བ་བདུན་ཚུན་ཆོད་ཀྱིས་མཆོག་མངོན་དུ་གྱུར་པ་བསྟན་པ་ནི། ཇི་ལྟར་སྔོན་ཚེ ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་མ་རིག་པའི་བག་ཆགས་ཀུན་ཟད་པར་བྱེད་པའི་མཚན་ཉིད་ཅན་ནི། བརྩོན་འགྲུས་ལྡན་པ་གང་ཞིག་གིས་འདི་ནི་དུས་རྟག་ཏུ་བསྒོམ་པ་དག་ནི། སྐྱེ་བ་དང་ནི་གང་དང་གང་དུ་སྐྱེ་བ་དེར་བདེ་བར་གཤེགས ་པ་དག་གི་རིགས་སྐྱེ་སྟེ། ཁྱད་པར་དུ་རྣལ་འབྱོར་དབང་ཕྱུག་ཆེན་པོར་གྱུར་པ་ནི། དང་པོ་ནས་ཆོས་དང་ལྡན་པ་ཉིད་ལ་སྟེ། དབང་པོ་རབ་ཀྱིས་ཐོབ་པའོ། །ད་ནི་མཚན་ཙམ་གྱིས་གྲོལ་བ། དྲི་མ་འདག་ཚུལ་དཔེའི་སྒོ་ནས་བསྟན་པ། དཔེར་ན་མར་གྱིས ་གང་བའི་སྣོད་ཅེས་བུམ་པ་ལྟ་བུ་དེ་ཉིད་མེ་འབར་བའི་དབུས་སུ་བཞག་པར་གྱུར་ན་ནི། མར་འབྲུ་ལ་བྱུང་བའམ་སྲོག་ཆགས་ལས་བྱུང་བ་དངས་མ་སྟེང་དུ་ཞུ་བར་གྱུར་ཅིང་སྙིགས་མ་ལུས་པ་ཕྱེད་ཅིང་སྣོད་དེ་ཉིད་ཀྱི་དྲི་མ་འཇིག་པ་ཉིད་དུ་འགྱུར་བ་དྲི་མ་ཐམས་ཅད ་མྱུར་དུ་འདག་པའི་ཁྱད་པར་བསྟན་པ་ལས་དོན་ནི་དེ་བཞིན་ཤྲཱི་ཧེ་རུ་ཀའི་ཞེས་པ་ལ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་པ། །ཀ་ནི་གང་དུ་འང་མི་གནས་པའོ། །ཞེས་པའི་དོན་གྱིས། རྣམ་ཐར་སྒོ ་གསུམ་སྐུ་གསུང་ཐུགས་སྐད་ཅིག་མ་བཞི་པ་མངོན་པར་རྫོགས་པ་བྱང་ཆུབ་པ་སྙིང་པོ་ཡེ་ཤེས་མངོན་དུ་གྱུར་པའོ། །མཚན་ཐོས་པ་ཙམ་གྱིས་སྐད་ཅིག་ལ་སྒྲིབ་པ་འཇིག་པར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཤིན་ཏུ་སྦྱངས་པ་ཅན་གྱི་སྤྱོད་ཡུལ་དུ་གྱུར་པའོ། ་བསམ་གཏན་ནི་ཐུན་བཞི་ལ་སོགས་པར་རོ། །འདི་ཉིད་ཡིད་ལ་སེམས་པ་ཙམ་གྱིས་སམ་མོས་པ་བྱས་པ་ཙམ་གྱིས་ཀྱང་ཡོན་ཏན་དུ་མ་ཐོབ་ལ། གླེགས་བམ་དུ་བཀླག་ཅིང་ཁ་ཏོན་དུ་འདོན་པ་དང་བྲིས་ཤིང་བཅངས་པ་ཡིས་ནི། ཕན་ཡོན་གྱི་ཁྱད་པར ་མཐོ་རིས་ཡན་ལག་དང་ལྡན་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་གྱུར་པ་འམ་ཞེས་གནས་སྐབས་པ་ལ། ཡང་ན་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་ལྟ་བུ་འཐོབ་ཅེས་དབང་པོ་ཐ་མའི་ལམ་མོ། །ཚེ་འདིར་མཆོག་མ་ཐོབ་ནའང་བར་མདོར་དཀྱིལ་འཁོར ་གྱི་འཁོར་ལོའི་སྣང་བ་དང་མི་འབྲལ་བར་དག་པའི་ཞིང་ཁམས་སུ་སྤྱོད་པར་འགྱུར་བ་ནི། རྣལ་འབྱོར་པ་རྣམས་འཕོ་བའི་ཆེ་ཞེས་སྨོས་ཏེ། སྒྲུབ་པ་པོ་རིམ་པ་གཉིས་ལ་རྟགས་སྣ་འགའ་ཙམ་ལས་མ་ཐོབ་ན་ཡང། བར་མདོར་ཞལ་སྟོན་པར་འགྱུར་བ་ནི་དཔལ་ལྡན་ཁྲག ་འཐུང་ནི་བཅོམ་ལྡན་འདས་ཉིད་རྡོ་རྗེ་བཙུན་མོ་དང་བཅས་པ་དང། སོགས་ནི་དཔའ་བོ་རྣམས་ཐམས་ཅད་དང། མཁའ་འགྲོ་ས་གསུམ་ན་གནས་པ་ཐམས་ཅད་ཡུལ་ཉི་ཤུ་རྩ་བཞི་དང་འོག་མིན་ན་བཞུགས་པའི་ལྷ་ཚོགས་ཀྱིས། ལག་ན་མེ་ཏོག་སྣ་ཚོགས་དོགས? ་པ་སྟེ། ལྷ་རྫས་ཀྱི་མེ་ཏོག་པདྨ་དང་ཨུཏཔ་ལ་དང། ཀུ་མུ་ཏ་དང་པུཎྜ་རི་ཀ་དང། མཉྫུ་ཤ་ཀ་ལ་སོགས་པས་མཆོད་པར་བྱེད། ལྷའི་རིན་པོ་ཆེའི་རྒྱལ་མཚན་སྣ་ཚོགས་དུ་མ་དང། བ་དན་སྣ་ཚོགས་པ་དུ་མ་དང་གདུག་དང་བླ་བྲེ་ཆེན་པོ་དང་འཕན་ལ་སོགས་པ་དང། ་རོལ་མོའི་སྒྲ་ནི་སྣ་ཚོགས་པ་དུང་དང་རྔ་བོ་ཆེ་དང་གཎྜི་དང་པི་ཝཾ་དང་གླིང་བུ་དང་རྒྱུད་མངས་དང་ཕཊ་ཧ་དང་ཕེག་རྡོབ་པ་དང་ཌ་མ་རུ་དང་དྲིལ་བུ་ལ་སོགས་པ་དུ་མ་སྒྲོགས་པར་བྱེད་ཅིང། སྣ་ཚོགས་གླུའི་མཆོད་པས་མཆོད་པ་ནི་དྲུག་ལྡན་དང་བཞི་འགྱུར་ལ་སོགས་པ་རྡོ་རྗེའི་གླུ་དབྱངས ་ཡིད་དུ་འོང་བ་དུ་མ་ནི་ལྷ་མོའི་ཚོགས་ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་སྟེ། ཚུ་རོལ་པ་རྣམས་ཀྱིས་འཆི་བ་ཞེས་བྱ་བ་རྟགས་ཙམ་དུ་བས་ཀྱི། སྒྲུབ་པ་པོ་ལ་འཆི་བ་མེད་པས་བདེ་སྣང་བ་ལས་མ་འདས་ཏེ། རྣམ་རྟོག་འདི་ཞེས་གཞན་དག་རྣམས ་ཀྱིས་འཁྲུལ་སྣང་ཡིན་ནོ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིང་པ་ནི་ལུས་འཇའ་ཚོན་ལྟ་བུའི་རྣམ་པ་ལ་སེམས་ཡེ་ཤེས་བདེ་སྟོང་དུ་གྱུར་པ་ཉིད་ཀྱིས་ཟག་པ་མེད་པའི་སྐུར་འགྱུར་བའི་དོན་ཏོ། །དེས་ནི་དབང་པོ་འབྲིང་གི་ལམ་མངོན་དུ་བྱ་བའོ། །ཕན་ཡོན་དེ་དག་ཀྱང ་ཕལ་བ་རྣམས་ལ་འབྱུང་བ་མ་ཡིན་ཏེ། དེ་འདྲའི་དཔའ་ཆེན་དེ་སྒྲུབ་པ་པོ་དང། རྣལ་འབྱོར་བ་ལུས་ངག་ཡིད་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་དང་ཐ་མི་དད་དུ་གྱུར་པ་དག་ས་སྟེང་ནས་ནི་རྙེད་པར་དཀའ་བ་སྟེ། ཨུ་དུམ་བ་ར་ལྟ་བུ་སྲིད་པ་ཙམ ་དུ་བསྟན་པའོ། །ད་ནི་བསྲུང་བྱའི་དམ་ཚིག་ལས། དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཆེན་འདི་ལ་དང་པོར་ཞུགས་ཤིང། དབང་ཐོབ་པ་ཆོས་ཐོས་ནས་གང་གིས་བླ་མ་དང་ལྷག་པའི་ལྷ་དང། གསང་བའི་སྤྱོད་པ་དང། མཆོད་རྫས་བསྟེན་པ་ལ་སོགས་པ་ལ་རང་བཞིན་ཤེས ་ནས་མ་དད་པ་དམ་ཚིག་མ་བསྲུངས་ན། ཚེ་འདི་ལ་དབུལ་བའི་སྡུག་བསྔལ་གྱིས་གདུངས་པ་ལ་སོགས་པ་རྣམ་པར་འཚེ་བ་དུ་མ་འབྱུང་ལ། སྐྱེ་བ་ཕྱི་མ་དེ་ལ་དུས་རྟག་ཏུ་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བར་འགྱུར་བ་སྟེ། དམ་ཚིག་ལས་འདས་པའི ་སྐྱོན་བསྟན་པའོ། །ད་ནི་མངོན་པར་རྟོགས་པ་སྒོམ་པའི་གཞུང་བསྡུ་བ་ལས། དང་པོར་རྫུས་སྐྱེས་རིམ་པ་བསྟན་པ་ནི། རི་སྟེངས་ནི་འབྱུང་བཞི་རིམ་རྩེགས་ཀྱི་སྟེང་དུ་རི་བོ་མཆོག་རབ་པོ། །སྣ་ཚོགས་པདྨ་ནི་འདབ་མ་སུམ་བཅུ་རྩ་གཉིས་པ་དེའི་ལྟེ་བར་སྣ ་ཚོགས་རྡོ་རྗེའི་དབུས་སུ། པདྨ་འདབ་མ་བརྒྱད་པར་གནས་པ་ལ། ཡི་གེ་ས་བོན་ཙམ་ལས་ཨཱ་ལི་ཀཱ་ལི་སྐྱེས་ནི་དབྱངས་དང་གསལ་བྱེད་ཀྱི་དབུས་སུ་ཧཱུཾ་འོད་འཕྲོ་བ་ལས། སྤྲོ་བསྡུ་ནས་སྐད་ཅིག་གིས་གཞལ་ཡས་ཁང་ལྷའི་འཁོར་ལོ་ལྔ་ལྡན་དུ་བཅས་པ ་རྫོགས་བྱེད་དུ་རྣམ་པར་བལྟ་སྟེ། དཔལ་ཧེ་རུ་ཀ་ཞབས་གཡས་བརྐྱང་བས་ལྷ་མོ་ཨུ་མ་དུས་མཚན་མོ་མནན་ཅིང་ཞབས་གཡོན་པས་དེའི་བདག་པོ་འཇིགས་བྱེད་གསུམ་པ་ལྟབ་ཏུ་རྣམ་པར་གནོན་ཅིང་སྟེ་ཆད་པ་དང་རྟག་པར་ལྟ་བ་འཇོམས་པའོ། ། ་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་འཁྱུད་ཅིང་མཉམ་པར་སྦྱོར་བའོ། །ཉི་ཤུ་རྩ་བཞི་ཕྱེད་ལྡན་པ་ནི་ཕྱག་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས་དང་ས་བཅུ་གཉིས་རྫོགས་པས་བཅུ ་གསུམ་རྡོ་རྗེ་འཛིན་པ་ལ་གནས་པའོ། །འགའ་ཞིག་གིས་ལྷ་བཅུ་གསུམ་པའི་ཚིག་ཟིན་དུ་འདོད་པ་འང་ཡོད་དོ། །དཔའ་བོ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གནས་པའི་ཚོགས་སོ། །རྣལ་འབྱོར་མ་ཚོགས་ཌ་ཀི་མ་སུམ་ཅུ་རྩ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་རྣམས་ཀྱི་སྐུའི ་རྒྱན་ནི། སྤྱི་གཙུག་གི་འཁོར་ལོ་ཐོད་པ་ལྔ་ནོར་བུ་དང་ལྡན་པ་མི་བསྐྱོད་པའི་ཕྱག་རྒྱ་དང། མགུལ་རྒྱན་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ། ལག་པ་གདུ་བུ་དཔུང་རྒྱན་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ། རྣ་རྒྱན་འོད་དཔག་མེད་ཀྱི་ཕྱག་རྒྱ། ཚངས་པའི ་སྐུད་པ་མཆོད་ཕྱིར་ཐོགས་དང་སྐ་རགས་འོག་པག་སིལ་སིལ་སྒྲ་སྒྲོགས་པ་ནི་དམ་ཚིག་རིགས་ཀྱི་ཕྱག་རྒྱའོ། །ཐལ་བའི་རྡུལ་གྱིས་བྱུགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཉིད་དོ། །དོ་ཤལ་མགོ་པོའི་ཕྲེང་བ་ནི་མི་མགོ་ཁྲག་འཛག་པ་ཅན་ལྔ་བཅུ་ཐག་པ་རྒྱུ་མས ་བྱས་པ་འདུ་བྱེད་ལྔ་བཅུ་དག་པའི་བརྡའོ། །ཤྲཱི་ཧེ་རུ་ཀ་རྒྱལ་ཆེན་པོ་ནི། བཅོམ་ལྡན་འཁོར་ལོ་ལྔའི་དབུས་ན་སྐུ་ལྔ་བདེ་ཆེན་དུ་བཞུགས་པའོ། །གོ་འཕང་མཆོག་ནི་བསྒོམ་པར་བྱ་ཞེས་པས། དངོས་གྲུབ་ཐམས་ཅད་སྒྲུབ་པར་འདོད་པས་ཐུན་བཞི་རིམ་པས་གནས་པར ་བྱ་བའོ། །ད་ནི་མངལ་སྐྱེས་ལྟར་ན་ཁྱད་པར་ནི། དཔའ་བོ་ཉེར་བཞི་པོ་ཀུན་དང་རྣལ་འབྱོར་མ་སུམ་ཅུ་སོ་དྲུག་པའི་འཁོར་ལོ་ལྔ་ལྡན་དུ་གྱུར་པ་བྷ་གའི་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་ལྡན་བསྲུབས་པ་ལས་བྱུང་བའི་མངོན་པར་བྱང་ཆུབ་པ་ལྔ ་ལས་བྱུང་བ་རྒྱུའི་ཧེ་རུ་ཀ་རྫོགས་པའོ། །འབྱིན་པ་དམ་ཚིག་གི་དཀྱིལ་འཁོར་དུ་བཀོད་པས། སྡུད་པ་གཅེ་པོ་ཡབ་ཡུམ་ཞུ་བ་ནི་སྟོང་ཉིད་འོད་གསལ་དུ་འཇུག་པར་མཛད་པ་ཡིན་ཞེས་ཐིག་ལེའི་གཟུགས་སུ་གནས་པ་ལ་མཚམས་ཀྱི་ལྷ་མོའི་གླུས ་བསྐུལ་བས་ལྷ་ཚོགས་ཐམས་ཅད་དགྱེས་པས་ཁྱབ་པར་གྱུར་ཅིང་གཉིས་མེད་འགྱུར་བ་འབྲས་བུའི་ཧེ་རུ་ཀ་སླར་བཞེངས་པ་ཉིད་ཆོ་ག་བླ་ན་མེད་པ། ཏིང་ངེ་འཛིན་གསུམ་དུ་བསྟན་པའོ། །དེ་ལས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་འགྲོ་བ་རྣམས་ཀྱིས། མོས་པའི་བྱེ་བྲག ་དང་དབང་པོའི་བྱེ་བྲག་ཐ་དད་པ་དུ་མའི་སེམས་ཅན་ལ་སྐུའི་རྣམ་པར་འཕྲུལ་བ་གང་ལ་གང་འདུལ་དུ་སྟོན་པའོ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ་ནི་ཞི་བ་དང་ཁྲོ་བོ་དང་ཉན་རང་དང་བོ་དྷི་སཏྭ་རྣལ་འབྱོར་དབང་ཕྱུག་དང་ཞལ་གདོང་བརྙན་མི་འདྲ ་བར་གར་གྱི་རོལ་པས། སྣ་ཚོགས་ཚུལ་གྱིས་ཐུན་མོང་དང་ཁྱད་པར་གྱིས་འཁོར་བ་མ་སྟོངས་བར་དུ་གདུལ་བྱ་ནམ་མཁའ་ངང་མཉམ་པ་ལ་ཐབས་ནི་སྣ་ཚོགས་སྒྱུ་མ་ལྟ་བུའི་སྤྲོས་པ་དང། ཡང་སྤྲོས་པ་མེད་པ་ཟབ་པ་དང་རྒྱ་ཆེ་བ་དུ་མ་སྟོན་པ་ཡིན་ཞེས་སྣོད ་དང་འཚམ་པར་རོ། །ད་ནི་གསང་ཆེན་བླ་ན་མེད་པ་ཟབ་མོ་སྙིང་པོའི་ཆོས་འདི་ནི་ཧེ་རུ་ཀ་ངས་སྟོན་པ་ལ་འགའ་ཞིག་གལ་ཏེ་མོས་པར་མ་གྱུར་ཀྱང་ཞེས་དབང་པོ་དམན་པས་འདི་ལ་མི་འཇུག་ན་ཡང་སྨོད་པ་དག་ཏུ་མི་བྱ་སྟེ། ཚར་བཅད་པའི་སྤྱོད་ཡུལ་ལོ།། ་ཆོས་ཉིད་བསམ་མི་ཁྱབ་དྲན་བྱ་ནི། ཐམས་ཅད་ལ་བློའི་ཡུལ་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་ལ་གནས་པར་བྱ་བའོ། །ཡང་གང་ཟག་གང་གིས་ཆོས་འདི་དག་གིས་རྟོགས་པའི་སྤྱོད་ཡུལ་མིན་པས་སུས་ཀྱང་འདིའི་དོན་མངོན་དུ ་གྱུར་པ་མེད་པའི་ཤེས་བྱེད་ནི། བདག་གིས་ཆོས་འདིའི་ཆོས་ཉིད་ནི་མ་རྟོགས་པས་གཞན་དག་གིས་ཀྱང་མ་ཤེས་པ་ཡིན་ནོ་ཞེས་ཟེར་བ་ཅན་ནི་མ་རྟོགས་པ་སྟེ། གང་གིས་མངོན་དུ་བྱེད་པ་བསྟན་པ་རྫོགས་སངས་རྒྱས་དང་ཞེས་དབང་པོ་ཡང་རབ་དང ་དེའི་སྲིས་ནི་བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་འབྲིང་དུ་གྱུར་པ་རྣམས་དང་བདག་ཉིད་ཆེན་པོ་གང་ཟག་ཐོད་རྒལ་བ་རྣལ་འབྱོར་དབང་ཕྱུག་ཏུ་གྱུར་པ་རྣམས་ཀྱིས་མཁྱེན་ཅིང་མངོན་དུ་གྱུར་པར་མཛད་པའོ། །དེ་ལས་ཆོས་ཐམས་ཅད་ཀྱི་ཆོས་ཉིད ་ལྷུན་གྲུབ་འགྱུར་བ་མེད་པར་སྟོན་པའི་ཕྱིར། སངས་རྒྱས་རྣམས་ནི་བྱོན་གྱུར་ཏམ་ཞེས་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བྱོན་ནས་ཆོས་དཔག་ཏུ་མེད་པ་གསུངས་པ་འམ། མ་བྱོན་ན་ཡང་ཆོས་མང་པོ་མ་གསུངས་ན་ཡང་དུས་དང ་རྣམ་པ་གུན་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དཔལ་བདེ་མཆོག་གི་འཁོར་ལོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དབྱིངས་ཡེ་ཤེས་དབྱེར་མེད་ལ་ནི་འཕེལ་འགྲིབ་སྤངས་པ་སྟེ་ཟུང་འཇུག་རབ་ཏུ་མི་གནས་པ ་བརྗོད་པ་ལས་འདས་པ་ཉིད་དོ། །ད་ལྟར་ཆོས་ཀྱི་ཚིག་དང་དོན་དུ་བཅས་པ། བརྗོད་བྱའི་གསང་བ་དང། རྗོད་བྱེད་ཀྱི་གསང་ཆེན་འདི་ལ་ལུང་དང་རིག་པས་རྣམ་པར་གཞལ་ནས་ཀྱང་ཞེས་གང་ཟག་དབང་པོ་རྣོན་པོ་ལ་དགོངས་ནས་གསང་ཆེན་བྱིན་རླབས་མཆོག་ཏུ་གྱུར་པ ་བསྟན་པ་ལ། འཇིག་རྟེན་པ་ཐ་སྙད་པ་དངོས་པོ་ལ་མཚན་མར་འཛིན་པ་ཀུན་གྱིས་ཡོང་མི་སྨད་དེ། སྒྲོ་འདོགས་སྐུར་འདེབས་ཀྱི་སྤྲོས་པ་ལས་འདས་པའི་ཕྱིར་རོ། །ཁྱད་པར་སྙིང་པོ་གསང་བ་དེའི་བགྲོད་པ་ལམ་མྱུར་ཞིང་བདེ་བའི་ལམ་མཆོག་འདིར། བསམ་ཡས ་ཤིང་ཞེས་ཆོས་སྐུ་ཟབ་པ་དབྱིངས་ཡེ་ཤེས་རོ་མཉམ་པའི་དང་ལས། རྒྱ་ཆ་བ་སངས་རྒྱས་གཟུགས་སྐུའི་རྣམ་པར་རོལ་པ་གསང་བ་བསམ་གྱི་མི་ཁྱབ་ཅིང། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མཁྱེན་པ་ངོ་བོ་ཉིད་བདེ་བ་ཆེན་པོ་བྱང་ཆུབ་སེམས ་ལྷུན་གྱིས་གྲུབ་པའོ། །སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་བསྟན་པ་ནི། མདོ་སྡེ་ནི་མཚན་ཉིད་ཀྱི་ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ་རྣམས་སོ། །ཇི་སྲིད་བྱ་བ་སྤྱོད་སོགས་ཀྲི་ཡ་དང་ཙརྱ་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་བར་རྡོ་རྗེ་ཐེག་པ་སྤྱིའོ། །ཁྱད་པར་བ་རྣལ ་འབྱོར་གསང་མཛའ་སྟེ་བླ་ན་མེད་པ་དབྱེ་བ་ཉིད་ནི་རྒྱུད་སྡེ་བཞི་རིམ་པས་འཇུག་པ་ལ་སེམས་ཅན་མོས་པས་འཇུག་པ་རྣམས་བློའི་རིམ་པ་འམ། འདོད་པའི་ཡོན་ཏན་ལ་ཆགས་ཚུལ་རིམ་པས་བསྟན་པ་དེ་དང། དེ་ལ་དགའ་བ་བཞིན་ཞེས་དྲང་བ་དང། ངེས་པ ་དང་སྙིང་པོའི་དོན་བསྟན་པའོ། །མཚན་གྱིས་རབ་གྲོལ་དབང་ཕྱུག་བདེ་ཆེན་གོ་འཕང་ཡན་ལག་མངོན་འགྱུར་མི་ཕྱེད་གནས་ཐོབ་པ། །གང་ཟག་ཨུ་དུམ་ལྟར་ཏེ་ཕྱིར་ལྡོག་གང་ཡིན་འཁོར་བར་ལྷུང་བ་ཕྱག་རྒྱར་གྲུབ་པས་ལམ་གྱུར་པ། །སྐད་ཅིག་དག་གིས? ་རྫོགས་བྱེད་རྣལ་འབྱོར་དེ་ཉིད་བསང་བ་སྲིད་པ་སྐྱེ་ཚུལ་དང་མཚུངས་སྟོན། །འགྲོ་བ་སྐལ་ལྡན་སྐལ་མེད་འཇིག་རྟེན་དག་ན་ཆོས་རྣམས་དག་ཅིང་བདག་མེད་མཉམ་པ་ཉིད་དུ་རང་འབྱུང་པའོ། །ཉན་རང་ཐེག་ཆེན་ཞུགས་དང་བྲམ་ཟེར་སྤྱོད་དང་བརྟུལ་ཞུགས ་ཅན་དེ། རྣལ་འབྱོར་རྗེས་སུ་རིག་པ་དང། མཉམ་སྦྱོར་མི་འགྱུར་དེ་ཉིད་ཐམས་ཅད་སེམས་ཀྱི་སྤྱོད་ཡུལ་གསང་བ་མི་ཟད་ཆེན་པོར་བརྟག་།གང་དུ་སྟོང་དང་སྙིང་རྗེ་དབྱེར་མེད་ཆོས་ཉིད་བདེན་པའི་དོན་ནི་མ་རྟོགས་བྱིན་རླབས་བྲལ། །ཚུལ་ངན་རིག་བྱེད་རྟོག་གེའི་གཞུང་ལུགས ་ལོག་པར་ལྟ་ལ་ཞེན་བྱས་རིགས་པས་དོན་མ་མཐོང། །བླ་མའི་མན་ངག་བྲལ་བའི་སྐྱེ་བོ་རྟོག་པའི་དྲ་བས་བཅིངས་པ་རྣམས་ཀྱིས་རྟོགས་མིན་པ། །གསང་ཆེན་སྙིང་པོའི་རྒྱུད་ནི་དྲི་མེད་འཕགས་པའི་ནོར་གྱི་བློ་ལྡན་སྤྱོད་ཡུལ་དག་ཏུ་ནི། །ལོག་ལྟ་ཉམས་བྱེད་སྐལ ་པར་ལྡན་རྣམས་ཡང་དག་ལམ་སྟོན་མཁས་རྣམས་བསྲུངས། །མི་བཟང་སྙིགས་དུས་རྩོད་པའི་འགྲོ་རྣམས་གསང་ཆེན་ལམ་རྟོགས་བྱ་ཕྱིར་ང་ཉིད་དེ་ཡི་ཚེ་ན་ཡང་དུས་དང་དུས་སུ་སྙིང་པོའི་དོན་སྟོན་བླ་མ་ཉིད་དུ་གྱུར་ནས་འབྱུང་བསྟན་བསྟན་པ་འབྱུང་བར་འགྱུར་བ་ཉིད། །དཔལ ་ལྡན་སྡོམ་པ་ཆེན་པོ་ཡོན་ཏན་རྒྱ་མཚོའི་འབྱུང་གནས་གསང་མཛོད་འདི་གསང་བའི་དོན་སྟོན་པའོ། །དེ་ལ་བརྗོད་བྱ་དང་བརྗོད་བྱེད་དུ་བཅས་པའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་བསྟན་པ་ནི་དཔལ་ཧེ་རུ་ཀ་ཞེས་བྱ་བ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་ཐར་སྒོ་གསུམ་སྐད ་ཅིག་མ་རྣམ་པར་དག་པའོ། །རྒྱུད་ཀྱི་རྒྱལ་པོ་ནི་བླ་ན་མེད་པའི་གསང་ཆེན་ནོ། །ནམ་མཁའ་དང་མཉམ་པ་འབུམ་པའི་ནང་ནས་ཕྱུང་བ་ཞེས་ཁྱད་པར་སྙིང་པོ་ལྟ་བུ་ཉིད་དེ་བརྒྱ་མཚོ་ཆེན་པོ་ལས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟར་སྟོན་པ། དཔལ ་རྡོ་རྗེ་དྲིལ་བུ་བས་གདན་དྲངས་པའོ། །དངོས་གྲུབ་ཀྱི་ཆོ་ག་ནི་མཆོག་དང་ཐུན་མོང་གི་གྲུབ་པར་མྱུར་དུ་འགྲུབ་པར་སྦྱིན་སྲེག་དང་འཁྲུལ་འཁོར་ལ་སོགས་པའི་ལམ་མོ། །ཤིན་ཏུ་སྨད་དུ་བྱུང་བ་ནི། བྱིན་རླབས་ཕུལ་དུ་བྱུང་བའོ། །བསྟན་བཅོས་ཐམས་ཅད ་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་པའི་འབྲས་བུ་ཕུན་སུམ་ཚོགས་པ་སྟོན་པའོ། །དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ནི། བདུད་ལས་རྣམ་པར་རྒྱལ་བ་བཀླགས་པས་འགྲུབ་པ་ནི། ཤིན་ཏུ་མྱུར་དུ་དོན་གྲུབ་པར་བྱེད་པའོ། །ཐམས་ཅད་མཁྱེན་པ་ནི་རང་བཞིན་གཉིས ་མེད་རྣམ་པ་མ་ལུས་བའི་དོན་ཏོ། །གཞན་གྱིས་མི་ཐུབ་པ་ནི། བར་དུ་གཅོད་པ་མི་འབྱུང་བའོ། །གདོད་མ་ནས་གྲུབ་པ་ནི། དཔལ་ཧེ་རུ་ཀ་རྡོ་རྗེ་འཆང་གི་དགོངས་པའོ། །རྒྱུད་ཕྱི་མ་ནི་དང་པོ་ཆེན་པོ་ལས་ལྟོས་པའོ། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ། རྒྱུད་སྡེ ་རྣམས་ལས་འདི་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ལས། ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ་ཞེས་ཡོངས་སུ་བསྟན་པ་མ་ལུས་པའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཨིནྡྲ་བོ་དྷིའི་ཞལ ་སྔ་ནས་མཛད་པའོ།། (།།ངེས་པར་བརྗོད་པའི་རྩ་བའི་རྒྱུད་ཀྱི་འགྲེལ་པ་བཞུགས་སོ།།)་།།*། །རྒྱ་གར་སྐད་དུ། མུ་ལ་ཏནྟ་ཧྲི་ད་ཡ་སརྦབ?། ཨ་བྷི་དྷཱ་ནོཏྟ་ར་ཏནྟྲ། མཱུ་ལ་མཱུ་ལ་བྲིཏྟི། བོད་སྐད་དུ། རྩ་བའི་རྒྱུད་ཀྱི་སྙིང་པོ ་