| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་དེ་ཉིད་དང། འོ་ཙ་བ་དགེ་སློང་གྲགས་མཆོག་ཤེས་རབ་ཀྱིས་བསྒྱུར་ཏོ།། །། *། །བདེ་མཆོག་རྩ་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་བཞུགས།། །། *། །དཔལ་བདེ་མཆོག ་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བཞེས་བྱ་བ། །དཔལ་བདེ་མཆོག་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཀུན་འགྲོ་ཀུན་སྙིང་ནམ་མཁའ་ཨི་དབུས་སུ་གྱུར་མཆོག་ཞི་བ། །ཧེ་རུ་ཀ་དཔལ་མཆོག་ཏུ་མྱ་ངན་འདས་བ་དེ་ཉིད་དངོས། །ཐབས་དང་ཤེས ་རབ་ལས་བྱུང་རབ་གསལ་ཉེ་བར་འབར་བའི་འོད། །ཉིན་གཞན་ཕུན་ཚོགས་བདེ་མཆོག་ཞབས་བཏུད་དེ་ཉིད་བཤད་པར་བྱ། །འགྲེལ་པ་དག་གིས་རྒྱུད་རྒྱལ་ནི། །མ་ལུས་རྣམ་པར་མ་བཀྲོལ་ཞེས། །རྩ་བའི་རྒྱུད་ལས་བདག་གིས་ནི། ་ཀཏ་མ་དུ་དྲིས་པ་བཞིན་དུ་ཐོས། །བདག་ནི་ཞིབ་ཏུ་བློ་དམན་ཡང། །བླ་མས་བྱིན་གྱིས་བརླབས་བ་དང། །བཤད་རྒྱུད་ཡང་དག་རྟོགས་པ་ཡི། །དེ་དོན་རྩོམ་ཕྱིར་ཉེས་པ་མེད། །རྒྱུད་ཀྱི་བརྗོད་པར་བྱ་བ་ནི་གང། དགོས་པའི་དགོས ་པ་ནི་གང་ཞིག། དེ་ནས་ཞེས་བྱ་བ་ནས་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་གྱིས་རྗོད་པར་བྱེད་པའི་རྒྱུད་ཡིན་ལ། །དེ་ནས་བརྗོད་པར་བྱ་བ་ནི་རྒྱུའི་རྒྱུད་དང་འབྲལ་བུའི་རྒྱུད་དོ། །དེ་ལས་རྒྱུའི་རྒྱུད་ནི་ལེའུ་ཉི་ཤུ་རྩ་དྲུག་པ་ལས་སྟོན་པའི་གང་ཟག ་རྣམ་པ་གསུམ་མོ། །ཐབས་ཀྱི་རྒྱུད་ནི་བསྐྱེད་རྫོགས་གཉིས་སོ། །འབྲས་བུའི་རྒྱུད་ནི་སྐུ་གསུམ་མོ། །དེ་ལ་གཙོ་བོར་ཐབས་ཀྱི་རྒྱུད་གསུངས་པ་ནས་དེ་བརྗོད་པར་བྱ་སྟེ། །དེ་ལ་ལེའུ་དང་པོའི་ཚིགས་བཅད་གཅིག་གིས་རྒྱུད་ཀྱི ་དགོས་པ་བསྟན་ཏོ། །ཚིགས་བཅད་ཕྱེ་ཀྱིས་མཚན་བསྟན་ཏོ། །ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་རྒྱུད་ཀྱི་གླིང་གཞི་སྟན་ཏོ། །ཚིགས་བཅད་གཉིས་གྱིས་ལུས་མདོར་གཞག་བསྟན། ལེའུ་དང་བོའི་ལྷག་མས་ནི་ཚོགས ་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་པོ་ཉའི་གཙང་སྦྲ་གནས་དང་བཅས་པ་མདོར་བསྟན་པའོ། །ལེའུ་གཉིས་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཏོ། །ལེའུ་གསུམ་པས་སློབ་མ་དབང་བསྐུར་བ་བསྟན་ཏོ། །ལེའུ ་བཞི་པས་ལྷ་དགོད་པ་བསྟན། །དེ་ལྟར་ལེའུ་གསུམ་གྱིས་བསྐྱེད་པའི་རིམ་པ་བསྒོམ་པ་གསུངས་སོ། །ལེའུ་ལྔ་པས་རྐང་པ་བརྒྱད་པའི་གསལ་བྱེད་བཏུ་བ་བསྟན། །ལེའུ་དྲུག་པས་དཔའ་བོ་དྲུག་གི་སྔགས་བཏུ་བ་བསྟན། །ལེའུ་བདུན་པས ་རྐང་པ་བརྒྱད་པའི་དབྱངས་ཡིག་བཏུ་བ་བསྟན། །ལེའུ་བརྒྱད་པས་སྙིང་པོ་བཞི་དང་གོ་ཆའི་ལྷ་མོ་དྲུག་གི་སྔགས་བཏུ་བ་བསྟན། །ལེའུ་དགུ་པས་རྩ་བའི་སྔགས་ཀྱི་ཕྲིན་ལས་ལྔ་བཅུ་བསྟན། །ལེའུ་བཅུ་པས་སྙིང་པོ་སྔགས་ཀྱི་མཆོག་དང་འཇིག་རྟེན་པའི་སྔཊ ་གྲུབ་པ་བསྟན། །ལེའུ་བཅུ་གཅིག་པས་དངོས་གྲུབ་ཀྱི་ཁ་ཟས་སྐྱེ་བ་བདུན་པ་བསྟན། །ལེའུ་བཅུ་གཉིས་པས་ཉེ་བའི་སྙིང་པོའི་ཕྲིན་ལས་བསྟན། །ལེའུ་བཅུ་གསུམ་པས་གོ་ཆའི་སྔགས་ཀྱི་ཕྲིན་ལས་བསྟན། །དེ་ལྟར་ལེའུ་ལྔ་པ་ནས་བཅུ་གསུམ་པའི་བར ་གྱིས་བསྐྱེད་པའི་རིམ་པའི་བཟླས་པ་བསྟན་ཏོ། །ལེའུ་བཅུ་བཞི་པས་དངོས་གྲུབ་ཀྱི་དཀྱིལ་འཁོར་ཆོགས་ཀྱི་འཁོར་ལོ་བསྟན། །ལེའུ་བཅོ་ལྔ་པ་ནས་ཉི་ཤུ་རྩ་ལྔའི་བར་གྱིས་ཚོགས་ཀྱི་འཁོར་ལོའི་ཡན་ལག་བསྟན་ཏོ། །ལེའུ་བཅོ་ལྔ་པས་དག ་བྱེད་ཀྱི་ལྷ་མོའི་བརྡ་བསྟན། བཅུ་དྲུག་པས་དག་བྱེད་ཀྱི་ལྷ་མོའི་བརྡའི་མཚན་ཉིད་བསྟན། །བཅུ་བདུན་པས་དབང་གི་ལྷ་མོའི་མཚན་ཉིད་བསྟན། །བཅོ་བརྒྱད་པས་དཔའ་བོའི་ལྷ་མོའི་མཚན་ཉིད་བསྟན། །བཅུ་དགུ་པས་བཀའ་བསྒོ ་བའི་མཚན་ཉིད་བསྟན། །ཉི་ཤུ་པས་དབང་གི་ལྷ་མོའི་བརྡ་བསྟན། །ཉི་ཤུ་རྩ་གཅིག་པས་དཔའ་བོའི་ལྷ་མོའི་མཚན་ཉིད་དང། རྩ་གཉིས་པ་ལས་བཀས་གནང་བའི་ལྷ་མོའི་བརྡ་དང། རྩ་གསུམ་པ་ལས་ཀུན་སྤྱོད་མའི་མཚན་ཉིད་དང། རྩ ་བཞི་པ་ལས་དེའི་བརྡ་དང། རྩ་ལྔ་བ་ལས་ལྷ་མོ་ལྔའི་ལུས་ལ་དཔའ་བོ་དང་དཔའ་མོ་དགོད་པའི་སྔགས་སོ། །ལེའུ་ཉི་ཤུ་རྩ་དྲུག་པ་ནས་རྩ་དགུའི་བར་གྱིས་ལེའུ་དང་པོའི་རྫོགས་རིམ་རྒྱས་པར་བཤད་པ་ལས། །རྩ་དྲུག་པས་རྒྱུད་དེ་བ་ཐབས་དང ་འབྲས་བུ་གསུམ་བསྟན། །རྩ་བདུན་པས་སྦྱོར་བ་དང་དངོས་བཞི་དང་རྗེས་གསུམ་བསྟན། །རྩ་བརྒྱད་པས་རྫོགས་པའི་རིམ་པའི་གཞན་དོན་བསྟན། །རྩ་དགུ་པས་དབང་བཞི་པ་བསྟན། །ལེའུ་སུམ་ཅུ་པས་བསྐྱེད་པའི་རིམ་པ་བསྲུང་བའི ་འཁོར་ལོ་བསྟན་ཏོ། །སུམ་ཅུ་རྩ་གཅིག་ནས་བཞི་བཅུ་པའི་བར་གྱིས་དངོས་གྲུབ་ལེན་པའི་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བསྟན། །བཞི་བཅུ་རྩ་གཅིག་པ་ནས་ལྔ་བཅུའི་བར་གྱིས་དངོས་གྲུབ་ལེན་པའི་གསང་སྔགས་ཀྱི་འཁོར་ལོ ་བསྟན་ཏོ། །ལེའུ་ང་གཅིག་པས་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་བསྟན་ཏོ། །དེ་ལྟར་ན་ལེའུ་ལྔ་ནི་རྫོགས་པའི་རིམ་པ་ཡིན་ལ། ལེའུ་བཅུ་གསུམ་ནི་བསྐྱེད་པའི་རིམ་པ་ཡིན་ལ། ལེའུ་བཅུ་གཉིས་ནི་གཉིས་ཀའི་ཡན ་ལག་ཚོགས་ཀྱི་འཁོར་ལོ་ཡིན་ལ། །མཆོན་མ་ཐོབ་ནས་དངོས་གྲུབ་ལེན་པ་ནི་ལེའུ་ཉི་ཤུ་ཡིན་ལ། ཐབས་ཀྱི་ཁ་སྐོང་བ་ནི་ལེའུ་ང་གཅིག་པ་ཡིན་ནོ། །དེ་ལྟར་ན་ཐབས་འབྲས་བུ་དང་བཅས་པ་ནི་བརྗོད་པར་བྱ་བ་ཡིན་ལ། ཐོས་བསམ ་བསྒོམ་གསུམ་གྱིས་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ལ། མཚན་མ་ཐོབ་ནས་དངོས་གྲུབ་གསུམ་བསྐྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །འབྲེལ་པ་ནི་དེའི་བདག་ཉིད་དང་ཐབས་དང་ཐབས་ལས་འབྱུང་བའོ། །དེའི་བསྡུས ་པའི་དོན་ནི་ཐབས་དང་བསྐྱར་བའི་ཆོ་ག་དང་དངོས་གྲུབ་ལེན་པའི་ཁ་བསྐང་བའོ། །བསྐྱེད་རྫོགས་གཉིས་ནི་ཐབས་ཡིན་ལ། །ཚོགས་ཀྱི་འཁོར་ལོ་ནི་བསྐྱར་བའི་ཆོ་ག་ཡིན་ལ། །རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་ནི་འབྲས་བུ་དངས ་གྲུབ་ལེན་པ་ཡིན་ལ། ལེའུ་ང་གཅིག་པ་ནི་ཁ་བསྐང་བའི་མན་ངག་གོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྩ་བའི་རྒྱུད་ལེའུ་འབུམ་པ་དང་རྒྱུད་ཕྱི་མ་ཤོ་ལོ་ཀ་འབུམ་པ་རྫོགས་པའི་རྗེས་ལ་ལེའུ་དང ་གཅིག་བསྟོན་པར་བཞེས་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ནོ། །དེ་ཡང་དཔའ་བོ་དང་དཔའ་མོ་བརྗོད་ཀྱིས་མི་ལང་བས་ཕྱག་འཚལ་ནས་བདུད་རྩི་རྣམ་པ་ལྔས་མཆོད་དེ་བསྟོད་ནས་གསོལ་བ་བཏབ་པའི་རྫེས ་ཐོགས་ལ། །དེ་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ཡང་ཐོག་མར་རྒྱུད་ཀྱི་བརྗོད་བྱ་སྟོན་པར་བཞེད་ནས། །གསང་བ་བཤད་བྱ་བ་ཞེས་པ་གསུངས་ཏེ། གསང་བའི་དོན་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པའོ། ་བསྐྱེད་པའི་རིམ་པའི་གསང་བ་ནི་གཉིས་ཏེ། དཔའ་བོ་གཅིག་པུ་བསྒོམ་པ་དང། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའོ། །དེ་ཅིའི་ཕྱིར་གསང་བ་ཡིན་ཞེ་ན། །དཔལ་མཆོག་དང་པོ་ལས་ཡེ་ཤེས་སེམས་དཔའ་སྙིང་གར་བཅུག ་པས་ན་གསང་བ་གསུངས་བའི་ཕྱིར་རོ། །རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང། གསང་ཆེན་ཐེག་པ་འདི་རུ་ནི། ཞུགས་པས་གང་དང་གང་ཡིན་པ། །རྒྱལ་བའི་གནས་ཀྱི་ས་ཐོབ་འགྱུར་ཞེས་གསུངས་སོ། །རྫོགས་པའི་རིམ་པ་ནི་ཕྱག་རྒྱ་བཞི་དད ་ཐབས་བཞི་དང་ལྡན་པས་གསང་བའོ། །ཅིའི་ཕྱིར་གསང་བ་ཡིན་ཞེ་ན། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ཉན་ཐོས་དང་རང་རྒྱལ་པ་རྣམས་ཀྱིས་མ་གོམས་པར་བདེ་བ་སྟོད་པ་ཉིད་མི་རྟོགས་པའི་ཕྱིར ་རོ། །དེ་ཡང་འདི་ཉིད་ལས། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོང་དོ་ཞེས་གསུངས་པ་དང། ཁ་སྦྱོར་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐྱེད ་ཡུལ་ཡིན་པས་ན་གསང་བ་ཞེས་གསུངས་སོ། །བཤད་བྱ་བ་ཞེས་བྱ་བ་ནི་སྒྲའི་དགོས་པ་བསྟན་པ་སྟེ། སྔོན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས། ཁོང་དུ་ཆུད་པ་ཡིན་ཡང། །ད་ལྟར་རྣལ་འབྱོར་པ་རྣམས་ཀྱིས་རྟོག་པའོ། །དེའི་རྗོད་པར་བྱེད་པ་ཇི་ལྟར་ཡིན་ཞེ་ན ་མདོད་བསྡུས་པ་སྟེ་རྒྱས་པར་མིན་ཞེས་བྱ་བ་གསུངས་ཏེ། རྒྱུད་ལེའུ་འབུམ་པ་ལས་འདིར་བསྡུས་པ་དང། །ཤོ་ལོ་ཀ་འབུམ་པ་ལས་མདོར་བསྡུས་པས་ན་རྒྱས་པར་མིན་པ་སྟེ་ལྟོས་ས་གཉིས་ནས་ཕྱི་མའི་ཕྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྗོད་པར ་བྱ་བ་དེ་ཉིད་གསལ་བར་བསྟན་པ་ནི་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་ཞེས་བྱ་བ་གསུངས་ཏེ། མཆེན་ཉིད་པ་སྐུ་གསུམ་གྱི་རང་བཞིན་ཡིན་ཡང་དེའི་རྒྱུ་བསྐྱེད་རྫོགས་ཀྱི་ཐབས་ལ་དཔལ་ཧེ་རུ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བརྡ ་བཏགས་པ་ཡིན་ནོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་ཤེས་རབ་སྟོན་ཏེ། དངོས་ཀྱི་ཡུམ་ས་བཅུ་གཅིག་པའི་སྟོད་པ་ཉིད་ཤེས་རབ་ཡིན་ལ། །དེའི་རྒྱུའི་བསྐྱེད་རྫོགས་གཉིས་ཀྱི་ཤེས་རབ་ལ་བཙུན་མོ་ཞེས་བརྔ་བཏགས་པ་ཡིན་ནོ། །ཐབས་ནི་དུ་ཤེས ་རབ་ནི་དུ་ཞེན། །བསྐྱེད་པའི་རིམ་པའི་དཔའ་བོ་གཅིག་པུ་དང། །དཀྱིལ་འཁོར་འཁོར་ལོ་རྫོགས་པའི་ཐབས་དང་ཤེས་རབ་དང། །རྫོགས་པའི་རིམ་པའི་ལས་ཀྱི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། །དམ་ཚིག་གི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན ་པོའི་ཐབས་དང་ཤེས་པར་པོ། །དེའི་མཚན་ཉིད་ཕྱིས་བཤད་པར་བྱའོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་མཉམ་པར་སྦྱོར་བའི་དོན་ཡིན་ཏེ། །ཇི་ལྟར་ན་མཉམ་པར་སྦྱོར་བའི་དོན་ཡིན། །རྣམ་པར་རྟོགས་པའི་རང་བཞིན་བརྒྱད་ཅུ་དང་བྲལ ་བའི་བདེ་བརྟོགས་པ་མངོན་སུམ་དུ་སྐྱེ་བ་དང། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བས་ཡུལ་ཇི་ལྟ་བ་བཞིན་གྱི་རྣམ་པར་ཤེས་པོ་སྐྱེས་པས་མཉམ་པར་སྦྱོར་ཞེས་བྱའོ། །ས་བཅུ་གཅིག་པའི་ཡེ་ཤེས་ཀྱི ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་མཉམ་པར་སྦྱོར་བ་ནི་འདིར་མ་ཡིན་ནོ། །དགོས་པའི་དགོས་པ་གང་ཞེ་ན། འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་རྣམས་ཀྱི་འདོད་པའི་དོན་ནི ་འཇིག་རྟེན་པའི་དངོས་གྲུབ་འདོད་པའི་ཁམས་ཀྱི་ཡོན་ཏན་དང། ཐུན་མོངས་གི་དངོས་གྲུབ་བསམ་གཏན་དང། གཟུགས་མེད་ཀྱི་ཏིང་ངེ་འཛིན་དང། མཆོག་གི་དངོས་གྲུབ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་སོ། །སངས ་རྒྱས་ཀྱི་གཞན་དོན་སྐུ་གཉིས་ཀྱི་མཛད་པ་ནི་འདིར་རྒྱུའི་སྐབས་ཡིན་པས་བརྗོད་པ་མི་བྱའོ། །དགོས་བདེ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཐུན་མོངས་ཡིན་ན་བདེ་བར་གཤེགས་པས་ད་ལྟར་གྱི་རྒྱུད་གང་ཞིག་གསུངས་པ་སྙམ ་དུ་བྱང་ཆུབ་སེམས་དཔའ་རྣམས་རྟོག་པ་ལ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། མཁའ་འགྲོ་མ་ཡི་དྲ་བསྡོམ་ཞེས་མཚན་གསུངས་པ་ཡིན་ནོ། །མཚན་ནི་རྡོ་རྗེའི་ཚིག་ཡིན་པས་བརྗོད་བྱ་རྣམ་པ་གསུམ་དུ་གྱུར་བ་ཡིན་ཏེ། །བྱང་ཆུབ་སེམས ་དཔའ་སའི་སྙིང་པོས་དབྱིབས་སུ་རྟོགས་པ་དང། སྤྱན་རས་གཟིགས་ཀྱིས་སྔགས་སུ་རྟོགས་པའོ། །དེ་ལ་དབྱིབས་ནི་རྩའི་འཁོར་ལོ་ལ་བྱང་ཆུབ་སེམས་ཕབ་པས་དགའ་བ་བཞི་སྡོམ་པའོ། །སྔགས་ནི་དབུགས་འབྱུང་རྡུབ་གྱིས ་འཁོར་ལོ་སྲོག་ཨ་བ་དྷཱུ་ཏཱ་རི་བཅུག་པས་མི་རྟོག་པའི་སྡོམ་པའོ། །ཆོས་ཉིད་སྟོང་པ་ཉིད་ལ་སྒྱུ་མའི་ཡེ་ཤེས་སྐྱེས་པས་བདེ་བ་ཆེན་པོར་སྡོམ་པའོ། །ཅིའི་ཕྱིར་ཕྱི་མའི་ཕྱི་མ་ཡིན་ཞེ་ན། ལེའུ་འབུམ་པ་ནི་རྩ་བའི་རྒྱུད་ཡིན་ལ། །ཤོ་ལོ་ཀ ་འབུམ་པ་ནམ་མཁའ་དང་མཉམ་པའི་ཕྱི་མའང་ལེའུ་ལྔ་བཅུ་རྩ་གཅིག་པ་ནི་ཕྱི་མའི་ཕྱི་མ་ཡིན་པས་སོ། །སྤྲུལ་པའི་སྐུ་ཅིའི་ཕྱིར་བདེ་མཆོག་མ་ཡིན་ཞེ་ན། དེ་ནི་བརྗོད་པར་བྱེད་པ་མ་ཡིན་ཏེ། །ལ་ལ་གཟུགས་ཀྱི་རྣམ་པར་རྟོག་པས ་ཆོས་སྟོན་པ་དང། ལ་ལ་སྒྲའི་རྣམ་པར་རྟོག་པས་ཆོས་སྟོན་པའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་རྣམ་པར་རྟོག་པ་ལ་མོས་པ་ལ་ལྷའི་སྐུ་བསྒོམ་པ་དང། སྒྲའི་རྣམ་པར་རྟོག་པ་ལ་མོས་པས་སྔགས་ཟློས་པས་བཅོས་མ་ཡིན་ཏེ། རྡོ་རྗེ ་མཁའ་འགྲོ་ལས། རང་བཞིན་རྟོག་པའི་ཕྱིར། ཕྱི་རོལ་བཅོས་མ་རབ་ཏུ་སྦྱར་ཞེས་གསུངས་པས་སོ། །སྟོན་པ་ནི་སུ་ཞིག། །གནས་ནི་གང་དུ། དུས་ནི་ནམ་གྱིས་ཚེ་འཁོར་ནི་སུ་དག་དང། ཆོས་ནི་ཅི་ཞིག་བསྟན་སྙམ་པ་ལ་བཅོམ་ལྡན་འདས་ཉིད་ཀྱིས ་གླིང་གཞི་གསུངས་པ་ནི་གསང་བ་མཆོག་གི་དགྱེས་པ་ན་ཞེས་པ་ནས་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་གསང་བ་ནི་དགའ་བའི་གནས་སོ། །མཆོག་ནི་མཆོག་དཀའ་གནས་ས། །དཀྱིས་པ་ནི་ལྷན་ཅིག ་སྐྱེས་དགའ་ཨི་གནས་སོ། །ཛམ་བུའི་གླིང་གྲུ་གསུམ་ན་བཞུགས་པའོ། །ཐམས་ཅད་བདག་ཉིད་ནི་གཅིག་སྟེ། གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་དང། ཉན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། །སྤྲུལ་པའི་འཁོར ་རིགས་ལྔའི་དཔའ་བོ་དཔའ་མོ་དང། སྡུད་པ་པོའི་འཁོར་ལྕང་ལོ་ཅན་གྱི་བདག་པོའོ། །རྟག་ཏུ་བཞུགས་ཞེས་བྱ་བ་གཉིས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་བཏུལ་བའི་ཚེའོ། །བཞུགས་ཞེས་བྱ་བ་ནི་གནས་དང་སྦྱར་ནས་སངས་རྒྱས་ཀྱི ་ཞིང་དུ་སྟོན་པ་ཡིན་ལ། སྟོན་པ་དང་སྦྱར་ན་དབང་བྱས་པ་དང། ལོངས་སྤྱོད་པའི་མཛད་པ་རྣམས་དང་ལྡན་པར་སྟོན་པ་ཡིན་ནོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟེ། འབྲས་བུའི་ཧེ་རུ་ཀ་ཞེས་བྱ་བའི་དོན ་ཏོ། །མཁའ་འགྲོ་ནི་གཉིས་རྟོག་པ་མེད་པའི་ཞི་གནས་ཀྱི་ནམ་མཁའ་བསམ་གཏན་བཞི་དང་གཟུགས་མེད་པར་འགྲོ་བ་དང་གཟུངས་འཛིན་དང་བྲལ་བའི་ལྷག་མཐོང་སྟོང་པ་ཉིད་ཀྱི་ནམ་མཁའ་སྟེ་ས་བཅུ་གཅིག་ཏུ་འགྲོ་བའོ། །ཀུན་ཞེས་བྱ་བ་ནི་བསམ ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་པ་ནི་འཇིག་རྟེན་གྱིས་མཁའ་འགྲོ་དུར་ཁྲོད་བརྒྱད་ན་གནས་པ་ཀུན་ནམ། ས་བཅུ་གཅིག་རྟོགས་པའི་འཇིག་རྟེན་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དད་པའི ་འཁོར་ལོའི་དབུས་ན་བདག་པོ་འབྲས་བུ་ཧེ་རུ་ཀ་ནི་གཙོ་བོ་ཡིན་པས་དངོས་ཞེས་བྱའོ། །སེམས་ནི་སྙིང་རྗེའི་དབང་གིས་རྒྱ་ཆེ་བའི་སེམས་ཅན་ལ་དམིགས་པའམ། ཤེས་རབ་ཀྱི་དབང་གིས་ཟབ་པའི་ཆས་ཉིད་ལ་གཙིགས་པས་ན?? ་དཔའ་ཨོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་བྱ་བ་ནི་ལོངས་སྦྱོར་རྫོགས་པའི་སྐུ་སྟེ། རྒྱུའི་ཧེ་རུ་ཀའོ། །རྡོ་རྗེ་ནི་ས་བཅུ་གཅིག་པའི་སྟོང་པ་ཉིད་དེ་དེ་ལ་སེམས་དཔའ་ནི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ་ཉོན་མོངས་པ་དང ་ཤེས་བྱའི་སྒྲིབ་པ་དང་བྲལ་བས་ན་དཔའ་བའ་ཨོ། །སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་རོ་གཅིག་པས་ན་བདེ་མཆོག་ནི་ཇི་སྙེད་པའམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །འདི་ནི་རང་འབྱུང་བཅོམ་ལྡན་དཔའ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་བདེ ་པ་ཆེན་པོའི་ཡེ་ཤེས་སོ། །རང་འབྱུང་ནི་སེམས་རང་རིག་འོད་གསལ་ཉམས་སུ་མྱོང་བའི་རྒྱུ་རྐྱེན་ལ་སྐྱེས་པ་ཡིན་གྱི་བློ་བུར་གྱི་རྒྱུ་རྐྱེན་ལས་མ་སྐྱེས་པས་ན་རང་འབྱུང་ངོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཉོན ་མོངས་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་སྤངས་པས་ན་དཔའ་བོའོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས་བྱ་བ་ནི་བཤད་པའི་ཆོས་ཏེ་སྤྲུལ་པའི་སྐུ་དཔའ་བོ་དང་དཔའ་མོའི་དྲ་བའི་སྡོམ་པའམ་དབྱིབས་དང་སྔགས ་དང་ཆོས་ཀྱི་བདེ་མཆོག་ཡིན་པས་ན་སྡོམ་པའོ། །ཕུན་སུམ་ཚོགས་པ་ལྔའི་གླེང་གཞི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་གྲུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན་འདི་ནི་དགོངས ་བས་བཤད་པ་ཡིན་ཏེ། སའི་སྙིང་པོས་དབྱིབས་སུ་གོ་བ་དང། སྤྱན་རས་གཟིགས་ཀྱིས་སྔ་སུ་གོ་བ་དང། འཇམ་དཔལ་གྱིས་ཆོས་སུ་གོ་བའོ། །དེ་ལ་དབྱིབས་ནི་ལས་ཀྱིས་ཕྱག་རྒྱ་དཀྱིལ་འཁོར་བྷ་ག་ནི་གནས་ཡིན་ལ་དེ་ཡང?? ་ཉིད་གསུམ་སྟེ། དགའ་བ་འབྱུང་བས་གསང་བ་དང། མཆོག་དགའ་འབྱུང་བས་མཆོག་དང་ལྷན་ཅིག་སྐྱེས་དགའ་འབྱུང་བས་ན་དགྱེས་པའོ། །ཐམས་ཅད་བདག་ཉིད་འཁོར་ལོ་སྟེ་རྩ་དྲུག་ཅུ་རྩ་བཞིའོ། །རྟག་ཏུ་བཞུགས་ནི་དགའ་ ་བ་བཞིའི་དུས་སོ། །སྐུ་གསུམ་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བར་ཕྱིན་པའི་བདེ་བའོ། །སྟོན་པ་དེས་བཤད་པའི་འཁོར་ལོ་བཞི་ཁྱབ་པ་ནི་འཁོར་རོ། །སྔགས་ནི་དཀྱིལ་འཁོར་གྱི་ལུས་ཀྱི་གནས་ན་དབུགས་འབྱུང་རྡུབ་གསུམ་གྱི ་མཚན་ཉིད་དང་ལྡན་པས་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །རྟག་ཏུ་བཞུགས་ནི་རླུང་གཉིས་འགོག་པའི་དུས་ནི་སྲེག་ཨ་བ་དྷཱུ་ཏཱིར་ཆུད་པའོ། །སྟོན་པ་པོ་ནི་རྩ་གསུམ ་གྱི་རླུང་དབུས་སུ་ཆུད་པའི་མེ་རྟོག་པ་སྐྱེས་པའོ། །དེ་བཤད་པའི་ཆོས་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དྲ་བ་སྡོམ་པ་ལས་སྐྱེས་པའོ། །དེ་ལ་ཆོས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་གནས་སོ། །དེ་ཡང ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དང་ལྡན་པས་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །རྟག་ཏུ་བཞུགས་ནི་བསམ་གྱིས་མི་ཁྱབ ་པའི་དུས་ཏེ་གཤེས་རབ་ཡེ་ཤེས་ཡུལ་གྱི་སྟོང་པ་ཉིད་དང་ད་བདབ་ཞི་པ་ཡུལ་ཅན་གྱི་སྟོང་པ་ཉིད་མཐོང་བའི་དུས་སོ། །རྟག་ཏུ་བཞུགས་ནི་སེམས་འོད་གསལ་བའི་རང་བཞིན་གྱིས་གནས་པའོ། །སྟོན་པ་ནི་རྣམ་པར་མི་རྟོག ་པའི་ཡེ་ཤེས་ཏེ་གོང་བུའི་གཟུགས་ལས་འདས་བསྒྱུར་བསྤྲུལ་པའི་སྐུ་དང་དངོས་པོ་མེད་པ་ཡིན་ཞེས་གསུངས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང། དེ་ཡང་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་པས་གཉིས་སུ་མེད་པའི ་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་སྟོན་པ་དེས་བཤད་པའི་སེམས་ཀྱི་བདེ་མཆོག་གི་དྲ་བ་སྡོམ་པའོ། །དེ་ལྟ་བས་ན་སྟོན་པའི་གླེང་གཞི་བཤད་པ་ལས་ཀྱི་ཕྱག་རྒྱ་ཚོགས་ལམ་བསྒོམ་པ་དང། །དམ་ཚིག་གི་ཕྱག་རྒྱ་གྲོལ་བའི་ལམ་བསྟན ་པ་དང། ཕྱག་རྒྱ་ཆེན་པོ་བསྒོམ་པ་རང་ལྷག་པར་གནས་པའི་ལམ་བསྟན་པའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ཐིག་ལེ་ལས་དཀྱིལ་འཁོར་བྷ་གའི་དབང་དུ་བྱས་ནས་འབྱུང་བ་བཞིའི་རྩིའི་དབུས་སུ་ནམ་མཁའ་ཨི་རྩ ་གནས་སུ་བཤད་པས་འབྱུང་བ་ལྔ་དང་སྦྱར་བ། །དཀྱིལ་འཁོར་ལུས་ཀྱི་དབང་དུ་བྱས་ནས་རླུང་ལྔ་སྟོན་པ་དང། དཀྱིལ་འཁོར་ཆོས་ཀྱི་དབྱིངས་གྱི་དབང་དུ་མཛད་ནས་ཡི་གེ་བཅུ་དྲུག་གིས་ཀུན་བརྟགས་པ་དང་གཞན ་དབང་གི་སྣང་བ་སྤངས་པའི་ཡོངས་སུ་གྲུབ་པའི་འོད་གསལ་བའི་སྣང་བ་བཤད་པས་སྟོང་པ་ཉིད་བཅུ་དྲུག་མཚོན་པ་ཡིན་པས་བཤད་པའི་རྒྱུད་ཀྱི་དོན་ལ་རྨོངས་པར་མི་བྱའོ། །དེ་ལྟར་གླེང་གཞི་བཤད་ནས་རྒྱུད་ཀྱི་ལུས ་མདོར་བཞག་པར་བཞེད་པ་ནི་སྒྲའི་ཚུལ་ལ་ངེས་འབྱུང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་རླུང་དབུས་མ་ལས་འབྱུང་བའི་ཡི་གེ་ཧཱུཾ་དོ། །དེ་ལས་བྱུང་བ་ནི་ལྷ་དྲུག་ཅུ་རྩ་གཉིས་ཏེ། སྤྲུལ་པ་ལས་འབྱུང་དཔའ་བོ ་རྣམས་??་ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་སྤྱོད་པ་ནི་རྟེན་གྱི་གང་ཟག་རྣལ་འབྱོར་པའོ། །སྤྱོད་ཡུལ་ནི ་ལྷའི་འཁོར་ལོའོ། །དེ་ཡང་ཇི་ལྟ་བུ་བསྒོམ་པར་བྱ་ཞེ་ན། །ཐོག་མ་དབུས་མཐར་རྣམ་པར་བཞེས་ཞེས་བྱ་བར་གསུངས་ཏེ། ཐོག་མ་ནི་གནས་པའི་རྣལ་འབྱོར་པ་ཚད་མེད་བྱིན་གྱིས་བརླབས་པ་དང་ཚོགས་བསགས་པ་དང། སྟོང་པ་ཉིད་ལ་གནས ་པའི་རྣལ་འབྱོར་རོ། །དབུས་ནི་ལྡང་བ་འཇུག་པ་ཡོངས་སུ་རྫོགས་པ་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་དང་མཆོད་པའི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་ཏེ་རྣམ་པ་གསུམ་མོ། །མཐར་ཉེ་བར་བསྡུ་བ་དང་ཀུན་དུ་སྤྱོད་པ་སྟེ་ལྡང་བའི་རྣལ་འབྱོར ་རེ། །རྣམ་པར་གནས་ཞེས་བྱ་བ་ནི་རྣལ་འབྱོར་རྒྱུད་ལ་སྦྱོར་བ་དང་དངོས་གཞི་རྗེས་འཇུག་དགེ་བར་གནས་པའོ། །དེའི་ཕན་ཡོན་ཅི་ཞིག་ཅེ་ན། །འཇིག་རྟེན་གསུམ་དུ་རྙེད་དཀའ་ཞེས་བྱ་བ་གསུངས་ཏེ། ས་བླ་དང་ས་འོག་དང་ས་སྟེང ་གསུམ་དུ་ཡེ་ཤེས་སེམས་དཔའ་འུ་ས་ལ་འཇུག་པ་དང་འཆིང་བའི་ཚེ་ཡེ་ཤེས་སེམས་དཔའ་ལ་ཕར་འཇུག་པ་རྙེད་པ་དཀའ་བའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཟབ་མོའི་རྫོགས་པའི་རིམ་པའི་དབང་དུ་མཛད་ནས་སྒྲ་ནི ་ཨ་བ་?་ཏཱིའི་རླུང་ཡིན་ལ། འབྱུང་བ་ནི་དགའ་བ་བཞིའི་ཤེས་པ་ཡིན་ལ། དམ་ཚིག་སྤྱོད་པ་ནི་མཆེད་བཅུ་གཉིས་བདེ་བས་ཁྱབ་པ་ཡིན་ལ། སྤྱོད་ཡུལ་ནི་བདག་སྦྱིན་གྱིས་རློབ་པའི་ལམ་ལས་ཐམས་ཅད་བདེ་བས་ཁྱབ་ཡིད ་རྟགས་པ་ཡིན་ནོ། །རང་རིག་འོད་གསལ་གྱི་བདེ་བ་དེ་དུས་ཐམས་ཅད་དུ་གནས་པས་ནོ་ཐོག་མ་དབུས་མཐར་ཡང་དག་གནས་ཞེས་གསུངས་པ་ཡིན་ནོ། །དེ་ལ་དབང་བཞི་པའི་དུས་ཀྱི་ཚེ་མངོན་སུམ་དུ་རྟོགས་པ་ནི་འཇིག་རྟེན ་གསུམ་དུ་རྙེད་པར་དཀའ་བ་ཡིན་ནོ། །དེ་ཡང་ཐབས་གང་གིས་རྟོགས་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱིས་སྦྱོར་ཅི་བཞིན་ཞེས་པས་ཕྱག་རྒྱ་བཞི་ལས་བདེ་བསྟེང་པ་ཉིད་དུ་རྟེགས་པར་བྱའོ། །ཞེས་གསུངས་པས་བཤད་པའི་རྒྱུད ་ལ་རྨོངས་པར་མི་བྱའོ། །རྫོགས་པའི་རིམ་པའི་དབང་དུ་མཛོད་ནས། ཐབས་དང་ཤེས་རབ་སྦྱོར་བ་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་བྱ་བ་གསུངས་ཏེ། བདེ་བརྟོག་པ་མེད་པ་ལྷན་ཅིག་སྐྱེས་པ ་དང། བདེ་བ་སྟོང་པ་ཉིད་དུ་ཤེས་པ་དོན་གྱི་ལྷན་ཅིག་སྐྱེས་པ་གཉིས་གྲུབ་པར་བྱེད་པའི་ཐབས་ནི་ཤེས་རབ་ཕྱག་རྒྱ་བཞི་དང་ཐབས་བཞི་སྟེ། དེ་ཡང་ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་ནི་ལོ་བརྒྱད་ནས་ཉི་ཤུ་རྩ་བཞིའི་བར་གྱི་བུད་མེད་ཀྱི་ཨ་བ་དྷུ ་ཏཱའི་ནམ་མཁའ་ཨི་རྩའི་རེག་བྱའོ། །ཆོས་ཀྱི་ཕྱག་རྒྱ་ནི་འདོད་པའི་ཡོན་ཏན་ལྔ་ཡིད་དུ་མི་འོང་བ་དང། བར་མ་སྤངས་པའི་གཟུགས་སྡུག་པ་དང་སྒྲ་སྙན་པ་དང་དྲི་ཞིམ་པ་དང་རེག་བྱ་རྣམས་ཀྱི་ཡིད་དུ་འོང་བའོ། །དམ་ཚིག་གི་ཕྱག་རྒྱ་ནི་ས་དང ་ཆུ་དང་རླུང་སྤངས་པའི་རླུང་མེའི་དྲོད་ཅན་ནོ། །ཕྱག་རྒྱ་ཆེན་པོ་ནི་རྗེས་སུ་དཔག་པ་དང་ལུང་གིས་བསྟན་པ་དང་ལྐོག་ཏུ་གྱུར་བ་མ་ཡིན་པ་ཆོས་ཉིད་མངོན་སུམ་གྱིས་རྟོགས་པའོ། །ཐབས་ནི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་འཛིན་པར ་ནུས་པའི་རྣལ་འབྱོར་པའི་ཕྱིའི་ལུས་ཀྱི་དབང་པོ་མངོན་སུམ་ལས་ཀྱི་ཕྱག་རྒྱའི་ཐབས་སོ། །ཆོས་ཀྱི་ཐབས་ནི་ཡུལ་ལྔ་ཡིད་དུ་འོད་བ་ལས་སྐྱེས་པའི་བདེ་བ་ཡིད་ཀྱི་མངོན་སུམ་མོ། །དམ་ཚིག་ཕྱག་རྒྱའི་ཐབས་ནི་ནང་གི་རེག་བྱ་བདེ་བ་སྐྱེས ་པའི་ལུས་ཀྱི་དབང་པོ་མངོན་སུམ་མོ། །ཕྱག་རྒྱ་ཆེན་པོའི་ཐབས་ནི་རང་རིག་པའི་མངོན་སུམ་གྱིས་ཆོས་ཉིད་མཐོང་བའི་རྣལ་འབྱོར་བའི་མངོན་སུམ་མོ། །སྦྱོར་ཇི་བཞིན་ནི་དགའ་བ་གསུམ་ལ་རང་བཞིན་བརྒྱད་ཅུ་དང་བྲལ་ནས་རྟོག་པ ་མེད་པའི་རྣམ་པར་ཤེས་པ་དང། བདེ་བ་སྟོང་པ་ཉིད་ཤེས་པའི་འོད་གསལ་བའི་ཡེ་ཤེས་སོ། །ཡུལ་ཇི་ལྟ་བ་བཞིན་དུ་མངོན་སུམ་གྱི་ལམ་གྱིས་རྟོགས་པས་ན་སྦྱོར་ཅི་བཞིན་ནོ། །སྔགས་བཟླས་ནི་དབུགས་དབྱུང་རྔུབ་ཨ་བ་??་ཏིའི་བཅུང? ་བའོ། །བསམ་གཏན་ནི་རྟོག་མེད་ཀྱིས་མཐོང་བའི་སྟོང་པ་ཉིད་དེ་སྣང་བའོ། །སོགས་ནི་བླ་ན་མེད་པའི་སྦྱིན་སྲེག་དང་མཆོད་སྦྱིན་དང་སློབ་དཔོན་ནོ། །དེ་ཡང་ཁ་སྦྱོར་ལས་འབྱུང་རྡུབ་འཁོར་བས་བཟླས་པ་ཡིན། །སྒོམ་པ་སོ་སོར་སྣང་བ་ན། སློབ་དཔོན ་སེམས་ཀྱི་རྒྱལ་པོ་ཡིན། །ེ་བཾ་ལ་སོགས་གང་གསུངས་བའོ། །ཞེས་གསུངས་སོ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི་མཚན་ཉིད་ཀྱི་ཐེག་པ་ལྟར་གོམས་པ་ལམ་དུ་བྱེད་པ་མ་ཡིན་པ་ཕྱག་རྒྱ་བཞིའི་རྒྱུ་རྐྱེན་བསགས་པ་ལས་བྱུང་བའི་ཡེ་ཤེས་བླ་མའི་མན་ངག ་མངོན་སུམ་གྱིས་གཞན་དོན་གྱིས་སྐྱེས་པས་ན་ཆོ་གའི་ཡེ་ཤེས་སོ། །རྒྱུད་ལས་གསུངས་པ་ཞེས་པ་ནི་ལེའུ་འབུམ་པ་དང་ཤོ་ལོ་ཀ་འབུམ་པ་ལས་སོ། །མཉམ་པར་གྱིས་ཞེས་བྱ་བ་ནི་སྡུད་པ་པོ་ལག་ན་རྡོ་རྗེ་ལ་སེམས་རྩེ་གཅིག་པས་ཉོན་ཅིག་པའོ།། ་དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་ལེའུ་ལྔ་བཅུ་རྩ་གཅིག་གི་ལུས་མདོར་བཞག་གསུངས་ནས། །ད་ནི་ལེའུ་དང་པོ་རྫོགས་པའི་རིམ་པའི་འདོར་བསྟན་གནས་དང་བཅས་པ་རྒྱས་པར་བཤད་ནས། །དབུགས་འབྱུང་བར་མ་མཆོག་དང་དྲིའི་ཞེས་བྱ་བ ་གསུངས་ཏེ། དང་པོ་སྣོད་གཅིག་ཏུ་ཟ་བ་ཚོགས་ཀྱི་འཁོར་ལོ་བསྟེན་པའི་རྫས་དང། །དབུགས་འབྱུང་བྱང་ཆུབ་ཀྱི་སེམས་དང། བར་མ་རང་འབྱུང་གི་ཁྲག་དང། མཆོག་ཤ་ཆེན་པོ་དང། དྲི་ནི་བཤང་བ་དང་དྲི་ཆུ་ནི་གཅི་བ་དང། བཅས་པ་དི ་རྟ་དང་གླང་གོ་དང། ཁྱི་དང། བ་ལང་དང་མི་སྟེ་ལྔའོ། །དེ་ཨོཾ་ཨཱ(རྒྱུད་འགྲེལ་?ཞེས་བྱ་བ་ནི་ཐུན་བཞི་ལམ་དུས་དྲུག་དུ་ཚོགས་ཀྱི་འཁོར་ལོའི་ལྷ་མཆོད་པར་བྱའོ། །རྣལ་འབྱོར་པ་ནི་རྟེན་གྱི་གང་ཟག་གོ། དུས་རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པར་དུས་དྲུག་གོ་།ཁྱད་པར་ནི་རྟོག་པ་མེད་པའི་ཤེས་རབ་མྱོང་བའི་རིགས་ལྡན ་ལྷ་དྲུག་ཅུ་རྩ་གཉིས་སུ་བསྐྱེད་པའོ། །མཆོད་པ་ནི་ནང་དུ་འཁོར་ལོ་བཞི་པ་ལ་དཀྱིལ་འཁོར་བཞི་བསྒོམ་པ་དང། ལུས་ཀྱི་དཀྱིལ་འཁོར་དང་ལྔལ་ནང་གི་སྦྱིན་སྲེག་དབུལ་པའོ། །ཚོགས་ཀྱི་འཁོར་ལོ་དེ་ཡང་གཉིས་སུ་གྱུར་ཏེ་བདུད ་རྩེ་ལྔའི་རོ་རྡོ་རྗེ་མ་ལ་ཡིད་ནང་དུ་ཆུད་པ་ཡིས་བདེ་བ་རྟོགས་མེད་ཀྱི་འདོད་པའི་དངོས་གྲུབ་སྒོམ་པ་འམ། གལ་ཏེ་ཡིད་ཕྱིར་བྱུང་ན་དུས་དྲུག་ཏུ་རིགས་ལྡན་དཀྱིལ་འཁོར་ལ་སྦྱིན་སྲེག་གི་མཆོད་པའོ། །རོ་འབའ་ཞིག་གིས་ཚོགས་ཀྱི་འཁོར ་ལོ་བྱ་བའམ་ཞེ་ན། ཕོ་ཉ་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ་ཞེས་བྱ་བ་གསུངས་ཏེ། ཕོ་ཉ་ནི་མཚན་ཉིད་དང་ལྡན་པའི་བུད་མེད་དགེ་བསྙེན་མའི་སྡོམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང་སྔགས་ཀྱི་དབང་བསྐུར ་ཐོབ་པའོ། །དེ་བཞིན་ནི་ས་བཞིར་བྱས་ནས་རྣལ་འབྱོར་པའི་ལོངས་སྤྱོད་བྱ་ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པའི་དངོས་གྲུབ་ནི། །གོམས་པ་ལས་བྱུང་མ་ཡིན་པ། །བདེ་བ་རྟོགས་མེད་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པའི་དགའ་བ་བཞི་ནི་ལྷན ་ཅིག་སྐྱེས་པའི་དངོས་གྲུབ་བོ། །མཆོག་ནི་ལས་ལ་སྐྱེས་པ་སྟེ་སྐྱེ་བ་སྔ་མར་གསང་སྔགས་ཀྱི་སྒོམ་པ་གོམས་བའི་ཚོགས་ལ་དང་སྦྱོར་ལམ་མཐོང་ལཾ་སྒོམ་ལམ་ཐོབ་པའི་བྱང་ཆུབ་སེམས་མའོ། །འབྲིང་ནི་ཞིང་སྐྱེས་ཏེ་གནས་ཉི་ཤུ་རྩ་བཞི་དང་ཡུལ་དབུས་སུ ་སྐྱེས་བ་དང་དབང་པོ་ཆེར་བ་དང་ལས་ཀྱི་མཛའ་མ་ལོག་པས་དགེ་བས་འཇུག་པ་དང། སྔགས་ཀྱི་བསྟན་པ་ལ་དད་པ་དང། བསྟན་པ་དང་བྲད་པ་སྟེ་བདག་གི་འབྱོར་བ་ལྔ་དང་ལྡན་པའོ། །ཐབས་ནི་སྔགས་ལས་སྐྱེས་མ་སྟེ་རྡོ་རྗེ་སློབ ་དཔོན་ཀྱི་ཕྱག་རྒྱར་གྱུར་པས་མ་དང། རང་དང་ལྷན་ཅིག་དབང་བསྐུར་བའི་སྲིང་མོ་དང། རང་གིས་དབང་བསྐུར་བའི་བུ་མོ་དང། སློབ་མས་དབང་བསྐུར་བའི་ཚ་མོ་དང། རང་གི་སྒོམ་པའི་ཡན་ལག་ཏུ་གྱུར་པ་ཕོ་ཉ་མའོ། །??།དེ ་རྣམས་ནི་རེག་བྱ་རྡོ་རྗེ་མ་ཡིན་ལ་དེ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ལྡན་པས་ཆོགས་ཀྱི་འཁོར་ལོའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ནོ། ཞེས་བསྟན་ཏོ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་བྱ་བ་ལ་ཡིད་ནི། ་རྣམ་པར་རྟོག་པའོ། །ནང་དུ་ཆུད་བ་ནི་སྲོག་ཨ་བ་དྷཱུ་ཏཱིར་ཆུད་པས་འདོད་ཡོན་ལྔ་ལ་ཤེས་པ་རྟོག་པ་མེད་པར་སྐྱེས་པའོ། །འདོད་པའི་དངོས་གྲུབ་ནི་བདེ་བ་རྟོག་པ་མེད་པ་བསམ་གཏན་གྱི་སྡོམ་པ་མི་གཡོ་བའི་ལས་སོ། །གལ་ཏེ་རྟོག་པ་སྐྱེ་བར་གྱུར་ན་ཇི་ལྟར ་བྱ་ཞེ་ན། རང་རྫས་ཐིག་ལེས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་བྱ་བ་གསུངས་ཏེ་དགའ་བྲལ་དུ་སོང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཕུང་པོ་ལྔའི་སངས་རྒྱས་དང། དབང་པོ་དྲུག་གི་བྱང་ཆུབ་སེམས་དཔའ་དང། འབྱུང་བ་ལྔའི་ཡུལ ་ལ་མཆོད་པར་བྱའོ། །ཡུལ་ལ་མཆོད་པར་བྱའོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རེ་རྣམས་ལ་དགའ་དྲལ་དུ་སོང་ན་གཟུགས་རྡོ་རྗེ་མ་ལ་སོགས་པས་ཕྱི་དང་ནང་གི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས། །ལྷ་ལ་དམིགས ་པ་བྱེད་པ་དག་།རྣལ་འབྱོར་གཟུགས་བརྙན་རང་བཞེན་ཏེ། །རང་གི་དམ་ཚིག་བདག་སྦྱོར་བ་མི་འགྱུར་དམ་པ་གྲུབ་པར་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་པ། །རྣལ་འབྱོར་འབྱུང་བར་མི་འགྱུར་ཀྱང། །བྱང་ཆུབ་སེམས་པ་རབ་བརྩོན་ན ་དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་གསུངས་སོ། །ལས་ཀྱི་ཕྱག་རྒྱ་སྲངས་པ་ཡི། །འགྲོ་བའི་ལམ་ལ་ཇི་ལྟར་ཡིད། །ནང་དུ་ཆུད་པར་བྱ་ཞེ་ན། མཐོང་བ་དང་ནི་རེག་པ་དང། ཐོས་པ་དང་ནི་དྲན་པ་ཡིས། །ཞེས་བྱ་བ་གསུངས་ཏེ། མཐོང ་པ་གཟུགས་རྡོ་རྗེ་མ་ནས་རེག་བྱ་རྡོ་རྗེ་མའི་བར་དུ་ཐོས་པས་སྒྲ་རྡོ་རྗེ་དང། དྲན་པ་ཆོས་ཀྱི་རྡོ་རྗེ་མ་ལས་རྨོངས་པ་དྲན་པ་འདུ་བྱེད་སྔོན་ཉམས་སུ་མྱོང་བའི་དོན་ཏོ། །དེ་ལ་ཡིད་ནང་དུ་ཆུད་པ་རྟོག་པ་མེད་པ་སྐྱེས་པས་རྟོག་པ་ལས་གྲོལ་བར་འགྱུར་བ། ་འམ། ཡིད་ཕྱིར་བྱུང་ནས་རྟོག་པ་སྐྱེས་ན་དང་བའི་དད་པས་གཟུགས་རྡོ་རྗེ་མ་ལ་སོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པ་བྱེད་པ། དེ་ལྟར་གྲོལ་བའི་ལམ་འདི་ལ་ཡང་ཐེ་ཚོམ་མེད་པར་མཆོད་པར་འགྱུར་རོ། །དེའི་ཕན ་ཡོན་གསུངས་པ་ནི་ཡིད་ནང་དུ་ཆུད་པས་རྣལ་འབྱོར་པ་ཉིད་བསོད་ནམས་མཆོག། དག་བྱེད་སྡིགས་པ་འཇིག་བྱེད་པ། །བསོད་ནམས་མཚོག་ནི་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དགུའོ། །དག་བྱེད་ནི་རྒྱུ་ཀུན་འབྱུང་དང། པའོ། །སྡིག་པ་འཇིག་པ་ནི ་སྡུག་བསྔལ་གྱི་བདེན་པ་ཟད་པའོ། །གལ་ཏེ་ཡིད་ཕྱིར་འབྱུང་བ་ལ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ནི། གསང་སྔགས་ཟློས་པའི་བཟླས་བརྗོད་དང། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། ཞེས་བྱ་བ་གསུངས་ཏེ། གསང་སྔགས་ཟློས་པའི ་དུས་དྲུག་ཏུ་རིས་དྲུག་གི་བཟླས་པ་ཟློས་པའོ། །བཟླས་བརྗོད་ནི་དབུགས་འབྱུང་རྡུབ་ཀྱི་བཟླས་པའོ། །བསམ་གཏན་ནི་རྡོ་རྗེ་སེམས་དཔའ་དང་རྣམ་སྣང་དང་པདྨ་གར་དབང་དང། ཧེ་རུ་ཀ་དང་རྡོ་རྗེ་ཉི་མ་དང་རྟ་མཆོག་གི་ཏིང་ངེ་འཛིན་བསྒོམས ་ནས་དུས་དྲུག་ཏུ་བདུད་རྩི་རྣམས་དྲུག་མྱངས་ན་གྲུབ་པར་འགྱུར་རོ། །ཀྱང་ཞེས་པ་ཡིད་ནང་དུ་ཆུད་པ་ལས་ཕྱིར་འབྱུང་བ་ཡང་བསོད་ནམས་ཀྱི་ཚོགས་སུ་འགྱུར་པའོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོ་མས། །ཐོ་རང་དགུན་སླད་གྱུར་པ་ན། །དཔྱིད ་དང་དབྱར་ནི་ཉིན་ཆ་གཉིས། །ཉིན་ཕྱེད་མཁས་པས་སོས་ཀ་སྦྱར། །སྲོད་ནི་དེ་བཞིན་སྟོན་ཀ་སྟེ། །དགུན་སྟོད་མཚན་ཕྱེད་ཆ་ཡིན་ནོ་ཞེས་གསུངས་སོ། །རྡོ་རྗེ་འདི་རྣམས་ཀྱི་རང་བཞིན་ཤེས་པར་བྱས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང། སྦྱར་བར ་བྱ་སྟེ། རྡོ་རྗེ་སེམས་དཔའ་དགུན་སྨད་ཏེ། རྣམ་པར་སྣང་མཛད་ཐུབ་པ་སྤྱོད། །དེ་བཞིན་རྟ་མཆོག་སོག་སྟེ། །དགུན་ནི་སྦྱར་ན་ཧེ་རུ་ཀ། །རྡོ་རྗེ་ཉི་མ་སྟོན་ཀ་ལ། པདྨ་གར་དབང་དགུན་སྟོད་དོ། །སོག་མར་མེ་བཟའ་བྱ་སྟེ། དེ་བཞིན་དུ་ནི་དབྱར? ་ཀ་བཅུ། སྟོན་གྱི་དུས་སུ་མར་ཁུ་སྟེ། དེ་བཞིན་དགུན་སྟོད་མེ་ཏོག་གོ་།ཀྱེ་ཧོ་དགུན་སྨད་ག་པུར་ཏེ། །དེ་བཞིན་དབྱིད་ནི་མཉམ་མོ། །དེ་རྣམས་སྨན་ནི་ཆེན་པོ་སྟེ། དུས་དྲུག་ཏུ་ནི་ཡོངས་ཤས་བྱའོ། །དུས་མཆོག་འདི་དང་མཉམ་མེད་དེ། །སྦྱོར་བ་ཀུན་གྱི་དམ ་པ་ཡིན། །རང་བཞིན་དེ་རྣམས་རྫོགས་པར་ནི། །ནམ་ཞིག་རྣལ་འབྱོར་པ་གྱུར་ན། །རྣལ་འབྱོར་མ་རྣམས་མཉེས་འགྱུར་ཏེ། །རྣལ་འབྱོར་མཁའ་འགྲོ་མ་སྡུད་པའོ་ཞེས་གསུངས་པས་སོ། །སོ་ག་དང་དབྱར་དང་སྟོན་ཀ་དང་དགུན་སྟོད་དང་དགུན་སྨད་དང་དུས་དྲུག ་ནི་རིས་དྲག་གི་འདོད་པའི་ལྷ་ཀུན་གསལ་བར་བྱས་ལ། །འདོད་པའི་ཡོན་ཏན་ལྔས་དྲན་པའི་བདེ་བ་དང་ལྡན་པ་ལས་ཕྱིར་འཕྲོས་པའི་བསོང་ནམས་ཀྱི་ཚོགས་བསགས་པར་བྱའོ། །དངོས་གྲུབ་ཀྱི་རྒྱུ་གང་ཞེན། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས།? ་དམ་ཚིག་རྟག་ཏུ་བརྐྱང་བར་བྱ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་གཞག་ནི་རྣལ་འབྱོར་པ་སེམས་རྩེ་གཅིག་པའོ། །དམ་ཚིག་ནི་རིག་པའི་དབང་བསྐུར་བའི་རིགས་ལྔའི་དམ་ཚིག་བཅུ་བཞི་དང་ཕྱིར་མི་ལྡོག་པའི་དབང་གི་སྡོམ་པ་རྡོ་རྗེ་སློབ་དཔོན ་སྨོད་པ་ནས་ཤེས་རབ་བུད་མེད་སྨོད་པའི་བར་དུ་བཅུག་ཞི་དང་གསང་བའི་བཞི་དང་ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་བརྒྱད་དེ། །བཞི་བཅུ་དུས་དྲུག་ཏུ་དྲན་པས་རྟག་ཏུ་བསྐྱབ་པར་བྱའོ། །བཞི་བཅུ་དེ་ཁོ་ན་སྐྱོད་དམ་ཞེ་ན། །བྱང་ཆུབ་ཀྱི་སེམས་ཀྱི་སྲུང ་པ་ཡིན་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདེ་བ་རྟོག་མེད་བསམ་གཏན་གྱི་སྡོམ་པ་དང། དོན་དམ་པ་བྱང་ཆུབ་སེམས་པ་བདེ་བ་སྟོང་པ་ཉིད་ཤེས་པ་ཟག་མེད་ཀྱི་སྡོམ་པའོ། །དྲན་པས་ནི་དམ་ཚིག་བསྲུང་བ་ཡིན་ལ། དམ་ཚིག་གིས་ནི་བྱང་ཆུབ ་ཀྱི་སེམས་བསྲུང་བ་ཡིན་ནོ། །གལ་ཏེ་ཉམས་ནི་ཅི་ཞེ་ན། །དམ་ཚིགས་ཉམས་པ་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར་ཞེས་བྱ་བ་གསུངས་ཏེ། དམ་ཚིག་བསྲུང་བའི་སེམས་མེད་པས་ཉམས་ན་དབང་བསྐུར་ནི་མི་ཐོབ་པ་དང། །ཉོན་མོངས ་པའི་དབང་གིས་དམ་ཚིག་ཉམས་ན་དངོས་གྲུབ་ཐོབ་པར་མི་འགྱུར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དང་ཡིག་འབྲུ་དང་ཕྱག་མཚན་དང་ལག་པའི་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་གྱི་དཀྱིལ་འཁོར ་བཞག་ནས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དང། རྣལ་འབྱོར་པ་ཉི་ཤུ་རྩ་ལྔའི་རང་བཞིན་དུ་བསྐྱེད་ནས་རང་རང་གི་གནས་སུ་དང་རང་གི་ཕྱག་རྒྱ་དང། སྒོམ་པ་དང་བཟླས་པ་དང་དག་གི་བརྔ་དང་ལུས་ཀྱི་བརྡ་དང་བཅས་པས་འདོད་པའི་ཡོན་ཏན་ལྔ་ལ་རྒྱ ་རྐྱེན་ཚོགས་པ་ལས་ལུས་བདེ་བ་དང་ཡིད་བདེ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་པའམ། གལ་ཏེ་རྟོག་པ་བྱུང་ན་དད་པ་དང་བའི་སེམས་ཀྱིས་ལྷའི་འཁོར་ལོ་ལ་ནང་གི་སྦྱིན་སྲེག་དབུལ་བར་བྱའོ། །ཡང་ན་མཁའ་འགྲོ་ལས་བྱུང་བ་ལྟར་གོ་ཆ་དྲུག་གི་ལྷོར ་བསྐྱེད་པར་བྱའོ། །ཡང་ན་རྒྱུད་བླ་མ་ནས་བྱུང་བ་བཞིན། །མཁའ་སྦྱོར་བྱ་ཡི་གཟུགས་ཅན་གྱིས། །ཐུགས་ཀྱི་འཁོར་ལོ་བསྒྲུབ་པ་དང། །ས་སྤྱོད་མི་ཡི་གཟུགས་ཅན་གྱིས། །གསུང་གི་འཁོར་ལོ་སྒྲུབ་པ་དང། །ས་འོག་དུད་འགྲོའི་གཟུགས་ཅན ་གྱི་བོང་བུའི་རྣམ་པས་སྐུའི་གྲུབ་པ་བསྒྲུབ་པར་བྱའོ། །འཇིག་རྟེན་པའི་ལུས་དང་ངག་གི་སྤྱོད་ལམ་དོར་ནས་ལུས་དག་གི་བརྡ་བྱ་བ་ཡིན་ཏེ། དེ་སྐད་དུ་ཡང་མཉམ་སྦྱོར་ལས། །དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འདོད་པ་ཡི་གོས་དང་རྒྱན། ། ་སྣ་ཚོགས་གོས་ནི་བསྒོམས་ནས་ཀྱང། །མེ་ཏོག་ཕྲེང་བ་ལྡན་ཁ་དྲི་ཞིམ། །གང་གིས་ལྷ་དང་འདྲ་བ་ཡི། །བུད་མེད་དག་ན་ལེགས་བསྒྲུབས་ལ། །སྐལ་བཟང་དག་ནི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་བརྟགས་པར་བྱ་ཞེས་གསུངས་སོ། །དེ་ལྟར་ཚོགས ་ཀྱི་འཁོར་ལོ་བཤར་ནས་ཞི་བའི་བཏུང་བ་བཤད་པར་བྱས་ཏེ། གཙང་སྦྲ་མཆེན་དང་ག་པུར་བཅས། །ཙན་དན་མར་དུ་སྦྱར་བ་ནི་ཞེས་བྱ་བ་གསུངས་ཏེ། གསང་བའི་དབང་བསྐུར་བའི་ཡུལ་རྡོ་རྗེ་མར་སྟོན་པ་ཡིན་ནོ། །དེ་ཡང་གང་ཞེ་ན་སྦྲང་རྩི་སྟེ་གཙི་བ་དང་མཚལ ་ཏེ་རང་བྱུང་དང། ག་བུར་ཏེ་བྱང་ཆུབ་སེམས་དང། མར་ཏེ་ཤ་ཆེན་པོ་དང་ཙན་དན་ཏེ་བཤད་པ་དང། སྦྱར་བའི་ཤ་ལྔ་དང་བསྲེས་ནས་ངོ་མཉམ་པར་བྱས་པའོ། །དེ་གང་དུ་གཞག་ཅེ་ན། །ཚོགས་ཀྱི་ནང་དུ་བཞག་པ་ད་བྱ་ཞེས་གསུངས་ཏེ། ལྷ་དྲུག་ཅུ་རྩ་གཉིས ་ཀྱི་དབུས་ཐོད་པ་བཞིའི་གནས་སུའོ། །ལྷ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཐམས་ཅད་རྡོ་རྗེ་མཚན་མ་འཛིན་ཞེས་བྱ་བ་གསུངས་ཏེ། དཔྲལ་བར་རྡོ་རྗེ་ཕྲེང་བས་རྒྱན་པའོ། །དེ་ཇི་ལྟར་མྱང་བར་བྱ་ཞེ་ན། སྤོམ་པོ་མཛའ་ལྷག་རྩེ་སྦྱར་བས་ཞེས་བྱ་བ་གསུངས་ཏེ། མཐེ་བོང ་དང་སྲིན་ལག་གཉིས་ཀྱིས་ལྕེའི་སྟེང་དུ་རོ་བཞག་པར་བྱའོ། །དེ་ཇི་ལྟར་ཤེས་པས་ཞི་བའི་བཏུང་བར་འགྱུར་ཞེ་ན། །རྣལ་འབྱོར་རིག་པས་ཏག་ཏུ་དཔྱོད་ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་བསམ་གཏན་གྱི་བདེ་བའོ། །རིག་པ་ནི་ལྕེའི་དབང་པོ་མངོན་སུམ ་གྱིས་དགའ་བ་བཞིའི་བྱེ་བྲག་རྟོགས་པ་དང། དེ་ཡང་བདུད་རྩི་ལྔའི་རོ་ལ་དང་པོར་སྐྱེས་པའི་བདེ་བའི་རང་བཞིན་དགའ་བ་དང། མཆོག་དགའ་ཡིད་བདེ་བ་ལྷན་ཅིག་སྐྱེས་དགའ་སྐྱེས་པའི་རྗེས་ལ་བླ་མའི་མངོན་སུམ་གྱི་གཞན་དོན་གྱི་རོའི ་སྟོང་པ་ཉིད་རྟོགས་པ་རྣལ་འབྱོར་གྱི་མངོན་སུམ་སྐྱེས་པ་ནི་རྟག་ཏུ་བྱ་བ་ཡིན་ཏེ། །ཁ་སྦྱོར་ལས་ཀྱང་རྣམ་ཤེས་དཔ་ནི་ཡེ་ཤེས་ཀྱི། །ཡུལ་གྱི་རིག་པ་རྟག་ཏུ་དཔྱད་ཅེས་བྱ་བ་གསུངས་སོ། །དེ་ལྟར་ན་ལྕེའི་དབང་པོའི་མདོན་སུམ་དང། རྣལ་འབྱོར་གྱི ་མངོན་སུམ་གྱི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་ངོའི་སྟོང་པ་ཉིད་ཉམས་སུ་མྱོང་བ་ནི་ཞི་བའི་བཏུང་བ་ཞེས་བྱའོ། །གདན་བཞི་ལས་ཚོགས་ཀྱི་དབུས་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ལ་རྡོ་རྗེའི་མཚམས་འཛིན་པ་ནི་ཁ་སྦྱར་བ་ཡིན་ལ། །སྒོམ་པོ་ནི་གསང ་བའི་རྡོ་རྗེ་སྲིན་ལག་གི་པདྨ་དེ་སྦྱར་བ་ལས་འབྱུང་བའི་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་བས་རིག་པ་ནི་ཞི་པའི་བཏུན་བ་ཡིན་ནོ་ཞེས་གསུངས་ཏེ། གཞན་གྱི་དོན་སློབ་མ་དབང་བསྐུར་བའི་དོན་དུ་གསུང་པས་བཤད་པའི་རྒྱུད་ལ་རྨོངས་པར་མི་བྱའོ། །དེ་ལར?? ་ཤེས་པ་རྟོག་པ་མེད་པར་གྱུར་པས་ཞི་བའི་བཏུང་བ་མྱངས་ན་དངོས་གྲུབ་རྟག་པ་ཐོབ་པར་འགྱུར་ཞེས་གསུངས་ཏེ། ཞི་བའི་བཏུང་བ་ནི་རི་བོང་འཛིན་ལས་རྩ་བ་ཞི་བ་ཞེས་གྲགས་པས་སྐྱེས་པ་སྐར་མ་རྒྱལ་དང་གཟའ་ཕུར་བུ་ལ་བཏུས་ནས ་བ་ར་ཎ་སིའི་རིག་བྱེད་ཀྱི་གནས་སུ་པར་གི་ཅན་གྱི་པགས་པ་ལ་སྔགས་སྟོང་རྩ་བརྒྱད་བཟླས་ན་བརྡུངས་ཏེ་དེའི་ཆུ་འཐུངས་ན་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་བོ་ཞེས་རིག་བྱེད་ཀྱི་གཞུང་ནས་བྱུང་བས། །དཔེ་དེ་བཞིན་དུ་བདུད་རྩི་ལྔའི་རོ་ལས་ཤེས་པ ་རྟོག་མེད་སྐྱེས་ནས་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ། །གལ་ཏེ་ཤེས་པ་རྟོག་མེད་སྐྱེས་ནས་དེ་བས་དོ་ནམས་ཀྱི་ཚོགས་སུ་གྱུར་པ་ནི། །འདི་ནི་མའི་ཆི་བཅུ་ཕྱེད་གྱུར། །དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན་ཞེས་བྱ་བ་གསུངས་ཏེ། མའི་ཆི་བཅུ་ཕྱེད་ནི་བདུད་རྩི ་ལྔའི་དྲི་མ་མེད་པའི་དེ་ཁོ་ན་ཉི་དང། འདོད་པའི་དབང་ཕྱུག་གི་དེ་ཁོ་ན་ཉིད་དང། །ཚེ་འཕེལ་བའི་དེ་ཁོ་ན་ཉིད་དུ་གྲུབ་པས་ན་དངོས་གྲུབ་ཐམས་ཅད་གྲུབ་ཅེས་བཤད་དོ་།དེ་ལྟར་འཆི་བའི་བཏུང་བ་བཤད་ནས་ད་ནི་འཕོ་བའི་གཙང་སྦྲ་བཤད་པར ་བྱས་ཏེ་མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །དབང་གཉིས་སྙོམས་པར་འཇུག་པ་ཡི་ཞེས་བྱ་བ་གསུངས་ཏེ། མཆོད་བཞི་ནི་དཔེས་སྟོན་པ་ཡིན་ཏེ། དུང་ཅན་མ་དང་པདྨ་ཅན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང། ཡིད་དུ་འོང་བའི་ཡུལ་ཆོས ་ཀྱི་ཕྱག་རྒྱ་དང། སྦྱོར་བ་ལེགས་པའི་གཏུམ་མོ་མེ་དྲོད་ཅན་དང། མངོན་སུམ་གྱིས་མཐོང་བའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལས་བདེ་བ་ཟག་པ་མེད་པ་དེ་བཞིན་དུ་ཐ་མལ་པ་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་མ་ལས་ཡང་བསྙེན་སྒྲུབ་བཞིས་སྦྱངས་པའི ་ས་བཅུ་གཉིས་ཀྱི་ཕ་རོལ་མེ་རླུང་གཉིས་ཀྱི་ཚུ་རོལ་དཕུས་མ་ནམ་ཁའི་རླུང་དང་ཁ་སྦྱར་ནས་བདེ་བ་རྟོག་པ་མེད་པ་ནི་རྒྱུ་རྐྱེན་གྱི་ཚོགས་པ་ལས་སྐྱེས་ལ་བླ་མའི་གདམས་ངག་མངོན་སུམ་གྱི་གཞན་དོན་ལ་ནི་རེག་བྱ་སྟོང་པ་ཉིད་དུ་རྟོགས་པས་རྣལ་འབྱོར ་བའི་མངོན་སུམ་སྐྱེ་སྟེ། དེ་ཉིད་ཟག་པ་མེད་པའི་བདེ་བ་ཤེས་རབ་ཡེ་ཤེས་ཡིན་པས་།དབང་གཉིས་སྙོམས་པར་འཇུག་པ་ཡི། །སྙོམས་པར་འཇུག་པར་དེ་ཉིད་འཛིན། ཞེས་བྱ་བ་གསུངས་ཏེ། སྙོམས་པར་འཇུག་བདང་བོས་ནི་རྟོག་པ་མེད་པ་ཞི་གནས་སྐྱེས་ལ། སྙོམས་པར་འཇུག་པ་གཉིས ་པས་ནི་རེག་བྱ་ཡུལ་གྱི་སྟོང་པའི་དེ་ཁོ་ན་ཉིད་འཛིན་ཅིང་རྟོགས་པའོ། །འབྱུང་བ་བཞི་ཡི་དབུས་མ་ནམ་མཁའ་ཨི་རྩ་དང་སྦྲད་པ་ལས་ཇི་ལྟར་བདེ་བ་སྐྱེས་ཞེན། །མཉམ་སྦྱོར་ལས། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས་ཞེས་གསུངས་ཏེ། དེ ་ལ་སྟོང་ལ་ཉིད་ཇི་ལྟར་རྟོགས་ཤེ་ན། བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བཀླག་པར་བྱ་ཞེས་གསུངས་པས། །བླ་མའི་ཚིག་གིས་སྟོང་པ་ཉིད་ལས་དྲན་པའི་ངེས་པ་དྲངས་ནས་ཨ་ས་མ་ས་མ་ཞེས་བྱས་ཏེ་ངེས་པའི་ཤེས་པ་མངོན་སུམ་གྱི་བློས ་གར་བྱེད་པ་ནི་མན་ངག་ཡིན་ནོ། །དེའི་ཕན་ཡོན་ནི་ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ་ཞེས་གསུངས་ཏེ། ལྷ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའོ། །བསམ་གཏན་གྱི་བདེ་བ་ཡི་ནི་མཁས་པ་རྣམས ་གྱིས་རྗེས་དབང་གི་སྟོང་པ་ཉིད་རྟོགས་པའི་ཡིད་བདེ་བ་བསྡུས་ཀྱང་མངོན་སུམ་གྱི་བདེ་བ་ཟག་པ་མེད་པ་འདི་ཉིད་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་པའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས་རྩ་བཅུ་དྲུག་པ་སྟོན་པའི་ཁམས་དྲུག། གཏུམ་མོ་དྲོད་ཀྱིས་བཞུ་ནས་བདེ་བ ་ཟག་པ་མེད་པ་ཅིག་ཏུ་བྱས་ཤེས་པས་བསྒྲིལ་བ་ནི་རྩའི་སྐུད་པ་གཅིག་གིས་བདེ་བ་སྟོང་པ་ཉིད་རྟོགས་པའི་ཆར་ཡང་མི་ཕོད་པའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་བཤད་ནས། རི་སུ་ལ་ཚང་ཚད་ཕུག་རྣམས ་དང། ཆུ་བོ་ངག་གི་དོགས་དག་དང། གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། སྒྲ་ཇི་བཞིན་པའི་གནས་བཞི་ནི་བུམ་པའི་དབང་བསྐུར་བས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་རྟེན་ཡིན་ནོ། །དབྱིབས་ཀྱི་དབན ་དུ་བྱས་ན་རི་སུལ་ནི་བདེ་བ་ཆེན་པོའི་འཁོར་ལོ། །ཚད་ཚིང་ཕུག་ནི་ལོངས་སྤྱོད་ཀྱི་འཁོར་ལོ། །ཆུ་བོའི་དོགས་ནི་ཆོས་ཀྱི་འཁོར་ལོ། །དུར་ཁྲོད་ནི་སྦྲུལ་པའི་འཁོར་ལོ་སྟེ་ལུས་ཀྱི་དཀྱིལ་འཁོར་རོ། །སྔགས་ཀྱི་དབང་དུ་བྱས་ན ་རི་ནི་ལོ་བཅུ་གཉིས་མ་ཚད་ཚིད་ཕུག་ནི་བཅུ་དྲུག་མ་དང། ཆུ་བོའི་དོགས་ནི་ཉི་ཤུ་མ་དང། དུར་ཁྲོད་ནི་རྩ་བཞི་མ་སྟེ་བྷ་གའི་དཀྱིལ་འཁོར་རོ་ཆོས་ཀྱི་དབང་དུ་བྱས་ནས་རི་བོ་ནི་སྟོང་པ་ཉིད་དང། ཕུག་ནི་མཚན་མ་མེད་པ་དང། ཆུ་པའི་བགྲོས ་ནི་སྨོན་པ་མེད་པའོ། །དུར་ཁྲོད་ནི་འོད་གསལ་ཏེ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་རྒྱུད་བླ་མ་ལས། །དཀྱིལ་འཁོར་ལུས་ཞེས་བྱ་བ་དང། དཀྱིལ་འཁོར་བྷ་ག་ཞེས་སུ་བཤད། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཡིན་ཏེ། རྣམ་པ ་གསུམ་དུ་ངེས་པ་ཡིན། །ཞེས་གསུངས་སོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ལྟར་རྫོགས་པའི་རིམ་པ་བཤད་ནས་བསྐྱེད་པའི་རིམ་པའི་འཁོར་ལོ་གསུངས་པ་ནི། །དེ་ནས་ལྕི་བ་མ་ལྷུད་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ། ་དེ་ལ་ལེའུ་གཉིས་པས་ནི་སློབ་དཔོན་གྱིས་ལས་བཤད་པ་དང་ལེའུ་གསུམ་པས་སློབ་མའི་ལས་བཤད་པ་དང། །ལེའུ་བཞི་པས་ལྷ་དགོད་པ་བཤད་ནས་བསྐྱེད་པའི་རིམ་པར་གྱུར་པ་ཡིན་ནོ། །དེ་ལ་ཐོག་མར་གཙང་སྒྲ་གསུམ་གྱིས་རྫོཌ་པའི་ལིན ་བསྙེན་བ་བྱས་ནས་ཡང་ན་ཕྱིས་འཆད་པར་འབྱུང་བའི་བསྙེན་པ་ལ་བལྟོས་ནས་བསྐྱེད་རིམ་གྱིས་བརྙེན་པ་མ་གསུངས་སོ། །དེ་ཡང་རྒྱུད་བླ་མ་ལས་གཙང་སྦྲ་གསུམ་གྱི་བསྙེན་པ་བྱས་ནས་དཀྱིལ་འཁོར་བྲི་ཞེས་གསུངས་སོ། །སའི་ཆོ་ག་ཅིའི་ཕྱིར་མ ་གསུངས་ཞེ་ན། བཤད་པའི་རྒྱུད་ལ་བལྟོས་པའམ་སྤྱང་མི་དགོས་པའི་དབང་དུ་མཛད་པ་ཡིན་ནོ། །བསྙེན་བ་དང་སའི་ཆོ་གའི་རྗེས་ལ་དཀྱིལ་འཁོར་གྱི་མཚན་ཉིད་བཤད་པར་བཞེད་ནས་བ་ཡི་ལྕི་བ་ལྟུད་བས། །དཀྱིལ་འཁོར་ས་ནི་ལེགས་པར་བྱུག་ཅེས ་གསུངས་ཏེ། བའི་རྣམ་པ་ལྔས་བྱུགས་པའི་རྒྱུད་སྡེ་བཞིའི་ཐུན་མོང་ཡིན་ནོ། །བྱང་པར་དུ་རྣལ་འབྱོར་མའི་རྒྱུད་ལ་དུར་ཁྲོད་ཀྱི་ཐལ་བ་དང་བདུད་རྩི་རྣམ་པ་ལྔས་བྱུགས་ནས་དཀྱིལ་འཁོར་རྩོམ་པང་བསྟན་ཏོ། །དུར་ཁྲོད་ཀྱི་ཐལ་བ་དང་མི་གཙང་བས་ཅི་ཞིག་བྱེད་མ ་ན། ཤི་བ་དང་མ་ཤི་བ་དང་གཙང་བ་དང་མི་གཙང་བར་རོ་མཉམ་པར་སྟོན་པར་བྱེད་པའི་ནོ། །དཀྱིལ་འཁོར་གྱི་མཚན་ཉིད་བཤད་ནས། །ཚོན་གྱི་མཚན་ཉིད་བཤད་པའི་ཞེད་ནས། །དུང་ཁྲོད་དུ་ནི་ཀུན་སྦྱོད་བཞེས་བྱ་བ་ལ་སོཌ་གསུས་ཏེ། །ཀུན་སྤྱོད་པ་ནི་མཉམ་པར་སྦྱོར་པ་ཤེ་རིན་པོ་ཆེ་དང་ཚོན་རྩི་དང ་དུར་ཁྲོད་ཀྱི་རྫས་ལ་དབྱེ་བ་མེད་པའོ། །རོ་བསྲེགས་པའི་སོལ་བའི་ཕྱེ་མ་དང་ཞེས་བྱ་བ་ནི་རུས་པའི་ཕྱེ་མ་དཀར་བོ་དག། །སོལ་པའི་ཕྱེ་མ་ནག་པོ་དུར་ཁྲོད་སོ་ཕག་ལྔ་ནི་པའི་ཞེས་བྱ་བསམ་ཚོས་པ་ལས་སེར་པོ་དང། ཚོས་པ་ལ་དམར་པོའོ། །ལྗང་གུའི ་རུས་པ་དང་ཚོན་ལྗང་གུ་བསྲེས་པའོ། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ་ཞེས་བྱ་བ་ནི་དྲག་བ་འཇིགས་བྱེད་ཞེ་སྡང་ཆེན་པོས་འདུལ་བས་ན་བཟང་པོའོ། །སྙིང་སྟོབས་རྡུལ་དང་མུན་པས་ཀྱང། །གང་ཕྱིར་སེམས་ཅན་དོན་འགྱུར་བས། །དེས་ན་འདི ་ནི་བཟང་པོ་སྟེ། བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའི་ཞེས་གསུངས་བའི་ཕྱིར་རོ། །དེ་ལྟར་ཚོན་གྱི་མཚན་ཉིད་བསྟན་ནས། །སློབ་དཔོན་གྱི་མཚན་ཉིད་སྟོན་པ་ནི། །སློབ་དཔོན་མཚན་ཉིད་ཐམས་ཅད་པ། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ཞེས་བྱ། ་བ་ལ་སོགས་པ་གསུངས་ཏེ། །མཚན་ཉིད་ཐམས་ཅད་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཡང་དག་ཤེས་ནི་རྒྱུད་སྡེ་བཞིའི་ལྟ་བ་ཤེས་པའོ། །རྒྱུད་ཤེས་པ་ནི་རྒྱུད་སྡེ་བཞིའི་སྤྱོད་པ་ཤེས་པའོ། །དག་གི་མཚན་ཉིད་ནི་དཔལ་ལྡན ་ཁྲག་འཐུང་གསང་སྔགས། ཤེས་བྱ་བ་གསུངས་ཏེ། སྔགས་ནི་སྙིང་པོ་ནས་གནོད་མཛེས་ཀྱི་བར་གྱི་སྔགས་བཅུ་གཅིག་གོ། །སེམས་ཀྱི་མཚན་ཉིད་ནི་ཁྲོ་མེད་སྙིང་རྗེ་ཅན། །གཙང་ཞིང་ལྟུང་བས་མ་གོས་པ་དང། མཁས་པ་དེ ་ཉིད་བཅུ་ཤེས་པ་སྦྱོར་ཤེས་ཞིག་ནས་ཤེས་པ་དང་ཡེ་ཤེས་ལྷག་མཐོད་ཤེས་པ་དང། ཕ་རོལ་འགྲོ་ཞེས་བསྐྱེད་རིམ་གྱི་རྟགས་གསུམ་དང་རྫོགས་རིམ་གྱི་རྟགས་ལྔ་དང་ལྡན་པའོ། །ལུས་ཀྱི་མཚན་ཉིད་ནི་ཐོད་པ་ལྔས་སྤྱི་པོར ་བརྒྱན་པ་ན། །ཐལ་བས་བྱུགས་པའི་བར་གྱིས་ཕྱག་རྒྱ་དྲུག་དང་ལྡན་པ་དང། གོ་ཆ་དྲུག་བཀོད་པས་གུག་སྐྱེད་ཀྱིས་བརྒྱན་པ་དང། རུས་པའི་ཕྲེད་བ་ཚངས་པའི་སྐུད་པ་དང། དུམ་བུ་གཅིག་པ་ལ་བྱས་པ་སྤྱི་གཙུག་གི་ནོར་བུ་དང། རུས་པའི་ཕྲད་བའི ་དོ་ཤལ་དང། ལག་པ་གཡོན་པས་ཁ་ཊཝཱཾ་ག་སྣམས་པ་སྟེ། །སློབ་དཔོན་གྱི་མཚན་ཉིད་བཅུ་དྲུག་པོ་འདི་དག་གིས་ཉེ་བར་མཚན་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་མཚན་ཉིད་བཤད་ནས་དཀྱིལ་འཁོར་བསྒྲུབ་པ་བསྟན་པ་ནི་བདག་ཉིད་དཔལ་ཧེ་རུ ་ཀ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་བསྐྱེད་རིམ་གྱི་བསྙེན་པ་བསམ་གཏན་གྱི་འཁོར་ལོ་བཤད་པར་བཞེད་ནས་བདག་ཉིས་དཔལ་ཧེ་རུ་ཀར་བྱས་ནས་དེའི་འོག་ཏུ་ནི་དཔལ་ཧེ་རུ་ཀ་དྲན་ཞེས་བྱ་བ་གསུངས་ཏེ་ཇི་ལྟར་ཧེ་རུ་ཀར་བྱ་ཞེ་ན། ་ལེའུ་ལྔ་བཅུ་རྩ་གཅིག་པ་ནས་བྱུང་བ་ལྟར་དེ་ཉིད་བཅུ་བཞིའི་ཚུལ་གྱིས་བསྐྱེད་པ་འམ་ཡང་ན། གནས་དང་ལྡན་པ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫེགས་པ་དང། བྱིན་གྱིས་བརླབས་དང་དབང་བསྐུར་དང། ཏིང་འཛིན་མཆོད་པ་ཉེ་བར ་བསྡུ་ཞེས་གསུངས་པས། །ལྷ་བསྐྱེད་ནས་དེའི་འོག་ཏུ་དཔལ་དེ། རུ་ཀ་དྲན་པར་སྒོམ་པ་དང། སྒོམ་བས་སྐྱོན་ཐུན་བཞིར་སྙིད་གར་འཁོར་ལོ་བཀོད་པ་ཉེ་བར་བསྡུ་བ་དང། ཚམ་དམ་གྱི་སྡགས་ཀྱིས་སྲུང་ལ་ལྡང་བར་བྱའོ། །དེ་ལྟ་བུས་མཚན་མ ་དང་གྲངས་དང་དུས་ཀྱི་བསྙེན་པ་བྱས་ནས་སའི་ཆོ་ག་ཟིན་པའི་རྗེས་ལ། སྟ་གོན་གྱི་ཆོ་ག་བཤད་པ་ནེ་དེ་ལྟར་བདག་ཉིད་གོ་བགོས་ནས། །རབ་རྣམས་ནི་ཕྱོགས་སུ་དགོད་ཅེས་བྱ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔ་མ་བསྙེན་པའི་ཆོ་ག་ལྟར་སྔོན ་འགྲོའི་རྣལ་འབྱོར་ལྔ་དང། དངོས་གཞི་ཏི་ངེ་འཛིན་གསུམ་གྱི་རྣལ་འབྱོར་བྱས་ནས་སའི་ལྷ་མོའི་ཆོ་ག་བྱས་ནས་སྤྲུལ་པའི་འཁོར་ལོ་སྙིང་གར་བཀོད་དེ་མིག་དང་རྐང་པ་བྱིན་གྱིས་བརླབས་ནས་ཁྲིའི་བསྟད་བས་བསྟོད་བཀྲེགས་ལ་བཀའ་བསྒོས ་ནས་བགེགས་ཉེ་བར་ཞི་བའི་ཆོ་ག་བྱ་བ་ནི་དེ་བདག་ཉིད་ཅེས་བྱ་བ་སྒྲའི་དོན་ཡིན་ནོ། །ག་བགོས་ནས་ཞེས་བྱ་བ་ནི་བགེགས་ཉེ་བར་ཞི་བའི་ཐོག་མར་གོ་ཆ་བག་བར་བྱའོ། །དཔའ་པོ་དང་དཔའ་མོ་སྟངས་སྟབས་བྱས་པའི་རྫེས་ལ། །བཛྲ ་ཛར་ཧཱུཾ་ཞེས་བྱ་བས་རབ་ནམ་མཁའ་ཨི་ཕྱགས་སུ་དགོད་པ་དང། བཛྲ་མེད་བན་དྷ་ཧཱུཾ་ཞེས་པས་སྣ་ཚོགས་རྡོ་རྗེའི་ཚན་ཆ་བྱ་བ་དང། བཛྲ་པྲཱ་ཀཱ་ར་ཧཾ་ཞེས་བྱ་བས་ལོ་ལྟར་ཟླུམ་པོ་བདག་ཉིད་ཀྱི་རྡོ་རྗེ་རབ་ཆེན་མ་མཉམ་པར་དགོད་པ་དང ་ཤཱར་ཛཱ་ལེ་ཧཱུཾ་ཧཱུཾ་ཞེས་པས་སྟེང་དུ་རྡོ་རྗེ་བླ་རེའོ། །འོག་ཏུ་མངའ་ཨི་དྲ་བ་བྱ་བ་དང། ཨོཾ་བཛྲ་ཛྲུ་ལ་ཨན་ལཱ་ན་ནཱུ་ཞེས་པས་མེ་འོད་ཀྱི་ཕྲེད་པ་བསྐོར་བའི་དཅུས་མཚོན་ཆའི་དྲང་བྱས་པས་བསྒོར་བའི་དེའི་ཕན་ཡོན་ནི་དེ་ལྟར་གོ་ཆ་དགོས་པ་ལ་སུམ་ཅུ་རྩ ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གཞིག་པར་མི་ནུས་པའོ། །དེའི་རྗེས་ལ་དྲེལ་ཐིག་ལེ་བྱས་ནས་ལྷ་ལྷག་གནས་བྱ་བ་དང། དེས་བརྗོད་ལས་བྱུང་བ་བཞིན་དུ་བུམ་པ་ལྷག་པར་གནས་པ་དང། །ཕྱི་དང་ནང་གི་སྦྱིན་བསྲེག་ལྷག་པར་གནས ་པ་དང། གཏོར་མ་ལྷག་པར་གནས་པ་དང། སློབ་མ་ལྷག་པར་གནེས་པ་ནི་རྡོ་རྗེ་མཁའ་འགྲོ་ལས་ཁ་བསྐད་བར་ཤེས་པར་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ་སྐར་མ་རྒྱལ་དང་གཟའ་ཕུར་བུའི་ཞལ་སྔ་བསྟན་པའི་གནས་ཡིད་དང ་མཐུན་པར་དབང་ཐོབ་པའི་རྣལ་འབྱོར་པས་སྒྲུབ་པའི་གྲོགས་པོ་དང་བཅས་པས་བདུད་རྩི་རྣམ་པ་ལྔའི་ལུ་ཁར་བཅུག་ནས་བསྔོན་དུ་བསྙན་པ་བྱས་པ་ཡིན་ཏེ། དེ་ཡང་ཐོག་མར་མཚོད་པ་རྣམ་པ་ལྔ་བྱིན་གྱིས་བརླབས་ནས་རྡོ་རྗེ་དྲི་ལ་བུ་བཟུང་ནས ་ཅོད་པན་དང་རྒྱན་བཏགས་ནས་སྟོད་གཡོགས་དང་སྨང་གཡོགས་བོག་སྟེ་ཚད་མེད་པའི་རྣལ་འབྱོར་དང། བྱིན་གྱེས་རློབ་པའི་རྣལ་འབྱོར་དང། །བསྲུང་བའི་རྣལ་འབྱོར་དང། ཚོགས་སོགས་པའི་རྣལ་འབྱོར་དང། སྟས་བ་ཉིད ་ཀྱི་རྣལ་འབྱོར་ཏེ་སྦྱོར་བ་ལྔ་དང། དངོས་གཞིའི་ཏིང་འཛིན་རྣམ་པ་གསུམ་དང། །ལྔ་པའི་རྣལ་འབྱོར་གྱི་ཉེ་བར་བསྡུ་བ་དང། །ཀུན་དུ་སྤྱོད་པ་བྱེད་ཅིང་མཚན་མ་དང་དུས་དང་གྲངས་ཀྱི་བསྙེན་པ་བྱའོ། །དེའི་རྗེས་ལ་རྡོ་རྗེ་མཁའ་གྲོ་དང་ངེས་པར་བརྗོད་པ ་ལས་བྱུང་བ་བཞིན་དུ་སའི་ཆོ་ག་བྱའོ། །གཉུག་མར་གནས་པ་སའི་ཆར་སྔ་མ་བཞིན་དུ་སྦྱོར་བ་དང། དངོས་གཞི་རྗེས་བསྒོམས་ལ་དཀྱིལ་འཁོར་གཏོགས་པའི་སྔོན་དུ་བསྒྲུབ་པའི་གྲོགས་པོའི་མཚན་བརྒྱ་རྩ་བརྒྱད་པས་བསྟོང་ཅིང་རང་ཉིད ་ཁྲོ་བོའི་ང་རྒྱལ་བསྒོམས་ལ། །སའི་ལྷ་མོའི་ཆོ་ག་རྣམ་སྣང་སྒྱ་དྲ་ནས་འབྱུང་བ་བཞིན་དུ་བྱ་ཞིང་རྡོ་རྗེ་མཁའ་འགྲོ་མ་བཞིན་དུ་དཀྱིལ་འཁོར་ནམ་མཁའ་ལ་འདེགས་པ་འམ་རྩ་བའི་རྒྱུད་འདི་ཉིད་བཞིན་དུ་དཀྱིལ་འཁོར་སྙིང་གང་དགོངས་བར་བྱའོ ་དེའི་རྗེས་ལ་དཀྱིལ་འཁོར་གྱི་སྟེང་དུ་འདུག་ལ་ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་བྱུ་བ་དང། ཁྲོ་བོའི་བསྟོད་པ་བྱ་བ་དང། བགེགས་ལ་བསྒོ་བ་བྱ་བ་དང། ལྷག་པ་དང་མཚད་པ། བསྐང་པའི་ཕྱིར་བསྐོར་བ་ལན་བདུན་བྱ་བ་དང། ལྟ ་བས་བགེགས་བསལ་བ་དང། དཔའ་ཕོ་དང་དཔའ་མོའི་སྟངས་སྟབས་བྱ་བ་དང། གནད་མཛེས་ཀྱི་འཁོར་ལོས་བསྒྲུང་བའི་འཁོར་ལོ་བྱ་བ་དང། ཕུར་བུས་བཏབ་ནས་དྲིའི་ཐིག་ལེ་བྱ་བ་དང། ལྷ་ལྷག་པར་གནས་པར་བྱ་བ་དང་རྩ་བའི་རྒྱུད་ནས ་བཤད་པའི་རྣམ་པ་དགུ་འམ། །བཤད་པའི་རྒྱུད་ནས་བྱུང་བའི་བུམ་པ་དྲུག་ལ་ལྷག་པར་གནས་པ་བྱའམ། །ནང་གི་སྦྱིན་སྲེག་ཚོགས་ཀྱི་འཁོར་ལོ་དང། ཕྱི་རོལ་གྱི་སྦྱིན་སྲེག་གང་ཡང་རུང་བས་ལྷག་པར་གནས་པར་བྱ་བ་དང། ཁ་སྦྱོར་དང ་མཁའ་འགྲོ་ལྟར་གཏོར་མ་ལྷག་པར་གནས་པར་བྱ་བ་དང། །དེ་ཉིད་སྡུས་པའི་རྒྱུད་དང། རྡོ་རྗེ་མཁའ་འགྲོ་ལྟར་སློབ་མ་ལྷག་པར་གནས་པའི་ཆོ་ག་བྱའོ། །འདིའི་ཆོ་ག་རྒྱ་ཆེར་ནི་ཡིད་འོང་ཕྲེང་བབ་ལྟ་བར་བྱའོ། །དེ་ལྟར་ལྷག་པར་གནས་པ་བྱས་ནས་ཕྱི་དན ་པར་ཉི་མ་འཆང་དཀར་དཀྱིལ་འཁོར་ནམ་མཁར་བཏག་ལ་ཐིག་གདབ་པར་བྱའོ། །དེ་ལྟར་བདག་ཉིད་རབ་སྲུངས་ཤིང། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་བྱ་བ་ནི་ཀྱིས ་འཁོར་ཆེན་པོའི་སློབ་དཔོན་གྱི་ལས་མདོང་བསྟན་པ་ཡིན་ནོ། །དེ་ལྟར་བདག་ཉིད་བསྒྲུངས་ཞེས་བྱ་བ་ནི་སྟ་གོན་གྱི་ཆོག་ཨ་རྫོགས་ནས་དཔྱིད་དེ་ན་བར་ཆད་མེད་པའི་རྣལ་འབྱོར་དང། བྱིན་གྱིས་བརླབས་པའི་རྣལ་འབྱོར་དང། བསྲུང་བའི་རྣལ་འབྱོར་དང། ཚོགས་སོག་པའི ་རྣལ་འབྱོར་དང། སྟོང་པ་ཉིད་ཀྱི་རྣལ་འབྱོར་བྱས་ནས་དང་པོ་སྦྱོར་བའི་དང་དཀྱིལ་འཁོར་རྒྱལ་མཆོག་གི་ལྷར་བསྐྱེད་དེ་ལས་ཀྱི་ཕྱག་རྒྱ་མཆོག་གི་དུས་སུ་གོ་ཆ་དྲུག་གི་སྔགས་ཀྱིས་ལྷར་བསྐྱེད་པ་དང། ཡེ་ཤེས་སེམས་དཔའ་གཞུག་པ་དང ་དབང་བསྐུར་ཞིང་ཏིང་ངེ་འཛིན་བསྒོམས་ནས་ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན་པས་དངོས་གྲུབ་ཐམས་ཅད་སྟེར་བའི་དཀྱིལ་འཁོར་ཐིག་གདབ་ཅིང་བྲི་བར་བྱའོ། །དེ་ནས་སེམས་མེད་སྲད་བུ་ཞེས་བྱ་ཨབ་ནི་རིས་ཀྱི་སྐུང་པ་ལས་བྱས་པའི་སྲད་བུའོ། །རུ་ཏི་ར ་ཆེན་པོ་ཞེས་བྱ་བ་ནི་མཚོན་པ་ཡིན་ཏེ། བདུད་རྩི་ལྔ་དང་ལྡན་པའི་ཆོན་གྱིས་ཁབ་སྒྱུར་བར་བྱའོ། །དཔལ་ལྡན་ཁྲག་འཐུང་གྲོང་ཁྱེར་མཆོག། །དཀྱིལ་འཁོར་འཇིགས་པའི་ཐིག་གདབ་བྱ། །ཞེས་བྱ་བ་ནི་ཐིག་གང་བ་པའི་ཆོ་ག་མདོར་བསྟན་པའོ། །ཁྲུ་བཞི ་པའམ་ཁྲུ་བརྒྱད་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མའི་ཚད་དེ་བར་མ་ཁྲུ་དྲུག་པ་ཡང་གཟུང་བར་བྱའོ། །དེ་ཉིད་ཉེ་བར་མཚོན་པ་ཡིན་པས་ཅི་ནུས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཟུར་བཞི་སྒོ་བཞི་པ་རྟ་བབས་བཞིས་རྣམ་པར་བརྒྱན་?? ་སླའོ། །སྡགས་པས་ཉིས་འགྱུར་རྣམ་དཔྱད་ཅིང་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་དོ། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད་ཅེས་བྱ་བ་ནི་ཐིག་གང་བ་པའི་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པའམ་ཐིག་གི་དམ་ཚིགས་? ་དབའ་ལ་ཡེ་ཤེས་སེམས་དབས་མཆོད་པའོ། །དེའི་དབུས་སུ་པདྨ་ནི། །འདབ་བཅས་ལྟེ་བ་འབར་དང་བཅས། །གེ་སར་ཡང་དག་ལྡན་པར་བཞག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོའི་རྟེན་བྲི་བ་བསྟན་ཏེ་པདྨ་འདབ་མ་བགྱད་པའི་ས་བཟིན་ནི་སེར་པོའོ། །ཤར ་གྱི་པདྨ་འདབ་མ་སྔོན་པོ་ལྷོ་སེར་པོ་ནུབ་དམར་པོ་བྱང་ལྗང་གུ་མཚམས་ནི་ཕྱེད་ཀྱི་མདོག་ཅན་ནོ། །རིན་པོ་ཆེའི་ཕྲེང་བས་བསྐོར་བའོ། །ཐུགས་ཀྱི་འཁོར་ལོ་ནག་པོ་རྩི་པས་བརྒྱད་པ་ཀ་བ་བརྒྱད་དང་ལྡན་པ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །གསུང ་གི་འཁོར་ལོ་རྩིབས་བརྒྱད་དམར་པོ་ཀ་བ་བརྒྱད་དང་ལྡན་པ་པདྨའི་ཕྲེང་པས་བསྐོར་བའོ། །སྐུའི་འཁོར་ལོ་རྩིབས་བརྒྱད་དཀར་པོ་ཀ་བ་བརྒྱད་དང་ལྡན་པ་འཁོར་ལོའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དམ་ཚིག་གི་འཁོར་ལོ་ནི་སྒོ་བཞི་དང་ལྡན་པ ་རིན་པོ་ཆེ་ལྔའི་རྩིག་པ་ཁ་ཁྱེར་རྟ་བབས་དང་བཅས་པ་དུར་ཁྲོད་བརྒྱད་གྱིས་བརྒྱན་པ་རྡོ་རྗེ་དྲ་བ་དང་མེ་འོད་ཀྱིས་བསྐོར་བའོ། །དེ་ལྟར་རྟེན་གྱི་དཀྱིལ་འཁོར་བསྟན་ནས་བརྟེན་པ་ལྷ་དགོད་པ་ནི། །ལྟེ་བར་དགོད་བྱེད་དཔའ་བོ་ནི། ཞེས་བྱ་བ ་གསུངས་ཏེ། ལུགས་སུ་བླུགས་པ་འམ་འབུར་དུ་བརྐོས་པའི་མ་རི་མོར་བྲིས་པའམ་ཅི་རིགས་པས་དགོད་པར་བྱའོ། །དཔའ་བོ་ནི་བདུད་བཞི་ལས་རྒྱལ་བའི་འབྲས་བུའི་ཧེ་རུ་ཀའོ། །འཇིགས་བྱེད་དྲག་པོའི་གཟུགས་ཅན་ཞེས་བྱ་བ་ནི་གར་གྱི ་ཉམས་དགུ་དང་ལྡན་པའི། །དེ་ཡང་ཞེ་བའི་སྐུ་ནི་མཚན་དང་དཔེ་བྱད་དང་ལྡན་པའོ། །རྒྱས་པའི་སྐུ་ནི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །དབང་གི་སྐུ་ནི་འོད་ཟེར་དམར་པོ་འཕྲོ་བའོ། །མངོན་སྤྱོད་ཀྱི་སྐུ་ནི་སྒེག་པ་དང་དཔའ་བ་དང་འཇིགས ་སུ་རུང་བ་སྐུའི་ཉམས་དང། རྒོད་པ་དང་གཤེ་བ་དང་རྡམ་པ་གསུང་གི་ཉམས་དང། །སྙིང་རྗེ་དང་ཞི་བ་དང་ངོ་མཏར་ཐུགས་ཀྱི་ཉམས་ཏེ་དེ་དང་ལྡན་པའི་འཇིགས་བྱེད་ཚན་པོའི་གཟུགས་ཅན་ནོ། །དེའི་མཚན་ཉིད་ཕྱིས་རྒྱས་པར་བཤད་པར་བྱའོ ་མདངས་དང་ལྡན་ཞིང་རབ་ཏུ་འབར་ཞེས་བྱ་བ་ནི་བསྐལ་པའི་མེ་ལྟར་གཟི་བརྗིད་ཆེ་བའོ། །ཧ་ཧ་ཞེས་བྱ་སྒྲ་ཆེར་བཞད་ཅེས་བྱ་བ་ནི་ཞལ་གཡས་པ་ཚངས་པ་འདུལ་བས་བཞང་པ་དང་རྒྱབ་མས་ཚོགས་བདག་འདུལ་བས་མཆེ་བ་གཅིགས་པས་གཤེ་བ་དང། ་ཞལ་གཡོན་པས་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཇིན་འདུལ་བས་ཚངས་པའི་མགོ་པོ་ཞལ་དུ་སྟོབས་ཅིང་རྔ་བ་པའོ། །ཞལ་བདུན་མ་ནི་སྒེག་པའི་ཉམས་ཅན་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །ཐོད་པའི་ཕྲེང་པ་རྒྱན་དང་ལྡན་ཞེས་བྱ་བ་ནི་སངས་རྒྱས ་ལྔའི་ཅོད་པན་ཅན་ལ་ཐོད་པ་ལྔས་མཛེས་བར་བྱས་པའོ། །བཟང་པོའི་སྦྱན་གསུམ་ནི་སྨིན་མའི་དབུས་ན་སྤྱན་མངའ་བ་གསུམ་མོ། །ཞལ་བཞི་མངའ་བ་ནི་བཤད་ཟིན་པའི་ཉམས་བཞི་དང་ལྡན་པ། །སྔོན་པོ་དང་སེར་བ་དང་དམར་པ་དང་ལྗང་གུ་དང་ཞལ་བཞི ་པ་ཕྱག་བཅུ་གཉིས་སྟོན་པར་བཞེང་ནས་པ་གཉིས་ཀྱིས་གླང་པོ་ཆེ་དཀར་པོའི་ལྤགས་པ་བསྣམས་པ་དང། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུས་འཁྱུད་པ་དང། སྨིན་མ་བཟང་པོ་རྡོ་རྗེའི་བྱེས་ཞེས་བྱ་བ་ནི་སྨིན་མ་རྡོ་རྗེའི་འཁྱོག ་པ་དང་འདྲ་བ་ཡོང་པའོ། །ཕྱག་དང་པོ་རྡོ་རྗེ་བསྣམས་པས་ནི་གཡས་ཀྱི་ཕྱག་མཆེན་ལྟག་མ་བཞི་ཉེ་བར་མཚོན་པ་ཡིན་ཏེ། ཅང་ཏེའུ་དང་གྲི་གུག་དང་དགྲ་སྟེ་དང་རྩེ་གསུམ་པ་བསྣམས་པའོ། །ཕྱག་ན་ཁ་ཊཝཱཾ་ག་བསྣམས་ཤིང་ཞེས་བྱ་བ་ནི་གཡོན ་པའི་དབུས་མ་ཁ་ཊཝཱཾ་ག་བསྣམས་པས་བཞི་ཉེ་བར་མཚེན་པ་ཡིན་ཏེ། དྲལ་བུ་དང་ཞགས་པ་དང་ཚངས་པའི་མགོ་པོ་བསྣམས་པའོ། །བརྒྱ་བྱད་ཕྲེང་བས་རྣམ་པར་བརྒྱན་ཞེས་པས་ནི་མི་མགོ་ལྔ་བཅུའི་དོ་ཤལ་ཅན་ནོ། །གཡས་པ ་བརྐྱང་བའི་རྣམ་པས་གཞུགས་ཤིང་འཇིགས་བྱེད་དང་དུས་མཚན་མནན་པའི་ལེའུ་ལྔ་བཅུ་རྩ་གཅིག་པར་བཤད་པས་གོ་བར་དགོངས་ནས་མ་གསུངས་པ་ཡིན་ནོ། །དེ་ལྟར་བཅོམ་ལན་འདས་བཤད་ནས་དེའི་ཡུམ་ཀྱི་མཚན ་ཉིད་བཤད་པ་ནི། །དེ་མདུན་གནས་པའི་ལྷ་མོ་ནི་རྡོ་རྗེ་ཕག་མོ་ཞེས་བྱ་བ་གསུངས་ཏེ། མདུན་ནས་འཁྱུད་པའི་ཚུལ་གྱིས་བཞུགས་པའི་སྐུ་མདོག་དམར་མོ་ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡིན་ཡང་དྲག་པོ་འཇིགས་བྱེད་ལ་རྡོ་རྗེ་ཕག་མོ་ཞེས ་གྲགས་སོ། །རབ་འཇིགས་ཞེས་བྱ་བ་ནི་ཞལ་ཅུང་ཟད་མཆེ་བ་གཙིགས་པའོ། །རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས་ཞེས་བྱ་བ་ནི་འཇིགས་བྱེད་དུས་མཚན་འདུལ་བའི་བཅོམ་ལྡན་འདས་ལ་འཁྱུད་པའོ། །སྤྱན་གསུམ་དྲག་པོའི་གཟུགས་ཅན ་ཞེས་བྱ་བ་ནི་སྐུ་མདོག་དམར་མོ་སྤྱན་གསུམ་པ་གཡོན་བརྐྱང་པའི་དྲག་པོའི་གཟུགས་ཅན་ནོ། །དེའི་ཕྱག་གཡོན་པ་ནི་ཀཱ་པ་ལ་ཁྲག་གིས་བཀང་བ་བ་སྣམས་པའོ། །ཞལ་ནས་རུ་ཏི་ར་འཛག་པའི་ནི་གསུང་རབ་ཡན་ལག་བཅུ་གཉིས་གསུང ་པའི་རྟགས་སོ། །ལྷ་དང་ལྷ་མིན་མི་བཅས་བ་ཞེས་བྱ་བ་ནི་ཕྱག་གཡས་གྲི་གུག་བསྣམས་པས་ལྷ་དང་དྲི་ཟ་དན་གནོད་སྦྱིན་དང་སྲིན་པ་དང་ཀླུ་དང་ལྷ་མ་ཡིན་དང་མི་འམ་ཅི་བརྒྱད་དང་བཅས་པ་འཇོམས་པའི་ཕྱིར་སྡིགས་མཛུབ་མཛད་པའོ ་མཁའ་འགྲོ་མ་ནི་ཉི་ཤུ་བཞི་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ཞལ་ཅིག་ཕྱག་གཉིས་པ་སྐུ་མདོག་སྔོན་མོ་བརྒྱད་དང། གསུངས་ཀྱི་འཁོར་ལོ་དམར་མོ་བརྒྱད་དང། སྐུའི་འཁོར་ལོ་བརྒྱད་དེ་གྲི་གུག་དང་ཀ་པཱ་ལ་བསྣམས་པ ་ཕྱག་གཉིས་པ་ཕྱག་རྒྱ་ལྡས་བརྒྱན་པའོ། །རྡོ་རྗེ་ཧག་མོའི་རིགས་ལས་འབྱུང་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞིས་མཚོན་པའོ། །ཕྱོགས་དང་ཕྱོགས་ཀྱི་མཏམས་དང་ཞེས་བྱ་བ་ནི་ཕྱོགས་ནི་ནར་གི་ཡེ་ཤེས་ཀྱི་ལྷ་མོ་བཞི་དང་སྒོམ་བཞིའོ ་མཚམས་ནི་གཤིན་རྗེ་བརྟན་མ་ལ་སོགས་པའོ། །འཁོར་ལོ་ལྟེ་བར་མཆོད་པ་བྱ་ཞེས་བྱ་བ་ནི་གཞལ་ཡས་ལང་གི་དབུས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བྱ་བ་ནི་ཐུགས་དང་གསུང་དང་སྐུའི་དཔའ་པོ ་ནག་པ་དང་དམར་པོ་དང་དཀར་པོ་སྟེ་ཞལ་གཅིག་བ་ཕྱག་བཞི་པ་རྡོ་རྗེ་དང་དྲིལ་བུ་ཅད་ཏེའུ་དང་ཁ་ཊཝཱཾ་ག་བསྣམས་པའོ། །སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད་ཅེས་བྱ་བ་ནི་དངོས་གྲུབ་ལེན་པའི་ཚེ་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་བ། ཉིས ་མེད་དཔའ་བོ་མཆོད་པར་བྱ་ཞེས་བྱའོ། །འདི་ནི་རྗེས་འཇུག་རྣལ་འབྱོར་བའི་དབང་དུ་མཛད་ནས་གཟུགས་བརྙན་བྲི་བ་གསུངས་པ་ཡིན་ནོ། །སྔོན་ནས་སངས་རྒྱས་ཀྱིས་སྤྲུལ་པའི་འཁོར་ལོས་སྐུའི་སྒོ་ནས་ཆོས་སྟོན་པར་མཛད་པའི་ཆེན་བྱང ་ཆུབ་སེམས་དཔའ་སའི་སྙིང་བོས་ཐོད་པའི་ཕྲེང་བའི་སངས་རྒྱས་ལྔ་ནི་འབྱུང་བ་ལྔའོ། །སྤྱི་གཙུག་གི་རྩ་ལྔ་དང་སྤྱན་གསུམ་གྱི་རྩ་གསུམ་དང་ཞལ་བཞི་ལྐོག་མའི་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་བཞི་དང། ཕྱག་བཅུ་གཉིས་ཀྱི་བཅུ་གཉིས ་དང། ཕྱག་དྲུག་གིས་དབང་པོ་དྲུག་གི་རྩ་དང། གཡས་བརྐྱང་བས་བཤང་གཅི་གཉིས་ཀྱི་རྩ་མཆོན་པས་མ་འོངས་པའི་རྣལ་འབྱོར་བས་རྩ་བའི་འཁོར་ལོ་བསྒོམ་མོ་ཞེས་སྟོན་པ་ཡིན་ནོ། །སྤྱན་རས་གཞིས་དབང་ཕྱག་གི་དབང་དུ་བྱས་ན ་ཐོད་པ་ལྡའི་སྤྱི་གཙུག་གི་འཁོར་ལོའི་རླུང་ལྔ་མཚན་པ་དང། སྤྱན་གསུམ་རླུང་གསུམ་དང། ཞལ་བཞི་ནི་ལྐོག་མའི་རླུང་བཞི་དང། ཕྱག་བཅུ་གཉིས་ཀྱིས་ལྐོག་མའི་རླུང་གཉིས་དང། ཕྱག་རྒྱ་དྲུག་ནི་དབང་པོ་དྲུག་གི་རླུང་དང། ཞབས་གཉིས ་ཀྱིས་བཤད་གཅིག་གཉིས་ཀྱི་རླུང་འགོག་པའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་དབང་དུ་བྱས་ན་ཐོད་པ་ལྔ་ནི་ཡེ་ཤེས་ལྔ་དང། ཞལ་བཞི་ནི་ཡེ་ཤེས་བཞི་དང། སྤྱན་གསུམ་རྣམ་པར་ཐར་པའི་སྒོ་གསུམ་དང། ཕྱག་བཅུ་གཉིས་ཕ ་རོལ་དུ་ཕྱིན་པ་བཅུ་གཉིས་དང། ཕྱག་དྲུག་ཕ་རོལ་དུ་ཕྱིན་པ་དྲུག་དང། །ཞབས་གཉིས་སྲིད་པ་དང་ཞི་བ་ལ་མི་གནས་པ་དང། སྟག་གི་པགས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་དང། མི་མགོ་ལྔ་བཅུ ་རྩ་གཅིག་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་རྣམ་པར་དག་པའོ། །དེ་སྐད་དུ་ཡང་ཁ་སྦྱོར་ལས་བཤད་པས་ཐེ་ཚོམ་མི་བྱའོ། །བུམ་པ་བཞི་ནི་ཡེ་ཤེས་བཞི་དང་སྟོང་པ་ཉིད་བཞི་དང། ཆོས་ཀྱི་དབྱིངས་ཀྱི་སྣང་བ་དང། སོ་སོར་རྟོག་པའི ་ཡེ་ཤེས་གསུངས་གི་འཁོར་ལོ་སྣང་བ་དང། མེ་ལོང་ལྟ་བུ་སྐུའི་འཁོར་ལོ་སྣང་བ་དང། ཕྲིན་ལས་ཀྱི་འཁོར་ལོ་བྱ་བ་ནན་ཏན་གྱི་འཁོར་ལོ་དང། རྩིག་པ་ལྔ་ཡེ་ཤེས་ལྔར་སྣང་བ་སྒོ་བཞི་བསམ་གཏན་བཞིར་སྣང་ཞིང་རྟ་བབས ་བཞིང་སྣང་བ་དང། དུར་ཁྲོད་བརྒྱད་ནི་སངས་རྒྱས་ཀྱི་ཞིང་ཁམས་བརྒྱད་དུ་སྣང་བ་དང། ཤིང་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང། ཀླུ་བརྒྱད་ཡོད་གྱི་བདག་པོ་བརྒྱད་དང། ཕྱོགས་སྐྱོང་བརྒྱད་རྣམ་པར་གཟིགས་ལ་སོཊ ་པའི་སངས་རྒྱས་བརྒྱད་དང། ཕོ་ཉ་བརྒྱད་ཉན་ཐོས་བརྒྱད་དང། སྤྲིན་བརྒྱད་མྱ་ངན་འདས་པའི་ཚུལ་སྟོན་པའི་རང་རྒྱལ་བ་བརྒྱད་དང། ཆག་པ་དང་མ་ཚིག་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་བརྒྱད་དེ། དེ་ལྟར ་རྣམ་པར་གཟིགས་ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བརྒྱད་ཀྱིས་མཛའ་བསྐོར་བའི་དབུས་ན་འཁོར་ལོ་བདེ་མཆོག་བཞུགས་པ་ནི་བསྟན་པའི་སྙིང་པོ་མངོན་སུམ་གྱི་ལམ་ཡིན་བས་ས ་བཅུ་གཅིག་པ་ལ་ཐམས་ཅད་ཀྱང་མངོན་སུམ་གྱི་ལམ་འཁོར་ལོ་བདེ་མཆོག་ཏུ་སངས་རྒྱས་སོ་ཞེས་བྱ་བའི་དོན་ཡིན་ནོ། །རྡོ་རྗེ་ར་བ་ནི་ཐེག་པའི་ཆོས་ཀྱིས་འཁོར་ལོ་བསྐོར་བ་དང། མེ་འོད་ནི་ཉོན་མོངས་པ་དང་ཤེ་བྱའི ་སྒྲིབ་པ་བསྲེ་གོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ལྷ་དགོད་པའི་ཆོ་ག་བསྟན་ནས་དཀྱིལ་འཁོར་བཏེག་ནས་སྟ་གོན་གྱི་ལྷ་དབབ་པ་དང་བསྲེས་ཏེ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་ལན་བདུན་སྐོར་བ་བྱས་ནུ་ལྷག་པ་དང་མ་ཚང་བ་བསྐང་བྱའོ། །ཞེས་བྱ་བ་ནི་ལྷག་མའོ། །ད་ནི ་བུམ་པ་བཞུག་པ་བྱ་བ་ཡིན། །དེ་ནས་བུམ་པ་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུམ་པའི་རྒྱུ་རིན་པོ་ཆེ་འམས་ལ་བྱས་པ་ཁ་གྱེད་པ་གསུས་པ་འདིར་བ་མགྲིན་པ་ཕྲ་བ་མཆུ་འཕྱང་བ་ཆོ་ག་བྱ་ཞེས་བྱ་བའི་དོན་ཏོ། །རྩ་བ་ལ་སོགས་ནགས་ནོག་མེད་ཅེས་བྱ། ་ནི་ལེག་པར་བཀྲུས་ནས་དྲིས་བྱུགས་པའོ། །མུ་ཏིག་གསེར་དང་རིན་ཆེན་དང། བྱི་རུ་དངུལ་དང་བཟངས་མ་སྟེ། ཞེས་བྱ་བ་ནི་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང་སྨན་ལྔ་དང་ལྡན་པའི་བུམ་པའི་སྟེང་དུ་བཟའ་བ་ཀུན་བཀང་བའོ། །སྣོད་ནི་སྟེང་དུ་བཞག་པར་བྱ། །ཞེས ་བྱ་བ་ནི་བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་ཐོད་པའི་སྟེང་དུ་བཞག་གོ། །མགྲིན་པ་སྲང་བུས་དཀྲིས་བ་དང་ཞེས་བྱ་བ་ནི་ཚོན་སྣ་ལྔའི་སྐུད་པ་བཏགས་པའོ། །ཁ་ནི་འདབ་མས་བརྒྱན་པར་བྱ། །ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པས་ཁ་བརྒྱན་པའོ། །གོས་ཟུང་གིས ་ནི་ལེགས་དཀྲིས་པ་ཞེས་བྱ་བ་ནི་བུམ་པ་བརྒྱད་ལ་ཐབས་དང་ཤེས་རབ་གོས་ཟུང་རེས་དཀྲིས་པའོ། །བརྒྱད་ནི་སྒོ་རུ་རྣམ་པར་དགོས་ཅེས་བྱ་བ་ནི་རྒྱལ་བ་དང་བཀྲ་ཤིས་དང་དངོས་གྲུབ་དང་རྒྱལ་བ་དང་རྣམ་པར་རྒྱལ་བ་དང་གྲུབ་པ་དང་བསྲུང་བ་བརྒྱད ་སྒོ་བཞི་དང་མཚམས་བཞིར་དགོད་པའི་གོས་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པ་དབུས་སུ་བཞག་ཅེས་བྱ་བ་ནི་གོས་དམར་པོ་དང་ནག་པོས་དཀྲི་བར་བྱའོ། །རྣམ་པར་རྒྱལ་པའི་བུམ་པའོ། །གསེར་རམ་དངུལ་ལམ་རིན་ཆེན་ནམ། །མི་ཏིག ་རྣམས་ཀྱིས་མཛེས་པར་བྱ་ཞེས་པ་ནི་བུམ་པ་རིན་པོ་ཆེ་རྣམས་ཀྱིས་ཕྲ་བཀོད་པ་དང་ལྡན་པའོ། །བུམ་པ་གཅིག་བུ་རིན་པོ་ཆེས་བྱ་འམ་ཞེ་ན། དཀྱིལ་འཁོར་ཀུན་དུ་རིན་ཆེན་དང། གསེར་རྣམས་ཀྱིས་ནི་ལེགས་པར་སྤྲས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི ་ལྷ་རྣམས་ཀྱི་མཚན་མ་ཡང་རིན་པོ་ཆེས་མཛེས་པར་བྱས་བའོ། །དེ་ལྟ་བུའི་འཁོར་ལོ་བདེ་མཆོག་གི་གྲོང་ཁྱེར་མཆོག་ཡིད་དུ་འོང་བ་བུམ་པས་མཆོད་ན་དངོས་གྲུབ་ཏུ་གྱུར་པ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་བུཾ་བ་བཤད་ནས་ད་ནི་མཆོད་པའི་རྫས་དྲིན་གྱིས ་བརླབ་པ་ནི་བདག་ཉིད་ཀུན་ནས་སྒོའི་དྲིའི་ཆུ་ཡིས་ལེགས་པར་གདབ་ཅེས་བྱ་བ་ནི་ཧཱུཾ་མཛད་ཞལ་བཞི་པའི་སྔགས་ནི་ཀུན་ནས་སྒོ་སྟེ་ངེས་མཆོད་པ་རྣམས་བསངས་བར་བྱའོ། །གལ་ཏེ་དངོས་གྲུབ་འདོད་པས་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་ཆབ་དང་མར་མེ ་བརྒྱ་ནི་དབུལ་བར་བྱ་ཞེས་བྱ་བ་ནི་དབང་པོ་ལྔའི་ཤའི་སྣོད་བརྒྱ་ལྷ་མོར་བསྐྱེད་ཅིང་དབུལ་བའོ། །དེ་ལྟར་བསགས་ཤིང་བྱིན་གྱིས་བརླབས་ནས་ཐོད་ཕྲེང་གི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྦྱན་དྲངས་ལ་བར་སྣང་དུ་བྱོན་པ་ལ་མཁའ་འགྲོ ་མའི་སྙིང་པོ་རྡོ་རྗེ་མཁའ་འགྲོ་ནས་འབྱུང་བའི་མཚན་བརྒྱ་རྩ་བརྒྱད་པས་སྟོད་ཅིང་མཁའ་འགྲོ་རྒྱུད་ནས་འབྱུང་བ་བཞིན་དུ་མཆོད་ཡོན་དབུལ་བར་བྱའོ། །སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་ཐུགས་ཀྱི་འཁོར་སྟེང་མཁའ་སྤྱོད་ཀྱི་གནས་སུ་བཞུགས་པ་དང ་ས་སྟེང་གི་མཁའ་འགྲོ་མ་གསུང་ལ་བཞུགས་པ་དང། མ་མོ་བཅུ་གཉིས་ཕྱོགས་དང་མཚམས་སུ་བཞུགས་པའོ། །དེ་ནས་དབང་བསྐུར་བའི་གསོལ་བ་བཏབ་ལ་མེ་ལོང་གི་ངོས་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ་སྐུ་ཁྲུས་གསོལ་ཞིང་བདག ་ལ་དབང་བསྐུར་བར་བྱའོ། །དེ་ནས་དཀྱིལ་འཁོར་མཆོད་པར་བྱ་བ་ནི། གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་ལ་སོགས་པ་གྲངས་བརྒྱ་སྙེད་ཀྱིས་དཔལ་ལྡན་ཁྲག་འཐུང་གི་དཀྱིལ་འཁོར་གྱི་དཔའ་བོ་དང ་དཔའ་མོ་དྲུག་ཅུ་རྩ་གཉིས་ལ་མཆོད་པར་བྱའོ། །དེ་ནས་བསོད་ནམས་ཀྱི་རྗེས་གཟུགས་སྡུག་གུ་དང་སྒྲ་སྙན་པ་ལ་སོགས་པ་རོ་དང་རེག་བྱ་འབུལ་བར་བྱ་བ་ལས་ཐ་མར་རེག་བྱ་བཤད་པ་ནི། །རྒྱལ་མཚན་དམར་དང་དེ་བཞིན་སེར་ཞེས་བྱ་བ ་ ་བརྡུབས་ན་གསང་བའི་རྡོ་རྗེའི་ལམ་ནས་ཕྱང་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་བཞག་གོ་།དེའི་ལག་པར་ཛ(རྒྱུད་འགྲེལ་དང་པོར་གདབ་པར་བྱའོ། །སློབ་དཔོན་བྱང་དུ་བལྟས་ཏེ་ཚངས་པའི་ཐིག་གཉིས་པ་གང་བ་བར་བྱའོ། །སློབ་དཔོན་མེད་རུ་གནས་ནས་བྱང་དུ་བལྟས་ཏེ་ཤར་གྱི་ཐིག་གདབ་པར་བྱའོ། །སློབ་དཔོན་ནུབ་ཏུ་གནས་ནས་ལྷོ་རབ་ལྟས་ཏེ་ནུབ་པ་ཕྱོགས་ཀྱི་ཐིག་གདབ་པར ་བྱའོ། །ཡང་བསྐོར་ནས་དེ་ཉིད་དུ་འདུག་ལ་ཤར་དུ་བལྟས་ནས་བྱང་དུ་ཐིག་གདབ་པར་བྱའོ། །མེའི་ཕྱོགས་སུ་འདུག་སྟེ་ནུབ་ཏུ་བལྟས་ཏེ་ལོའི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཁ་ཁྱེར་དང་མཚམས་ཀྱི་ཐིག་གདབ་པར་བྱའི། །ཚངས་པའི་ཐིག་ནས་བརྩམས ་ཏེ་ཆ་བཅུ་བདུན་པ་བཉཅ་རཱ་གའི་ཐིག་དང། ཉི་ཤུ་པ་ལ་སྒོ་འགྲམ་གྱི་རྩིག་པ་དང། རྩ་གསུམ་པ་ལ་ལ་ཕུབས་ཀྱི་རྩིག་པ་དང། རྩ་བཞི་པ་ལ་བཅུ་གཅིག་རྡོ་རྗེ་དང་སུམ་ཅུ་རྩ་གཉིས་ཀྱི་བར་གྱིས་རྟ་བབས་གདུགས་དང་བཅས་པ་རྫོགས་པར་བྱའོ། །སྒོ་འཁོར ་ལོའི་བརྒྱད་ཆལ་སྒོའི་དབུས་ནས་བརྩམས་ནས་གསུམ་པ་དང་ལྔ་བ་ལ་སྒོ་ཁྱུད་དང་ལོགས་ཀྱི་རྩིག་བ་བྱའོ། །དེ་ལྟར་ཟུང་བཞི་པའི་ཐིག་རྫོགས་ནས་བདུད་རྩི་འཁྱིལ་བའི་ཕུར་བུ་སྟོང་ཁྲོ་བོ་ལ་སྨད་རྡོ་རྗེ་རྩེ་གཅིག་པ་དབུས་སུ་བཏང་ལ་དེ་ལ་སྲད་བུ ་ཉིས་ལྟར་ཏུ་བཏགས་ནས་ཚངས་པའི་ཐིག་ནས་བརྩམས་ཏེ་ཆ་གསུམ་ནི་པདྨ་ཆ་གཅིག་ནི་གྲི་གྲུག་གམ་རིན་པོ་ཆས་བསྐོར་བའོ། །དེའི་བྱི་རོལ་དུ་ཆ་གསུམ་ནི་འཁོར་ལོ་ཆ་གཅིག་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་ཆ་གསུམ ་ནི་པདྨས་བསྐོར་ལ། དེའི་ཕྱིར་རོལ་དུ་སྐུའི་འཁོར་ལོ་ཆ་གསུམ་ནི་འཁོར་ལོའི་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ར་བ་མེ་འོད་རིམ་པ་གཉིས་ཐམས་ཅད་ཀྱི་མཐེའ་ནས་བསྐོར་བར་བྱའོ། །དེ་ལྟར་ཐིག་བཏབ་ནས་བར་ཆད་ཀྱི་བགེགས་བཟློག་པའི ་ཕྱིར་ཕྱོགས་སྐྱོང་ལ་ཕུར་བུས་བཏབ་ལ་ཚོན་དགྱེ་བར་བྱའོ། །ཡོད་ཅིང་འབྱོར་ན་གསེར་ལ་སོགས་པའི་རིན་པོ་ཆེ་ལམ་ཡང་ན་བསྲེས་པ་འམ་ཚོན་རྩི་ལས་བྱས་པ་དུར་ཁྲོད་དུ་རུས་པའི་ཕྱེ་མ་ལ་དཀར་པོའོ། །ཐལ་བ་ལས་ནག་པོ་དང་སོ་ཕག་ཆོས་པ་དང་མ ་ཚོས་བ་ལས་དམར་པོ་དང་སེར་པོ་མི་རུས་དང་བསྲེས་པའི་ལྗང་གུ་ལ་རིགས་ལྔའི་ས་བོན་བཀོད་ནས་ལྟར་བསྐྱེ་དེ་ཡེ་ཤེས་སེམས་དཔའ་བཅུག་སྟེ་མཆོད་པ་ལྔས་མཆོད་དེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཡི་གེ་ཧྲཱི(རྒྱུད་འགྲེལ་བཅས་པས་གཟི་བརྗིད་སྐྱེད་པར་བྱའོ། །དེ་ནས་ཐོག་མར་སློབ་དཔོན་གྱིས་སྒོ་རྣམས་ཕྱེ་ལ་འཁོར་ལོ་བྲིས་ནས་དབུས་ཀྱི་ཕུང་བུ་བུ་ག་བཀར་ལ་དབང་ལྡན་གྱི་མཚམས་སུ་ཆོ་ན་གྱི་པྲ་བརྟགས་ནས་སློབ་མས་ཀྱང་ཅི་བདེ་བར་བྲི་བར་བྱའོ། །སྔར་བཤད་པ་བཞིན་དུ་འཁོད ་ལོ་ལྔ་བཀོད་ལ་ལྷའི་ཡིག་འབྲུ་འམ་ཕྱག་མཚན་ནམ་སྐུ་ཕྱག་རྒྱ་ཆེན་པོར་བཀོད་དེ་ཚོན་སྣ་ལྔའི་རས་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོའི་རིམ་པར་བྲིས་ལ་འདོད་ཡོན་གྱི་ས་དམར་པོའོ། །རིན་ཆེན་བ་གུ་དཀར་པོའོ། །དྲ་བ་དྲ་ཕྱེད་ཀྱིས ་ནག་པོ། །ཤར་དུ་རྟུ་བབས་རྡོ་རྗེས་མཚན་པ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ་ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་མཚོན་པའི་རྟ་བབས་བྲི་བར་བྱའོ། །དེའི་ལོགས་བརྒྱད་དུ་སྟར་བསྟན་པ་བཞིན་དུ་དུར་ཁྲོད་བརྒྱད་བྲི་བར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་དཀྱིལ་འཁོར་གྱི་ས་གཞི ་ཀུན་དུ་དྲི་ཉེ་བར་བྱུགས་ལ་བུམ་པ་ལ་སོགས་པའི་རྫས་ཐམས་ཅད་བསགས་ཏེ། ཕུར་བུ་དང་མདའ་ལ་སོགས་པའི་བསྲུང་བའི་རྫས་རྣམས་ཀྱང་བྲིས་ཏེ། རྡོ་རྗེ་སློབ་བའི་ཕྱག་རྒྱས་དཀྱིལ་འཁོར་སོགས་ལ་སོ་སོའི་སྙིང་པོས་ལྟ་རྣམས་བབ་སྟེ། དཀྱིལ་འཁོར་བུ ་ཞུགས་ནས་དེ་བཞིན་གཤེགས་པ་ལ་ཕྱག་བྱ་ཞིང་ཁྲོ་བོའི་བསྟོད་པས་བསྟོང་དེ། བདུད་རྩི་འཁྲིལ་བའི་སྔགས་ཀྱིས་བགེགས་བསལ་ནས་ལྷག་པ་དང་མཚང་བ་སྐང་པའི་ཕྱིར་ཡིག་བདུན་པ་ལཟོས་ཤིང་སན་བདུན་སྐོར་བ་བྱས་ལ། སྔར་བ་སྐད་བཤད་པ་བཞིན་དུག་ན ་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང། །བྱིན་གྱིས་བརླབས་དང་དབང་བསྐུར་དང། ཏིང་ངེ་འཛིན་མཆོད་པ་ཞེས་བྱ་བའི་བར་དུ་བྱས་ལ། མཆོད་པ་རྒྱས་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་སྦྱིན་སྲེགས་གཏོར ་མ་ཡང་བྱའོ། །རྒྱས་པར་ནི་ཡིད་འོང་ཕྲེང་བར་བལྟ་བར་བྱའོ། །ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སློབ་དཔོན་གྱིས་ལས་རྣམས་རྫོགས་ནས། །དེ་ནི་སློབ་མ་འཇུག་པ་དང། དབང་བསྐུར་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་སྒྲུབ ་བོས་དངོང་ཀུན་གྱིས། །ཞེས་བྱ་བ་ནི་སྒྲུབ་པ་པོ་ནི་ལྷག་པ་གནས་པར་བྱས་པའི་སློབ་མའོ། །དངོས་ཀུན་གྱིས་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའོ། །དང་པོར་སློབ་དཔོན་མཉེས་པར་བྱ་ཞེས་བྱ་བ་ནི་སློབ་དཔོན་དང་སྒྲུབ་པའི་གྲོགས་པོ་ལ་འདོད་པའི་ཡིན ་ཏན་ལྔས་ཚོགས་ཀྱི་འཁོར་ལོ་བྱའོ། །གྲུབ་འདོང་ཤིན་ཏུ་མཉམ་གཞག་པས། །ཞེས་བྱ་བ་ནི་སློབ་མ་སེམས་རྩེ་གཅིག་པ་དང་བཅས་པའོ། །ཅི་ནུས་པས་ནི་བླ་མ་མཆོད། །ཅེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔས་ཅི་འབྱོར་པའི་ཚོགས་ཀྱིས་མཆོད་པར་བྱའོ། ། ་དེ་ལྟར་ཐོག་མར་སློབ་དཔོན་མཉེས་པར་བྱས་ནས་སློབ་དཔོན་གྱིས་སྒྲུབ་པའི་ཆོ་ག་བྱ་བ་ཡིན་ཏེ། དཀྱིལ་འཁོར་བྲིས་པའི་ནུ་མོ་དེ་ཉིད་གཟུགས་རྡོ་རྗེ་མ་དང། སྒྲ་རྡོ་རྗེ་མ་དང་དྲི་དང་རོ་དང། རེག་བྱ་རྡོ་རྗེ་མ་རྣམས་ཀྱི་དཀྱིལ་འཁོར་མཆེད་པར་བྱས་ནས ་སློབ་མ་དབང་སྐུར་བར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཞེས་བྱ་བ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པའི་གཟུགས་ཀྱི་མཆོད་པ་བྱ་བ་འམ། ཡང་ན་སྔ་དེ་ཉིད་སློབ་དཔོན་གྱི་ལས་ན་ཕྱི་དེ་ཉིན་སློབ་མ་འཇུག་པར ་སློབ་མ་དབང་བསྐུར་བར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཞེས་བྱ་བ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔའི་གཟུགས་ཀྱི་མཆོད་པ་བྱ་བའམ། ཡང་ན་སྔ་དེ་ཉིད་སློབ་དཔོན་གྱིས་ལས་ནས་ཕྱི་དེ་ཉིད་སློབ་མ་འཇུག་པར ་འདོད་པས་གོས་དང་ཕྱག་རྒྱ་ལྔ་ལ་སོགས་ཤེས་རབ་ཡན་ལག་ཕུར་བུ་དྲ་བ་ཞེས་བྱ་བ་གསུངས་པས། ཤེས་རབ་ཀྱི་ཡན་ལག་དང་བཅས་པ་བསྒྲུབ་པར་བྱ་སྟེ། བཅུ་གཉིས་མ་དང་བཅུ་དྲུག་མ་དང། ཉི་ཤུ་མའི་ལས་ཀྱི་ཕྱག་རྒྱ་དང་བཅས་པས ་ཚད་མེད་པ་དང། བྱིན་གྱིས་བརླབས་པ་དང། བསྲུང་བ་དང་སྟོད་པ་ཉིད་ཀྱི་རྣལ་འབྱོར་དང་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་བསྒོམས་ལ་སློབ་མ་དབང་བསྐུར་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་ཞེས་བྱ་བ་སྟེ་དགེ ་གཉེན་གྱི་སྡོམ་པ་དང། །བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་བྱིན་ནས་སྔགས་ཀྱི་ལྟར་བསྐྱེད་པ་ནི་སྦྱངས་པའི་ལུས་ལྷ་མོ་བཅུ་དྲུག་གི་གནས་སུ་དྲིའི་ཐིག་ལེ་བྱས་ཏེ། མེ་ཏོག་སུམ་ཅུ་རྩ་དྲུག་བཀོད་ལ་སྤོས་ཀྱི་བདུགས་ཤིང ་ལུས་ཀྱི་འཁོར་ལོའི་ལྷ་ཡིས་བརྒྱན་པར་བྱའོ། །ཤིན་ཏུ་སྒྲ་སྙན་ཞེས་བྱ་བ་ནི་ལོ་བཅུ་དྲུག་མ་སྟེ་གཟུགས་ཡིད་དུ་འོད་བ་སྒྲ་སྙན་པ་དྲི་ཞིམ་པོ་དང་རོ་དང་རེག་བྱ་ཡིད་དུ་འོང་བ་དང་ལྡན་པས་ཉེ་བར་མཚོན་པས་ན་སྒྲ་སྙན་ཞེས་བྱའོ། །དྲིལ་བུ་དཀྲོལ་ཞེས ་བྱ་བ་ནི་ཨ་བདྷཱུ་ཏEའི་ཆའི?་མིང་ཡིན་ནོ། །སྒྲུབ་པ་པོ་ཡིས་རྡ་བརྡུང་ཞིང། ཞེས་བྱ་བ་ནི་ཉི་ཤུ་མ་ལྟ་ལོགས་སྤྱོད་པའི་གཞིར་གྱུར་པའི། །དེ་རྣམས་དང་བསམ་གཏན་གྱི་བདེ་བ་དང་ཟག་མེད་ཀྱི་བདེ་བ་སྐྱེ་བར་བྱའོ། །བྱིང་རྨུགས་དང་རྒོད་པ་བྱུང་ན ་གཉེན་པོས་བཟློག་པ་བཞིན་དུ་དགའ་བྲལ་དུ་གྱུར་ན། ཧ་ཧ་ཞེས་ནི་བརྗོད་པར་བྱ། །ཞེས་བྱེ་བ་སྟེ་རླུང་གི་འཁྲུལ་འཁོར་གྱིས་གྱེན་དུ་བཟློག་པའི་ཐབས་ཡིན་ནོ། །དེ་ནས་ཆོ་ག་བཞིན་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་ཟིན་པའི་རྫས་ལ ་སློབ་མ་འཇུག་པའི་ཆོ་ག་བསྟན་པ་ནི་དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། ཆོ་ག་བཞིན་དུ་ལྷ་དྲུག་ཅུ་རྩ་གཉིས་བསྒོམ་པའོ། །དཀྱིལ་འཁོར་ལ་འདོད་པའི་ཡོན་ཏན་ཀུན་དང་ལྡན་བས་དཀྱིལ་འཁོར་ལ་མཆོད་པར་བྱའོ། ། ་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ནང་ན་གནས་བཞིན་དུ་ལས་ཀྱི་སློབ་དཔོན་གྱིས་སློབ་མ་ཡོལ་བའི་རྒྱབ་ཏུ་ཡི་གེ་བདུན་པ་བཟླས་པའི་སྨད་གཡོགས་དང། ཧཱུཾ་མཛད་བཟླས་པའི་སྟོད་གཡོགས་དང། རྡོ་རྗེ་གཙུག་ཏོར་བཟླས་པའི་ཟེ་ཀ ་བཅིངས་ལ་སྙིམ་པ་མེ་ཏོག་གིས་བཀང་ནས་ཡོལ་བའི་ནང་དུ་བཅུག་སྟེ་ཀ་སྟཾ་བྷོ་ཞེས་དྲི་བར་བྱའོ། །སློབ་མས་སྐམ་བ་དང་ལྡན་པ་བདག་ལ་གསོ་ཞེས་བརྗོད་པར་བྱའོ། །དེ་ནས་བདུན་རྣམ་པར་དོག་པ་བྱས་ལ་སྡོམ་པ་བཐུང་ནས་སྙིང ་གར་རྡོ་རྗེ་བཞག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དཔའ་པོ་གཅིག་པུའི་ལྟར་བསྐྱེད་ནས་མཆོད་དེ་ཕྱི་རོལ་གྱི་བུམ་པའི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་སྐོར་བ་བྱས་ནས་ཀྱང། །ཞེས་པས་ནང་གི་འཇུག་པ་སྟོན་ཏེ་ལག་ན་རྡོ་རྗེ་ཐོགས་པའི་སློབ་མས་ཀ ་ཀཱ་སྱེ་ཧཱུཾ་ཛ(རྒྱུད་འགྲེལ་ཀྱི་སྒོ་ནས་ཨོཾ་སུ་ཀ་རཱ་སྱེ་ཧོ(རྒྱུད་འགྲེལ་པ་དང་སློབ་དཔོན་གྱི་དམ་ཏིག་བསྒྲགས་པ་ནི་ཀྱང་ཞེས་བྱ་བའི་དོན་ཡིན་ནོ། །དེའི་རྗེས་ལ་ཡེ་ཤེས་དབབ་པ་ནི། །སློབ་དཔོན་ཤིན་ཏུ་མཉམ་གཞག་པས་ཞེས་བྱ་བ་སྨོས་ཏེ། སློབ་དཔོན་ཤིན་དུ་སེམས་རྩེ་གཅིག་པས་སྒོ་དབྱེ་བའི་ཕྱག་རྒྱས་སློབ་མའི་སྙིང་ག ་དང་རང་གི་སྙིང་ག་ཕྱེས་ན་སྲང་གི་སྙིང་གའི་ཟག་པ་མེད་པའི་རྡོ་རྗེ་བསློབ་མའི་སྙིང་གར་བཅུག་ལ། ལུས་ཀྱི་འཁྲུལ་འཁོར་དང་ངག་དང་སེམས་ཀྱི་འཁྲུལ་འཁོར་དང། རྫས་ཀྱི་འཁྲུལ་ལ་འཁོར་གྱིས་དབབ་པར་བྱའོ། །མ་བབས་ན་དབང་བསྐུར་བར་མི་བྱའོ། ། ་གྲོང་ཁྱེར་དམ་པ་དེར་གཞུག་བྱ། ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་ཡེ་ཤེས་ཀྱི་ལྷ་དེ་མཐོང་བར་གཞུག་པའོ། །ཡེ་ཤེས་བབས་ནས་སྤྲུལ་པའི་དཀྱིལ་འཁོར་དམ་པ་མཐོང་བར་གྱུར་པ་ཡིན་ནོ། །དེ་ལྟར་གསང་པའི་དཀྱིལ་འཁོར་དུ་འདུག་པ་སྟོན་པ་ནི། །ལྷོའི་ཕྱོགས་སུ ་བསྟེན་ནས་སུ། །ཞེས་བྱ་བ་ནི་སློབ་དཔོན་གྱི་གཡོན་ངོས་ནས་འཇུག་པ་ཡིན་ནོ། །དེ་ལ་སྙིང་པ་མེ་ཏོག་དོར་ཞེས་བྱ་བ་ནི་པྲ་ཏཱིཙྪ་ཧོ་ཞེས་བྱ་བས་དོར་བར་བྱའོ། །གང་གི་སྟེང་དུ་བབས་བ་དེ་བླངས་ལ་པྲ་ཏི་གྲི་ཧྣ་སྟཝམ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་བཅིངས་བར་བྱའོ། །དེ་ནས ་གདོང་གཡོགས་བཀྲོལ་ཞིང་དེ་ལ་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྟན་པར་བྱའོ། །དེ་ལྟར་ཕྱིའི་འཇུག་པ་ལྔ་དང་ནང་གི་འཇུག་པ་བརྒྱད་བྱས་ནས་དེའི་རྗེས་ལ་དབང་བསྐུར་བར་བྱའོ། །དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་པར་བཞག་སྟེ་ཕྱག་རྒྱ་མཆོད ་ཅེས་པ་ནི་ཨོཾ་སརྦ་ཐ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ་ཉ་ཧཾ་ཞེས་བྱ་བས་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་བསྒོམས་ཏེ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སློབ་མའི་ཁ་ནས་བཅུ་གནས་སློབ་མ་ཡུམ་གྱི་མཁའ་གསང་ནས་བཏོན་ནས་དཔའ་བོ་གཅིག ་བུ་ཡང་ཡུམ་དུ་བསྐྱེད་དེ་ཡེ་ཤེས་སེམས་དཔའ་བཅུག་ནས་གོ་ཆ་བསྐོན་ནས་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་རྡོ་རྗེ་བརྟུལ་ཞུགས་དང་སྔཊ་ཀྱི་བརྟུལ་ཞུཌ་ངང་མཆོད་པའི་ལྔའི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་སློབ་མ་ཕྱིར་མི་སྡོག་པའི་དབང་བསྐུར ་བར་བྱའོ། །གསོལ་བ་འདེབས་སུ་བཅུག་ལ། །རྡོ་རྗེ་སློབ་དཔོན་སྨོད་པ་དང། ཞེས་བྱ་བ་བཅུ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་བྱིན་ནས་སེངྒེ་ལི་ཁྲི་ལ་བཞུགས་ཏེ། ལྟ་དྲུག་ཅུ་རྩ་གཉིས་ལུས་ལ་བསྐྱེད་དེ་ཡེ་ཤེས་སེམས་དཔའ་བཅུག་པ་དང་གོ་ཆེ ་བསྐོན་ལ་ཕྱིར་མི་ལྡོག་པའི་རྣམ་པར་རྒྱལ་བའི་བུམ་པས་སྔ་མ་བཞིན་དུ་ཆུ་དང་ཅོད་པན་དང་རྡོ་རྗེ་དང། བདག་པོ་དང་མིང་དབྱེ་བ་སྤངས་པ་དང་མེ་ལོང་བསྟན་པ་དང་ཡེ་ཤེས་དང་མདའ་གཞུ་གཏད་པས་སྤྲུལ་སྐུ་འགྱེད་པའི་སྐུ་དང་དྲིལ ་བུ་གསུང་དང། མེ་ལོངས་བསྟན་པས་ཐུགས་དང། རྒྱུད་ཐམས་ཅད་ཀྱི་རྗེས་སུ་གནང་བ་ནམ་པ་ལྔ་དང། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བརྟུལ་ཞུགས་དང། ལུང་བསྟན་པ་དང། གཟེངས་བསྟོད་པ་དང། དབུགས་དབྱུང་བ་དང། རྗེས་སུ་གནང་བ་དང། ཡན་ལག? ་བཅུ་དང་ལྡན་པ་སྟེ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བུམ་པའི་དབང་བསྐུར་བ་ནི་མཉམ་པ་བཞག་པ་སྟེ། ཕྱག་རྒྱ་ཆེར་ཞེས་བྱ་བ་ནི་མདོར་བཤད་པ་ཡིན་ནོ། །ད་ནི་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ་ནི། དེ་ནས ་བླ་མ་ཕྱི་དེ་ཉིན། ཞེས་བྱ་བ་སྨོས་ཏེ་རྡུལ་ཚོན་གྱི་ལྷ་གཤེགས་སུ་གསོལ་ནས་ཚོགས་ཀྱི་འཁོར་ལོ་ལ་དབྱེ་སྟེ། གསང་བའི་དབང་བསྐུར་བའི་གསོལ་བ་སློབ་མས་བཏབ་ནས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། ཞེས་བྱ་བའི་སྡོམ་པ་བཞི ་ཕོག་ནས་རྒྱད་ཀྱི་རིམ་པ་དང་སྔགས་ཀྱི་རིམ་པ་དང་ཡེ་ཤེས་ཀྱི་རིམ་པ་སྒོམ་དུ་བཅུག་ནས། །མཚལ་ཆེན་ལན་གསུཾ་བཟླས་པ་ཡི། །དེ་ལ་ཐིག་ལེ་བྱ་བ་ཡིན། །ཞེས་བྱ་བ་ནི་གནས་གསུམ་དུ་བདུད་རྩི་ལྔའི་དྲིའི་ཐིག་ལེ་བྱས་ལ། །མཚན་ཆེན་དང ་ལྡན་པའི་བྱང་ཆུབ་ཀྱི་སེམས་སློབ་མས་རྡོ་རྗེའི་རྩེ་མོ་ལས་སམ་པདྨའི་རྩེ་མོ་ལས་སམ་སྲིན་ལག་གིས་སམ་དུང་ཆོས་ལས་བླང་བར་བྱའོ། །སློབ་དཔོན་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་ནས་ཞུ་བའི་ཐིག་ལེ་སློབ་མའི་ལྕེ་ལ་ཕབ་ནས་རྡོ་རྗེ ་མ་ལ་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྐྱེད་པས་བསམ་གཏན་གྱི་སྡོམ་པ་དང། བཞི་པའི་རིའི་སྟོང་པ་ཉིད་ཤེས་པས་ཟག་པ་མིང་པའི་སྡོམ་པ་བསྐྱེད་ནས་ངོ་མཚར་བདེ་བ་ཆེ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་གཞུག་།དེ་ནས་དེའི་ཕྱིར་དེའི ་ཚོགས་ཀྱི་འཁོར་ལོ་བྱས་ལ་དཀྱིལ་འཁོར་བྷ་ག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ། །ཕ་མའི་ཐབས་དང་ཤེས་རབ་ལས་སྒྱུ་མ་ལྟ་བུའི་ལྷར་བསྐྱེད་པས་ཟླ་བ་བཅུ་ས་བཅུ་དང། ཨ་ཧོ་འདོན་པ་སྔགས་དང། བྲུ་མ་ཆོས་གོས་དང ་ཐལ་མོ་སྦྱར་བའི་ཕྱག་རྒྱ་དང། རྒྱུ་རྐྱེན་གྱི་ཚོགས་པ་ལས་ལྷར་བསྐྱེད་དོ། །ཞེས་མེ་ལོང་གི་གཟུགས་རྙས?་ན་བསྟན་ནས་ཤེས་རབ་ཀྱི་དབང་བསྐུར་བའི་གསོལ་བ་འདེབས་སུ་བཅུག་ལ། བླ་མ་དང་ཤེས་རབ་ཀྱི་ཞབས་ལ་ཕྱག་འཚལ་ནས་སྡོམ་པ ་བརྒྱད་མནོས་ཏེ། དེ་ཡང་བསྙེན་སྒྲུབ་བཞིས་སྦྱངས་པའི་རྫས་དང་མེ་ཏོག་གི་ཐིག་ལེས་བརྒྱན་པའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཆེད་དུ་གཏད་ལ་འབྱུང་བ་བཞིའི་དབུས་མ་ནམ་མཁའ་ཨི་རྩ་དང་རེག་པར་གྱུར་པ་རེག་བྱ་སྟོང་པ་ཉིད་ཀྱི་ཏིང་ངེ ་འཛིན་རྟོགས་པ་ནི་གདོང་ཕྱེད་དཀྱིལ་འཁོར་བསྟན་ཞེས་བྱ་བ་ཡིན་ནོ། །གང་གི་ལྷ་གནས་གང་ཡིན་པ། ཞེས་བྱ་བ་ནི་བདེ་བ་སྟོང་ཉིད་ཟག་མེད་ནི་ལྷ་ཡིན་ལ། །དེའི་གནས་ནི་དུང་ཅན་མ་དང་པདྨ་ཅན་ནོ། །དེར་དེ་ཡང་དག་བསྟན་པར་བྱ། ཞེས་བྱ་བ་ནི་སློབ་མ་དེ་བར ་བ་སྟོད་པ་ཉིད་ཀྱི་ཚོགས་པ་དེ་སློབ་དཔོན་གྱི་མངོན་སུམ་གྱི་གཞན་དོན་གྱི་མན་ངག་གིས་སློབ་མ་ལ་ངེས་པ་སྐྱེས་པ་ནི་ཡང་དག་པར་བསྟན་པའོ། །སློབ་མས་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ལ་ཞི་གནས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ནས་ལྷག་མཐོང་སྟོང་པ་ཉིད ་བརྒྱད་ཁྲི་བཞི་སྟོང་གི་མངོན་སུམ་གྱི་ལམ་སྟོན་ཅིང་ཞེས་བརྗོད་དུ་གནང་བ་སྦྱིན་པར་བྱའོ། །དེ་ནས་ཉི་མ་འཆར་ཀང་སློབ་དཔོན་ལ་ཡོན་དབུལ་བར་བྱའོ། །དེ་ནས་ཕྱག་འཚལ་བ་དང་སྐོར་བ་བྱས་ལ་དཀྱིལ་འཁོར་བྷ་ག་དང་བླ་མ་སློབ་དཔོན་ལ ་སྔགས་དང་བྱེའི?་ཆོ་གས་ཕྱག་བྱའོ། །དེ་ནས་བླ་མ་དག་ལ་ཡོན། །ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་ངེས་པར་བྱ་བ་ནི། །སྒྲུབ་པ་པོ་ཡིས་རབ་མཉེས་བྱ་ཞེས་པ་དབང་བསྐུར་བ་ངེས་པར་མཐོང་བའི་རྗེས་ཐོགས་ལ་ངེས་པར་ཡོན་དབུལ་བར་བྱའོ ་དེ་ནས་དབང་བསྐུར་བའི་ཕན་ཡོན་བསྟན་པ་ནི། དེ་ནས་དེ་ལ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་དང། མཁའ་འགྲོ་མ་ལ་སོགས་པ་ཡེ་ཤེས་ཀྱི་ལྟ་མོ་བཞི་དང། སྒྲུབ་པ་པོ་ལྷན་ཅིག་ཏུ ་དགའ་བ་བཞིའི་ཏིང་ངེ་འཛིན་སྤྱོད་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཕན་ཡོན་གཉིས་པ་ནི་དབང་བསྐུར་བ་ཁྱད་པར་ཅན་འདི་གྲུབ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བར་ཆད་གྱ་བར་མི་བཟློག་ཤིང་མི་སྣང་བ་དང། ས ་འོག་ཏུ་འགྲོ་བ་དང་ནམ་མཁའ་ལ་རྒྱུ་བ་དང་རྐང་མགྱོགས་དང་བཅུད་ལེན་ལ་སོགས་པ་རྣལ་འབྱོར་བ་ཙམ་གྱིས་དུས་ཐམས་ཅད་དུ་བསྐྱོད་པར་མི་ནུས་སོ། །ཕན་ཡོན་གསུམ་པ་ནི་གཟུགས་སུ་མ་ཕྱེ་བ་དང། ནམ་མཁའ་ལ་སོང་ནས་མཁའ་འགྲོ་མ ་རྣམས་ལ་བཀའ་སྒོ་ཞིང་ཆད་པས་བཅད་པ་དང། ཕན་འདོད་དག་ཀྱང་བལྟས་པ་ཙམ་གྱིས་སྐད་ཅིག་གིས་སྐྱེད་པར་བྱེད་དོ། །གལ་ཏེ་དབང་མ་ཐོབ་ན་དེ་ཅི་ཞིག་ཏུ་འགྱུར་ཞེ་ན། སྔགས་པས་དཀྱིལ་འཁོར་མ་མཐོང་བ་ཞེས་བྱ་བ་སྨོས་ཏེ། དཔང་མ་ཐོབ ་བཞིན་དུ་བསྒོམ་བཟླས་བྱས་ཀྱང་གྲུབ་པར་མི་འགྱུར་བའི་དཔེ་གསུངས་པ་ནི། སྒྲ་སྙན་པ་མྱུར་དུ་རེ་བས་ནམ་མཁའ་ལ་ཁུ་ཚུར་བརྡེག་པ་དང་སྨིག་རྒྱུའི་ཆུ་འབྱུང་བ་བཞིན་ནོ། །རྒྱུད་ཐམས་ཅད་ལས་ཁྱད་པར་འགྱུར་བར་བསྟན་པ་ནི། རྣལ་འབྱོར་འདི་ནི ་མཆོག་རབ་དང། ཞེས་བྱ་བ་གསུངས་ཏེ། འཁོར་ལོ་བདེ་མཆོག་ཏུ་དབང་ཐོབ་ན་རྒྱུད་སྡེ་བཞིའི་སློབ་དཔོན་དུ་གྱུར་པ་དང། རྒྱུད་སྡེ་བཞིའི་དངོས་གྲུབ་ཏུ་རུང་བ་ཡིན་ཏེ། དེ་ཡང་ལྷ་ལ་སོགས་པ་དྲག་པོ་འཇིགས་བྱེད་ཉི་ཤུ་རྩ་བཞི་ཟིལ་གྱིས་གནོན་པས་རྒོད ་པ་དང་བལྟ་བ་དང་ལག་བཅངས་དང་འཁྱུད་པ་ལ་སོགས་པ་ནི་འདིར་དབང་བསྐུར་བར་གྱུར་པས་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །གཞན་དུ་དབང་བསྐུར་བས་བདེ་མཆོག་གི་སློབ་དཔོན་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། མངོན་སུམ་གྱི་ལམ་སྟོན་པའི ་དཀྱིལ་འཁོར་གྱི་ཆོ་ག་འདི་ནི་སངས་རྒྱས་འོད་སྲུངས་ལ་སོགས་པ་ལ་ཡང་མ་བྱུང་ལ། མ་བྱོན་པའི་རྒྱལ་བ་བྱམས་པ་ལ་སོགས་པ་ཡང་འབྱུང་བར་མི་འགྱུར་རོ། །དེ་ལྟར་ན་རྒྱུད་ཐམས་ཅད་ཀྱི་དོན་ལ་བདེ་མཆོག་གི་རྒྱུད་ཀྱི་དོན་གྱིས་ཁྱབ་བམ་ཞེ་ན། བཤད ་དང་མ་བཤད་གང་ཅི་ཡང་རུང། །དེ་ཀུན་དང་དཔལ་ལྡན་བྲག་འཐུང་གནས་ཞེས་བྱ་བ་གསུངས་ཏེ་རྒྱུད་སྡེ་བཞི་བཤད་པ་དང་མ་བཤད་པའི་འཁོར་ལོ་བདེ་མཆོག་གི་རྒྱུད་ཀྱི་དོན་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ནི་སྐུ་གསུང་གི་རང་བཞིན་དཔལ་ཧེ་རུ་ཀ་བརྗོད ་བྱར་བསྟན་པ་ཡིན་ནོ། །ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དབང་བསྐུར་བ་བཤད་ནས། ད་ནི་ལྷ་དགོད་པ་བཤད་པར་བྱ་བ་ནི། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས། ས་ལ་རྣམ་པར་རོལ་པ་སྟེ་ཞེས་བྱ་བ་གསངས་ཏེ། རྣལ་འབྱོར་མ་རྣམས ་ནི་སུམ་ཅུ་རྩ་བདུན་ནོ། །ས་ལ་རྣམ་པར་རོལ་པ་ནི་དབང་བྱས་པ་དང་ལོངས་སྤྱོད་པ་དང་ཐིམ་པ་གསུམ་གྱིས་གདུལ་བྱ་འདུལ་བའོ། །ཅིའི་ཕྱིར་ལྷ་དགོད་པ་དབང་བསྐུར་བའི་རྗེས་ལ་བཤད་ཅེ་ན། རྡུལ་ཚོན་གྱི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི ་དཀྱིལ་འཁོར་གསུམ་ལ་ཐུན་མོང་དུ་ལྷ་དགོད་པ་བཤད་པ་ཡིན། །དེ་རྣམས་ཀྱི་མཚན་ཉིད་སློབ་མ་འཇུག་པའི་རིམ་པ་དང་སྦྱར་ནས་སྐུའི་འཁོར་ལོ་ནས་བརྩམས་ཏེ་ཐུགས་ཀྱི་འཁོར་ལོའི་བར་དུ་བསྟན་པ་ཡིན། སྐུ་དང་ཐུགས་ཀྱི་དབུས་སུ་གནས་པ་ནི། ་ཕྱི་རོལ་ཇི་ལྟར་དེ་བཞིན་ནང། ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་ནི་གཟུགས་བརྙན་དང། ནང་གི་ལུས་དང། གསང་བ་ནི་བྷ་གའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི་ཞེས་བྱའོ། །སྐུ་གསུངས་ཐུགས་ཀྱི་ཁོར་ལོ་ལ་གཙོ་བོར་བསྟན་པ་ཡིན་ནོ། །འདི་དག་སྔོན་ཉིད ་གྲུབ་པ་ཡིན། ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་དུ་དགོད་པའི་ལྷ་ནི་སྔོན་ཉིད་ནས་གྲུབ་པའི་ལྷ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷ་དགོད་པ་བསྟན་ནས་དེའི་སྔགས་བསྟན་པ་ནི། རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧུཾ་ཧཱུཾ་ཕཊ་དང་སྦྱར་ཞེས ་བྱ་བ་སྨོས་ཏེ། དཀྱིལ་འཁོར་གསུམ་ལ་ལྷ་དགོད་པ་བཟླས་པའི་སྔགས་སོ། །རྣལ་འབྱོར་མཆོག་ནི་འདི་མཐོང་ན་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་སྔགས་འདི་ནི། གཞན་དག་སྙིང་པོ་མེད་རྩར་མཚུངས་ཞེས་བྱ་བ་གསུངས་ཏེ། འབྲས་བུ་འདོད་པས་ཕུབ་མ ་བཇུང་བ་བཞིན་ནོ། །ོཾ་ནི་ཐམས་ཅད་གསལ་བྱེད་དེ། གྲུབ་པ་འདོད་པ་ཐམས་ཅད་སྟེར། ཞེས་བྱ་བ་ཡིན་ཏེ། དངོས་གྲུབ་གསུམ་སྟེར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ལྷ་དགོད་པའི་བཟླས་པ་དག་གི་ཕན་ཡོན་གསུངས་པ་ནི། དཔའ་བོ་ཉིད་འགྱུར་གྲུབ་པ ་ནི་ཞེས་བྱ་བ་གསུངས་ཏེ། མཚན་མ་ཐོབ་པའི་བསྙེན་པ་གྲུབ་པའོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། ཞེས་བྱ་བ་ནི་གཟུགས་བརྙན་དང་བྷ་ག་གསུམ་རང་གི་གནས་སུ་མཐོང་བའོ། །དེ་ཤེས་ནས་མངོན་སུམ་གྱི་ལས་ཀྱིས་རྟག་ཏུ་སྒོམ་པ་ནི ་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་གསུངས་སོ། །འདི་ནི་ཤུགས་ལ་དཔའ་བོ་རྣམས་ཀྱི་སྔགས་བཏུ་བ་ཡང་བསྟན་པ་ཡིན་ཏེ། ཡབ་ཡུམ་གྱི་སྙིང་པོད་དང་ཉེ་བའི་སྙིང་པོ་བཞི་དང། དཔའ་པ་དང་དཔའ་མོའི་སྔགས་དང། ་གོ་ཆའི་སྔགས་གཉིས་དང། རྐང་པ་བརྒྱད་པ་གཉིས་དང། གནོད་མ་སེམས་དང་བཅུ་གཅིག་ལ་སྔགས་བཏུ་བའི་ཐབས་རྣམ་པ་བཞི་མིན་ཏེ། མིང་མཚན་གྱི་དང་པོ་འཁྲུལ་འཁོར་གྱི་སྒོ་ནས་བཏུ་བ་དང་མིང་གི་སྒོ་ནས་བཏུ་པ་དང། དབྱངས་དང་གསལ་བྱེད་ཀྱི་སྒོ་ནས་བཏུ་བ་དང། ཕྱེད་བཏུས་པའོ། །རྩ་བའི་རྒྱུད་འདིར་ནི་དཔའ་མོ་རྣམས་ཀྱི་སྔགས་མིང་གིས་བཏུས་པ་དང། རྐང་པ་བརྒྱད་པའི་སྔགས་དབྱངས་དང་གསལ་བྱེད་ཀྱིས་བཏུས་པ་དང། གོ་ཆ་གཉིས་ཕྱེད་བཏུས་པ་སྟེ་བཞི་འདིར་བཏུ་བ ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་དང་པོར་དཔའ་བོ་རྣམས་ཀྱི་སྔགས་མིང་གིས་བཏུ་བ་ཤུགས་ལ་བསྟན་ཏོ། །ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་གསུམ་གྱིས་ལྷ་བསྒོམས་པ་བཤད་ནས། བཟླས་པའི་སྔགས་བཏུབ ་བསྟན་པ་ནི་དང་པོར་རྩ་བའི་སྔགས་བཏུབ་བསྟན་པ་ཡིན་ནོ། །དེ་ལ་སྔགས་བཏུ་བའི་གཞི་ནི། །དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །ཞེས་བྱ་བ་གསུངས་ཏེ། སའི་ཕྱོགས་མཉམ་པར་བའི་རྣམ་ལྔ་བདུད་རྩི ་ལྔ་བྱུགས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། ཆོས་འབྱུང་གྲུབ་གསུམ་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་ལྟེ་བ་ལ་མི་ཤིགས་པའི་ཡི་གེ་ཨ་དགེ་བ་བྲི་བར་བྱའོ། །བྲིས་ནས་ཆོ་ག་བཞིན་དུ་སྔགས། །ཆོས་ཀུན་གཅིག་ཏུ་འདུས་པར་བྱ། ། ་ཞེས་བྱ་བ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་དབྱངས་ཡིག་དང། གསལ་བྱེད་ལྔ་བཅུ་གསུང་གི་ཆོས་གཅིག་ཏུ་བསྡུས་པ་བྲི་བར་བྱའོ། །བཏུ་བའི་དོན་བསྟན་པ་ནི་འདིར་སྔགས་ཚིག་ནི་འདི་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། ཞེས་བྱ་བ་གསུངས་ཏེ། པདྨ་འདབ ་བརྒྱད་ལ་ཨཱ་ལི་གཅིག་དང་ཨཱ་ལི་བདུན་བཀོད་པས་མཉམ་པར་འགྱུར་རོ། །བཞི་བཞི་རུ་ནི་ཤེས་བྱས་ལ། ཞེས་པ་ནི་བ། ནི་མཉ་པའི་སྡེ་ཚན་བརྒྱད་དེ་དེ་བཏུས་པས་ཅི་ཞིག་ཅེ་ན། འདིར་དོན་ཐམས་ཅད་གྲུབ་པར་བྱེད་པ་སྟེ། སྔགས་བཅུ་བ་འདི་ལ་བརྟེན ་ནས་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་གསུམ་བསྐྱེད་པར་མཛད་དེ། ངེ་ཡང་རྫོགས་པའི་རིམ་པ་ལུས་ཀྱི་འཁོར་ལོ་དང་སྦྱང་ན་སྒྲ་བརྙན་གྱི་མཚན་ཉིད་བསྐྱེད་པའི་རྒྱུ་ལྟེ་བ་སྤྲུལ་པའི་འཁོར་ལོ་གྲུ་གསུམ་གྱི་དབུས་ན་རྩ་དྲུག་ཅུ་རྩ་བཞི་ཆ་ཅིཊ? ་ལྟེ་བ་འདབ་མ་བརྒྱད་པ་དེ་ལ་ཨཱ་ལིའི་ནང་དུ་འཇུག་པ་དང། ཀཱ་ལི་ཕྱིར་རྒྱུ་བའི་རླུང་གིས་བརྒྱན་པའི་གནས་དེ་ལ་སློབ་དཔོན་སེམས་ཀྱི་རྒྱལ་པོ་སྒྲ་རྐན་དང་ལྐོག་མ་ལ་སོགས་པ་གནས་བརྒྱད་ནས་སྔགས་ཀྱི་ཚུལ་དུ་འབྱུང་བ་ཡིན། ཆོས་འབྱུང་གྲུབ་གསུམ་དེ་ཡང ་ལུས་ཀྱི་དཀྱིལ་འཁོར་གྱི་དབུས་ཡིན་ནོ། །རྐང་པ་རླུང་དང་ལྟེ་བ་མེ་དང་ལྟ་བ་ཆུ་དང་སྙིང་ག་ས་དང་མགོ་བོ་ནམ་མཁའ་ཨི་དཀྱིལ་འཁོར་གྱི་དབུས་ན་ཡན་ལག་བརྒྱད་ཀྱི་རྐང་པ་དང་ལྡན་པའི་དབུས་ན་སྒོ་བཞི་པར་མཚོན་པའི་དཀྱིལ་འཁོར་ལ་སྔགས་བཏུ ་བར་བྱའོ། །ཞེས་བྱ་བ་ཤུགས་ཀྱིས་སྟོན་པ་ཡིན་ནོ། །དེ་ལ་བཏུ་བའི་ཐབས་ནི་ལྔ་པའི་ལྔ་པ་ནི་མའོ། །ལྔ་པའི་བཞི་པ་ནི་བའོ། །དང་པོའི་གསུམ་པ་ནི་གའོ། །ཉི་ཤུ་རྩ་དགུ་པ་ནི་ཝའོ། །བཞི་པའི་དང་པོ་ནི་ཏའོ། །མཐར་གནས་པ་ཡི་བཞི་པ་ནི་ཝའོ? ་མཐར་གནས་པའི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་ཤའོ། །ཉི་ཤུ་དྲུག་པ་ནི་ཡའོ། །བརྒྱའི་ཕྱེད་ཀྱི་ཕྱེད་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཉའོ། །དང་པོའི་དང་བོ་ནི་ཀའོ། །མཐར་གནས་པའི་གསུམ་པ་ནི་ལའོ། །དང་པོའི་གསུཾ་པ་ནི་གའོ། །སུམ་ཆུ་རྩ་གཉིས ་པ་ནི་སའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་བཞི་པ་ནི་བྷའོ། །མཐར་གནས་པའི་དང་པོ་ནི་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ནི་ཊའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་དང་པོ?་ནི་ཀའོ། །བཅུ་གཅིག་པ་ནི་ནཊ?། །ཡི་གེ ་དྲུག་པ་ནི་ཊའོ། །གསུམ་པའི་དང་པོ་ནི་ཊའོ། །དང་པོའི་དང་པོ་ནི་ཀའོ། །གསུམ་པའི་དང་པོ་ནི་ཊའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བཞི་པའི་གསུམ་པ་ནི་དའོ། །ུཥྣ་ཥའི་གཉིས་པ་ནི་ཥའོ། །དཾཐྣཱ་དང་པོའི་དང་པོ་ནི་གའོ?། །རྩ་བདུན་པ་ནི་རའོ། །དང་པོའི ་གསུམ་པ་ནི་གའོ། །རྩ་བརྒྱད་པ་ནི་ལའོ། །ལྔ་པ་ཡི་ཡང་བཞི་པ་བྷ་དང། སུམ་ཅུ་རྩ་གཅིག་པ་ནི་ཥའོ། །བཅོ་ལྔ་པ་ནི་ཎའོ། །ཉི་ཤུ་རྩ་ལྔ་པ་ན་མའོ། །དང་པོའི་གཉིས་པ་ནི་ཁའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །ུཥྨ་ཥའི ་མཛའ་མ་ནི་ཧའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །ལྔ་པའི་བཞི་པ་ནི་བྷའོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་ནི་བཏའོ། །ུཥྨ་ཥའི་གསུམ་པ་ནི་སའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ཾ་ཏ་སྠའི་དང་པོ་ནི་ཡའོ། །ཉི་ཤུ་རྩ་གཅིག་པ་ནི ་པའོ། །ཾ་ཏ་སྠའི་གཉིས་པ་ནི་རའོ། །སུམ་ཅུ་རྩ་གསུམ་པ་ནི་སའོ། །དེ་བཞིན་ཡི་གེ་དྱཱ་ཉིད་དང་ཞེས་བྱ་བ་ནི་རང་གི་གཟུགས་ཉིད་བསྟན་པ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་ས་བོན་གསུངས་པ་ཡིན་ནོ། །བཞི་པའི་དང་པོ་ནི་ཏའོ། །ུཥྨ་ཥའི་དང ་པོ་ནི་ཤའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་ནི་ཁའོ། །བཞི་པའི་བཞི་པ་ནི་དྷའོ། །ོཾ་ཏ་སྠའི་གཉིས་པ་ནི་རའོ། །གསུམ་པའི་ལྔ་པ་ནི་ཎའོ། །དེའི་འོག་ཏུ་ཡི་གེ་བྱཱ་ནི་དཔའ་བོ་བཤད་པའོ། །དང་པོའི་བཞི་པ་ནི་གྷའོ། །དེ་ནས་དེ ་བཞིན་ཞེས་བྱ་བ་ནི་དང་པོའོ། །ཉིད་ཀྱི་སྒྲས་ནི་ངེས་པར་གཟུང་བ་སྟེ། དང་པོའི་སྡེ་མཚན་བརྒྱད་པ་ནི་ཛའོ། །ཡང་ན་དེ་བཞིན་དུ་ཡང་བརྒྱད་པའོ། །ཞེས་གཞན་དུ་བཤད་དོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་ལྔ་པ་ནི་མའོ། །ཉི་ཤུ་རྩ་བདུན་པ་ནིར་འོ ་བཞི་པའི་བཞི་པ་ནི་དྷའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །རྩ་དྲུག་པ་ནི་ཡའོ། །རྩ་ལྔ་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ཧའོ། །བཞི་པའི་བཞི་པ་ནི་དྷའོ། །ལྔ་པའི་ལྔ་པ་ནི་མའོ། །བཞི་པའི་བཞི་པ་ནི་དྷའོ། །དང་པོའི་དང་པོ་ནི་ཀའོ། །རྩ་བདུན་པ་ནི་རའོ། །མཛའ་ ་གནས་པའི་བཞི་པ་ནི་ཝའོ། །རྩ་གཅིག་པ་ནི་པའོ། །ུཥྨ་ཥའི་གཉིས་པ་ནི་ཥའོ། །ཉི་ཤུ་རྩ་དྲུག་པ་ཡའོ། །དེ་དག་དཔལ་ཧེ་རུ་ཀའི་གསང་སྔགས་ཀྱི་རྒྱལ་པའོ། །ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་དཔའ་བོའི་སྔགས་ནི་ངེས་བརྗོད ་བླ་མ་རབ་ཏུ་བར་དགོངས་ཏེ། འདིར་མ་གསུངས་སྔགས་འདི་ནི་ཁ་སྦྱོར་གྱི་རྒྱུད་ལས་རིགས་ལྔའི་ཧེ་རུ་ཀའི་ནང་ནས་དོན་ཡོད་པར་གྲུབ་པའི་ཧེ་རུ་ཀའི་སྔགས་ཡིན་ཏེ། དེར་སྤྲུལ་པའི་སྐུ་དཔའ་བོ་ཉི་ཤུ་རྩ་བཞི་ཆར་བགོས་ནས་སྔགས་སུ་བྱས ་པ་ཡིན་གྱི་རང་རང་གི་སྡེ་སྔགས་སུ་བྱས་པས་ནི་ཁཎྜ་ལ་སོགས་པ་ཡིན་ནོ། །རྐང་པ་བརྒྱད་པ་དང་སྔགས་འདི་བསྡོམས་པ་ལ་རྩ་བའི་སྔགས་སུ་འདོགས་ཏེ། དེ་ལ་ཡང་རྐང་པ་བརྒྱད་པ་ཆ་བརྒྱད་དུ་མ་བགོས་ཤིང་སྔགས་འདི་ཚན་ཉིད་ཤུ་རྩ་བཞིང ་མ་བགོས་པའི་ཐོག་མ་ཨོཾ་གཅིག་མཛའ་མར་ཧཱུཾ་ཧཱུཾ་ཕཊ་གཅིག་དང་བཅས་པ་ལས་ཐམས་ཅད་བྱེད་ཅེས་པའི་རྩ་བའི་སྔགས་ཡིན་ལ། །རྐང་པ་བརྒྱད་པ་ཆ་བརྒྱད་དུ་བགོས་ནས་ཨོཾ་བརྒྱད་དང། ཧཱུཾ་ཕཊ་བརྒྱད་དང་བཅས་པ་ནི་ཨར་བ་མན་ཏྲ་ཞེས ་བྱ་སྟེ་མཆོད་པ་སྤྲུལ་པའི་སྔགས་ཡིན་ནོ། །སྔགས་འདི་ཆ་ཉི་ཤུ་རྩ་བཞིར་བགོས་པ་ནི་བསྟོད་པ་དང་བཟླས་པའི་སྔགས་ཡིན་ནོ། །རིག་པའི་རྒྱལ་པོའི་གསང་སྔགས་ཏེ་ཞེས་བྱ་བས་ནི་ཕན་ཡོན་སྟོན་པའོ། །འཇིག་རྟེན་དང་མཆོག་གི་དངོས་གྲུབ ་ཐམས་ཅད་གྲུབ་པར་ཡོད་པ་དང། བྱ་བ་རྣལ་འབྱོར་གྱི་རྒྱུད་སྔགས་འདིས་འདི་མཆོག་ཏུ་གྱུར་པ་གཞན་ན་མེད་པའོ། །གཞན་དག་སྙིང་པོ་མེད་རྩཝར་མཚུངས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་འབེབས་པས་ན་སེམས་འོད་གསལ་བའི་སྣང་བ ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ལེའུ་ལྔ་བའི་རྣམ་པར་བཤད་པའོ།། །དེ་ལྟར་ལེའུ་ལྔ་པས་རྩ་བའི་སྔགས་བཏུ་བ་བཤད། །གོ་ཆའི་སྔགས་བཏུ་པ་བསྟན་པ་ནི། །གཞན་ཡང་ཡི་གེ་ཉི་ཤུ་ཞེས་བྱ་བ་སྨོས་ཏེ། རྒྱུད ་བླ་མར་ལྷ་ཉི་ཤུ་རྩ་གཉིས་ཀྱི་མིང་མཚན་གྱི་དང་པོ་འཁྲུལ་འཁོར་གྱི་ཡི་གེ་བཏུ་པ་ལ་དགོངས་ནས་འདིར་མིང་ཙམ་ལས་མ་གསུངས་སོ། །སྙིང་པོ་ཡི་གེ་བདུན་ཉེ་སྙིང་ཞེས་བྱ་བ་ལ་སྙིང་པོ་ཆོས་ཀྱི་སྐུ་སྟོན་པ་ཡིན་ལ། ཉེ་བའི་སྙིང་པོ་ནི་ལོངས་སྤྱོད ་རྟོགས་པཱི་སྐུ་ཡིན་ནོ། །རྩ་བའི་སྔགས་ཀྱི་ཡི་གེ་སྤྲུལ་པའི་སྐུ་སྟོན་པ་ཡིན་ནོ། །ཉེ་བའི་སྙིང་པོ་ནི་རྒྱུད་བླ་མས་ལྷ་བདུན་གྱི་ཡི་གེ་བཏུ་བའི་འཁྲུལ་འཁོར་གྱིས་བསྟན་པས་འདིར་མིད་ཅེམ་ལས་མ་བསྟན་པ་ཡིན་ནོ། །གོ་ཆའི་སྔགས ་ཕྱིད་བཏུ་བར་བྱ་བ་ནི། ཡ་ཚོགས་བརྒྱད་པའི་ས་བོན་དང་ཞེས་བྱ་བ་གསུངས་ཏེ། ཡང་ནས་བགྲངས་པའི་སྡེ་མཚན་བརྒྱན་པ་ནི་ཧའོ། །གུག་སྐྱེད་བཅུ་གཉིས་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་དང་སྦྱར་བས་ཧ་བཅུ་གཉིས་སུ་འགྱུར་རོ། ། ་ཡི་གེ་བར་མདོར་བྱས་པ་ནི་རིང་པོ་དྲུག་ཕྱི་མའོ། །ཡན་ལག་དྲུག་ནི་ཧེ་རུ་ཀ་ཞེས་བྱ་བ་ནི་ཧེ་རུ་ཀ་དྲུ། གིས་ས་བོན་ཧ་ཐུང་དུ་དྲུག་ཏུ་གྱུར་པ་ལ་བྱའོ། །དཔའ་པོ་དྲུག་དང་མཉམ་སྦྱོར་པ། ཞེས་བྱ་བ་ནི་སྔགས་དང་མཉམ་པར་སྦྱོར་བ་སྟེ། དེ ་ཡང་ཇི་ལྟར་ཡིན་ཞེ་ན། ཨོཾ་ཧ་སྙིང་གར་ན་མ(རྒྱུད་འགྲེལ་པ་ནི་སྔགས་དྲུག་པོ་དང་སྦྱར་བས་ན་ཡང་དག་ལྡན་ཞེས་བྱ་བ་ཡིན། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། ཞེས་བྱ་བ་ནི་གོ་ཆའི་སྙོད་པར་གྱུར་པའོ། །དེ་ཡང་ལས་ལ་སྤྱར་བའི་ཚེ་ཐམས་ཅད་གསུམ་དུ་འགྱུར་ཏེ། བསྐྱེད་པའི་རིན་པ ་ལྷའི་སྐུར་བསྒོམས་སྙིང་གནས་ཡན་ལག་གི་བར་དུ་གོ་ཆ་བགོས་ནས་བཟླས་པ་བྱ་བ་ནི་མནྟྲ་སྟེ་སྔགས་ཞེས་བྱའོ། །འཁོར་ལོ་རྩིབས་ལྔ་པ་ལ་བཀོད་ནས་འཁྲུལ་འཁོར་བཅིང་བ་ནི་ཡན་ཏྲ་སྟེ་འཁྲུལ་འཁོར་ཞེས་བྱ་བཟོབ་པར་བསྐྱེད་པའི་འཁོད་དང་སྨན ་ཨ་ག་ཏ་ལ་སོགས་པའི་མཚོན་བཟློས་ཅིང་བསྲུང་བའི་གོ་ཆའི་ལས་བྱེད་པས་ཏྲེརྒཏྭ་སྟེ་སྨན་འགྱུར་ཡིན་ནོ། །ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གོ་ཆའི་སྔགས་ཀྱི་ཕྱེད་བཏུ་བ་བཤད་ནས། རྐང་པ་བརྒྱད་པའི ་དབྱངས་དང་སྦྱང་བས་བཤད་པ་ནི། །དེ་ནས་དབྱངས་ཡིག་བཅུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དབྱངས་ཡིག་བཅུ་གསུམ་པ་ནི་ཨོའོ། །ཡི་གེ་གཉིས་པ་ནི་མའོ། །དབྱངས་དེ་ཡི་གེ་དང་སྦྱར་བར་བྱ་སྟེ། དེ་བཞིན་དུ་སྤར་བར ་བྱའོ། །དབྱངས་ཀྱི་བཅུ་གཅིག་པ་ནི་ཏའོ། །དབྱངས་ཡིག་བཞི་པ་ནི་ཨའིའོ། །ཡི་གེ་བདུན་པ་ནི། ཁའོ། །དབྱངས་ཡིག་བཅུ་གཅིག་པ་ནི་ཨེའོ། །བརྒྱད་པ་ནི་རའོ། །དབྱངས་ཡིག་གཉེས་པ་ཨཱའོ། །ཡི་གེ་དགུ་པ་ནི་ཤའོ། །དབྱངས་ཡིག་གཉིས ་པ་ནི་ཨཱའོ། །བཅུ་གཉིས་པ་ནི་ཧའོ། །ཡི་གེ་ཉི་ཤུ་གསུམ་པ་ནི་གསལ་བྱེད་རྩ་གསུམ་པ་སྟེ་འདི་ཉིད་དུ་བཏུས་པའོ། །དེ་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ནི་ཨཱའོ། །དེ་དང་ལྡན་པ་ནི་བཅུ་བཞི་པ་སྟེ་ཡི་གེ་ལ་སྦྱར་པར་བྱའོ། །ཡི་གེ་བཅོ་ལྔ ་པ་ནི་ག་སྟེ་གསལ་བྱེད་བཅོ་ལྔ་པའོ། །ཡི་གེ་ཉི་ཤུ་བ་ནི་ན་དང་ལྡན་པ་སྟེ་དབྱངས་ཡིག་གསུམ་པ་ཨི་དང་སྦྱར་བར་བྱའོ། །དབྱངས་ཡིག་བཅོ་ལྔ་པ་ནི་ཨའོ། །བཅུ་དྲུག་པ་ནི་སའོ། །ཡི་གེ་ཨོཾ་གིས་མཛེས་པ་ནི་ས་མོ། །དབྱངས་ཡིག ་གསུམ་པ་ཨོ་དང་ལྡན་པ་ནི་བཅུ་བདུན་པ་སྟེ་ནའོ། །དབྱངས་ཡིག་གཉིས་པ་ནི་ཨཱ་སྟེ། དེས་གཙོ་བོ་བརྒྱད་པ་བྷ་དང་སྦྱར་བའོ། །དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པའི་ཡི་གེ་ཉི་ཤུ་རྩ་གཅིག་པ་ནི་ཏའོ། །དབྱངས་ཡིག་ལྷུ་པ་ནི ་ཨུའོ། །དེ་དང་ལྡན་བ་ནི་ཡི་གེ་ཉི་ཤུ་རྩ་གཉིས་པ་ནི་མའོ། །དབྱངས་ཡིག་ཅུ་གསུམ་པ་ནི་ཨོའོ། །དེ་དང་ལྡན་པའི་རྩ་བཞི་པ་ནི་ཏའོ། །སྡེ་ཚན་དང་པོ་གའོ། །ད་བླངས་ནས་ཉི་ཤུ་ལྔ་པ་ནི་ཧ་དང ་སྦྱར་བར་བྱའོ། །སྡེ་ཚན་གསུམ་པའི་དང་པོ་ནི་ཏ་སྟེ་དེ་ལ་དབྱངས་ཡིག་གཉིས་པ་ནི་དབྱེ་བར་བྱའོ། །ཉི་ཤུ་རྩ་བརྒྱད་པ་ནི་དའོ། །དེ་བཅོ་ལྔ་པ་སྟེ་ཨོཾ་གྱིས་མགོར་སྦྱར་བར་བྱའོ། །གསུམ་པའི་དང་པོ་སྟེ་འོག་ཏུ་ར་དང་བཅས་པ་དབྱངས་ཡིག་གཉིས་པ་ཨཱ་དང ་ལྡན་པ་ལ་ཡི་གེ་ཉི་ཤུ་པ་ཥ་དང་སྦྱར་བའོ། །སུམ་ཅུ་རྩ་གཅིག་པ་ནི་ར་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ནི་ལའོ། །བཅུ་གསུམ་པ་ནི་ཨོ་སྟེ་དེ་དང་ལྡན་པར་བྱའོ། །ཡི་གེ་སུམ་ཅུ་རྩ་གསུམ་པ་སྟེ་ག་ནི་ཉི་མ ་དང་བཾ་དེ་དང་ལྡན་པར་བྱའོ། །ཕྱི་མོ་བཞི་བ་ནི་ཨའི་སྟེ་ཡི་གེ་ཉི་ཤུ་རྩ་བཞི་པ་བྷྲ་དང་ལྡན་པར་བྱའོ། །ཕྱི་མོ་ལྔ་པ་ནི་ཨུའོ། །སུམ་ཅུ་རྩ་བདུན་པ་ནི་མ་སྟེ་དེ་དང་སྦྱོང་བའོ། །སུམ་ཅུ་རྩ་བརྒྱད་བ་ནི་ཁ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །བཞི་བཅུ ་རྩ་གཉིས་པ་ནི་ས་སྟེ་ས་འོག་ཏུ་སྦྱར་བར་བྱའོ། །གཞི་བཅུ་རྩ་གསུམ་པ་ནི་གྷ་སྟེ་ཡི་གེ་ལྔ་པ་ཨུ་དང་སྦྱར་བར་བྱའོ། །བཞི་བཅུ་རྩ་ལྔ་པ་ནི་བསྟེ་དབྱངས་ཡིག་གཉིས་པ་ཨཱ་དད་སྦྱར་བར་བྱའོ། །དབྱངས་ཡི་གེ་ལྔ་པ་ནི་ཨུ་སྟེ་བཞི་ཅུ་རྩ་དགུ་པས་དང་སྦྱར ་བར་བྱའོ། །བཞི་བཅུ་རྩ་བདུན་པར་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གཅིག་པ་ནི་ཤ་སྟེ་དབྱངས་ཡིག་དྲུག་པ་ཨཱ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གཉིས་པ་བ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ ་གསུམ་པ་ནི་ཤ་སྟེ་དབྱངས་ཡིག་བཅུ་གསུམ་པ་ཨོ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་དགུ་པ་ནི་ཤ་སྟེ་དབྱངས་ཡིག་དྲུག་པ་ཨའུ་དང་སྦྱར་བར་བྱའོ། །མཐར་གནས་པའི་བཞི་པ་ནི་ཝ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་དབྱངས་ཡིག་གཙོ་བོ་ལྔ་པ་ཨེ ་དད་ལྡན་ཞིང་ལྔ་བཅུ་རྩ་དགུ་པ་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་གཉིས་པ་ནི་དྷ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པར་བྱའོ། །དྲུག་ཅུ་རྩ་གཉིས་པ་ནི་ར་སྟེ་དབྱངས་ཡིག་གསུམ་པ་ཨི་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་དྲུག་པ་ནི་ན་སྟེ་དབྱངས་ཡིག་བཅུ་གཅིག་པ་ཨེ་དང་སྦྱར་བར ་བྱའོ། །དྲུག་ཅུ་རྩ་བདུན་པ་ནི་པ་སྟེ་དབྱངས་ཡིག་ཨ་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་ལྔ་པ་ནི་གྷའོ། །རྡོ་རྗེ་སེམས་དཔའ་ནིར་སྟེ་དེ་དང་ལྡན་པར་བྱའོ། །དྲུག་ཅུ་རྩ་དྲུག་པ་ནི་ཛ་སྟེ་དབྱངས་ཡིག་གསུམ་པ་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་བདུན་པ་ནི་ན་སྟེ་དབྱངས་ཡིག ་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ཡི་གེ་དྲུག་ཅུ་རྩ་བརྒྱད་པ་ནི་མ་སྟེ་དེ་བ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་གཅིག་ནི་སའོ། །བདུན་ཅུ་རྩ་གཉིས་པ་ནི་ཧ་སྟེ་གཉིས་ཀ་ལ་དབྱངས་ཡིག་གཉིས་པ་སྟེ་ཨཱ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་ལྔ་པ་ནི་དེ་སྟེ་དབྱངས ་ཡིག་ཨུ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་དགུ་པ་ནི་མ་སྟེ་དབྱངས་ཡིག་གཉིས་པ་དང་ལྡན་ཞིང་ར་དང་ལྡན་པར་བྱའོ། །བདུན་ཅུ་རྩ་བདུན་པ་ནི་ན་སྟེ། ཏ་དང་ལྡན་པར་བྱའོ། །བདུན་ཅུ་རྩ་བརྒྱད་པ་ནི་ཀ་སྟེ་དབྱངས་ཡིག་གཉིས་དང་ལྡན་པར་བྱའོ། ། ་ཡི་གེ་བརྒྱད་ཅུ་རྩ་བཞི་པ་ནི་མ་སྟེ་དབྱངས་ཡིག་བཞི་པའི་མཛའ་དང་སྦྱར་བར་བྱའོ། །བརྒྱད་ཅུ་རྩ་གཉིས་པ་ནི་ཤ་སྟེ་དབྱངས་ཡིག་གཉིས་པ་དང་སྦྱར་བར་བྱའོ། །ཚིག་རེ་རེ་ལ་ཡང་ཨོཾ་དང་ཐ་མར་ཧཱུཾ་ཧཱུཾ་ཕཊ་དང་སྦྱར་པ་ནི་རྩ་པའི་སྔགས་སུ་གྱུར་པས་མཁས་པས ་ཤེས་པར་བྱའོ། །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་ཞེས་བྱ་བ་ནི་གང་ཟག་འབའ་ཞིག་བསྒོམ་པ་དང་བཟླས་པའི་སྒོ་ནས་དངོས་གྲུབ་ཏུ་འགྱུར་བ་དང། འཁྲུལ་འཁོར་གྱི་སྒོ་ནས་དངོས་གྲུབ་ཏུ་འགྱུར་བ་དང། སྨན་གྱི་ཚོགས་པས་དངོས་གྲུབ་ཏུ་འགྱུར་བས་ན་གནས ་ཡིན་ཞིང་ཞེས་བྱའོ། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། ཞེས་བྱ་བ་ནས་སྔགས་བརྗོད་ནས་བཀའ་བསྒོ་བཙམ་གྱིས་ཇི་སྐད་སྨྲས་བ་བཞིན་དུ་བྱེད་པས་ནི་སྙིང་འཇོམས་པའོ། །དཔལ་ལྡན་ཁྲག་འཐུང་ལྷའི་རི་རྒྱལ་བཀླགས་པས་གྲུབ་པ་དོན་ཡོད་བ་ཞེས་བྱ་བ་ནི་ཡེ ་ཤེས་བབས་པ་ལ་སློབ་དཔོན་གྱི་སྔགས་ཀྱིས་གནང་བ་བྱིན་ནས་བཟླས་མི་དགོས་པས་དངོས་གྲུབ་ཡིན་ནོ། །ོཾ་དང་པོར་སྦྱར་ཞིང་ཧཱུཾ་ཕཊ་ཐ་མར་སྦྱར་བ་ནི་བོ?་སླའོ། ། འདི་ནི་རྩ་པའི་སྔགས་ཏེ། སྒྲུབ་པོ་ཐམས་ཅད་སྒྲུབ་བྱེད་ཡིན། ། ་ཞེས་བྱ་བ་ནི་གང་དང་གང་སྒྲུག་པའི་ཆོ་ག་ཐེ་ཚོམ་མེད་པར་གྱུར་བར་བ་རྣག་ནས་སྒྲུབ་བྱེད་ཡིན་བྱའོ། །བསྣན་པའི་དོན་ནི་འདི་ལྟ་སྟེ། ཀླུང་ནི་རྒྱུན་ལས་བཟློག་ཀྱང་སྦིད་ལ། ཉི་མ་དང་ཟླ་བས་ལ་ལྟུང་ཡང་སྲིང་དེ་གསང་སྔགས་འདི་ཡིས་མི་འགྲུབ་པར་ཡང ་ཡེ་མི་སྲིད་དོ། །ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྩ་བའི་སྔགས་བཏུ་བ་བསྟན་ནས། ད་ནི་གོ་ཆའི་མཁའ་འགྲོ་མའི་སྔགས་བཏུ་པ་བསྟན་པར་བྱའོ། །དེ་ནས་རང་གི་བདག་ཉིད་ཀྱི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ། ་གསུངས་ཐུགས་ཀྱི་སྙིང་པོ་ཡིན་པས་ན་རང་གི་བདག་ཉིད་ཀྱང་དོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མའི་དྲ་བ་ཡི། །འཁོར་ལོ་བདེ་མཆོག་ཡིན་པར་འདོད། །ཅེས་བྱ་བ་ནི་སྐུ་རྩ་བའི་དྲ་བའི་བདེ་མཆོག་དང། གསུང་རླུང་གི་དྲ་བའི་བདེ ་མཆོག་དང། ཐུགས་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་ཀྱི་བདེ་མཆོག་གསུམ་སྟོན་པར་བྱེད་པ་པོའི་སྙིང་པོ་ནི་དབང་དང་མངོན་སྤྱོད་ལ་བཟློག་ནས་བཟླས་པ་དང་ཞི་བ་དང་རྒྱས་པ་ལ་ལུགས་སུ་འབྱུང་བ་ལྟར་བཟློས་པའི་སྙིང་པོ་དང་པོའི་ཡི་གེ་ཨོཾ་ནི་རྩའི་འཁོར ་ལོའི་སྐུའོ། །ཤྲཱི་ནི་རྩ་བའི་འཁོར་ལོའི་གསུང་དོ། །བཛྲ་ནི་རྩ་བའི་འཁོར་ལོའི་ཐུགས་སོ། །ཧེ་ཧེ་ནི་གསུང་གི་འཁོར་ལོའི་སྐུའོ། །རུ་རུ་ནི་གསུང་གི་འཁོར་ལོའི་གསུང་དོ། །ཀོཾ་ནི་རྩ་རླུང་གི་འཁོར་ལོའི་ཐུཊ་ས?་ཧུཾ་ནི?་ཐུ?་ཀྱི་སྐུའོ། །ཧཱུཾ་ནི་ཐུགས་ཀྱི་གསུང་དོ།། །། ་ཕན་ནི་ཐུགས་ཀྱི་ཐུགས་སོ། །ཚིག་ལྷག་མ་ནི་བདེ་མཆོག་སྟོན་པ་ཡིན་ནོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་འོག་མིན་གྱི་ཕོ་བྲང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་ཐམས་ཅད་དུ་སྟོན་པ་ཡིན་ཡང་ཛ?་མའི་གླིང་དུ ་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་བའོ། །ཉེ་བའི་སྙིང་པོ་ཡི་གེ་བདུན་ནི་ས་བཅུ་གཅིག་པའི་ཡན་ལག་བདུན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་ཏེ། །ཡུམ་གྱི་ཉེ་བའི་སྙིང་པོ་གཉིས་པ་འདི་དང་རྣལ་འབྱོར་མ་དྲུག་གི་མིང་གི་ཡི་གེ་དང་པོ་དང་སྦྱར་ནས་རྣལ་འབྱོར? ་མ་དྲུག་གི་གོ་ཆའི་སྔགས་སུ་འགྱུར་རོ། །དེ་ལོ་སྔགས་ཀྱི་ཡི་གེ་ཨོཾ་དང་ཕག་མོའི་མིང་མཚན་གྱི་དང་པོ་བ་དང། ཡི་གེ་གཉིས་པ་ཧ་དང་གཤིན་རྗེ་མའི་མིང་མཚན་དང་པོ་ཡོཾ་དང་ཡི་གེ་གཉིས་པ་ཧྲིཾ་དང། རྨོངས་བྱེད་མའི་མིང་གི་དང་པོ་མུཾ་དང་ཡི་གེ་བཞི་པོ་ཧྲེ་དང། སྐྱོང་བྱེད ་མའི་མིང་གི་དང་པོ་ཧྲིཾ་དང། སྔགས་ཀྱི་ལྔ་བ་ཧཱུཾ་དང། སྐྲ་བྱེད་མའི་མིང་གི་དང་པོ་ཧཱུཾ་དང་སྔགས་ཀྱི་ཕཊ་དང། གཏུམ་མོའི་མིང་གི་དང་པོ་ཕཊ་དང། སྔགས་ཀྱི་དྲུག་པ་བཊ་དང། སྔགས་ཀྱི་དྲུག་པ་བཊ་དང་སྦྱར་པ་ནི་རྣལ་འབྱོར་མ་དྲུག་གི་སྔགས་སོ། །དེ་ལྟར་ན་ཡུམ་གྱི་ཉ་བའི་སྙིང་པོ་གཉིས་བ་རྣལ་འབྱོར ་མའི་མིང་དྲུག་གི་ཕྱེད་གཏུས་པ་ཡིན་ནོ། །རྣལ་འབྱོར་མའི་སྙིང་པོ་ཡི་གེ་ཅུ་གསུམ་པ་ནི་རང་དོན་ཆོས་ཀྱི་སྐུ་སྟོན་པ་ཡིན་ལ། ཉེ་བའི་སྙིང་པོ་ནི་གཞན་དོན་གཟུགས་ཀྱི་སྐུ་སྟོན་པ་ཡིན་ནོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ས་སྟེང་ན ་ནི་རིན་ཆེན་པོ་ཞི། ཞིག?་སྦྱ?་བཞིས?་བ་ཡུམ་གྱི་སྙིང་པོ་བ་དང་ཉེ་བཱི་སྙིང་པོ་བཞི་སྟེ་རང་དང་གཞན་གྱི་དོན་རྫོགས་པས་རིན་པོ་ཆེ་དང་འདྲ་བའི་ཕྱིར་རོ། །ཧེ་རུ་ཀ་འབྱུང་བ་ལས་སངས་རྒྱས་དཀོན་མཆོག་གི་སྙིང་བོ་ཆོས་དཀོན་མཆོག་ཡིན་ཡིན་པས་ན་རིན་པོ་ཆེ་ཞེས་གསུངས་སོ། །ཕྲེང་བའི་སྔཊ ་ཀྱི་དམ་པ་ཞེས་བྱ་བ་ནི་སྔགས་བཟླས་ནས་བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། རིགས་པའི་རྒྱལ་པོ་ཧེ་རུ་ཀ་ཞེས་བྱ་བའི་གསུང་སེམས་འོད་གསལ་བའི་རང་བཞིན་བྱི་སྔགས་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད ་འབྱུང་བ་ལྔ་ཡི་རང་བཞིན་དབུགས། ཞེས་གསུངས་པའི་ཕྱིར་རོ། །ལེའུ་བརྒྱད་པའི་རྣམ་པར་བཤད་བའོ།། །།དེ་ལྟར་བསྔགས་བཏུས་པས་ཡི་གེ་ཀུན་ཚོགས་པར་གྱུར་ནས་བཟླས་པ་མཚན་མ་ཐོབ་པ་དང། སྔར་བཤད་བའི་དཀྱིལ་འཁོར་ཉིད་ལ ་དངོས་གྲུབ་བསྒྲུབས་པ་འམ། རྐང་པ་བརྒྱད་ལ་འཁྲུལ་འཁོར་བྲིས་ནས་བསྒྲུབས་པ་འམ། སྨན་གྱི་ཚོགས་ལས་བསྒྲུབ་པ་ཡིན་པས་དེ་ནས་རྩ་བའི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་མཆོག་རིམ་བ་བཞིན་དུ་ཞེས་བྱ་བ ་ནི་འཇིག་རྟེན་དང་ཐུན་མོངས་དང་མཆོག་གི་རིམ་པའོ། །དེ་ནི་རྣམ་པར་བཤད་པར་བྱ། ཞེས་བྱ་བའི་ལས་ལྔ་བཅུ་པར་ཕྱེ་ནས་སོ། །འཇིག་རྟེན་གསུམ་གང་ཡོད་པ་རྣམས། ཞེས་བྱ་བ་ནི་དངོས་གྲུབ་གསུམ་མོ། །ཐམས་ཅད་སྐད་ཅིག་གིས་གྲུབ་འགྱུར། །ཞེས་བྱ་བ་ནི་མནྟྲ ་དང་ཏྲནྟྲས་དང་མྱུར་དུ་གྲུབ་པར་འགྱུར་བའོ། །ལས་རྣམས་ཐམས་ཅད་བྱེད་པ་པོ། །ཞེས་བྱ་བ་ནི་གཞན་གྱི་དོན་དུ་ཕྲིན་ལས་བྱེད་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལྷ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། སྔོན ་བཅོམ་ལྡན་འདས་ཀྱི་གནོད་སྦྱིན་དང་ཀླུ་དང་སྲིན་པོ་དང་ལྷ་མ་ཡིན་རང་དབང་བྱོ་བ་དང་ལོངས་སྤྱོད་པ་དང་ཐིམ་པ་བཞིན་དུ་ལྷ་ཐམས་ཅད་མ་བསྒོམས་པ་དང་བཟླས་པས་བཀའ་བསྒོ་ནས་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་བྱེད་པའམ། ་གང་ཟག་འབའ་ཞིག་འཁྲུལ་འཁོར་དང་གཉིས་ཀ་དབྱེ་བ་འམ། གང་ཟག་ལ་ལས་སྨན་དང་གསུམ་གས་བྱེད་པ་འམ་སོ་སོར་གྲུབ་པ་ཡང་དེ་སྲིད་དོ། །དེ་ལ་ལྷ་ཐམས་ཅད་དྲན་པ་ཙམ་གྱིས་གསོད་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱི་ཐ་མར ་མ་རཱ་ཡ་ཕཊ། ཅེས་བྱ་བའམ་མཚན་ཐོག་ཐག་བཟླས་བས་སོ། །ཀླུ་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་པ་ཡིན་ནོ། །གནོད་སྦྱིན་དང་དྲི་ཟ་རྣམས་ལ་ཡང་དེ་ཉིད་ཀྱིས་འགྱུར་རོ། །གལ་ཏེ་ཐམས་ཅད་ལ་ཐུགས་ཀྱི་འཁོར་ལོའི་བདག་པོ་བསྒོམས ་ནེ་རྐང་པ་བརྒྱད་པ་བཟླས་པས་སོ། །གནོད་སྦྱིན་སྲིན་པོ་ཐམས་ཅད་ལ་གསུངས་གི་འཁོར་ལོ་དང་རྐད་པ་བརྒྱད་པ་བཟླས་པས་སོ། །ཀླུ་དང་ལྷ་མ་ཡིན་ཐམས་ཅད་ལ་སྐུའི་འཁོར་ལོ་ནམ་མཁའ་ལྡིང་གི་གདོད་ཅན་བསྒོམས་ནས་རྐང་པ་བརྒྱད་པ ་བཟླས་པས་སོ། །སྤྲིན་ཐམས་ཅད་དྲན་པ་ཙམ་གྱིས་བརླག་པར་བྱེད་ཅེས་བྱའོ། །རྒྱུད་བླ་མ་ལས་གསུངས་པའི་ཀླུ་བརྒྱད་འདུལ་བའི་ཆོག་སྟེ་ཆུ་བོ་དང། རྒྱ་མཚོ་དང། ཁྲོན་པ་དང་རྫིང་བུའི་འགྲམ་རྣམས་སུ་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་བྲི་བར་བྱ་སྟེ། པདྨ་འདབ་མ ་བརྒྱད་པ་བྲིས་ལ་ཤར་གྱིས་འདབ་མ་ལ་མཛའ་ཡས། བྱང་དུ་ནོར་རྒྱས། ནུབ་ཏུ་འཇོག་བོ། ལྷོར་པདྨ། དབང་ལྡན་དུ་པད་ཆེན་པོ། མེ་མཚམས་སུ་དུད་སྐྱོང་བདེན་བྲལ་དུ་སྟོབས་ཀྱི་རྒྱུ། རླུང་གི་མཚམས་སུ་མ་དྲས་པ། དཀར་བ་དང། སྔོ་བ་དང། དམར་བ་དང། ལྗང?་མ?་དང། ་སེར་བ་དང། དུང་ཁ་དང། ལྗང་བ་དང་སེར་སྐྱ་དེ་དག་ཀྱང་རིན་པོ་ཆེའི་ཅོད་པན་དང་སྦྲུལ་གྱི་མགོ་གདེངས་ཀ་དང་ལྡན་པའོ། །ཀླུ་བརྒྱད་ཐལ་མོ་སྦྱར་རོ། །དེའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའ་ལྡིང་གི་གདོང་ཅན་ཞལ་མཆེབ་གཅིགས་ཤིང་ཞལ་བཞི་པ ་ཕྱག་བརྒྱད་པ་ལྔ་བ་བྱ་ཁྱུང་གི་ཞལ་ནི་དམར་པོ་ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་ཅན་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་བསྣམས་ཤིང་སྡིགས་མཛུབ་མཛད་པ། གཞན་གཉིས་ཀྱིས་ཀླུའི་དབང་པོའི་པགས་པ་བསྣམས་པ། གསུམ་པ་གཉིས་ཀྱིས་ལྕགས་ཀྱུ ་དང་ཁ་ཊཝཱཾ་ག་བསྣམས་པ། བཞི་བ་གཉིས་ཀྱིས་མདུང་དང་ཅད་ཏེའུ་འཛིན་པའོ། །ཞབས་བཞིས་ཆུ་ལྷ་ཁྱོ་ཤུགས་བ་ཀླུ་བརྒྱད་ཀྱི་མཇུག་མ་གནོན་པ་བྲིས་ལ་དེའི་མདུན་དུ་རྣལ་འབྱོར་བ་བློ་གྲོས་ཆེན་པོས་དེ་དང་འདྲ་བའི་བཅོམ་ལྡན་འདས་བྱ་ཁྱུང་ཆེན་པོ་བསྒོམ ་ལ་བྲིས་པའི་དཀྱིལ་འཁོར་གྱི་མདུན་དུ་བསྙེན་པ་འབུམ་བྱའོ། །དེས་མཚན་མ་བྱུང་བ་དང་ལས་ལ་སྦྱར་བའི་ཕྱིར་འོ་མའི་སྦྱིན་སྲེག་འབུམ་ཕུལ་བས་སྤྲིན་ཐམས་ཅད་འཇིགས་པར་བྱེད་ཅིང་ཆར་འབེབས་པར་བྱེད་པ་དང་ཆར་ཟློག་པར་ཡང་བྱེད་དོ། ། ་ཡང་ན་རྐང་པ་བརྒྱད་བའི་འཁྲུལ་འཁོར་བྱ་སྟེ། སྔར་བཤད་པའི་ཀླུ་བརྒྱད་དཀྱིལ་འཁོར་གྲོ་གའམ་རས་དཀར་པོ་ལ་བྲིས་ལ་ཕྱི་རོལ་ནས་འཁོར་ལོ་གསུམ་གྱིས་བསྐོར་ཞིང་དུག་དང་ལ་ན་ཚྭ་དང་སྐེ་ཆོ་དང་ཆེ་བ་གསུམ་དང་དུར་ཁྲོད་ཀྱི་སོ་?? ་སྣག་ཚ་བྱས་ནུས་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་སྔགས་བྲིས་ལ་ཀླུ་བརྡ?་རྒྱད་ཀྱི་སྙིང་གར་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བ་དང། ལྟེ་བར་བཅོམ་ལྡན་འདས་ཀྱི་སྐྱིན་པར་ཧུཾ་ནཱཾ་ཧཱུཾ་སརྦ་ནཱ་ག་བར་ཥ་མན་ཡཥྛི་ཤཱི་གྷྲཾ་ཕཊ་ཅེས་བྱ་བ་སྤྲོས་བས་འཁྲུལ་འཁོར་གྲོག? ་མཁར་གྱི་ས་དང་བའི་རྣམ་ལྔ་བསྲེས་པ་ལས་ནོར་རྒྱས་ཀྱི་གཟུགས་གདེངས་ཀ་བདུན་དང་ལྡན་པ་མཐོ་གང་གི་ཚད་ཙམ་བྱས་ལ་དེའི་སྙིང་གར་བཅུག་སྟེ། དགུག་པ་ལ་སོགས་པའི་ཆོག་བྱས་ནས་ཀ་ར་བཱི་རའི་ལྕུགས་མས་བཀབ་སྟེ་གུ་གུལ་གྱི་དུད་པས་བདུག་ཙར?་རྒྱུད? ་མི་འཆད་པར་ཆུས་ཁྲུས་བྱའོ། །དེ་ལྟར་བྱས་ན་ཆར་འབབ་པར་འགྱུར་བ་དང་མ་བབས་ན་ཉི་མ་བདུན་པ་ལ་ལུས་དུམ་བུར་བྱས་བུམ་པར་བཅུག་ནས་ཆུ་བོར་བསྐྱུར་ན་ཆར་འབབ་པར་འགྱུར་རོ། །ཟློག་པར་བྱེད་ན་སྔ་མ་བཞིན་དུ་འཁྲུལ་འཁོར་བྲིས་ནོར་རྒྱས་ཀྱི་གཟུགས ་བརྙད་གྱི་སྙིང་གར་བཅུག་སྟེ་ཡུངས་ཀར་གྱིས་བརྡེགས་པའམ། ཡང་ན་རྡོ་རྗེ་འཛིན་པ་ལ་ཕུལ་བའི་མེ་ཏོག་རྙིང་པ་གུ་གུལ་དང་བསྲེག་པའི་བདུག་པས་རྩ་བའི་སྔགས་ཟློག་ཤིང་ནམ་མཁའ་ལ་བདུགས་ན་ཟློག་པར་བྱེད་དོ། །རྒྱ་མཚོ་སྐེམས་པར་བྱེད་དོ། །ཞེས་བྱ་བ་ཀླུ ་བརྒྱད་གནོན་པའི་ཞལ་ལྔ་པ་མཁའ་ལྡིང་ཧ་རུ་ཀ་བསྒོམས་ན་མཚན་མ་འབྱུང་བ་དང་རྒྱ་མཚོ་ཆེན་པོའི་དབུས་སུ་འདུག་པར་བསམས་ལ་ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་དང་ལྡན་པ་གདོན་མི་ཟ་བར་སྐེམས་པར་བྱེད་དོ། །བ་དང་ཀའི་ཐོད་པ་ལ་པདྨ་འདབ ་མ་བརྒྱད་པ་རེ་རེ་ཞིང་རྐང་པ་བརྒྱད་པའི་སྔགས་བྲིས་ལ་ཆུ་བོ་ལ་ཁ་ཊཝཱཾ་གས་བསྣུན་ན་རྒྱུན་ཕྱོགས་ལས་ཟློག་པར་བྱེད་དོ། །དཔའ་བོ་ཟློག་པར་བྱེད་དོ། །ཞེས་བྱ་བ་ནི་ཐོག་བབས་པ་སྟེ་ལག་པ་གཡོན་པའི་མཐིལ་དུ་རྐང་པའི་འཁྲུལ་འཁོར་བསྒོམས་སྡིགས ་མཛུབ་བྱས་ན་རྡོ་རྗེའི་ཐོག་ཟློག་པར་བྱེད་དོ། །ས་གཡོ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་བསྒོམས་ནས་ཏྲི་ཤུལ་རྩེ་གསུམ་པ་ས་ལ་བསྣུན་ནས་གཡོ་བར་བྱེད་དོ། །ཤིང་ལ་འཇིགས་ཏེ་གང་དུ་འདོད་པ་དེར་འགྲོ་པར ་འགྱུར་རོ། །ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་མཚན་མ་ཐོབ་པ་དང་རྐད་པ་བརྒྱད་བའི་འཁྲུལ་འཁོར་རྐད་པ་གཉིས་ལ་བསྒམས་ཏེ། ནམ་མཁའ་ལ་སྐས་ལྔད་གི་ཕྲེད་བ་ཡོད་པར་བསྒོམས་ནས་འཇིགས་ནས་གར་འདོད་པ་དེར་འགྲོའོ། །སྔགས་འཕྲོ་བར་བྱེད་ཅེས་པ་ནི་རང་ལ ་བྱང་བྱེད་པའི་སྔགས་ཀྱི་འཁྲུལ་འཁོར་གྱི་སྟེང་དུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་དུག་དང་ཁྲག་དང་ལན་ཚྭ་དང་སྐེ་ཚེས་བྲིས་ལ་མནན་ནས་རི་རབ་དང་གསེར་གྱི་ས་གཞིས་ཀྱང་མནན་ན་སྔགས་འཕྲོག་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་འཕྲོག་པ་ནི་སྔར་བསྙེན་པ ་འབུམ་བྱས་ལ་མཚན་མཐོབ་པ་དང། དངོས་གྲུབ་འདོད་པའི་གཟུགས་བརྙེན་བྱས་འདེའི་སྙིང་གར་རྐད་པ་བརྒྱད་པའི་འཁྲུལ་འཁོར་བཅུག་ནས་སྦྱིན་སྲེག་བྱ་བའམ་ཆུ་བོར་དོར་བའམ་ས་འོག་གཞུག་པར་བྱའོ། །ཁྲག་འདྲེན་པར་བྱེད་ན་ཞེས་བྱ་བ་ནི་སྤྲ་ཚལ ་གྱི་ལིང་ག་སོར་བརྒྱད་པ་བྱས་ལ་དེའི་སྙིང་གར་རྐང་པ་བརྒྱད་པའི་འཁྲུལ་འཁོར་ཁྲག་དང་བཅས་པ་གཞུག་པར་བྱ་ཞིང་གསང་བའི་གནས་སུ་ཟངས་མའི་ཁབ་བཙུགས་ན་ཁྲག་འདྲན་པར་བྱེད་དོ། །སླར་འོ་མས་ཀྲུས་ན་འཚོ་བར་འགྱུར། །གཟུངས་བརྒྱ་སྟོང་ཕྲག་??་??་?? ་མཁའ་འགྲོ་ལས་སྨན་གྱི་རྒྱུད་བཤད་པར་བྱ་སྟེ། མིའི་ཐོང་པར་ཨེ་རཎྚ་དང་སྨྱོ་བྱེད་ཀྱི་ས་བོན་བཏབ་ལ་བཀང་སྟེ་བསྐྱེད་ནས་སྨིན་པ་དང་མར་གྱི་ངོའི་ཉི་ཤུ་དགུ་ལ་དམངས་ཀྱི་བུད་མེད་ཀྱི་ཁྲུག་དང་བདུད་རྩི་ལྔས་དེའི་འབྲས་བུ་སྨིན་པ་ན་བསྐོམས་ཏེ་སྲོག་ཆགས་དང་རང? ་རུང་བའི་སྦུ་དང་སྐུད་པ་བྱས་ལ་སྲོག་ཆགས་དེའི་མགུལ་དུ་བཏོགས་ན་དེའི་གཟུགས་སུ་འགྱུར་རོ། འདོད་ན་སྣང་བར་འགྱུར་ཞིང་མི་འདོད་ན་སྣང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་གསེར་ཤིང་གི་ས་བོན་བླངས་ལ་ཉི་ཤུ་དགུ་ལ་ཁྲིའི་ཐོད་པའི་ནང་དུ་སྦྲུལ ་ནག་པོའི་ཞག་གིས་བསྒྲོས་ཏེ་བསྐྱེད་ལ་སྨིན་པ་དང་བླངས་ལ་གང་གི་མགུལ་དུ་བཅིངས་ཤིང་དེ་མི་སྣང་བར་འགྱུར་ཞིང་བཀྲོལ་ན་སྣང་བར་འགྱུར་རོ། །ཁང་བཟང་དང་ཤང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ། ཞེས་བྱ་བ་ནི་ཞལ་བཞི་ཕྱག་བཅུ་གཉིས ་པའི་བདེ་མཆོག་བསྒོམས་ནས་དགྲ་སྟ་ལ་ཡི་གེ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ཏེ་བསྟུན?་ན་ཕྱེ་མར་འགྱུར་རོ། །དུག་བདུད་རྩིར་བྱེད་པ་ནི་ལག་པ་གཡོན་པའི་ཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྐང་པ་བརྒྱད་པའི་འཁོར་ལོ་བཀོད ་ནས་སྣ་བུག་གཡོན་པའི་ཀླུང་གིས་རེག་ན་དུག་བདུད་རྩིར་བྱེད་དོ། །བདུད་རྩི་དུག་ཏུ་བྱེད་པ་ནི་བསྐུ་བའི་ཁ་བའི་ས་བོན་བླངས་ལ་སྦྲུལ་ནག་པོ་ཞག་གི་བྱུགས་ཏེ་གཟའ་མིག་དམར་གྱི་ཞག་ལམ་གྱི་བཞི་མདོར་སྦྲུལ་གྱི་ཐོད་པ་ཡང་བཀང་སྟེ་བསྐྱེད་ལ ་དེའི་ཁུ་བས་དཔྲལ་པར་ཐིག་ལེ་བྱས་ན་བཟའ་བཏུང་ལ་བལྟས་པ་ཙམ་གྱིས་དུག་ཏུ་འགྱུར་རོ། །ཟླ་བ་ཆུང་བྱེད་པ་ནི་སྨན་ཨརྐའི་མེ་སྤང་ལ་པདྨའི་སྣལ་མའི་ཕྱེ་མ་དང་འོ་མས་ལན་མང་དུ་བྱུགས་ཏེ་སྦྱིན་སྲེག་ཕུལ་བའི་ཐལ་བས་ཙི་ཏྲ་ཀའི་ཁུ་བ་རང་སྦྲུས ་ཏེ་རི་ལུ་གྲིབ་མ་ལ་བསྐམས་ཏེ་སོགས་མའི་ནང་དུ་བཅུག་ལ་ཆང་གིས་སྣོད་བཀྲུས་ན་འོ་མ་ལྟ་བུའི་ཁ་དོག་ཏུ་འགྱུར་རོ། །ཀུ་སུ་མའི་ཕྱེ་མ་དང་ཛམྦུ་རཱི་འབྲས་བུའི་ཆུ་བ་དང་འོ་མའི་ནང་དུ་བླུགས་ན་ཆང་འདྲ་བར་འགྱུར་རོ། །རོ་འཕྲོག་བ་ནི་ཚོར ་མ་དང་བཅས་པའི་ཤིང་ཀ་རཉྫའི་ཕྱེ་མ་དང་ན་དང་ཀའི་ཤུན་པའི་ཕྱེ་མ་དང་བསྲེས་པའི་ཕྱེ་མས་བདུགས་ན་དྲི་འཕྲོགས་པར་བྱེད་དོ། །གང་དུ་འདོད་པ་དེར་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི་གཉྫ་དང་ནང་རང་གའི་ཕྱེ་མས་གུ་གུལ་དང་བསྲེས་པས ་གླ་རྩི་ལ་བདུགས་ན་གུ་གུལ་གྱི་དྲི་བྲོ་བར་འགྱུར་རོ། །གླ་རྩི་དང་བསྲེག་པས་གུ་གུལ་བདུགས་ན་གླ་རྩིའི་བྲོ་བ་འཕྲོ་བར་འགྱུར་རོ། །ནམ་མཁའ་ལྡིང་གི་མདོག་གིས་འགྲོ་བར་འབྱིན་པར་བྱེད་ཅེས་བྱེ་པ་ནི་ཡནྟ་དད་ཏནྟ་སྤངས་པའི་ཏིང་ངེ་འཛིན་ཐམས་ཅད ་བརྟན་པ་ཡིན་ཏེ་ནམ་མཁའ་ལྡིང་གི་མདོག་ནི་གསང་བའི་རྡོ་རྗེའོ། །འགྲོ་བ་འབྱིན་པ་ནི་ཁུ་བ་གྱེན་དུ་བཟློག་པའོ། །ཤི་བའི་དུས་ཀྱི་ལྷ་མོ་དང་ཀུན་སྤྱོད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པའི་བདེ་བ་ཐོབ་པའོ། །དེ་ལྟར་བསམ་བཏན ་གྱི་བདེ་བའི་ཏིང་ངེ་འཛིན་ཐོབ་ན་མིའོ་མཆོག་དེའི་དངོས་གྲུབ་སྔ་མ་ཐམས་ཅད་ཀྱི་དཔལ་བསྡུས་ཀྱང་འཕྲོག་པར་མི་ནུས་སོ། །རྣམ་པ་དེ་ལྟ་བུ་དང་ལྡན་པའི་དངོས་གྲུབ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དགའ་བྲལ་ཏུ་མི་གཏོང་བའི་ཏིང་ངེ་འཛིན་ཡོད་ན་དངོས་གྲུབ ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་རོ། །དྲན་པ་ཙམ་གྱིས་གསོད་པར་བྱེད་དེ་ཞེས་བྱ་བ་ནི་རས་སམ་ཤིང་ཤུན་ལ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་དང་སོལ་པ་ལས་གཟུགས་བརྙན ་བྱས་ཏེ། སྙིང་གར་བཅུག་སྟེ་བསྒྲུབ་བྱ་བཀུག་ནས་མི་རུས་ཀྱི་ཕུར་བུས་སྙིང་གར་བཏབ་ནས་ཆུ་ཚན་བླུགས་ཏེ་དུར་ཁྲོད་ཀྱི་སར་སྦས་ན་ཉི་མ་བདུན་གྱིས་གསོད་པར་བྱེད་དོ། །སྤྲ་ཚིལ་གྱི་དབུས་སུ་ཟི་དང་ཡེ་ཤེས་བཅུག་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས ་ཏེ་ལན་སྟོང་ཕྲག་གཅིག་ཏུ་བརྐོས་ནས་འཕངས་ན་གནས་དེར་མི་བསྐྱེད་པར་བྱེད་དོ། །ས་བོན་རྣམ་པར་འཇོམས་པ་ཞེས་བྱེ་བ་ནི་ཏིལ་གྱི་མ་རི་རྒྱས་པ་སྐུས་ལ་རྡོ་རྗེ་རྩེ་གཅིག་པ་ལ་རྐང་པ་བརྒྱད་པ་སྟོད་བུ་བརྒྱད་བཟླས་ནས་བསྣུན་འཇོམས་པར་བྱེད་དོ། །སེར་བ ་འབེབས་པ་ནི་སྒྲ་གཅན་འཛིན་རྒྱུ་བའི་དུས་སུ་རྐང་པ་བརྒྱད་པ་སྟོང་རྩ་བརྒྱད་བཟླས་བའི་ཁྲག་གི་ཐོང་བ་མེ་ལ་བླུགས་ན་སེར་བ་འབེབས་སོ། །མདུང་རྩེ་གསུམ་པ་སྟོང་རྩ་བརྒྱད་བཟླས་ནས་སྦྱི་བོ་ལ་བསྐོར་ན་སེར་བཟློག་པར་བྱེད་དོ། །ལྷ་ཐམས ་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་གཞུག་པ་ནི་རྐང་པ་བརྒྱད་པའི་འཁྲུལ་འཁོར་ལྷ་རྣམས་ཀྱི་སྙིང་གར་བཅུག་ལ་འོད་མ་གཞུ་ལ་ཀ་ར་བཱི་རའི་མངའ་མཚལ་ཆེན་གྱིས་བསྐུས་ལ་ཐུགས་ཀར་འཕངས་ན་ལྷའི་གཟུགས་བརྙན་གར་བྱེད་པར ་འགྱུར་རོ། །ཐོད་པ་ཤ་མེད་པར་བཏོགས་པ་ནི་སྲིན་ལག་གཡོན་པའི་ཁྲག་གིས་གཟུགས་བརྙན་བྲིས་ལ་གང་གིས་མིང་དང་སྤེལ་བའི་དེའི་སྙིང་གར་འཁྲུལ་འཁོར་བྲིས་ལ་མིང་ནས་གཟུང་སྟེ་ལན་རེ་ཞིང?་རྐང་པ་བརྒྱད་པ་དད་སྦེལ་ལ་ནས་བཟླས་ཤིང་ཁྲག་དང ་མཉེས་ན་མོད་ལ་འཆི་བར་འགྱུར་རོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་ཅེས་བྱ་བ་ནི་བ་ལང་གི་ཤ་དང་བཅས་ལ་རྐང་པ་བརྒྱད་བའི་སྔགས་སྟོང་རྩ་བརྒྱད་ཟློས་ཤིང་སྦྱིན་སྲེག་བྱས་ན་རྒྱ་ལ་སྲིད་ཐོབ་པར་འགྱུར་རོ། །འདོད་ན ་འདུད་པར་འགྱུར་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་ཀྱིས་སྐྱོན་ཞི་བའི་སྦྱིན་སྲེག་གིས་རྒྱལ་སྲིད་ཀྱི་གཡེར་བསྡུད་པར་འགྱུར་རོ། །དེ་ལ་སྤྱོད་པ་ཇི་ལྟ་བུས་བྱ་ཞེ་ན། བཅོམ་ལྡན་འདས་ལ་རྐང་བ་བརྒྱད་པ་འདི་ཟློས་པའི་ཆོ་བརྟུལ་ཞུགས་མི་དགོས་སྤྱོད ་པ་དང་སྨྱུད་བ་མི་དགོས་ཆོས་ཐམ་ཅད་ཅི་བདེ་བ་ལས་བྱས་ན་གྲུབ་བར་འགྱུར་རོ། །གལ་ཏེ་ཁྲོས་པས་ལན་ཅིག་བཟླས་པས་འཚོ་བར་འགྱུར་རོ། །ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་མི་རུས་ཀྱི་སྨྱུ་གུས་དུག་དང་དུར་ཁྲོད་ཀྱི་སོལ་བའི་ཁུ་བས་འཁྲུལ་འཁོར ་བྲིས་ལ་དེ་བུས་སུ་མར་མར་ཕཊ་ཅེས་བྱ་བ་བྲི་བར་བྱའོ། །དེ་ནས་བསྙེན་པ་འབུམ་བྱས་ལ་དུག་དང་ཁྲག་དང་སྐེ་ཆོ་དང་ལན་ཚྭ་དང་ཡུངས་ཀར་དང་རྐང་རྗེས་དང་གསྲེས་པ་ལས་བྱས་པའི་ལིང་གའི་སྙིང་གར་བཅུག་ནས་ལས་ལ་སྦྱར་བའི་ཚེ་ལན་གཅིག ་བཟླས་ན་འཚ་བར་འགྱུར་ཞིང། འོ་མས་བཀྲུས་ན་འཚོ་བར་འགྱུར་རོ། །དུར་ཁྲོད་ཀྱིས་སོལ་བ་ལ་ལན་ཅིག་བཟླས་པ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་དང་དགུ་ལ་རོ་བསྲེགས་པའི་མེ་ལ་ཤིང་ཨརྐ་བསྲེགས་ལ་དྷ་ཏུ་རའི་ཁུ་བས་མེ་བསད་ལ་དུག་དང་ལན་ཚྭ་དང་བཅས ་བའི་སོལ་བྱའི་ཁུ་བ་མི་རུས་ཀྱི་སྨྱུ་གུས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ལ་དུར་ཁྲོད་ཀྱི་ཤལ་བ་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པའི་སྙིང་གར་མེད་དང་སྤེལ་བའི་འཁྲུལ་འཁོར་བཅུག་ནས་དགུག ་པ་ལ་སོགས་བ་བྱས་ནས་གུ་གུལ་གྱིས་བདུག་ཅིང་དུར་ཁྲོད་ཀྱི་སོལ་བའི་སྟ་རི་བྱས་ཏེ་ལིང་ག་གཏུབས་ན་དེའི་མོད་ལ་ལྟུང་བར་འགྱུར་ཞིང་འཆི་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་སྔགས་བཟླས་ཏེ་བསྣུན་ན་དེའི་མོད ་ཤ་ཟས་གཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་སྔགས་ལན་ཅིག་བཟླས་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཤིང་ཨརྒའི་ཐལ་བ་ཉི་ཤུ་རྩ་དགུའི་མཚན་མོ་སྤང་ལེབ་བམ་རྩིག་པ་ལ་གཟའ་ཆེན་པོ་བརྒྱད་བྲིས་ལ་སྙིང་གའི་དབུས་སུ་བསྒྲུབ་བྱའི་མིང་སྤེལ་བའི་འཁྲུལ་འཁོར ་གཅུག་ལ་བདུད་རྩི་ལྔའི་དུད་པས་བཅུག་ཅིང་སྔགས་བཟླས་ན་གཟའ་ཆེན་པོ་བརྒྱད་ཀྱིས་གདོན་མི་ཟ་བར་??་འགྱུར་རོ། །འོ་མས་བཀྲུས་ན་འཚོ་བར་འགྱུར་རོ། །ཏི་མུཀྟ་ཀའི་ལྕུག་མ་ལ་ལན་ཅིག་བཟླས་པ་ཞེས་བྱ་བ་ནི་ཙན་དན་དམར་པོའི་རི་བུ་བྱས་པའི་བསྒྲུབ་བྱའི་གཟུགས ་བརྙན་གྱི་སྙིང་གར་དུར་ཁྲོད་ཀྱི་རས་ལ་རོའི་སན་རྩི་དང་འགི་ཝང་གི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཁྲུལ་འཁོར་བྲིས་ལ་བཅུག་ནས་དགུག་པ་ལ་སོགས་པ་བྱས་ཏེ། དྲིའི་ཆུས་སྐུ་ཁྲུས་གསོལ་ཞིང་ཨ་ཏི་མུཀྟའི་ལྕུག་མ་ལ་སྔགས་ལན་བདུན་བཟླས་ཏེ་བསྣུན ་པར་བྱའོ། །བསྣུན་པའི་ཆོ་བསྒོམ་བསྒྲུབ་བྱ་བའི་གཅེར་བུ་སྒྲ་གྲོལ་བ་བྱང་ཆུབ་ཀྱི་སེམས་འབབ་ཅིང་ཁ་དོག་ཉམས་ཤིང་འཇིགས་པས་བརྒྱལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྔ་མོ་ལ་བསྐྱོན་ནས་རང་གི་རྐང་པའི་དྲུང་དུ་ལྷུང་བར་བསམས་པར་བྱའོ། ། ་གསེག་མ་ལ་ལན་ཅིག་བཟླས་ཏེ་ཞེས་བྱ་བ་ནི་མིའི་ཐོང་བའི་དུམ་བུ་ལ་བ་བླ་དང་ཡུང་བས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་འཁྲུལ་འཁོར་ལ་གནས་པའི་འཁྲུལ་འཁོར་མིང་དང་སྤེལ་བ་བྲིས་ཏེ་དུར་ཁྲོད་དང་ལམ་གྱི་བཞི་མདོར་ཁྲུ་གང་ཙམ་བསྐོས་ཏེ་སྦ་ཞིང་ཁ་སྦུབ་ལ་གསེག་མ ་ལ་སྔགས་བཟླས་ཤིང་གང་ལ་འདེབས་པ་དེ་རེངས་པར་འགྱུར་རོ། །གང་དུ་ལྡིང་བ་དེར་འགྲོ་བར་འགྱུར་རོ། །ཞེས་བྱ་བ་ནི་ཚུབ་མས་ཁྱེར་བའི་ཤིང་ལོ་ལ་མཆིལ་མ་དང་ཁྭའི་ཁྲག་གིས་བྱ་རོག་གི་སྒྲོའི་སྨྱུ་གུ་བྱས་ལ་འཁྲུལ་འཁོར་བྲིས་ཏེ་ཚུབ་མ་ཆེན་པོ་གྱེན་དུ ་ལྡང་བ། །བསྐུར་ན་བསྐྲད་པའི་གནས་དེར་འགྲོ་བར་འགྱུར་རོ། །གུ་གུལ་ཆེན་པོས་བདུགས་ན་ཞེས་བྱ་བ་ནི་ར་ཐུག་གི་རྭ་དང་རྨིག་པ་བཞི་དང་མིའི་ཆེ་ལ་དད་བཤད་བ་ཆ་མཉམ་ལ་ཆད་གིས་སྦྲུས་ཏེ་ཨ་བདུགས་ན་སེམས་ཅན་ཐམས་ཅད་ལ ་མཁའ་འགྲོ་མ་འབེབས་པར་འགྱུར་རོ། །ལག་པ་གཡོན་པས་ཆང་བཀབ་ལ་གཡོན་པའི་སྲིན་ཁར་བཅུག་ནས་ཚིགས་གསུམ་གྱི་གནས་སུ་ལྕེས་རེག་ཅིང་བཞིབས་ན་དུས་སུ་ཟིན་པའི་དུག་གསོ་བར་བྱེད་དོ། །མཁའ་གྲོ་མས་རྒྱས་བཏབ་པ་ལ་ཞེས་?? ་དུར་ཁྲོད་ཀྱི་རས་ལ་ཤིང་ཨ་ཏི་མུཀྟའི་སྨྱུ་གུས་སྔར་བཤད་པའི་འཁྲུལ་འཁོར་བྲིས་ཏེ་ལྟེ་བའི་དབུས་སུ་ཨ་བྲུ་གསུམ་བྲིས་ལ་ཟུར་གསུམ་དུ་ཨ་ཨ་ཧཱུཾ་གསུམ་དང་དབུས་སུ་རཀྵ་ཞེས་བྱ་བ་ཞི་མིང་དང་སྤེལ་བ་བྲིས་ཏེ་བསྒྲུབ་བྱའི་མགུལ་ཏུ་བཏགས་ལ ་བ་ཚིལ་དུ་རྐང་པ་བརྒྱད་པ་བཟླས་ཤིང་གདོན་གྱི་གཟུགས་བརྙན་བྱས་པའི་སྙིང་གར་གདོན་གྱི་མིང་བཅུག་ལ་ཆུས་ཡང་དང་ཡང་དུ་བསྣུན་ཞིང་སླར་གདོན་རེངས་པར་འགྱུར་རོ། །ཀ་ར་བཱི་རའི་ལྕུག་མ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི ་མིང་དང་སྤེལ་བའི་འཁྲུལ་འཁོར་བྲིས་ལ་བུད་མེད་ཀྱི་རོ་བསྲེགས་བའི་ཐལ་བ་དང་ཙན་དན་ཡང་པོའི་རྡུལ་དང་བསྲེས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ་ཀ་ར་བཱི་རའི་ལྕུག་མ་ཁྲུ་དོ་ཡོད་པ་དུར་ཁྲོད་ཀྱི་མེ་ལ་གདུངས་ནས་སླར ་ཡང་བླངས་ཏེ་སྤྱི་བོ་ལ་བསྒོར་ཞིང་སྔ་མའི་གཟུགས་བརྙན་གྱི་ལྟེ་བར་བསྣུན་ནམ་ལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །དེ་ལ་འཕྲུལ་འཁོར་ནི་འདི་ཡིན་ཏེ་ཡི་གྲུ་གསུམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་འཁོར་ལོ་གསུཾ ་བྲི་ལྟེ་བར་སྣ་ཚོགས་རྡོ་རྗེ་རོའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བར་བཅོམ་ལྡན་འདས་ཀྱི་ཧཱུཾ་བཾ་དང་ཡུམ་གྱི་ས་བོན་བཾ་པདྨ་འདབ་མ་བརྒྱད་ལ་རྐང་བ་བརྒྱད་པའི་སྔགས་བྲིས་ལ་འཁོར་ལོ་གསུམ་ལ་རང་གི་ལྷའི་སྙིང་པོ་བྲིས་ལ་རྡོ་རྗེ་དང་པདྨ ་དང་འཁོར་ལོས་བསྐོར་བ་དང་སྒོ་དང་མཚམས་སུ་མཁའ་འགྲོ་མའི་སྙིང་པོ་དང་དུར་ཁྲོད་བརྒྱད་ཀྱི་གནས་སུ་རྐང་བ་བརྒྱད་བའི་སྔགས་དང་རྡོ་རྗེ་ར་བ་དང་མེ་འོད་ཀྱི་བར་དུ་ཀ་ར་བཱི་རའི་སྔགས་བྲི་བར་བྱའོ། དབུས་སུ་བསྒྲུབ་བྱའི་མིང་ཞི་བ་དང་རྒྱས ་བ་ལ་སོགས་བ་དང་སྤེལ་བའི་མིང་ལ་ལས་བཅུ་གཉིས་བྱེད་བར་འགྱུར་རོ། །པདྨ་འདབ་མ་བརྒྱད་པ་རེ་མིག་བརྒྱད་དུ་བྱས་ཤིང་རྡོ་རྗེ་རོལ་བ་རྟའི་འགྲོས་སམ་གཤིན་རྗེ་དབྱུག་པ་འཆད་བ་འམ་ཡི་དགས་སྲིན་པོའི་གདོད་དམ་མོ་རིགས་ལྡན་མའི་འཁོར་ལོ་དགོད ་བྱའོ་ཞེས་མཁའ་འགྲོ་ལས་གསུངས་སོ། །དེ་ལྟར་ལས་ལྔ་བཅུ་བཤད་ནས་ཕན་ཡོན་སྟོན་པའི་དཔལ་ལྡན་ཁྲག་འཐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་བརྒྱད་པའི་སྔགས་མི་ཤེས་པར་དངོས?་གྲུབ་འདོད་པ་རྨོངས་པ་འབྲས་འདོད་པ་ཕུབ་མ་བརྡུངས་པ་དང་མཚུངས་སོ ་གསང་སྔགས་འདི་མེད་པར་འཇིག་རྟེན་དང་ཐུན་མོད་གི་དངོས་གྲུབ་གསུམ་མིའི་རྣལ་འབྱོར་བས་ཐོབ་པར་མི་འགྱུར་རོ། །གསང་སྔགས་འདི་མི་ཤེས་ན་ཞིག་ནས་དང་ལྷག་མཐོད་གི་རྣལ་འབྱོར་ཡང་ངལ་བ་དོན་མེད་ཅིང། ཞི་གནས་དང་ལྷག་མཐོད་གི་འབྲས ་བུ་ཡང་ཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་མི་འགྱུར་སྙམ་ན་སྦྲུལ་པའི་སྐུའི་རྐང་པ་བརྒྱད་པ་ཡིན་གཞན་གྱི་དོན་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་དགོངས་སོ། །གསང་སྔགས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་བདེ་བར་གཤེགས་པས་རྒྱུད་སྡེ་བཞིར ་གསུངས་པའི་གསང་སྔགས་ཀྱི་དངོས་གྲུབ་རྐད་པ་བརྒྱད་པའི་སྔགས་དང་ཕྱག་རྒྱའི་དངོས་གྲུབ་དེ་ལྟ་བུའི་འབྲས་བུ་མ་གྲུབ་ན་ཇི་ལྟར་བྱ་ཞེ་ན་བཟའ་བཏུང་བ་ལ་སོགས་པ་ཞེས་སྨོས་ཏེ་ཚོགས་ཀྱི་འཁོར་ལོས་བསྐྱར་བའི་ཆོག་བྱས་ནས་བསྒྲུ ་ན་ཟས་ཀྱི་མཆོག་བཅུད་ཀྱིས་ལེན་དང་བཅུད་ལ་སོགས་པ་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་ཏེ། ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།རྩ་བའི་སྔགས་ཀྱི་དངོས་གྲུབ་དང་ལས་བཤད་ནས་སྙིང་པོའི་དངོས་གྲུབ་དང་ལས་བཤད ་པ་ནི་དེ་ནས་ཧེ་རུ་ཀ་གཉིས་མེད་ཅེས་བྱ་བ་སྨོས་ཏེ། །ཧེ་རུ་ཀ་ནི་རྣམ་པ་གསུམ་སྟེ་སེམས་ཀྱི་འཁོར་ལོ་དང། ལུས་ཀྱི་འཁོར་ལོ་དང། སྤྲུལ་པའི་འཁོར་ལོའོ། དེ་དང་གཉིས་སུ་མེད་པའི་སྦྱོར་བ་གང་གི་ཤེས་བ་ཙམ་གྱིས་སྐུ་གསུམ་ཀྱི་འབྲས་བུའི་དངོས ་དང་།འཇིག་རྟེན་གྱི་དངོས་གྲུབ་ཐེ་ཚོམ་མེད་བསན་རེ་ཤིག་དང་བོར་སྐུ་གསུམ་བཤད་པར་བྱའོ། །དེ་ལྟར་མདོར་བསྟན་ན་??་??་རང?་ནི་ཆོས་ཀྱི་སྐུ་ཡི་དུ་ཅན་དུ་ཞེས་བྱ་བ་གསུངས་ཏེ། གང་གི་སེམས་ཀྱིས་འཁོད་ལོ་བདེ་མཆོག་བསྒོམས་པའི་སྒྲུབ ་པ་པོ་དངོས་གྲུབ་བརྒྱད་ཐོབ་པར་གྱུར་པ་ན། ཡེ་ཤེས་ཀྱི་སྐུ་གྲུབ་པ་ཡིན་ན། །གང་གི་ཆོ་ལོངས་སྤྱོད་རྫོཊ་པའི་སྐུ་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་པོས་བསྒོམས་ན་གྲུབ་པར་འགྱུར་བ་དེའི་ཆེ་རྒྱའི་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །གང་གི ་ཚེ་སྤྲུལ་པའི་འཁོར་ལོ་བདེ་མཆོག་སྦྲུལ་པའི་སྐུའི་རང་བཞིན་དུ་སྒྲུབ་པ་པས་བསྒོམས་ནས་སྤྲུལ་པའི་སྐུ་ཐོབ་པར་འགྱུར་པ་ཡིན་ནོ། །ཡང་ན་རྫོགས་པའི་རིམ་པའི་དབང་དུ་བྱས་ནས་དབང་བཞིར་པ་ཐོབ་ནས་རིམ ་གྱིས་སྟོང་པ་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་ཏེ་བདེ་བ་ཆེན་པོའི་རྒྱས་བཏབ་ནས་བསམ་གྱིས་མི་ཁྱབ་པར་བསྒོམས་པ་དེའི་ཆོས་ཆོས་ཀྱི་སྐུ་ཐོབ་བར་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་ནས་ལས་ཀྱི་ཕྱག་རྒྱ ་ལ་བདེ་སྟོང་རེག་བྱའི་སྟོང་པ་རྟོགས་ནས་བཟུང་བ་རང་བཞིན་མེད་པར་ཤེས་པར་འོད་གསལ་བའི་སྟོང་པ་ཉིད་བསྒོམས་ན་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །གསང་བའི་དབང་ཐོབ་ནས་རོ་རྡོ་རྗེ་མལ་སྒྱུ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པས་ཆོས ་ཀྱི་ཕྱག་རྒྱ་ལ་རྟེན་ནས་རྒྱུ་མ་ལྟ་བུའི་རང་བཞིན་བདག་བྱིན་གྱིས་རློབ་པའི་ལམ་བསྒོམས་ནས་སྤྲུལ་པའི་སྐུའི་རང་བཞིན་ཐོབ་པར་འགྱུར་རོ་ཞེས་སློབ་དཔོན་ཀླུ་དཔོན་ཀླུ་སྒྲུབ་ཀྱིས་བཤད་དོ། །ཡང་ན་རྩེའི་འཁོར་ལོ་བསྒོམས་པས་སྤྲུལ་པའི་སྐུ་དང། རང་གི ་འཁོར་ལོ་བསྒོམ་པས་ཕོངས་སྤྱོད་རྫོགས་པའི་སྐུ་དང་སེམས་ཀྱི་འཁོར་བསྒོམས་པས་ཆོས་ཀྱི་སྐུ་ཐོབ་པོ་ཞེས་ཁ་སྦྱོར་ལས་གསུངས་སོ། །བདག་ཉིད་ཧེ་རུ་ཀར་??་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་ནི་རྩ་གསུམ་གྱི་ཧེ་རུ་ཀར་གྱུར་བ་ལ་ཐེ ་ཚོམ་མེད་པའོ། །སྙིང་པོའི་དབུས་སུ་ཇི་ལྟར་འགྱུར་ཞེ་ན། བསྐྱེད་རྫོགས་གཉིས་བསྒོམ་པ་ལ་སྙིང་པོའི་སྔགས་བཟླས་པས་སྐུ་གསུམ་གྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་མཆོག་ཞིས་དངོས་གྲུབ་བཤད་ནས ་འཇིག་རྟེན་གྱི་དངོས་གྲུབ་གསུངས་པ་ནི་གསང་སྔགས་ཀྱི་སྙིང་པོ་འདི་འབྲས་བུ་བཤད་ནས་སྒྲུབ་པོ་ཉོན་ཞེས་བྱ་བ་ནི་དངོས་གྲུབ་དང་ལས་ཀྱི་ཚོགས་ཉོན་ཅིག་པའོ། །སྙིང་བོ་བཟླས་བས་དཔག་ཆད་བྱེད་བད་འཕགས་པར་འགྱུར་ཞིང་འགྲོ་བ་དང་འོང་བར་འགྱུར་རོ་ཞེས་བྱ་བ ་འདིའི་དོན་ནོ། །རྡོ་རྗེ་མཁའ་འགྲོ་ལས་ཡུངས་ཀར་ལ་བགེགས་བསྐྲད་པའི་རོའི་ཁྲག་དང་ཞག་གིས་བསྐུར་བ་ལ་ཉི་ཤུ་བཞིའི་ཞག་སྐར་མ་རྒྱལ་དང་གཟའ་ཉི་མ་འཛོམ་པའི་དུས་སུ་དུར་ཁྲོད་ཀྱིས་ལ་ཁྲག་དང་ཞག་གིས་སྤྲས་ཏེ་མེའི་ཐོར་བར་ཡུངས་ཀར ་བསྐྱེད་ལ་སྨིན་པའི་ཚེས་ལམ་ལྷུང་བར་དམངས་རིགས་ཀྱི་བུ་མོའི་ལག་པར་བཞག་ནས་དེའི་མར་ཁུ་བཙིར་ལ་མིའི་ཐོད་པར་སྤས་ལ་བསྲུང་བར་བྱའོ། །དེ་ནས་འགགས་པའི་རོ་བཙལ་ལ་དཀྱིལ་འཁོར་སྟེང་དུ་རོ་བཞེག་ནས་དེའི་སྙིང་གར་དུར་ཁྲོད ་བརྒྱད་ཀྱི་མཁའ་འགྲོ་བཅུག་ནས་ཤ་དང་ཁྲག་དང་ལྡན་པའི་གཏོར་མ་བྱིན་ལ་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ཏེ་དུར་ཁྲོད་བརྒྱད་ཀྱི་བགེགས་སྤྱན་དྲར་བར་བྱའོ། །དེའི་ཚེ་རོའི་ལུས་ལས་སྣ་ཚོགས་ཀྱི་བགེགས་འབྱུང་བ་དང། ཧེ་རུ་ཀ་ཕྱག་འབུམ་པ་བསྒོམས ་ལ་བདུད་རྩི་ལྔ་ཆང་དང་ལྡན་པ་དེའི་ལྕེ་ལ་བཞག་ནས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འོད་ལན་མི་རིགས་རྣམས་མྱུར་དུ་ཐལ་བར་རློག། ཨོཾ་ཧ་ན་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་བཅས་པས་རོའི་ཁར ་བླུགས་ལ་སྔར་བཤད་པའི་མར་ཁུས་རང་གི་ལུས་པོ་ལ་བྱུགས་རོའི་སྟེང་དུ་ཞོན་ནས་མཁའ་སྤྱོད་ཀྱི་གནས་སུ་ཁེར་ཅིག་ཅེས་བྱས་ན་འགྲོ་བ་དང་འོད་བ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པར་འགྱུར་རོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ། །ཞེས་བྱ ་ནི་ཡུངས་ཀར་གྱི་ས་བོན་ལ་བྱི་ཏང་ཀའི་ཁུ་བ་དང་ཁྲག་གིས་བྱུགས་ལ་ཉ་ཕྱིས་ཀྱི་སྣོད་དུ་དུར་ཁྲོད་ཀྱི་ས་བཀད་ལ། བསྲུང་བ་བྱས་ཏེ་བཙུགས་ནས་ཡོངས་སུ་སྨིན་བའི་དུས་སུ་འབྲས་བུ་མི་གཞོན་ནུ་མའི་ལག་པར་ལ་ལམ་ལྟུང་བར ་བཞག་ལ་སྙིང་བོའི་སྔགས་བཟླས་ཤིང་ཁར་བཅུག་ན་བྱའི་གཟུགས་འཛིན་པར་འགྱུར་རོ། །དེ་བཞིན་དུ་ཁྭ་དང་ཅེ་སྤྱད་དང་རྨ་བྱ་དང་ངང་པ་ངང་ཁྱིམ་བྱ་དང་རྟ་དང་བ་ལང་དང་བོད་བུ་དང་ཀྱི་དང་ཕག་དང། ལུག་ལ་སོགས་པའི་ཐོད་པར་ས་བོན་བསྐྱེད ་ནས་བསྲུད་པ་བྱས་ཏེས་ལམ་ལྷུར་བར་དམངས་རིགས་ཀྱི་བུ་མོའི་ལག་པར་བཞག་ནས་སྙིང་པོ་བཟླས་ཤིང་བདག་ཉིད་ཀྱི་ཁར་བཅུག་ན་དེ་དང་དེའི་གཟུགས་འགྱུར་རོ། །ཁ་ནས་བཏོན་ན་སྔ་མ་བཞིན་དུ་འགྱུར་རོ། །ཁད་བཟད་དང་ཞིང་དང་ཁྱིམ ་རྣམས་ལ་འཇིགས་ཏེ་ཞེས་བྱ་བ་ནི་ཟླ་བ་ཡང་གྱི་དོའི་ཚེས་དགུ་ལ་སྐར་མ་རྒྱལ་དད་གཟའ་ཉི་མ་འཇམ་པའི་ཞག་བྱོལ་བ་འམ། །མ་དུ་ལུང་ག་གང་ཡང་དུད་བའི་ས་བོན་བླངས་ལ་མིའི་ཐོད་པར་དུར་ཁྲོད་ཀྱི་སས་བཉད?་ལ་བསྐྱེད་དེ། །རྐང་?? ་ཐལ་བས་བྱུགས་ཏེ་བསྐྱེད་ལ་??་བཅུད་ཅན་གྱིས་རྐད་པ་བརྒྱད་པ་བཟླས་པའི་ཆུས་བཅུ་ཞིད་གཤིན་རྗེ་གཤེད་དང། བགེགས་མཐར་བྱེད་ཀྱི་གཏོར་མ་བྱིན་སྤྱན་གྱི་སྔགས་ཀྱིས་གཙུགས་ལ། མཱ་མ་ཀཱིའི་སྔགས་ཀྱིས་ཆུ་བླུགས་སྒྲོལ ་མས་བུ་རམ་གསལ་ལོ་དགོས་དཀར་མོའི་སྔགས་གྱིས་བསྲུངས་བའོ་འབྲས་བུ་དེ་སྨིན་པའི་ཆེས་བོན་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ཏེ་རུ་ལུ་བྱས་ནས་ཁང་བཅུག་ན་རྣལ་འབྱོར་མ་དང་ལྷན་ཅིག་དཔག་ཚད་བྱེ་བར་འགྲོ་བ་དང ་ནམ་མཁའ་ལ་འགྲོ་ཞིང་འོང་བ་དང་ཁ?་ནས་བཏོན་ནས་སྣང་བར་འགྱུར་ཞིང་མ་བཏོན་ན་མི་སྣང་བར་འགྱུར་རོ། །བྱིས་པ་དང་རྒན་པོ་དང་དར་ལ་བབ་པའི་ཐོད་བར་བཀྱེད་ན་དེའི?་གཟུགས་འཇིན་པར་འགྱུར་རོ་ཞེས་གསུངས་སོ། །འདོད་ན་བྱིས་པ ་དང་རྒན་དང་དར་ལ་བབ་བཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་སྟོན་པ་ཡིན་ཏེ་ས་སྤྱོད་གསུང་ག་དངོས་གྲུབ་སྒྲུབ་པའི་ཆོ་གསུང་གི་འཁོར་ལོའི་ལྷ་དགུ་བྱིས་བའམ་རྒན་པོའམ་དར་ལ་བབ་པའི་གཟུགས་སུ་བསྒོམ་སྟེ་ཚོགས་ཀྱི་འཁོར་ལོར་བྱས་ན་དེའི་གཟུགས ་འཇིན་པར་འགྱུར་རོ། །འདོད་ན་གླང་པོ་ཆེ་དང་ཞེས་བྱ་བས་འོག་ཏུ་མཁའ་སྦྱོད་སྐུའི་འཁོར་ལོ་སྒྲུབ་པར་འདོད་པ་དེའི་ཆོ་སྐུའི་འཁོར་ལོའི་ལྷ་དགུ་གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་བསྒོམས་ཏེ་ཆོད་ཀྱི་འཁོར་ལོ་དེའི་གཟུགས་འཇིན་པར་འགྱུར་རོ། ། ་འདོད་ན་རྣ་བ་དང་ཞེས་བྱ་བས་མཁའ་སྦྱོད་ཐུགས་ཀྱི་དངོས་གྲུབ་??་??་མཚེ་རྨ་བྱ་དང་ཁྱིམ?་བྱ་དང། ལ་སོགས་པ་གཟུགས་སུ་བསྒོམས་ན་དེའི་གཟུགས་འཛིན་པར་འགྱུར་རོ། །གང་འདོད་པའི་གཟུགས་སུ་བྱེད་དོ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ལ་སོགས་བའོ་གཟུགས་སུ་སྒོམ་ན་དེའི་གཟུགས་སུ་འགྱུར་རོ། །ཚིག་འགྲོགས་པ་དང་ཞེས་བྱ་བ་ནི་རི་རུས་ལས་བྱས་པའི་སོར་བརྒྱད་པའི་ཕུར་བུ་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བནདྷ་བནདྷ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འབུམ་བཟླས་ཏེ་ཙན ་དན་དམར་པོའི་རྒྱལ་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དུང་ཁྲོད་ཀྱི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་འཁྲུལ་འཁོར་བྲ་བར་བྱ་སྟེ། འཁྲུལ་འཁོར་ནི་སྒོ་ཁྱུད་དང་ལྡན་པའི་དབུས་སུ་འདབ་མ་བརྒྱད་དང་བཅུ་དྲུག་རིམ་པ ་གཉིས་མུ་བཀོད་ལ་ལྟོ་བར་བསྒྲུབ་བྱའི་མིང་དང་སྦེལ?་པའི་ཡབ་ཡུམ་གྱི་སྙིང་པོ་ཧཾ་ཧི་དགོད་པར་བྱའོ། །ནང་མའི་འདབ་མ་བརྒྱད་ལ། ཨོཾ་ཧེ་ཧེ་རུ་བཞི་དང་བུམ་པ་བཞི་དགོད་པར་བྱའོ། །ཕྱི་རོལ་གྱི་བཅུ་སྒྲུག་ལ་རུ་ཀ་བཛྲ་ཌཱ་ཀི་ནཱི ་ཛཱ་ལ་སཾ་པ་ར་ཧུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བ་བཀོད་ལ། བསྒྲུབ་བྱའི་སྙིང་གར་བཅུག་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་དགུག་པ་ལ་སོགས་པ་བྱས་ན་སྔར་བཤད་པའི་ཕུར་བུ་ཀློག་མར་བཏབ་ན་ཚིག་འཕྲོག་པ་དང། མིག་ཏུ་བཏན? ་ན་མཐོང་བ་འཕྲོག་པ་དང། རྣམ་པར་བཏབ་ན་ཐོས་པ་འཕྲོག་པ་དང། སྣལ་ཕ་ཏེ་བ་ན་དྲི་འཕྲོག་དང། །ལྕེ་ལ་བཏབ་ན་རོ་འཕྲོག་པར་བྱེད་དོ། །ལྒང་འདོད་པ་དེད། བྲག་འདྲེན་པ་ཞེས་བྱ་བ་ནི་ཙན་དན་དམར་པོའི་རྒྱུ་ལ་བྱས་པའི ་ལྟེ་བར་འཁྲུལ་འཁོར་བཅུག་ལ་བུད་མེད་ཡིན་ན་སྟ་གནས་སྐུད་པ་འདོད་པའོ། །སྐྱེས་པ་ཡིན་ན་སྣ་བུག་ནས་སྐུད་པ་བཏོན་ནས་སྐུར་བ་བཅོན་ཞེད་??་དང་ཤེས་རབ་གཉིས་སུ་མེད་པར་བསྒོམས་ཏེ་སྙིང་པོའི་སྔགས་ཀྱིས་བཟླས་པ་བྱའོ། །དེ་ནས་ཚ་བ་གསུམ ་དང་སྦྲ་ཚིལ་གྱིས་བྱུགས་ལ་སེར་ལྡེང་གི་མེ་མདག་ལ་བདུག་ལ་བདུགས་ན་དེས་པར་ཁྲག་འདྲེན་པར་འགྱུར་རོ། །གནོད་བར་བྱེད་ཅེས་བྱ་བ་ནི་སྔ་མ་བཞིན་དུ་སྙིང་པོའི་འཁྲུལ་འཁོར་བྲིས་ལ་སྒྲུབ་བྱའི་རྐང་རྗེས་དང་ཙན་དན་དམར་པོའི་རྒྱུ་ལ་དུར་ཁྲོད ་ཀྱི་ཟས་ཀྱི་ལྷག་མ་དང་གཅིག་ཏུ་བྱས་པའི་ལིང་གའི་སྙིང་གར་འཁྲུལ་འཁོར་བཅུག་ལ་སྦྱིན་སྲེག་བྱས་ན་ཡང་ཁྲག་འདྲེན་པར་བྱེད་དོ། །ལོའུ་བཅུ་བའི་རྣམ་པར་བཤད་པའོ།། །།དེ ་ལྟར་སྙིང་པོ་དང་སྔགས་ཀྱི་དངོས་གྲུབ་དད་ལས་བཤད་ནས། །ད་ནི་དངོས་གྲུབ་ཀྱི་ཡན་ལག་གི་རྫས་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་སྒྲུབ་པ་པོ། གང་ཞིག་བསྟེན་པ་ཅན་བྱིས་ནི། ཞེས་བྱ་བ་ནི་དངོས་གྲུབ་གྲུབ་པའི་ཁ་བས་བཤད་པ ་ཡིན་ཏེ། གང་ཞིག་བསྟེན་པ་ཙན་གྱིས་དངོས་གྲུབ་ལ་འཇུག་ཅིང་དངོས་གྲུབ་ཐོབ་པ་ནི་སྐྱེ་བ་བདུན་པའི་འགྲོ་བ་ཤལ་སོགས་པ་ཡིན་པས་དེའི་ཐབས་བཤད་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་བ་ནི་སྐྱེས་བུ་གང་ཞིག ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་དྲི་ཞིམ་པོ་ནི་སྐྱེ་བ་དང་པོའི་རྟགས་སོ། བདེན་པར་སྨྲ་བ་གཉིས་པའི་རྟགས་སོ། །མིག་མི་འཛུམ་པ་གསུམ་བའོ། །ཁྲོ་བ་མེད་པ་བཞི་པའོ། ཁའི་དབུགས་དྲི་ཞིམ་པ་ནི་ལྔ་པའོ། །དེས་བརྗོད་ལས་གསུངས་པའི ་གྲིབ་མ་བདུན་ནོ། །བདུན་པ་དད་པའི་འགྲོས་ཅན་རྣམས་ཏེ་སྐྱེ་བ་བདུན་པའི་རྟགས་དེ་རྣམས་ཤེས་ནས་དེ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་ཡིས་བསྟེན་པ་དང། འཆི་བའི་དུས་ཀྱི་ཆོ་བྱེད་ཀྱི་དངོས་གྲུབ་བདག་ལ་གསོལ་ཅིག་ཅེས་གསོལ་བ་??་བྱའོ། །དེ་ལ་ཁ་ན་མ་ཐོབ་?? ་པར་ཉེ་བ་དང། དེའི་སྙེད་གནའ་གི་བར་ཡོད་པ་བླངས་ལ་དཔལ་ཧེ་རུ་ཀའི་སྙིང་པོའམ་ཉེ་བའི་སྙིང་པོ་ལ་སོགས་གད་ཡང་དུ་རབ་རྒྱབ་ཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་ནམ་མཁའ་ལ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །སྙིང་རོ། །སྙིང་གར་ཐིག་ལེ ་བྱས་ན་གཞན་གྱི་སེམས་ཤེས་པ་དང། མིག་ཏུ་ཐིག་ལེ་བྱས་ན་ལྷའི་མིག་ཐོབ་པ་དང། རྣ་བར་ཐིག་ལ་བྱས་ན་ལྟའི་རྣ་བ་འབྱུང་བ་དང། རྐད་པར་ཐིག་ལེ་བྱས་ན་རྐང་མགྱོགས་ཀྱི་དངོས་གྲུབ་འབྱུང་བ་ལ་སོགས་པ་ནི་རྒྱུད་བླ་མ་ལས་བལྟ་བར་བྱའོ། །དེ ་ལྟར་སྟོན་པ་ཙམ་གྱིས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་ཡ་ཤེས་དང་ལྡན་པའི་སངས་རྒྱས་སུ་འགྱུར་རོ། །དཔག་ཚད་ཅེས་བྱ་བ་ནི་སྐྱེ་བ་བདུན་པའི་ཤ་ཟོས་ན་དཔག་ཚད་ལྔ་བཅུར་འགྲོ་བ་དང་འོད་བར་ནུས་པར་འགྱུར་རོ། །དེ་ནི་འཛག་རྟེན་གྱི་དངོས ་གྲུབ་བོ། །དེའི་སྙིང་ཟེས་ན་བསམ་གཏན་དང་གཟུགས་མེད་ཀྱི་ལུས་ཐོབ་པར་འགྱུར་རོ། །ཐུན་མོང་དངོས་གྲུབ་བོ། །དཔལ་ཧེ་རུ་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོ་གང་གིས་ཤེས་པའི་ཕྱིས་འཆད་པར་འགྱུར་བ་ལས་བཅུ་གཉིས་བོ་གང་དང་གང་འདོད་པ་དེ་ཐམས ་ཅད་ས་ཐོབ་པར་འགྱུར་རོ། །སྤྱོད་པར་བྱ་བ་དང་གཉི་ག་རང་རྣལ་འབྱོར་གྱི་རྒྱུད་ལ་ནི་མྱུད་བར་གནས་པད་དངོས་གྲུབ་ཐོབ་པ་ཡིན་ལ། །འདི་ནི་སྨན་བཅུད་ཀྱིས་ལེན་ནམ་བདུན་རྩི་ལྔ་འམ་སྐྱེ་བ་བདུན་པའི་ཤ་ཟོས་ནས་དངོས་གྲུབ་བསྒྲུབ་པར ་བྱའོ། །ཅི་སྐྱེ་བ་བདུན་པའི་ཤ་འབའ་ཞིག་ཟོས་པས་ཐོབ་བམ་ཞེ་ན། སྐྱེ་བ་བདུན་པའི་ཤ་དང་ཐོད་པ་སྲུ་བས་མེད་དང། ཡིད་བཞིན་ནོར་བུ་བསམ་འཕེལ་དང། སྨན་བཅུད་ཀྱི་ལེན་དང། ལས་ཀྱི་ཕྱག་རྒྱ་དུང་ཅན་མ་དང། པདྨ་ཅན་དང། རི ་དགས་ཀྱིས་ཀྱང་བསམ་གཏན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དངོས་གྲུབ་ཀྱི་རྫས་བཤད་ན། ད་ནི་ཉེ་བའི་སྙིང་པོ་བཤད་པར་བྱ་སྟེ། དེ་ནས་ཉེ་བའི་སྙིང་པོ་ན་ཞེས་བྱ ་བ་ལ་སོགས་པ་གསུངས་པ་ལ། ཉེ་བའི་སྙིང་པོ་ནི་ཆོས་སྐུ་དང་ཉེ་བའི་སྙིང་པོའོ། །དངོས་གྲུབ་གསུམ་ངེས་པར་ཐོབ་པའོ། །འཇིག་རྟེན་གསུམ་ན་གང་ཟག་ཅེས་བྱ་བ་ནི་ཁམས་གསུམ་གྱི་ཡོན་ཏན་ཐམས་ཅད་ངོ། །དེ་ཀུན་སྐད་ཅིག་གིས་སྒྲུབ་བཤད་ཅེས ་བྱ་བ་ནི་མནྟྲ་དང་ཏནྟ་དང་ཡནཊར་གསུམ་དང་ལྡན་བས་དངོས་པོ་ཡིན་ནོ། །ོཾ་ཧྲཱི(རྒྱུད་འགྲེལ་རང་གི་ལྷ་བསྒོམས་ནས་ཟློ་བའོ། །འཁྲུལ་འཁོར་ནི་དུར་ཁྲོད་ཀྱི་རས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་འདབ་མ་དྲུག་པ་བྲིས་ལ་དབུས་སུ་ཧཱུཾ་ལྷག་མ་འདབ་མ་དྲུག་ལ་བཀོད་དེ་མཛའ་ནས་རྡོ་རྗེ་ཕྲང་བས་བསྐོར། དུར་ཁྲོད་ཀྱི་སེན་རྩི་དང་འགི ་ཝང་དང་རང་གི་ཁུ་བ་དང་བཅས་པ་བྲི་བར་བྱའོ། །བྲིས་ནས་གསང་སྡགས་བཅུ་བཟླས་པས་འཇིག་སྟེན་གསུམ་གྱིས་གཡོ་བར་བྱེད་པའི་རྟགས་འབྱུང་བར་འགྱུར་རོ། །དེ་ལྟར་མཚན་མ་བྱུང་ནས་ལས་ལ་སྦྱར་བའི་ཚེ་ཙན་དན་དམར་པོའི་རྡུལ ་དང་སྐེ་ཆེ་དང་ཆུ་བོ་ཕར་འགྲི་ཚུར་འགྲམ་གྱིས་བླངས་ལ་ལྟ་ལ་སོགས་པའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་འཁྲུལ་འཁོར་བཅུག་ལ་སྔགས་བཟླས་ན་ལྟ་ནས་བརྩམས་ནས་མིའམ་ཅིའི་བར་དུ་ཐམས་ཅད་འགུགས་པར་བྱེད་དོ། །རྒྱ་མཚོ ་དང་ཆུ་པོ་དང་རྫིང་ལ་སོགས་བ་སྐེམས་ཤིང་ཞེས་བྱ་བ་ནི་སྡར་བཤད་ལ་བཞིན་དུ་ཀླུ་བརྒྱད་ཀྱི་དབུས་སུ་མཁའ་ལྡིང་གི་གདོང་ཅན་གྱི་ཧེ་རུ་ཀ་བསྒོམས་ནས་བ་སྤུའི་བུ་ག་ཐམས་ཅད་དུ་ཡི་གེ་བདུན་པའི་འཁྲུལ་འཁོར་རྩིགས་དྲུག་ལ ་བཀོད་ལ་བསྐལ་པའི་མེ་འབར་བ་ལྟ་བུའི་འོད་ཟེར་གྱི་ཕུང་པོ་དང་ལྡན་པ་བསྒོམས་ནས་རྒྱ་མཚོ་དང་ཆུ་པོར་ཞུག་ནས་སྐེམས་པར་བསྒོམ་པར་བྱའོ། །གང་དུ་བཟླས་པའི་གནས་དེར་ཞེས་བྱ་བ་ནི་གནས་གང་དུ་ཡི་གེ་བདུན་བའི་འཁྲུལ་འཁོར་བསྒོམ་པ་དེར་མ ་འགྲོ་མའི་གཟུགས་བྱས་ལ་མཁའ་འགྲོ་མ་དགུག་པ་ལ་སོགས་པ་བྱས་ནས་དེའི་མིག་དང་ལག་པ་གཡོན་བའི་སྲིན་ལག་བཙུགས་ནས་འགུགས་པར་གང་འཕོ་བ་དང། འགུལ་བར་འགྱུར་བ་དང། །བཀའ་བསྒོ་ན་བསྒྲུབ་པ་པོ་ནི་མངག་གཞུག་བྱེད ་པར་འགྱུར་རོ། །འདི་ཆུ་ལ་ཡོངས་སུ་བཟླས་ཏེ་ཞེས་བྱ་བ་ནི་བུམ་པའི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀང་ལ་སྔགས་བཟླས་ལ་མཆོད་པ་བྱས་ནས་ཚུར་ཞུ་བར་འགྱུར་བ་ལས་རང་གི་མིག་བསྐུས་ན་སྐྱེ་བ་བདུན་ཤེས་བར་འགྱུར་རོ། །ཚེ་ཐད་ཅིང ་སྡེས་བ་ནི་དུས་ཇི་ཙམ་ན་འཚོ་བ་དང། སྲོག་དང་བཅས་པ་འཚོ་བར་འགྱུར་རོ། །ལག་པ་གཡོན་པའི་སྲིན་ནི་ལག་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་ཨཉྫ་ནའི་ཕྱེ་མ་དང། དུར་ཁྲོད་ཀྱི་རས་ཀྱི་སྡང་བུ་ཟད་བའི་བདུད་རྩི་ལྔ་དང་བསྲེས་བའི ་ཡིག་ལ་མངོན་བར་བསྔགས་ཏེ་གང་ལ་བལྟས་པ་དེ་མཐོང་བར་འགྱུར་རོ། །མིའི་རོ་ཞེས་བྱ་བ་ནི་མིའི་རོའི་རྐང་མཐིལ་གྱི་པགས་པ་དང། མིའི་ཁྲག་དང་མཉམ་དུ་བཏགས་ལ་འུག་པའི་སྒྲོ་རྐང་གི་ནང་དུ་ལིག་བུ་མིག་རང་ལྡོང་རོས་དང་འགི་ཝང ་དང་གུར་གུམ་དང་རང་གི་ཕྲག་དང་བསྲེས་ཏེ་རི་ལུ་བྱས་ལ་གསེར་དང་དངུལ་དང་ཟངས་མ་གསུམ་གྱིས་དཀྲིས་ཏེ་ཡང་ལྷག་པར་གནས་བར་བྱས་ལ་ཞེས་བྱ་བ་ནི་ཨོཾ་ཨཱ(རྒྱུད་འགྲེལ་བརྒྱད་བཟླས་ལ་སྐར་མ་རྒྱལ་དང་གཟའ་བུའི་དུས་སུ་དུར་ཁྲོད་ཀྱི་གནས་སུ་དཔལ་ཧེ་རུ་ཀའི་གཟུགས་བརྙན་བྲིས་ལ། །དེའི་གནས་སུ་གུ་གུལ་གྱི་དུད་པས་བདུག་མཆོད་པ་ཕུལ་ནས་དང་དཔལ་ཧེ་རུ་ཀ་ར་བསྒོམས་པའི་གནས་སུ་བཅུག་ལ་ལག་སྔ ་གཡོན་པས་ཁ་བཀབ་ལ་རྗེས་ཐོགས་པ་ཡང་ཡི་གེ་བདུན་པ་རྒྱ་རྟ་བརྒྱད་བཟླས་ནས་སྤྱོད་པ་རྣམས་མི་སྣང་བར་འགྱུར་ཞིང། །ས་སྤྱོད་པ་རྣམས་ལ་གྲིབ་མ་ཡང་མི་སྣང་བར་འགྱུར་ཞིང། མཁའ་འགྲོ་ལྷ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་རོ། །ཁ་ནས་བཏོན་ན་སྣང་བ་འགྱུར་རོ? ་རེའུ་འདི་ནི་རྒྱུ་འདིར་ཡུམ་ཕག་མོ་མཞུ་བར་དཔའ་བོ་ཉིད་ཀྱི་ཐུགས་རྗེ་དབང་གིས་གསུངས་པ་ཡིན་ནོ། །འགྲོ་བའི་ཐོད་པ་ཤ་མེད་པར་བྱས་ལ་དགྲ་བོའི་གཟུགས་བརྙན་བྲེས་ཏེ་དེའི་སྙིང་གར་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་པ་སྙིང་པོ་དང་ཉེ་བའི་སྙིང་པོ་བཟློས་ཏེ ་རང་གི་སྲིན་ལག་དང་མཉེས་ན་དེའི་ཁྲག་འདྲེན་པར་འགྱུར་རོ། །འགི་ཝང་ལ་བཟླས་ཏེ་ཞེས་བྱ་བ་ནི་འགི་ཝང་ལ་ཡི་གེ་བདུན་པ་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ཏེ་མིག་གཉིས་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་གང་ལ་བལྟ་པ་དེ་རྒྱས་བཏབ ་སྟེ་འགུགས་བར་འགྱུར་རོ། །མཛུབ་མོ་ལ་ཞེས་བྱ་བ་ནི་ལག་པ་གཡོན་པར་ཉི་མའི་དཀྱིལ་འཁོར་བཀོད་ལ། །དེའི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བསམས་ཏེ། ལག་པའི་སར་མོ་རྣམས་འོད་ཟེར་དུ་བྱས་ལ་གང་ལ་སྡིགས་མཛུབ་བྱས་ན ་དོའི་མོད་ལ་ལྟུང་བར་འགྱུར་རོ། །སྔགས་བཟླ་སྣ་ཞེས་བྱ་བ་ནི་ཉི་མ་ཕྱེད་ན་སེམས་ཁྲོ་བ་དང་བཅས་པས་དྲུ་ཁྲོད་ཀྱི་རས་སམ་ཤིང་ཨརྐའི་འདང་མ་ལ་མི་རུས་ཀྱི་སྨྱུ་གུས་དུག་དང་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་སོགས་པས་འཁྲུལ་འཁོར་བྲིས ་ལ། དུར་ཁྲོད་ཀྱི་ཐལ་བ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་སྐེ་ཚེ་བྱུགས་ལ་ཡང་དང་ཡང་དུ་གསོ་བ་བྱས་ན་ལུས་ཚ་བས་བཏབ་སྟེ་ས་ལ་བརྒྱལ་བར་འགྱུར་རོ། །དེ་དུར་ཁྲོད་ཀྱི་ཐབ་ཀྱི་འོག་ཏུ་སྤས་ནས་མི་རུས་ཀྱི་ཕུར་བུས་སྙིང་གང་བཏབ ་ནས་སྙིང་གར་ཆུ་ཚན་བླུགས་ཤིང་ཡུངས་ཀར་དང་རྐེ་ཚེ་ལ་སྔགས་བཟླས་ཤིང་བསྣུན་ན་དེའི་མོང་ལ་འཆི་བར་འགྱུར་རོ། །ཆུ་ལ་བཟླས་ཏེ་བཏབ་སླར་འཚོ་བར་འགྱུར་རོ། །སྡགས་བཟླས་ནས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་ཡུང་བ་དང་ལྡོང་ངོས ་ཀྱི་འཁྲུལ་འཁོར་བྲིས་ལ་ཏན་དན་དམར་པོའི་རྡུལ་དང་སྐེ་ཆེ་དང་ལན་ཚ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་ལྕགས་ཕྱེ་དང་བསྲེས་ནས་དགྲ་བོའི་གཟུགས་བརྩན?་བྱས་ལ་ལམ་གྱི་བཞི་མདོར་སྦས་ན་དགྲ་བོ་སྟོང་ཡང་གནོན་པར་འགྱུར་རོ། ཚིག་གིས་འགྲོལ་བར་འགྱུར་རོ ་ཞེས་བྱ་བ་ནི་བཏོན་ལ་འོ་མས་བཀྲུས་ན་དགྲོལ་བར་འགྱུར་རོ། །སྨེ་ཤ་ཅན་གྱི་ཐལ་བ་ལ། །ཞེས་པ་ནི་སྨེ་ཤ་ཅན་གྱི་རོ་བསྲེགས་པའི་ཐལ་བ་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། གང་གམ་མིང་དང་བཅས་པའི་འཁྲུལ་འཁོར་སྙིང་གར་བཅུ་གནས་སེམས་ཅན ་དེ་བ་ལྔ་ཁྱི་ལ་སོགས་པར་བརྒྱར་ཅིག་ཅེན་བྱ་བ་ནས་ཐལ་བ་ལ་བྱུགས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། །སྦྱིན་སྲེག་གི་མོའི་ཐལ་བ་ལ་ཞེས་པ་ནི་ཤིང་ཨརྐ་བསྲེགས་པའི་ཐལ་བ་ལ་བྱས་པའི་གཟུགས་བརྙན་གྱི་སྙིང་གར་འཁྲུལ་འཁོར་བཅུག ་ནས་བཟླས་བརྗོད་བྱས་ན་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ། །ཆུ་ལ་ལན་བདུན་བཟླས་ཏེ་བཏོར་ན་སྣང་བར་འགྱུར་རོ། །ཐད་པའི་ཕྱག་རྒྱ་ཁ་སྦྱར་ཞེས་བྱ་བ་ཁྱི་སྨྱོན་པའི་ཐོད་པ་ཁ་སྦྱར་བའི་ནང་དུ་སྨྱོ་བྱེད་ལྔ་དང་ལྡན་པའི་ཁུ་བས་འཁྲུལ་འཁོར་བྲེས་ལ ་ཚོན་སྣ་སྔའི་སྐང་བས་བི་ཅངས་ལ་དུར་ཁྲོད་ཀྱི་སར་སྤས་ན་སྨྱོ་བར་འགྱུར་རོ། །སྐྱེ་པོ་སྟོང་ལ་བྱས་ཀྱང་སྨྱོ་བར་འགྱུར་རོ། །ཁང་སྟོང་དུ་གཅམ?་ཏེ་མིའི་བྲོད?་པར་བསྐྱེད་པའི་ཡུངས་ཀར་ཁར་བཅུག་ཅིང་གཙུག་ཁུང་ལ་བཅིངས་ཏེ་མདུད་ནས་སྡགས ་བཟླས་ན་མཁའ་འགྲོ་མ་ཐམས་ཅད་བཅིངས་པར་འགྱུར་རོ། །ཁང་སྟོང་དུ་སོང་སྟེ་ཐོད་པར་བསྐྱེད་པའི་ཡུངས་ཀར་སྤྱི་བོར་ཅིངས་ལ་མིག་ཏུ་བཀོད་དེ་ཡི་གེ་བདུན་པ་བཟླས་པ་དེའི་སྲད་མི་སྣང་བར་འགྱུར་རོ། །ཐོང་བ་དང་བཅས་པ་ལ་ཞིས་བྱ་བ ་ནི་ཐོད་པའི་འབྲས་བུ་འཁྲུལ་འཁོར་བྲིས་ལ་སྔར་བཤད་པའི་ཡུངས་ཀར་སྟེང་དང་འོག་དང་ཕྱོགས་བཅུར་གཏོར་ན་ལྷ་དང་དྲི་ཟ་མཁའ་སྦྱོད་དང་གནོད་སྦྱིན་དང་སྲིན་པོས་སྤྱོད་དང་ཀླུ་དང་ལྷ་མ་ཡིན་ས་འོག་ཏུ་སྤྱོད་པ་རྣམས་བཅིང་བར ་འབྱུར་རོ། །ཐོད་པ་དང་བཅོས་པ་ལ་ཞེས་བྱ་བ་ནི་ཐོང་བའི་ནང་དུ་འཁྲུལ་འཁོར་བྲིས་ལ་ཆུ་བོའི་སྣར་ཟུག་པར་བཅུག་ན་བཟློག་པར་འགྱུར་ཞིང་བཏོན་ན་འབབ་པར་འགྱུར་རོ། །རྦ་རླབས་གནོན་ཞེས་བྱ་བ་ནི་རྒྱ་མཚོ་འགྲུལ?་འགྲོ ་བ་དེའི་ཚེ་ཐོད་བ་ལ་འཁྲུལ་འཁོར་བྲིས་ཧེ་ཁ་སྦྱར་ན་རྦ་རླབས་གནོན་པར་འགྱུར་རོ། །ཁ་ཕྱེན་ལྡོག་པར་འགྱུར་རོ། །སྟེང་དུ་བལྟས་ཏེ་ཞེས་བྱ་བ་ནི་ནམ་མཁའ་ལ་འཁྲུལ་འཁོར་བསམས་ཏེ་སྔགས་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། །གཞན ་གྱི་དཔུང་མངོན་དུ་ཕྱོགས་པ་ན་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐིལ་དུ་ལྡོང་རོས་སམ་ཡུང་བས་འཁྲུལ་འཁོར་བྲིས་ཉེ་ཁུ་ཆུར?་བཅངས་ནས་གཡུལ་འགྱེད་པའི་ཕྱོགས་སུ་བསྟན་ན་རེངས་པར་འགྱུར་བ་དང། གཡུལ་དུ་ཞུགས་ན་ཆོན་ཆ་རྒྱས་པ་སྣུན་ཀྱང ་གནོད་བའི་ཚོར་བ་མི་འབྱུང་ངོ། །མཚོན་གྱིས་གཅོད་པར་མི་འགྱུར་རོ། །ཞེས་བྱ་ཕ་ནི་རྡོ་རྗེ་མཁའ་འགྲོ་ལས་ལག་པས་འཕེན?་པའི་མཚོན་ཆའི་འཁོར་ལོ་དང། མི་འཕེན་པར་རལ་གྲི་དང་འཁྲུལ་འཁོར་གྱིས་འཕེན་པ་མངའ་དང། །འཕངས་ནས ་གཟུང་པ་ཞགས་པ་དང། སྟོངས་འགྱེད་བ་རྣམས་ལ་སྣམ་ལེགས་མཐོང་ཅེ་སྦྱང་གིས་བསྐུས་ན་འཁོར་ལོས་མི་ཚུགས་པ་དང། སྨན་ས་ཏས་ལུས་ལ་བསྐྱས་ན་མངས་མི་ཆུགས་པ་དང། དཎྜ་ཨུཏཔ་ལས་ལུས་ལ་བསྐུས་ན་ཞགས་པས་མི ་ཟིན་པ་དང། གཞན་གྱིས་མི་ཐུབ་པ་དཀར་པོས་ལུས་ལ་བསྐུས་ན་ལག་སྟོབས་ཀྱིས་མི་ཐུབ་པ་དང། སྨྱོ་བྱེད་ཀྱིས་ལུས་ལ་བསྐུས་ན་རལ་གྱི་ལ་སོགས་པས་མི་ཚུགས་པར་འགྱུར་རོ། །སྨན་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། །བྲམ་ཟེའི་ཐོད་བར་རོ་བསྲེགས ་པའི་ལས་བཀང་བ་ལ་སྨན་དེ་རྣམས་ཀྱིས?་ས་བོན་བདུད་རྩི་ལྔ་དང། སྨེ་ཤ་ཅན་གྱི་བུ་མོའི་ཁྲག་གིས་གདུགས་ན་ཉི་ཤུ་བརྒྱད་དང། ཉི་ཤུ་དགུའི་དུས་སུ་ས་བོན་བབ་ན་མཱ་མ་ཀཱིའི་སྡགས་ཀྱིས་ཆུ་བླུགས་ལ། སྒྲོལ་མའི་སྔགས་ཀྱིས་གཏོར ་མ་ལ་སོགས་པ་བྱིན་ལ་སྐར་མ་རྒྱལ་དང་གཟའ་ཉི་མ་ལ་མིག་གི་འབྲས་བུ་ས་ལ་མ་ལྷུང་བར་བླངས་ཏེ། སྨན་གྱི་ཐུམ་བུ་དེ་མགུལ་དུ་བཏགས་པ་འམ་མགོ་ལ་བཅིངས་པ་འམ་ལྟོ་སྨན་གྱི་ཁུ་བས་ལུས་ལ་བསྐུས་ན་མཚོན་གྱིས་ཚུགས་པར་མི་འགྱུར་རོ། །བོན་དྷ ་རཱ་གཞེས་བྱ་བའི་སྨན་དང། ཨ་ཀོ་ཀ་ཞེས་བྱ་བའི་སྨན་དང། པེ་ཏྲོ་ཞེས་བྱ་བའི་སྨན་གསུམ་གྱིས་ཀྱང་མཚོན་ཆས་མི་ཚུགས་པར་འགྱུར་རོ། །གཞན་ཡང་ནག་པོ་ཆེན་པོ་ཞེས་བྱ་བའི་སྨན་དང་ཁྱུ་མཆོག་གི་རྭ་ལ་ཆགས་པ་ཞེས་བྱ་བ་དང་བསྲེས་ནས་ལུས་ལ ་བསྐུས་ཀྱང་མཚོན་གྱིས་ཆོད་བར་མི་འགྱུར་རོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ནགས་ཀྱི་རས་བ་ལ་བུ་མོ་གཞོན་ནུ་མས་སྐུད་པ་བསྒྲིལ་ཡི་གེ་བདུན་བ་བཟླས་པའི་མདུད་པ་བདུན་པོར་ཏེ། །ལུས་སམ་མགུལ་དུ་བཏགས་ན་མཚོན་ཆས་མི་ཆོད་པར་རྡོ་རྗེའི ་ལུས་སུ་འགྱུར་རོ། །ལེའུ་བཅུ་གཉིས་བའི་རྣམ་པར་བཤད་པའོ།། །།དེ་ལྷར་ཉེ་བའི་སྙིང་པོ་དངོས་གྲུབ་དང་ལས་བཤད་ནས། །ད་ནི་གོ་ཆའི་ལས་བཤད་པར་བྱ་བ་ནི། །དེ་ནས་སྒོ་ཆའི་རྣམས་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་ཆའི་ལས ་ནི་བདག་དང་གཞན་བསྲུང་བའོ། །དེ་ཡང་གོ་ཆའི་ལྷར་སྒོམ་པའམ་ལྷ་གང་ཡང་རུང་བ་ལ་གོ་ཆས་བྲུང་བའི་ཏི་ངེ་འཛིན་ནམ་འཁྲུལ་འཁོར་རམ་སྨན་གྱི་རྒྱུད་དོ། །དེ་ལ་འཁྲུལ་འཁོར་ནི་ཟླ་བ་འམ་ཉི་མ་གང་ཡང་རུང་བའི་དབུས་སུ་པདྨ་འམ་འཁོང ་ལོ་རྩིབས་དྲུག་པ་གུར་ཀུམ་དང་སེན་རྩི་དང་ཁྲག་དང་འགི་ཝང་གི་གྲོ་ག་ལ་བྲིས་ཏེ་སྐར་མ་རྒྱལ་དང་གཟའ་ཉི་མའི་དུས་སུ་སྐུ་བྲིས་ནས་འཔར་བ་འམ་སྔར་བསྟན་པ་རྣམས་ཀྱིས་ལུས་ལ་བསྐུ་བའོ། །འཇིག་རྟེན་གསུམ་ན་གང་ཡོད་པ། ཞེས་བྱ་བ་ནི་ས་འོག་དང་ས ་བླ་དང་སྟེང་ན་ཡོད་པའི་ཡོན་ཏན་ནི་ཡིད་ལ་འདོད་པ་ཀུན་བྱེད་པ་ཞེས་བྱ་བའི་ཕྱིས་བཆད་པར་གྱུར་པའི་ལས་བཅུག་གཉིས་སོ། །གོ་རིམ་བཞིན་དུ་བཤད་པར་བྱ་བ་ནི་འཁྲུལ་འབོར་དང་དངོས་གྲུབ་དང་ལས་རྣམས་རྒྱུ་འབྲས་ཡིན་བསླ་ག་རིམ་བཞིན ་དུ་རྟོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་གོ་ཆ་ཟློས་བཞིན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་འཁོར་ལོ་རྩིབས་དྲུག་པ་དཔའ་པོ་དྲུག་གི་ས་བོན་བཀོད་ལ། དབུས་སུ་འཇམ་པའི་དབྱངས་ཀྱི་ས་བོན་བཀོད་ནས་འཁྲུལ་འཁོར་གྱི་གོ?་མཆ་འམ ་ལ་དུད་ནས་ལམ་དུ་ཞུགས་ན་སེང་གེ་དང་གླང་པོ་དང་སྦྲུལ་དང་མེ་དང་རྐུན་མ་དང་ཆུ་བོ་དང་རྒྱལ་པོའི་ཆད་པ་དང་ཡི་དག་ཀྱི་འཇིགས་པ་ལ་སོགས་པ་མི་འབྱུང་ཞིང་མི་སྣང་བར་འགྱུར་རོ། །གོ་ཆ་ཟློས་བཞིན་དུ་རྒྱལ་པོའི་ཕོ་བྲང་དུ་ཞེས་པ་ནི་སྔ་མའི་འཁྲུལ ་འཁོར་སྙིང་ག་དང་ལག་པ་གཡོན་པར་བྲིས་ལ་སྡིགས་མཛུབ་བྱས་ནས་ལས་ཀྱི་ནང་དུ་ཞུགས་གང་འདོད་པ་དེར་བྱུང་ནས་འགྲོ་བར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་ཞེས་པ་ནི་ནྱ་གྲོ་དྷའི་འབྲས་བུ་གོ་བོས་ཟོས་པའི་བྱ་ཐལ་བླངས་ལི་མའི ་ཐོད་པར་རོ་བསྲེགས་པའི་སས་བཀང་སྟེ་སྐར་མ་རྒྱལ་གྱི་ཞག་སྤྱན་གྱིས་སྡགས་བཟླས་ཤིང་ས་བོན་བཙུགས་ལ་མཱ་མ་ཀཱིའི་སྔགས་བཟླས་ཤིང་བདུད་རྩི་སྔས་བཅུས་ལ་འདབ་མ་གཉིས་ཙམ་ཐོད་པའི་ཚེ་གོས་དཀར་མོའི་སྔགས་ཀྱིས་བསྲུང་ཞིང ་སྒྲོལ་མའི་སྔགས་ཀྱིས་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ནས་མཆོད་པ་ཆེན་པོ་བྱ་སྟེ། གོ་ཆའི་སྔགས་བཟླས་ན་ཁར་བཅུག་ན་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ། །གོ་ཆའི་སྔགས་ཟློས་པའི་ལག་པས་ཞེས་པ་ནི་དུར་ཁྲོད་ཀྱི་རས་ལ ་སྨོན་པ་ཨི་ཅི་ཏི་ཀའི་ཁུ་བས་བླངས་ལ་ལྡོང་རོས་དང་ཡུང་བའི་ཁུ་བས་ཨ་ཤོ་ཀའི་སྨྱུ་གུས་གོ་ཆའི་འཁྲུལ་འཁོར་བྲིས་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ལ་འཁོར་ལོ་སྙིང་གར་བཅུག་ལ་མེ་ཏོག ་སེར་པོས་གཏོང་ཞིང་ལག་པ་གཡོན་པས་མནན་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གང་ཞིག་མིང་ནས་གཟུང་འདེའི་སྙིང་གར་ལགས་པ་རེག་ན་གདུང་བཞིན་དུ་རངས་པར་འགྱུར་རོ། །ཞིང་སུམ་ཅུ་རྩ་གསུམ་པས་ཀྱང་བསྐྱོད་པར་མི་ནུ་སོ། །སྔགས ་བཟླེས་ཤིང་རྐང་པས་བསྣུན་ན་ཐར་བར་འགྱུར་རོ། །ཞེས་བྱ་བ་ནི་འོ་མས་བསྐུས་ཤིང་རྐང་པའི་མཐིལ་དུ་འཁྲུལ་འཁོར་གྱི་སྔགས་བཟླས་ཏེ་བཀོད་ན་དེ་རེག་ནས་ཐར་བར་འགྱུར་རོ། །རང་གི་ཁྲག་གིས་ཞེས་བྱ་བ་ནི་རང་སྲིན་ལག་གི་ཁྲག་གིས་མི་རུས་ཀྱི་སྨྱ་གུ་དང་ཐོད་པ ་མེད་པར་བཏོགས་ལ་གཟུགས་བརྙན་བྲིས་པའི་སྙིང་གར་འཁྲུལ་འཁོར་བཀོད་ནས་ཁྲག་གིས་མཉེས་ན་ཁྲག་འདོན་པར་བྱེད་དོ། །གང་གི་ཁྱིམ་དུ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་གནས་སུ་དགྲ་པོའི་ཁང་པ་དང་མཐུན་པར་བྲིས་ལ་དགྲ་བོའི་འཁོར་དང་བཅས་པ ་ཐམས་ཅད་ཀྱི་གཟུགས་བརྙན་འཁོར་དང་བཅས་པའི་ཁང་པའི་ནང་དུ་བྲིས་ནས་ཐམས་ཅད་སྙིང་གར་འཁྲུལ་འཁོར་བཀོད་དེ་རང་ཉིད་དང་དཔལ་ཧེ་རུ་ཀར་བསམས་ལ་གོ་ཆའི་སྔགས་ཟློས་ཤིང་སྟང་སྟབས་སྟོང་གིས་དགྲ་བོའི་གཟུགས་བརྒྱན་ཐམས་ཅད ་མཉེས་ན་ཐམས་ཅད་རིམས་ཀྱིས་བཏབ་པར་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་ཏེ། ཞེས་བྱ་བ་ནི་གོ་ཆའི་སྔགས་བཟླས་ཤིང་འོ་མས་དཀྲུས་ན་འཚོ་བར་འགྱུར་རོ། །གང་ཡིས་གདོང་ལ་བལྟས་ཏེ་ཞེས་བྱ་བ་ནི་དགྲ་བོའི་རྐང་རྗེས་ལ་བྱས་བའི་གཟུགས་བརྙན ་ལས་བྱས་པའི་ཁར་དུར་ཁྲོད་ཀྱི་རས་ལ་དུག་གིས་བྲིས་པའི་འཁྲུལ་འཁོར་བཅུག་ནས་ཁྲོ་བོའི་ལྟ་བས་བལྟས་ཤིང་དེའི་སྔགས་བཟླས་ན་ཚིག་འཕྲོག་པ་དང་འགུག་པ་པར་འགྱུར་རོ། །ཆུ་བོ་དང་རྫིང་བུར་གནས་ཏེ་ཞེས་བྱ་བ་ནི་ཆུ་ལྷའི་གཟུགས་བརྙན་བྱས་ལ ་དེའི་སྙིང་བར་འཁྱུལ་འཁོར་བཅུ་པ་ནས་ཆུ་ལྷའི་ཅོད་པན་དེ་བཞིན་གཤེགས་པ་ལྔའི་གཟུགས་སུ་བསམས་ནས་ཆུའི་སྟེང་དུ་ཆེགས་ན་ཐད་ལ་ཇི་ལྟ་བཞིན་དུ་ཆུ་ལ་ཡང་འགྲོ་བར་འགྱུར་རོ། །ཆུ་ལ་ཡང་ཞུགས་ན་ཆུ་པོ་གཡོ་བ་མེད་པའི་རྒྱ་མཚོ་བཞིན་དུ་བརྟན ་བར་འགྱུར་རོ། །ལགས་པ་གཉིས་ཀྱི་མཐིལ་དུ་ཟླ་བའོ་དཀྱིལ་འཁོར་གྱི་དབུས་སུ་འཁྲུལ་འཁོར་བྲིས་ལ་འཁྲུལ་འཁོར་གྱི་དབུས་སུ་བད་མེད་ཆེ་གེ་མོ་ཝ་ཤི་མ་ར་ཡ་སྭཱཧཱ་ཞེས་བྱ་བ་བཀྲིས་ལ་ལག་པ་གཉིས་ཉེད་བཞིན་དུ་ལན་སྟོང་བཟླས་ན་རྣལ་བྱོར་མ་རྣམས་དབང་དུ་འགྱུར་རོ། །རྣལ་འབྱོར་མ་སྣ་ཚོགས་ཞས ་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མོ་སུམ་ཅུ་རྩ་བདུན་གང་ཡང་རུང་བ་ཝ་ཤ་མ་ར་ཡ་ཧེ་ཞེས་མིང་དང་སྤེལ་ནས་དབུས་སུ་བྲིས་ནས་ལག་པ་གཉིས་མཉེས་ན་ཐམས་ཅད་དེའི་དབང་དུ་འགྱུར་རོ། །སྐར་མ་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མས་སྤྲུལ? ་གྱི་རྒྱལ་པོ་བསྟེན་ནས་སྦྲུལ་དཀར་ནག་གི་རི་མོ་མཚོན་རྣོན་པོས་སོ་སོར་ཕྱེ་ནས་བཅད་ལ་རས་བལ་གྱི་ས་བོན་ལས་བསྐུས་ཏེ་རས་བལ་གྱི་ཞིང་སར་སྐར་མ་རྒྱལ་གྱི་ཉིན་པར་སྦྱན་གྱི་སྔགས་ཀྱིས་བཙུགས་པ་དང། དེ་བཞིན་དུ་ནག་པོ་ཡང་ཟླ་བ་མར་གྱི ་དོའི་སྐར་མ་རྒྱལ་ལ་སྦྱན་གྱི་སྔགས་ཀྱིས་རས་བལ་གྱི་ས་བོན་བསྐྱེད་པ་དང་མཱ་མ་ཀཱིའི་སྔགས་བཟླས་པའི་དཀར་མོའི་ཞག་དང་ཤའོ། །ཡར་ངོ་བསྐྱེད་པ་བཅུ་བཞི་ནག་པོའི་ཤ་དང་ཁྲག་གིས་མར་ངོ་ལ་བསྐྱེད་པ་བཅུས་བཅལ། གོས ་དཀོར་མོའི་སྔགས་ཀྱིས་སོ་བསྲུངས་པ་སྨིན་པའི་ཚེ་འབྲས་བུ་གཉིས་བླངས་ལ་དཀར་པོ་བསྐྱེད་པ་ནི་རྒྱལ་རིགས་ཀྱི་བུ་མོ་དཀར་མོ་འཐག་ཏུ་གཞུག་བ་དང། མར་ངོ་ལ་བསྐྱེད་བའི་དམངས་རིགས་ཀྱི་བུ་མོ་སྔོན་མོས་འཐག་ཏུ་གཞུག་པ་དང། ་རས་ཡུག་གྲུབ་པའི་ཚོགས་གུ་གུལ་དན་སྦྲུལ་དཀར་ནག་གི་ཤའི་དུད་བས་བདུག་ཅིང་སྟོང་ཕྲག་བཅུ་བཟླས་ནས་སྟོང་གཡོགས་དང་སྨྲད་གཡོགས་བྱས་ཏེ། དེ་གྱོན་བའི་ལུས་དཔག་ཚད་སྟོང་དུ་སོང་ན་ལམ་ཁར་དགུན་མ་ལ་མི་སྣང་བར་འགྱུར ་པ་དང། རྒྱ་མཚོའི་མཐར་ཐུག་པར་སོང་ན་འཛམ་བུའི་གླིང་པ་རྣམས་ཀྱིས་མཐོང་བར་མི་འགྱུར་བ་དང། །རིག་འཛིན་གྱི་དངོས་གྲུབ་ཐོབ་ནས་རས་དེ་ལུས་ལ་གྱོན་ན་འོག་མིན་གྱི་མཐར་ཐུག་པར་སྟེང་དུ་འགྲོ་བར་འགྱུར་རོ། །དེ་ལྟར་འཇིག་རྟེན་གྱི་དངོས ་གྲུབ་བཤད་ནས། །དངོས་གྲུབ་བསྟན་པས་ཏིང་ངེ་འཛིན་གང་དང་གང་ལྡན་པས་འགྲུབ་པར་འགྱུར་ཞེ་ན། དཔའ་བོ་དང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྱས་པད་བཞིན་འགྱུར། ། ་ཞེས་བྱ་བ་གསུངས་ཏེ། །དབང་ཐོབ་པའི་རྣལ་འབྱོར་གསུམ་གྱི་དབང་དུ་བྱས་ནས་ཏིང་ངེ་འཛིན་གསུམ་དུ་འགྱུར་ཏེ། དེ་ལ་བསྐྱེད་པའི་རིམ་པ་དབང་ཐོབ་ནས་དཔའ་དྲུག་ཏུ་སྐྱེད་ན་གང་དང་གང་ལམ་དུ་གྱུར་པའི་གཟུགས་ལ་སོགས་བ་ནས་དེ་དང་དེའི་ངོ་པོར་ཏེག་དྲུག ་རྡོ་རྗེ་མ་ལ་སོགས་བ་ལྷ་མོ་རྣམས་ཀྱི་ངོ་བོར་བྱའོ། །མཉམ་པར་བཞག་པའི་གནས་སྐབས་ན་ཡང་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པར་བསྒོམ་བ་ནི་མཆོག་ཏུ་མཉམ་པར་བཞག་པའི་སྦྱེར་བས་འགྱུར་ཏེ། །དངོས་རྗེས་རོ་ཉམས་པའི་ཕྱིར་ཐམས་ཅད་སངས ་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ། །གསང་བའི་དབང་བསྐུར་བ་ཐོབ་པའི་དབང་དུ་བྱས་ནས་མིག་གི་དབང་པོ་ལ་སོགས་པ་གང་དང་གང་ཤེས་བརྟོག་པ་མེད་བར་སྐྱེས་པ་དེའི་ལམ་དུ་གྱུར་བའི་ཡུལ་གཟུགས་ལ་སོགས་པ་རྣམས་དགའ་བ་དང་མཆོག་དང་ལྷན ་ཅིག་སྐྱེས་དགའ་ཨི་ངོ་བོ་བདེ་བ་དེའི་དོ་བོར་བྱས་ཏེ། མཉམ་པར་བཞག་པའི་གནས་སྐབས་ན་ཡང་གཟུགས་ལ་རང་བཞིན་བརྒྱད་ཅུ་དང་བྲལ་བ་ནི་དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་ཡང་དགའ་བ་གསུམ་གྱི་ངོ་བོར་མཆོག་ཏུ་མཉམ་པར་བཞག་པའི ་སྦྱོར་བ་ཡིན་ནོ་ཅིའི་ཕྱིར་ཞེ་ན། དངོས་རྗེས་མཉམ་པའི་ཕྱིར་རོ། །དེ་ན་རྣལ་འབྱོར་པ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་མིག་ལ་སོགས་པའི་དབང་པོ་གང་དང་གང་ཡིན་པ་སྟོང་པར་ཤེས་ནས་ལམ་དུ་གྱུར་པའི་ཡུལ ་རྣམ་སྟོང་བ་ཉིད་དེ་དང་དེའི་ངོ་བོ་བྱས་ཏེ། ཐམས་ཅད་དེར་དགའ་བའི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྒྱས་བཏབ་བའི་མཉམ་པར་བཞག་བའི་ཚེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པ་ནི་མཆོག་ཏུ་མཉམ་པར་བཞག་པའི་སྦྱོར་བ་ཡིན་ཏེ། ་དངོས་རྗེས་བདེ་བ་ཆེན་པོར་རོ་མཉམ་པའི་ཕྱིར་རོ། །དེ་ནས་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་བང་འགྱུར་རོ། །དེ་སྐད་དུ་ཡང་བདེ་བར་གཤེགས་བརྟག་ཏུ་སྐྱེ་མིད་ཆོས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ་ཞེས་གསུངས་བའི ་ཕྱིར་རོ། །འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་བཟང་དང་རི་མོ་མཁན་བཟང་ལྟར། །གང་དུ་བདེ་བ་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དེ་ཞེས་གསུངས་པ་དང། ཀླུང་ཉིད་?? ་འགྱུར་བ་ལ། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་གསལ་རང་རིག་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར་ཞེས་གསུངས་སོ། །དེས་ན་ནམ་གྱི་ཆོ་ག་ཆའི་ལས་ཀྱི་ཆོ་ག་རྣམས་བྱ་ཞེ་ན། ཤིང་ཡོང་འདུའི་ཁུ་བཅུད་བླངས་ལ་ཞེས་བྱ་བ་གསུངས་ཏེ ་ཕྱིས་འཆད་པར་འགྱུར་བའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཤིང་ཡོངས་སུ་ཞེས་བྱ་བརྩ་ཨ་བདྷཱུ་ཏིའི་ཁུ་བཅུད་ཀྱིས་གྱེན་དུ་བཟློག་པའི་ཕྱིར་ཡི་གེ་ཧཱུཾ་གིས་རླུང་གིས་གྱེན་དུ་བཟློས་པའི་བཟླས་བརྗོད་སྟོང་བྱས་གང་ལ་བྱང་ཆུབ་སེམས་ཀྱི་ཐིག ་ལེར་བྱས་བའི་བྱང་ཆུབ་ཀྱི་སེམས་མི་ལྷུང་བར་ཤིང་བཞིན་དུ་གནས་པར་འགྱུར་རོ། །དེའི་ཚེ་བསམ་གཏན་དང་པོའི་བདེ་བ་ཐོབ་པ་ཡིན་པས་ན་ལས་གང་བྱས་ཀྱང་གྲུབ་པར་འགྱུར། །ཆུ་ལ་བཟླས་ཏེ་གཏོར་ན། ཞེས་བྱ་བ་ནི་དགའ་བྲལ་དུ་གྱུར་པའི་ཐ་ཚིག་གོ་འདི ་དང་གླང་པོའི་རྐང་རྗེས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་རྩ་ཨ་བ་དྷཱུ་ཏིའི་དགའ་བྲལ་དུ་བྱང་ཆུབ་སེམས་ནི་རྡུལ་ཏེ། རླུང་གྱེན་དུ་བཟློག་པའི་ཕྱིར་ཡི་གེ་ཧཱུཾ་གིས་རླུང་འདྲེན་པའི་བཟླས་བརྗོད་སྟོང་བྱས་ལ་ལས་ཀྱི་ཕྱག་རྒྱ་ཨ་བ་དྷཱ་ཏཱི་ནམ་མཁའ་ཨི་རྩ་བ་སྣུན ་བདེ་གླང་པོ་ཆེ་ལྟར་བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མི་འགྱུར་རོ། །དུས་དེའི་ཚེ་ལས་གང་བྱས་པ་ཐམས་ཅད་འགྲུབ་པར་འགྱུར། །ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བསྐྱེད་པའི་རིམ་པ་ལེའུ་བཅུ་གསུམ་པའི ་རྣམ་པར་བཤད་པ། བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པ་སྒྲུབ་པའི་ཡན་ལག་མཚན་མ་འབྱིན་པའི་དངོས་གྲུབ་ལེན་པ་དང་ཉམས་པ་གསོལ་བ་དང། གསུམ་གྱི་དོན་ཕྱིར་ཚོགས་ཀྱི་འཁོར་ལོ་བཤད་པར་བྱས་ཏེ་དེ་ནས་རྣལ་འབྱོར ་བོང་བུའི་བདག་ཅེས་བྱ་བ་གསུངས་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་བཀོད་པ་དང་ཡིག་འབྲུ་དང་ཕྱག་མཚན་དགོད་པའི་ཕྱག་རྒྱ་དང་སྙུ?་ཕྱག་རྒྱ་ཆེན་པོ་དགོད་པའི་དཀྱིལ་འཁོར་ལ་མ་གཏོགས་པའི་མིའི་རྣལ་འབྱོར་པ་དང། རྣལ་འབྱོར་མ་ལྷའི་རྒྱན་དང་ཁ་དོག་དང ་ཆ་བྱད་དུ་བྱས་ནས་སྒྲུབ་པ་ནི་ཚོགས་ཀྱི་འཁོར་ལོ་ཞེས་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས་ཞེས་གསུངས་སོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། བོང་བུའི་རྣལ་འབྱོར་བདག། །ཅེས་བྱ་བ་ནི་ས་འོག་ཏུ་སྤྱོད་པ་འདུལ་བའི་ཕྱིར་བོང་བུའི་ཧེ་རུ་ཀ་དུད་འགྲོའི་གཟུགས་ཀྱིས ་རྣམ་པར་སྣང་མཛད་སྤྲུལ་པའི་སྐུ་གཟུགས་བརྙན་གྱི་འཁོར་ལོའི་ཆ་བྱད་དུ་བྱའོ། །གལ་ཏེ་ས་སྤྱོད་འདུལ་ན་མིའི་གཟུགས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་སྐུའི་གཟུགས་བརྙན་བྱའོ་མཁའ་སྤྱོད་འདུལ་ན་མཁའ་ལྡིང་གི་གཟུགས་ཅན་གྱི་སླུལ་བའི ་སྐུའི་གཟུགས་ཅན་གྱི་ཚོགས་ཀྱི་འཁོར་ལོ་བྱའོ་ཞེས་ཀུན་སྤྱོད་ལས་གསུངས་པའི་ཕྱིར་འདི་ལ་ཐེ་ཚོམ་མི་བྱའོ། །ཡིད་ཀྱི་གཟུགས་ལ་འཇུག་བའི་ཕྱིར་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཡིད་ཀྱིས་སྤྲུལ་པའི་སྐུའི་ཆ་བྱད་ལ་འཇུག་པར་བྱ་པའི ་ཕྱིར་རོ། །དུས་ནམ་གྱི་ཚེ་གང་གིས་སྒྲུབ་པ་པོ་འགྲུབ་པའི་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་བོང་བུའི་ཧེ་རུ་ཀ་ལ་སོགས་པ་མཐོང་བའི་ཚེ་རང་དོན་ཕུན་སུམ་ཚོགས་པ་དང་གཞན་དོན་ཕུན་སུམ་ཚོགས་པའི་འཕྲིན་ལས་གྲུབ་པར་འགྱུར་རོ། །སྒྲུབ་པ་དེ་ནི་བཤད་པར ་བྱ་ཞེས་བྱ་བ་ནི་ཞེ་གནས་མངོན་སུམ་དུ་བསྐྱེད་པའི་ཐབས་ཀྱི་འཁོར་ལོ་ནི་སྒྲུབ་པའི་ཐབས་བཤད་པར་བྱའོ། །དེ་ལྟར་མདེར་བསྟན་ནས་རྒྱས་པར་བཤད་པ་ནི། རྣལ་འབྱོར་མ་ནི་ལྔ་མའི་གཟུགས། །དེ་བཞིན་དུ་ནི་མཁའ་འགྲོ་མ་ཁ་ཎ་ཌ་རོ་ཧའི་གཟུགས་ཅན་ཞེས ་བྱ་བ་ནི་མཁའ་གྲོ་མ་ནི་བོང་བུའི་གདོང་ཅན་དང་ལྔ་མ་ནི་སེངྒེའི་གདོང་ཅན་དང། ཁན་ཊ་རོ་ཧ་ནི་བླང་པོའི་གདོང་ཅན་དང། གཟུགས་ཅན་མ་ནི་མཁའ་ལྡིང་གདོང་ཅན་ནོ། །ཐོད་པ་དང་མདུང་རྩེ་གསུམ་པ་དང་ཁ་ཊཝཱཾ་ག་བསྣམས་པ་ཕྱག་བཞི་པ་རོའི་གདན་ལ ་བཞུགས་པ་སྒོ་བཞི་དང་མཚན་མ་དང་རྒྱན་དང་གོས་དང་ཆ་བྱད་ཇི་ལྟ་བ་བཞིན་དུ་བྱའོ། །ཐུགས་ཀྱི་འཁོར་ལོ་ཇི་ལྟར་བྱ་ཞེ་ན། དཔའ་བོ་དང་དཔའ་མོ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཁའ་ལྡིང་གི་ལྡིང་ཅན་ནོ། །གསུང་གི་འཁོར་ལོ་ཐམས ་ཅད་པདྨ་དང་དྲིལ་བུ་བསྣམས་པ་རྨ་བྱའི་གདོང་ཅན་ནོ། །སྐུའི་འཁོར་ལོ་ཐམས་ཅད་འཁོར་ལོ་དང་བྲིལ་བུ་བསྣམས་པ་སེང་གིའི་གདོང་ཅན་ནོ། །གཤིན་རྗེ་བསྟན་མ་ལ་སོགས་པ་བཞི་ནི་མ་ཧེའི་གདོང་དང་ཤ་བ་དང་སྟག་དང་གཟིགས་གི་གདོང་ཅན་ནོ། །སྒྲོ་མ་ཁྭ་གདོང་ལ་སོགས ་པ་ཉིད་ཡིན་ནོ། །སྐུ་མདོག་ནི་ཕྲིན་ལས་བཅུ་གཉིས་ཀྱི་དབང་གིས་གདོང་བཅུ་གཉིས་སུ་འགྱུར་བ་འམ། །ཡང་ནམ་མཁའ་སྤྱོད་སྒྲུབ་པའི་ཚོ་ཐམས་ཅད་ནག་པོས་སྤྱོད་ཀྱི་ཚོ་ཐམས་ཅད་དམར་པོས་སྤྱོད་སྒྲུབ་པའི་ཚེ་ཐམས་ཅད་དཀར་པོར་བྱའོ། །མཁའ་འགྲོ་མ་བརྒྱད་གི ་གུག་དང་ཀ་པཱ་ལ་དང་ཅང་ཧེ་རུ་དང་ཁ་ཊཝཱི་ག་བསྣམས་པའི་ཕྱག་བཞི་མའི་གཙོ་བོ་ཧེ་རུ་ཀ་ཇི་ལྟ་ཞེ་ན། དཔའ་པོ་རྣམས་ཁྲག་གི་མཁའ་གྲོ་རྩེ་གསུམ་ལག་ན་ཐོཌ་ཞེས་བྱ་བ་སྨོས་ཏེ། །རྡོ་རྗེ་དང་དྲིལ་བུ་དང་རྩ་གསུམ་དང་ཁ་ཊཝཱཾ་ག་བསྣམས་པ་ཕྱག་བཞི་པ་སྒོམ་པའམ་ཡང ་ན་ཞལ་བཞི་ཕྱག་བཅུ་གཉིས་པ་ཞལ་གསུམ་བོང་བུའི་གདོད་པར་སྣང་རང་སྒོམ་པར་བྱའོ། །དེ་ཡང་ཆོ་ག་གང་གིས་བསྒྲུབ་པར་བྱ་ཞེ་ན། དེ་ཡང་གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །སྒྲ་སོགས་སྟོང་པ་སྔོན་འགྲོ་བ། ཞེས་བྱ་བ་ལ ་སོགས་པ་དེ་ཉིད་བཅུ་བཞིའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ལྟར་འདོད་པའི་ཡོན་ཏན་ལྔ་སོགས་ཀྱི་འཁོར་ལོའི་རྣལ་འབྱོར་གྱི་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་ནས་འབྲས་བུ་མངོན་པར་ཤེས་པ་སྐྱེ་བར་འགྱུར་བ་ནི་ཚེ་ཟང་པ་དང་ཚེ་རིང་བ་སྒྲུབ་པ་ཉིད་ལ ་སྣང་བ་ཡིན་ཞེས་བྱ་བ་སྨོས་ཏེ་??་བ་དང་སྐྱེ་བ་འཕོས་པས་ཡིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པ་འདི་ནི་བོང་འདྲ་རྣལ་འབྱོར་བ་འདི་ནི་བོང་བུ་འདྲ་བར་བལྟ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། །འགྲོ་བ་རིས་དྲུག་གི་གནས་གང་དང་གང་ནས་འཆི་?? ་བ་དེ་དང་དེའི་གཟུགས་སུ་ད་ལྟར་སྣང་བར་འགྱུར་རོ། །ད་ལྟར་གྱི་རྟགས་འདི་ལས་སྐྱེ་བ་སྔ་མ་དཔག་པ་ཡིན་ན་སྐྱེ་བ་སྔ་མ་གླང་པོ་ཆེ་ལས་འཕོས་ཀྱང་གླང་པོ་ཆེའི་གཟུགས་སུ་མཐོང་བ་ཡིན་ནོ། །གང་དང་གང་གིས་སྐྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་རིས ་དྲུག་གི་གཟུགས་སུ་སྣང་བ་འགྲོ་བ་རིས་དྲུག་གིས་དཔོག་པའོ། །འདི་ནི་གྲུབ་པའི་སྐྱེས་བུར་འགྱུར། །ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་ལྡན་པ་སྟེ་ལྷའི་མིག་དང་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་ཟག་པ་ཟང་པའི་མངོན་པར་ཤེས་པ་དང་ལྡན་པའོ ་སྐྱེ་བ་བདུན་གྱི་རིམ་ལ་ཡིས་ཞེས་བྱ་ནི་བསྐྱར་བའི་ཆོ་ག་དང་སྐྱེ་བ་བདུན་པའི་ཤ་ཁ་ན་མ་ཐོབ་མེད་པ་དེ་ཡིས་གཏོར་མ་དང་ཚོགས་ཀྱི་འཁོར་ལོ་བྱའོ། །དེ་མ་བྱས་པ་ཅིང་འགྱུར་ཞེས་ན། སྒྲུབ་པ་པོ་ནི་འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་བསྐྱེད་པའི་དེ་བཞིན་དཔག་ཚང་སྟོང་ཕྲག་ནི་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པས་དཔག་ཚད་སྟོང་གི་སྟེང་སུ་སྐད་ཅིག་ལ་མྱུར་བར་འགྲོ་བར་འགྱུར་རོ། །རྣལ་འབྱོར ་སྔགས་མཆོག་དམ་པ་སྟེ་ཞེས་བྱ་བ་ནི་རྫོགས་པའི་བོང་བུའི་ཧེ་རུ་ཀ་སྟོན་པ་ཡིན་ཏེ། དེ་སྐད་དུ་ཡང་གདན་བཞི་ལས། གཡས་དང་གཡོན་གྱི་ངོས་གཉིས་ནི། །ཉི་མ་ཟླ་བ་རབ་ཏུ་བཤད། ཆུ་ཤིང་མེ་ཏོག་ལྟ་བུ་ནི། ལྟེ་བའི་དབུས་ནས་གྲོལ་བར་གནས། ་བ་ལང་རྨིག་སྔེས་པདྨ་ནི། །བོང་བུའི་རྣམ་པར་ཤེས་པར་བྱ་ཞེས་གསུངས་པས། གཡས་པར་ས་ནཱ་དང་གཡོན་པར་ལ་ལ་ནཱ་ནི་རྩ་སྲུབ་ཐག་ཡིན་ཞིང་དབུས་མ་ཨ་བདྷཱ་ཏཱི་བསྲུབ་ཤིང་ཡིན་ཏེ། ལྟེ་བ་ཁྲག་གི་ཐིག་ལེ་གཙུབས་གཏན་ཡིན་པས་མི ་ཤིགས་པ་ནམ་མཁེའི་རླུང་གཡས་གཡོན་གྱི་རླུང་གིས་བསླུབས་ན་རླུང་མེའི་དྲོད་ཙམ་དུ་གྱུར་པ་ཡིན་ནོ། །དེས་ན་གཡས་གཡོན་གྱི་རླུང་མ་སྔགས་མཆོག་དམ་པ་སྟེ་ཞེས་བྱའོ་།མཁའ་འགྲོ་མ་ནི་སྤྱིར་སྒྲུབ་བྱེད་ཅེས་བྱ་བ་ནི་མགོ་བོ་ནམ་མཁའ་དཀྱིལ་འཁོར ་དུ་འགྲོ་བས་ལྟེ་བའི་གཏུམ་མོ་དོད་ལ་མཁའ་འགྲོ་མ་ཞེས་བྱའོ། །སྦྱོར་སྒྲུབ་བྱེད་ཅེས་བྱ་བ་ནི་གཡས་གཡོན་གྱི་རླུང་བསྲུབས་པའོ། །རྣལ་འབྱོར་མཚན་མ་གང་ཟློས་ན་ཞེས་བྱ་བ་ནི་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་དང། ཆུ་མེ་ལ་ཐིས ་པས་སྨིག་སྒྱུ་ལྟ་བུ་དང། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་དང། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲོན་མ་ལྟ་བུའོ། །རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་ནམ་མཁའ་ལྟ་བུའི་རྟགས་མཐོང་ནས་གང་ཟློས་བཞེས་པ་ནི་སྲོག་ཨ་བདྷཱུ་ཏཱི་ར་ཆུད་པའོ། །ཟླ ་བ་གཅིག་གིས་ནི་གྲུབ་པར་འགྱུར་ཞེས་བྱ་བ་ནི་གཏུ་མོ་བསྲུབས་ཤིང་འཁོར་ལོ་བསྲུབས་པའི་ཐབས་ཀྱིས་སོ། །གསང་བའི་རྒྱུད་ནི་འདིའོ། །སྙིང་པོ་ཤིན་ཏུ་དགའ་བ་ཡིན། །ཞེས་བྱ་བ་ནི་གཡས་གཡོན་གྱི་རྩའི་སྣ་བ་འང་གི་རྨིག་རྗེས་ལྟ་བུའི་རྩིའི་ནང་ནས ་སྲོག་དང་རྩོལ་བ་གཉིས་ཨ་བདྷ་ཏིར་ཆུང་པ་ནི་གསང་བ་རྒྱད་ཅེས་བྱའོ། །དེ་ལས་བྱང་ཆུབ་ཀྱི་སེམས་ཕབ་པས་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་ཨི་རྟོག་པ་མེད་པ་སྐྱེས་པ་ནི་ཤིན་དུ་དགེ་བའོ། །གང་ཞིག་དེ་ནས་ཤེས་པ་ནི་ཞེས་བྱ་བ་ལ་སོཌ་བརྩ་བསུ ་གྱི་རླུང་ཨ་བ་དྷཱུ་བཱི་བཅུག་པས་རྣམ་པར་རྟོག་པའི་རྐྱེན་མ་ཚང་བས་རླུང་ཨ་བ་དྷཱུ་ཏཱི་ར་ཆུད་པའི་ཚེ་རྟོག་མེད་སྐྱེས་པ་དེའི་ཆོ་སྒྲིབ་པ་རྣམ་པར་སྤངས་ནས་འདས་པ་དང་མ་འོངས་པ་ལ་སོགས་པ་དུས་གསུམ་དུ་ཤེས་པར་འགྱུར་རོ། །དེ་ཡང་གང་ན་བཞི ་ལས་མི་གཡོ་རྣམ་པར་མི་འཁོར་བ། །རྣམ་པར་མི་འབྱུང་གང་ཡང་མེད། །སློབ་པ་ལྔ་ནི་རྣམ་སྤངས་པ་རང་ཉིད་ཧེ་རུ་ཀར་གསལ་འགྱུར་ཞེས་གསུངས་སོ། །དེ་འདིར་རྣལ་འབྱོར་པ་ཉིད་དུ། མེད་ཅེས་བྱ་བ་ནི་ལྟེ་བར་སྦྲུལ་པའི་འཁོར་ལོའི ་དབུས་སུ་རྒོང་མའི་ཁ་ཞེས་བྱ་བ་བ་ལང་གི་རྨིག་རྗེས་ལྟ་བུའི་རླུང་བཅུག་ན་བྱང་ཆུབ་ཀྱི་སེམས་བདེ་བརྟོག་མེད་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །འདི་ཉིད་ནི་མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན་ཞེ་ལ་པ་ནི་དངོས་གྲུབ་པའི་ཚོགས་ཀྱི་འཁོར ་ལོ་བདེ་མཆོག་ཡིན་ནོ། །ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཚོགས་ཀྱི་འཁོར་ལོ་བཤད་ནས། ད་ནི་སྒྲུབ་པའི་ཡན་ལག་ལས་ཀྱི་ཕྱག་རྒྱ་སྟོན་པ་ནི། །དེ་ནས་སྡོམ་པ་ཐམས་ཅད་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་སྐུ་གསུང་ཐུགས་ཀྱི་འཁོར་ཐམས་ཅད་སྒྲུབ་པའི་ཡན་ལག་ཡེ་ཤེས་ལས་སྐྱེས་པ་དང། གནས་ལས་སྐྱེས་པ་དང། སྔགས་ལས་སྐྱེས་པ་གསུམ་གྱིས་སྒྲུབ་པར་བྱ་བ་ཡིན་ཏེ། ཕོ་ཉམས་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང ་དང་ཐ་མ་སྟེ། ཞེས་བྱ་བ་གསུངས་སོ། །དེ་ཡང་འཛ་མྦུའི་གླིང་གནས་ཉི་ཤུ་རྩ་བཞི་ནས་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་ཞུགས་ན་རྣལ་འབྱོར་པ་གདུལ་བྱ་དུས་ལ་བབ་པར་གཟིགས་ན་ཡེ་ཤེས་ལས་སྐྱེས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བུད་མེད་ཀྱི ་གཟུགས་སུ་བྱོན་ནས་ཞི་གནས་དང་ལྷག་མཐོང་དགའ་བ་བཞིའི་ཏིང་ངེ་འཛིན་སྟོན་པར་མཛད་པ་འམ། ཡང་ན་གནས་ཉི་ཤུ་རྩ་བཞིར་སྐྱེས་པ་དབང་པོ་ཚང་བ་ལ་སོགས་པ་བདག་གི་འབྱོར་པ་དང་ལྡན་པས་བདེ་བའི་ཏིང་འཛིན་སྒྲུབ་པར་འགྱུར་པ་འམ། ་དབང་བསྐུར་བ་ཕོབ་པ་སྔགས་ཀྱི་རྣལ་འབྱོར་མས་ལུས་ཀྱི་འཁྲུལ་འཁོར་གྱིས་དྷཱུ་ཏཱི་ར་སད་ནས་བསམ་གཏན་དང་གཟུགས་མེད་ཀྱི་བདེ་བ་སྐྱེས་པར་གྱུར་པས་ན་དང་པོ་ཁ་དོག་དང་དབྱིབས་དང་སྦྱོད་ལམ་གྱི་མཚན་ཉིད་ཤེས་ནས་ཡིན་ལ་གང་ཉིད་ལག་གི ་བརྡ་དང། ཡི་གེ་དང་ཚིག་གི་བརྡ་དང་མིག་དང་མཆུའི་བརྡས་སྒྲུབ་པའི་ཡན་ལག་གི་བྱང་ཆུབ་སེམས་དཔའ་དེ་ཤེས་པར་བྱའོ། །དེ་ཡང་དུ་བ་ལས་ནི་མེར་ཤེས་ཤིང། ཆུ་བསྐུར་ལས་ནི་ཆུ་ཡིན་ཏེ། བྱང་ཆུབ་སེམས་དང་བློ་ལྡན་གྱིས། །རིགས་ནི་མཚན་མར ་ལས་ཤེས། །ཞེས་གསུངས་སོ། །རྒྱུ་མཚན་དེ་བས། གང་ཞིག་བརྡར་ནི་ཤེས་འགྱུར་ཏེ། རྡོ་དྲུག་ཤེས་པས་དེ་ཉིད་ཀྱིས། །དེ་གྲུབ་པ་ནི་ཞེས་བྱ་བ་སྟེ་བརྡ་དང་སྤྱོད་ལམ་བཤེས་པ་དེས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྤྲུལ་སྐུའི་རྣལ་འབྱོར་མ་རྙེད་ནས་ལ ་ཀྱི་ཕྱག་རྒྱའི་རྒྱུ་རྐྱེན་ཚོགས་པ་དེ་ལས་ཏིང་ངེ་འཛིན་སྒྲུབ་པར་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །དེ་ལྟར་མངོར་བསྟན་ནས་རྒྱས་པར་བཤད་པ་ནི། །ད་ཞེས་བྱ་བ་སྐྱེས་བུར་བཤད་ཅེས་བྱ་བ་གསུངས་ཏེ། ལེའུ་ལྔ་བཅུ་པ་ནི་དང་ཁྱེད ་ཀྱི་རྡ་ཡིན་ལ་བཅུ་དྲུག་པ་ནི་དབ་བྱེད་ཀྱི་ལྷ་མོའི་མཚན་ཉིད་དོ། །དེ་ལས་དང་པོར་དག་བྱེད་ཀྱི་ལྷ་མོའི་བརྡ་སྟོན་པ་ལ་དབང་དང་དཔའ་མོ་དང་བཀས་གནང་བ་དང་ཀུན་གྱི་སྤྱོད་བརྡ་ལན་བསྟན་པ་ཡིན་ནོ། །ཅིའི་ཕྱིར་བརྡ་ལྔ་སྟོན་ཅེ་ན། དག་བྱེད་ཀྱི་ལྷ་མོ་ནི ་དུང་ཅན་མ་དང་རི་དགས་ཅན་ཡིན་པས་སེམས་གཟུང་བ་དང་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་ལོ་དང་བཀས་གནང་བ་དང་ཁམས་བཏང་བ་ཀུན་དུ་སྤྱོད་པ་ཡིན་ནོ། །དེ་ལ་དང་པོར་དབང་བསྐུར་བའི་རྡ་སྟོན་ཏེ། དང་ཞེས་བྱ་བ་ནི་དབང་བསྐུར་བའི ་སྐྱེས་བུའི་ཕྱག་རྒྱའོ། །དེ་ཞེས་བྱ་བ་དབང་བསྐུར་བའི་བུད་མེད་ཀྱི་ཕྱག་རྒྱའོ། །སྤུ་ཞེས་བྱ་བ་འཁྱུད་པར་སྟོན་པའོ། །སུ་ཞེས་བྱ་བ་དབང་བསྐུར་བའི་བཟའ་བ་སྟོན་པའོ། །མ་ཞེས་བྱ་པ་རྡོ་རྗེ་སློབ་དཔོན་དབང་བ་སྟོན་པའོ། །ལས་ཞེས་བྱ་བས་རང་གི་ལས ་ཀྱི་ཕྱག་རྒྱའོ། །བི་ཞེས་བྱ་བ་རང་དང་དུས་མཉམ་དུ་དབང་བསྐུར་བའོ། །ལུ་ནི་རང་གིས་དབང་བསྐུར་བའོ། །སྲི་ནི་བསང་བའི་དབང་བསྐུར་བ་རོ། །རང་བྱུང་ནི་ཁྲག་གོ། །སྔོན་ནི་གསང་བའི་དབང་བསྐུར་བའི་ཞི་བའི་བཏུང་བའོ། །བི་ཞེས་བྱ་བ་སྨན་སྣ་བརྒྱ ་རྩ་བརྒྱད་དུ་བསྐོལ་པའི་ཐུག་པའོ། །ཧི་ཞེས་བྱ་བ་ཤ་ལྔའོ། །ལྷ་ཞེས་བྱ་བ་དབང་བསྐུར་བའི་ཆེ་ཁ་ཟས་འབྲས་ཆན་ལ་སོགས་པའོ། །ནུ་ཞེས་བྱ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །འདི་ཙམ་གྱིས་ནི་བརྡ་བསྟན་ཏོ། །དག་བྱེད་ཀྱི་ལྷ་མོའི་བརྡ ་སྟོན་ཏོ། །བི་ཞེས་བྱ་བ་ནི་སེམས་འཛིན་པའི་གནས་སུ་ཁྲིད་པའོ། །དུ་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་རོ་ཁ་ཟས་སུ་ཟ་བའོ། །དི་ཞེས་བྱ་བ་ཡུམ་རྡོ་རྗེ་ཕག་མོའི་རིགས་སོ། །ད་ཞེས་བྱ་བ་སྒྲོལ་མའི་འོ། །ཧྲི་ཞེས་བྱ་བ་སངས་རྒྱས་སྤྱན། ཀུ་ཞེས་བྱ་བ་མཱ་ན། ཀཱི་ཧ་ཞེས ་བྱ་བ་གོས་དཀར་མ། །ཛ་ཞེས་བྱ་བ་ཡེ་ཤེས་ཀྱི་ལྷ་མོ་གཉིས་དང་བྱིན་པ་ཀྱིས་འཁྱུད་པའི་སེམས་འཛིན་པའོ། །ད་ནི་དཔའ་བོ་ལྷ་མོའི་བཤད་པར་བྱ་སྟེ། ཐོག་མ་ཕྲད་པའི་ཆེ་བ་ཞེས་བྱ་བ་ཕྱག་འཚལ་སྟོན་ལ་སོ་ཞེས་བྱ་བ་ཕྱག་འཚལ་བའི་ལན་ནོ། །ནི ་ཞེས་བྱ་བ་ཤ་ལ་སོགས་པའི་བཟའ་བའི། །བྱ་ཞེས་བྱ་བ་བདུད་རྩི་སྔར་བྱིན་གྱིས་བརླབས་ནས་བཟའ་བའི། །བྷི་ཞེས་བྱ་བ་རྡོ་རྗེ་ཆུང་བྱིན་གྱིས་བརླབས་པའོ། །གཞེས་བྱ་བ་དབང་བསྐུར་བ་ལ་བགྲོད་པར་བྱ་བ་ཡིན་གྱི་མ་བསྐུར་བ་ལ་དམ་ཚིག་དང་རིས་མ་སྟོན་པར ་དགའ་བ་དང་ཞེས་བྱ་བའི་མཉེས་པར་བྱུང་བས་བགྲད་པར་མི་བྱའོ། །ད་ནི་བཀས་གནང་བའི་ལྷ་མོའི་མཆོད་པའི་ལྷ་མོ་སྟོན་ཏེ། ཀ་ཞེས་བྱ་བ་ནི་རིགས་ལྔའི་ལྷ་མོ་སོ་སོར་འདོད་པར་བྱའོ། །ས་ཞེས་བྱ་བ་སྐྱེས་པ་གཞན་གྱི་གམ་དུ་མི་འགྲོ་བའི། །ང་ཞེས་བྱ་བ་ནི་བདག་པོ ་མེད་པ་དང་མཚད་པའི་ཕྱག་རྒྱའོ། །ད་ནི་ཀུན་སྤྱོད་མ་སྟེ། དུ་ཞེས་བྱ་བ་ནི་གཟུགས་འཚོར་བའོ། །སུ་ཞེས་བྱ་བ་ནི་རྒྱས་པ་ལ་དད་པའོ། །ན་ཞེས་བྱ་བ་ནི་མུ་སྟེགས་པ་ལ་དད་པའོ། །ས་ཞེས་བྱ་བ་དབང་བསྐུར་བ་ཐོབ་པའོ། ། ཞེས་བྱ་བ་ནི་དང་བས་དེས་པའོ། །ནུ ་ཞེས་བྱ་བ་ནི་དད་པ་མེད་པས་མ་འོངས་པའོ། །སོ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་ཡུལ་དུ་གྱུར་པའོ། །ཡི་གེ་རེ་རེའི་བད་འདི་དག་ཚོར་བསྡུག་བསྔལ་བཏང་སྙོམས་པ་ནས་ཚོར་བ་བདེ་བསྒོམ་ཞིང་རྟོག་པ་མེད་པ་མདོན་སུམ་གྱི་ལམ་ལ་དད་པ་ལ་སྦྱིན་པར་བྱའོ། ་མ་དད་པ་ལ་མི་སྦྱིན་པ་དང། གྲོལ་བའི་ལམ་པ་ལ་ཡང་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་སེམས་འཛིན་པའི་དག་བྱེད་ཀྱི་ལྷ་མོའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ནས་བཟའ་དང་བཟའ་མིན་བྱ། ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡིད་དུ་འོང་བ་གཟུགས་སྡུག་ཀུན་མིག་གིས་བཟའ་བར་བྱའོ། །སྒྲ་སྙན་པ་རྣ་བའི་དང། དྲི་ཞིམ་པོ་སྣ་དང། རོ་ཞིམ་པོ་ལྕེའི་དང། ནམ་མཁའ་ཨི་རྩའི་དང་རིག་པ་ལུས་ཀྱི་བཟའ་པར་བྱའོ། །ལོངས་སྤྱོད་པར་བྱའོ། །བཟའ་བར་མི་གྱར ་ནི་ཡིད་དུ་མི་འོང་བའོ། །དེ་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་ནི་དག་བྱེད་ཀྱི་ལྷ་མོ་བཤད་པར་ཞེས་པའོ། །མི་ཐུབ་ཟླ་བ་དང་འབར་བའི་ཞལ་སྔ་ནས་བཟའ་བར་བྱ་བ་ནི་གནས་ཉི་ཤུ་རྩ་བཞིན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཨི་སྦྲུལ་བའི་སྐུ་དང། དེ་རྣམས་ལ་འདོད་པའི་ཡོན་ཏན་གྱི་གཟུགས་ཀྱི་ཞི་གནས་དང་ལྷག་མཐོང་གི་ཆོས་སྟོན་པས་བཞུགས་པ་ལ་ལས་དང་པོ་བའི་རྣལ་འབྱོར་པས་མཚན་ཉིད་མ་རྟོགས་པས་མཚན་ཉིད་བརྟགས་ནས་སྤྲུལ་པའི་སྐུའི་ལྷ་ཡེ་ཤེས་ཀྱི་ལྷ་མོ་དེ ་དང་སྙོམས་པར་ཞུཌ་བས་མེ་ལོང་གི་གཟུགས་བརྙན་མཐོང་བ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ཆར་སྟོང་པ་ཉིད་མཐོང་བར་གྱུར་པས་དེའི་མཚན་བསྟན་པ་ཡིན་ནོ་ཞེའོ། །རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། ཕོ་ཉ་ལྷན་ཅིག་སྐྱེས་དངོས་ཟུག། མཆོག ་དང་འབྲིང་དང་ཐ་མ་ཞེས་གསུངས་པས། མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྦྲུལ་བའི་སྐུའི་ཡེ་ཤེས་ཀྱི་ལྷ་མོ་ཡང་ཡིན་ལ་གནས་ཉི་ཤུ་རྩ་བཞིར་སྐྱེས་པ་དབང་པོ་ཚད་བ་ལས་ཀྱི་མཛའ་མ་ལོག་པ་ནི་འབྲང་པོ་ཡིན་ནོ། །སྡོམ་པ་གསུམ་ལ ་གནས་ཤིང་དབང་བསྐུར་བ་ཐོབ་པ་ནི་སྡགས་ལས་སྐྱེས་བ་སྟེ་ཐ་མ་ཡིན་ནོ། །དེ་དག་གསུང་རབ་མཚན་ཉིད་སྡོམ་ནས་སྟོན་པ་ནི་ཡེ་ཤེས་ཀྱི་ལྷ་མོ་ཁོ་ན་ཡིན་ཞེས་མི་བྱའོ། །དེ་གསུམ་ཆར་ལས་ཀྱང་ཞི་གནས་རྟོག་པ་མེད་པ་དང། ལྷག་མཐོང ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེའོ། །སྒྲུབ་པ་མཆོག་ཏུ་དམ་ཚིག་ལ་གནས་པ་ཞེས་བྱ་བ་ནི་ཆགས་པའི་ལམ་བསྒོམ་པའི་རྟེན་གྱི་གང་ཟག་གོ། །བཟའ་བྱ་རྟེས་གནང་ཕན་སྤྱོད་པ་ཞེས་བྱ་བ་ནི་མཚན་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་དེ་སློབ་དཔོན ་ཕྱིས་རྗེས་སུ་གནང་ནས་ཞི་གནས་དང་ལྷག་མཐོང་གི་ཤེས་པ་སྐྱེ་བ་ལ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་དང་ཆོས་འཕགས་བཞིན་དུ་བསམ་གཏན་དང་ཟག་མོད་ཀྱི་ཏི་ངེ་འཛིན་སྐྱེ་བའི་ཕྱག་རྒྱ་དེ་རབ་ཏུ་སྦྱིན་པར་བྱའོ། དེ་དང་རྣལ ་འབྱོར་པས་ཅི་ཞིག་བྱ་ཞེ་ན། །ཡུལ་ལྔ་དང་དབང་པོའི་ཤེས་པར་ལས་ཀྱི་ཕྱག་རྒྱའི་ཡུལ་དང་གཉིས་སུ་མེད་པར་བྱ་བའི་རྣལ་འབྱོར་པའི་དེ་བླང་བྱ་དང་དོར་བྱའི་རིགས་ཀྱི་བྱེ་བྲག་ཤེས་པར་བྱའོ། །དེས་ཅིར་འགྱུར་ཞེས་ན་གང་གིས་ཤེས་པ་ཙམ་གྱིས་ནི་ཞེས་བྱ་བ ་གསུངས་ཏེ། འཆོས་པ་མོ་བཤས་གཉེན་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་བྱང་ཆུབ་སེང?་ལ་སེམས་བསྐྱེད་པ་བཞིན་དུ་སྒྲུབ་པོ་རྣམས་ཀྱིས་སྙོམས་པར་ཞུགས་པ་ལས་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བས་ན་དེ་ཐོབ་ཀྱི་ཚ་བཤད ་བར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བུད་མེད་པདྨ་རྩ་ལྟར་དཀར་ཞིང་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ལས་སྐྱེས་པ་དང་ཞིང་སྐྱེས་དང་སྡགས་སྐྱེས་ཀྱི་དག་བྱེད་ཀྱི་ལྷ་མོ་མཚན་ཉིད་སྡོམ་ནས་བཤད་པ་ཡིན་ཏེ། དེ་ལ་མཚན་ཉིད་གསུམ་སྟེ། ཁོ་དོག་དབྱིབས ་ཀྱི་སྦྱོང་ལམ་གྱི་མཚན་ཉིད་དོ། །ཁ་དོག་ནི་དཀར་བ་དང། དབྱིབས་ནི་མིག་དཀྱུས་རིང་བ་དང། གོས་དཀར་པོ་ལ་དགའ་བ་དད། །ཙན་དན་སར་དྲི་ཡོད་དང། དཀོན་མཆོག་གསུམ་ལ་དད་པ་ནི་རིན་པོ་ཆེའི་རིགས་ཀྱི་བུང་མེད་དོ། །བུང་མེད་གང་ཞིག ་ཁ་དོག་སེར་བ་དང། དམར་སེར་གྱི་གོས་ལ་དགའ་བ་དང། ཛཱ་ཏི་ལཙམ་པ་ཀའི་དྲི་ཡོད་པ་དང། དེ་ཡང་དཀོན་མཆོག་གསུམ་བསྟན་པ་བཟང་ངའི་རྗེས་སུ་འགྲོ་བ་ནི་པདྨའི་རིགས་སོ། །བུད་མེད་གང་ཞིག་ཁ་དོག་སྔོ་བསངས་ནི་གོས་སྔོན་པོ། །དགའ་ ་བ་ཨུཏཔ་ལའི་དྲི་ཡོད་པ་དཔའ་བོ་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་འབྲེང་བའི་ཧེ་རུ་ཀའི་རིགས་སོ། །བུང་མེད་གང་ཞིག་མདོག་དཀར་པ་སྤྱོད་ལམ་པདྨའི་རྩའི་དྲི་ཡོད་པ་ཐུགས་ཀྱི་འཁོར་ལོའི་དཔའ་བོ་བླ་མ་སྟེ་མི་བསྐྱོད་པའི་རིགས་སོ། །བུང་མེད་གང་ཞེག་ཁ་དོག ་དམར་བ། གོས་དམང་པོ་ལ་དགའ་བ་མ་ལི་ཀ་དང་ཨུཏཔ་ལའི་དྲི་ཡོད་པ་དེ་ནི་རྡོ་རྗེ་ཕག་མོའི་རིགས་སོ། །བུད་མེད་གང་ཞིག་ཁ་དོག་ལྗང་སང་གོས་དཀར་པོ་ལ་དགའ་བ་མགོ་ལ་པདྨའི་དྲི་ཡོད་བ་ནི་དོན་ཡོད་གྲུབ་པའི་རིགས་སོ། །བུད་མེད་གང་ཞིག་ཁ་དོག ་དམར་ཞིང་གོས་དམར་བ་ལ་དགའ་བ་ག་བུར་གྱི་དྲི་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་སོ། །དེ་ལྟར་ན་རྣལ་འབྱོར་པ་བདུན་པོ་དེ་དག་ནི་གཡོན་པ་ལ་སྤྱོད་པ་བདེ་བ་ལམ་དུ་བྱེད་པ་ལ་རྟག་ཏུ་དགའ་ནི་རྣལ་འབྱོར་མ་བདུན ་གྱི་རྟགས་ཇི་ལྟ་བུ་ཞེ་ན། རྟགས་བདུན་གྱི་ཁ་དོག་ཅན་ནོ། །འདི་རྣམས་ཀྱི་སྟོན་པའི་ཡི་གེ་རྣམས་ཀྱང་ཁ་དོག་དྲུག་ཏུ་དབྱེ་བ་ཡིན་ནོ། །རང་གི་ཕྱག་རྒྱའི་མཚོ་བཞེས་བྱ་པ་ནི་རིས་དྲུག་གིས་ཕྱག་རྒྱ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་འཆད་བའོ་ཆ ་རིགས་བདུན་པ་ཆོས་ཀྱི་དབྱིངས་ཕག་མོ་ཡིན་པས་ཁྱབ་པར་བསྟན་ཏོ། །དག་གི་རྟགས་ཇི་ལྟ་བུ་ཞེ་ན། །རང་རིགས་ལས་བྱུང་ཚིག་ཏུ་སྨྲ། ཞེས་བྱ་བ་གསུངས་ཏེ། རིས་དྲུག་གི་ས་བོན་གྱི་ཡི་གེ་དང་མཐུན་པའི་སྐད་འབྱིན། གཡོན་ལས་འགྲོ་བའི་བུད ་མེད་གང་ཞེས་བྱ་བ་ནི་དབང་མ་བསྐུར་བའི་ཚེ་བདེ་བ་ལ་མོས་པའོ། །རྣལ་འབྱོར་མ་ཡང་གཡོན་པ་རྟགས། ཞེས་བྱ་བ་ནི་དབང་བསྐུར་བའི་རྣལ་འབྱོར་མར་གྱུར་ནས་བདེ་བ་སྒོམ་པ་སྟེ་སེམས་ཀྱི་རྟགས་སོ། །དེ་ལྟར་ཐུན་མོང་གི་རྟགས་བཤད་ནས ་ཐབས་ཀྱི་མཚན་ཉིད་ནི་ལག་པ་གཡོན་གྱིས་ཤེས་རབ་མ་ལ་མཆོད་པ་དང། མིག་གཡོན་ལས་ཤེས་རབ་ལ་བལྟ་བ་དང། བདེ་བ་བསྐྱེད་པའི་གཏམ་སྨྲ་བ་དེ་ནི་ལས་ཀྱི་ཕྱག་རྒྱའི་དམ་ཚིག་དང་ལྡན་པར་བཤད་དོ། །དེ་ཅིའི་སྒོམ་ཞེ་ན། རིགས ་ཀྱི་ས་བོན་རབ་ཏུ་བསྒོམ། ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་ས་བོན་སྒོམ་པའི་རིགས་ཀྱི་བྱ་བ་དེར་མི་བྱ་བ་ནི་ཙུམ་པ་ན་དང་ཙུ་ཤ་ན་ལ་སོགས་པའི་བྱ་བ་དང་ལྡན་པའི་རང་རྟགས་གསུངས་པ། སྤོང་བ་མིན་ཞེས་བྱ་བ་ནི་ཐབས་ཀྱི་ཏིང་འཛིན་མི་སྤོང ་བའོ། །རང་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རང་གི་རིགས་ཀྱི་རིགས་པ་བཟླས། ཞེས་བྱ་བ་སྨོས་ཏེ། ལྷ་མོ་རིགས་པ་ཟློས་པའོ། །ལུས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཤེས་རབ་ལ་འདུད་པ་དང། ལྷ་མོ་ལ་ཕྱག་འཚལ་བའི་སྒྲ་ཀུན་ཏུ ་སྨྲ་བ་དེ་ནི་ངེས་པར་རྣམ་པར་ཤེས་པ་དང། ཡེ་ཤེས་ཀྱི་མཐར་ཕྱིན་པའི་བདེ་བར་འགྲོ་བའོ། །རྣལ་འབྱོར་པའི་མཚན་ཉིད་བཤད་པ་ནི་དགའ་བ་དང་པོ་སྣ་ཚོགས་ཀྱི་དུས་སུ་མཐེ་བོང་ས་ལ་རི་མོ་འབྲི་བ་དང། འདིར་འཇུག་པ་དང་ཟུང་གྱིས་པལ་ཞིང་ལག་པ་སྟོན ་པའོ། །མཆོག་དགའ་རྣམ་པར་སྨིན་པའི་དུས་སུ་རང་གི་རིག་པའི་ཐབས་དྲན་པ་དང། ཁུར་བ་འམ་ཀོ་སྐོ་འམ་སྣར་ཐལ་མོ་སྟོན་པའོ། །ལྷན་ཅིག་སྐྱེ་དགའ་མཚན་ཉིད་དང་བྲལ་བའི་དུས་སུ་ཟུར་གྱིས་བལྟ་ཞིང་ཨ་ན་ཧའི་སྔགས་ཟློས་པ་དང། ་།རིག་པ་ལ་བལྟ་ཞིང་ངེས་ཅིར་འགྱུར་ཞེ་ན། བདེན་པར་སྨྲ་བའི་རྣལ་འབྱོར་པ་ཞེས་བྱ་བ་སྟེ། དོན་དམ་པའི་བདེན་པ་སྟོན་པའི་རྣལ་འབྱོར་མའོ། །ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ། །།དེ་ལྟར་དག་བྱེད་ཀྱི་ལྷ་མོ ་བཤད་ནས་དབང་གི་ལྷ་མོ་བཤད་པ་ནི། དེ་ནས་རྙེད་དགའ་ཨི་རྣལ་འབྱོར་མ་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དང་གནས་དང་སྔགས་ལས་སྐྱེས་པའི་ལྷ་མོ་བྱང་ཆུབ་ཀྱི་སེམས་དུས་མཉམ་དུ་འབྱིན་པ་ནི་རྙེད་པར་དཀའ་བའོ། །དེ་བཞིན་མཁའ་འགོར་མ་རྣམས་ཀྱི ་ཞེས་བྱ་བ་ནི་ཞི་གནས་ཀྱི་ནམ་མཁའ་དང་ལྷག་མཐོང་གི་ནམ་མཁར་འགྲོ་བའི་ཕྱག་རྒྱའོ། །དེ་ལྟར་ཅི་ཞིག་བྱེད་ཅེ་ན། བདུད་རྩི་ལྔ་རྣམས་ཡང་དག་འབྱུང་ཞེས་བྱ་བ་སྨོས་ཏེ། སློབ་མའི་ཁར་བྱང་ཆུབ་སེམས་ཀྱི་བདུད་རྩི་འབེབས་པའོ། །དེ་ཡང་དུ་ཡིན་ཞེ་ན། རྒྱུད་འབུམ ་པ་ལས་བདུན་དུ་གསུངས་ཏེ། སངས་རྒྱས་སྤྱན་དང་ཉེ་བའི་སྔགས་ཕྱག་རྒྱས་སྤྱན་དྲང་སྒྲོལ་མ་དང་ཉེ་བའི་སྒྲོལ་མ་དང། གོས་དཀར་མོ་དང། ཉེ་བའི་གོས་དཀར་མོ་དང། མཱ་མ་ཀཱི་འབའ་ཞིག་དང་བདུན་ཏེ། དེ་རྣམས་ལ་ཞི་བའི་གཟུགས་སུ་བཤད་པས། ་ཡ་མི་ནི་དང་སྐྲག་བྱེད་མ། འོད་ལྡན་མ་དང་འཇིགས་གཟུགས་ཅན། །ཀུན་སྤྱོད་ཚེ་ཟ་བ་སུར། །མཁའ་འགྲོ་མ་ནི་རྣམ་པ་བདུན། ཞེས་གསུངས་སོ། །དེ་མདོར་བསྡུས་པའི་མཚན་ཉིད་རྒྱུད་ཕྱི་མ་དང་ནམ་མཁའ་དང་མཉམ་པའི་རྒྱུད་དུ་བཤད་པ་ནི། གཟུཌ ་ཅན་མ་དང་ཙུམ་བི་ཀ། ལཱ་མ་ཡོངས་སུ་གྱུར་གྱིས་བཅས་མོ། །མི་ལྡོག་ལྷ་མོ་ཨེ་ཧི་ཀ། ཞེས་བྱ་བ་གསུངས་ཏེ། ཅུང་ཞིག་ཁྲོ་བོའི་ཆ་བྱད་སྟོན་པ་ནི་གཟུགས་ཅན་མ་དང། ཉེ་བའི་གཟུགས་ཅན་མ་དང། ལཱ་མ་དང་ཉེ་བའི་ལཱ་ས་དང ་ཁ་ཎ་ཌ་རོ་ཧ་དང་ཉེ་བའི་ཁ་ཎ་ཌ་རོ་ཧ་དང་མཁའ་འགྲོ་མ་འབའ་ཞིག་གོ། དོན་ལས་ཀྱི་མཚན་ཉིད་ལེའུ་ལྔ་བཅུ་རྩ་གཅིག་འདིར་བཤད་པ་ནི་རྣལ་འབྱོར་པ་ལ་མངོན་པར་ཞེན་པས་བལྟ་བ་དང། སྨིན་མ་འདེགས་ཤིང་གར་བྱེད་པ་དང། སྔར་བཞིན ་ཁྲོ་བ་ལས་ཕྱིས་དེ་ཞིག་ནས་འཛུམ་པ་དང། གཟུགས་ཅན་མ་སྟེ་སངས་རྒྱས་སྤྱན་གྱི་མཚན་ཉིད་དོ། །དཔའ་བོ་དང་གཉིས་སུ་མེད་པ་ལ་དགའ་བ་དང། བྱིས་པ་སྡུག་ཀྱང་རུང་མི་སྡུག་ཀྱང་རུང་བྱིན་པས་འཁྱུད་ཅིང་འོ་བྱེད་པ་ནི་ཙུམ་བི་ཀ་སྟེ་ཉེ་བའི་གཟུགས ་ཅན་མ་སྟེ། རྒྱལ་རིགས་གཉིས་སོ། །ཟུར་གྱིས་བལྟ་ཞིང་ཁྲོ་གཉེར་དང་སྨིན་མ་བསྒྱུར་ཞིང་སྡིགས་མཛུབ་བྱེད་པ་དང། མ་རུངས་པས་དབུགས་མི་འབྱིན་པ་ལྟར་བྱེད་པ་ནི་ལཱ་མ་སྟེ་རྗེའུའི་རིགས་སོ། །ཕག་ལ་སོགས་པའི་སྲོག་ཆགས་རྣམས ་འཇིགས་པར་བྱེད་པ་ནི་ཉེ་བའི་ལཱ་མ་སྟེ་རིགས་གཉིས་ཡིན་ནོ། །ཤིན་དུ་རྒོད་པ་དང་སླར་གནས་ནས་སོང་ནས་ཕྱིར་མི་ལྡོག་པ་ཁཎ་ཌ་རོ་ཧ་སྟེ་བྲམ་ཟེའི་རིགས་སོ། །ཡིད་ཀྱིས་ཀུན་དུ་སྦྱོར་བས་སྙོམས་པར་འཇུག་པ་དང། རྐང་པ་མཱ་མ་ཀཱི་ས་རེ་གན ་མི་འཚོ་བ་ནི་ཁཎ་ཌ་རོ་ཧ་དང་ཉེ་བའི་ཁ་ཎ་ཌའི་རིགས་སོ། །མཁའ་འགྲོ་མ་ནི་འདིར་ཤེས་པ་ནི་དམངས་རིགས་མཛའ་ཡས་ཡིན་མཚན་ཉིད་རྒྱ་ཆེར་མ་བཤད་དོ། །དེས་ཅི་ཞིག་བྱེད་སྙམ་ན། དབང་པོའི་དབང་སོགས་ཡིན་པར་འདོད། །ཅེས་བྱ་བ་ནི ་དབང་བསྐུར་བ་དང་ཚོགས་བྱེད་པ་དང། མཆོད་པ་བྱེད་པ་དང། ཁམས་ལྟ་བ་དང་བཞི་ཀར་བཏུས་པའི་དེ་དག་ནི་ཁྱིམ་དུ་ཅི་ཞིག་འགྲོ་ཞེ་ན། གཟུགས་ཅན་མས་ཐོད་པ་ཉེ་བའི་གཟུགས་ཅན་མོས་དགྲ་སྟ། ལཱ་མས་མཆེ་བ་ཉེ་བའི་ལཱ་མས་རལ? ་གྲི། །གོས་དཀར་མོས་དགྲ་སྟ། ཉེ་བའི་གོས་དཀར་མོས་རྡོ་རྗེ། མཁའ་འགྲོ་མས་ནི་འགྲོ་བ་ཡིན་ན་མི་ཐུབ་ཟླ་བ་དང་འབའ་བ་མའི་ཞལ་སྔ་ནས་ནི་སྐུའི་འཁོར་ལོའི་བརྩོན་འགྲུས་ཆེན་མོ་ནས་བརྩམས་ནས་ཐུགས་ཀྱི་འཁོར་ལོའི་བདེ་རབ་གཏུམ་མའི་རིག ་དུ་ཉི་ཤུ་རྩ་བཞི་ཡོད་པ་ལ། རིས་དྲུག་དང་སྦྱང་ན་རྡོ་རྗེ་སེམས་དཔའ་ལ་བཞི། ཉེ་བའི་གཟུགས་ཅན་མ་ལ་རྣམ་པར་སྣང་མཛད་ལ་བཞི། ཙུམ་བི་ཀ་དང་པདྨ་གར་གྱི་དབང་ཕྱུག་ལ་བཞི། ལཱ་མ་དང་དཔལ་ཧེ་རུ་ཀའི་བཞི་ལ་ཡོངས་འགྱུར་མོ་དང། རྡོ་རྗེ་ཉི་མའི་བཞི ་ལ་བྱིས་བཅས་མ་དང། རྟ་མཆོག་གི་བཞི་ལ་མི་ལྡོག་པ་བཞིས་བྱས་ཏེ། དེ་ལྟར་ཉི་ཤུ་རྩ་བཞི་ཡིན་ལ་ཨེ་ཧི་ཀ་ནི་རྡོ་རྗེ་ཕག་མོའི་རིགས་ཡིན་ནོ་ཟེར་རོ། །ཡེ་ཤེས་ཀྱི་ལྷ་མོ་ཁོ་ན་བཤད་པ་ནི་མ་ཡིན་གྱི་ཞིང་སྐྱེས་དང་སྔཌ་སྐྱེས་??་བཤད་པ་ཡོན་ཏེ། མེ་ལྡོག་པ་ནི ་ཞེས་བྱ་སྟེ། སྒྲུབ་མིན་པར་ནི་དེ་བཤད་དོ། །ཞེས་གསུངས་པའོ། །ལས་དང་པོའི་རྣལ་འབྱོར་མའི་བྱེ་བྲག་ཀྱང་བཤད་པ་ཡིན་ནོ། །ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །དེ་ལྟར་དབང་གི་ལྷ་མོ་བཤད་ནས། །ད་ནི་ཚོགས་ཀྱི་འཁོར་ལོ ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་གསུངས་པ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཡན་ལག་ནི་དབང་བསྐུར་བ་ལས་གཞན་ནོ། །མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ཕྱིས་མཆོད་པའི་ལྷ་མོ་བརྒྱད་ཀྱི་མཚན་ཉིད ་དོ། །དེ་རྣམས་ཀྱི་མཚན་ཉིད་ཤེས་ནས་མཁའ་འགྲོ་མའི་དམ་ཚིག་ལ་གནས་པས་བདེ་བ་བརྙེད་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། དམར་ཞིང་སེར་བའི་བུད་མེད་གང་ཞེས་བྱ་བ་སྨོས་ཏེ། བ་རོག་དམར་ཞིང་སེར ་བ་དང། སྤྱོད་ལམ་པདྨའི་དྲི་གཏོང་དང། །དབྱིབས་ཀྱི་ལྷ་ལྟར་ཞི་བ་དང། །རྣལ་འབྱོར་པ་ཞེན་པས་བལྟ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་གསུང་སྣང་བ་མཛའ་ཡས་ཀྱི་རིགས་ཅན་ནོ། །སྨིན་མ་སྤུངས་ནང་རྩེ་གསུམ་ཡོད་ཅེས་བྱ་བ་ནི་རི་མོ ་གསུམ་པའི་དབྱིབས་ལ་ཁ་དོག་སྔོ་སྐྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཐུགས་མི་བསྐྱོད་པའི་རིགས་སོ། །གང་གི་དཔྲལ་བར་རྩེ་གསུམ་པ། ཞེས་བྱ་བ་ནི་དཔྲལ་བར་རྩེ་གསུམ་པའི་དབྱིབས་དང། ཁ་དོག་དམར་སེར་ལ་སོགས་པའི ་མཚན་ཉིད་དང་ལྡན་པ་ནི་སྒྲོལ་མ་སྟེ་ཧེ་རུ་ཀའི་ལཱ་མའི་རིགས་སོ། །འཁོར་ལོ་གང་གིས་དཔྲལ་བའམ། ཞེས་བྱ་བ་ནི་དབྱིབས་དང་ཁ་དོག་སྔོན་པོ་དང་འདྲ་བའི་མཚན་ཉིད་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་སོ། །གང་ཞིག་མིག་སྨན་ནགས་ལྟར་ཞིང ་ཞེས་བྱ་བའི་ཁ་དོག་ལྔས་ནི་དཀར་ཞིང་མཐོང་བ་དང། ཞེས་བྱ་བ་ནི་དབྱིབས་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་ཡུམ་རྡོ་རྗེ་ཕག་མོའི་རིགས་སོ། །སེར་ཞིང་སེར་བའི་ཁ་དོག་འདྲ་བར་སྣང་ཞེས་བྱ་བའི་ཁ་དོག་དང། མིག་མི་གཡོ་ལ་སོགས་པའི ་དབྱིབས་དང་ལྡན་པའི་ཁཎ་ཌ་རོ་ཧའི་རིགས་སོ། །གང་ཞིག་རྟག་པར་ཤ་ལ་དགའ་ཞེས་བྱ་བ་སྤྱོད་ལམ་དང་མིག་སྨན་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་མཁའ་འགྲོ་མའི་རིགས་སོ། །སྤྲིན་གྱི་མདོག་འདྲེའི་བུད་མེད་གང་ཞེས་བྱ་བའི་ཁ་དོག ་དང། སོ་ནི་མི་མཉམ་པར་གནས་ཤིང་ཞེས་བྱ་བའི་དབྱིབས་དང། རྟག་གདུག་པ་ཡི་ལས་ལ་དགའ་། །ཞེས་བྱ་བ་ལ་སོགས་པའི་སྤྱོད་ལམ་དང་ལྡན་པ་ནི་གཟུགས་ཅན་མའི་རིགས་སོ། །མཁའ་འགྲོ་མ་ཡི་ཚོགས་འདི་དག་།ཅེས་བྱ་བ་རིགས ་གསུམ་ཡབ་ཡུམ་ལྔའི་ཚོགས་སོ། །ཞེས་བྱ་བ་ཅིའི་ཕྱིར་གསུངས་ཤེ་ན། སྒྲུབ་པ་པོ་ལ་ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་ལ་ཕན་པའི་ཕྱིར་རོ། །ལེའུ་བཅོ ་བརྒྱད་པའི་རྣམ་པར་བཤད་པའོ།། །།ཚོགས་ཀྱི་འཁོར་ལོའི་ལྷ་མོ་བཤད་ནས་མཆོད་པའི་ལྷ་མོ་བཤད་པ་ནི། །དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། དཔའ་བོས་ལྷ་མོ་ལས་གཞན་ཡང་བཀའ་སྩལ་གནད ་པས་མཆོད་པ་བྱེད་པའི་ལྷ་མོ་བཤད་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་གྱི་ལྷ་མོ་དེའི་རིགས་ཀྱི་རྣལ་འབྱོར་པ་ལ་མཆོད་པའི་ཡན་ལག་ཏུ་བཀས་གནང་བ་ཡིན་ནོ། །སྒྲུབ་པ་པོ་ཡིས་ལཱ་མ་ཡིན། །ཞེས་བྱ་བ་ནི་མཆོད་པའི ་ཕྲིན་ལས་བྱེད་པའི་སྒྲོལ་མའི་རིགས་ཀྱི་ལྷ་མོ་ནི་ལཱ་མའོ། །དེ་ཡང་རིགས་ཀྱི་བྱེ་བྲག་གིས་ལྔ་ཡོད་པས་མཚན་ཉིད་ཀྱི་ནི་ཁྱད་པར་དང། ཞེས་བྱ་བ་སྨོས་ཏེ། དེ་ཡང་ཁ་དོག་གི་མཚན་ཉིད་ཀྱི་ཁྱད་པར་དང། དབྱིབས་ཀྱི་མཚན་ཉིད་ཀྱི་ཁྱད་པར་དང། སྤྱོད་ལམ་གྱི་ཁྱད་པར ་དང། ཟླ་མཚན་འབྱུང་བའི་ཁྱད་པར་དང་བཅས་པའི་ཕྱག་རྒྱ་དང་ཕྱག་རྒྱའི་ཡན་ལག་གི་ཁྱད་པར་གྱིས་ཡན་ལག་གི་ཚིག་ཤེས་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །བུད་མེད་གང་ཞིག་བཞིན་ཟླུམ་ཞིག་སྨོར་དང། སྨིན་མ་རིང་བ ་དབྱིབས་ཀྱི་མཚན་ཉིད་དོ། །གོས་གཙང་འདོད་སེམས་བཞི་པ་དང། བདེན་པར་སྨྲ་བ་དང་དམ་པའི་ཆོས་ལ་དགའ་བ་ནི་སྦྱོར་ལམ་གྱི་མཚན་ཉིད་དོ། །དེའི་ཡན་ལག་གི་ཕྱག་རྒྱ་ནི་རྣལ་འབྱོར་པས་མཐེ་ཆུང་དང། མཐེ་བོ་གཉིས་སོ་སོར་གཞིབས་ལ་སོར ་མོ་རྣམས་བརྒྱང་བ་ནི་པདྨའི་ཕྱག་རྒྱའོ། །ལག་པ་གཡོན་པས་ཁ་སྦུབ་ཏུ་བྱས་པ་ལ་གཡས་པ་དེའི་སྟེངས་དུ་ཁ་སྦུབ་ནས་གཡོན་པའི་སོར་མོའི་བར་དུ་གཡས་པའི་སོར་མོ་བཞག་པ་ནི་རུས་སྤལ་གྱི་ཕྱག་རྒྱའོ། །དེའི་ལན་དུ་རྣལ་འབྱོར་པས་པདྨའི་ལན ་རི་ངགས་ཀྱི་འཛིན་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་སྟེ། གཡོན་པའི་ཁུ་ཚུར་ནུ་མ་གཡོན་པའི་སྟེང་དུ་བཞག་པ་ནི་རུས་སྤལ་གྱི་ལན་དུ་རྡོ་རྗེ་ཁུ་ཚུར་བུས་མོའི་སྟེང་དུ་བཞག་པ་ནི་བྱམས་པའི་ཕྱག་རྒྱའོ། །ཚེས་བཅུ་ལ་ཟླ་མཚན་འབྱུང་བ་དང། ་སྤྱོད་ལམ་ཁྱིམ་དུ་པདྨ་བྲི་བའོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ལཱ་མ་བཤད་པ་ནི་མཆུ་རིང་ཞིང་མིག་དཀྱུས་རིང་བ་ནི་དབྱིབས་སོ། །དམར་སེར་ནི་ཁ་དོག་གོ། ཕྱུག་པ་ལ་སོགས་པ་ནི་ཡོན་ཏན་ནོ། །རིང་མིན་ཐུང་མིན་ནི་དབྱིབས་སོ། །སྣ་ཚོགས་པའི་གེས་ལ་དཀའ་ ་བ་ནི་སྤྱོད་ལམ་མོ། །དཔྲལ་བར་རི་མོ་གསུམ་ཡོད་པ་དང། སྐྲ་མཚམས་གྱེན་དུ་བལྟས་པ་ནི་དབྱིབས་སོ། །རྒོད་ཅིད་དགའ་བ་ལ་སོགས་པ་ནི་སྤྱོད་ལམ་མོ། །དེ་ལ་རྣལ་འབྱོར་པས་མཛུབ་མོ་གཡོན་པ་བསྒྲེང་བ་མེ་དུས་??ཕྱག་རྒྱ་བསྟན ་པ་དང་རྐང་པ་གཡོན་པ་པོ་སྐུམ་པའི་ཤར་བསྟན་ནས་རྣལ་འབྱོར་མས་ལན་དུ་བསྟན་པ་གཡོན་པའི་མདུང་ནི་ཕྱག་རྒྱ་བྱེད་པ་དང། གཡོན་པ་བསྐོར་ནས་འགྲོ་བ་ནི་ཕྱག་རྒྱའི་ལན་ནོ། །བཅུ་བཞི་དང་ཆོས་བརྒྱད་ནི་ཟླ་མཚན་གྱི་དུས་སོ། །ཁྱིམ་དུ་མ་དུང ་རྩེ་གསུམ་པ་བྲི་བ་ནི་སྦྱོང་ལམ་མོ། །འཇིག་རྟེན་དབང་ཕྱུག་གི་ལཱ་མ་སྟོན་པ་ནས་ལས་ཀྱི་རིགས་ཀྱི་ལཱ་མ་སྟོན་པའི་པར་མཁུར་ཚོས་དུས་སུ་ཁུང་བུ་སྣང་བ་ནི་དབྱིབས་སོ། །དམར་སེར་ནི་ཁ་དོག་གོ་།སྐྲ་འཁྱིལ་བ་ནི་དབྱིབས་སོ། །དཔྲལ་བ་དར་གྱོལ ་བཅིངས་པ་ནི་སྤྱོད་ལམ་མོ། །དཔྲལ་བར་རི་མོ་གཅིག་ཡོད་པ། །མགྲིན་པ་རིང་བ་ནི་དབྱིབས་སོ། །གོས་དམར་པོ་ལ་དགའ་བ་ནི་སྤྱོད་ལམ་མོ། །གཡས་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་ནས་མདུང་གི་ཕྱག་རྒྱ་བྱ་བ་དང་གཡོན་པའི་བུས་མོའི་ཐད ་ཀར་ཁ་ཐུར་དུ་བྱ་བ་ནི་དྲིལ་བུའི་ཕྱག་རྒྱ་བསྟན་པའོ། །རྣལ་འབྱོར་པས་གཡོན་ནས་ལྡོག་པ་ནི་ལན་ཡིན་ནོ། །ལས་ཀྱི་ལམ་བསྟོན་ནས་ཧེ་རུ་ཀའི་ལམ་བསྟན་པ་ནི་ཐུང་ཞིང་བྱིན་པ་སྒོམ་པ་ནི་དབྱིབས་སོ། །གོས་སེར་ལ་དགའ་བ་ནི་སྤྱོད ་ལམ་མོ། །བུད་མེད་དེ་གཡས་པའི་ཁུ་ཚུར་གྱི་གུང་མོ་བསྒྲེང་བ་ནི་རྡོ་རྗེའི་ཕྱག་རྒྱའོ། །གཉིས་པ་དུས་ཀྱི་ཕྱག་རྒྱ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་བཅུམ་པའོ། །རྣལ་འབྱོར་མས་གཡོན་ནས་ཡོངས་སུ་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ། །བཅུ་བཞི་ནི་ཟླ་མཚོན ་འབྱུང་བའི་དུས་སོ། །ཁྱིམ་དུ་རྡོ་རྗེ་འབྲི་བ་ནི་སྤྱོད་ལམ་མོ། །ཧེ་རུ་ཀ་ལམ་ལ་ནི་ལུས་ཀུན་ལ་སྤུ་ཡོད་པ་ནི་དབྱིབས་སོ། །མིག་ན་གཅིང་སེར་བ་ནི་ཁ་དོག་གོ། སྤོམ་པ་ལ་སོགས་པ་ནི་དབྱིབས་སོ། །གླུ་མཁས་པ་ནི་སྤྱོད་ལམ་མོ། །སྤྲིན་གྱི་མདོག་ཅན་ནི་དེ་རྣལ་འབྱོར ་པས་ལག་པའི་སོར་མོ་བཅུ་བརྐྱང་ནས་གླུའི་ཕྱག་རྒྱ་བསྟན་པ་ནི་ཁུ་ཚུར་གཡོན་ནས་མཛུབ་མོ་བསྒྲེང་བ་མདུང་གི་ཕྱག་རྒྱ་བསྟན་པར་བྱའོ། །རྣལ་འབྱོར་མས་གཡོན་ནས་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ། །ཚེས་བཅུ་གཅིག་ནི་ཟླ་མཚན་འབྱུང་བའི་དུས་སོ། །ཁྱིམ་དུ་རྡོ་རྗེ ་འཕྲི་བ་ནི་སྤྱོད་ལམ་མོ། །ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལྷ་མོ་གསུམ་གྱི་བརྔའི་མཚན་ཉིད་བསྟན་ནས། དེ་ནི་ལྷ་མོ་གསུམ་གྱི་བརྔ་བསན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་བྱ་བ་གསུངས་ཏེ། དེ་ལ་དང་པོ་དབང ་གི་ལྷ་མོར་བརྡ་བསྟན་ཏེ། མཁའ་འགྲོ་གཡོན་གྱི་གྲཝ་རྣམས་ཏེ། ཞེས་བྱ་བ་ནི་ཡེ་ཤེས་དང་གནས་དང་སྔགས་ལས་སྐྱེས་པས་སོ། །གཡོན་གྱི་བདེ་བ་ནི་ཞི་གནས་ཀྱི་བདེ་བ་དང། ལྷག་མཐོང་སྟོང་པ་ཉིད་སྒོམ་པ་བརྣའོ། །ཐོད་པའི་ཡི?་མ་ཞེ་ན། སྤུན་དང་སྲིད ་མོར་ཤེས་པའོ། །ཁ་སྦྱོར་དང་མཉམ་སྦྱོར་ལས་བརྔ་འདི་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིན་པས་ཐ་མལ་བའི་སྤྱོང་ལམ་བཞག་ནས་ཟག་པ་མེད་པའི་སྤྱོད་ལམ་ལམ་ལ་འཇུག་པ་ཡིན་ནོ། །རྒྱུད་འདིར་སྦྱོར་བའི་དུས་སུ་སྡུན་དང་སྲིད་མོར ་ཤེས་པར་བྱ་བ་བརྔ་དང། རྡོ་རྗེས་བཞི་ཚེད་པ་ཞིན་གཤེགས་པའི་བརྡ་བྱེད་པ་དང་གཉིས་ཀ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མདོང་བསྟན་ནས་རྒྱས་པར་བཤད་པ་ནི་ལག་པ་གཡོན་པའི་སྟོན་པ་ཕྱག་འཚལ་བའི་སྲིན་ལག་སྟོན་པས་ཕྱག ་འཚལ་བ་ལ་སོགས་པའི་ལན་དུ་སྟོན་པ་ནི་སྦྱོར་ཨའི་ཚེ་ནའོ། །ངོ་ཤེས་པར་བྱེད་པ་དང། །དངོས་གཞི་ཟག་བཅས་ཀྱི་སྤྱོད་པ་བཏུལ་ནས་ཟག་པ་མེད་ཀྱི་སྤྱོད་པ་ལ་འཇུག་པ་ཡིན་ནོ། །ལྷག་མ་ནི་གོ་སླབས་མ་བཤད་དོ། །ལེའུ་ཉི་ཤུ་པའི་རྣམ་པར་ཤད་པའོ།། ་དེ་ལྟར་དབང་གི་ལྷ་མོའི་བརྔ་བསྟན་ནས་ཚོགས་ཀྱི་འཁོར་ལོ་དཔའ་བོའི་ལྷ་མོའི་བརྡ་བཤད་པ་ནི། དེ་ནས་ཡང་དག་ཕྱག་རྒྱ་ཡི། །མཚན་ཉིད་ང་ཡིས་བཤད་པར་བྱ། །ཞེས་བྱ་བ་སྨོས་ཏེ། ལག་པའི་ཕྱག་རྒྱའི་མཚན་ཉིད་ནི་སྦྱོར་པའི་ཚེ་ན་དོ་ཤེས་པར་བྱེད་པ ་འམ་དངོས་གཞིའི་ཚེ་སངས་རྒྱས་ཀྱི་སྤྱོད་ལམ་སྟོན་པའོ། །དངོས་གཞི་དེ་ལྟར་བྱས་ཀྱང་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། གསང་བའམ་ནི་དོན་ཆེན་ལ། །ཕྱག་རྒྱ་འདི་ནི་སྦྱར་བར་བྱ། ཞེས་གསུངས་པས། དངོས་གྲུབ་ལྷ་ལས་ལེན་པ ་འམ་རྣལ་འབྱོར་མ་ལས་ལེན་པ་གཉིས་སུ་ཤེས་པར་བྱས་ཏེ། དངོས་གྲུབ་ལྷ་ལས་ལེན་པ་ནི་ལྷའི་སྙིང་གར་བཅུག་པས་རྣལ་འབྱོར་མདོན་གསུམ་བསྐྱེད་པའི་བྱིན་རླབས་ཀྱིས་ལམ་སྟོན་པ་ཡིན་ལ། །རྣལ་འབྱོར་མ་ལས་དངོས་གྲུབ་ལེན་པ་ནི་སྟོང་ཉིད ་ཀྱི་ལམ་མངོན་སུམ་དུ་རྟོགས་པས་མངོན་སུམ་གྱི་ལམ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །བུད་གང་སྤྱི་གཙུག་འདེགས་བཞེས་བྱ་བ་ཐ་མར་བསྟན་པ་ནི་ཤིང་གྲིབ་ད་གང་ཞིག་ཡེ་ཤེས་དང་ཞིང་དང་སྔགས་ལས་སྐྱེས་པ་སོ། །དེ་སྤྱི་གཙུག་ལ་རེག་པའི་ཁོ་མོ་རྩེ་ཨ་བ་དྷཱུ་ཏི་ནམ་མཁའ་ཨི ་རྩ་ཡོད་པས་སྟོན་པ་ཡིན་ནོ། །ཕྱག་རྒྱའི་ལན་དུ་མགོ་བོ་དེ་ལ་བསྟན་པར་བྱ། ཞེས་བྱ་བ་ནི་ཁོ་བོའི་བདེ་བ་ནི་སྟོང་པ་ཉིད་རྟོགས་པར་འདོད་ཅེས་སྨྲ་བ་ཡིན་ནོ། །དེ་ལྟ་བུ་གང་ཞིག་དབྲལ་བར་སྟོན་པ་ལ་སོགས་པ་ཐམས་ཅད་ནི་ནམ་མཁའ་ཨི་རྩ་སྟོན ་བར་ནུས་སོ་ཞེས་སྟོན་པ་ཡིན་ལ། རྩ་ལུས་ཆོས་སྟོན་པ་ལ་སོགས་པ་ལན་གྱི་ཕྱག་རྒྱ་ཐམས་ཅད་ནི་བདེ་བ་སྟོང་པ་ཉིད་མདོན་སུམ་དུ་སྒོམ་ཞེས་སྟོན་པ་ཡིན་ནོ། །བརྡ་མི་འདྲ་བ་མང་པོ་ནི་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན ་གྱི་ཁྱད་པར་རོ། །ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དཔའ་བོའི་བརྡ་བསྟན་ནས། བཀས་གནང་བ་མཆོད་པའི་ལྷ་མོའི་བརྡ་བཤད་པ་ནི། །དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་གསུངས་ཏེ། ཡན་ལག ་ཇི་བཞིན་ཆོག་བཞིན། །ཞེས་བྱ་བ་ནི་ཉིད་དག་གི་སོར་མོའི་བརྡའོ། །དགོས་པ་ཅི་ཞིག་ཅེ་ན། སྤུན་དང་སྲེད་མོར་ཤེས་པར་འགྱུར་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སོར་མོ་གཅིག་སྟོན་པ་ནི་ཕྱག་འཆལ་བའོ། །དེ ་གཉིས་སྟོན་པ་ནི་ཕྱག་འཚལ་བའི་ལན་ནོ། །འདི་ནི་རྣལ་འབྱོར་ཀུན་གྱི་ཞེས་བྱ་བ་ནི་དག་བྱེད་ཀྱི་དབང་གི་ལྷ་མོ་དང་དཔའ་བོའི་ལྷ་མོ་བཀའ་བསྒོ་པ་སྐྱེད། །དེ་འོག་མ་ལུས་ཀུན་སྤྱོད་མ་ཞེས་བྱ་བ་ནི་རིགས་ལྔའོ། །ཐུན་མོང་གི་ཕྱག་འཚལ་བ་དང་དེའི་ལན་ཡིན་ནོ།?? ་སོང་གཉིས་བཀུག་མིག་གི་རྒྱ་ཞེས་པ་ནི་ཨ་བ་དྷཱུ་ཏཱི་ཁ་འབྱེད་ཟེས་སམ་ཞེས་དྲིས་པ་ཡིན་ནོ། །སྔགས་པས་གང་ལ་དེ་བསྟན་ཏེ། །ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་སུམ་ཅུ་རྩ་བདུན་པའོ། །དེའི་ཕྱག་རྒྱའི་ལམ་དུ་??་སོང་གཉིས་བཞུག་ནས་དེ་ནས་བརྩངས ་ཏེ་ཇི་སྲིད་འཚོའི་བར་དུ་བསྟན་བཞི་བདེ་བ་མི་ཉམས་པ་ལ་དབང་ཐོབ་པར་ཐེ་ཚོམ་མེད་དོ། །རྡོ་རྗེ་ཕག་མོ་ལྟ་བུ་གང་ཞིག་གུང་མོ་སྟོན་པར་བྱེད་ན་རྣལ་འབྱོར་པས་མཛུབ་མ་བསྟན་པར་བྱའོ། །གང་ཞིག་སྲིན་ལག་སྟོན་པ་ཨི་རབ་གཏུམ་མོ། །དེ་ནས་བརྩམ་ཏེ་གང ་ཞིག་དཔྲལ་བ་སྟོན་པ་ཞེས་བྱ་བ་ཐ་མར་བསྟན་པ་ནི་ཤིང་གྲིབ་མའི་བརྔའོ། །དེའི་ལན་ལྟེ་ནས་བརྩམས་ཏེ་ལྟེ་བའི་བར་དུ་བསྟན་པ་ནི་དཔའ་མོའི་བརྡ་སྟེ། ཐུགས་ཀྱི་འཁོར་ལོ་ལ་བསྟན་པ་བཞན་དུ་སྐུ་དང་གསུང་ལ་སོགས་པ་ལས་སྟོན་པ་ཡིན་ནོ་ཞེས་བསྒོ་བར ་བྱ་བའི་ཕྱིར་འདི་ནི་རྣལ་འབྱོར་མ་ཀུན་གྱི་རིམ་བཞིན་ཡན་ལག་ཕྱག་རྒྱ་ཡི་ཞེས་བྱ་བ་སྨོས་ཏེ། ཐུགས་ཀྱི་ཇི་ལྟ་བ་བཞིན་དུ་གསུང་དང་སྐུ་དང་དམ་ཚིག་མཁའ་འགྲོ་མ་ལས་ཀྱང་གོ་རིམ་བཞིན་དུ་ཡིན་ལག་ཕྱག་རྒྱའི་ཡིན་ནོ། །འདི་དག་རྟགས་བསྟན་གསང་བ་བ ་ཞེས་བྱ་བ་ནི་ཆགས་པའི་ལམ་གསང་བ་པ་རྣལ་འབྱོར་མའི་བདའི་རྟགས་ཤེས་ནས་ཡང་དག་ལྟ་བ་གྲུབ་པར་འགྱུར་ཞེས་བྱ་སྟེ། ས་བཅུ་གཅིག་གི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྣལ་འབྱོར་པ་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་དང་བརྡ ་ཡང་མི་ཤེས་ལ་རྣལ་འབྱོར་མ་དབང་བསྐུར་བ་ཐོབ་ཀྱང་མི་ཤེས་ན་ཇི་ལྟར་རིས་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་ཞེ་ན། ཨིརྡོ་རྗེའི་མཁའ་འགྲོ་ལས་ལྷའི་འཁོར་ལོ་བྲིས་ལ་མེ་ཏོག་འཕྲེང་བ་འམ་ལག་པས་རེག་པའམ། ཡིག་གེའི་སྡེ་ཚན་ལྔར་བྱས་ལ་ལ? ་རེག་པ་འམ། །མེ་ཏོག་འཕངས་ན་དེའི་རིགས་སུ་ཤེས་པར་འགྱུར་རོ། །ཡི་གེ་དེ་ཡང་སྔ་ཞེས། ། རིད་ཐུད་གཉིས་དང་སྡེ་ཚན་ལྔའི་དང་པོ་ལ་རྡོ་རྗེ་ཡི་གེ་བདུན་གྱི་དེ་བཞིན་གཤེགས་པའི་རིག་གོ། །ི་ཨའི་གཉིས་དང་སྡེ་ཆེན་??་དང་པོ ་འོག་གཉིས་དང། མཐར་གྱི་དང། འོག་གཉིས་དང་དགུ་ནི་རིན་པོ་ཆེའི་རིགས་སོ། །ུ་ཨའུ་དང་སྡེ་ཚན་གྱི་གསུམ་པ་མཐར་གནས་ཀྱི་གཉིས་དང་དགུ་ནི་པདྨའི་རིགས་སོ། །ེ་ཨི་གཉིས་དང་སྡེ་ཚན་གྱི་བཞི་པ་ལ་དང་པོར་དང་མཐར་གནས་ཀྱི་ཐམས་གཉིས་ནི་བསེ་ཆ ་འགི་སོ། །ོ་ཨཽ་དང་ཨོཾ་ཨ(རྒྱུད་འགྲེལ་འཇག?་དཔའ་བོ་དང་བགས་གནང་བའི་མཚན་ཉིད་ཀྱི་ལེའུ་བཞི་དང་བརྡའི་ལེའུ་བཞི་བསྟན་ནས་ཀུན་སྤྱོད་ཀྱི་མཚན་ཉིད་བསྟན་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་བྱ་བ་གསུངས་ཏེ་མཁའ་འགྲེ་མ་ཡི་མཚན་ཉིད་དེ། །ཞེས་བྱ་བ ་གསུངས་ཉེ། །མཁའ་འགྲོ་མའི་ཀུན་སྤྱོད་མའི་རིགས་ཏེ་ལྔའོ། །གང་གིས་རེག་ན་ཕོ་ཉ་མོ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤེས་ནས་ཕོ་ཉ་མོའི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའོ། །དཔའ་པོའི་སྲིང་མོང་ཤེས་པར་འགྱུར་བའོ། །དེ་ལྟར ་མདིར་བསྟཝེན་ནས་བྱུས་པར་བཤད་པ་ནི། དམ་ཚིག་ཅམ་གང་ཇས?་ཆགས་པས་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་མ་བསྒྲུབ་པའི་ཆོ་ག་སྟོན་པ་ཡིན་ནོ། །རྣལ་འབྱོར་པ་དམ་ཚིག་ཅན་གང་རྣལ་འབྱོར་མ་ཅན་གང་ཡིང་དུ་འོད་པ་ལ་རྗེས་སུ ་ཆགས་པའི། །དེ?་ཇི་ལྟར་སྒྲུབ་ཅེ་ན། རྣལ་འབྱོར་ལོ་བརྒྱད་པ་བཞི་ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་ཏིང་འཛིན་གྱི་ལོ་རྟོག་བསྐྱེད་པའི་ས་ཞེས་བྱས་ནས་རྣལ་འབྱོར་པའི་ལུས་ཀྱི་འཁོར་ལོ་སྡོམ་པ་མཆོད་པར་བྱའོ། །གང་བ ་འདུས་པ་ཁ་སྦྱོར་ལས། མེའི་བུད་མེད་མ་ཉིད་ནམ་མཁའ་ཨི་བརྡ་སྟོང་པའི་ཕྱིར་དུད་འགྲོ་སྟོན་པར་བྱའོ་ཞེས་གསུངས་པ་སྟེ་སྒྲའི་མཁའ་ལས་གྲངས་ནས་འཁོར་བའི་འགྲམ་ལས་ཕ་རོལ་ཏུ་རྒལ་པར་བྱེད་པའི་ལམ་གྱི་ཕྱག་རྒྱ་ཀུན་སྤྱོད་མ་འདི་ལ་བཤད ་པ་ཡིན། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་རྡོ་རྗེ་ཉིད་དུ་འགྲོ་སྟེ་ཞེས་གསུངས་པའི་ཕྱིར་ཀུན་སྤྱོད་མ་ལ་བྱོ་ལ་སོང་གི་ལམ་ཞེས་བྱའོ། །སྒྲུབ་པ་བཤད་ནས་ཐུན་མོང་གི་རྟགས་བསྟན་པ་ནི་གོ་བཟླས་ནི་ཞེས་བྱ་བ་སྨོས་ཏེ། མིག་ཕབ་ནས་ཟུར་མིག་བལྟ་བའོ། ། ་བཞིན་རྣམ་པར་འགྱུར་བ་ནི་ཆགས་པས་ཁུབ་བས་བདེ་བའོ། །རྟག་ཏུ་བཞིན་གྱི་སྨིན་མ་གཡོ། །སྣ་ཚོགས་མྱུར་དུ་ཤེས་བྱ་བ་ཞེས་བྱ་བ་ནི་དགའ་བའི་དུས་མཚོན་པ་ཡིན་ནི། རྣམ་པར་སྨིན་པ་དང་རྣམ་པར་སྤྱོད་པ་དང་མཚན་ཉིད་དང་བྲལ་བའི་ཕྱགས? ་ཀྱིས་གོ་པར་འགྱུར་རོ། །དེ་བཞིན་མཁའ་འགྲོ་འགྱུར་བའོ། །ཞེ་བྱ་བ་ནི་གར་གྱི་ལྷ་མོ་བཞིན་དུ་འདི་ཡང་མཁའ་འགྲོ་མའི་རིགས་སུ་འགྱུར་པར་ཤེས་པར་བྱའོ། །དེ་ལྟར་སྒྲའི་རིགས་བཤད་པ་ནི་རྣམ་འགྱུར་འཁོར་བ་ཞེས་བྱས་ཏེ། ཞེས་བྱ་པ་གསུངས ་ཏེ། བཞིན་བསྒྱུར་དང་གི་དཀྱིལ་འཁོར་བསྐུལ་བ་དང། རི་མོ་གསུམ་དང་དཔྲལ་བ་ན་ཡོང་པ་མ་སྐུའི་རིགས་སུ་ངེས་པར་གྲོལ་བ་ལའོ། །ཐུགས་ཀྱི་འཁའ་གྲོ་མ་གལ་ཏེ་ལོག་པར་གྱུར་ན། ཞེས་བྱ་བ་ལ་གལ་ཏེ་བསམ་པར་གྱུར་ན། སྔར་བཤད་པཱ ་རྟོག་མེད་བསྐྱེད་པའི་ཏིང་ངེ་འཛིན་ལ་སྤོང་བ་གཏོང་པས་དེའི་རྣམ་པར་འཇིག་པ་ཇི་བཞིན་པར་འགྱུར་བ་སྟེ་རྡོ་རྗེ་ལྟ་བུའི་སྐད་གསལ་པོར་སྨྲ་བ་ཡིན་ནོ། །གསུང་གི་རིགས་ནི་སྒྲ་ཁུ་བྱུག་ལྟར་གསལ་བ་ཡིན་ནོ། །དེ་ཀུན་སྤྱོད་པ་ལ་རིགས་ལྔ ་སྟོན་པ་ནི་ཁྱིམ་དུ་རྡོ་རྗེ་མེ་ལོང་འབྲི་ན་ནམ་མཁའ་ཨི་རྩ་ལོང་པས་སྙོམས་པར་འཇུག་པ་སྔར་སྟོན་པས་ཐུགས་ཀྱི་རིགས་པ་དང། རལ་གྲི་མེ་ལོངས་བཅས་པས་རིན་པོ་ཆེའི་རིགས་དང། རྒྱལ་མཚན་མེ་ལོང་དང(རྒྱུད་འགྲེལ་མདུང་མེ་ལོང་དང་བཅས་པས་སྐུའི་རིགས་དང། མེ་ལོང་ཁ་སྦྱོར་འདྲ་བའི་མཚན་ཉིད་འདི་དག་དང་ལྡན་པའི་མཁའ་འགྲོ་མ་ཀུན་སྤྱོད་མ་རྣམས་ཀྱི་ནང་ནས་མཆོག་ཡིན་པར་ཤེས་པར་བྱའོ། །ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད ་བའོ།། །།དེ་ལྟར་ཀུན་སྤྱོད་མའི་མཚན་ཉིད་བཤད་ནས་དེའི་བརྡ་བཤད་པ་ནི། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། སྒྲུབ་པ་བོའི་བར་རྣམས་བྱས་པས་སྤུན་དང་སྲིང་མོར་ཤེས་པར་འགྱུར་བ་ནི་ཞེས་པའོ། །དེ་ལྟར་མདོར་བསྟན ་ནས་རྒྱས་པར་བཤད་པ་ནི་པོ་བཏང་གི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །ཁ་སྦྱོར་ལས་དངོས་གྲུབ་སྒྲུབ་པའི་ཆོ་བཟའ་པ་དང་བཅས་པའི་སྤྱོད་པ་བཏུལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བརྡར་གྱུར་པའི་སྤྱོད་པ་ལ་ཞུགས་པ་དང ་དངོས་གྲུབ་ལེན་པའི་ཐབས་སུ་གསུངས་སོ། །ཅི་རི་ཕྱིར་ཐབས་ཡིན་ཞེ་ན། ཟག་པ་མེད་པའི་བརྡ་ཡིན་པའི་ཕྱིར་རོ། །ཐོག་མར་ཕྱག་འཚལ་ནས་གམུ(རྒྱུད་འགྲེལ་དངོས་གྲུབ་ལེན་པའི་ཐབས་སུ་གསུངས་སོ། །ཅི་རི་ཕྱིར་ཐབས་ཡིན་ཞེ་ན། ཟག་པ་མེད་པའི་བརྡ་ཡིན་པའི་ཕྱིར་རོ། །ཐོག་མར་ཕྱག་འཚལ་ནས་གམུ(རྒྱུད་འགྲེལ་དབང་བསྐུར་བའི་རྟགས་དང། སག་མོ་ནས་ཞེས་བྱ་བའི་བར་གྱིས་ཚོགས་ཀྱི་འཁོར་ལོ་ཡན་ལག་གི་བ་རྡའོ། །ཀུ་ཏ་ཞེས་བྱ་བ་ནས་ཨ་ན་རྟ་ཞེས་བྱ་བའི་བར་གྱིས་མཆོད་པའི་ཡན་ལག་གོ་།ཤ་ནས་ཞེས་བྱ་བ་ནས་བརླ་ལི་བ་ཞེས་བྱ་བའི་བར་གྱིས་ཁམས ་ལྡང་པའི་ཡན་ལག་གོ་།ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་ལྔས་ལྷ་མོའི་བརྡ་བཤད་ནས། ལྷ་མོ་དང་རྣལ་འབྱོར་པའི་ལུས་ལ་ལྷ་དགོད་ནས་མཆོད་པ་བྱ་བ་ནི། །དེ་ནས་དོན་ཀུན་འདོད་པ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། དངོས་གྲུས་ཀྱི་དོན་ཐམས་ཅད་སྐྱེས་པའི་རྩ་བའི་སྔགས་སོ། །བྱ་བྱེད་པ་ནི་ཡི་གེ་བཏུ་བའི་ཚེ་མི་གསལ་བ། རྣལ་འབྱོར་པ་མོས་པ་དམན་པའི་སེམས་ཅན་རྨོངས་ཤིང་མི་ཤེས་དང་ཆུལ་པས་རྩ་བའི་གསང་སྔགས་གསལ་བར་གསུངས་པའོ། ། ་དེ་ལྟར་མདོར་བརྟན་ནས་རྒྱས་པར་བཤད་པ་ནི་དཔའ་བོ་དང། རྣལ་འབྱོར་མའི་ལུས་ལ་དགོང་པའི་སྔགས་ཡི་གེ་བཏུ་བའི་ཚེ་མི་གསལ་གསུང་ཡབ་ནི་འདི་ཡིན་ཏེ། ན་མོ་བྷ་ག་ཝ་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྐང་པ་བརྒྱད་པོ་དེས་བདུད་རྩི་ལྔ་དང་ཆང་ཏེའུ ་དང་ཆེད་དང་འཁྱུད་པའི་ལྷ་མོ་དང་བརྒྱད་ཀྱིས་མཆོད་པ་ཡིན་ནོ། །ཀ་ར་ཀ་ར་ཞེས་བྱ་བལ་སོགས་པ་དང་དཔའ་པོ་ཉི་ཤུ་རྩ་བཞི་དགོད་པ་དང་སྐུ་གསུང་ཐུགས་ཀྱི་དཔའ་མོ་སུམ་ཅུ་རྩ་བདུན་དགོང་པར་བྱའོ། །ཧཱུཾ་དང་ཕཊ་ཀྱི་མཚན་མ་ཕྱེ་བའི་རྩ་བའི་སྔགས ་འདི་ནི་རྣལ་འབྱོར་མ་ལ་ཡེ་ཤེས་འབེབས་པས་ན་གསང་བའི་ཚིག་གི་ལེའུ་ཞེས་བྱ་བར་གསུངས་ཏེ། རྣལ་འབྱོར་མ་བསྒྲུབ་པའི་ཆོ་གའོ། །ལེའུ་ཉི་ཤུ་རྩ་ལྔ་བའི་རྣམ་པར་བཤད་པའོ།། །།དེ་ལྟར་ཚོགས་ཀྱི་འཁོར་ལོ་ལེའུ་བཅུ་གཉིས ་བཤད་ནས། །ལེའུ་དང་པོ་རྫོགས་པའི་རིམ་པའི་རྒྱས་པར་བཤད་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། གཞན་ཡང་འཇིག་རྟེན་ནི་གསུམ་པོ་དག་ན་ཡོང་མིན་པའི་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལས་གཞན་པ ་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་ནི་ས་འོག་དང་ས་སྟེང་དང་ས་བླ་གསུམ་མ་རྙེད་པར་དཀའ་བའོ། །ཡང་ན་འདོད་པ་དང་གཟུགས་དང་གཟུགས་མེད་པར་རྙེད་པར་དཀལ་བས་མ་ཡོད་མིན་པ་ཞེས་བྱའོ། །ཤྲཱི་ཧེ་རུ་ཀའི ་སྔགས་ཤེས་ན་ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱེད་པའི་གསང་སྔགས་ཏེ། གཙང་སྦྲ་རྣམ་པ་གསུམ་མོ། །གསང་སྔགས་ཐམས་ཅད་ཡོངས་དོར་བ། ཞེས་བྱ་བ་ནི་སྦྱོང་པ་དང་བྱ་བ་དང་གཉིས་ཀ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་སྔགས་ཐམས་ཅད ་ཡོངས་སུ་འདོར་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། རིམ་དང་རིམ་མིན་བཟློག་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིམ་དང་རིམ་ལས་བཟློག་པ་གང་ཞིག་ཡིན་ཞེ་ན། པོ་ཉིན་ཕྱག་རྒྱ་བཞི་སྟེ། ལས་དང ་ཆོས་དང་དམ་ཚིགས་ཕྱག་རྒྱ་ཆེན་པོའོ། །དེ་དག་གང་མཚན་ཉིད་ནི་རིམ་དང་རིམ་ལས་བཟློག་པའོ། །ཆགས་པའི་ལམ་པའི་ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན་གཡས་སྐོར་དང་གཡོན་སྐོར་གྱིས་དཀོད་པའོ་ནི་རིམ་དང་རིམ་ལས་བཟློག ་པའོ། །གྲོལ་བའི་ལམ་པའི་དབང་དུ་བྱས་པའི་ཆོས་དང་དམ་ཚིག་གི་ཕྱག་རྒྱ་ནི་དབུགས་ཕྱིར་རྒྱུ་བ་དང་ནང་དུ་འཇུག་པའི་རིམ་དང་རིམ་ལས་བཟློག་པའོ། །རང་ལྷག་པར་གནས་པའི་ལམ་པའི་དབང་དུ་བྱས་ནས་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་ནི་རིམ་ལས ་བཟློག་པའོ། །མཚན་ཉིད་དེ་དག་དང་ལྡན་པའི་ཕོ་ཉ་མོ་རྣམས་ནི་ཞི་གནས་དང་ལྷག་མཐོབ་མངོན་སུམ་དུ་སྐྱེ་བའི་རྒྱུར་ཡང་དག་གནས་ཞེས་བྱའོ། །དེས་འབྲས་བུ་ཅིར་འགྱུར་ཞེ་ན། འོག་དང་སྟེ་གྲུབ་རྟག་ཏུ་སྟོར་ཞེས་བྱ་བ་སྨོས་ཏེ། འགོའི་ཟླུའི?་དངོས་གྲུབ་མོ་ཉེ་ཞི་ཐུགས་ཀྱི་དངོས་གྲུབ་རེད?། ་།།སྟེང་ནི་སྒྲས་འཕངས་པས་སྤྱོད་གསུམ་གྱི་དངོས་གྲུབ་ཀྱང་འགྲུབ་པའོ། །རྟག་ཏུ་སྟེང་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་རྒྱུ་ནུས་པ་ཐོགས་མེད་ཡིན་པས་འབྲས་བུ་སྐྱེ་བར་གདོན་མི་ཟའོ། །དངོས་གྲུབ་ཐམས་ཅད་ཇི་ལྟར་སྟེར་བར་འགྱུར་ཞེ་ན། བདག་གི་ཕོ་ཉ་མོ་ཀུན་འགྲོ་ཞེས་གསུངས་ཏེ། ་དངོས་གྲུབ་གསུམ་ལ་ཁྱབ་པས་ན། ཀུན་འགྲོའོ། །ཕོ་ཉ་མོ་དེ་ཀུན་གྲུབ་སྟེ་ཞེས་བྱ་བ་ནི་ཁྱབ་པའི་རྒྱུ་ཡིན་པ་དེས་ན་དངོས་གྲུབ་གསུམ་སྟེང་བར་འགྱུར་རོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་བཤད་ནས་དང་པའི་འབྲས་བུ་ནི་མཐོང་དང་དེ་བཞིན་རེག་པ་དང་ཞེས་བྱ་བ་སྨོས ་ཏེ། གྲོལ་ལམ་པའི་བྱང་ཆུབ་སེམས་དཔའ་ཡིད་དུ་འོད་པའི་གཟུགས་མཐོང་བ་ནས་བརྩམས་ཏེ། སྒྲ་ཐོས་པ་དང་དྲི་བ་སྣམས་པ་དང་དོ་མྱངས་པ་དང་ཡིད་དུ་འོང་བའི་རེག་བྱའི་བར་དུའོ། །དེ་ཡང་ཆགས་པའི་ལམ་པའི་དབང་དུ་བྱས་ནས་ཙུམ་པ་ན ་དང་རྟག་ཏུ་འཁྱུད་ཅེས་བྱ་བ་སྨོས་ཏེ། ཁ་ལ་ཁས་རེག་པ་དང་འཁྱུད་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ནམ་མཁའ་རྩིའི་རེག་བྱ་ཡུལ་དུ་བྱས་པའོ། །རྣལ་འབྱོར་གནས་པའི་ཁྱད་པར་ཉིད་ཅེས་བྱ་བ་ནི། །ཕོ་ཉའི་ལམ་པའི་རྣལ་འབྱོར ་དང་གྲོལ་བའི་ལམ་དང་རང་ལྷག་པར་གནས་པའི་རྣལ་འབྱོར་པའོ། །སྔགས་ཀྱི་ཁྱད་པར་ནི་ཕྱག་རྒྱའི་དབྱེ་བས་གསལ་བ་བཞིར་བྱེད་པའོ། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི་ཞེས་བྱ་བ་ནི་ཆགས་པའི་ལམ་དང། གྲོལ་བའི་ལམ་དང་ལྷག་པར་གནས་པའོ། །ཐམས་ཅད་དངོས་གྲུབ་བྱེད ་པར་བཤད་ཅེས་བྱ་ནི་ཕྱག་རྒྱ་གསུམ་གྱིས་བསམ་གཏན་གྱི་ཏིང་ངེ་འཛིན་མངོན་གསུམ་དུ་བསྐྱེད་པ་དང་ཕྱག་རྒྱ་ཆེན་པོ་ཟག་པ་མེད་པ་ལྷག་མཐོང་ཐོབ་པས་ན་ཐམས་ཅད་དེ་དངོས་གྲུབ་བྱེད་པར་བཤད་ཅེས་གསུངས་སོ། །དེ་ལྟར་གྲུབ་པའི་འབྲས་བུ་དང་དད་པའི་འབྲས་བུ་གཉིས ་བཤད་ནས། ད་ནི་རྒྱུ་སྟོན་པ་ཡིན་ཏེ། བདེ་བ་ཀུན་ལ་སྦྱིན་བྱ་ཡིན། ཞེས་བྱ་བ་ནི་ཞི་གནས་བདེ་བ་དང་ལྷག་མཐོང་སྟོང་པ་ཉིད་མངོན་སུམ་དུ་བྱེད་པར་སྦྱིན་པར་བྱ་ཞེས་ས་བོན་སྟོན་པ་ཡིན་ནོ། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་རྣམ་བཅད་སྟོན་པ ་ཡིན་ཏེ། གཞན་ནི་རྣམ་པ་བདུན་ཏེ་སྡེ་སྣོད་གསུམ་ལ་གནས་པའི་དོམས་པ་ལམ་དུ་བྱེད་པ་དང། རྒྱུད་སྡེ་བཞི་ལ་བསྐྱེད་པའི་རིམ་པའི་དབང་ཐོབ་པ་རྣམས་ལ་ནམ་ཡང་སྦྱིན་པར་བྱའོ། །བདེ་ཅན་ཀུན་ཞེས་བྱ་བ་གང་ཡིན་ཞེ་ན་མ་དང་ཞེས་བྱ་བ་སློབ་དཔོན་དང་དབང་དུས ་གཅིག་ཏུ་བསྐུར་བ་དང། སྲིད་མོ་ནི་རང་དང་ལྷན་ཅིག་ཏུ་དབང་བསྐུར་བའོ། །བུ་མོ་ནི་རང་གིས་དབང་བསྐུར་བའོ། །ཆུང་མ་ནི་གླ་མས་གནང་བའོ། །དེ་རྣམས་ཤུགས་ཀྱིས་རྡོ་རྗེ་སློབ་དཔོན་དང་བདག་ཉིད་དང་རང་གིས་དབང་བསྐུར་བའི་སློབ་མ་དང། རྣལ་འབྱོར་མ་ལ ་ལྟོས་ཏེ་རྣལ་འབྱོར་པ་རྣམས་ཀྱང་མཚོན་པ་ཡིན་ནོ། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ་ཞེས་བྱ་བ་ནི་ཡང་སྐྱོབ་པར་བྱེད་པ་དེའི་སྔགས་དེའི་དབང་བྱིན་པ་རྣལ་འབྱོར་བདེ་རྣམས་ཀྱི་གཙང་སྤྲ་གསུམ་པོ་དེ་ཉིད་མངོན་སུམ་གྱི་ལམ་གྱི་ཚེ་གར་བཤད་དོ། །དེ་ལྟར་རྟེན ་གྱི་གང་ཟག་བཤད་ནས། ད་ནི་ཐབས་སྟོན་པ་ནི་དེ་ནས་རྣལ་འབྱོར་རྒྱུད་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་རྒྱུད་ནི་ཕྱི་མའི་ཕྱི་མ་འདི་ཉིད་ཡིན་ཏེ། ཐབས་ཀྱི་རྒྱུད་ལྔ་དང་ཤེས་རབ་ཀྱི་རྒྱུད་བཞི་ལས་གོས་དཀར་མོའི་རྒྱུད་ཡིན་པའི་ཕྱིར་རོ། །རྙེད་དགའ་ཨི་ཇམ? ་ཚིག་ང་ཡིས་བཤད་ཅེས་བྱ་བ་ནི་བསམ་གཏན་དང་པོའི་ཏིང་ངེ་འཛིན་དངོས་སུ་བསྐྱེད་པའི་ཐབས་ནི་ཚོགས་ཀྱི་འཁོར་ལོ་ཡིན་བས་ངས་བཤད་པ་ཡིན་ནོ། །སྐྱེས་པ་བུད་མེད་གཡོན་ནས་འགྲོ་ཞེས་བྱ་བ་ནི་ཞི་གནས་བདེ་བ་དང་ལྷག ་མཐོང་མངོན་སུམ་མོ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། ཅེས་བྱ་བ་ནི་ཞི་གནས་དང་བདེ་བ་མངོན་སུམ་དུ་བསྐྱེད་པའོ། །རིགས་ལྡན་རྣམས་ནི་མཆོད་པར་བྱ་ཞེས་ལེའུ་དང་པོ་རང་དུ་གསུངས་པ་བཤད་པར་བཞེད་ནས། ཁྱིམ་དང་ཞིང་དུ་རྣམ་གནས་པ། ་ཞེས་བྱ་བ་ནི་ཁྱིམ་ཡེ་ཤེས་ཀྱི་འཁོར་ལོ་ནི་ཁྱིམ་མོ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི་ཞིང་ངོ། །དེ་སྐད་དུ་ཡང་ཀུན་སྤྱོད་ལས། ཁྱིམ་ལྔ་དང་ནི་ཡུལ་རྣམས་དང། ཞེས་གསུངས་སོ། །ཤིན་དུ་རིང་ཡང་ཤེས་པར་འགྱུར། །ཞེས་བྱ་བ་ནི་ཁ་དོག་དང་དབྱིབས ་དང་སྤྱོད་ལམ་དང་བརྡ་རྣམས་གསུམ་གྱི་གནས་ཉི་ཤུ་རྩ་བཞིང་སྐྱེས་ཀྱང་ཕན་ཚུན་རྣལ་འབྱོར་པར་ཤེས་པར་འགྱུར་རོ། །དེ་ལྟར་ཆོགས་ཀྱི་འཁོར་ལོ་བཤད་ནས་ཞི་བའི་བཏུང་བ་བཤད་པ་ནི། ཧེ་རུ་ཀ་ལས་སྦྱོར་གཞན་མེད་ཅེས་བྱ་བ་གསུངས་ཏེ། ་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་དུར་རྟོགས་པ་ནི་ཧེ་རུ་ཀ་ལ་སྦྱོར་བའོ། །གཞན་མེད་ཅེས་བྱ་བ་ཞི་བའི་བཏུང་བ་ལས་གཞན་མེད་པའོ། །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན་ཞེས་བྱ་བ་ནི་ཞི་བའི་བཏུང་བའི་རྒྱུ་ཚོགས་པ་ཡིན་པས་ན་སློབ་དཔོན་ཞེས་རྟོག་པ ་ཡིན་ནོ། །རྒྱུད་འདི་རྣམས་སུ་བསྒྲུབ་པ་པོ། ཞེས་བྱ་བ་ནི་ཞི་བའི་བཏུང་བ་བསྒོམ་པའི་རྣལ་འབྱོར་པའོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །བརྙེས་མི་བྱ་ཞིང་སྤང་མི་བྱ་ཞེས་བྱ་བ་ནི་བདེ་བ་སྒྱུ་མ་ལྟ ་བུར་རྟོགས་པའི་རྒྱུ་ཡིན་པས་ལུས་དག་གིས་བརྙས་པར་མི་བྱ་ཞིང་སེམས་ཀྱིས་སྤངས་པར་མི་བྱའོ། །ཐོས་པ་ཡིས་ནི་མཆོད་པར་བྱ་ཞེས་བྱ་བ་ནི་སྦྱོར་བའི་ཚེ་ན་འདོད་པའི་ཡོན་ཏན་ལྔས་མཉེས་པར་བྱའོ། །དེ་བཞིན་ཞི་བའི་བཏུང་པ་བཤད ་ནས་ཕོ་ཉའི་གཙང་སྦྲ་བཤད་པ་ནི། །ཀཱ་ཀ་ལ་སོགས་པ་བརྒྱད་པོ་ནི་ཞེས་བྱ་བ་གསུངས་ཏེ། ཕོ་ཉའི་གཙང་སྦྲུའི་ཐོག་མར་ཟག་པ་མེད་པའི་སྡོམ་པ་བསྲུངས་ལ་ཀཱ་ཀ་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་སྲུང་བར་བྱེད་པ་ཡིན་ནོ། །ཀཱ་ཀ་ལ་སོགས་པ་བརྒྱད་ནི ་རྣམ་རྒྱལ་ལ་སོགས་པ་བརྒྱད་ཡིན་པས་དེས་བསྲུང་བ་ཡིན་ཏེ་དེ་ཡང་རྒྱུད་བླ་མ་ལས། རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས། ཀཱ་ཀ་ལ་སོགས་ཡང་དག་སྦྲུལ། །ཞེས་གསུངས་སོ། །མོས་དང་དད་པ་འཕེལ་བྱེད་པ་ཞེས་བྱ་བ་ནི་རྣམ་ཤེས་ལ་མོས་པ་འཕེལ ་བ་དང་ཡེ་ཤེས་ལ་དང་པ་འཕེལ་བའོ། །རྟགས་པར་དངོས་ཀྲུབ་རྣམས་ཀྱི་རྒྱུ། ཞེས་བྱ་བ་ནི་ཕྱིས་འབྱུང་བའི་དམ་ཚིག་བརྒྱད་དོ། །དམ་ཚིག་རྣམས་ཀྱང་སྤྱོད་པའོ། །ཞེས་བྱ་བ་ནི་དམ་ཚིག་སྲུང་བ་ལ་མཁའ་འགྲོ་མ་བརྒྱད་ཀྱི་བསྲུང་བའོ། །དེ་ལྟ་བུའི ་བདུད་འཇོམས་པའི་མཁའ་འགྲོ་མ་བརྒྱད་བཤད་ནས་ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་བཤད་པ་ནི་ལྷ་མོ་གཞན་དང་ཀུན་སྦྱོར་བ། །ཞེས་བྱ་བ་སྨོས་ཏེ། དང་པོ་རྣམ་བཅད་ཀྱི་དམ་ཚིག་བཞི་སྨོས་པ་ནི་ལྷ་མོ་གཞན་དབང་མ་བསྐུར་བའོ། །དེ་དག ་དང་ཀུན་དུ་སྦྱོར་བ་ནི་བརྙེན་སྒྲུབ་མ་བྱས་པར་སྦྱོར་བའོ། །དམ་ཚིག་དང་ནི་མི་ལྡན་པར། །རིག་མ་བསྟེན་པར་དགའ་བ་དང། ཞེས་བཤད་པས་དབང་བསྐུར་བ་དང་སྙོམས་པར་མི་སྦྱར་བ་དང། འདོད་ལ་ཆགས་པར་འགྱུར་བ་དང། ཞེས་བྱ་བ ་ནི་དབང་བསྐུར་བ་ཡིན་ཡང་རང་བཞིན་བརྒྱད་ཅུ་དང་ལྡན་པའོ། །གཉིས་མེད་ཅེས་བྱ་བ་ནི་གཟུང་འཛིན་གཉིས་དང་བྲལ་བའི་གཉིས་མེད་དུ་མ་ཤེས་པའོ། །གཟུགས་མེད་ཅེས་བྱ་བ་ནི་དགའ་བྲལ་དུ་སོང་བའོ། །དེ་ལས་བཟློག་པ་ཡོངས་གཅོད ་བཤད་པ་ནི་དམ་ཚིག་སྤྱོད་པ་སྤྱད་པ་དང་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པ་ལ་སྤྱོད་པ་ནི་སྙོམས་པར་འཇུག་པའོ། །བུད་མེད་དབང་ཕྱུག་ཤིན་དུ་སྦྱོར། །ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །ཚངས་པར་སྤྱོད་དང་དེ་བཞིན་བཞི? ་ཞེས་བྱ་བ་ནི་གཟུང་འཛིན་བྲལ་བའོ། །གསལ་བ་ཟག་པ་མེད་པ་བསྲུང་བས་ན་བཞིའོ། །ཁྲོ་མེད་རྒྱུན་གྱིས་ཀུན་སྤྱོད་པ་ཞེས་བྱ་བ་ནི་དགའ་བྲལ་དུ་མི་འགྲོ་བའི་བསྲུང་བའི་ཀུན་དུ་སྤྱོད་པའོ། །འདི་བརྒྱད་དམ་ཚིག་ཀུན ་སྤྱོད་ཡིན་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དམ་ཚིག་གོ་།དེ་སྒྲུབ་པ་ལ་གནས་པ་རྣམས་ཀྱིས་དམ་ཚིག་ཏུ་ཤེས་པར་བྱའོ། །དེ་ལྟར་དམ་ཚིག་བཤད་ནས་རྒྱུད་རྣམས་ཀུན་གྱུ་ཐུན་མོང་སྟེ་ཞེས་བྱ་བ་ནི་ཕོ་ཉའི་གཙང་སྤྲ་དངོས་བཤད ་པ་ཡིན་ནོ། །སྟོང་པ་ཉིད་མངོན་སུམ་རྟོག་པ་འདི་སྤྱོད་པ་དང་བྱ་བ་དང་གཉིས་ཀའི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་དུ་ཐུན་མོང་དུ་གནང་བ་ཡིན་པས་གནོད་པ་བྱེད་པའི་གཏན་ཚིགས་མེད་པར་གཞེམ་པར་མི་བྱ་ཞིང་གདགས་པར་མི་བྱ་བའོ། ། ་དེ་ཇི་ལྟར་བསྒོམ་ཞེ་ན། དང་པོ་ཉིད་ཀྱིས་བླང་བྱ་ཡི། །ཞེས་བྱ་བས་ཏེ་ནམ་མཁའ་ཨི་རྒྱུ་དང་ཚོགས་པ་ལས་བདེ་བ་རྟོག་པ་མེད་པའི་ངེས་པའི་ཤེས་པ་འདྲེན་པས་གུས་པར་བླང་བའོ་།མིག་གིས་མཐོང་བ་དང་རྣ་བ་དང་སྣ་དང་ལྕེ་དང་ལག་པས་མ་ཡིན ་ནོ། གསང་བ་འདི་ནི་མ་བསྟན་ཅིང། ཞེས་བྱ་བ་འདི་ནི་གྲོལ་པའི་ལམ་པ་ལ་མི་གནས་ལུས་ཀྱི་བར་གྱིས་ཆོས་ཀྱི་ཕྱག་རྒྱ་ལས་དབང་ཐོབ་པ་ཡང་ཡིན་ཡང། རེག་བྱ་རྡོ་རྗེ་མའི་གསང་བ་འདི་མ་བསྟན་ཅིང་རབ་ཏུ་སྦས་པ་ཡིན་ན་ཅིའི་ཕྱིར་གྲོལ ་པའི་ལམ་པ་ལ་མི་བསྟན་ཞེ་ན། བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། ཞེས་བྱ་བ་སྨོས་ཏེ། བློ་ལྡན་ནི་ཆགས་པའི་ལམ་པའོ། །མཐེའུ་ཆུང་བསྐྱོད་པ་ནི་རྩ་ཐ་མའི་སྒྲོ་སྤྲད་པའོ། །ཕོ་ཉ་མོ་རྣམས་ཡང་དག་གནས། །ཞེས་བྱ་བ་ནི་དུང་ཅན་དང་པདྨ་ཅན ་དང་རི་དགས་ཅན་རྣམས་ལས་ཀྱི་ཕྱག་རྒྱ་ཡང་དག་པར་གནས་པའོ། །དེ་ལྟར་ཐབས་བཤད་ནས་ཞར་ལ་བསྐྱེད་རྫོགས་གཉིས་ཀའི་རྒྱུའི་རྒྱུད་བཤད་པ་ནི་དགེ་དང་མ་དག་འདྲེས་བསྟེ་ཞེ་བྱ་བ་གསུངས་ཏེ། དག་པ་ནི་བསྐྱེད་པའི་རིམ་པ་བསྒོམ་པའོ ་མ་དག་པ་ནི་བདུད་རྩི་རྣམ་པ་ལྔ་ལ་ལོངས་སྤྱོད་པའི་རྫོགས་པའི་རིམ་པ་བསྒོམ་པའོ། །འདྲེས་ཨ་ནི་བསྐྱེད་རྫོགས་གཉིས་ཀ་བསྒོམ་པའོ། །མཉེས་བྱེད་རྣམ་པར་དག་པ་དང་གསལ་བྱེད་ཅེས་བྱ་བ་གསུངས་ཏེ། ཡོན་ཏན་དང་ལྡན་པའི་མི་གསུམ་མོ། །ལེའུ་གཉིས་ཤུ་རྩ་དྲུག་པའི ་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་དང་པོའི་འབྲས་བུ་དང་རྒྱུད་དང་ཐབས་རྣམ་པ་གསུམ་གྱི་སྒོ་ནས་བཤད་ནས། ད་ནི་སྦྱོར་བ་དང། དངོས་གཞི་དང། མཇུག་རྣམ་པ་གསུམ་གྱི་སྒོ་ནས་བཤད་པར་བཞེད་ནས། དེ་ནས་རྣལ་འབྱོར་བ་བརྟུལ་ཞུགས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ནི་གཙང་སྦྲ་གསུམ་བསྒོམ་པའོ། །སྤྱོད་པ་ནི་གཙང་སྦྲ་རྣམ་པ་གསུམ་གྱིས་སོ། །བརྟུལ་ཞུགས་ནི་གཙང་སྦུ་གསུམ་ནི་དངོས་གཞིའོ། །སྦྱོར་བ་ནི་མཆོད་པར་ཤེས་པར་བྱའོ། །བསྐྱེད་པའི་རིམ་པ་ལ་ཡང་མཆོད་པ་དང་བརྟུལ་ཞུགས་ཡོད ་ན་རྫོགས་པའི་རིམ་པ་དང་ཁྱད་པར་ཅི་ཡོད་ཅེ་ན། ཕོ་ཉ་མོ་རྣམས་རབ་སྒྲུབ་བྱེད་ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཞི་དང་བྱང་ཆུབ་སེམས་བཅས་པའི་བདེ་བའི་དབང་པོ་དང། བདེ་བ་བསྐྱེད་པའི་བག་ཆགས་རྒྱུའི་རྐྱེན་དང། སློབ་དཔོན་གྱི་གདམས་ངག་དྲན་པར་བྱེད་པ་མཚུངས་པ ་དེ་མ་ཐག་པའི་རྐྱེན་ལས་བསམ་གཏན་གྱི་སྡོམ་པ་རྣམ་ཤེས་དང་ཟག་པ་མེད་པའི་སྡོམ་པ་ཡེ་ཤེས་པས་རབ་སྒྲུབ་བྱེད་ཅེས་བྱའོ། །མྱུར་དུ་འགྲུབ་ཅེས་བྱ་བ་ནི་མངོན་སུམ་དུ་རྟོགས་པར་བྱེད་པ་མིན་ཏེ། འབྲས་བུ་ཡོང་ཅེས་བྱེད་པ་ཡིད་ཅེས་གསུངས་པའི ་ཕྱིར་རོ། །ཕོ་ཉ་རྣམས་ཀྱིས་ཚིགས་ཐམས་ཅད་ཤེས་པར་བྱའོ། །ཞེས་བྱ་བ་ནི་གཙང་སྦྲ་གསུམ་ལ་སྦྱོར་བ་དང། དངོས་གཞི་དང་མཇུག་གསུམ་དུ་ཕྱེ་བ་ནི་ཚིག་ཐམས་ཅད་དོ། །དེ་ལྟར་མདོར་།བསྟན་ནས་རྒྱས་པར་བཤད་པ་ལ་དང་པོ་མཆོད་པ་བསྟན་ནས ་ཡུལ་དང་ཡུལ་དུ་ཉེ་བར་སོང་ཞེས་བྱ་བ་སྨོས་ཏེ། གནས་ཉི་ཤུ་རྩ་བཞིར་རྣལ་འབྱོར་པ་དེ་རབ་ཏུ་སོང་ཞིང་སྒྲུབ་པའོ། །ཁ་ཅིག་ནི་རྒྱུད་བླ་མ་ལས་བཤད་པའི་སྤྱངས་པའི་ཡོན་ཏན་གྱི་འཁོར་ལོ་སྤྱོད་པར་སྒོམ་པ་ཡིན་ལ། དེའི་ཡན་ལག་ཏུ་གནས་ཉི ་ཤུ་རྩ་བཞིར་བསྒྱུར་ཞིང་རྣལ་འབྱོར་མ་འཚོལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་ཕྱོགས་ལས་རྣམ་པར་རྒྱལ་བ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བྱའོ། ་ཞེས་ཁ་སྦྱོར་ལས་གསུངས་པ་དང་འགལ་བ་དང། རྡོ་རྗེ་མཁའ་འགྲོ་ལས་ཀྱང། བཅོས་མའི་སྒོམ་པ་སྤང་བར་བྱ། བཅོས་མའི་བཟླས་པ་སྤང་པར་བྱ། །དེ་ལ་སོགས་པའི་བཅོས་མ་ཀུན། །རྣལ་མའི་སྦྱོར་བའི་ཚུལ་ལ་མ་ནི་ཞེས་གསུང ་པས་སྦྱོར་བའི་ཡོན་ཏན་གྱི་ལྷར་བསྐྱེད་པའི་དོན་མེད་དོ། །འོ་ན་ཡུལ་དེར་ཅིའི་ཕྱིར་རྒྱ་སྙམ་ན། ཕོ་ཉའི་གཟུགས་སུ་མཚོན་པ་ཡིན་ཞེས་གསུངས་ཏེ། ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱིས་མཚོན་པ་དང་བརྡ་གསུམ་གྱིས་མཚོན་པའོ། ། ་དེ་ཤེས་པས་འབྲས་བུ་ཅི་འགྲུབ་ཅེ་ན། །ཕོ་ཉ་རལ་གྲི་རི་སོ་འདྲ་ཞིང། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །ཞེས་གསུངས་ཏེ། དག་བྱེད་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །བསོད་ནམས་འཕེལ་བ་ནི་ལྷག་མཐོང་ཡེ་ཤེས ་སྐྱེས་པའོ། །དེ་བཞིན་ཕོ་ཉར་ལེགས་འདྲེས་པས་ཞེས་བྱ་བ་ནི་དེ་བཞིན་དཔེ་བྲལ་གྱི་སོ་འདྲ་བ་ལ་བསྙེགས་སོ། །རལ་གྲི་དྲ་བ་སྤུ་ཞེ་ན། ལགས་འདྲེས་པས་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ལས་ནི་སེམས་བསྡུས་ནས། ནང་གི་བདག ་ཉིད་དབྱེ་བྱེད་པས། །གནས་པའི་ལུས་ཀྱི་རེག་བྱ་ནི། །ཐོག་མའི་བློ་ནི་ལྷན་སྐྱེས་ཡིན། །ཞེས་བཤད་པས་རང་བཞིན་བརྒྱད་ཅུ་དང་བྲལ་བ་ལེགས་པར་འདྲེས་པའོ། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ་ཅེས་བྱ་བ་ནི་ཕྱག་རྒྱ་བཞི་དང་སྦྱོར ་བ་ལས་དངོས་གྲུབ་གསུམ་ཐོབ་པའོ། །གོམས་པ་མི་དགོས་སམ་ཞེ་ན། བཟླས་བརྗོད་བསམ་གཏན་མེད་པར་ཡང། མྱུར་བ་ཉིད་དུ་གྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། །དཔེར་ན་བཀྲུ་སྨན་གྱི་ཚོགས་པ་ལས་ནད་འབྱིན་པ་བཞིན་དུ་བཟླས ་བརྗོད་དང་བསམ་གཏན་མེད་རྣམ་ཤེས་དང་ཡེ་ཤེས་ཅི་རྒྱ་ཚོགས་པ་ལས་སྐྱེའོ། །དེ་ལྟར་ཤེས་པའི་འབྲས་བུ་དང། སྒྲུབ་པའི་འབྲས་བུ་དང། མྱུར་བའི་འབྲས་བུ་གསུམ་བཤད་ནས། །ཐབས་བཤད་ནས་སྔགས་དང་ཕྱག་རྒྱས་བསྒྲུབ་པའོ། ། ་མཆོད་པ་ཉིད་ལ་རབ་ཏུ་འཇུག་ཅེས་བྱ་བ་གསུངས་ཏེ། སྔགས་ནི་བསྐྱེད་པའི་རིམ་པའི་ལྟས་ལྷ་དགོད་པ་དང། རྫོགས་པའི་རིམ་པའི་དབུགས་འབྱུང་འཇུག་འཁོར་བའོ། །ཕྱག་རྒྱ་ནི་བསྐྱེད་པའི་ཕྱག་རྒྱ་མཚན་དང། རྫོགས་པའི་རིམ་པའི་ཕྱག་རྒྱ ་བཞིའོ། མཆོད་པ་ནི་གཙང་སྦྲ་གསུམ་གྱི་སྦྱོར་བས་རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་ལ་འཇུག་པའོ། །དེ་ལས་གཞན་པའི་མཆོད་མེད་དེ། ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་སྒྲུབ་པའི་མཆོད་པའོ། །དེ་ལྟར་བསྟན་བཅོས་ནི་ང་ཡིན་ཞེས་བྱ་བ ་ནི་མཇུག་བསྡུ་བ་སྡེ་མངོན་སུམ་གྱི་ལམ་བསྟན་པའི་སྙིང་པོ་ཡིན་ནོ། །རྒྱལ་པོ་ནི་མི་ལ་ཁུར་གྱིས་དགེ་སློང་སེང་གེ་མ་བསད་ཀྱི་བར་མཚན་ཉིད་ཀྱི་ཐེག་པ་ལ་ཡང་མངོན་སུམ་གྱི་ལམ་ཡོད་པ་ཡིན་པ་ལས་བསད་ནས་བསྟན་པའི་སྙིང་པོ་ནུབ་པ་ཡིན་ནོ། ། ་གསང་སྔགས་ཀྱི་ཐེག་པ་ལ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་མངོན་སུམ་ཡོད་པས་བསྟན་པའི་སྙིང་པོ་མདུབ་པ་ཡིན་ནོ། །འོ་ན་བསྟན་པའི་སྙིང་པོ་ཡོན་པ་ཡིན་ན་གསང་བ་འདུས་པའི་ལེའུ་བཅུ་བདུན་པ་ལས་མར་མེ་མཛད་ནས་འོང་སྲུང ་ཀྱི་བར་དུ་མ་གསུངས་སོ། །ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། ལས་དང་པོ་རྣལ་འབྱོར་མ་རྟོགས་པ་ལ་དགོངས་པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་དུས་ཐམས་ཅད་མངོན་སུམ་གྱི་ལམ་གྱི་ཆོས་ཀྱི་རྫོགས་པར་ལོང་སྤྱོད་ཅིང ་ཉམས་སུ་མྱོང་བའི་ཕྱིར་དགེ་སློང་མ་སེང་གེའི་རྣམ་པ་ལས་བྱང་ཆུབ་སེམས་དཔའ་ལ་ཕྱག་ན་རྡོ་རྗེ་མཐུའོ་ཆེ་རྡོ་རྗེ་རྒྱན་ཞེས་བྱ་བ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་གསུངས་སོ། །ཕོ་ཉ་དང་སྦྱར་བའི་མཆོད་པ་བཤད་ནས། རྣམ ་པར་ཉེད་པ་དགའ་བྲལ་ཕྱི་གཉེན་པོར་སྤྱོད་པ་བསྟན་པ་ནི་ཕོ་ཉའི་ལམ་ལ་དགའ་བས་ཀྱང་ཞེས་བྱ་བ་གསུངས་ཏེ། ཆགས་པའི་ལམ་པའི་སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་ཞེས་བྱ་བ་ནི་དགའ་བྲལ་དུ་འབྲོ་བའི་དགོས་པའི་རིག? ་མཉམ་གྱི་སྤྱོད་པ་སྒོམ་པའོ། །དེ་ཡང་གང་ཡིན་ཞེ་ན། ཚོགས་ཀྱི་འཁོར་ལོ་སྤྱོད་པ་སྟེ། རིག་སྔགས་ཕྱག་རྒྱར་ཡང་དག་ལྡན། ཞེས་བྱ་བ་ནས་ཞི་བ་དང་རྒྱས་པ་ལ་སོགས་པའི་སྔགས་དང་ལག་པ་གཡས་གཡོན་ད་གང་ཟར་དང་བླུགས ་གཟར་དུ་བྱས་པའི་ཕྱག་རྒྱ་དང་ལྡན་པའི་བདུད་རྩི་ལྔའི་ཁ་ཟས་ལ་རྟག་ཏུ་སྤྱད་པར་བྱའོ། །ཁ་ཟས་འབའ་ཞིག་དང་ཚོགས་ཀྱི་འཁོར་ལོ་བྱེད་དམ་ཞེ་ན། །སྒྲུབ་པ་པོ་ནི་ལེགས་པ་རུ། །མཉམ་པར་བཞག་པས་རིགས་རྣམས་ནི། ་ཀུན་ལ་ཉེ་བར་སྤྱད་བྱ་ཞིང། ཞེས་བྱ་བ་གསུངས་ཏེ། ལེགས་པར་མཉམ་པར་བཞག་པ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །རིགས་རྣམས་ཀུན་ནི་གཟུགས་ནས་རེག་བྱའི་བར་དུ་ཡུལ་ལྔ་ལ་དགའ་བ་བཞི་ཉེ་བར་ལོངས་སྤྱོད་ཅིང་རྟོག་པ་མེད་པའི་ཤེས ་པ་སྐྱེས་པའི་དུས་སུ་བཟའ་བ་མ་ཡིན་བླང་དོར་དུ་མི་རྟག་གོ་།དེ་ལྟར་ཚོགས་ཀྱི་སྤྱོད་པ་བཤད་ནས། ཞི་བའི་བཏུང་བ་བཤད་པ་ནི་དོན་དམ་དུ་ནི་དབྱེར་མེད་ཅེས་བྱ་བ་གསུངས་ཏེ། དོན་དམ་བདེ་བརྟོག་པ་མེད་པ་སྒྱུ་མ་ལྟ་བུ་ཤེས་པ་ནི་དབྱེར་མེད་པའོ། །ཕོ་ཉ་མོ་གཉིས ་གྲུབ་པར་ཞེས་བྱ་བ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་སྒྲུབ་པའོ། །དངོས་གྲུབ་ཆོ་ག་ལ་སྤྱོད་པ་ནི་གསང་བའི་དབང་བསྐུར་བའི་དུས་སུ་ཕོ་ཉ་གཅིག་པུ་ཁོ་ན་ཡིན་ཞེས་བྱ་བ་ནི་བདུད་རྩི་ལྔ་འབྱིན་པའི་ཡུམ་མོ། །རབ་བདག་ཉིད་ཅེས་བྱ་བ་ནི། །མཆོག་གི ་དངོས་གྲུབ་དང་པོ་ཡི། །དངོས་གྲུབ་ནི་སྒྲུབ་པ་དག་ཀྱང་ཉེ་བ་དང་ཞེས་བྱ་བ་ནི་འཇིག་རྟེན་གྱི་དངོས་གྲུབ་དང་ཉེ་བའོ། །བླ་མའི་བརྒྱུད་པས་ཐོབ་པའི་དབང་བསྐུར་བ་དང། ཡིད་སྐྱོབ་པར་བྱེད་པའི་སྔགས་ཀྱི་ཏིང་ངེ་འཛིན་དང་ལྡན་པ། ཕོ་ཉ་རྣམ་གསུམ་ཡང་དག ་བཤད་ཅེས་བྱའོ། །དེ་ལྟར་གསང་བའི་དབང་བསྐུད་བའི་སྤྱོད་པ་བཤད་ནས་ཕོ་ཉའི་གཙང་སྒྲའི་སྤྱོད་པ་བཤད་པ་ནི་དང་པོའི་ཕོ་ཉའི་རྣལ་འབྱོར་པའི་མཚན་ཉིད་བསྟན་ཏོ། །ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་ནི་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་རང་བྲལ་བའི་རྟོག་པ་མེད་པའི ་དང་ཚུལ་ཅན་ནོ། །ཆགས་མེད་སྟོང་དང་ཞེས་བྱ་བ་ནི་ཆགས་མེད་ནི་བདེ་བའི་རོ་མྱང་བའོ། །ཚུལ་ཁྲིམས་དང་ལྡན་ཞེས་བྱ་བ་ནི་སྡོམ་པ་གསུམ་ལ་གནས་པའོ། །ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས་ཞེས་བྱ་བ་ནི་སྐྱེ་བ་ལྔ་མ་གོམས་པར་བྱས་པའོ། །རྫོགས་པའི་རིམ་པའི་སྤྱར་རིམ ་སྒོམ་པ་མ་ཡིན་ཞིང། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་ལྷའི་སྐུར་བསྒོམ་པ་ནི་དངོས་གཞི་ཡིན་པས་འབྲེལ་པ་མེད་པ་མ་ཡིན་ནོ། །དེ་ལྟར་རྟེན་གྱི་གང་ཟག་བཤད་ནས་ཐབས་བསྟན་པའི་ལུས་ཀྱི་བྱ་བ་ཀུན་བྱས་ནས་ནི་རྒྱུད་ཀྱི་རིམ་པ་འཁོར་བཞི་དང་རྩ་གསུམ་མཛད ་པ་ཡིན་ནོ། །ལུས་ལས་ཤིན་ཏུ་མཚོན་ཆ་ཞེས་བྱ་བ་ནི་སྔགས་ཀྱི་རིམ་པ་རླུང་མའི་དྲོད་ཅན་ཉི་ཤུ་རྩ་བཞི་བསྲེགས་པས་ན་མཚོན་ཆའོ། །ལུས་ལ་གནས་པ་ཀུན་དུ་སྤྱད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རིམ་པ་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་བབ་པའོ། །ངག་བྱེད་བྱས ་པའི་ལུས་ཀྱང་ནི་ཞེས་བྱ་བ་ནི་གསང་བའི་རིམ་པ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་པ་དགའ་བ་ལས་འདས་པའི་དག་བྱེད་རེག་བྱའི་སྟོང་པ་ཉིད་སྒོམ་པའོ། །རྟག་ཏུ་སྟགས་ནི་བརྗོད་པ་བྱ་ཞེས་བྱ་བ་ནི་སྲོག་ཨ་བ་དྷཱུ་ཏཱིར་ཆུད་པས་དག་བྱེད་ཀྱི ་ལུས་བརྟན་པར་གྱུར་པའོ། །རྣལ་འབྱོར་སྔགས་རྣམས་ངེས་བསྟེན་ཞིང་ཞེས་བྱ་བ་ནི་ཚོགས་དྲུག་གི་རླུང་ཨ་ན་ཧའི་ནང་དུ་གསུངས་པའོ། །མཚོན་ཆ་རྣམས་ནི་བསྒོམ་མི་བྱ། །ཞེས་པ་ནི་དབང་པོ་དྲུག་གི་རྩ་ལ་བྱང་ཆུབ་ཀྱི་སེམས་ཕབ་ནས་བདེ་བ་རྟོག་མེད་སྐྱེས་པ ་ནི་མཚོན་ཆ་ཡིན་ལ། །དེ་ལ་གོམས་པར་མི་བྱ་བ་ནི་ལུས་དང་ཡིད་བེ་བ་དགའ་བྲལ་དུ་མི་འགྱུར་བའོ། །བྲམ་ཟེ་སར་པའི་ལུགས་ཀྱིས་ཐིག་ལེ་གཉིས་ཤོར་བ་དང་གཉིས་ལུས་པའི་མཚམས་སུ་བདེ་བ་སྟོང་པ་ཉིད་རྟོགས་པའི་ངེས་པའི་ཤེས་པ་བསྐྱེད ་པར་འདོད་མོད་ཀྱི་མཚོན་ཆ་རྣམས་ནི་བསྒོམ་མི་བྱ་ཞེས་གསུངས་པས་མཆོག་གི་རྒྱུད་དང་འགལ་བ་ཡིན་ནོ། །དམ་ཚིག་ཅན་ལ་ཁྲོ་མི་བྱ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་བདེ་བརྟོག་པ་ཟག་མེད་ཀྱི་རྟེན་ཡིན་པར་ཤེས་བཞིན་དུ་ཉན་ཐོས་ཀྱི་ཐེག ་པའི་རྗེས་སུ་འབྲངས་ནས་མི་གཙང་བའི་རྫས་ཡིན་པར་སྨོང་པ་དང། འཇིག་རྟེན་པའི་རྗེས་སུ་འབྲངས་ནས་མི་ཚངས་པར་སྤྱོད་པ་ཡིན་ནོ། །ཞེས་སེམས་པའི་བློས་ལས་ཀྱི་ཕྱག་རྒྱ་ལ་སྨོད་པར་མི་བྱའོ། །མངོན་པར་བརྩོན་ལས་འདའ་མི་བྱའོ། །ཞེས་བྱ་བ་ནི་ཁ་སྦྱོར་ལས་གསུངས ་པ་བཞིན་དུ་རྒྱུའི་ཚོགས་པ་བརྟེན་པའོ། །དེ་དང་ལྷན་ཅིག་བདེ་བར་བྱ། ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོའི་ལྷ་མ་བདེ་བ་དང་བསམ་གཏན་གྱི་བདེ་བསྒོམ་པའོ། །གྲོལ་བའི་དོན་དང་ཞེས་བྱ་བ་ནི་དག་བྱེད་ཀྱི་ལྷ་མོ་དང་ཟག་མེད་ཀྱི་བདེ་བ་སྒོམ་པའོ། །དེའི་དོན་དང་ཞེས ་བྱ་བ་ནི་བདེ་དང་གྲོལ་བའི་དམ་ཚིག་སྤྱད་པའོ། །འདི་དང་ཅིག་སྦྱང་བྱ་ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ལྟར་ལུས་པོ་ཙམ་གྱིས་མ་ཡིན་པ་དང། འཕྲུལ་དགའ་ལྟར་རྒོད་པ་དང། དགའ་ལྡན་ལྟར་ལག་བཅངས་དང། མཚེ་མ་ལྟར་འཁྱུད་པས་ནི་ཡིན་པའི་ས ་ལ་སུམ་ཅུ་རྩ་གསུམ་པའི་བཞིན་དུ་བསམ་གཏན་གྱི་རྒྱུའི་ཚོགས་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པར་ཉེད་བ་དགའ་བྲལ་གྱི་གཉེན་པོ་སྤྱོད་པ་བཤད་ནས། །དངོས་གཞི་ལ་མཚན་ཉིད་དང་བྲལ་བའི་དུས་སུ་ཕྱིའི་ལུས་ངག་གི་བརྟུལ་ཞུགས ་བཤད་པ་ནི། མཚན་མོ་རྟག་པར་ནམ་མཁའ་ཨི་གོས་ཞེས་སྨོས་ཏེ། རྟོག་པ་དང་བྲལ་བའོ། །གནག་དང་དམར་བར་རྟག་གྱུར་བྱ། །ཞེས་བྱ་བའི་འབྲས་བུའི་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོའི་ཁ་དོག་གོ་།སྲོག་ཆགས་ཡན་ལག་ལས་བྱུང་གྱོན། ཞེས་བྱ་བ་ནི་གླང་པོ་ཆེ ་དང་སྟག་གི་བགས་པའི་གཟུགས་བརྙན་བགོས་པའོ། །བདེ་བ་འདོད་པས་བདེ་ཐོབ་འགྱུར། །ཞེས་བྱ་བ་ནི་བསམ་གཏན་གྱི་བདེ་བ་ལུས་བདེ་བ་འདོད་པ་དང། ཕྱིའི་བརྟུལ་ཞུགས་ཧེ་རུ་ཀའི་ཆ་བྱད་གྱིས་བདེ་བ་གྲུབ་པར་འགྱུར་རོ། །མཆོད ་ཕྱིར་ཐོགས་ནི་ཡེངས་སླངས་གཙང། ཞེས་བྱ་བ་ནི་བསྐྱེད་པའི་རིམས་པའི་ཕྱག་རྒྱ་མདའ་བས་གཅིག་མེད་ཀྱང་ལུས་ངག་ཡིད་གསུམ་གྱི་ཞེན་པ་སྤོངས་ནི་ཡོངས་སྤངས་གཙང་བའོ། །ཤྲཱི་ཧེ་རུ་ཀའི་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས ་སོ། །ཧེ་ནི་རྒྱུ་དང་བྲལ་བས་ན་ལུས་སྟོང་བར་བྱིན་གྱིས་བརླབས་པའོ། །རུ་ནི་བཀོད་པ་དང་བྲལ་བས་ན་ངག་མཚན་མ་མེད་པར་བྱིན་གྱིས་བརླབས་པའོ། །ཀ་ནི་གང་དུ་མི་གནས་པས་ནི་སེམས་སྨོན་པ་མེད་པར་བྱིན་གྱིས་བརླབས་པའོ། །བསྐྱེད་པའི་རིམ ་པའི་མཆོད་ཕྱིར་ཐོགས་སྤངས་ནས་ཕྱིའི་བརྟུལ་ཞུགས་ལ་རྒྱན་པ་ཡིན་ནམ་ཞེན་ཕྱག་རྒྱ་ལྔ་དང་ཡང་དག་ལྡན་ཞེས་བྱ་བ་སྨོས་ཏེ། སྤྱི་གཙུག་གི་ནོར་བུ་དང། རྣ་རྒྱན་དང། མགུལ་རྒྱན་དང། ལག་གདུབ་དང། ཚངས་སྐུད་རྣམས་ནི་རུས་པའི་རྒྱན་དང ་ལྡན་པའོ། །དུས་ཀུན་དུ་ནི་ཡང་དག་སྤྱད། །ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལྟར་དངོས་གཞི་ལ་ཏིང་ངེ་འཛིན་བསྒོམས་ནས་ལྡང་བའི་ཚེ་སྡུད་པ་མ་ཡིན་པ་དངོས་དང་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པའོ། །ཕྱག་རྒྱ་ལྔ་གང? ་ཞེ་ན། །མགུལ་རྒྱན་གདུ་བུ་རྣ་རྒྱན་དང། །སྤྱི་བོ་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་རྣམ་པ་ལྔའོ། །ཐལ་བ་དང་དྲུག་གོ་དུས་ཀུན་དུ་ནི་རྣམ་པར་གནས། ཞེས་བྱ་བ་ནི་དཔའ་བོ་གཅིག་པུ་དང་རྒྱལ་མཚན་གྱི་སྤྱོད་པའི་སྤྱོད་ལམ་རྣམ་པ ་བཞིའི་དུས་ཐམས་ཅད་དུ་རྣམ་པར་གནས་པ་སྟེ། ཚོགས་དྲུག་གི་རྟོག་པ་མེད་པ་མཚོན་པར་བྱེད་པའི་ཕྱག་རྒྱ་དྲུག་རྣམ་པར་གནས་པའོ། །ལས་དང་ངོ་བས་ཇི་ལྟར་བྱ་ཞེ་ན། མཚན་མོ་བརྟན་པར་གསལ་བྱ་ཞིང། །ཉིན་མོ་གསངས ་བ་ཉིད་དུ་བྱ། ཞེས་བྱ་བ་སྨོས་ཏེ། མཚན་མོའི་ཚོགས་ཀྱི་འཁོར་ལོའི་དུ་སུ་གསལ་བར་བྱ་ཞིང། །ཉིན་པར་འཇིག་རྟེན་པ་ལ་གསང་བའི་སྦ་བར་བྱ་བ་ཡིན་ནོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་གསུངས་བྱའི ་ལུས་དང་ངག་གི་ཕྱིའི་བརྟུལ་ཞུགས་བཤད་ནས་གཙང་སྦྲ་གསུམ་གྱི་སེམས་ཀྱི་གསང་བའི་བརྟུལ་ཞུགས་ནི། ཐ་དད་ཡེ་ཤེས་ཤིན་ཏུ་དམས་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་མ་དད་པར་ཤེས་པས་འདོད་པའི་ཡོན་ཏན་ལྔ་ལ་ཐ་དད་པར ་སྣང་བ་དང། ཞི་བའི་གཏུང་བ་ལ་གཟུང་འཛིན་གྱི་གཉིས་སུ་སྣང་བ་དང། ཕོ་ཉའི་གཙང་སྦྲ་ལ་གཟུང་འཛིན་གཉིས་སུ་ཐ་དད་པར་སྣང་བའི་ཤེས་པ་ནུབ་པར་བྱས་པ་ནི་སྦས་པའོ། །རབ་ཏུ་ཞི་ཞིང་དབང་པོ་དུལ། ཞེས་བྱ་བ་ནི་ནམ་ཤེས་ལ་རང་བཞིན་བརྒྱད ་ཅུ་དང་བྲལ་བས་ན་བཞི་པའོ། །ཡེ་ཤེས་ལ་གཟུང་འཛིན་གཉིས་དང་བྲལ་བས་ན་རལ་པ་ཐུལ་བའོ། །གཙང་སྦྲ་གསུམ་དུ་བྱ་ཞིང་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པས་ན་གཙང་སྦྲ་སྟེ། དེ་ཡང་ཞི་གནས་སྟོང་པས་དབེན་པ་དག་སྒྱུ ་མ་ལྟ་བུ་དང་དངོས་པོ་འཛིན་པས་དབེན་པ་དང། སྟོང་པའི་ཡེ་ཤེས་གཉིས་སུ་སྣང་བས་དབེན་པས་ན་རྣམ་གསུམ་མོ། །རང་གི་རྒྱུན་བཞིན་རྣམ་པར་གནས་ཞེས་བྱ་བ་ནས་ནི་རང་ནི་ཤེས་པ་རྟོག་པ་མེད་པའོ། །རྒྱུན་ནི་དང་པོ་རྟོག་པ་མེད་པ་བཞིན་ཕྱིས་ཀྱང ་རྒྱུན་ཡང་རྣམ་པར་གནས་པ་ནི་རྒྱུན་བཞིན་རྣམ་པོར་གནས་ཞེས་བྱའོ། །དེ་སྐད་དུ་ཡང། །དོན་དམ་སྙིང་པོ་ལས། མངོན་སུམ་རྒྱུན་ནི་བསྲིངས་པ་ལས། །སྒོམ་པ་ཞེས་ནི་བཤད་པ་ཡིན་ཞེས་བཤད་དོ། །རིགས་དང་རིགས་མིན་ངོར་མི་བལྟ ་ཞེས་བྱ་བ་ནི་ཤེས་པ་རྟོག་པ་མེད་པ་སྐྱེས་པའི་ཆེའོ། །སེམས་པའི་རྣམ་པར་རྟོག་པ་དང་བས་རིགས་ཡིད་དུ་འོང་བ་དང། རིགས་མིན་ཡིད་དུ་མི་འོང་བ་དང་བཏང་སྙོམས་སུ་མི་འཛིན་པས་ན་ངོར་མི་བལྟ་ཞེས་བྱའོ། །ཤེས་པ་རྟོག་པ་མེད་པ་གསང་པའི་བརྟུལ ་ཞུགས་ལ་ཕྱག་རྒྱ་རྣམ་པ་ལྔར་འཛིན་པ་ཡོད་དམ་ཞེ་ན། སྤྱི་གཙུག་བཅིངས་པ་ཡང་ཞེས་གསུངས་ཏེ། གོས་དང་ཕྱག་རྒྱ་ལྔ་ལ་སོགས་པའི་བླང་དོར་གྱི་རྣམ་པར་རྟོག་པ་ཡང་མེད་དོ། །དེ་ལྟར་ན་ཕྱག་རྒྱ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རིགས་དྲུག ་གི་རང་བཞིན་ཅན་དུ་ཕྱག་རྒྱ་དྲུག་བསྒོམས་པ་བསྐྱེད་པའི་རིམ་པ་དང་མཚན་བཅས་ཀྱི་རྫོགས་རིམ་ཀྱི་དུས་སུ་ཚོགས་དྲུག་གི་ཤེས་པ་རྟོག་པ་མེད་པར་དྲན་པའི་ཕྱག་རྒྱ་དྲུག་དང་དངོས་གཞི་མཚན་མེད་ཀྱི་རྫོགས་རིམ་གསང་བའི་བརྟུལ་ཞུགས་ཀྱི་ཚེ ་ཕྱག་རྒྱ་དྲུག་རྣམ་པར་བསྒོམ་པ་ཡིན་ནོ། །དེ་ཡང་མཁའ་འགྲོ་ལས་རྣལ་མའི་ལམ་ནི་བརྟེན་ནས་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། ཞེས་གསུངས་སོ། །གཙང་སྦྲ་གསུམ་པོ་དེ་ཡང་གང་ཞེ་ན། ཕོ་ཉ་དང་ཟླ་བ་དང་སྣོད་གཅིག་ཏུ་ཟ་བའོ། །རེག་བྱ་རྡོ་རྗེ་མ ་ལ་སྟོང་པ་ཉིད་མངོན་སུམ་གྱིས་བསྒོམས་པས་ན་དང་པོ་ཡིན་ནོ། །ཟླ་བ་ལ་ནི་བརྡར་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པས་ན་བར་མ་ཡིན་ནོ། །སྣོད་གཅིག་ཏུ་ཟ་བ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེས་པས་ན་ཐ་མ་ཡིན་ནོ། །དེ་ལ་ཨིན་དྲ་བྷུ་ཏིའི་ཞལ་སྔ་ནས་ཟླ་བ ་ལྟ་བུའི་མན་ངག་དང། སྐར་ཁུང་ལྟ་བུའི་མན་ངག་དང་སེང་གེ་ཕྲུ་གུ་ལྟ་བུའི་མན་ངག་དང་ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཟླ་བ་ཚེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་བདེ་བར་མཚོན་ནས་ཚེས་བཅོ་ལྔའི་ཟླ་བ་བཞིན་དུ་ཆོས ་ཐམས་ཅད་ལ་བསམ་གཏན་གྱི་བདེ་བ་རྒྱས་པར་བྱེད་པ་ཡིན་ནོ། །སྐར་ཁུང་ལྟ་བུ་ནི་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུའི་གསང་བ་རྟོལ་ནས་ཕྱི་རོལ་གྱི་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་བཞིན་དུ་རྟོགས་པ་ཡིན་ནོ། །སེང་གེ་ཕྲུ་གུ་ལྟ་བུ་ནི་རེག ་བྱ་རྡོ་རྗེ་མ་ལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་སེང་གེའི་ཡན་ལག་ལ་སྨད་པས་རི་དགས་ཐམས་ཅད་སྐྲག་པར་བྱེད་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ཡང་རྒྱལ་པོའི་ཡུལ་ལས་རེག་བྱའི་སྟོང ་པ་ཉིད་ཏོགས་ན་ཆོས་ཐམས་ཅད་གྱི་སྟོང་ཉིད་རྟོགས་པར་འགྱུར་རོ། །ལྷ་མོ་དང་དཔའ་མོའི་ཞལ་ནས་གཙང་སྦྲ་གསུམ་ལྕགས་ཀྱུ་ལྟ་བུའི་མན་ངག་ཡིན་ཏེ། དེ་ཡང་ཁམས་གསུམ་འཁོར་བའི་རྒྱ་མཚོ་ལྟ་བུ་ཡིན་ལ། །བདེ་བ་རྟོག་པ་མེད ་པ་ནི་ཉ་ལྟ་བུ་ཡིན་ལ། གཙང་སྦྲ་རྣམ་པ་གསུམ་གྱི་ལྕགས་ཀྱུས་བཟུང་ནས་བདེ་བ་ཆེན་པོའི་སྒྲམས་ལ་འབྱིན་པ་ཡིན་ནོ། །ཞེས་བཤད་དོ། པདྨ་རྡོ་རྗེའི་ཞ་བསྔ་ནས། གཙང་སྦྲ་གསུམ་ནི་ནམ་མཁའ་ལྟ་བུ་མིན་ཏེ། རྩ་གསུམ་གྱི་སྣ་གསང་བའི་རྡོ ་རྗེ་ནོར་བུ་བྷ་གར་བསྟོད་པ་ལ། གཡོན་པ་ལ་ལ་ཅུའི་རླུང་གིས་ནི་དགའ་བྲལ་གྱི་བདེ་བ་ཉམས་ནས་ཁམས་གསུམ་འཁོར་བའི་རྣམ་པར་རྟོག་པ་བསྐྱེད་པ་དང། གཡས་པས་ར་ས་ནཱའི་རླུང་གིས་གྱེན་དུ་བཟློག་པའི་ཚེ་བྱང་ཆུབ་ཀྱི་སེམས་ར་ས་ནཱ་ར་བཅུས ་པས་འདོད་པའི་དབང་ཕྱུག་?་མ་ཏྭཏྟ་དང། ཚེ་འཕེལ་བ་བེ་ཤ་ཏྭཏྟ་དང་ཞེས་བྱ་བར་འགྱུར་རོ། །དབུས་མ་ཨ་བ་དྷུ་ཏྟིའི་རླུང་གིས་བྱང་ཆུབ་སེམས་ཨ་བ་དཏུཏཱིར་ཆུད་པའི་ཚེ་མི་ཟད་པ་བསམ་གཏན་གྱི་བདེ་བ་ན་རཉྫ་ན་ཏྭཏྟ་ཞེས་བྱ་བར་འགྱུར་རོ། །དེ་ལ་སྟོང ་པ་ཉིད་ཀྱི་རྒྱས་བཏབ་པས་ཟག་པ་མེད་པའི་བདེ་བ་བར་མ་ཏྭཏྟ་ཞེས་བྱ་བར་འགྱུར་རོ། །དེ་ཡང་དཀར་དམར་གོས་ནི་བསལ་ནས་ཀྱང། སྲོག་ནི་ནམ་མཁར་ཆུད་འགྱུར་ན། བདེ་བ་མི་ཟད་རྟོག་པ་མེད། །བདེ་བ་ཆེན་པོར་སྐྱེ་བར་འགྱུར། །ཞེས་བཤད་དོ། །དཀར་དམར ་གོས་ནི་གཡས་གཡོན་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་གནས་པའི་ཆགས་པས་ཆགས་བྲལ་སྤངས་པའི་བསམ་གཏན་གྱི་བདེ་བ་སྐྱེད་ནས་བདེ་བ་ཆེན་པོའི་རྒྱས་བཏབ་ནས་དབུས་མ་ཡང་འདོར་བ་ཡིན་ནོ། །དེ་ཡང་མཉམ་སྦྱོར་ལས། ཆགས་པ་མ་ཡིན ་ཆགས་བྲལ་མིན། །དབུས་མ་ཡང་ནི་མི་དེ་དམིགས་སོ། །ཞེས་གསུངས་སོ། །རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། ། ས་མ་ས་མ་ཞེས་བྱ་བ་སྟེ་མི་མཉམ་པ་དང་མཉམ་པ་ཉིད་ཀྱི་མན་ངག་ཡིན་གྱི་དེ་ཡང་མངོན་སུམ་གྱི་ཤེས་པ་ལ་ངེས་པར་འདྲེན་པ་བླ་མའི་མན ་ངག་གིས་བྱས་ནས་མངོན་སུམ་གཞན་ལས་ངེས་པར་འགྱུར་ཏེ། །གང་ལ་རྟོགས་པ་མེད་པ་སྐྱེས་ཀྱང་སྣང་ལ་ངེས་པས་ན་སོ་སོར་བརྟགས་མིན་ཡིན་ནོ། །གཟུང་དང་འཛིན་པར་ངེས་པར་ལྟག་པ་ནི་ཆོས་དང་གང་ཟག་བདག་གི་རང་བཞིན་གཟུང་བ་དང ་འཛིན་པའི་རང་བཞིན་ཡིན་ནོ། །མངོན་སུམ་བདེ་བ་རྟོག་པ་མེད་པར་སྐྱེས་པ་ལ་ཇེས་པའི་ཤེས་སྒྲི?་འདྲེན་ནུས་པ་ནི་མངོན་སུམ་རང་ལས་ངེས་ཡིན་ལ། གང་ལ་མ་ངེས་པ་དེ་ཡིས་གཙང་སྦྲ་རྣམ་ཕ་གསུམ་གྱི་རྒྱུའི་ཚོགས་པས་བདེ་བ་རྟོག་པ་མེད་པའི་དེས་པར་འདྲེན་པའམ ་བླ་མའི་མངོན་སུམ་གྱིས་ངེས་པ་ཕ་འདྲེན་པ་ནི་མངོན་སུམ་གཞན་ལས་ངེས་པ་ཡིན་ནོ། །དེ་ཡང་བདེ་བ་ཉག?་མེད་རང་དང་གཞན་ལས་ངེས་པའི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སྟོང་པ་ཉིད་རང་དང་གཞན་ལས་ངེས་པ་འདྲེན་པ་ནི་ས་དང་པོའི་ཡེ་ཤེས་ཡིན ་ནོ། དེ་ལྟར་ན་གཅང་སྦྲ་འདི་དག་ཏུ་བསྐྱངས་པས་གཙང་མ་དག་པའི་ཇི་མ་ཐོབ་ནས་ཞེས་བྱ་སྟེ་ཞི་གནས་དང་ལྟག་མཐོང་མངོན་སུམ་དུ་སྐྱེས་པའོ། །དངོས་གྲུབ་གང་ལས་འབྱུང་མི་འགྱུར། །ཞེས་བྱ་བ་ནི་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ། གདོན་མི་ཟ་བར ་འབྱུང་བར་འགྱུར་རོ། །དེ་ལྟར་གསང་བའི་བརྟུལ་ཞུགས་དང་ཕན་ཡོན་དང་པོ་བསྟན་ནས་ཕན་ཡོན་གཉིས་པ་རྒྱུད་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པ་ནི་དེ་ཉིད་བསྡུས་པ་དང་བདེ་མཆོག་དང་ཐམས་ཅད་གསང་བ་དང་དཔལ་མཆོག་དང་པོ་དང་རྡོ་རྗེ ་འཇིགས་བྱེད་ལ་གསུངས་པའི་བཟླས་པ་དང་བརྟུལ་ཞུགས་དང་ཡོད་པ་ལ་སོགས་པས་གྲུབ་པ་ནི་འདིར་གཙང་སྦྲ་གསུམ་གྱི་བསམ་གཏན་གྱི་ཏིང་འཛིན་གྱིས་སྐད་ཅིག་གྲུབ་པར་འགྱུར་རོ། །དེ་ལྟར་ཕན་ཡོན་གཉིས་པ་བཤད་ནས། གྲོལ ་པའི་ལམ་པའི་ཕན་ཡོན་གསུངས་པ་ནི་རྣལ་འབྱོར་ལམ་པ་དགའ་བས་ཀྱང། ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་ལམ་ཆོས་དང་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་གྲོལ་བའི་ལམ་ཡིན་པས་ཕྱག་རྒྱ་དེ་ཉིད་ལ་བརྟེན་ནས་གཙང་སྒྲ་འདི་ཡང་དག་པར ་སྤྱོད་པའོ། །གྲོལ་པའི་ལམ་པ་དེའི་བསོད་ནམས་ཇི་ལྟ་བུ་ཞེ་ན། གཙང་སྦྲ་ལས་བྱུང་བའི་ཚོན་ཏན?་རྒྱ་མཚོ་ཆེན་པོ་དེ་ནི་གང་ཟག་སྟོང་ཕྲག་དུ་མས་ལ་སྟོང་ཕྲག་དུ་མའི་སྒོ་ནས་ཡོན་ཏན་བརྗོད་ཀྱི་མི་ལང་བའོ། །ཡོན་ཏན་གསུམ་ཕ་བཤད་ནས། ་མཆོད་པའི་ཡོན་ཏན་ནི། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། ཞེས་སྨོས་ཏེ། དཔལ་བདེ་མཆོག་གི་རྣམ་ཤེས་དང་ཡེ་ཤེས་ཀྱི་རང་བཞིན་ནོ། །རྣམ་དག་མཚན་ཉིད་དང་ནི་ཀུན་སྒྲུབ་པ་ལ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། ། ་བདེ་བ་བསོད་ནམས་ཆུ་འཐུངས་པའི། །ཞེས་པ་མི་བྱང་ཆུབ་ཀྱི་སེམས་བཟློག་པའོ། །དག་བྱེད་སྡིག་པ་འཇིག་བྱེད་ཡིན་ཞེས་པ་ནི་རྣམ་ཤེས་ཀྱི་བསམ་གཏན་གྱི་སྡིག་པ་དག་ཅིང་སེམས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འདག་པའོ། ། ་དེ་ལྟར་ཆགས་པའི་ལམ་པའི་ཕན་ཡོན་བཞི་བ་བསྟན་ནས། །ལྔ་པ་ཆོས་ཀྱི་ཕྱག་རྒྱའི་ཕན་ཡོན་བསྟན་པ་ནི། རེག་པ་དང་ནི་སྨྲས་པས་ཀྱང། སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། སྨྲ་བ་རྣ་བས་ཐོས་པ་ནས་རེག་པ་ལུས ་ཀྱིས་མྱོང་བའི་བར་གྱིས་ཆོས་ཀྱི་ཕྱག་རྒྱ་ལ་དམིགས་ན་སྡིག་པ་གྲོལ་བར་འགྱུར་ཞིང་མིག་གི་ཡུལ་གཟུགས་སུ་ངག་ཅིང་སྐྱོན་མེད་པའོ། །གཟུགས་ལ་རྟོག་པ་དང་བྲལ་བའི་བདེ་བ་སྐྱེས་ནས་གང་ཞིག་སྤྱོད་པའོ་ཞེས་བྱ་བ་སྨོས་ཏེ། མཆོག ་གི་དངོས་གྲུབ་བདེ་བར་གཤེགས་པའི་ས་བཅུ་གཅིག་པའི་བདེ་བར་གཤེགས་པ་ཐོབ་པ་དང། རིག་སུ་སྐྱེས་པའི་ལྷའི་རྒྱལ་པོར་འགྱུར་ཏེ། དངོས་གྲུབ་འབྲིང་དང་མིའི་རྒྱལ་པོར་གྱུར་པའི་དངོས་གྲུབ་ཐ་མ་ཡིན་ནོ། །དེ་ལྟར་བརྟུལ ་ཞུགས་ཕན་ཡོན་དང་བཅས་པ་བཤད་ནས། ཚོགས་ཀྱི་འཁོར་ལོའི་གཏོར་མ་བཤད་པ་ནི། །དེ་ལྟར་རྟག་ཏུ་མཆོད་བྱས་ནས་ཞེས་བྱ་བ་སྨོས་ཏེ། མཆོད་པ་ནི་གཙང་སྤྲ་གསུམ་གྱི་མཆོད་པའོ། །དད་པ་ཡིས་ནི་མཆོད་པ་སྦྱིན། །ཞེས ་བྱ་བ་ནི་དཀོན་མཆོག་གསུམ་ལ་མོས་པ་ཡིད་ཀྱི་དད་པ་དང། དེའི་བསྟན་པ་བསྲུང་བ་ལ་དང་བས་འཁོར་གསུམ་དག་པའི་གཏོར་མ་བཏང་བར་བྱའོ། །ཇི་བཞིན་ཆོ་གའི་སྦྱོར་བ་ཡིས། ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོའི་དུས་སུ་བདག་ཉིད ་རྣལ་འབྱོར་བ་བཞིས་ལྷར་བསྐྱེད་པ་དང་ཅི་འབྱོར་བའི་རྫས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང། རཾ་ལས་མེའི་དཀྱིལ་འཁོར་དང། དེའི་སྟེང་དུ་སུཾ་ལས་བསྐྱེད་པའི་ཐོད་པའི་སྒྱེད་བུ་དང། ཡི་གེ་ཀཾ་ལས་བསྐྱེད་པའི་ཐོད་པ་སྟོང་གསུམ་ཚད་ཙམ ་བསམས་ལ་བདུད་རྩི་ལྔའི་གོང་བུ་ཡི་གེ་ལྔ་དང། ཨོཾ་ཨཱ(རྒྱུད་འགྲེལ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨ་དྱ་ནུ་ཏན་བན?་ཏྭ་ཏ་ཅེས་བྱ་བ་ལན་ལྔའི་བར་དུ་བྱིན་གྱིས་བརླབས་ལ། དེའི་མདུན་དུ་ཨ་གྲུ་གསུམ་གྱི་དབུས་སུ་བུཾ་ལས་གཞལ་ཡས་ཁང་བསྐྱེད་ལ། །དབུས་སུ་བཅོམ་ལྡན་འདས་འཕྱུང་པོ་ཐམས་ཅད་འདུལ་བར་བྱེད་པའི་ཕྱག ་ཏུ་བུམ་པ་བས་མས་ལ། དེའི་ཤར་དུ་ནག་པོ། །བྱང་དུ་རུ་པྲ་ཆེན་པོ། །ནུབ་ཏུ་ལྷས་བྱིན། ལྷོར་ནག་པོ། །དབང་ལྡན་དུ་གཅིགས་པ། མའི་མཚམས་སུ་མི་བསྲུན་པ། བདེན་བྲལ་དུ་དགའ་བ་ལས་འདས། རླུང་དུ་ལོག་འདྲེན་ཏེ་ཐམས་ཅད་ཀྱང་ཞལ་གཅིག་པ ་སྤྱན་གསུམ་པ། ཕྱག་བཞི་པ། གྲི་གུག་དང་ཐོད་པ། ཁ་ཊཝཱཾ་ག་དང་མདུང་རྩེ་གསུམ་པ་བསྣམས་པའོ། །གནག་པ་དང་སེར་བ་དང་དམར་བ་དང་དཀར་བའི་མདོག་ཅན། མཚམས་ན་གནས་པ་ཡིད་འཕྲོག་པའི་གཟུགས་གཉིས་པ་ཤར་ཕྱོགས་ཀྱི་ནག་པོ ་ཆོན་པོ་ལ་ཙ་མུཎྚི་དང། དྲག་མོ་དང། མི་སྡུག་པ་དང། དཀའ་བཟློག་པ་བཞིས་བསྐོར་བའོ། །བྱང་གི་རུ་དྲལ་རྒྱལ་བ་དང། རྣམ་རྒྱལ་དང། མི་ཐུབ་མ་དང། གཞན་གྱིས་མི་ཐུབ་མས་བསྐོར་བའོ། །ནུབ་ཀྱི་ལྟས་བྱིན་ལ་བཟང་མོ་དང། ནག་ཙོམ་མ། ནག ་སྦོམ་མ་དང། རྣལ་འབྱོར་མ་རྣམས་ཀྱིས་བསྐོར་བའོ། །ལྷོར་ནག་པོ་ལ་དབང་མོ་དང། ཟླ་བ་མོ་དང། དྲག་མོ་དང། སྡང་བ་མོ་རྣམས་ཀྱིས་བསྐོར་བའོ། །དབང་ལྡན་དུ་གཙིགས་པ་ལ་འཕྱང་མ་དང། །དབང་ཕྱུག་མ་དང། སྐེམ་པོ་ཆེ་དང་མར་མེ་མ་རྣཾས ་ཀྱིས་བསྐོར་བའོ། །མེ་མཚམས་ཀྱི་མི་བསྲུན་མ་ལ་འཇོམས་མ་དང། གྲོང་ཁྱེར་དང་གཟུགས་དྲག་མོ་དང། གཟུགས་ཆེན་མ་བཞིས་བསྐོར་བའོ། །བདེན་བྲལ་དུ་དགའ་བ་ལས་འདས་པ་ལ་མཆེ་བ་ཅན་དང། བརྩེ་གསམ ་དང། ཐོད་འཕྲེང་མ་དང། བ་ཊཝཱཾ་ཅན་རྣམས་ཀྱིས་བསྐོར་བའོ། །རླུང་དུ་ལོག་འདྲེན་ལ་རལ་གྲི་ཅན་དང། དགྲ་སྟ་ཅན་དང། རྡོ་རྗེ་ཅན་མ་དང། གཞུ་ཅན་མ་རྣམས་ཀྱིས་བསྐོར་བའོ་དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ལ་ཕྱོགས་སྐྱོང་བརྒྱད་དང། བོ་ཏ་བརྒྱད་དང་ཀླུ་བརྒྱད་དང་སྤྲིན ་བརྒྱད་དང། མཁའ་འགྲོ་བརྒྱད་དང། མ་མ་བརྒྱད་ཀྱིས་བསྐོར་བར་བསམས་བཞི་བ་ལ་ཐམས་ཅད་དཀར་པོ། །རྒྱས་པ་ཐམས་ཅད་སེར་པོ། །དབང་ཐམས་ཅད་ཀྱང་དམར་པོ། །མངོན་སྤྱོད་ཐཾ་ཅད་ནག་མོ། ལྷ་མོ་སུམ་ཅུ་རྩ་གཉིས་ནི་ཐམས་ཅད་ཀྱང་གྲི་གུག་དང་ཀ་པཱ་ལ་བསྣམས་པ། ་དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་བ་ནི་ཤར་དུ་རྡོ་རྗེ། ལྷོར་རལ་གྲི། བྱང་དུ་དབྱུག་པ་ཐོགས་པ་དང། མཚམས་བཞི་རྡོ་རྗེ་རྩེ་གསུམ་པ་དང། གྲི་དང། བ་དན་དང། མདུང་རྩོ་གསུམ་པ་ཐོགས་པ། ཕྲིན་ལས་བཞིའི་མདོག་ཅན་ནོ། །ར་ལླ་ཧོ་ཞེས་བྱ་བའི་སྔགས་དང་སྐྱེ ་གནས་ཀྱི་ཕྱག་རྒྱས་སྤྱན་དྲངས་བ་ལ་མཆོད་པ་འབུལ་ལོ། །དེ་ལྟ་བུའི་མགྲོན་བསམས་ནས་དུས་ནམ་གྱི་ཆེ་མཆོད་ཅེ་ན། མར་གྱི་ངོ་ཚེས་བཅུ་དང། ཟླ་བ་ཡར་ངོར་མ་གྱུར་པ། མྱུར་དུ་འབད་པས་མཆོད་བྱ་སྟེ། ཞེས་བྱ་བ་གསུང་ཏེ་ཆོས་ནུ་ནི་ཞིག་དང་པོ་ལ་གནས་ཀྱི་ལྷ་མོ་དང། གཉིས་པ་ལ ་ཉེ་བའི་གནས་ཀྱི་སྙིང་བ་དང། གསུམ་པ་ལ་ཞིང་དང། བཞི་པ་ལ་ཉེ་བའི་ཞིང་དང། ལྔ་པ་ལ་ཚན་དོ་ཧ་དང། དྲུག་པ་ལ་ཉེ་བའི་དོ་ཧ་དང། བདུན་པ་ལ་འདུས་དང། བརྒྱད་པ་ལ་ཉེ་བའི་འདུས་དང། དགུ་པ་ལ་དུར་ཁྲོད་ཀྱི་དང། བཅུ་པ་ལ་ཉེ་བའི་དུར་ཁྲོད་ཀྱི་ལྷ་མོ ་ཚང་བར་གྱུར་པའི་ཚེ་མཆོད་པར་བྱའོ་ཞེས་མཆོད་པར་བྱ་ཞེ་ན། རྡོ་རྗེ་ལྷ་མོ་མྱོས་ཤས། །ཞེས་བྱ་བ་སྨོས་ཏེ། ལོ་བཅུ་དྲུག་མ་ལྷ་མོ་དང། ཤ་དང་ཆང་གིས་སོ། །སུ་ཞིག་ལ་ཞེ་ན། སྐྱེ་བོ་དད་པས་མཆོད་བྱ་ཞེང། །ཞེས་བྱ་བ་སྟེ་ཚོགས་ཀྱི་འཁོར་ལོ་ལྷ་མོ་ལའོ། །ཅི ་ཞིག་སྒོམ་ཞིང་ཞེ་ན་ཧེ་རུ་ཀ་དཔལ་ལོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། མངོན་པར་དགའ་བ་ཞི་གནས་དང། གུས་པའི་སེམས་ལྷག་མཐོང་གི་ཏིང་ངེ་འཛིན་གྱིས་སོ། །དེ་རྣམས་ལག་ནས་མཆོག་མི་འཕྲོག་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་བྱས་ནས་དངོས་གྲུབ་གཞན་གྱིས་འཕྲོག ་པར་མི་ནུས་པའོ། །སྤྱོད་ལམ་ཇི་ལྟ་བུ་ཞེ་ན། མཚན་མོའི་བརྟུལ་ཞུགས་ཅན་གཏོར་མ་སྐྲ་གྲོལ་གཅེ་རི་བུར་གྱུར་བས་སྦྱིན་པ་ཞེས་བྱ་བ་གསུངས་སོ། །ཕན་ཡོན་ཇི་ལྟ་བུ་ཞེ་ན། ཤྲཱི་ཧེ་རུ་ཀ་བདག་ཉིད་སྦྱོར་བས་རྣལ་འབྱོར་མ་མོ་མཉེས་པར་འགྱུར། ཞེས་བྱ་བ་གསུངས ་ཏེ། དཔལ་ཧེ་རུ་ཀའི་སྦྱོར་བ་དང་ལྡན་པས་རྡོ་རྗེ་ཐལ་མོ་གྱེན་དུ་ཁ་ཕྱེ་ལ་ཨོཾ་ཁ་ཁ་ཁཱ་ཧི་ཞེས་བྱ་བ་ནས་ས་ཧཱ་ཡི་ཀཱ་བྷ་བནྟུ་ཞེས་བྱ་བའི་བར་དུ་བསྔོ་ཞིང་མགྲོན་རྣམས་ཀྱི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པའི་སྤུ་གུས་གཏོར་མ་འཐུང་བར་བསམ་པར་བྱའོ། །ལེའུ་ཉི་ཤུ་རྩ་བདུན་པའི་རྣམ ་པར་བཤད་པའོ།། །།དེ་ལྟར་རང་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་དོན་ཕུན་སུམ་ཚོགས་པ་སྟོན་པེ་ནི། དེ་ནས་མཆོད་པ་རྣམས་དག་པ། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པའི་སྒྲུབ་པའི་མཆོད་པ་སྟེ་གཙང་སྦྲ་རྣམ་པ་གསུམ་མོ། །རྣམ་དག་བ་ཞེས ་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །སྤྲུལ་པ་ལས་འབྱུང་དཔའ་བོ་རྣམས། ཞེས་བྱ་བ་ནི་མཆོད་པའི་ཡུལ་ལྷ་མོ་དྲུག་ཅུའོ། །དེ་བཞིན་དུ་བདག་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཡང་མཆོད་པའོ། །སངས་རྒྱས་ཀུན་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང ་རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས་དང་དོན་ཡོད་གྲུབ་པ་བུམ་པའི་གཟུགས་སུ་སྣང་བའོ། །སོགས་ཞེས་བྱ་བ་ནི་མཁའ་གྲོ་མ་དང་ལཱ་མ་དང་དུ་མ་སྐྱེས་མ་དང་གཟུཊ་ཅན་མའོ། །སྲས་བཅས་ཞེས་བྱ་བ་ལ་སྲས་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །བཅས་ཞེས་བྱ་བ་ནི་མཁའ་ ་འགྲོ་མ་སུམ་ཅུ་རྩ་དྲུག་གོ་།དཔའ་བོ་ཀུན་དང་རྣལ་འབྱོར་མ། ཞེས་བྱ་བ་ནི་སྔར་སྲས་བཅས་ཞེས་བྱ་བའི་རྒྱས་པར་བཤད་པའོ། །བརྟེན་པ་དང་གཡོ་བ་ཞེས་བྱ་བ་ནི་བརྟན་པ་ནི་གཞལ་ཡས་ཁང་དོ། །གཡོ་བ་ནི་བརྟེན་པ་ལྷའི་འཁོར་ལོའོ། །ཟླ་བ་འདུས་བ་ལ ་གནས་པས། ཞེས་བྱ་བ་ནི་མཆོད་པའི་ཡུལ་དེ་རྣམས་ལ་གཙང་སྦྲ་གསུམ་གྱིས་མཆོད་པའོ། །མཆོད་པའི་ཡུལ་གྱི་ལྷ་དེ་ཇི་ལྟ་བུ་ཡིན་ཞེ་ན། སྤུན་དང་སྡུག་པ་མཆོད་པ་ཡི། །ཞེས་བྱ་བ་སྨོས་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དང་ཡིག་འབྲུ་དང་ཕྱག་མཚན ་ལག་པའི་ཕྱག་རྒྱ་དང་སྐུ་ཕྱག་རྒྱ་ཆེན་པོ་བཀོད་པ་རྣམས་སྤངས་ནས་དཔའ་བོ་དང་དཔའ་མོར་ལྷར་བསྒོམ་པའི་ལྷའི་འཁོར་ལོ་སྟེ་སྤུན་ནི་དཔའ་བོ་ཉི་ཤུ་རྩ་བཞི་དང་སྡུག་པ་ནི་ལྷ་མོ་སུམ་ཅུ་རྩ་དྲུག་གོ་དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །ཐོག་མར་རྟེན་གྱི ་གང་ཟག་སྟོན་པ་ལས་དེ་ཡང་དངོས་པོར་དོར་བྱའི་གང་ཟག་བསྟན་པ་ནི་སྤུན་དང་བུ་དང་ལྷན་ཅིག་ཏུ་ཞེས་བྱ་བ་སྨོས་ཏེ། སྤུན་ནི་འཇིག་རྟེན་དུ་གྲགས་པའོ། །བུ་ནི་རིགས་རྒྱུད་བསྲུང་བའོ། །དེ་དང་ལྷན་ཅིག་ཏུ་འཇིག་རྟེན་པའི་བདེ་བ་དང། འཇིག་རྟེན་པའི་སྡུག ་བསྔལ་གསུམ་དང་བརྒྱད་ཀྱི་བདག་ཉིད་འབྱུང་བས་རང་ལ་བརྙས་པར་འགྱུར་བའི་ཕྱིར་སྔགས་ཏེ་ཚོགས་ཀྱི་འཁོར་ལོ་དང། དེ་བཞིན་དུ་ཕྱག་རྒྱ་ནི་ཞི་བའི་བཏུང་བ་དང། ཡེ་ཤེས་ནི་ཕོ་ཉའི་གཙང་སྦྲ་སྟེ་དེ་རྣམས་ལ་བསྟན་པར་མི་བྱའོ། །སུ་ལ་བསྟན ་པར་བྱ་ཞེ་ན། དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྦྱང་བྱས་འགྱུར། ཞེས་བྱ་བ་སྨོས་ཏེ། དག་བྱེད་ཟས་ནི་ཚོགས་ཀྱི་འཁོར་ལོ་འདོད་པའི་ཡོན་ཏན་ལྔའོ། །རྟག་ཏུ་དམ་ཚིག་བྱེད་པ་ནི། གཟའ་བར་བྱེད་པའི་དམ་ཚིག་སྟེ་རང་བཞིན་བརྒྱད་ཅུ་དང་བྲལ་བས ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའོ། །གསང་སྔགས་སུ་ལའང་བསྟན་མི་བྱ་ཞེས་བྱ་བ་ནི་ཞི་བའི་བཏུང་བ་མི་བསྟན་པའོ། །མན་ངག་རྣམས་ནི་ཉམས་མི་བྱ། ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མན་ངག་གོ་།གཙང་སྦྲ་གསུམ་པོ་དེ་སྦྱིན ་པར་བྱས་པའི་གནས་ཇི་ལྟ་བུ་ཞེ་ན། དམ་ཚིག་རྣམས་ལ་ཅི་རིགས་པར་ཞེས་བྱ་བ་སྨོས་ཏེ། རིག་པའི་དབང་བསྐུར་བ་ལ་དཔའ་བོ་གཅིག་པུ་སྦྱིན་པ་དང། ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སྦྱིན་པ་དུང། གསང ་བའི་དབང་བསྐུར་བ་ཐོབ་པ་ལ་མི་ཟབ་པའི་རྫོགས་པའི་རིམ་པ་བསྟན་པ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པ་ལ་ཟབ་པའི་རྫོགས་པའི་རིམ་པ་ནི་ཅི་རིགས་པ་ཞེས་བྱ་བའོ། །མན་ངག་སྦྱིན་པར་བྱ་ཞེས་བྱ་བ་ནི་མངོན་སུམ་གྱི་གཞན་དོན་གྱི་བདེ་བ ་སྟོང་པ་ཉིད་ལ་ངེས་པར་འདྲེན་པའི་ཐབས། བླ་མས་སློབ་མ་རྣ་དྲུང་དུ། རབ་ཏུ་འབད་དེ་བཤད་པར་བྱ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་བླང་བྱ་དང་དོར་བྱའི་རྟེན་གྱི་གང་ཟག་བསྟན་ན་སྦྱོར་བའི་མཆོད་པ་གཞན་ལས་བཤད་པ་ནི། ཕོ་ཉ་མ་རྟོགས ་གཞན་དག་ལ་ཞེས་བྱ་བ་སྨོས་ཏེ། །དབང་མ་སྐུར་བ་དང་བརྙེན་སྒྲུབ་བཞིས་མ་སྦྱངས་པའོ། །འདོད་ལ་རྨོངས་པས་བགྲོད་མི་བྱ་ཞེས་བྱ་བ་ནི་འདོད་པའི་རྣམ་པར་ཤེས་པ་ལ་ཞེན་པའོ། །རྨོངས་པ་ནི་ཡེ་ཤེས་ལ་རྨོངས་པའོ། །བགྲོད་མི་བྱ་ནི་རྣམ་ཤེས་དང ་ཡེ་ཤེས་ལའོ། །སེམས་པའི་རྣམ་པར་རྟོག་པ་མི་བྱའོ། །དེ་ལྟར་དོར་བྱའི་ཕོ་ཉ་བསྒྲུབ་པ་མདོར་བསྟན་ནས་སྦྱང་བྱ་མདོར་བསྟན་པའོ་།ཕོ་ཉ་མི་ཞེན་རྟག་ཐར་པ། །ལྔ་པ་ཡིས་ཀྱང་ལོངས་སྤྱོད་བྱ། །ཞེས་བྱ་བ་ལ་ཕོ་ཉ་ལས་རྟག་ཏུ་ཞེན་པ་ལས་གྲོལ་བ་དང ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་གཟུང་འཇིན་གཉིས་ལས་འདས་པའི་ལོངས་སྤྱོད་བྱ་བའོ། །བླང་བྱའི་མདོར་བསྟན་ནས། དོར་བྱའི་རྒྱས་པར་བཤད་པ་ནི། སྐྱེ་གནས་དམན་ལ་མི་གནས་ལ། བསྙེན་བཀུར་ཉིད་ནི་བྱ་བ་མིན་།ཞེས་བྱ་བ་སྨོས ་ཏེ། སྐྱེ་གནས་དམན་པ་ནི་དབང་བསྐུར་བ་ཐོབ་པ་དང། བསྙེན་སྒྲུབ་བཞིས་མ་སྦྱངས་པའོ། །མི་གནས་པའི་འདོད་ཆགས་ཀྱི་ཞེན་པ་མེད་པའོ། །བསྙེན་བཀུར་བྱ་བ་མ་ཡིན་པ་ནི་རྨོངས་པར་ཕྱག་འཚལ་བ་ལ་སོགས་པ་གུས་པས་མི་བྱ་བའོ། །བླང་བར་བྱ ་བའི་རྒྱས་པར་བཤད་པ་ནི། མ་དང་སྲིང་མོ་བུ་མོ་དང། ཆུང་མ་ཧོ་ཉ་མོ་ཉིད་གནས་ཞེས་བྱ་བ་སྨོས་ཏེ། སྔར་བསྟན་པའི་སྔགས་སྐྱེས་རྣམས་སོ། །གནས་ཞེས་བྱ་བ་དེ་དང་གཙང་སྦྲ་རྣམ་པ་གསུམ་སྤྱོད་པ་ལ་གནས་པའོ། །ཕོ་ཉ་མ་རྟོགས་པ་ལ ་བརྟེན་པས་ཉེས་པ་ཅིར་འགྱུར་སྙམ་ན། དཀའ་ཐུབ་ཉེས་པས་ཟད་པར་འགྱུར་ཞེས་བྱ་བ་གསུངས་ཏེ། བསམ་གཏན་དང་གཟུང་འཛིན་གྱིས་དཀའ་ཐུབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྐྱེད་པ་ཟད་པར་འགྱུར་རོ། །བླང་བར་བྱ་བས་གང་བླས? ་བུ་ཇི་ལྟར་འགྱུར་བ་ནི། འཁོར་ལོ་འམ་དེ་བཞིན་གྲུབ་པ་ཡི། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཚོགས་ཀྱི་དངོས་གྲུབ་བམ་དེ་བཞིན་དུ་འཇིག་རྟེན་དང་མཆོག་གི་དངོས་གྲུབ་པོ། །མཆོག་དང་ཐ་མ་ལྷན་ཅིག་གུས་ཞེས་བྱ་སྟེ། མཆོག་ཡེ་ཤེས་ལས ་སྐྱེས་པའོ། །ཐ་མ་ནི་སྔགས་ལས་སྐྱེས་པའོ། །ཤུགས་ཀྱི་བར་མ་གནས་ལ་སྐྱེས་པ་ཡང་བསྡུའོ། །ལྷན་ཅིག་འགུགས་ཞེས་བྱ་བ་ནི། །སྲོག་ཨ་བ་དྷཱུ་ཏཱིར་ཆུད་པའོ། །དེ་ལྟར་རྫས་རྣམས་ངེས་པ་མིན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དགའ་བྲལ་མ་བཏང་བས་བདེ ་བརྟོག་པ་མེད་པ་བསམ་གཏན་གྱིས་སྡོམ་པར་ངེས་པའོ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་བྱ་བ་བཤད་པ་ཡིན་ནོ། །དེ་ལྟར་སྦྱོར་བས་མཆོད་པ་བཤད་ནས། དངོས་བཞི་བརྟུལ་ཞུགས་བཤད་པ་ནི། །འཇིག་རྟེན་ལ་རྟག ་གཡོན་ནས་སྤྱོད། །ཅེས་བྱ་བ་སྨོས་ཏེ། པདྨ་རྡོ་རྗེའི་ཞལ་སྔ་ནས་འཇིག་རྟེན་ནི་མཆོད་དུ་གྱུར་པའི་འཇིག་རྟེན་གྱི་ཚོགས་ཀྱི་འཁོར་ལོ་གཡོན་ནས་སྤྱོད་པ་ནི་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པའོ། །རྐང་པ་གཡོན་པ་སྔོན་དུ་དོར ་ཞེས་བྱ་བ་ནི་ཤེས་རབ་ལ་ལ་ནཱ་ལས་བྱང་ཆུབ་ཀྱི་སེམས་ཕབ་པའོ། །ལག་པ་གཡོན་པ་ཡོངས་སུ་བསྒྱུར། ཞེས་བྱ་བ་ནི་ཐབས་ཀྱི་ལ་ལ་ནཱ་ལས་བྱང་ཆུབ་ཀྱི་སེམས་འབེབས་པའོ། །གཡོན་གྱི་ཕྱེད་ལ་རབ་མཆོད་བྱེད། །ཅེས་བྱ་བ་ནི་ལྷ་མོ་སུམ་ཅུ་རྩ་དྲུག ་དཀྱིལ་འཁོར་གྱི་ཕྱེད་ཡིན་པས་དགའ་བ་བཞིས་མཆོད་པའོ། །ལུས་ཀྱི་གཡོན་ནི་རྣམ་པར་གཡོན། ཞེས་བྱ་བ་ནི་གཡོན་པ་ལ་ལ་ནཱའི་བྱང་ཆུབ་ཀྱི་སེམས་ཕབ་ནས་འཁོར་ལོ་བཞི་ལ་ཁྱབ་པའོ། །གཡོན་གྱི་ཡིས་ནི་ཚིམ་དང་ཟ། །ཞེས་བྱ་བ་ནི་གཡོན ་པ་ལ་ལ་ནཱ་ནས་ཕབ་ནས། གཡས་བར་ས་ནཱའི་རླུང་གིས་བཟློག་ནས་ཟ་བ་ནི་འདོད་པའི་དབང་ཕྱུག་གི་དངོས་གྲུབ་དང་བ་ཅུད?་ཀྱིས་ལེན་གྱི་དངོ་གྲུབ་ཏུ་འགྱུར་རོ། །བརྟུལ་ཞུགས་མ་ཉམས་བརྟུལ་ཞུགས་རྫོགས། ཅེས་བྱ་བ་ནི་དབུས་མ་ཨ་བ་དྷཱུ་ཏཱིའི ་རླུང་དང་སྒྲོགས་ནས་བྱང་ཆུབ་ཀྱི་སེམས་གྱེན་དུ་བཟློག་བས་བསམ་གཏན་དང་ཟས་ཀྱི་སྡོམ་པའི་བརྟུལ་ཞུགས་རྫོགས་པའོ། །སྒྲུབ་པ་བོས་ནི་དམ་ཚིག་བརྩོན་ཞེས་བྱ་བ་ནི་སྒྲུབ་པ་པོ་བརྟུལ་ཞུགས་སྤྱོད་པའི་ཚེ་ཡེ་ཤེས་ལས་སྐྱེས་པ་དང། ཞིང ་ལས་སྐྱེས་པ་དང་སྔགས་ལས་སྐྱེས་པའི་དམ་ཚིག་བསྒྲུབ་པ་ལ་སོགས་པའོ། །དམ་ཚིག་རིགས་ལས་སྤྱོད་པ་དང། ཞེས་བྱ་བ་ནི་དུང་ཅན་དང་པདྨ་ཅན་དང་རི་དགས་ཅན་དང། ལྷན་ཅིག་ཏུ་ཟས་ལ་སྤྱོད་པར་བྱེད། ཅེས་བྱ་བ་ནི་མཆོག་དགའ་ཨི་དུས་ཡིན་ཏེ ་དགའ་བ་ཐབས་ཀྱི་རང་བཞིན་ཏེ། མཆོག་དགའ་ཤེས་རབ་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རིགས་ལྔ་རུ་ནི་ཀུན་སྤྱོད་པ་ཞེས་བྱ་བ་ནི་བསྐྱང་པའི་རིམ་པར་ལྷའི་འཁོར་ལོར་གནས་པའོ། །རིགས་ནི་རྣམ་པ་བཞི་རུ་བསྒྲགས། ཞེས་བྱ་བ་ནི་རྒྱལ ་རིགས་ལ་སོགས་པ་བཞིའོ། །དེ་ལྟར་བསྟན་བཅོས་ལས་གྲགས་པའི་རིགས་ལྔ་དང། འཇིག་རྟེན་བ་ལས་གྲགས་པའི་རིགས་རྣམ་པ་བཞིའོ། །གཅེང་སྒྲ་གསུམ་ལ་གནས་པ་བདེ་བ་ཆེན་པོའི་རིགས་གཅིག་ལ་གནས་པའོ། །རྣལ་འབྱོར་སྒྲུབ་ཕྱིར་རྟག་ཏུ ་བསྐྱེད། ཅེས་བྱ་བ་ནི་གཙང་སྦྲ་གསུམ་གྱི་དངོས་གྲུབ་གྱི་བརྟུལ་ཞུགས་ལ་སྤྱོད་པའོ། །དེ་ལྟར་བརྟུལ་ཞུགས་བཤད་ནས། རྗེས་ཀྱི་སྤྱོད་པ་བཤད་པ་ནི། བ་ལང་ཤ་དང་རྟ་ཤ་དང། མི་དང་ཁྱི་ཤ་སྣ་ཚོགས་པ་ཞེས་བྱ་བ་ནི་བདུད་རྩི་ལྔ་དང་དཔའ་བོ་ལྔའི ་སྲེག་རྫས་སོ། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། ཞེས་བྱ་བ་ནི་མེ་ལྷ་ལྷར་བསྐྱེད་ཕ་དང། ཡེ་ཤེས་སེམས་དཔའ་བསྐྱེད་ལ་སྦྱིན་སྲེག་གིས་མཆོད་ནས་སངས་རྒྱས་ཀྱང་ངེས་པར་འཇིག་པར་འགྱུར་རོ། །དེ་ལྟར་ཕྱིའི་སྦྱིན་སྲེག་བཤད་ནས། །དེ ་བཞིན་དཔའ་བོ་རྣམས་ཀྱི་ཟས། ཞེས་བྱ་བ་ནི་ནང་གི་སྦྱིན་སྲེག་བསྟན་པ་ཡིན་ཏེ། ལུས་ཀྱི་དཀྱིལ་འཁོར་དང་ནང་གི་འཁོར་ལོ་བཞིའི་གནས་སུ་ལྷའི་འཁོར་ལོ་བཀོད་ལ་ཞི་རྒྱས་ལ་སོགས་པའི་སྔགས་དང། ལག་པ་གཡས་གཡོན་དང་དགང? ་གཟར་དང་བླུགས་གཟར་གྱི་མཚན་དུ་ཡང་དག་པར་ལྡན་པས་ཤྲཱི་ཧེ་རུ་ཀ་སྤྲུལ་པའི་འཁོར་ལྔ་དང་སྤྲུལ་པ་ཡིན་ནོ། །བསྟན་བཅོས་ཀུན་རྣམས་མཆོན། ཞེས་བྱ་བ་ནི་གཞི་དང་ཐབས་དང་འབྲས་དུ་གསུམ་རྒྱུད་གཞན་ལས་ཁ་བཀང་ལ་རྟོགས་པར་བྱ་བ་ཡིན་ནོ། །དེ་ལྟར ་ནང་གི་སྦྱིན་སྲེག་བཤད་ནས། གཟུངས་ནི་རྟག་ཏུ་བསྲུང་བྱ་ཞིང། ཞེས་བྱ་བ་ནི་གྲོལ་བའི་ལམ་པའི་གསང་བའི་སྦྱིན་སྲེག་སྟེ། གཟུངས་ནི་རླུག་ནེའི་དྲོད་ཅན་ནོ། །རྟག་ཏུ་སྲུང་བའི་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་འཛིན་པའོ། །ལས་རྣམས་དག་ནི ་ཐམས་ཅད་ལ། ཞེས་བྱ་བ་ནི་བ་ལ་སོགས་པའི་ལས་རྣམས་ལའོ། །བགེགས་མེ་ཇི་བཞིན་འགྲུབ་འགྱུར་བ་ཞེས་བྱ་བ་ནི་བར་ཆད་མེད་པས་འདི་དག་གཞན་དག་ཏུ་འགྱུར་བ་ཡིན་པ་སྟེ། རླུང་ནི་རྒྱུན་ལས་བཟློག་པ་སྲིད། ཉི་ཟླ་ཐང་ལ་ལྟུང་ཡང་སྲིད་དེ་བླབས? ་འདི་ནི་དངོས་བགྲུབ་གཞན་དུ་མི་འགྱུར་བའོ། །དེ་ལྟར་གྲོལ་ལམ་གྱི་གསང་བའི་སྦྱིན་སྲེག་བྱ་བ་བཤད་ནས་ཆགས་པའི་ལམ་པའི་སྦྱིན་སྲེག་བཤད་པ་ནི། འདི་ནི་ཕོ་ཉ་གཞན་བཟང་པོ། །བརྩོན་ཞིང་ལྷན་ཅིག་ལྡན་པ་ཡིན། ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི ་བྷ་གའི་དཀྱིལ་འཁོར་དུ་གསང་བའི་རྡོ་རྗེ་དགང་གཟར་གྱི་དང་བྱང་ཆུབ་ཀྱི་སེམས་ཀྱི་བླུགས་གཟར་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་མ་ཆགས་པའི་ལོངས་སྤྱོད་རྫོགས་པར་འགྱུར་རོ། །རྣལ་འབྱོར་རྫས་ནི་རྣམས་བྱེད་ཡིན ་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་ལས་རྣམ་པར་ཕྱེ་ནས་དགའ་བ་གསུམ་གྱི་རང་བཞིན་རྟོག་པ་ཡིན་ནོ། །དེ་ཡང་མཉམ་སྦྱོར་ལས། །སྒྱུ་མ་དག་ནི་ཐམས་ཅད་ལས། །ཡེ་ཤེས་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་དབྱེ་བ་ནི་གསལ་བ་བར་དེ་ལས ་མཚོན་པར་འགྱུར་རོ། །ཆགས་ལམ་གྱི་སྦྱིན་སྲེག་བཤད་ནས་བླ་ན་མེད་པའི་སྦྱིན་སྲེག་ནི་བླ་མའི་མན་ངག་ལ་དགའ་ཞིང། །དེ་ཡི་དོན་མཆོག་མཚུངས་པའོ། །ཞེས་བྱ་བ་གསུངས་སོ། །དབང་བཞི་བ་སེམས་ཀྱི་སྟོང་ཉིད་རྟོག་པ་ན། བླ་མའི་མན་ངག་ལ་དགའ་ཨི་ཉིད? ་དེའི་དོན་སེམས་ཀྱི་སྟོང་ཉིད་ཀྱི་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མཚུངས་པའོ། །དེ་ཡང་བདེ་བར་གཤེགས་བ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །ཞེས་གསུངས་སོ། །ཀླུ་སྒྲུབ་ཀྱི་ཞལ་ནས ་ཀྱང། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་བྱེད་བ། །མེ་ཡེ་བསྲེགས་ན་མྱུར་ཞིང་འགྱུར། ཞེས་གསུངས་སོ། །ཕྱིའི་སྦྱིན་སྲེག་ནི་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ལས་བལྟ་བར་བྱའོ། །གསང་བ་དང་བླ་ན ་མེད་པའི་སྦྱིན་སྲེག་ཀྱང་ཁ་སྦྱོར་གྱི་ལེའུ་དྲུག་པར་བཤད་པས་འདིར་རྒྱ་ཆེར་མ་བཤད་དོ། །ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་དང་པོའི་རྒྱས་པར་བཤད་པའི་ལེའུ་གསུམ་བཤད་ནས། དབང་བཞི་པ་བསམ ་གྱིས་མི་ཁྱབ་པའི་ལམ་བཤད་པ་ནི་དེ་ནས་གཞན་ཡང་བསྟན་པ་ནི་ཞེས་བྱ་བ་གསུངས་ཏེ། གཙང་སྒྲ་གསུམ་གྱི་རྗེས་ལ་དབང་བཞི་པ་སྟོན་པ་ན་གཞན་ཡང་ངོ། །ཕོ་ཉའི་མཚན་ཉིད་རིགས་རྣམས་ཏེ། ཞེས་བྱ་བ་ནི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ ་པདྨ་ཅན་དང་དུང་ཅན་མ་དང་རི་དགས་ཅན་མེ་ལོང་གི་གཟུགས་བརྙན་བཞིན་དུ་རེག་བྱའི་སྟོང་པ་ཉིད་སྟོན་པར་ནུས་པའོ། །དེའི་མཚན་ཉིད་འོག་ནས་བཤད་པར་བྱའོ། །དམ་ཚིག་ལ་གནས་མཁའ་འགྲོ་མ། ཞེས་བྱ་བ་ནི་དམ་ཚིག་ནི་གཉིས་ཏེ། ་བསམ་གཏན་གྱི་སྡོམ་པ་དང། ཟག་པ་མེད་པའི་སྡོམ་པའོ། །མཁའ་འགྲོ་མ་ནི་གཉིས་ཏེ། རྟོག་མེད་བསམ་གཏན་གྱིས་ནམ་མཁར་འགྲོ་བ་དང། གཉིས་མེད་ལྷན་མཐོང་གི་མཁའ་འགྲོའོ། །གང་གིས་ཡང་དག་ཤེས་འགྱུར་བ། ཞེས་བྱ་བ་ནི་སངས་རྒྱས ་ཀྱི་སྤྲུལ་པ་དང་བྱང་ཆུབ་སེམས་དཔའ་གང་གིས་མཚན་ཉིད་དང་བརྡ་ལན?་ཤེས་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་ཡེ་ཤེས་ལས་བསྐྱེད་པའི་ལྷ་མོའི་མཚན་ཉིད་སྟོན་པ་ནི། །སྤུན་དང་ཡང་ན་ཕ་དང་ནི། ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པས་སྲིང་མོར་ཤེས་པ་དང། རྣལ་འབྱོར་མས་མང་པོར་ཤེས་པས་ན་སྤུན་ནོ། །ཡང་ན་རྣལ་འབྱོར་མས་ཕར་ཤེས་པ་དང། རྣལ་འབྱོར་མས་བུ་མོར་ཤེས་པའོ། །ཡང་ན་རྣལ་འབྱོར་མས་བདག་པོར ་ཤེས་པ་དང། རྣལ་འབྱོར་པས་ཕྱག་རྒྱར་ཤེས་པའོ། །ལམ་དུ་མར་གོམས་པར་བྱ་ཞེ་ན། སྐད་ཅིག་གིས་མཐོང་ཞེས་བྱ་བ་གསུངས་ཏེ། དབང་བཞི་བའི་དུས་སུ་སོ་སོར་རང་རང་གིས་རང་རིག་པའི་མངོན་སུམ་གྱིས་སེམས་ཀྱི་ཆོས་ཉིད་རྟོགས ་པའོ། །དེ་ཡང་ཁ་སྦྱོར་ལས། ཕ་ནི་བདེ་བ་གང་ཐོབ་པ། །བདེ་དེ་རང་གིས་ལོངས་སྤྱོད་བྱ། །འཆི་བའི་བདེ་བ་གང་ཡིན་པ། །དེ་འདིར་བསམ་གཏན་ཞེས་བྱར་བརྗོད། །ཅེས་གསུངས་སོ། །དེ་ལྟར་མཐོང་བའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ལྕེ་སྦོམ་མིག ་ནི་དམར་སེར་ལ། །ཞེས་བྱ་བ་སྨོས་ཏེ། དེ་ཡང་མཁའ་འགྲོ་ལས་གླང་ཆེན་མ་ནི་བཞིན་འཕེལ་ཆེ་ཞིང་བུ་རྒྱས་པ། ལུས་པོ་ཐུང་ཞིང་སྐྲ་ཡང་ཐུང། སྐྱེ་ནས་པདྨའི་དྲི་དང་ལྡན། །པདྨ་གླང་ཆེན་མ་ཞེས་གྲགས། །རི་དགས་ཅན་ནི་མིག་དང་ལྟ་སྟངས ་རི་དགས་འདྲ། །རིགས་བརྒྱད་པོ་ཡི་རྐེད་པ་ཅན། །སྐལ་བཟང་པདྨའི་དྲི་དང་ལྡན། །མིག་ནི་དམར་སེར་ལ་ཞེས་བྱ་བ་ནི། །དམར་ཞིང་ཅུད་ཟང་སེར་བསྟེ། །མ་ལ་ཀ་ཡི་རང་བྱུང་བཞི། །བདེ་ར་གཤེགས་ལུས་པ་ཉིད་དགའ་བ། །བུད་མེད་དངོས ་གྲུབ་སྟེར་བ་བམ་བྱེད། །རྩུབ་ཅེས་བྱ་བ་ནི། རྩུབ་ཅིང་ཡན་ལག་རྩུབ་པ་དང། ལེ་ལོ་ལྡན་ཞིང་མཚན་ཉིད་དན། །སྐྲ་ནི་འཁྱིལ་བའི་ཁམ་པར་གནས། །མདོག་ངན་ཡན་ལག་རྩུབ་པའོ། །དེ་ལྟར་གླང་ཆེན་མ་དང། རི་དགས་ཅན་དང་པདྨ་ཅན ་དང་དུང་ཅན་མའི་མཚན་ཉིད་དང་ལྡན་པའོ། །དེས་དངོས་གྲུབ་ཅི་ཞིག་བསྐྱེད་ཅེ་ན། །ཐོག་མར་དགའ་བའི་སྟོད་བ་ཉིད་ལ་སེམས་ཟིན་པ་ནི་དངོས་གྲུབ་ཀུན་གྱི་ཐུན་མོང་དུ་སྟེ། འཇིག་རྟེན་དང་མཐུན་མོད་དང་མཆོག་གི་དངོས་གྲུབ་བསྐྱེད་པ་ཡིན་ནོ། ། ་བཟླས་དང་བརྟུལ་ཞུགས་ལ་རྟག་དགའ་ཞེས་བྱ་བ་ནི་བཟླས་པ་སྲོག་ཨ་བ་དྷཱུ་ཏཱིར་བཅུག་ན་བརྟུལ་ཞུགས་རྣམ་པ་སྣ་ཚོགས་ཀྱི་དུས་སུ་དགའ་བའི་སྟོང་པ་ཉིད་རྟོགས་ནས་དེ་ལ་རྒྱུན་མི་འཆད་ཅི་བརྟན་པ་དང་ཡང་དག་པ་དང་ལྡན་པ་ཞེས་བྱའོ། ། ་དེ་ཕན་ཡོན་ཅི་ཞིག་འགྲུབ་ཅེན། ཕོ་ཉ་མོ་ལ་སོགས་གནས་དང་བཅས་ཞེས་གསུངས་པ་སྟེ། མཁའ་འགྲོ་མ་བཅུ་གཉིས་དང་གནས་ཉི་ཤུ་རྩ་བཞིན་གནས་པ་དང་བཅས་པ་ནི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའོ། །དེ་དག་དང་བཅས་པའི ་ལྷ་མོ་སུམ་ཅུ་རྩ་བདུན་གྱི་སྤྱོད་པ་འཇིག་རྟེན་གྱི་དངོས་གྲུབ་དང། གྲོལ་བ་མཆོག་གི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་དགའ་བ་སྟོང་པ་ཉིད་རྣལ་འབྱོར་བཤད་ནས་མཆོག་དགའ་སྟོང་པ་ཉིད་རྗེས་སུ་རྣལ་འབྱོར་བཤད་པ་ནི། །འདོད་པའི་དངོས ་ཀུན་སྒྲུབ་བྱེད་བ་ཞེས་བྱ་བ་སྨོས་ཏེ། །དངོས་གྲུབ་གསུམ་སྒྲུབ་པར་བྱེད་པའོ། །རྩ་བའི་སྔགས་སོགས་རྟག་ཏུ་བཟླས་ཞེས་བྱ་བ་ནི་མཆོག་དགའ་རྣམ་པར་སྨིན་པའི་དུས་སུ་སྲོག་ཨ་བ་དྷཱུ་ཏཱིར་ཆུང་པའོ། །དེས་འབྲས་བུ་ཅི་འགྲུབ་ཅེ་ན། རྒྱུ་དང་མི་རྒྱུ་འཇིག ་རྟེན་གསུམ། །རྣལ་འབྱོར་འབྲས་བུ་རབ་ཏུ་སྟེར། །ཞེས་བྱ་བ་གསུངས་ཏེ། རྒྱུ་བ་སེམས་ཅན་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ནོ། །སྣོད་བདུན་གྱི་འཇིག་རྟེན་གསུམ་པོ་དེ་དག་མཆོག་དགའ་བདེ་བའི་རང་བཞིན་གྱིས་ཤིན་ཏུ་སྟོང་པའི་རྣལ་འབྱོར་གྱི་འབྲས་བུ་སྟེར་བའོ། །དེ ་དག་ལས་འབྱུང་བ་ཡིན་ཞེ་ན། གསང་སྔགས་འདི་ལས་འབྱུང་བ་ཡིན་ཞེས་བྱ་བ་གསུངས་ཏེ། སྲོག་ཨ་བ་དྷཱུ་ཏཱིའི་བཅུག་ནས་མཆོག་དགའ་ཤིན་ཏུ་སྟོང་པ་འདི་ལས་སྣང་སྲིད་བདེ་བ་ཅན་གྱི་རང་བཞིན་དུ་ཤེས་པའོ། །མཆོག་དགའ་ཤིན་ཏུ་སྟོང་པ ་རྗེས་སུ་རྣལ་འབྱོར་བཤད་ནས་ལྷན་ཅིག་སྐྱེས་དགའ་ཚེ་སྟོང་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་བ་ཤད་པས་ནི། སྒྲུབ་པ་ནི་དངོས་གྲུབ་རྩོམ། །ཞེས་བྱ་བ་ནི་ཡིད་བདེ་བ་ལྷན་ཅིག་སྐྱེས་པའི་སྟོང་པ་ཆེན་པོ་ལ་རྩོམ་པའོ། །སྔགས་དང་ཕྱག་རྒྱར་ཡང་དག ་ལྡན། ཞེས་བྱ་བ་ནི་སྲོག་ཨ་བ་དྷཱུ་ཏཱིར་ཆུང་པ་དང། ཕྱག་རྒྱ་ཆེན་པོ་ཡིད་བདེ་བ་ཉིད་དང་ཡང་དག་པར་ལྡན་པའོ། །ཕྱག་རྒྱ་དང་བྲལ་གསང་སྔགས་ནི། ལུས་ཅན་རྣམས་ལ་བྱིན་མི་རློབ། ཅེས་བྱ་བ་གསུངས་ཏེ། །སེམས་ཀྱི་སྟོང་ཉིད་ཀྱི་ཕྱག་རྒྱ་དང་བྲལ་ན ་གསང་སྔགས་སྲོག་ཨ་བ་དྷཱུ་ཏཱིར་ཆུད་ཀྱང་རྣལ་འབྱོར་པ་ལ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་མི་རློབ་བོ། །སྟོང་པ་ཆེན་པོ་སྐྱེས་བའི་རྟགས་ཇི་ལྟ་བུ་ཞེ་ན། ཇི་སྲིད་འགྲོ་བའི་ཁྱབ་བདག་།ཅེས་བྱ་བ་སྨོས་ཏེ། གཟུང་བ་བཀག་ནས་དྲོད་ཀྱི་ཡེ་ཤེས་སྐྱེས་པ་དང ་སྟོང་པ་ཆེན་པོའི་རང་བཞིན་བསམ་གཏན་དང་པོའི་བདེ་བ་ལས་སྟོང་ཉིད་ཀྱིས་རྒྱས་བཏབ་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། མཉམ་སྦྱོར་ལས། སྐུ་གསུང་ཐུགས་ལ་བདེ་བས་ན། །ཤེས་རབ་ཕྱག་རྒྱ་རྗེས་སུ་བརྗོད། །ཅེས་གསུངས་པ་དང། ཀུན་སྤྱོད་ལས ་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ?་ཡི་སྐུ་ནི་བསྒོམ་པར་བྱ། ཞེས་གསུངས་སོ། །ཉེ་བའི་རྟགས་དེ་ཇི་ལྟ་ཕུ་ཞེ་ན། གང་ན་བཞི་ལས་དང། པོར་ཤེས་རབ་དྲོ་བ་ཡིན། གཉིས་པ་དུ་མར་ལྡན་པ་ཡིན། །གསུམ་པ་འདི་ནི་འཁྱུག་པ་དང། །བཞི་པ་མར་མེ་འབང་བ་སྟེ། ་ལྔ་པ་སྤྲིན་མེད་ནམ་མཁའ་དང། ཞེས་གསུངས་སོ། །དེ་ལྟར་ལྷན་ཅིག་སྐྱེས་དགའ་སྟོང་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་བཤད་ནས་སེམས་འོད་གསལ་དང་ཉམས་སུ་མྱོང་བ་རོ་གཅིག་གི་ཟུང་འཇུག་གི་ངོ་བོ་རྣལ་འབྱོར་ཆེན་པོ་བསྟན་པ་ནི། རྣམ་པ ་ཐམས་ཅད་ཀྱི་སྟོང་པ་ཉིད་རང་བཞིན་སེམས་འོད་གསལ་བའི་སྟོང་པ་ཉིད་དུ་རྟོགས་པ་ནི་སྟོང་པ་ཆེན་པོའི་རང་བཞིན་ཞེས་བྱའོ། །རྒྱུ་དེས་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །སེམས་ཀྱི་བདེ་བ་ཆེན་པོ་དབང་བཞི་པ་ཐོབ་པ་སྨད་པར་མི་བྱ་བར ་བསྟན་པ་ནི། རྣལ་འབྱོར་ཆེན་ལ་གང་ཞིག་སྡང། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་སྟེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར་ཞེས་གསུངས་སོ། །སློབ་དཔན་ཡེ་ཤེས་ཞབས་ཀྱི་བཞེད་པ་ལྟར་ལྷའི་སྐུའི་འཁོར་ལོ་སྒྱུ་མ་ལྟ་བུར་བསྒོམ་བས། །མཆོག་གི་དངོས་གྲུབ་ཏུ་འགྱུར ་ཞེ་ན། དཔེར་ན་ལ་ལ་མར་ནི་འདོད་པ་ཡིས། །འབད་པས་ཆུ་ནི་བསྲུབས་གྱུར་ཀྱང། །མར་སར་འབྱུང་བར་མི་འགྱུར་གྱི། ལུས་ཉོན་མོངས་པ་ཁོ་ནར་ཟད་ཅེས་གསུངས་སོ། །འོ་ན་བཅོས་མའི་རྣལ་འབྱོར་མས་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། འཛིན་ཅིང་མཚོན ་པར་....་བྱེད་པ་ནི། ཞེས་བྱ་བ་སྨོས་ཏེ། ལྷར་བསྐྱེད་ཅིང་མཆོད་པ་བྱེད་པ་ན་ཚེ་འདི་ལ་འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པ་དང། ཚེ་ཕྱི་མ་ལྷ་དང་མིར་སྐྱེ་བའི་རྣལ་འབྱོར་གཞན་དུ་རྟེན་པ་དེས་ནི་གཞན་དུ་མཆོག་གི་དངོས་གྲུབ་སྒྲུབ་པ་དང། དེ་ནི་སྒྱུ་མ་ཡིན ་བས་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་མངོན་སུམ་གྱིས་མ་བསྒོམས་པའི་ཕྱིར་རོ། །དེ་རྣམས་ཀྱི་དོན་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། ཡེ་ཤེས་ཀྱི་ལྷ་མོ་ཕྱག་རྒྱད་རྙེད་ནས་ལུས་བདེ་བའི་དགའ་བ་དང་མཆོག་དགའ་སྐྱེས་ནས་ཡིད་བདེ་བ ་ལྷན་ཅིག་སྐྱེས་དགའ་དེའི་རྗེས་ཐོགས་ལ་སྐྱེས་པ་ཡིན་ལ་དབང་བཞི་པའི་དུས་སུ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོའི་རྒྱས་བཏབ་ནས་གཟུང་འཛིན་གཉིས་དང་བྲལ་བའི་རང་བཞིན ་སེམས་འོད་གསལ་བའི་བདག་ཉིད་དབང་བཞི་པའི་དོ་བོར་ཐོབ་པ་ཡིན་ནོ། །དགའ་བ་གསུམ་གྱི་དུས་སུ་རང་བཞིན་བརྒྱད་བཅུའི་རྟོགས་དང་བྲལ་བ་ཡིན་ལ། དགའ་བ་གསུམ་སྟོང་པར་ཤེས་པའི་དུས་སུ་བདེ་བར་སྣང་བའི་གཟུང་འཛིན་ཉིད་ནུ་པ་ཡིན་ནོ། ། ་དེ་ལྟར་རྣམ་པར་རྟོག་པ་གཉིས་སུ་སྣང་བ་ཉིད་ནུབ་ན་ཅི་ཞིག་ཏུ་འགྱུར་ཞེ་ན། བཞི་པ་རྣལ་འབྱོར་ཆེན་པོ་འོད་གསལ་བའི་རང་བཞིན་དུ་འགྱུར་རོ། །དེ་ལ་རང་བཞིན་བརྒྱད་ཅུ་ནི་དགའ་བའི་ཚེ་སུམ་ཅུ་རྩ་གསུམ་དང། མཆོག་དགའ་ཆེན་པོ་བཞི་བཅུ་ཐམས ་དང། ལྷན་ཅིག་སྐྱེས་དགའ་ཨི་ཚེ་རྣམ་པ་བདུན་དང་བྲལ་བས་ན་རྟོག་བ་མེད་པའོ། །དེ་ཡང་སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ་ལས་འཇོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་བྲལ་བ་བར་མདང། འདོད་ཆགས་དང་བྲལ་བ་ངག་ཡིད་ཀྱིས་དང་འགྲོ་བ ་དང། འོང་བ་དང། མྱ་ངན་དང། མྱ་ངན་བར་མ་དང། ཤིན་ཏུ་མྱ་ངན་དུ་གྱུར་པ་དང། ཞི་བ་དང། རྣམ་པར་རྟོག་པ་དང། འཇིགས་པ་དང། འཇིགས་པ་བར་མ་དང། ཤིན་ཏུ་འཇིགས་པ་དང། སྲེད་པ་དང། སྲེད་པ་བང་མ་དང། ཤིན་ཏུ་སྲེད་པ་དང། ཉེ་བར་ལེན་པ་དང། མི ་དགེ་བ་དང། བཀྲེས་པ་དང། སྐོམ་པ་དང། ཚོར་བ་དང། ཚོར་བ་བར་མ་དང། ཤིན་ཏུ་ཚོར་བ་དང། རིག་པ་པོ་དང། འཛིན་པའི་བཞི་པ་དང། སོ་སོར་རྟོག་པ་དང། ངོ་ཚ་ཤེས་པ་དང། སྙིང་རྗེ་དང། བརྩེ་བ་དང། དགོངས་པ་དང་བཅས་པ་དང། སྡུད་པ ་དང། ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་རང་བཞིན་ནི་ཆགས་པ་དང། ཆགས་པ་བར་མ་དང། ཀུན་ཏུ་ཆགས་པ་དང། དགའ་བ་དང། དགའ་བ་བར་མ་དང། །ཤིན་ཏུ་དགའ་དང། རངས་པ་དང། རབ་ཏུ་མགུ་པ་དང། ངོ་མཆང་བ ་དང། རྒོད་པ་དང། ཚིམ་པ་དང། འཁྱུད་པ་དང། འོ་བྱེད་པ་དང། འཇིག་པ་དང། བརྟག་པ་དང། བརྩོག་པ་དང། ཁམས་པ་དང། ཁྱབ་དང། འཕྲོག་པ་དང། སྟོང་པ་དང། འཕྲོ་བ་དང། དགའ་བ་སྦྱོར་བ་དང། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་དྲག ་པ་དང་རྣམ་པར་སྒྲེག་པ་དང། འགྲས་པ་དང། འགྱེད་བ་དང། ཚིག་གསལ་བ་དང། བདེན་པ་དང། མི་བདེན་པ་དང། ངེས་པ་དང་ཉེ་བར་མི་ལེན་པ་དང། སྦྱིན་པ་པོ་དང། བསྐུལ་བ་པོ་དང། དགའ་བ་དང། ངོ་ཚ་མེད་པ་དང། སྒྲིན་པ་དང། གདུག་པ་དང། མི ་བསྲུན་པ་དང། གྱ་གྱུ་ཆེ་བ་དང་མཚན་ཉིད་བཞི་བཅུ་ཐམ་པའོ། །སྣང་བ་ཐོབ་པ་དང། ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང། བརྗེད་ངས་པ་དང། འཁྲུལ་བ་དང། མི་སྨྲ་བ་དང། སྨྱོ་བ་དང། ལེ་ལོ་དང་ཐེ་ཚོམ་དང་བཅས་པས་ཏེ་འདི་ནི ་རང་བཞིན་བདུན་པོ་དེ་དག་གོ་།རང་བཞིན་བརྒྱད་ཅུ་པོ་དེ་དག་གཟུང་བར་སྣང་མཚན་མོའི་སེམས་དང། འཛིན་པར་སྣང་བ་ཉིན་མོའི་སེམས་ཀྱིས་ཕྱི་ནས་རང་བཞིན་བརྒྱ་དྲུག་ཅུར་འགྱུར་བ་ཡིན་ནོ། །དེ་ཡང་ཤེས་རབ་ཕ་རོལ་བྱིན་པ་ལས་ཕྱིའི་སེམས་ལ་སེམས་ཞེས ་བྱ་བར་རབ་ཏུ་ཤེས་སོ། །ནང་གི་སེམས་ལ་སེམས་ཞེས་བྱ་བར་རབ་ཏུ་ཤེས་སོ་......་ཞེས་གསུངས་སོ། །དེ་ལྟར་རྣམ་པར་རྟོག་པའི་གཟུང་འཛིན་གཉིས་ནུབ་ནས་གཉིས་སུ་དགའ་བ་གསུམ་སྟོང་པ་གསུམ་གྱིས་བཀབ་ནས་བློ་བུར་གྱི་དྲི་མ་དང་བྲལ ་བའི་རང་བཞིན་འོད་གསལ་བ་རྟོགས་པ་ནི་ས་དང་པོ་ཡིན་ནོ། །དེའི་ཕན་ཡོན་གསུངས་པ་ནི། རྣལ་འབྱོར་ཆེ་མཆོག་དཔའ་མོའོ། །ཡུལ་ཕྱོགས་གང་ན་གནས་གྱུར་པའི། །རིགས་ངན་ཀླ་ཀློ་ཡིན་ན་ཡང། །ཡུལ་དེ་ཡེངས་སུ་བརྟགས་པ་ཡིན། ཞེས་བྱ་བ་གསུངས་ཏེ། རྣལ ་འབྱོར་བ་མཆོག་ཏུ་གྱུར་པ་སེམས་ཀྱི་སྟོང་ཉིད་རྟོགས་པའི་དཔའ་བོ་ནི་ཡུལ་གང་ན་གནས་ཀྱང་རྡོ་རྗེའི་གདན་ཡིན་ལ་རིགས་ནི་ཀླ་ཀློང་སྐྱེས་ཀྱང་སྤྲུལ་པའི་སྐུ་དངོས་ཡིན་ནོ། །རྣལ་འབྱོར་བ་སེམས་ཀྱི་སྟོང་ཉིད་ཤེས་ནས་དེ་བཞིན་གཤགས་པ་གཞན་དག ་གིས་བྱིན་གྱིས་རློབ་པར་འགྱུར་རམ་ཞེ་ན། སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། དེ་རུ་ང་ནི་རྟག་ཏུ་གནས་ཞེས་བྱ་བ་གསུངས་པ་དང། འདས་པ་དང། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྔོན་གྱི་ལམ་རྟོགས་པའི་རྣལ་འབྱོར་པ་དེ ་རྗེས་སུ་གཟུང་བའི་ཕྱིར་ཡུལ་དང་རྟག་ཏུ་བཞུགས་པ་ཡིན་ནོ། །དེ་ཡོང་པདྨ་རྡོ་རྗེའི་ཞལ་སྔ་ནས། ཅིག་ཅར་ཕྱག་རྒྱ་ཆེན་པོ་བསྐོམ་པ་གསུངས་པ་དང། དེ་དང་རྗེས་སུ་མཐུན་པར་ནི་ཁ་སྦྱོར་ཐིག་ལེ་ལས་སེམས་ཀྱི་སྟོང་ཉིད་མངོན་སུམ་གྱིས་རྟོགས་པ ་སྟན་ཏོ། །འདིར་ནི་བཤད་པའི་རྒྱུད་ཀུན་སྤྱོད་དང། རྗེས་སུ་མཐུན་པར་དགའ་བ་བཞི་ལ་རིམ་གྱི་སྟོང་པ་ཉིད་རྟོག་པའི་ཚུལ་གྱིས་བཤད་པ་ཡིན་ནོ། །དེ་ཡང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྐྱེད་པ་ཡིན་ལ། ་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་དགའ་བ་གསུམ་གྱི་སྟོང་པ་ཉིད་འོད་གསལ་བའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པ་ཡིན་ནོ།། །།དེ་ལྟར་རྫོགས་པའི་རིམ་པའི་རྒྱས་པར་བཤད?་པའི ་ལེའུ་ལྔ་བཤད་ནས་བསྐྱེད་པའི་རིམ་པའི་སྔོན་དུ་འགྲོ་བའི་སྲུང་འཁོར་ལོ་བསྟན་པ་ནི། །དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྙེད་དགའ་དགོད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱི་ཡི་གེ་བཅུ་པའི་འཁོར་ལོ ་དགོད་པའོ། །གང་ཞིག་ཤེས་པ་ཙམ་གྱིས་ནི། ཞེས་བྱ་བ་སྨོས་ཏེ། བཏུས་པའི་འཁྲུལ་འཁོར་ཞེས་པའོ། །དེ་ཡང་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་སྒྲ་གཅན་འཛིན་གྱི་རྒྱུ་བ་རྡོ་རྗེ་རོལ་པ་རྟའི་འགྲོས་དང། ཕུར་བུ་རྒྱུ་བ་ཡི་ངགས?་སྲིན ་པོའི་གདོང་དང། སྤེན་པའི་རྒྱུ་བ་གཤིན་རྗེ་དབྱུག་པ་འཆང་བ་དང། འཇུག་རིངས་རྒྱུ་བམ་མོའི་རིགས་ལྡན་མའི་འཁོར་ལོ་བཀོད་པ་བཤེས་པ་ཙམ་གྱིས་ལས་བཅུ་གཉིས་ཀྱི་དངོས་གྲུབ་མྱུར་ཏུ་སྒྲུབ་པར་བྱེད་དོ། །རྒྱུད་བླ་མའི་ལེའུ་བཞི་པ་ལས ་གནོད་མཛེས་ཀྱི་སྔགས་བཏུ་བ་ཤེས་པ་ཙམ་གྱིས་སྲུང་བའི་འཁོར་ལོ་བྱས་པས་བར་ཆད་ཀྱི་བགེགས་མེད་པར་བྱས་ནས་དངོས་གྲུབ་སྒྲུབ་པའི་འཁོར་ལོ་སུམ་ཅུ་རྩ་བཞི་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །བཤད་པའི་རྒྱུད་གཉིས་ཀྱི་དགོངས ་པ་དང་ལྡན་པའི་ཡི་གེ་བཏུ་བའི་གནས་བཤད་པ་ནི། ས་ཡི་ཆ་མཉམ་ཡིད་འོང་གཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་བཏུ་བའི་གནས་དང། ཡི་གེ་བཏུ་བའི་བཞིའི་འཁོར་ལོ་དང། བཏུ་བའི་ཐབས་དང། སྒྲུབ་པ་པོའི་ཆོ་ག་བཤད་པ ་ཡིན་ནོ་དེ་ནས་གནས་ཆ་མཉམ་ཞིང་ཡིད་དུ་འོང་བ་ལ་ཙན་དན་དང་ག་པུར་ལ་སོགས་པས་བྱུགས་པའི་དྲི་བཟང་པོ་དང་ལྡན་པའོ། །ས་བའི་ཀོ་བ་ཙམ་གཏུགས་པ་ལ་མེ་ཏོག་གི་སིལ་མ་ཙམ་བཀྲམ་ཞིང་ཕྱོགས་བཞིར་བཞག་པའི་དྲིས་ཉམས ་དགའ་བར་གྱུར་པའི་དཀྱིལ་འཁོར་དེའི་ཤར་ཕྱོགས་ཀྱི་ཆར་བདག་ཉིད་འདུག་ལ། གོ་དང་ཕྱག་རྒྱ་ལྔ་དང་ཤེས་རབ་ཀྱི་ཡན་ལག་དང། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་བསྐྱེད་པའི་བྱ་བ་ཀུན་བྱས་ཤིང། །ཁྲོ་བོ་བཅུས་ཕྱོགས་བཅིང་བ་བྱས་ནས་ཕུར་བུས་བཏབས ་ཅིང་ར་བ་དང་དྲ་བ་དང་མེ་འོད་ཀྱི་ཕྲེང་བའི་མཐར་ཐུག་པའི་བར་དུ་སྲུང་བའི་འཁོར་ལོ་བྱའོ། །དེ་ནས་བ་ཡི་རྣམ་ལྔ་བཅིངས་བྱས་ཏེ། ཞེས་བྱ་བ་ནི་དངོས་སུ་རྫ་རྔ་རྙེད་ན་རེ་མིག་ལ་དགོད་པ་འམ། ས་ལ་རྫ་རྔའི་དབྱིབས་བྲིས་ལ་རེའུ་མིག་བཞི་བཅུ་རྩ་དགུ་ཆ ་མཉམ་ལ་རྫ་རྔ་ཁ་བཞི་པ་རི་མོ་དགུ་པས་ཡོངས་སུ་བསྐོར་བ་བྲིས་ལ་རྫ་རྔའི་ཕྱོགས་ནས་བརྩམས་ལ་ཡི་གེའི་ཕྱི་མོ་རིམ་པ་བཞིན་དུ་རེ་མིག་དང་མཉམ་པར་བྱ་བའི་བསམ་པས་རྣལ་འབྱོར་ཤིན་ཏུ་མཉམ་པར་བཞག་པའི་བསམ་པས་དགོད་པར་བྱའོ། ། ་དེ་ཡང་ཡི་གེ་ཕྱི་མོ་དབྱངས་དང་གསལ་བྱེད་དགོད་པར་བྱེས་ཏེ། ཡི་གེ་བྱུང་ཁུངས་ཀྱི་གནས་དེ་ལས་དཔའ་བོ་ཞལ་བཞི་བའི་སྔགས་དངོས་གྲུབ་གསུམ་གྱི་འདོད་པའི་དོན་བསྒྲུབ་པ་བཏུ་བར་བྱའོ། །རིམ་བཞིན་འབྱུང་དང་རིམ་བཟློག་ཞེས་བྱ་བ་ནི་རིམ་པ་བཞིན་ནི ་ཨ་ནས་བརྩམས་པའོ། །རིམ་ལས་བཟློག་པ་ནི་ཧ་ནས་བརྩམས་པའི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བཏུ་བའི་གནས་ཀྱི་འཁོར་ལོ་ལས་བསྒྲུབ་པ་ལས་རྣལ་འབྱོར་པ་ཐུབ་པའི་དབང་ཕྱུག་གིས་ཡི་གེ་བཏུ་བར་བྱའོ། །དེ་ལྟར་དེ་མིག་བཞི་ཅུ་རྩ་དགུའི ་གྲངས་དང་ལྡན་པ་ལ་ཐོག་མར་རེའུ་མི་གསུམ་ཅུ་གཉིས་པ་བླང་ཞེས་བྱ་བ་སྨོས་ཏེ། རེའུ་མིག་སུམ་ཅུ་གཉིས་པ་ནི་རེའུ་མིག་ལ་གནས་པའི་ཨི་གེ་སའོ། །ལྔ་བའི་དབྱེ་བ་ཞེས་བྱ་བ་ནི་གནས་ཇི་ལྟ་བུའི་ཡི་གེ་ཨུ་དང་སྦྱར་བར་བྱའོ། །བརྒྱ་ཕྱེད་ཕྱེད་པ་ཞེས་བྱ ་ནི་ཉི་ཤུ་རྩ་ལྔ་པ་སྟེ་མའོ། །ཉི་ཤུ་རྩ་བཞི་བ་ཨིས་དབྱེ་ཞེས་བྱ་བ་ནི་ཐུབ་པ་དེ་ཉིད་ཀྱི་ཉི་ཤུ་རྩ་བཞི་པ་བྷ་སྟེ་དེས་ཕྱེ་བ་དང་ལྡན་པའོ། །རེ་མི་གསུམ་ཅུ་དྲུག་པ་བླང་ཞེས་བྱ་བ་ནི་ཨཱ་ལི་ནས་བརྩམ་པའི་སུམ་ཅུ་རྩ་དྲུག་པ་སྟེ་ནའོ། །རེ་མིག་གསུམ་པ་སྟེ་ཨི ་དང་དེ་ཡང་དག་པར་ལྡན་པའོ། །སུམ་ཅུ་རྩ་གཉིས་བླང་ཞེས་བྱ་བ་ནི་སའོ། །ལྔ་པས་དབྱེ་ཞེས་བྱ་བ་ནི་ཨུ་དང་ཡང་དག་ཞར?་ལྡན་པའོ། །དེ་ནས་ཉི་ཤུ་ལྔ་པ་གཟུང་ཞེས་བྱ་བ་ནི་མའོ། །ཉི་ཤུ་བཞི་པ་དག་དང་སྤྱར་ཞེས་བྱ་བ་ནི་བྷ་སྟེ་དེ་དང་ལྡན ་པའོ། །སུམ་ཅུ་གསུམ་པ་ཡང་དག་བླང་ཞེས་བྱ་བ་ནི་ཧའོ། །རེ་མིག་བཅོ་ལྔ་པ་དང་ལྡན། ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །ལྔ་པ་དང་ནི་ཡང་དག་བཅས་ཞེས་བྱ་བ་ནི་ཨུས་བརྒྱན་པའོ། །དང་པོའི་ཚིག་ནི་ཡང་དག་གསུངས། ཞེས་བྱ་བ་ནི་རྐང་པ་དང་པོའི་ཡི་གེ ་བཅུ་པའོ། །རེའུ་མིག་ནི་བཅུ་དགུ་པ་ཞེས་བྱ་བ་ནི་གའོ། །མེའུ་བུ་ནི་ར་སྟེ་དེ་དང་ལྡན་པའོ། །རེ་མིག་གསུམ་ནུས་རྣམ་པར་ཕྱེ། ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །ཡང་མཚན་བརྒྱད་བའི་ས་བོན་ཞེས་བྱ་བ་ནི་ཧའོ། །རེ་མིག་སུམ་ཅུ་དྲུག་པ་ནི་ན་དང་ཡང་དག་པར་ལྡན ་པའོ། །སླར་ཡང་ཡི་གེ་དེ་དག་ཉིད་ཅེས་བྱ་བ་ནི་ཆོག་དེ་ཉིད་ལན་གཉིས་བརྗོད་པའོ། །དེ་ནས་དང་འབྱུང་བླངས་ནས་ནི་ཧའོ། །ལྔ་བས་དབྱེ་བ་ནི་ཨུ་དང་ཡང་དག་པར་ལྡན་པའོ། །ཐིག་ལེས་སྤྱི་བོས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་རྗེས་སུ་འཇུག་པའི་དབངས ་དང་ལྡན་པར་བྱས་ཏེ་རྐང་པ་གཉིས་པ་བཏུས་བའོ། །དེ་མིག་བཅུ་དགུ་བ་ཉིད་ལ་ཞེས་བྱ་བ་ནི་གའོ། །ཉི་ཤུ་རྩ་བདུན་པ་ནི་ཕྱེ། ཞེས་བྱ་བ་ནི་ར་ལྡན་པའོ། །གསུམ་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་ཨི་དང་ལྡན་པའོ། །སུམ་ཅུ་གསུམ་པ་ལེགས་བླངས ་ལ་ཞེས་བྱ་བ་ནི་ཧའོ། །རེ་མིག་གཉིས་ནིར་དབྱངས་ཡིག་གཉིས་དང་ལྡན་པའོ། །ཡི་གེ་ཉི་ཤུ་པ་དང་ལྡན་ཞེས་བྱ་བ་ནི་ན་དང་ལྡན་པའོ། །རེ་མིག་ཉི་ཤུ་གཅིག་པ་ནི་པའོ། །ཉི་ཤུ་ལྔ་པ་ནི་ཡའོ། །ཚིག་ནི་ལན་གཉིས་བཟླས་པ་ཉིད། ཅེས་བྱ་བ་ནི་བཟླས་ཏེ་དགོང་པའོ། ། ་གོ་རིམ་བཞིན་བཟླས་པ་ལས་བཟློག་པ་བསྟན་པའི་ཕྱིར། དེ་ནས་གོ་རིམས་བཟློག་པ་གཟུང། ཞེས་བྱ་བ་སྨོས་ཏེ། རེ་མིག་དང་པོ་ནི་ཧིའོ། །བཞི་བའི་མཛའ་དང་ཡང་དག་ལྡན་ཞེས་བྱ་བ་ནི་ཨུ་དང་ལྡན་པའོ། །བཅོམ་ལྔ་པ་ཡིས་མཆོག་བ་ནི་ཨཾ་དང་ལྡན་བསྟེ། ་རྐང་པ་གསུམ་བཏུ་བའོ། །རེ་མིག་གཉིས་པའི་ས་བོན་ཞེས་བྱ་བ་ནི་དབྱངས་ཡིག་ཨཱའོ། །སུམ་ཅུ་རྩ་དྲུག་པ་ནི་ནའོ། །དེ་བཞིན་དྲུག་པ་ནི་ཡའོ། །སུམ་ཅུ་གསུམ་པ་ནི་ཧའོ། །རེ་མིག་བཅུ་པ་བཅུ་མཆོད། །ཅེས་པ་ནི་ཨོ་དང་ལྡན་པའོ། །རེ་མིག་བཅུག་གཉིས་པ ་ཉིད་ཅེས་བྱ་བ་ནི་བཟློག་པའི་བཅུ་པ་སྟེ་བྷའོ། །བཅུ་དགུ་པ་ཞེས་བྱ་བ་ནི་གའོ།། །།ཉི་ཤུ་གསུམ་པ་ཉིད་ཅེས་བྱ་བ་ནི་པའོ། །རེ་མིག་གཉིས་པ་ཡང་དག་ལྡན། །ཞེས་བྱ་བ་ནི་ཨཱ་དང་ཡང་དག་པར་ལྡན་པའོ། །སྟེང་དུ་ཐིག་ལེས་བརྒྱན་པ་ནི་རྗེས་སུ་འཇུག ་པའི་དབྱངས་དང་ལྡན་པའོ། །དེ་ནས་ཆུ་ཡི་ས་བོན་གཟུངས་ཞེས་བྱ་བ་ནི་པའོ། །བརྒྱད་པ་ཐ་ཞེས་བྱ་བ་ནི་ཛའོ། །མེའི་བུ་ཞེས་བྱ་བ་ནིར་དང་ལྡན་པའོ། །ཧུཾ་ཧཱུཾ་བཅུ་དང་མཐར་སྦྱར་ཞེས་བྱ་བ་ནི་མཐར་ཧའུཾ་ཧཱུཾ་ཕཊ་དང་སྦྱར་བའོ། །རྐང་པ་བཞི་པའི་སྔགས ་འདི་ཇིག་རྟེན་གསུམ་ལས་རྣ་པར་རྒྱལ་བའི་ཚུལ་དང་ལྡན་པའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་པའོ། །ོཾ་ནི་གསལ་བྱ་ཀུན་ལ་ཡིན། ཞེས་བྱ་བ་ནི་དང་པོར་ཨོཾ་གྱིས་གསལ་བར་བྱས་ཤིང་ཡི་གེ་ཧཱུཾ་ཕཊ་ཀྱི་ཆོ་གས་ཀྱི་ཁྱད་པར་གང་ལ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་འདི་དག་གང་ཡིན་ཞེ་ན། རིག་པའི་རྒྱལ་བོ་འཁོར་ལོ་སྒྱུར་ཞས་གསུངས་ཏེ། བགགས་བཟློས་པའི་འཁོར་གནོད་མཛེས་ཡིན་ལ། དེའི་སྔགས་ནི་སྭུང་བའི་འཁོར་ལོའི་སྔགས་སོ། །མ་བྱུང་བ་ནི་མར་མེ ་མཛད་ནས་འོད་སྲ་ལས་ཀྱི་བར་དང་འབྱུང་མི་འགྱུར་ནི་བྱམས་བ་ནས་མོས་པའི་བར་དུ་མི་འབྱུང་བའོ། །དེ་ལྟར་འབྱུང་བ་ཡིན་ཡང་རྒྱུད་དེ་ཉིད་བསྡུས་པ་དང། དཔལ་མཆོག་དང་པོ་དང་རྣལ་འབྱོར་བདེ་མཆོག་དང་རྡོ་རྗེ་འཇིགས་བྱེད་རྣམས་སུ་ཁྲོག ་བཞི་དང་ལྡན་ཞིང་ཕུར་བུ་བརྒྱན་དང་ལྡན་པས་དཀྱིལ་འཁོར་བསང་བ་བྱས་ན་གདུག་པ་ཐམས་ཅད་སྔགས་འདི་རྙེད་པ་ཙམ་གྱིས་བརྡུད་མི་དགོས་པར་གྲུབ་པར་འགྱུར་རོ། །དེའི་འདི་སྐད་སྟོན་པ་ཡིན་ཏེ། བཤད་པའི་རྒྱུད་གླངས་པ་ལས་རང་གི་སྙིང་གར་རམ ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་སྟོངས་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་མཛད་ཞལ་བཞི་པ་ཕྱག་བརྒྱད་པ་ཞལ་དང་པོ་སྔོ་བ། གཡས་པ་སེར་བ། རྒྱབ་དམར་བ། གཡོན་ལྗང་བ། དཔའ་བོ ་དང་ནི་སྡུག་པ་དང། ལྗགས་འགྲིལ་བ་དང། ཚེམས་གཙིགས་པ་དང། ཕྱག་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ། ཕྱག་ལྟག་མ་དྲག་ན་ལྕགས་ཀྱུ་དང། ཞགས་པ་དང། རལ་གྲི་དང། ཁ་ཊཝཱཾ་ག་དང། ཧྲི་ཤཱུ་ལ་དང། ཐོད་པ་སྣམས་པའོ། །སངས་རྒྱས་ལྔའི ་བཅོད་པན་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བརྐྱང་བའི་གནས་པས་འཇིགས་བྱེད་ཆེན་པོ་དང་དུས་མཚན་མནན་ཕས། །དེའི་ཐུགས་ཀའི་ཡི་གེ་ཧཱུཾ་ལས་ཁྲོ་བོ་བཅུ་སྐད་ཅིག་མས་སྤྲུལ་ལ་ཤར་དུ་རྡོ་རྗེ་གཏུམ་བོ། །བྱང་དུ་རྡོ་རྗེ་ཉི་མ། ནུབ་ཏུ་རྡོ་རྗེ ་གཙུག་ཏོར། །ལྷོར་རྡོ་རྗེ་འཁྱིལ་བ། ཤར་ལྷོ་མཚམས་སུ་རྡོ་རྗེ་གནོད་སྦྱིན། །ལྷོ་ནུབ་ཏུ་རྡོ་རྗེ་ནག་པོ། །ནུབ་བྱང་དུ་རྡོ་རྗེ་སྟོབས་པོ་ཆེ། བྱང་ཤར་དུ་རྡོ་རྗེ་འཇིགས་བྱེད་དེ། རྡོ་རྗེ་གཙུག་ཏོར། འོག་ཏུ་རྡོ་རྗེ་གནོད་མཛེས་དེ་རྣམས་ནི་ཞལ་གསུམ་པ་ཕྱག་དྲུག་པ། ་ཤར་ཕྱོགས་སྡེ་བ། གཡས་སེར་བ། གཡོན་ལྗང་བའོ། །ནུབ་དམར་བ་ནི་གཡས་དཀར་བ་དང་གཡོན་ལྗང་བའོ། །ལྷོ་ལྗང་བ་ནི་གཡས་དཀར་བ་དང་གཡོན་སེར་བའོ། །ཤར་ཕྱོགས་དུ་བའི་མདོག་ཅན་ནི་ཤར་དང་འདྲ་བའོ། །བདེན་བྲལ་ནག་པོ་ཡང ་ཤར་དང་འདྲ་བའོ། །རླུང་གི་སྔོ་བ་ཡང་ཤར་དང་འདྲ་བའོ། །བྱང་ཤར་ཡང་ཤར་འདྲ་བའོ། །སྟེང་དཀར་པོ་ཡང་སྔ་བ་དང། གཡོན་ལྗང་བའོ། །འོག་ཀྱང་ཤར་ཕྱོགས་དང་འདྲ་བའོ། །ཤར་རྡོ་རྗེ་དང། བྱང་སྣ་ཚོགས་རྡོ་རྗེ་དང། ནུབ་པདྨ་དང། ལྷོ་རིན་བོ ་ཆེ་དྲིལ་བུ་བཅས་པས་འཁྱུད་པའོ། །ཕྱག་ལྷག་མ་རྣམས་ཀྱིས་ལྕགས་ཀྱུ་དང་ཁ་ཊཝཱཾ་ག་དང། ཏྲི་ཤཱུ་ལ་དང་ཐོབ་དང་བསྣམས་པའོ། །སྟེང་གི་འཁོར་ལོ་སྒྱུད་པའི་འཁོར་ལོ་དང་དྲིལ་བུས་འཁྱུད་ཅད་འོག་གི་གནོད་མཛེས་ནི་རྡོ་རྗེ་དང་བྲིལ་བུས་འཁྱུད་པ། ་ཕྱག་ལྷག་མ་ནི་སྔ་མ་རྣམས་དང་མཆུངས་པའོ། །དེ་ལྟ་བུའི་ཁྲོ་བོ་བཅུ་སྤྲོས་པས་བློ་བུར་གྱི་བགོགས་རྣམས་བསྐྲད་ནས། བསྡུས་པས་ཕྱོགས་སྐྱོང་བ་བནུ་བདུན་གདན་དུ་བཏིང་ཞིང་བགེགས་གཞོམ་པའི་ཕྱིར་སྟོང་ཁྲོ་བོ་སྨད་ཕུར་བུ་རྡོ་རྗེ་རྩེ་གཅིག ་གཅིག་པ་ལྟ་བུ། ཨོཾ་གྷ(རྒྱུད་འགྲེལ་སྙིང་གར་གད་བ་བར་བྱའོ། །ོཾ་བཛྲ་མུད་ག་ར་ཨཱ་ཀོ་ཊཱ་ཡ་ཧཱུཾ་ཕན་ཅེས་བརྡུང་བར་བྱའོ། །དེ་ནས་ཧཱུཾ་ལས་རྡོ་རྗེས་གཞི་དང། དེའི་འོད་ཟེར་གྱིས་རེ་བ་དང་སྟོང་དུ་རྡོ་རྗེ་བླ་རེ་དང། མདའི་དྲ་བ་དང། ཕྱི་རོལ་ཀུན་ནས་མེ་འོད་ཀྱི་ཕྲེང་བ་བསམ ་བར་བྱའོ། །དེས་ན་ཁྲོ་བོ་བཞི་དང་ཡང་དག་ལྡན། ལྷ་བརྒྱད་དེ་ད་ནི་ཡང་དག་ལྡན། །ཞེས་བྱ་བ་གནོད་མཛེས་ཀྱི་སྦྲོ་བའི་སྔགས་བཞི་ལས་ཁྲོ་བོ་བཅུ་བསྐྱོད་པ་དང་ཡང་དག་པར་ལྡན་པ་དང། ཕུར་བུའི་སྐུ་བརྒྱད་བསྐྱེད་པ་དང་བཅས་པ་སྟེ ་དེ་ལྟ་བུ་བསྒོམས་པས་རྒྱུད་ཐམས་ཅད་དུ་ཐུན་མོང་དུ་བརྗོད་པའི་སྔགས་འདི་དང། བསྒོ་མལ་འཁྲོ་བོའི་འཁོར་ལོ་དང་བཅས་པས་བཅུ་གཉིས་ཀྱི་འབྲས་བུ་བསྐྱེད་པ་ཡིན་ནོ། །བཏུས་པའོ། །བཏུས་པའི་སྔགས་འདི་ཉིད་གང་ཞེ་ན། ཨོཾ་སུམྦྷ་ནི་ཞེས ་པ་ལ་སོགས་པ་སྟེ་སུམྦྷ་ནི་གནོད་མཛེས་ལ་བོད་པའོ། །གྲིཧྞ་ཞེས་བྱ་བ་ནི་ཁྲོ་བོ་བཅུ་ལ་ཕྱོགས་སྐྱོད་པ་ཟུང་མ་ག་བའོ། །གྲཱིཧྞ་པ་ཡ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་གྱིས་རྩ་ཅིག་པའོ། །ཱ་ན་ཡེ་ཧོ་ཞེས་བྱ་བ་ནི་ཁུ་གཅིག་པའོ། །གལ་ཏེ་མཁུགས་ནི་ཇི་ལྟར་བྱ་ཞེ་ན ་བྷ་ག་ཝ་བཛྲ་རཱ་ཛ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའི་བཀས། ཁུག་ཅིག་པའོ། །ལེའུ་སུམ་ཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གནོད་མཛེས་ཀྱི་འཁོར་བཤིང་ནས། །དངོས་གྲུབ་སྒྲུབ་པའི་ལེའུ་ཉི་ཤུ་བཞི་པ་ལས་དང?? ་བོར་རེ་ཞིག་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལེའུ་ཉི་ཤུ་གསུངས་པ་ནི། དེ་ནས་ཤ་ཆེན་འདི་དག་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་ནི་འཆད་པར་གྱུར་པའི་སྲེག་རྫས་སོ། །འཇིགས་བྱེད་ནི་ཉོན་མོངས་པ་དང་སྡུག་བསྔལ་འཇོམས་པས། །རྡོ་རྗེ་སྐྱེས ་ཡིན་ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་རྫས་རྡོ་རྗེའི་རིགས་དང་མཐུན་པའོ། །འདི་ནི་བདུག་པ་ཐམས་ཅད་འཇིགས་པར་བྱེད་མངོན་སྤྱོད་མི་ཟད་སྦྱིན་སྲེག་འདི་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཁྱི་ནི་ཞེ་སྡང་འཇོམས་པའོ། །ཕག་ནི་གཏི་མུག་འཇོམས་པའོ། །ཟངས་ཀྱི་གཙུག་པུད་ཅན་ནི་ཁྱིམ་བྱ་སྟེ་འདོད་ཆགས་འཇོམས་པའོ། །གང་གི་དཀྱིལ་འཁོར་ལ་ཞེས་པ་ལ་མངོན་སྤྱོད་ཀྱི་ནི་བྱ་བ་གསུངས་སོ། །དེས་བྱ་བ་སྟེ། བཟའ་བ་སྟེ། ནང་གི་སྦྱིན་སྲེག ་དང། སྦྱིན་སྲེག་སྟེ་ཕྱི་རོལ་གྱི་སྦྱིན་སྲེག་དང། གཏོར་མ་རྣམས་བྱའོ། །མ་ལུས་ལུས་པ་མེད་གྲུབ་བོ། །ཞེས་བྱ་བ་ནི་ལས་བཅུ་གཉིས་གྲུབ་པའོ། །རྒྱལ་སྲིད་ཐམས་ཅད་བྱ་བ་ནི་ཉེ་བར་མཚོན་པའོ། །དེ་ལྟར་སྲེག་རྫས་བཤད་ནས་དེའི་སྣོད་བཤད་པ་ནོ་དུང་དང་ཉ ་ཕྱིས་མུ་ཏིག་སྟེ་ཞས་བྱ་བ་སྨོས་ཏེ། དུང་ལ་སོགས་པ་གསུམ་ཆར་ཡང་ལས་དང་ཉོན་མོངས་པ་དང་ཁུ་ཁྲུག་གི་རྒྱུ་ལས་བྱུང་བ་ཡིན་ནོ། །བསོད་ནམས་ཀྱི་ལས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི་ཆོས་ཀྱི་ཡེ་ཤེས་ཀྱི་ལུས་ཅན་མིའི་ཐོང་བས་སྲེག་རྫས་ཀྱི་སྣོད་དུ ་བྱས་ཀྱང་མཁས་པའི་རྟོག་པ་དང་ལྡན་པ་རྣམས་སུ་ཡང་སྨོད་པར་མི་འགྱུར་རོ། །དེ་ལྟར་སྣོད་བཤད་ནས་བདག་ཉིད་ལྷར་བསྐྱེད་པ་ཇི་ལྟ་བུ་ཞེ་ན། དཔའ་བོ་ཐོད་པའི་ཕྲེང་བཅུ་ན་ཞེས་བྱ་བ་ནི་སྨོས་ཏེ། སངས་རྒྱས་ལྷའི་རང་བཞིན་གྱི་བདེ་བ་ཅན་བཟླ་བ་ཕྲེད་པ ་རྒྱན་དུ་བྱས་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའི་རྟགས་ཅན་ནོ། །དཔའ་བོ་དབང་ཕྱུག་ཡིན་པར་བཤད་ཅེས་བྱ་བ་ནི་མགའའགྲེ་མ་ཀུན་སྤྱོད་ལས། །སྤྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུས་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་རྣམས? ་ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་བཤད་པས་དཔལ་ཧེ་རུ་ཀ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བསྒོམ་པར་བྱའོ། །ཕྱག་རྒྱ་བཤད་པ་ནི། བརྡ་ལྔ་པོ་ནི་བསྟན་པའོ། །ཅེས་བྱ་བ་ནི་སོར་མོ་གཡོན་པ་ལྔ་ཐབས་ལྔར་བསྒོམ་པ་དང། གཡས་པ་ལྔ་ལྷ ་མོ་ལྔར་བསྒོམ་པའི་བརྡ་ལྔའོ། །དེ་ཡང་ཇི་ལྟར་དགོང་སྙམ་ན། །བསྒྲུབ་པ་པོ་ཡི་ལག་གཡོན་གྱི། །ཞེས་བྱ་བ་ལ་ལག་པ་གཡོན་པའི་སྒྲ་ནི་དཔའ་བོ་དྲུག་གི་གནས་ཡིན་ཏེ། ཤེས་རབ་དང་ཐབས་རོ་གཅིག་ཏུ་བྱས་ནས་བརྡ་རྣམས་ལ་འཇུག་པར་བྱའོ། །བརྡ་དེ ་ཡང་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་དང་ཕྱི་ནང་གི་སྦྱིན་སྲེག་དང་དབང་བསྐུར་བའི་དུས་སུ་ལྷའི་རང་བཞིན་དུ་བསྐྱེད་ནས་བརྡ་བ་ཞེས་བྱ་བ་ལུས་ཀྱི་ཐ་སྙད་དེ། ལག་པའི་ཕྱག་རྒྱའི་བྱ་བ་ལ་རབ་ཏུ་འཇུག་པའོ། །ཅིའི་ཕྱིར་གཡོན་པ་ལ་གཙོ་བོ་དང ་དགོད་སྙམ་པ་ལ། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །ཞེས་བྱ་བ་གསུངས་ཏེ། ལུས་པོ་ཕྱེད་ནི་ཤེས་རབ་ཆོས་ཀྱི་དབྱིངས་ལས་འབྱུང་བ་ཡིན་ལ། གཡས་པ་ནི་ཐབས་ལས་འབྱུང་བ་ཡིན་ནོ། །ཅིའི་ཕྱིར་ན་གཡོན་པ་ཤེས ་རབ་ཡིན་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྡར་གྱུར་དུ་ཡིན་ཏེ། ཤེས་རབ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་འདུས་པར་སྟོན་པ་ཡིན་ནོ། །དེས་ན་གཡོན་པའི་ཆོས་ཀྱི་དབྱིངས་ལ་སྣོད་བཅུད་ཐམས་ཅད་འབྱུང་བ་ཡིན་ནོ ་དེ་ཡང་ཇི་ལྟར་ལྷ་དགོད་པར་བྱ་ཞེ་ན། མཐེ་བོང་ལ་རྡོ་རྗེ་སེམས་དཔའ་། མཛུབ་མོ་ལ་རྣམ་པར་སྣང་མཛད། །གུང་མོ་ལ་པདྨ་གར་གྱི་དབང་ཕྱུག། སྲིན་ལ་ག་ལ་འཔལ་ཧེ་རུ་ཀ། མཛའ་ཆུང་ལ་ནམ་མཁའ་ཨི་སྙིང་པོ། སེན་མོའི་ངོས་ལ་རྟ་མཆོག་བསྒོམས་ལ ་ལག་པ་གཡོན་པ་བསྒྱུར་བྱས་ནས། །དཔའ་བོ་འདི་རྣམས་འབྱུང་ངོ། །འགྲ་བའི་མཐིལ་ཧྲཱི་ཧེ་རུ་ཀ། །ཕག་མོ་ཀུན་འདུས་དག་བྱེད་ཡིན། །ཞེས་བྱ་བ་གསུངས་ཏེ། ལག་མཐིལ་གཡས་གཡོན་དུ་ཐབས་རྣམ་པ་དྲུག་དང། ཤེས་རབ་རྣམ་པ་དྲུག་གོ ་ནས་ཐལ་མོ་སྦྱར་བས་ལུས་ཀུན་དག་བྱེད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་བ་ཡིན་ནོ། །རྒྱབ་དུ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་གཡོན་པའི་ལག་པའི་ཐིལ་དུ་པདྨ་འདབ་མ་ལྔ་པའི་འདབ་མ་ལ་མཁའ་འགྲོ་མ་ལྔ་དང། ལྟེ་བ་ལ། གཏུམ་མ་དགོད ་པར་བྱའོ། །དེ་བཞིན་དུ་ལག་པ་གཡོན་པ་ལ་དཔའ་བོ་རྣམས་བཀོད་པ་ནི། མཛའ་བ་ཐམས་ཅད་འདུས་པའོ། །རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་སེན་མོའི་ངོས་ལ་ཙཎྚི་ཀ་བཀོད་ལ་སོར་མོ་ཐམས་ཅད་ཀྱི་མཛའ་བ་འདུས་པ ་ཞེས་གསུངས་སོ། །ཆོ་ག་དེས་ཅི་ཞིག་བྱེད་ཅེ་ན། དེ་ལྟའི་ཆོ་གའི་སྦྱོར་བ་ཡིས། །དཔའ་བོ་ཐམས་ཅད་མཆོད་པར་བྱ། །ཞེས་གསུངས་ཏེ། ནང་གི་སྦྱིན་སྲེག་དང་ཕྱིའི་སྦྱིན་སྲེག་དང། གཏོར་མས་མཆོད་པར་བྱའོ། །སོར་མོ་རྣམས་ལྷའི་རང་བཞིན་དུ ་བསྐྱེད་ནས་འབྱུང་བ་རྣམས་ཇི་ལྟར་བྱ་ཞེ་ན། །ས་ནི་སྤྱན་ཞེས་བྱ་བར་བཤད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ལྔ་ལྷ་མོ་ལྔ་ཡིན་པར་སྟོན་ཞིང། ལྷ་མོ་རྣམས་གང་དུ་གཤེགས་སུ་གསོལ་ཞེས་བྱ་བ་གསུངས་ཏེ། ལག་པ་གཞལ་ཡས་ཁང་དུ་བྱ ་བ་ལ་མཁས་པས་གཞལ་ཡས་ཁང་གི་སྟེང་རྒྱབ་ཏུ་གཤེགས་སུ་གསོལ། །གསང་བ་འདི་ནི་མི་བཤད་ཅིང་ཞེས་བྱ་བ་ནི་ལག་པའི་ཕྱག་རྒྱ་གསང་བ་འདི་དབང་མ་བསྐུར་བ་ལ་མི་བཤད་ཅིང་རྡོ་རྗེ་སྤུམ་མ་ཡིན་ནོ། །འོན་དུས་ནི་དུས་ནམ་གྱི ་ཆོ་བྱ་ཞེ་ན། དེ་ལྟར་བདག་གིས་དཔའ་བོ་རྣམས། །ལྷན་ཅིག་ཟས་ལ་སྤྱོད་པ་བཙམ་ཞེས་བྱ་བ་གསུང་ཏེ། ཚོགས་ཀྱི་འཁོར་ལོ་བྱ་བའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། མཁའ་གྲོ་དྲ་བའི་བདེ་མཆོག་ཡིན། །ཞེས་བྱ་བ་ནི་ལག་པའི ་ཕྱག་རྒྱ་མཉམ་སྦྱོར་བའི་བདེ་མཆོག་གོ། ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་མི་རྒྱུ་བའི་སྦྱིན་སྲེ་གི་འཁོར་ལོ་བཤད་ནས། ད་ནི་ཡི་དགས་སྲོག་སོང་གི་འཁོར་ལོ་བཤད་པ་ནི། དེ་ནས་གཞན ་ཡང་བཤད་བྱ་སྟེ། ཞེས་བྱ་བ་ལ་ཕོཊ་པ་གསུངས་ཏེ། གཞན་ཡང་ནི་རོ་ལངས་ཀྱི་སྦྱིན་སྲེག་གོ། ཕྱིའི་སྦྱིན་སྲེག་གི་སྦྱོར་བ་དང། ནང་གི་སྦྱིན་སྲེག་གི་འདུས་པ། དེ་ཡང་དག་པའི་སྦྱིན་སྲེག་ཆོ་ག་བཞི་དཀྱིལ་འཁོར་དང། མཆོད་རྫས་དང། ཐབ་ལྟར་བསྐྱེད་པ། མཆོད་པ་དང། ་འབྲས་བུ་དངོས་གྲུབ་བླང་བ་དང། གཤེགས་སུ་གསོལ་བའོ། །རྣམ་པ་གང་གིས་མཆོག་དེ་ཤེས་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །སྒྲུབ་པོས་སྔར་བསྟན་རིམ་པ་ཡིས། ཞེས་བྱ་བ་གསུངས་ཏེ། ་ལེའུ་སུམ་ཅུ་རྩ་གཅིག་པ་སྲེག་རྫས་དང། སྣོད་དང་ལྷར་བསྐྱེད་པའི་ཕྱག་རྒྱའི་རིམ་པའོ། །ཕྱུགས་རྣམས་ཀྱི་ན་འགུགས་པ་ཉིད། ཅེས་བྱ་བ་ནི་སྔར་བསྟན་པས་བཅོ་ལྔར་གྱུར་པས་ན་མཆོག་གོ། རྐང་བཞི་པ་ལས་གླང་པོ་མཆོག་དང། འདབ་ཆགས་ལས ་དང་པ་དང། ཆུལ་གནས་པ་དུད་འགྲོ་ལས་རུས་སྤལ་དང། འགི་ཝང་དང་བཅས་པའི་ཤ་ལ་ལྷ་རྣམས་གསོལ་བར་བཞེད་པས་ཆུ་གཡོ་བའོ། དེ་རྣམས་ནི་དངོས་གྲུབ་སྒྲུབ་པའི་ཡན་ལག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ལྷ་མོའི་མངོན་པར ་ཤས་པ་རྣམས་ལ་གྲངས་པ་ཡིན་ནོ། །ཁྭ་དང་ཆུ་སྐྱར་དང་བཞད་དང་གཉིས་སྐྱེས་ཏེ་ཁུ་བྱུག་དང། ཁྲུང་ཁྲུང་དང། སྔགས་ཆེན་པོ་དང། ས་ར་ས་དང། ཀ་དཾ་པ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་པའི་ཤ་དང། ནང་གི་སྦྱིན་སྲེག་བཟའ་བ་དང། གཏོར་མ་དང ་ཕྱི་རོལ་ཏུ་སྦྱིན་སྲེག་བྱས་ན་འདོད་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ལྟར་ཕྱི་ནང་གི་ཐུན་མོང་གི་སྦྱིན་སྲེག་བསྟན་ནས་རོ་ལངས་ཀྱི་ཁྱད་པར་གྱི་སྦྱིན་སྲེག་གི་སྲེག་རྫས་བཤད་པ་ནི། ཀྲི་ཥྞ་ཤྭཱ་ན་ཞེས་བྱ་བ་ནི་ཁྱི་མོ་ཤིན་ཏུ་གནག་པ་ལུས་གང ་ཤེས་པ་རྣམས་ལ་གྲགས་པ་ཡིན་ནོ། །ཁྭ་དང་ཆུ་སྐྱར་དན ་ལ་ཡང་སྤུ་དཀར་པོ་མེད་པའོ། །མ་དང་མ་ཤའི་འབྲས་ནག་པོ་ཕྱེ་མར་བྱས་པ་དང་ལྡན་པའི་ཐུག་པ་སྦྱར་ཚེས་བཅོ་ལྔའི་དུས་སུ་སྐར་མ་རྒྱལ་དང་གཟའ་ཕུར་བུ་འཛོམ་པའི་དུས་སུ་རྒྱལ་རིགས་སམ་རྗེའུ་རིགས་སམ་བྲམ་ཟེའི་རིགས་ཤ་དཀར་ལ་སྨ་ར ་སེར་བ་ཤིང་པུཎྚ་རཱི་ཀ་འམ་ཨ་ཤོ་ཐ་ལ་འགེགས་ནས་ཤི་བའི་རོ་བླངས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། དུར་ཁྲོད་མཁའ་འགྲོ་གང་ཡང་རུང་བ་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་འཇིག་རྟེན ་གྱི་དངོས་གྲུབ་སྒྲུབ་པ་དང། ཞིང་སྐྱོང་བརྒྱད་ལ་གང་ཡང་རུང་བཅུག་ནས་བསམ་གཏན་གཟུགས་མེད་ཐུན་མོངས་གི་དངོས་གྲུབ་སྒྲུབ་པ་དང། རིགས་ལྔའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཅུག་ནས་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལས ་དང་པོ་དུར་ཁྲོད་ཀྱི་འཁོར་བཅུག་པ་འཇིག་རྟེན་གྱི་དངོས་གྲུབ་ཀྱི་དབང་དུ་མཛད་ནས་མཛེས་པ་མེད་པ་རོའི་ཁར་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ་ཞེས་གསུངས་ཏེ། དང་པོར་བསྙེན་པའི་དུས་སུ་དུ་བ་དང་བར་བ་དང་འཕར་བ་མཐོང་ནས་རོའི་ལྟེ ་བའི་དབུས་སུ་མེའི་དཀྱིལ་འཁོར་བསྐྱེད་ནས་རྐང་པ་རླུང་གིས་གཡབས་ཏེ་ལྟེ་བ་ནས་འཕར་བས་མིག་མེའི་སྒོ་ནས་དྲོ་བའི་རྟགས་འབྱུང་བ་དང། རྣ་བ་རླུང་གི་སྒོ་ནས་འཕར་བ་དང། སྣ་སའི་སྒོ་ནས་དུ་བ་དང། ཁ་ཆུའི་སྒོ་ནས་སྨྲ་བ་དང། འཕར་བའི ་རྟགས་འབྱུང་བར་འགྱུར་རོ། །དེའི་ཆེ་མེ་ལྷ་ཐུགས་ཀར་བཞག་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དུར་ཁྲོད་ཀྱི་མཁའ་འགྲོ་བཀུག་ལ་འཛེམ་དང་བག་ཚ་བ་མེད་པས་རོའི་ཁར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་རོ་དེ་ལངས་ལ་ཅི་བགྱི་ཞེས ་སྨྲ་བར་འགྱུར་རོ། །དེ་ལ་ལྷ་མ་ཡིན་གྱི་བུ་མོའི་དོན་ས་འོག་ཏུ་འགྲོ་བ་ལ་སོགས་པ་དང། དངོས་གྲུབ་གང་ཡང་རུང་བ་ཅིག་བྱིན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་འཇིག་རྟེན་གྱི་མཁའ་འགྲོ་དེས་སུམ་ཅུ་རྩ་གཉིས་ཀྱི་བུ་ག་ནས་བཞུགས་ཏེ། ་རྡོ་རྗེ་སྙིང་གིས་མ་ཟིན་པར་ལྷ་མ་ཡིན་གྱི་བུ་མོའི་གནས་སུ་འགྲོ་བའམ། གཡུལ་ལས་རྒྱལ་བའི་དངོས་གྲུབ་བམ། མངོན་སྤྱོད་ཀྱི་ཆོ་གས་ཚར་བཅད་པའམ། ཞི་བ་དང་རྒྱས་པས་ཕན་འདོགས་པའམ། མིག་སྨན་གྱིས་བཅུད་ལེན་གྱི་སྨན་རྙེས་པ་འམ། ་ས་འོག་གི་གཏེར་རམ། དཔག་ཚད་ཚུན་ཚད་ཀྱི་རྐང་མགྱོགས་སམ། །ལོ་སྟོང་ལ་སོགས་པ་ཐུབ་པའི་བཅུད་ཀྱིས་ལེན་གང་ཡང་རུང་བཅིག་བྱིན་ནས་རང་གིས་གནས་སུ་འགྲོ་བ་ཡིན་གྱི་གཞན་དུ་མ་ཡིན་ཞེས་བྱ་བ་ནི་ཉི་མ་ཟླ་བ་ནི་ས་ལ་ལྷུང་ཡང་སྲིད། ཀླུང་ནི་རྒྱུན ་ལས་བཟློག་ཀྱང་སྲིད། རོ་ལངས་ཀྱི་དངོས་གྲུབ་ནི་གཞན་དུ་མ་ཡིན་ནོ། །སྟེད་དང་ས་འོག་ཕོ་ཉས་གྲུབ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །རྒྱུད་འདིར་ཐེ་ཚོམ་མེད་ཀྱང་རུང་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྲུབ་བོ་ཞེས་པའི་དོན ་ཏོ། དེ་ལྟར་རོ་ལངས་ཀྱི་དཀྱིལ་འཁོར་བསྒྲུབ་པ་བཤད་ནས། རོ་ལངས་སྒྲུབ་པའི་ཚེ་རྣལ་འབྱོར་པ་བདག་ཉིད་ལྷར་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། གནས་པའི་རྣལ་འབྱོར་སྔོན་དུ་འགྲོ་བས་དང་པོར་རྟེན་གྱི་དཀྱིལ་འཁོར་སྒོམ་པ་ནི་གདུལ་བྱ་དྲག་པོ་འཇིགས ་བྱེད་ཀྱི་རྔའི་དབང་དུ་བྱས་ནས་ཡཾ་ལས་རླུང་གེ་དཀྱིལ་འཁོར་བསྐྱེད་པ་ནི་ལྕི་བའོ། །རཾ་ལས་མེའི་དཀྱིལ་འཁོར་བསྐྱེད་པ་ནི་ཐལ་བ་ཞེས་བྱའོ། །བཾ་ལས་ཆུའི་དཀྱིལ་འཁོར་ལ་ལྷག་མ་ཞེས་བྱ་སྟེ། མདོན་པར་བརྗོད་ལས་ཀྱང་ལྷག་མ་རྔམ་སུ་འབུམ ་དྲག་བརྒྱད་ཅེས་གསུངས་པའི་ཕྱིར་རོ། །ལཾ་ལས་སའི་དཀྱིལ་འཁོར་ལ་ནི་མགོ་བོ་སྐམ་པོ་ཞེས་བྱའོ། །དེའི་སྟེང་དུ་རི་རབ་བསྐྱེད་པའི་ས་བོན་དུ་ཆེན་པོའམ་ཡང་ན་གསེར་གྱི་རུས་སྤལ་གྱི་གཟུགས་བྱའོ། །ཧེ་རུ་ཀ་འབུམ་པ་ལས་ཨི་ཡང་ན་རུས ་སྤལ་དག་གིའོ། །ཞེས་བྱ་བ་བརྟེན་པའི་དཀྱིལ་འཁོར་སྟོན་ཏེ། དབའ་བོ་དཔལ་འབྱུང་ཡིན་པར་བཤད། ཅེས་བྱ་བ་རྫུས་སྐྱེས་ལ་བསྟོགས་ནས་ཡང་ན་རུས་སྤལ་དག་གི་མགོ། ཞེས་བྱ་བ་ནི་སྒོད་སྐྱེས་ཀྱི་ཧེ་རུ་ཀ་སྟོན་པ་ཡིན་ནོ། །མྱུར་དུ་དངོས་གྲུབ་སྦྱིན ་པར་འགྱུར་རོ། །ཞེས་བྱ་བ་ནི་བརྫུས་སྐྱེས་ཀྱིས་ཐབས་ཀྱིས་གྲུབ་པར་འགྱུར་རོ། །དེས་སྐྱེས་པའི་ལྷ་ཇི་ལྟ་བུ་ཞེ་ན། ངེས་བརྗོད་བླ་མ་ལས་འབྱུང་བ་བཞིན་དུ་ཞལ་གཅིག་པ་ཕྱག་བཞི་པ་རྡོ་རྗེ་དང་དྲིལ་བུ་དང་ཅང་ཐེའུ་དང་ཁ་ཏྭཱཾ་ག་བསྣམས་པ་སྔོན་པོ་འམ ་ཞལ་གཅིག་ཕྱག་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའཾ། །ཕྱག་འབུམ་པ་ཞལ་སྟོང་དང་ལྡན་ན་རྡོ་རྗེ་ཕག་མོ་ཀུན་གཟུགས་ཞེས་བྱ་བ་ཞལ་ཉི་ཤུ་རྩ་གཅིག་དང་ཕྱག་རྒྱ་ལྔ་ལས་འཁྱུད་པ། རྡོ་རྗེ་ཕག་མོ་ཡང་དེ་དང་འདྲ་བསྐུ ་མདོག་དཀར་པོ་སྣོད་བཅུད་ཐམས་ཅད་ཀྱི་ཕྱག་མཚན་འཆང་བ་དང། ཐོད་པའི་ཕྲེང་བ་ཅན་ཐལ་བའི་རྡུལ་གྱིས་བྱུགས་པ། ཕྱག་རྒྱ་དག་གི་བརྒྱན་པ། ཅོད་པན་གྱི་བར་ནས་མེ་ཏོག་གི་ཕྲེང་བ་འཆང་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བཟུང་ནས ་ཕག་མོ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་མདུང་བསྣམས་པ། ཞལ་མཆེ་བ་གཙིགས་པ། རོ་ཡི་དགས་ཆེན་པོའི་གདན་ལ་བཞུགས་པའོ། །དེ་ཡང་ཇི་ལྟར་བསྒོམ་པར་བྱ་སྙམ་ན། དེ་ནས་རྟག་ཏུ་སྒྲུབ་པ་པོས། རང་གི་ལྷ་ནི་ཤེས་ནས་སྒོམ། །ཞེས་བྱ ་བ་སྨོས་ཏེ། མི་འཇིགས་ན་ཞལ་གཅིག་ཕྱག་བཞི་པ་དང། འཇིགས་ཞལ་བཞི་ཕྱག་བཅུ་གཉིས་པ་དང། ཆེས་འཇིགས་ན་ཕྱག་འབུམ་པ་བསྒོམ་པར་བྱ་པ་དེ་ལྟ་བུའི་ཡོན་ཏན་གྱི་།བྱད་པར་ཤེས་དངོས་གྲུབ་པ་པོས་དངོས་གྲུབ་སྡུ་བ་འགྱུར་རོ། །ལུའུ ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་དོ།། །།དེ་ལྟར་རོ་ལངས་ཀྱི་སྦྱིན་སྲེག་བཤད་ནས། ད་ནི་རྣལ་འབྱོར་མའི་ལུས་མ་སྦྱིན་སྲེག་བྱ་བ་བཤད་པ་ནི། དེ་ནས་སྒྲུབ་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པའི་ལམ ་སྒྲུབ་པ་པོས་རྣམས་ཀྱིས་ཡེ་ཤེས་ལས་སྐྱེས་པ་དང། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་བསྙེན་སྒྲུབ་བཞིས་སྦྱངས་ནས་ཡེ་ཤེས་ཕབ་པ་ལ་འགྲོ་བ་དང་དུ་བ་དང་འབར་བ་དང་འཕར་བའི་ཚེ་ནང་གི་སྦྱིན་སྲེག་བྱ་བ་ནི། །སྦྱོར་བ་ཀུན་ལས ་མེད་པར་བཤེད། ཅེས་བྱ་སྟེ། རྒྱུད་གཞན་དུ་མ་བསྟན་པའོ། །སྲེག་རྫས་ནི་བཟའ་བ་དང་བཅའ་བ་དང་ཉ་ཤ་དང་ཆང་ལ་སོགས་པ་ཙཱ་རུས་སྦྱིན་སྲེག་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། མེད་པར་གྱུར་ཀྱང་གཟའ་བ ་ནི་ཞེས་བྱ་བ་སྨོས་ཏེ། བཟའ་བ་དང་བཅའ་པ་ལ་སོགས་པ་བདུད་རྩི་ལྔར་བསྐྱེད་ལ་མཆོད་པར་བྱའོ། །དེ་ལྟར་རྫས་བསགས་ནས་དེ་ནས་ཅི་ཞིག་བྱ་སྙམ་ན། དེ་ནས་ཕོ་ཉར་བ་སྦྱིན་ཞིང། ཞེས་བྱ་བ་བསྙེན་སྒྲུབ་བཞིས་སྦྱངས་ནས་ལྟེ་བ་དང་སྙིང་ག་དང་ལྐོག་མ ་དང་སྤྱི་གཙུག་ཏུ་འཁོར་ལོ་བརྩེག་མ་བཞི་བཀོད་དེ་ཡེ་ཤེས་འབེབས་པ་ཕོ་ཉ་ལ་རང་གི་ལག་པད་གང་གཟར་དང་བླུག་གཟད་གྱི་སྦྱིན་སྲེག་བྱའོ། །རང་གོ་བར་པར་མགོ་བཞག་ལ། དཔའ་བོ་གཉིས་མེད་མཆོད་པར་བྱ། ཞེས་བྱ་བ་ནི་ཡུམ་རྡོ་རྗེ་ཕག་མོ ་བསྐྱེད་ནས་མཆོད་པར་བྱའོ་ཞེས་བྱ་ནི་དབང་བསྐུར་བའི་ཕྱག་རྒྱར་བྱས་པའོ། །དེ་ཡང་མ་དང་སྲིད་མོ་དང་བུ་མོ་དང་ཆུད་མ་སྟེ་དབང་ཐོབ་པའི་སྔགས་སྐྱེས་རྣམ་པར་འདོད་པའི་ཡོན་ཏན་ལྔས་མཆོད་པའི་ཆོ་ག་འདི་འདྲ་བའི་སྦྱོར་བས་གཉིས་སུ་མེད་པ ་དང་ལྡན་པར་བྱེད། །དེའི་ཕན་ཡོན་ཅི་ཞེ་ན། དེ་ནས་སྔགས་ནི་གྲུབ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་སྲོག་ཨ་བ་དྷཱུ་ཏིར་ཆུད་པའི་སྔགས་གྲུབ་པའི་སྦྱོར་བས་ཇི་སྲིད་འབྱུང་བ་མ་ཞིག་པའི་བར་དུ་གནས་པར་འགྱུར་རོ། །ཕན་ཡོན་གྱིས་པ་ནི་ཡེ་ཤེས་ཀྱི ་མཁའ་གྲོ་མ་ཉི་ཤུ་རྩ་བཞི་སློབ་དཔོན་གྱི་ལུ་སུ་གནས་ནས་སྒྲུབ་པ་པོ་ལས་མཆོད་པ་ལེན་ཞིང་ལས་བཅུ་གཉིས་མཛད་པར་འགྱུར་རོ། །དེས་བསམ་གཏན་གྱི་དངོས་གྲུབ་མི་ཐོབ་བམ་ཞེ་ན། དཔའ་བོ་རྣམས་ཀྱི་སྟན་དག་དང། ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། ཅེས་བྱ་བ་སྨོས ་ཏེ། སྟན་ནི་བཙུན་མོ་ཡུམ་གྱི་བྷ་ག་ནས་ཞུགས་ཞེས་བྱའོ། །ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱར་གྱུར་པས་བསམ་གཏན་གྱི་བདེ་བ་བསྐྱེད་པའོ། །དེ་ཡང་ཐབས་ཇི་ལྟ་བུ་ཞེ་ན། སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ཞེས་བྱའོ། ་གཟུགས་སྡུག་གུ་དང། གླུ་སྙན་པ་དང། དྲི་ཞིམ་པ་དང། རོ་ཡིན་དུ་འོང་བ་དང། རེག་བྱ་འཁྱུད་པ་ལ་སོགས་པས་མཆོད་པར་བྱའོ། །མཆོག་ནི་དངོས་གྲུབ་ཇི་ལྟར་ཐོབ་ཞེ་ན་ལུས་ཅན་ཐམས་ཅད་ཇི་སྙེད་དུ། །རྣལ་འབྱོར་ཡེ་ཤེས་ལཱ་མ་ཞེན་ཞེས་བྱ་བ ་སྨོས་ཏེ། རང་བཞིན་བརྒྱད་ཅུ་དང་བྲལ་བའི་སེམས་འོད་གསལ་བའི་སེམས་སྐྱེས་པ་དེ་གང་ཟག་ཇི་ལྟ་བུས་ཐོབ་སྙམ་ན་འཁོར་བ་ལས་སྐྱོ་བ་དང་མྱ་ངན་ལས་འདས་པ་ལ་དད་པ་སྟེ། ཇི་སྲིད་འཁོར་བེར་འཁོར་འགྱུར་ཞིང། །མྱ་ངན་སྡུག ་བསྔལ་གྱིས་གཡེངས་འདི་ཞེས་བྱ་བ་འཁོར་བ་ལས་སྐྱོ་བའོ། །ཀུན་ནས་དད་པས་སྒྲུབ་པ་པོས། །ཕྱག་རྒྱ་ཐམས་ཅད་མཆོད་པར་བྱ། །ཞེས་བྱ་བ་ནི་ལྷ་དང་ལྷ་མོར་བསྒོམས་པས་དད་པ་དང་ལྡན་ཞིང། །སྒྱུ་མ་ལྟ་བུར་མོས་པས་ཕྱག་རྒྱར་མཆོད་པར་བྱའོ། ། ་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཆོ་གས་ཆེན་པོས་མ་འོངས་པ་ནི་འཁོར་ལོས་སྒྱུར་བ་ལ་རྒྱུ་བའི་རྒྱལ་པོ་དང་ལྷའི་རྒྱལ་པོར་གྱུར་པས་མཆོད་པར་གྱུར་པ་དང། དད་པ་དང་བ་དང་སྒྱུ་མ་ལྟ་བུའི་ཤེས་པས་མེད་པས་མི་གཙང་བའི་རྟེས་ཡིན་ནོ། ། ་ཞེས་སྨད་ནམ་འོངས་པ་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ། །དྲང་སྲོང་རྒྱས་པ་དང། སེར་སྐྱ་ལྟ་བུ་བསམ་གཏན་ཐོབ་པས་དངོས་གྲུབ་ཇི་ལྟ་བུ་ཞེས་ཐོབ་པར་འགྱུར་ཞེ་ན། རྣལ་འབྱོར་རྒྱུད་ལ་གུས་རྣམས་ཀྱི། ཕྱག་རྒྱ་ཆེན་པོ་དང་པོར་འདགྲུབ ་ཅེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་འབྱོར་གྱི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་སྟེ། རྣམ་པར་མ་རྟག་པའི་ཡེ་ཤེས་དང་པོར་འགྲུབ་པར་འགྱུར་རོ། །གལ་ཏེ་སྲོག་ཨ་བ་དྷཱུ་ཏཱིར་མ་ཆུད་པས་སྟོང་ཉིད་ཀྱིས་རྒྱས་མ་ཐེབས་ན ་ཇི་ལྟར་བྱ་སྙམ་ན། དེ་བཞིན་རབ་ཏུ་འབད་པ་དང། ཀུན་ནས་དང་པས་མཆོད་པར་བྱ་ཞེས་བྱ་བ་གསུངས་ཏེ། བསོད་ནམས་ཀྱི་ཚོགས་པ་དེ་བ་བསྒོམ་པར་བྱའོ། །དེ་ནས་ལེའུ་དང་པོ་ལས། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ ་པར་བྱ། །རང་རྫས་ཐིག་ལེས་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། ཞེས་གསུངས་སོ། །དེ་ཡི་འོག་ཏུ་དཔའ་བོ་ཡིས། །དཔའ་བོ་ཀུན་དུ་མཆོད་པར་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དེའི་འོག་ཏུ་དཔའ་བོ་ཀུན་ཏུ་སྤྱོད་པ་ཁ་སྦྱོར ་ལས་གསུངས་པ་བཞིན་དུ་དཔའ་བོ་གཅིག་པུ་དང། རྒྱལ་ཚབ་དང། ཕྱོགས་ལས་རྒྱལ་བ་ཕ་རོལ་ཏུ་ཕྱིན་པ་དང། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་དངོས་རྗེས་རོ་མཉམ་པར་བྱའོ། །དེ་ཅི་ཞིག་སྒྲུབ་སྙམ་ན། དེ་ལྟར་མཆོད་བྱས་དེ་ནས་ནི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ས་འོག་ཏུ་འགྲོ་བ་ལ་སོགས་པའི་ལས་བཅུ་གཅིག་སྒྲུབ་པ་པོས་དཀའ་བ་མེད་ཅིང་ཉོན་མི་མོངས་པས་འགྲུབ་པར་འགྱུར་བ་ལས་གདོན་མི་ཟའོ། །ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར ་རྣལ་འབྱོར་བའི་སྦྱིན་སྲེག་བཤད་ན་ཐུན་མོང་གི་སྦྱིན་སྲེག་བཤད་པ་ནི། དེ་ནས་རྣལ་འབྱོར་མ་ཡི་དྲ་བ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་སྒྲུབ་བཞིས་སྦྱངས་པའི་དཔའ་བོ་དང། རྣལ་འབྱོར་མའི་ལུས་པོ་ལ་ཕྱི་རོལ་ཏུ་ལྷའི་འཁོར་ལོ་དགོད ་པ་དང། ནང་ལྷ་དྲུག་ཅུ་རྩ་བཞིའི་འཁོར་ལོ་བཞི་ལ་རིམ་པ་བཞིན་དུ་བཀོད་པའི་འཁོར་ལོའི་ཆོ་ག་རྒྱས་པར་བྱས་ནས་དཔའ་བོ་དང་རྣལ་འབྱོར་མ་ནང་གི་ལ་སྦྱིན་སྲེག་བྱེད་པའི་ཚེ། ཨོཾ་ཤྲཾ་ཏི་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པས་དཔར ་བོ་དང། རྣལ་འབྱོར་མའི་སྔགས་དང་སྤེལ་ནས་ཀུན་ཏུ་བརྗོད་ཅིང་སྦྱིན་སྲེག་བྱས་ན་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །དཔའ་བོ་ཉི་ཤུ་རྩ་ལྔ་དང། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་འཁོར་ལོ ་བཞིའི་པདྨའི་ལྟེ་བར་བཀོད་ལ་ཨ་བ་དྷཱུ་ཏྭཱའི་གནས་སུ་ཧེ་རུ་ཀ་ཡབ་ཡུམ་དེ་བཞིན་དུ་བཀོད་པར་བྱ་སྟེ། སྨིན་མཚམས་ཀྱི་མཛོད་པུའི་བར་དུ་དཔའ་བོ་ཡབ་ཡུམ་ངེས་པར་བཞག་པར་བྱའོ། །དེ་ལྟར་ལྷ་དགོད་པ་བསྟན་ནས་མེའི ་མཚན་ཉིད་བསྟན་པ་ནི། དཔའ་བོ་འཚོལ་བ་ཞལ་གྱི་མེར་ཞེས་བྱ་བ་སྨོས་ཏེ། ལྟེ་བ་ནས་རྐེ་ད་པ་རླུང་མོའི་དྲིད་ཅན་ནོ། །སྲེག་རྫས་ནི་མྱོས་ཆང་དང། བ་ལང་གི་ཤ་དང་ཁྲག་ཏུ་བཅས་པས་ནང་དུ་སྦྱིན་སྲེག་བྱའོ། །གང་ལ་སྦྱིན་སྲེག་བྱ་སྙམ་ན། དེ་ནས་འབང་བའི་ནེ། ་ལ་ནི་སྲེག་བྱ་དགུ་ནི་བྱ་བ་ཡིན་ཞེས་བྱ་ག་སྨོས་ཏེ། རིགས་ལྔ་རེ་རེ་ཞིང་ཡང་སྲེག་བྱ་ལྔ་ལྔ་དབུལ་བར་བྱའོ། །དེ་ནས་གཏུམ་མོ་དྲོད་འཕེལ་བ། །རྩ་རྣམས་བསྲེག་པར་བྱེད་པ་ནི། །དེ་ནས་འབར་ཕྲེང་རྒྱ་མཚོ་ཡི། །ཀུན་ནས་སྒོ་ཡི་འཁོར་ལོ་བསམས། །ཞེས ་བྱ་བ་ཡིན་ནོ། །ཀུན་ནས་སྒོ་ནི་བུ་གའི་སྒོ་རྣམས་ནས་མེའི་འོད་ཟེར་འབྱུང་བའོ། །འཁོར་ལོ་བཞིའི་དབུས་སུ་ཇི་ལྟ་བུ་བསམ་ཞེ་ན། །དཔའ་བོ་དཔའ་མོ་ཞལ་བཞི་པ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཞལ་བཞི་པ་ཕྱག་བཅུ་གཉིས་པ། ཡུམ་ཞལ་གཅིག་ཕྱག་གཉིས་པ ་མཁའ་འགྲོ་མ་དང། ལཱ་མ་དང་དུམ་སྐྱེས་མ་དང། གཟུགས་ཅན་མ་བཞི་ནི་ཕྱོགས་ཀྱི་པདྨ་ལའོ། །དཔའ་ཀུན་གཉིས་སུ་མེད་པར་བད། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཁཎྜ་རོ་ཧ་ཕྱི་རོལ་སྦྱངས་ཞེས་བྱ་བ་ནི་ཀུན་ཀྱང་ཞལ་ཤར་དུ་གཟིགས་པས་ཁ་ཎ་རོ་ཧ་རྒྱབ ་ཏུ་བཅུག་པའོ། །རང་གི་གཟུགས་སུ་མངོན་ཞེན་པ་ཞེས་བྱ་བ་ནི་མིའམ་ཅི་འདུལ་བའི་ཕྱིར་ཁྭ་གདོང་མ་ལ་སོགས་པའི་གཟུགས་བརྒྱད་དོ། །འཁོར་ལོའི་དབུས་སུ་བསྟན་པར་བྱ། །ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ནང་དུ་དགོད་པའོ། །དཔའ་བོ་དང་རྣལ་འབྱོར་མ་འདི ་དག་གི་ལ་ཁོར་ལོ་བསྟ་ནས་པས་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་དེ། །དགང་ལས་བཏུས་པ་ཡིན་སྙམ་ན། རིག་པའི་རྒྱ་མཆོ་ལས། །དཔའ་བོ་མདོར་བསྡུས་ནས་ནི་གསུངས་པ་ཡིན། །ཞེས་བྱ་བམ་སྨོས་ཏེ། རྒྱུད་འབུམ་པ་ལེའུ་དང་པོ་ཚོགས་ཀྱི་འཁོར་ལོ ་སྒྲུབ་ནས་རྣལ་འབྱོར་མའི་སྦྱིན་སྲེག་འདི་རྒྱས་པ་ལ་མདོར་བསྡུས་པ་གསུངས་པ་ཡིན་ནོ། །ཐབས་གང་གིས་གྲུབ་ཅེ་ན། །ཕོ་ཉ་གཉིས་མེད་སྦྱོར་བ་རི་བདག་།འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་བྱ་བ་གསུངས་ཏེ། ་དགའ་བ་བཞིའི་ཏིང་ངེ་འཛིན་གྱིས། ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དཔའ་བོ་རྣལ་འབྱོར་མ་གཉིས་ཀའི་སྦྱིན་སྲེག་པ་ཤད་ནས། འཆི་བདག་འཇོམས་པ་བཤད་པ་ནི། དེ་ནས་ལས་ཀྱི་མཆོག་རབ་ནི་ཞེས་བྱ་བ་ལ་སོགས་?་གསུངས ་ཏེ་ལའོ། །ལས་ཀྱི་མཆོག་རབ་ཆོ?་འཕེལ་བའི་ཐབས་སོ། །ཇི་བཞིན་རིམ་གྱིས་མཆོད་པ་སྟེ། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་བསྙེན་བསྒྲུབ་བཞིས་སྦྱངས་ནས་རྣམ་པ་སྣ་ཚོགས་པ་དང། རྣམ་པར་སྨིན་པ་དང། རྣམ་པར་ཉེད་པ་དང། མཚན་ཉིད་དང་བྲལ་བའི་རིམ་ཀྱིས་དགའ་བཤིའི་ཏིང་ངེ་འཛིན་གྱི་མཆོད་པའོ ་མཆོད་པ་གཉིས་མེད་སྦྱོར་བདག་ཉིད། ཅེས་བྱ་བ་སྨོས་ཏེ། མཆོད་པ་གཉིས་མེད་སྦྱོར་བདག་ཉིད་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་བདེ་བསྟོང་པ་ཉིད་དུ་རོ་གཅིག་པའི་གཉིས་མེད་སྦྱོར་བའོ། །ལས་ནི་སོ་སོར་སྦྱར་བར་བྱ། ཞེས་བྱ་བ་ནི་ལས་བཅུ་གཉིས་ལས་བསྒོམ་པར་དང་བཟླས་པས་སོར ་སྤྱན་པར་བྱའོ། །ད་ལྟར་མདོར་བསྟན་ནས་བརྒྱས་པར་བཤད་པ་ནི། །གང་ཡང་སྒྲུབ་པ་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་ཇི་བཞིན། ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བའི་དོན་ཡིན་ནོ། །ཚོགས་བཤད་གཅིག་གིས་ལས་བཅུ་གཉིས་ཀྱི་དོར་བསྟན་པ་ཡིན་ལ། འཆི་བདག་འཇོམས་པ་བཤད་པས ་ན། གང་ཡང་སྒྲུབ་པར་བྱེད་པའི་སྔགས། །ཞེས་བྱ་བ་གསུངས་ཏེ། སྔགས་ནི་ལུས་ཀྱི་འཁོར་ལོ་དབུས་འབྱུང་རྡུང་ཀྱི་རླུང་དང་སྦྱར་རོ། །ཕྲིན་ལས་བཞིའི་སྔགས་པའི་དབྱེ་བས་རིམ་པ་ཇི་ལྟ་བུ་བཞིན་དུ་ཞི་ག་ལ་དཀར་པོ། །རྒྱས་པ་ལ་སེར་པོ། དཔང་ལ་དམར་པོ། །མངོན་སྤྱོད ་ལ་ནག་པོའི་སེང་གེའི་ཁ་དོག་དང། ཞི་བ་ལ་རྒྱས་རིགས་རྒྱས་པ་རྗེའི་རིགས་དབང་ལ་བྲམ་ཟེའི་རིགས་མངོན་སྦྱོར་ལ་དམངས་རིགས་ཀྱི་ཕོ་ཉའི་བྱེ་བྲག་དང། སོགས་ཞེས་བྱ་བ་ནི་ཞི་བ་ལ་ཆུའི་དཀྱིལ་འཁོར་ནས་རྒྱུ་བ་དང། རྒྱས་པ་ལས་དང། དབང་ལ་མེ་དང་མངོན་སྤྱོད་ལ་རླུང ་གི་དཀྱིལ་འཁོར་ལས་རྒྱུ་བའོ། །སྔགས་ཇི་ལྟ་ལྟར་བཟླས་སྙམ་ན། མངའ་ཨི་ཤུགས་བཞེད་ཡོངས་སུ་འཁོར་ཞེས་བྱ་བ་སྨོས་ཏེ། ཞི་བ་དང་རྒྱས་པ་ལ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུ་ཤིང་ལབ་ཀྱི་སྟེ་བ་ནས་ཡུམ་གྱི་ལྟེ་བར་ཞུགས་བས་འཁོར་བ་དང། དབང་ནང་མངོན་སྦྱོད་ལ་ཡབ་ཀྱི་ཞལ ་ནས་ཡུམ་གྱི་ཞལ་དང། ཡུམ་གྱི་ལྟེ་བ་ནས་ཡབ་ཀྱི་ལྟེ་བར་འཇུག་ཅིང་འཁོར་བའི་ཕན་ཆུན་སྦྱོར་བའི་སྔགས་ཀྱིས་འཇུག་ཅིང་འཁོར་བས་ཕྲེང་བ་ཉིད་ཡིན་ནོ། །ཞི་བའི་བསྟེང་བ་སྟེ། །ཞེས་བྱ་བ་ནི་སྔགས་ཀྱི་བཟླས་བསོ་དང་མཆུ་སྦྱར་ན་ལྕེ་རྩཝ་ཅུང་ཟད་ཅེམ་བསྐུལ་བའོ། ། ་རླུང་གི་རྒྱུ་བའི་ས་དང་ཆུ་ངལ་བར་རྒྱུ་བའོ། །དྲག་ཅིང་རྩུབ་པ་མ་ཡིན་ནོ། །ཞེས་བྱ་བ་ནི་དབང་དང་མངོན་སྤྱོད་ལ་དག་གི་བཟླས་པ་མཉམ་སྦྱོར་ནས་འབྱུང་བ་བཞིན་དུ་བུར་བ་དང། དབུགས་ཀྱི་དྲུང་འབྱིན་སྲིན་པོ་དང་སྐད་ཀྱིས་ཟློ་བ་དང། མེད་བརླུང ་གི་དཀྱིལ་འཁོར་ལ་དྲུག་ཅིང་རྩུབ་པར་ཟློས་པ་ལྟར་ཞིབ་དང་རྒྱས་པ་ལམ་ཡིན་ནོ། །རང་རང་གི་ནི་ཕྱོགས་གནས་ནས། ཆོ་གའི་དབྱེ་བ་བསྟན་པའོ། །ཞེས་བྱ་བ་ནི་གཡས་ནས་མེའི་རླུང་རྒྱུ་བ་དང། གཡོན་ནས་རླུང་གི་རྒྱུ་བ་དང། ངལ་བར་རྒྱུ་བ་ཆུའི་རླུང་ནི་དཀྱིལ ་འཁོར་བཞིའི་རང་རང་གི་ཕྱོགས་ཀྱི་དབྱེ་བ་བསྟན་ཏོ། །ས་བོན་ཕྲེང་དེ་ནས་ཟིན་ཞེས་བྱ་བ་ནིས་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ངོ་ནས་ཟིན་ཞེས་བྱ་བ་ནི་ཐོག་མར་ཡི་གེ་ཨོཾ་ནས་གཟུང་པའོ། །ཧཱུཾ་ནི་མཛའ་རུ་གནས་པ་ཡིན་ཞེས་བྱ་བ་ནི་མཐར་ཧཱིཾ་ཕཊ་སྔགས? ་དང་བཅས་པའོ། །དེ་ལྟར་བསྒོམས་པ་དང་བཟླས་པ་བྱས་ནས་བསྐྱེད་པའི་རིམ་པའི་ལས་ལ་སྦྱོར་བའི་ཚོ་ཇི་ལྟར་སྦྱར་བར་བྱ་ཞེས་ན། སྒྲུབ་པར་འགོག་བར་གྱུར་ན་ནི། གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་བྱ་བ་ནི་འཆི་བདག་གི་གཟུགས་བྱས་ལ་དུར ་ཁྲོད་ཀྱི་རས་ལ་རྐང་པ་བརྐང་པའི་འཁྲུལ་འཁོར་དག་དང་ཁྲག་གིས་བྲིས་ལ་དབུས་ཀྱི་མཆི་བདག་གི་བདུད་ཀྱི་མིད་མཱ་ར་ཡ་དང་བཅས་བ་བྲིས་ཏེ་འཁྲུལ་འཁྲོ་ལིང་གར་བཅུག་ནས་སྔགས་ཀྱི་འོད་ཟེར་བརྒྱད་ཀྱི་བཅུག་ན་གོམ་པ་གཅིག་ཀྱང ་འགྲོ་བར་མི་ནུས་པར་འཆི་བར་འགྱུར་རོ། །འོད་ཟེར་བརྒྱད་གང་ཞེ་ན་ཁ་སྦྱོར་བར་གྱུར་པ་དང་ཞེས་བྱ་བ་རྡོ་རྗེ་ཕྲ་མོའི་འོད་ཟེར་དཀར་དམར་ཐོགས་པ་འཕྲོས་པས་གོམ་པ་གཅིག་ཀྱང་མི་འགྲོ་བའི་དང་པོའོ། །འོད་ཟེར་གྱི་ལྷ་མོ་རྣམས་ཀྱིར་ལོག་ནས་དུས་མ་ཡིན་པར ་འཆི་བ་ལས་རྒྱལ་བའི་ཐབས་ཕྱག་གཡོན་པ་ཁ་ཊཝཱཾ་ག་བཟུང་ནས་ཕྱག་གཡས་པས་བདུད་རྩི་ལྔས་མཆོད་པའི་མཆོད་པ་བསྣམས་པས་རང་གེ་ཞལ་དུ་མཆོད་ཡོན་གྱི་བདུད་རྩིའི་ངེས་པར་སྦྱར་བས་དུས་མ་ཡིན་པར་འཆི་བ་བཟློག་ནས་ཚེ་འཕེལ ་བར་བྱེད་དོ་སྐ་དེ་བཞིན་དུ་རྡོ་རྗེ་ལུ་གུ་རྒྱད་བཅིངས་པའི་ལྷ་མོ་བརྒྱད་འཕྲོས་ནས་འཆི་བདག་བཅིངས་པས་དུས་མ་ཡིན་པར་འཆི་བ་ལས་རྒྱལ་ནས་ཁ་ཊཝཱཾ་ག་བསྣམས་ཤིང་བདུད་རྩིའི་མཆོད་པ་ཞལ་དུ་སྦྱོར་བ་ནི་གཉིས་བ་ཡིན་ནོ། །རྡོ་རྗེས་ཕྱེ་བ་ཉིད་དང་ནི་ཞེས་བྱས ་ནོ་རྡོ་རྗེ་ཐོགས་པའི་ལྷ་མོ་སྤྲོས་ནས་འཆི་བདག་བཅོམ་སྟེ་སླར་ལོག་པས་དུས་མ་ཡིན་པའི་འཆི་བདག་ལ་རྒྱལ་ནས་ཁ་ཊཝཱཾ་ག་བསྣམས་པས་བདུད་རྩིའི་མཆོད་ཡོན་ཞལ་དུ་འདྲེན་པ་ནི་གསུམ་པའོ། །དེ་བཞིན་དུ་རྡོ་རྗེ་ཁ་དོག་ལྔ་པའི་སྒྲོའི་ཆུན་པོ་སྤྲོས་ནས་བསྒྲུབ ་བྱ་འགོག་པ་ནི་བཞི་པའོ། །ལྕགས་ཀྱུ་བསྣམས་པའི་ལྷ་མོས་དགུག་པ་ནི་ལྔ་པའོ། །གཏུན་ཤིང་བསྣམས་ནས་དཀྲུག་པ་ནི་དྲུག་པའོ། །རྡོ་རྗེ་ཁ་ཡིས་ཟ་བ་ནི་བདུན་པའོ། །མདའ་ཡིས་བཅིངས་པ་སྤྱོད་པ་ནི་བརྒྱད་པའོ། །དེ་ལྟར་ཕྱག་མཚན་བརྒྱད་དང་བཅས་པའི་ལྷན་ནོ། ་སྦྲོས་ནས་དུས་མ་ཡིན་པར་འཆི་བདག་ལས་རྒྱལ་བ་ནི་ཕྲིན་ལས་མཛད་ནས་སླར་བསྡུས་པའི་ཆེ་ཕྱག་གཡོན་པའི་ལག་ནས་ཁ་ཊཝཱཾ་ག་བསྣམས་ཤིང་ཕྱག་གཡོན་པ་ཐོད་པའི་བདུད་རྩི་ལྔའི་མཆོད་ཡོན་རང་གི་ཞལ་དུ་རྡོ་རྗེ་རྩ་ལྔ་པ་དཀར་པོ་བསམ་ལ་བདུད་རྩི་ལྔའི་མཆོད ་ཡོན་འཐུངས་པ་ནི་ངེས་པར་སྦྱར་བའོ། །འདི་སྐང་སྟན་པ་ཡིན་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་ལར། ལྷ་མོ་བརྒྱད་སྤྲོས་པ་ནི་འཆི་བ་དག་གི་བདུད་འགྲོ་ཅིང་གོམ་པ་གཅིག་ཀྱང་མི་འགྲོ་བས་དུས་མ་ཡིན་བར་འཆི་བ་ལས་རྒྱལ་བའི་ཕྲིན་ལས ་མཛད་ནས་སླར་སྡུད་པའི་ཚེ་ལྷ་མོ་བརྒྱད་ཀྱི་ཕྱག་གཡོན་པས་ཁ་ཊཝཱཾ་ག་བསྣམས་ཤིང་གཡས་པས་བདུད་རྩིའི་ཐོད་པ་བསྣམས་ནས་ཚེ་འཕེལ་བའི་ཕྱིར་རང་ལ་འདྲེན་པར་བྱེད་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་དབང་དུ་བྱས་མ་གཤད་ནས་རྡོ་རྗེ་མཁའ་གྲོ་ལས ་?་བ་སྤྱོར་ན་ཉི་མ་དང་ཟླ་བ་སྟེ། འབའ་སན་ཏིལ་ཀའོ། །རྡོ་རྗེ་ལུ་གུ་རྒྱུད་ནི་ལས་ཀྱི་ཕྱག་རྒྱ་དང་འཁྱུད་པའོ། །རྡོ་རྗེ་དབྱེས་པའི་ཨ་པ་དྷཱུ་ཏཱི་དར་འཁྱུད་པའོ། །སྒྲོའི་ཆུན་པོས་བསྐོར་བ་ནི་ཧཱུཾ་ཕཊ་ཀྱིས་བསྐོར་བའོ། །ལྕགས་ཀྱུ་འགུགས་པ་ནི་བདུད་རྩི་ལྔའི་ཐིག་ལ་ཟན་དུ ་བཟློག་པའོ། །གཏུན་ཤིང་གིས་དཀྲུགས་པ་ནི་ས་ཆུ་མེ་རླུང་བཞིའི་རྩེ་བཞག་ནས་ཨ་ན་ཧའི་རྩས་གྲུབ་པའོ། །རྡོ་རྗེ་ཁའི་བཟའ་བ་ནི་བདེ་བ་སྟོང་ཉིད་ཀྱིས་རྒྱས་བཏབ་ནས་ཤིང་ལས་སྐྱེས་པའི་སྲིན་བུ་བཞིན་དུ་ཟ་བའོ། །དབྱུག་པ་མདའ་དང་སྤྱོད ་བ་ནི་རེག་བྱ་བ་སྟོང་པ་ཉིད་ཀྱི་སྟེང་དུ་སྟོང་པ་ཉིད་ལ་ངེས་པའི་ཤེས་པ་འདྲེན་པའོ། །དུས་མིན་འཆི་ལས་རྒྱལ་བ་ནི་གཡས་པ་ར་ས་ནཱ་ནས་གྱེན་དུ་བཟློག་པ་ནི་ཝ་ཤ་ཏ་ཏ་ཏྭ་ཞེས་བྱས་ཏེ་བཅུད་ཀྱིས་ལེན་དུ་འགྱུར་བའོ། །ཁ་ཊཝཱོཾ་ག་ནི་ལྷའི་སྐུ་བདེ་བ་སྟོང་པར་རྟོགས ་པའི་ལུས་སོ། །ཐོད་པའི་མཆོད་ཡོན་ནི་བཙུན་མོ་ཡུམ་གྱི་བྷ་གའི་བྱང་ཆུབ་སེམས་སོ། །ཞལ་དུ་མཆོད་ཨ་བ་དྷུ་ཏཱིའི་ཞལ་དུ་བྱང་ཆུབ་ཀྱི་སེམས་འཇུག་པ་ཡིན་ཞེས་གསུངས་སོ། །ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་འཆི་བདག་འཇོམས ་པ་བཤད་ནས་ད་ནི་ཆགས་པའི་ལམ་པའི་གསང་བའི་སྦྱིན་སྲེག་བཤད་པ་ནི། དེ་ནས་ཕྱག་རྒྱའི་མཆོད་པ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དཔའ་བོ་དང་རྣལ་འབྱོར་མ་བསྒྲུབ་བཞིས་སྦྱངས་ནས་བཙུན་མོ་ཡུམ་གྱི་བྷ་གའི་ཐབ་ཁུང་དུ་གསང ་བའི་རྡོ་རྗེའི་དགང་གཟད་གྱིས་བྱང་ཆུབ་སེམས་ཀྱི་དགང་བླུགས་བྱེད་པ་ནི་ཕྱག་རྒྱའི་མཆོད་ཆེན་ཞེས་བྱའོ། །བྱང་ཆུབ་སེམས་དག་དགའ་བྲལ་དུས་སོང་ན་བདེ་བའི་ཏིང་ངེ་འཛིན་ཉམས་ནས་སྔགས་དགོད་པ་བཟློག་པ་སྟེ། །ནང་གི་སྦྱིན་སྲེག་གི་ཕྱག་རྒྱའི ་མཆོད་པ་འདི་དག་ནི་ལས་བཅུ་གཉིས་མྱུར་དུ་གྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་མཚན་ཉིད་གཉིས་ལས་སྔགས་སྦྱང་བ་ཞེས་བྱ་བ་སྨོས་ཏེ། གསང་བའི་རྡོ་རྗེ་དང་བཏ་གའི་དབུས་ཡི་གེ་བརྒྱ་དང་བྱ་ཞེས་བྱ་བ་གཉིས་ཀྱི ་སྔགས་ཀྱིས་བྱང་ཆུབ་སེམས་བཟློགས་པར་བྱའོ་ཞེས་ཀུན་སྤྱོད་ལས་གསུངས་སོ། །དཔའ་བོ་མཁའ་འགྲོ་གཉིས་མེད་པ། །བློ་ལྡན་རྣལ་འབྱོར་མ་བསྒྲུབ་བྱ། །ཞེས་བྱ་བ་ནི་བཏ་གའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །རྣལ་འབྱོར་དྲི་མེད ་ལུས་ནི་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་ཤེས་པ་རྟོག་པ་མེད་པ་སྐྱེས་པའི་ལུས་ནི་དྲི་མ་མེད་ལུས་སོ། །པདྨའི་ཕྱག་རྒྱ་གནོན་པའི་ལུས་རྣམས་ནི་རྣམ་པ་སྣ་ཚོགས་ཀྱི་དགའ་བ་དང། རྣམ་པར་སྨིན་པའི་མཆོག་དགའ་དང། མཚན་ཉིད་དང་བྲལ་བའི་དུས་སུ། དེ་བཞིན་མཚོན ་ཆ་ཉི་དེ་དང་སྦྱར་ཞེས་བྱ་བ་སྨོས་ཏེ། དགའ་བའི་དུས་ཀྱི་ཚེ་ཡི་གེ་འཁྲུལ་འཁོར་གྱི་མཚོན་ཆ་དང་སྦྱར་བ་དང། དེ་བཞིན་དུ་མཆོག་དགའ་ཨི་ཚེ་རླུང་གི་འཁྲུལ་འཁོར་གྱི་མཚོན་ཆ་དང་སྦྱར་བ་དེ་བཞིན་དུ་ལྷན་ཅིག་སྐྱེས་དགའ་ཨི་དུས་སུ་གཟུང་འཛིན་འགོག་པའི་ཨ་སམ་ས་མ་ཞེས་བྱ་བ ་དེས་པའི་ཤེས་པ་དྲངས་པས་རྣམ་པར་རྟོག་པ་ལས་བཟློག་པའི་མཚོན་ཆ་དང་སྦྱར་བར་བྱའོ། །ཅིའི་ཕྱིར་མཚོན་ཆ་ཡིན་ཞེ་ན། ཁ་སྦྱོར་ལས་དབང་པོའི་ཤེས་པ་རྣམས་ཡུལ་གྱི་བདེ་བ་ལ་དགའ་བྲལ་མི་འགྲོ་བའི་ཕྱིར་ན་མཚོན་ཆ་ཞེས་གསུངས་སོ། །སྔགས་པས་མཁའ་འགྲོ ་མངི?་སྦྱོར་བའི་སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ་ཞེ་པ་བ་ནི་དཔའ་བོ་དང་དཔའ་མོའི་སྙེང་པོས་ཀྱང་བྱང་ཆུབ་སེམས་བཟློག་པ་དེ་བཞིན་དུ་བྱའོ། །དཔའ་བོ་མཆོད་པའི་ཆོ་ག་ཤེས། །ལས་ཀྱི་འབད་པ་ཉིད་ཀྱིས་བྱ། ཞེས་བྱ་བ་ནི་ད་ཁོ་ན་ཉིད་མཆོད་པའི་རྒས་ལ་དཀྲུག་པ་ལ་སོཊ ་པའི་ལས་བཅུ་གཉིས་བྱ་བ་གསུངས་པ་ཡིན་ནོ། །མཁས་པ་ཚན་པོ་ཛྙཱུ་ན་ཤྲཱིའི་ཞལ་སྔ་ནས་རླུང་གི་དཀྱིལ་འཁོར་གྱིས་བྱང་ཆུབ་སེམས་བཟློག་པ་ཡིན་ནོ། །ཞེས་གསུངས་སོ། །རྣལ་འབྱོར་རང་དགའ་ཨི་སྔགས་ལས་ནི་ཞེས་བྱ་བ་ནི་ཕྲིན་ཕྲིན་ལས་བཞིའི་རྣམ་པར་དབྱེ་བས་རྣལ ་འབྱོར་བ་རང་དགའ་བའི་སྔགས་ཀྱིས་དབང་དང་མདོན་སྤྱོད་ལ་ཡབ་ཀྱི་ཞལ་དང་སྦྱར་བས་ཚར་གཅོད་པ་དང། ཞི་བ་དང་རྒྱས་པ་ལ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་བཟློག་ནས་སྦྱར་བས་ནི་ཕན་འདོགས་པར་བྱེད་དོ། །དེ་ལྟར་ན་ལས་ཀྱི་དངོས་གྲུབ་བཅུ་གཉིས ་ལ་རྣམ་པར་བསྒོམ་པའི་ཐབས་དེའི་དབྱེ་བ་བཅུ་གཉིས་ཀྱིས་ཕྱེ་བའི་སྔགས་ཀྱི་ཕྲེང་བཱི་རྩའི་ལམ་དུ་སྦྱར་བར་བྱའོ། །སྦྱོར་བ་ཡི་ནི་དོན་རྣམས་ལ། །འདི་ཡིས་རབ་ཏུ་བསྒྲུབ་པར་བྱ། ཞེས་བྱ་བ་ནི་ལུས་ཀྱི་?་དཀྱིལ་འཁོར་ལ་ལས་བཅུ་གཉིས་ཀྱི་འབྲས་བུའི ་དོན་རྣམས་སྒོམ་པ་དང་བཟླས་པའི་དབྱེ་བ་འདི་ཡིས་བསྒོམ་པར་བྱའོ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པས་བསྒྲུབ་པར་བྱ་ཞེས་བྱ་བ་ནི་འགྲོ་བ་རིས་དྲུག་དབང་དུ་བྱེད་པ་ལ་སོགས་པ་འགྲུབ་པའོ། །ལེའུ་སུམ་རུ་རྩ་དྲུག ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གསང་བའི་སྦྱིན་སྲེག་བྱ་བཤད་ནས། །ནང་གི་སྲེག་ཕྱིར་བཟློག་པ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་གནོན་པའི་ཆོ་ག་སྟེ། ཞེས་བྱ་བ་ནི་བསྙེན་སྒྲུབ་བཞིས ་སྤྱངས་པའི་ལས་ཀྱི་ཕྱག་རྒྱུ་དང་སྙོམས་པར་ཞུགས་པ་པའམ་གྲོལ་བའི་ལམ་པའི་དམ་ཚིག་གི་ཕྱག་རྒྱ་གཟུགས་གནོན་པའི་ཆོ་གའོ། །ཕན་ཚུན་སྦྱོར་བའི་གསང་སྔགས་ནི། མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་ཚུར་འཁོར་བ་དང། དབང ་དང་མངོན་སྤྱོད་ལ་པར་འཁྲོ་བས་གསང་སྔགས་སྦྱར་ཞིང་ནང་གི་སྦྱིན་སྲེག་བ་ཟློག་ནས་ཧཱུཾ་གི་སྒྲས་དབུགས་བྱུང་བ་ནི་ངལ་སོ་བའོ། །བཟླས་པའི་མཐར་སྐྱུག་པར་བྱའོ། །ཞེས་བྱ་བ་ནི་ངལ་སོ་བའི་རྗེས་ལ་བསྐྱགས་པའོ། །མཚན་མོ་བདུན་ནི་རྫོགས་པ་དང། བཟའ་དང ་བཏུར་བ་དག་ལ་སྦྱར་ཞེས་བྱ་བ་ནི་བསྐྱུགས་པའི་ཁ་ཟས་ནི་སྦྱིན་སྲག་གི་ཐལ་པ་ཡིན་པས་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཞག་ལ། ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་མཚན་མོ་བདུན་སྔགས་བཟླས་ནས་གང་དབང་དུ་བྱས་པས་འདོད་ཁ་ཟས་ལ་སྦྱར་ན་འདི་ཡིས ་ཇི་སྲིད་འཚོའི་བར་དུ་དབང་དུ་གྱུར་པའི་གདོན་མི་ཟ་བ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སེར་སྐྱའི་མར་ནི་འཐུངས་ནས་ཀྱང། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་སྤྱི་གཙུག་ཏུ་ལྷ་དྲུག་ཅུ་རྩ་གཉིས ་ཚང་བའི་འཁོར་ལོ་བསྐྱེད་ལ། ལག་པ་གཡས་གཡོན་དགང་གཟང་དང་བླུགས་གཟར་བྱས་ཏེ། བ་སེར་སྐྱའི་མར་སྲེག་རྫས་སུ་བྱས་ཏེ་མཐར་པ་ཤིཾ་ཀུ་རུ་ཧོ་ཞེས་བྱ་བའི་སྔགས་དང་སྤེལ་ལ་ལན་བརྒྱ་རྩ་བརྒྱད་སྲེག་བླུགས་བྱས་ནས་མཐར་པོ་སོན་ཆ་བཏུབ ་བ་སྐྱུགས་ནས་རང་གི་གདོང་ལ་བསྐུས་ལ་ཞལ་བཞི་ཕྱག་བཅུ་གཉིས་པ་ལས་ནས་ཏེ། སྤྱོད་ལམ་རྣམ་བཞིའི་དུས་ཐམས་ཅད་དུ་ཁྲོས་པར་གྱུར་ན་རྒྱའི་གསང་རྗེའུ་རིཊ་དང་བྲམ་ཟེའི་རིགས་དང་དམངས་རིགས་ལ་བལྟས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །ལས་དང་པོ་བརྐ?་དན ་ནས་གཉིས་པ་ནི་ལས་གཉིས་པ་བཤད་པ་ནི་སྔར་གྱི་བསྐྱུགས་པའི་སྟེང་དུ་ཏིལ་མར་དང་འབྲས་སཱ་ལུ་བཏགས་པ་དང་ལྡན་བས་ལུས་ལ་བསྐུས་ལ་དྲིས་ནས་འབྲས་ཀྱི་ཕྱེ་མ་དང་བསྲེས་ནས་ཁྲུས་བྱས་ནས་མར་ལ་བཙོས་ལ་བསྣུན་ཁུང་དུ་བྱས་ཏེ། རིགས ་བཞི་གང་ཡང་རུང་བའི་བཟའ་བ་ལ་སྦྱར་ན་རྡོ་རྗེ་སློབ་དཔོན་གྱི?་ལས་འདི་བསམ་བ་མ་བཏང་བའི་བར་དུ་དབང་དུ་འགྱུར་རོ། །ལས་བཅུ་པ་ནི་ཏིལ་ནག་པོའི་ཆ་བ་ནང་གི་སྦྱིན་སྲེག་གི་སྲེག་བཟླུགས་བརྒྱ་རྩ་བརྒྱད་བྱས་ནས་སྐེ་ཚེ་དང་བཅས་པའི་རུ་རྟ་དང་སྦྱར་ནས་བཏུང་བར་བྱས་ལ ་སྐྱུགས་པ་དང། ལག་པའི་སེན་མོ་དང། ལྟོ་བའི་སྲིན་བུ་དང། རང་གི་སྲིན་ལག་གཡོན་པའི་ཁྲག་དང། རང་གི་རུ་རྟ་དང་བཅས་པ་སྦྱར་ཏེ་རྣམ་པར་བཞིའི་བཟའ་བ་དང། བཏུང་བ་དང། མིག་སྨན་དང་གོས་ལ་བྱུག་པར་རབ་ཏུ་སྦྱར་ན་ཇི་སྲིད་འཚོའི་བར་དུ་དབང་དུ ་འགྱུར་རོ། །ལས་བཞི་པ་ནི་བ་ལང་གི་ཤ་དང་བ་ལང་བི་ཁྲག་བདང་ནར་གི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་དེའི་མོད་ལ་དབུང་དུ་འགྱུར་བ་འམ། གལ་ཏེ་ལྷ་རྣམས་དབང་དུ་མ་གྱུར་ན། སྡུམ་བུ་འུ་སུའི་མདོག་བཞི་དུ ་མགོན་པོ་འགས་པར་འགྱུར་རོ། །འོངས་ན་ཅི་ཞིག་བྱེད་སྙམ་ན། བདག་ཉིད་དེ་ཡི་མདུན་དུ་ནི། ཞེས་བྱ་བ་སྨོས་ཏེ། དེའི་མདུན་དུ་བཀུག་ལ་རྣལ་འབྱོར་པ་བདག་ཉིད་དེའི་མདུན་དུ་འདུག་ལ་མཁས་པས་སྦྱིན་སྲེག་བྱས་པ་དང། འཇིག་རྟེན་ལ་གཏོར་མ་བྱིན་ནས ་ཁམས་གསུམ་པ་ཁུག་ཅིག་ཅེས་བཀའ་བསྒོ་ན་མ་ཚན་བདུན་གྱི་གྲུབ་པར་འགྱུར་རོ། །དེ་ལྟར་སྦྱར་སྲེག་ཕྱིར་སྐྱུག་པ་ནི་འཇིག་རྟེན་གསུམ་ན་རྙེད་པར་བཀའ་བར་ཡིན་ཏེ། སྔགས་སྒྲུབ་པའི་ཐལ་ལས་གྱུར་པ་ཡིན་པས་འོག་སོག་ནས་འབྱུང་བའི་རྣམས ་སྣང་མཛད་དང། མི་བསྐྱོད་པའི་ཐལ་བ་བཞིན་དུ་སྟེང་གི་སྒོའི་ཐལ་བས་ཀྱང་དབང་དུ་གྱུར་པའི་ལས་བྱེད་པ་བཞིན་དུ་ལས་བཅུ་གཉིས་བྱེད་པ་ཡིན་ནོ། །དེ་ལྟར་དམ་ཚིག་སྤྱོད་པའི་མཚན་ཉིད་ཀྱི་རྣལ་འབྱོར་པས་རྟག་ཏུ་ལས་བཅུ་གཉིས ་ཀྱི་སྔགས་ནང་གི་སྦྱིན་སྲེག་ཕྱིར་བཟློག་པའི་སྦྱོར་བ་ནི་སྦ་ཞིང་རབ་ཏུ་འབད་དེ་སྦ་པར་བྱའོ། །དོར་བྱའི་གང་ཟག་ནི་ནང་གྱི་སྦྱིན་སྲེག་ཕྱིར་སྐྱུགས་པ་ལ་ཡིད་མི་ཕྱེད་པས་སྦས་བའི་དོན་རྙེད་པར་མི་འགྱུར་ཞིང་སྐྱེ་བ་སྔ་མར་སྦྱངས་པའི་སྐལ་པ་དམན་ལས ་ཀྱང་གྲུབ་བར་མི་འགྱུར་རོ། །བླང་བར་བྱ་བའི་གར་ཟག་ནི་སྐྱེ་བ་སྔ་མར་སྦྱིན་པ་མ་བ་ཧ་ད་བས་བསོད་ནམས་ཆུང་བ་ཡིན་ཡང་སྒྲུབ་པ་པོ་ནང་གི་སྦྱིན་སྲེག་ལ་ཡིད་ཆེས་པ་མཉེས་པར་བྱས་ན་གྲུབ་པར་འགྱུར་རོ། །ཞེས་གསུངས་པས་དཔལ་ཧེ་རུ་ཀ་ནང་གི་སྦྱིན ་སྲེག་གི་མཉས་པར་བྱའོ། །ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་སྦྱིན་སྲེག་བཤད་ནས། དེ་རྣམས་ཀྱི་གནས་བཤད་པ་ནི། །དེ་ནས་བརྡ་དང་མཁའ་གྲོ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ ་སྣོད་དུ་གྱུར་པའི་རྣལ་འབྱོར་རྣལ་འབྱོར་ནི་རྡ་དང་ཁ་དོག་དང་དབྱིབས་ཀྱི་ལུས་ཀྱི་མཆིན་ཉིད་གང་ཡིན་པ་དང། སྣོད་དུ་རུང་བ་དང་མི་རུང་བའི་དཔའ་བོའི་ཡན་ལག་གི་དབྱེ་བ་བཤད་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ན། །དཔའ་བོའི ་དབང་ཕྱུག་མི་བྲི་ཞིང། ཞེས་བྱ་བ་སེགས་པ་སྨོས་ཏེ། ཐབས་དང་ཤེས་རབ་འཁྱུད་པའི་དཔའ་བོའི་དབང་ཕྱུག་རི་མོར་བྲི་ཞིང་བྲི་སུ་ཟིན་ཀྱང་དབང་མ་བསྐུར་བ་གང་གི་ཐད་དུ་ཡང་མི་གདོན་པ་དང། ཉན་ཐོས་ཀྱི་རིགས་ཅན་གྱི་མདུན་དུ་གཡོན་པཱི ་སྤྱོད་པ་མི་བསྟན་པར་བྱའོ། །གལ་ཏེ་སྒྲུབ་པོ་རྙེད་པ་དང་བསྐུར་སྟིའི་ཚད་དུ་གསང་བའི་མཚན་ཉིད་ཅན་གྱི་སྐུ་བྲི་ཞིང་མཁའ་འགྲོའི་སྔགས་བག་མེད་པར་འདོན་ཅིང་ལྟར་སྐུ་སྟོན་ན། དེ་ལ་ད་ནི་མི་ལྟ་དེ་ཞེས་གསུངས་པས་བཅོམ་ལྡན ་འདས་ཀྱིས་བྱིན་གྱིས་རློབ་ཅིང་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་སྟོང་ཕྲག་དུ་མས་ངན་པའི་བདག་ཉིད་ཅན་དེ་ཟ་བར་འགྱུར་རོ། འགལ་ཏེ་བྲམ་ཟེའི་སྡོམ་པ་དང་ལྡན་པའམ་ཉན་ཐོས་ཀྱི་སྡོམ་པ་དང་ལྡན་ན་མཁའ་འགྲོ་མའི་གནོད་དོ་སྙམ་ན། བྲམ་ཟེ་གསོད་པས་ཐེ་ཆེན ་མེད་ཅེས་གསུངས་སོ། །སྡིག་མེད་རྨོངས་པའི་བདག་ཉིད་ཅེས་བྱ་བ་ནི་རྙེད་པ་དང་བསྐུར་སྟིའི་ཕྱིར་ལྟའི་སྐུ་སྟོན་ཅིང་གསང་སྔགས་འདོན་བདེ་བར་གཤེགས་པ་བསླུས་པར་བྱུར་པས་དན་པའི་བདག་ཉིད་ཅན་དེ་ཟ་བར་འགྱུར་རོ། །དེ་ལ་ང་ནི་སྐྱོབ་མི་བྱེད་ཅེས ་བྱ་བ་ནི་ཉེས་པ་བྱས་ཀྱང་ཕྱིས་འགྱོད་པའི་སེམས་མི་སྐྱེ་བ་དེ་ལ་མི་སྐྱོབ་པོ། །དེ་ནི་གསང་བསྟེ་རྣལ་འབྱོར་པའི་ནང་ནས་སྒྲུབ་པའོ། །དམ་ཚིག་བསྲུང་བར་མི་ནུས་པ་དེ་སྲེག་རྫས་ཀྱི་ཕྱུགས་དང་འདྲ་བ་ཡིན་ནོ། །འཇིག་རྟེན་ཕ་རོལ་གནོན་པ་ནི། ཟླ་མ་ལ ་འཁུ་དམ་ཚིག་ཉམས། །མཐོ་རིས་འཇིག་རྟེན་ལས་དེ་ལྟུང། ཞེས་གསུངས་པ་ཡིན་ནོ། །དོར་བྱའི་གང་ཟག་བསྟན་ནས་བླང་བྱའི་གང་ཟག་བསྟན་པ་ནི། ཧེ་རུ་ཀ་དཔལ་ལྟ་དཀའ་ཨི་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་སྐྱོབ་པར་བྱེད་པས་ན ་ལྡགས་ཏེ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དང་དེའི་སྔགས་སོ། །དེ་དག་གང་ཞིག་བསྲུང་བར་བྱེད་པ་ལ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་དང་བཅས་པའི་ཕག་མོ་དགེ་བའི་གདོང་ཅན་དཔལ་ཧེ་རུ་ཀ་དཔའ་བོ་ཉི་ཤུ་རྩ་བཞི་དང་བཅས་བར་བན་འདོགས་པར་མཛད་དོ། ། ་མཚན་ཉིད་དང་པོ་བླ་མ་ལ་གུས་པ་ནི་བླ་མ་རྣམས་ནེ་བརྙན་བཀུར་བརྗོད། ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མཚན་ཉིད་གཉིས་པ་དམ་ཚིག་བསྲུང་བ་ནི་གསང་བ་བསྲུང་བའི་སྒྲུབ་པ་ཞེས་བྱ་བ་གསུངས་སོ། །མཚན་ཉིད་གསུམ་པ་ནི་བདེ་བའི་ལམ་ལ་མོས་པ་ནི། ་མཁའ་འགྲོ་མ་ལ་རྟག་དགའ་བས། དེ་ལ་དངོས་གྲུབ་འབྱུང་བར་འགྱུར་ཞེས་གསུངས་སོ། །མཚན་ཉིད་བཞི་བ་སེམས་བ་ནི་བསྒྲུབ་པ་པོ་བདག་ཉིད་འགྱུར། །ཁམས་གསུམ་ལ་བྱ་བའི་བདག་།ཅེས་བྱ་བ་གསུངས་སོ། །མཚན་ཉིད་ལྔ་པ་མཆོད་པར་འགྱུར་པ་ནི། སྒྲུབ་པོ ་དཔའ་བོ་ཉིད་འདོད་པ། །ཐམས་ཅད་དུ་ནི་མཆོད་པར་འགྱུར། ཞེས་གསུངས་སོ། །མཚན་ཉིད་དྲུག་བསྒོམ་པ་དང་ལྡན་པ་ནི། །དེ་ནི་རྣལ་འབྱོར་ལ་འཇུག་དགའ་། །ཡང་དག་ཁྲོ་བ་རིགས་པར་འགྱུར་ཞེས་གསུངས་སོ། །མཚན་ཉིད་བདུན་བ་བརྟུལ་ཞུགས ་དང་ལྡན་པ་ནི། །ཧེ་རུ་ཀའི་བརྟུལ་ཞུགས་འཛིན། །སློབ་དཔོན་དཔའ་བོ་ཐོབ་གྱུར་པ། ཞེས་བྱ་བ་གསུངས་སོ། །བརྒྱད་པ་འཛིན་པར་བྱེད་པའི་རྣལ་འབྱོར་པ་གང་ཞིག་ལས་བཅུ་གཉིས་ལ་སྦྱོར་བན་ཨོཾ་ལ་སོགས་པ་ཁྱད་པར་དབྱེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པ་ལ་ཨོ ་ཞི་བ་ལ་སྭཱཧཱ། དབང་ལ་ཧོ། མངོན་སྤྱོད་ལ་ཕཊ་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་དབྱེ་བའོ། །དེ་རྣམས་འབད་དེ་ཕྱག་བྱ་ཞིང་ཞེས་བྱ་བ་ནི་ཕྲིན་ལས་བཅུ་གཉིས་བྱེད་པའི་ལྷ་དེ་རྣམས་ལ་གུས་པར་འབད་ངེ་ཕྱག་བྱ་ཞིང་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་དེ་རྣམས་ལ་ཞི་བ་དང་རྒྱས་པ་ལ་སོགས་པའི་སྒོ་ནས་མཆོད་པ་བྱས་ན་རྟག་ཏུ་ལས་བཅུ་གཉིས་བྱེད་པའོ། །དཔའ་བོ་ཆེན་པོ་དེ་རྣམས་དང་ལྷན་ཅིག་རོལ་པ་དང་ལྡན་པས་བཀའ་བསྒོ་བ་ཉན་པ་ཐེ་ཚོམ་མེད་དོ། །དེ་ལྟར་ལས་བཅུ་གཉིས་དང་ལྡན་པའི་ལྷར་ཇི་ལྟར་བསྐྱེད་སྙམ ་ན། དེ་ཡི་ཐུགས་ཀ་ནས་ཕག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་ཀའི་ཆོས་ཀྱི་དབྱིངས་ལ་ཡུམ་རྡོ་རྗེ་བག་མོ་སྤྲུལ་པ་དེ་དང་སྙོམས་པར་ཞུགས་པ་ལས་དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་སུམ་ཅུ་རྩ་གཉིས་དང་བཅས་པ་སྤྲུལ་ནས་ལས་བཅུ་གཉིས་བྱའོ། །དེ་ཡང་ཀུན་སྤྱོད ་ལས། སྒྲུལ་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་བཅུ་དྲུག་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན་ཞེས་གསུངས་སོ། །མཚན་ཉིད་བརྒྱད་དང་ལྡན་པའི་རྣལ་འབྱོར་བས་སྔགས་བཅུ་གཉིས་ཟློས་ཤིང་དཀྱིལ་འཁོར་བཅུ་གཉིས་ནི་འདྲ ་བ་སྒོམ་པ་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། དེ་དང་གང་ཞིག་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་བྱ་བ་གསུངས་ཏེ། ཕྱི་དང་ནང་གི་སྦྱིན་སྲེག་པའི་རྣལ་འབྱོར་པ་ལྷའི་སྐུ་བསྒོམ་བ་དེ་དང་དེ་ནི་འཕགས་པའི་རིགས་སུ་ལེགས་པར་སྐྱེ?་ཤིང་དངོས ་གྲུབ་ལེགས་པ་མཐོང་བའི་སྲོག་ཆགས་དེ་ཡང་བསོད་ནམས་ཅན་ཡིན་ནོ། །དེའི་ཕན་ཡོན་གཉིས་པ་མཁའ་འགྲོ་རྣམས་ཀྱི་བསྲུང་བ་གསུངས་པ་ནི། །གསང་པ་འདུས་པ་ལྟར་དངོས་གྲུབ་ལེན་པ་ལ་བར་ཆད་ཀྱི་བགེགས་བཟློག་པའི་བདུད་རྩི་འཁྱིལ་པའི་འཁོར་ལོ་མི་དགོས་པར་ཆུའི་དང ་དུ་འདུག་ཀྱང་རུང་རྒྱ་མཚོ་འམ་རི་དང་རི་བོ་ལ་སོགས་པར་མཁའ་འགྲོ་མ་ཐམས་ཅད་ཀྱི་བུག་ཅིག་པ་ལྟར་ཞེན་པའི་ཐུགས་ཀྱིས་བལྟ་ཞིང་གཟིགས་པར་གནས་པ་ཡིན་ནོ། །དེ་ཉིད་བསྡུས་པ་ལྟར་གནོད་མཛེས་ཀྱི་སྔགས་ཀྱིས་བསྲུང་བ་མེད་པར་འཇིགས་པ་ཆེན་པོའི་དུར་ཁྲོད་ལ་སོགས ་པར་མཁའ་འགྲོ་དང་རོ་ལངས་ལ་སོགས་པ་དུ་མ་དེ་དང་ལྷན་ཅིག་ཏུ་རྣལ་འབྱོར་པ་དཔའ་བོ་ཆེན་པོ་བཀའ་ཇི་ལྟར་བསྒོ་བ་ལྟར་བདེ་བར་རོལ་ཅིང་རྒྱུ་བར་མཛད་པ་ཡིན་ནོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལྟར་ལུས་དག་ཡིད་གསུམ་ལ་བསྲུང་བ་མི་དགོས་པའི་རྣལ་འབྱོར་པར་རེ་སུལ ་དང་ཚང་ཚིང་ན་གནས་ལུས་ལ་མཁའ་འགྲོ་མ་རྣམས་ཀྱིས་གསང་བ་དང་ངག་ལ་གསང་བའི་དྲང་སྲོང་རྣམས་ཀྱིས་བསྲུང་བ་དང། ཡིད་ལ་རྣལ་འབྱོར་མ་རྣམས་ཀྱིས་སྦས་པའི་ཕྱིར་ཕྱོགས་དེ་དང་དེ་དག་ཏུ་སྒྲུབ་པ་པོ་འགྲོ་བའི་ཚེ་མཁའ་འགྲོ་མ་རྣམས་དང་ས་སྟེང་སུ་རོལ་པ་ཡིན་ནོ། ། ་ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གནས་བཤད་པ་ནི་དེ་ནས་སྒྲུབ་པའི་རྣལ་འབྱོར་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ལེན་པའི་དུས་སུ་ཕྱི་རོལ་གཟུགས་བརྙན་གྱི་འཁོར་ལོ་འམ། ནང་གི་ཆོགས་ཀྱི་འཁོར་ལོ་བྱེད་པའི ་ཚེ་བཞད་པ་རྣམ་པ་བརྒྱད་པ་དགོད། ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་ཧ་བརྒྱད་ཀྱིས་སྒྲ་གྲག་པའི་ཐོས་པའི་མཚན་མ་འབྱུང་ན་དེའི་རྗེས་ཐོགས་ལ་རྟགས་འདི་ཡང་དག་པར་མཐོང་བས་དངོས་གྲུབ་སྩལ་བར་གདོན་མི་ཟ་བ་ཡིན་ནོ། །དེ་ལྟར་མདོར་བསྟན ་ནས་རྒྱས་པར་བཤད་པ་ནི། འཇིགས་པའི་སྒྲ་ནི་རྣམ་མང་པོ་ཞེས་བྱ་བ་སྨོས་ཏེ། རྒྱུད་བླ་མ་ནས་འབྱུང་བ་ལྟར། ཧ་ཧ་ངང་ཧི་ཧི་དང་ཕཊ་ཕཊ་དང་ཧཱུཾ་ཕཊ་ཅེས་བྱ་བའི་སྒྲ་མི་བཟད་པ་མཁའ་འགྲོ་དྲུག་ཅུ་རྩ་གཉིས་ཀྱིས་འཇིགས་པའི་སྒྲ་སྒྲོས་པའི་ཚེ་དཔའ་བོ་ཉིད་སྟོབས་དུལ ་ལྡན་མཤིན་ཏུ་འཇིགས་པའི་ཕྱག་འབུན་པ་བསྒོམས་པས་དེ་རྣམས་སྐྲག་ཅིད་རྣམ་པར་དབྱེ་བར་འགྱུར་རོ། །གལ་ཏེ་དཔའ་བོ་མི་འཇིགས་ན་ལག་བ་གཡོན་པ་ནས་གཟུང་ལ་གནས་ཉི་ཤུ་རྩ་བཞིང་རང་རང་གནས་སུ་ཁྱེར་ནས་མཁའ་ ་འགྲོ་མ་དེ་རྣམས་དང་ལྷན་ཅིག་རྩེ་བར་བྱེད་ཅིང་སྣང་བ་མཛའ་ཡས་ཀྱི་བདེ་བ་ཅན་དང་འདྲ་བར་འགྱུར་རོ། །འོག་མིན་དུ་འགྲོ་བར་འདོད་ན་དཔའ་ཧེ་རུ་ཀའི་ནུས་པས་འདོད་པའི་རྣལ་འབྱོར་པ་དེ་མཁའ་འགྲོ་བའི་གནས་སུ་ཁྱེར་བར་བྱེད་དོ། །གནས་དེར་ཁྱེར་ན་ཡང ་བཞད་པ་བརྒྱད་ཀྱི་སྒྲ་ཐོས་པའི་སྒྲུབ་པ་བོ་བསྔགས་ཀྱི་ལུས་ཅན་དེ་འཁོར་བའི་རྒྱས་པ་དང་འཆི་བ་རྣམས་པས་མ་གྱིས་མི་ཁྱབ་པ་ཡོངས་སུ་འགྱུར་བ་ཐོབ་ནས་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུད་པར་འགྱུར་རོ། །རྫོགས་པའི་རིམ་པ་དང་སྦྱར་ན་འདི་སྐད ་སྟོན་པ་ཡིན་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་ཚེ་རླུང་གི་འཁོར་ལོ་ཧ་བརྒྱད་ཀྱིས་གྱན་དུ་བཟློག་པ་དང། དགའ་བ་ལ་སོགས་པའི་དུས་སུ་དབུགས་རྒོད་པ་དང། རྡམ་པ་འབྱུང་བ་ལ་སོགས་པའི་རྣམ་པ་མང་པོ་མི་བཟད་བར་འགྱུར་རོ། དེ ་དཔའ་བོ་འཇིགས་པ་མེད་པར་སྲོག་ཨ་བ་དྷཱུ་ཏཱི་ར་བཅུ་གན་ལག་པ་གཡོན་པ་ཞེས་བྱ་བའི་བརྡས་བཏངས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་གནས་སྤྱི་གཙུག་ཏུ་ཁྱེར་ནས་རྩ་སུམ་ཅུ་རྩ་གཉིས་ཀྱི་མཁའ་འགྲོ་མ་དང། རྟག་ཏུ་བདེ་བསམ་དོན་བར་རྩེ་ཞིང་སྒྱིར ་བཙ?་ག་ཛཱ་ལནབྷ?་ངའི་གནས་དང་འདྲ་བར་འགྱུར་རོ། །དེ་ལྟར་དཔའ་ཧེ་རུ་ཀའི་ནུས་པ་འདོད་པས་མགོན་མཁའ་ཨི་དཀྱིལ་འཁོར་གྱི་གནས་སུ་ཁྱེར་ན་ས་སྒྲུབ་པ་པོ་རླུང་བཟློག་པའི་རི་སྔགས་ཀྱི་ལུས་ཅ་ན་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལས་བརྒལ་བར་འགྱུར་རོ། ། ་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དངོས་གྲུབ་ཀྱི་དུས་བཤད་ནས་དབང་དུ་བྱ་བའི་སྦྱིན་སྲེག་བཤད་པ་ནི། དེ་ནས་ཞི་པ་བཤད་བྱ་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ན་ཐིབས་གང་གིས་རྒྱལ་རིགས་པའི ་སོགས་བའི་མི་རྣམས་དབང་དུ་འགྱུར་བ་ནི་རྣལ་འབྱོར་དང་སྔགས་དང་སྦྱིན་སྲེག་གི་ཚོགས་ལ་གནས་པའི་དཔའ་བོས་བཟླས་པ་གཅིག་གིས་གྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྒྲོན་མ་མྱོས་བྱེད་བཅས་པ་དང། །ཉ་ཡི་ཤ་དང་ལྡན་པར་ནི། ་ཞེས་བྱ་བས་སྲེག་རྫས་བསྟན་ཏེ། སྒྲོན་མ་ཤ་ཆེན་ལྔའོ། །མྱོས་བྱེད་ནི་འཆད་ངོ། །ཉ་ཤ་དང་ལྡན་པ་ནི་ཉ་ཤ་དང་བཅས་པའི་ཁྲག་དང་ལྡན་པའོ། །དཔའ་དབང་གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ནི་ལྷར་སྒོམ་པ་སྟེ། དཔའ་བོ་ནི་རྣལ་འབྱོར་པའོ། །དཔའ་བོའི ་དབང་པོ་ནི་དཔལ་ཧེ་རུ་ཀར་བསྒོམས་པའོ་གནས་སྐབས་ཐམས་ཅད་ནི་མཐུན་བཞིར་རོ། །ཉི་མ་བདུན་གྱིས་སྒྲུབ་བྱེད་ཅིང་ཞེས་བྱ་བ་ནི་མཐུན་བཞིར་ཏི་ངེ་འཛིན་དང་ལྡན་པས་ཕྱི་རོལ་གྱི་སྦྱིན་སྲེག་བྱ་བའམ། །མཆེན་མོ་སྦྱིན་སྲེག་བྱེང་ལ་གཞལ། ་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ་མཚན་མོ་ཕྱག་རྒྱ་ལྔ་ལ་སོགས་པའི་བཏུལ་ཞུགས་དང་ལྡན་བས་ནང་གི་སྦྱིན་སྲེག་བྱས་ནས་དབང་དུ་བྱེད་པ་ལ་སོགས་པ་དངོས་གྲུབ་རྒྱ་ཆེན་པོ་བཅུ་གཉིས་གསོལ་བར་འགྱུར་རོ། །རྒྱལ་རིགས་ལ་ཕྱི་དང ་ནང་གི་སྦྱིན་སྲེག་གྲངས་དུ་དང་ལྡན་པར་བྱ་ཞེ་ན། བརྒྱ་རྩ་བརྒྱད་དང་ལྡན་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། གྲངས་བརྒྱ་རྩ་བརྒྱད་དང་ལྡན་པས་ཐུན་གསུམ་དུ་ཕྱེ་དང་ནང་གི་སྦྱིན་སྲེག་རྒྱ་བྱེད་ལ་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཞག་བདུན་གྱི ་དབང་དུ་འགྱུར་རོ། །དེའི་ཕྱེད་ལྔ་བཅུ་རྩ་བཞིས་ཉི་མ་བདུན་སྦྱིན་སྲེག་བྱས་ན་དཔའ་བོ་ཆེན་པོ་སྟེ། རྒྱལ་ཚབ་དབང་དུ་འགྱུར་རོ། །དེའི་ཕྱད་ཞག་ཉི་ཤུ་རྩ་བདུན་སྦྱིན་སྲེག་བྱས་ན་སློབ་དཔོན་དབང་དུ་འགྱུར་རོ། །རྒྱལ་ཕྲན་རྣམས་ལ་ནི་གྲངས་སུམ་ཅུ ་རྩ་གཉིས་ཀྱིས་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །གྲངས་ཉི་ཤུ་རྩ་བཞི་བྲམ་ཟེ་རྣམས་ལ་ཉི་མ་བདུན་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དེ་བཞིན་དུ་རྒྱལ་རིགས་དག་ལ་བདུན་གྱིས་དབང་དུ་འགྱུར་པ་དང། རྡེའུ་རིགས་ལ་ལྔ་དང། དམངས་རིགས་ལ ་གསུམ་དང། ཐ་མ་སྟེ་གདོལ་པ་ཅན་རྣམས་ལ་རྗས་རེ་རེ་ཞིང་སྦྱིན་སྲེག་ཞག་བདུན་བྱས་ན་དབང་དུ་འགྱུར་རོ། །དེ་ལྟར་དཔའ་བོའི་རིགས་རིམ་གྱིས། །ཟླ་བ་གཅིག་ནི་ཡང་དག་སྤྱད། །ཅེས་བྱ་བན་གལ་ཏེ་ཞག་བདུན་གྱིས་མ་གྲུབ་ན་ཟླར་གཅིག ་གིས་བསྐྱར་བའི་ཆོ་གས་བསྐྱར་བར་བྱས་ན་དབང་དུ་འགྱུར་རོ། །སྔགས་དང་ལྡན་པས་སྒྲུབ་པ་པོས་བར་ཤིཾ་ཀུ་རུ་ཧོ། །ཞེས་བྱ་བའི་སྔགས་དང་ལྡན་པའི་སྒྲུབ་པ་པོས་རྒྱལ་རིགས་ལ་སོགས་པའི་འགྲོ་བ་ཐམས་ཅད་དབང་དུ་འགྱུར་བ་ཡིན་ན། །དཔའ་བོའི་ཆོ་ག་འདི་ཡིས་ནི། །འདོད་པ་བརྟེན་ནས་གྲུབ་པར་འགྱུར་རོ། །ཞེས་བྱ་བ་ནི་ཕན་ཡོན་སྟོན་པ་ཡིན་ཏེ། དབང་དུ་བྱ་བའི་ཆོ་ག་འདི་བཞིན་དུ་ལས་བཅུ་གཉིས་གདོང་པ་ལ་ཕྱི་དང་ནང་གི་སྦྱིན་སྲེག་འདི་བརྟེན་འགྲུབ་པར་འགྱུར་རོ། །ས་སྟེང་འདོད་པའི་དབང་ཕྱུག ་བཞིན་ཞེས་བྱ་བ་ནི་མིའི་འཁོར་ལོ་སྒྱུར་བ་ཐོབ་པ་འམ། དཔལ་ལྡན་སྐལ་པ་བཟང་པོར་འགྱུར། །ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པ་ལྷའི་འཁོར་ལོ་སྒྱུར་པར་གྱུར་བ་འམ། སྒྲུབ་པ་པོ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གི་ཡིད་དུ་འོང་བ་ལ་དབལ ་འཁོར་ལོ་བདེ་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ། །ལེའུ་བཞི་ཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བཅུ་དངོས་གྲུབ་བསྒྲུབ་པ་བཤད་ནས་གསང་སྔགས་ཀྱི་འཁྲུལ་འཁོར་ལེའུ་བཅུ་སྟོན་པ་ལས ་དང་པོར་རེ་ཞིག་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་སྔགས་དགོད་པར་སྟོན་པ་ནི་དེ་ནས་ལས་ཀྱི་མཆོག་རབ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་མཆོག་ནི་ཡི་གེ་འཁྲུལ་འཁོར་རྣལ་འབྱོར་པ་གང་གིས་ཤེས་ནས་དང་པོར་བསྐྱེད་པའི་རིམ ་པ་ལ་བརྟེན་ནས་མཐོང་བ་དང་རེག་པ་དང་ཐོས་པའི་མཚན་མ་ཐོབ་པའི་སྒྲུབ་པ་པོས་དངོས་གྲུབ་ལེན་པའི་ཚེ་དབང་དུ་བྱ་བའི་ལས་བཅུ་གཉིས་སྐྱེད་པ་འམ་ཡང་ན་རྫོགས་པའི་རིམ་ཕ་བསྒོམ་པའི་རྣལ་འབྱོར་པས་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་མ་ཆུ་མེ་ལ ་ཐིམ་པས་སྨིག་རྒྱུ་ལྟ་བུ་དང། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་དང། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲོན་མ་ལྟ་བུ་དང། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་ནམ་མཁའ་སྟོང་པ་ལྟ་བུ་ཐིམ་པའི་རྟགས་འབྱུང་བའི་ཚེ། འོ་ན་འབྱུང་བའི་སྔགས ་ཀྱི་འཁྲུལ་འཁོར་འདི་རྣམས་བྱས་ན་འགྲུབ་པར་འགྱུར་རོ། །དེ་ལ་རང་གི་མཚན་མ་ཐོབ་པ་དེ་ལས་དང་པོ་པའི་རྣལ་འབྱོར་བ་ཡིན་ལ། མཚན་མ་ཐོབ་པ་ཐོབ་པ་ནི་ཡེ་ཤེས་ཅུང་ཟད་ཙམ་ལ་དབང་བ་ཡིན་ནོ། །མཚན་མ་ཐོབ་པའི་རྗེས་ལ་འཇིག་རྟེན་གྱི་དངོས་གྲུབ་བཅུག་ཉིས ་འགྲུབ་པ་ནི་ཕྲིན་ལས་ཀྱི་ཡེ་ཤེས་ཀྱི་དབང་བ་ཡིན་ནོ། །ལས་བཅུ་གཉིས་ཀྱིས་འགྲོ་བ་བཏུལ་ནས་མཆོག་གི་དངོས་གྲུབ་ནི་ཚོགས་ཀྱི་འཁོར་ལོ་སྟོང་གཅིག་ཏུ་ཟ་བའི་གཙང་སྦྲ་དང། ཞི་བའི་བཏུང་བ་གསང་བའི་དབང་བསྐུར་གྱི་གཙང་སྦྲ་དང། ཤེས་རབ་དང ་ཡེ་ཤེས་ཕོ་ཉའི་གཙང་སྦྲས་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བསྐྱེད་ནས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སེམས་ཀྱི་སྟོང་ཉིད་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་བའོ། །དེ་ཡང་རྒྱུད་བླ་མ་ལས། སྐྱེ ་པ་སྟོང་ཕྲག་དུ་མ་རུ། །རྒྱུ་ཕྲུལ་ཡེ་ཤེས་ཀྱིས་བསྐུལ་བ་སྔགས་དང་ཕྱག་རྒྱའི་ལེགས་སྦྱོར་བས། །ཡེ་ཤེས་ལ་ནི་དབང་ཐོབ་ཡིན་ཞེས་གསུངས། །དེ་ལྟར་ན་གཞན་དོན་ཕུན་སུམ་ཚོགས་པ་བཅུ་གཉིས་ནི་དབང་གཉིས་པ་དགུག་པ་དང། གསུམ་པ་དབྱེ་བ་དང ་བཞི་པ་བསང་བ་དང། ལྔ་པ་བསྐྲད་པ་དང། དྲུག་པ་རྨུགས་པ་དང། བདུན་པ་རེངས་པ་དང། བརྒྱད་པ་རྨོངས་ཤིང་ཕུར་བུས་གདབ་པ་དང། དགུ་པ་ཚིག་འཕྲག་ཅིང་དགུག་པ་དང། བཅུ་པ་འོན་ལོང་དུ་བྱ་བ་དང། བཅུ་གཅིག་པ་མ་ནིང་ཉིད་དུ་བྱ་བ་དང། །བཅུ་གཉིས ་ལ་གཟུགས་སྣ་ཚོགས་སུ་གྱུར་བ་སྟེ། ལས་བཅུ་གཉིས་པོ་འདི་དག་བསྐྱེད་རྫོགས་ལ་མཚན་མ་ཐོབ་པའི་སྒྲུབ་པ་པོ་ལ་འཁྲུལ་འཁོར་དྲན་པ་ཙམ་གྱིས་གྲུབ་པར་འགྱུར་བར་གདོན་མི་ཟའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས་གནོད་མཛེས་ཀྱི་འཁྲུལ་འཁོར། ་དང་སྦྱར་ནས་ལས་བཅུ་གཉིས་འགྲུབ་པར་འགྱུར་གསུང། གནོད་མཛེས་ཀྱི་འཁོར་ལོ་ཇི་ལྟར་དགོང་ཅེ་ན། འཇིག་རྟེན་གྱི་འཁྲུལ་འཁོར་གྱི་མཁའ་བོ་བཟའ་ཆེན་པོ་བརྒྱད་ཡིན་ལ། དེས་གཟའི་རྒྱུ་བའི་འཁྲུལ་འཁོར་བཅིངས་ནས་པས? ་བཅུ་གཉིས་བྱེད་པས་དེ་ཉིད་བསྡུས་པའི་རྒྱུད་ལས་ཁྲོ་བོ་ཞེས་མིང་དུ་བརྟགས་སོ། །རིག་པ་མཆོག་ལས་གདོན་གྱི་གཙོ་བོ་འཁྲུལ་འཁོར་གྱི་མཚོན་ཆ་ཞེས་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས་བཅོམ་ལྡན་འདས་གནོད་མཛེས་ཀྱི་སྔགས་འདི་སྒྲ་གཅན་ཇི་ལྟར་རྡོ་རྗེ་རོལ ་པ་རྟའི་འགྲོས་ཀྱིས་དགོད་པའམ། སྔོན་བ་ལྟར་ཡི་དགས་སིན་པོ་གདོན་གྱིས་དགོད་པའམ། མིག་དམར་ལྟར་གཤིན་རྗེ་དབྱུག་པ་འཆད་པ་དགོང་བའམ། མཇུག་རིངས་ལྟར་མ་མོ་རིགས་ལྡན་མའི་འཁོར་ལོས་དགོད་པ་གསུངས་པ་བཞི་པོ་རེ་རེ་ཨ་ཡང་འཁྲུལ ་འཁོར་བྲི་བའི་གནས་སུ་མི་འདྲ་བ་བཅུ་གཉིས་དང། ཐི?་བའི་སྣ་ཚ་དང། །མྱུག?་མི་འདྲ་བ་བཅུ་གཉིས་དང། མིང་དང་སྤེལ་བའི་སྔགས་མི་འདྲ་བ་བཅུ་གཉིས་དང། ལིང་གའི་བྱེ་བྲག་མི་འདྲ་བ་བཅུ་གཉིས་ཀྱི་འཁྲུལ་འཁོར་རེ་རེས་ལས་བཅུ་གཉིས་ཕྱེད ་བས་བཞི་བཅུ་རྩ་གཉིས་སུ་འགྱུར་རོ་ཞེས་གསུངས་པའོ། །རྒྱུད་བླ་མ་དང་ཧེ་རུ་ཀ་འབྱུང་བ་དང་སྦྱར་ནས་ཡབ་ཀྱིས་ཉིང་པོ་དང་ཉེ་བའི་སྙིང་པོའི་འཁྲུལ་འཁོར་དང་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་དཔའ་བོའི་སྔགས་དང་དཔའ་མོའི་སྔགས་དང། ་དཔའ་བོའི་གོ་ཆའི་སྔགས་དང། དཔའ་མོའི་གོ་ཆའི་སྔགས་དང། དཔའ་བོ་རྐང་པ་བརྒྱད་པ་དང། དཔའ་མོའི་རྐང་པ་བརྒྱད་པའི་འཁྲུལ་འཁོར་ཏེ། འཁྲུལ་འཁོར་བཅུ་ལ་དབུས་ཀྱི་ནི་མི་འདྲ་བ་མིང་དང་སྤེལ་བ་བཅུ་གཉིས་བཀོད་པའི་དབྱེ་བས ་ཕྱེ་བ་ཡིན་ན་འཁྲུལ་འཁོར་བརྒྱ་ཉི་ཤུར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་འབྲས་བུ་བཤད་ནས་ད་ནི་དེའི་ཐབས་གསུངས་པ་ནི། ཤར་དང་བྱང་གི་གནས་སོགས་ལ། མཁའ་འགྲོ་མ་ནི་ཐམས་ཅད་ཁྱབ་ཅེས་བྱ་བ་གསུངས་ཏེ། དངོས་གྲུབ་སྒྲུབ ་པའི་ཚེ་གནས་ཉི་ཤུ་རྩ་བཞི་གནས་པའི་ལས་ཀྱི་ཕྱག་རྒྱ་དུང་ཅན་མ་དང། རི་དགས་ཅན་དང། པདྨ་ཅན་དང། རི་དགས་ཅན་དངོས་གྲུབ་ཀྱི་ཡན་ལག་ཏུ་བསྟེན་པར་གསུངས་པ་ཡིན་ནོ། །ཡེ་ཤེས་ལྡན་པར་རང་སྐྱེ་གནས། ཞེས་བྱ་བ་ནི་ཡེ་ཤེས་ལས་སྐྱེས་པའི ་བྱང་ཆུབ་སེམས་མའོ། །ཡུལ་དང་ཡུལ་དུ་མངོན་ཕར་སྐྱེས་ནེས་བྱ་བ་ནི་རྡོ་རྗེ་གདན་ཉི་ཤུ་རྩ་བཞིར་སྐྱེས་པའི་ཞིང་སྐྱེས་སོ། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་སྟི་ཞེས་བྱ་བ་ནི་བསྙེན་སྒྲུབ་བཞིས་ཡུམ་རྡོ་རྗེ་ཕག་མོར་བསྐྱེད་པའི་སྔགས་སྐྱེས་སོ། །དེ་ན་མཁའ་འགྲོ་མ ་རུ་བཤད། ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ནམ་མཁའ་འགྲོ་བས་མཁའ་འགྲོ་མ་སྟེ། ལས་བཅུ་གཉིས་བྱེད་པའི་དངོས་གྲུབ་སླབ?་པའི་ཡན་ལག་ཏུ་འགྱུར་པའོ། །གནས་ཉི་ཤུ་རྩ་བཞི་བོ་དེ་དག་གང་ཡིན་ཞེ་ན། སྐུའི་འཁོར་ལོ་ཀུ་ལུ་ཏཱ་ནས་ཐུགས་ཀྱི ་འཁོར་ཕུལ་ལིར་མ་ལ་ཡར་ཐུག་པའི་གནས་ཉི་ཤུ་རྩ་བཞིའོ། །སོགས་ཞེས་བྱ་བ་ནི་ཁྱིམ་ལྔ་པི་ལ་པ་དང། ཉེ་བའི་པ་ལི་དང། གྲོང་མཛའ་དང། ཉེ་བའི་གྲོང་མཛའ་རྣམས་གཟུང་བར་བྱའོ། །ཡུལ་དེ་རྣམ་ཀྱི་བུ་མོ་གང་ཞེས་བྱ་བ་ནི་ཞིང་སྐྱེས་ཀྱི་བུ་མོ་སྟེ ་དཔའ་བོ་དང་གཉིས་སུ་མེད་པར་འགྱུར་བའི་དངོས་གྲུབ་གྱི་ཡན་ལག་གི་རྣལ་འབྱོར་མའོ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། ཞེས་བྱ་བ་ནི་གནས་ཉི་ཤུ་རྩ་བཞིར་སྐྱེས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་མ་རྣམས་ཡིན་ལ་འདོད་པའི་གཟུགས་སྣ་ཚོགས ་སུ་བསྒྱར?་ནས་ཡིད་མགྱོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་རྣལ་འབྱོར་པའི་བསམ་བ་རྫོགས་པར་བྱེད་པ་ཡིན་ནོ། །དག་བྱེད་དབང་གིས་ལྟ་མོ་དང། །དཔའ་བོའི་ལྷ་མོ་བཀའ་བསྒོ་སྐྱེས། །དེ་འོག་མ་ལུས་ཀུན་སྤྱོད་མ། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས ་བཤད་པ་དང། འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔར་ནི་ཐུན་དུ་བསྒྲུབ་པ་དང། དངོས་གྲུབ་དང་བསྒྲུབ་པ་རྣཾས?་ཀྱི་ཡན་ལག་ཏུ་གསུངས་པ་ཡིན་ལ། ལེའུ་ཉི་ཤུ་རྩ་དྲུག་དང་རྩ་བདུན་དང་རྩ་བརྒྱད་དང་རྩ་དགུ་པ་ནི་དངོས་གྲུབ་གྱི་ཡན་ལག་ཏུ ་གསུངས་པ་ཡིན་ཏེ། ལེའུ་གསུམ་པ་ནས་ལྔ་བཅུའི་བར་གྱིས་ལེའུ་ཉི་ཤུས་ནི་ལས་རྣམས་ཀྱི་ལྷ་མོ་གསུངས་པ་ཡིན་ནོ། །དེ་ལ་བསྒྲུབ་པའི་ཡན་ལག་ནི་ལས་དང་པོ་བ་ལ་མཚན་མ་མ་ཐོབ་ཀྱི་བར་དུ་ཕྱག་རྒྱར་གྱུར་པའོ། ། ་མཚན་མ་ཐོབ་ནས་མཆོག་གི་དངོས་གྲུབ་པའི་ཡན་ལག་དང། གཞན་གྱི་དོན་དུ་ཕྲིན་ལས་བཅུ་གཉིས་བྱེད་པའི་ཕྱག་རྒྱ་ནི་འཇིག་ཏེན་གྱི་དངོས་གྲུབ་ཀྱི་ཡན་ལག་གོ། དངོས་གྲུབ་བསྒྲུབ་པའི་ལྷ་མོ་ཅི་ཞིག་དགོས་ཞེ་ན། དངོས་གྲུབ་གྲུབ་པའི་ཡན ་ལག་སྟེ། འཁོར་ལོ་སྒྱུར་བའི་བཙུན་མོ་རིན་པོ་ཆེ་བཞིན་དུ་རེག་བྱ་ཁྱད་པར་ཅན་གྱི་སྒོ་ནས་བསམ་གཏན་གྱི་ལུས་དང། ཡིད་ཀྱི་བདེ་བ་བསྐྱེད་བ་དང། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་བའི་བཤེས་གཉེན་བཅོམ་པ་མོ་ལྷའི་བཤེས་གཉེན་བཞིན ་དུ་རེག་བྱའི་སྟོང་པ་ཉིད་རྟོགས་པ་བྱེད་པ་ཡིན་ནོ། །དེ་ལྟར་དངོས་གྲུབ་གྱི་ཡན་ལག་གི་རེག་བྱའི་ཁྱད་པར་ཅན་ལས་ཀྱི་ཕྱག་རྒྱ་དང། རོ་ཁྱད་པར་ཅན་སྐྱེ་བ་བདུན་པའི་ཤ་དང། དྲི་ཁྱད་པར་བདུད་རྩི་ལྔའི་དྲི་དང། སྒྲ་ཁྱད་པར་ཅན་ཡི་གེ་དང་དག ་གི་བརྔ་དང། གཟུགས་ཁྱད་པར་ཅན་ལས་ཀྱི་ཕྱག་རྒྱའི་ཡན་ལག་དང། ཉིད་ལག་གི་བརྡ་དང་ལྡན་པས་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་ཁ་སྦྱོར་ལས་གསུངས་སོ། །སྔོན་བཅོམ་ལྡན་འདས་འཛུམྦུའི་གླིང་དུ་བྱོན་པའི་ཆོ་ཡེ་ཤེས་ཀྱི་ལྷ་མོ་དུ་ཞི་ཡོད་སྙམ་ན ་རྣལ་འབྱོར་མ་དྲུག་བྱ་བ་གསུངས་ཏེ། མདོར་བསྡུ་ན་གོ་ཆའི་ལྷའི་རིགས་དྲུག་གི་བདག་ཉིད་དོ། །དེ་ཡང་སྐུའི་འཁོར་ལོ་ཐ་མ་ཀུ་ལུ་ཏྲ་དང་མ་རོག་གཉིས་དང་བརྩོན་ཆེན་མ་འཁོར་ལོ་སྒྱུར་མ་ནི་མུ་མེ་རྣམས་ཞེས་བརྔས་བཏགས་སོ། །སིན་དྷུ་དང་ན་གང ་སྟོབས་ཆེན་མ་དང་ཤིན་ཏུ་དཔའ་མོ་ནི་རིགས་རྣམས་ཀྱི་གཙོ་མོ་ཞེས་བྱ་བའི་བརྡས་བཏགས་ཏེ། རྟ་མཆོག་གི་བཙུན་མོ་??་??་ཀའི་རིགས་བཞི་ཡིན་ནོ། །གསེར་གླིང་དང་སོའུ་རཱཥྚར་ནི་འཁོར་ལོའི་གོ་ཆ་མེད་དགོས་རིངས་མ་ནི་རིགས་ཀྱི་ལྷ་མོ་??་?? ་བཏགས་སྤོ། །གྲི་ཧ་དེ་པ་དང་པྲེ་ཏ་བུ་རིར་ནི་དུམ་སྐྱེས་མ་དང་འཁོར་ལོའི་ཤུགས་ཅན་མ་ལ་སྟོབས་ཆེན་མ་ཞེས་བྱ་སྟེ། དམ་ཁའི་སྙིང་པོའི་བཙུན་མོ་སྐྲག་བྱེད་མའི་རིགས་བཞིའོ། །ཧི་མཱ་ལ་ཡར་དང་ཀཱཉྩི་ནི་བྱ་གདོང་མ་ཞེས ་བྱ་བའི་བཏགས་སོ། །ལམ་པཱ་ཀ་དང་ཀ་ལིང་གར་ཤིན་ཏུ་བཟང་མོ་དང་སྔོ་བསངས་མ་ནི་ཁྱིམ་གྱི་ལྷ་མོ་བརྟུལ་ཞུགས་འཇི་ནམ་ཞེས་བྱ་བའི་བརྔས་བཏགས་བའི་ཧེ་རུ་ཀའི་བཙུན་མོ་བསྐྱོད་མའི་རིགས་པ་བཞིའི། །ཀོ་ས་ལ་དང་ཏྲི་ཤ་ཀུ་ནིར་ནི་ཆད་འཐུང ་མ་དང་རླུང་ཤུགས་མ་ལ་ཤ་ཟན་ཞེས་བྱ་བའི་བརྔས་བཏགས་སོ། །ཀཱ་མ་རུ་བ་དང་ཨོ་ཊེར་ནི་འཇིགས་བྱེད་ཆེན་མོ་དང་ས་སྲུངས་མ་ལ་རྡོ་རྗེ་མཁའ་འགྲོ་མ་དང་གཙོ་མོ་དབང་ཕྱུག་ཅེས་བྱ་སྟེ། པདྨ་གར་གྱི་དབང་ཕྱུག་གི་བཙུན་མོ་རྨོངས་བྱེད ་མའི་རིགས་བཞིའོ། །མཱ་ལ་བ་དང་དེ་བི་ཀོ་ཊིར་ཤིད་གྲིབ་མ་དང་ལང་ཀའི་དབང་ཕྱུག་མ་ལ་ཁཾ་ཊ་རོ་ཧོ་ཞེས་བཅུས་བཏགས་སོ། །རཱ་མེ་ཤྭ་རི་དང་གོ་དཱ་རིར་མི་ཐུང་མ་དང་དཔའ་བོའི་བློ་གྲོས་མ་ལ་མཁའ་མ་ཞེ་བྱ་བའི་བརྡས་བཏགས། ་ཏེ། རྣམ་པར་སྣང་མཛད་ཀྱི་བཙུན་མོ་གཤིན་རྗེ་མའི་རིགས་བཞི་ཡིན་ནོ། །ར་བུ་ང་དང་སྣ་ཆེན་མ་ཨུ་རྒྱན་དུ་སྣ་ཆེན་མ་དང་འོད་ལྡན་མ་སྨེ་ཤ་ཅན་ཞེས་བྱ་བའི་བརྡས་བཏགས་སོ། །ཛཱ་ལནདྷ་ར་དང་བུལླིར་མ་ཡར་གཏུམ་མིག་མ་དང་རབ་གཏུམ་མ་བུད ་མེད་ཅེས་བྱ་བའི་བརྔས་བཏགས་ཏེ། རྡོ་རྗེ་སེམས་མའི་བཙུན་མོ་རྡོ་རྗེ་ཕག་མོའི་རིགས་བཞི་ཡིན་ནོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་མ་ལས་རིགས་དྲུག་དང་སྦྱར་བར་བཤད་ཀྱང་རྩ་བའི་རྒྱུད་ལ་ནི་བུལླིར་མ་ལ་ཡ་ཛཱ་ལནདྷ་ང་གསེར་གླིང་ཞེས་བྱ་བའི་མིང་གིས་བཏགས་ནས ་ཐུགས་ཀྱི་འཁོར་ལོ་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོད་བ་ཡིན་ནོ་ཞེས་བཤད་བས་ཐུགས་ཀྱི་འཁོར་ལོའི་གནས་གཉིས་ལས་དྲུག་ནི་གསལ་བ་མེད་དོ། །ལྷག་མ་གཞན་དག་ཇི་སྙེད་པ་ཞེས་བྱ་བ་ནི་རིས་དྲུག་གིས་བསྡུས་པའི་གཙོ་མོ་ཉི་ཤུ་རྩ་བཞི་ལས་?? ་པ་ལྷ་མོ་བཅུ་གཉིས་ཀྱི་རིགས་ནི་དཔལ་ཧེ་རུ་ཀའི་འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །མཁའ་འགྲོ་མ་གསུམ་ཅུ་རྩ་དྲུག་པོ་འདི་དག་ཅིའི་ཕྱིར་གཙོ་མོ་ཡིན་ཞེན། ཤྲཱི་ཧེ་རུ་ཀ་སྦྱོར་བ། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །ཞེས་གསུངས་པའི་ཕྱིར་ཡེ་ཤེས་ཀྱི ་ལྷ་མོ་སྦྲུལ་པའི་སྐུ་ཡིན་ནོ། །མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །རྒྱུ་དང་མི་རྒྱུ་འགྲེ་བ་ཁྱབ། །ཅེས་བྱ་བ་ནི་རྒྱུ་བ་འགྲོ་བ་རིས་དྲུག་གི་གདུལ་བྱ་འདུལ་དང་མི་རྒྱུ་བསྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཁམས་སུ་བྱས་ནས་འགྲོ་བ་ཁྱབ་པས་གནས་བསན་སྒྲུབ་པ་པོ་ལ་དོད? ་གྲུབ་གསོལ་བ་ཡིན་ནོ། །དེ་ལྟར་ཡེ་ཤེས་ལས་གྲུབ་པའི་ལྷ་མོ་བཤད་ནས་མཆོག་ཏུ་གྱུར་པའི་རྣལ་འབྱོར་བའི་སྒྲུབ་པའི་ཡན་བག་བཤད་པ་ནི། མཁའ་འགྲོ་འདི་ཡི་དམ་ཚིག་ནི་ཞེས་བྱ་བ་ལ་སོགས་གསུངས་ཏེ། ལས་བཅུ་གཉིས་བྱེད་པའི་འཁྲུལ་འཁོར་འཆི་པའི་སྒྲུབ་པ་པོ་འདིའི ་དམ་ཚིག་ནི་སྤྲུལ་པའི་འཁོར་ལོ་བསྒོམ་པ་ཡིན་ལ། དེ་ཡང་བསམ་གཏན་དང་བཟླས་པ་དང་སྦྱིན་སྲེག་ལ་སོགས་བ་བྱས་ནས་སྟེད་འདི་རུ་ལས་བཅུ་གཉིས་ཀྱི་སྤྱོད་པ་རྫོགས་པར་འགྱུར་རོ། །བསམ་གཏན་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། རྒྱས་པར་བཤད་པ་ནི། སྔགས་པ་རྟག་ཏུ་མཉམ ་གཞག་པས་མཚན་མོ་ནམ་མཁའ་ཨི་གོས་ཅན་བྱ། ཞེས་བྱ་བ་གསུངས་ཏེ། དཔལ་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོའི་ཚེ་བྱད་དུ་བྱའོ། །སྐྱེས་པའམ་ཞེས་བྱ་བ་ནི་དཔའ་བོ་ཉི་ཤུ་རྩ་ལྡད་བསྒོམ་པའོ། །གཡོན་བ་ཀུན་ཞེས་བྱ་བ་ནི་ལྷ་མོ་སུམ་ཅུ་རྩ་བདུན་བསྒོམས་པའོ། །རྣལ་འབྱོར་མ ་དང་དཔའ་བོ་མཉེས། ཞས་བྱ་བ་ནི་སྲོག་ཨ་བ་དྷུ་ཏིང་བཅུག་ནས་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམས་པའོ། །དེ་ཡང་དེས་བརྗོད་ལས་ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་བར་བྱ་ཞེས་གསུངས་སོ། །ཕྱག་རྒྱ་གར་གྱིས་མཆོད་པ་ཡིས། །རང་འབྱུང ་རྟག་ཏུ་མཆོད་ན་ནི། ཞེས་བྱ་བ་དགའ་བྲལ་དུ་སོང་ན་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་མཆོད་པའོ། །དེ་ཡང་རང་རྫས་ཐིག་ལེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་གསུངས་སོ། མཆོད་པའི་འབྲས་བུ་ཅི་ཞིག་ཡིན་ཞེན་མ་ལུས ་ལུས་པ་མེད་གྲུབ་ཅིང་གཡོན་པ་མཆོད་ལ་རབ་ཏུ་འཇུག་ཅེས་བྱ་བ་གསུངས་ཏེ། དགར་བྲལ་དུ་སོང་ཡང། འཇིག་རྟེན་གྱི་དངོས་གྲུབ་མ་ལུས་པ་འགྲུབ་པར་འགྱུར་བ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྲོག་ཨ་པདྷུ་ཏཱིར་ཆུད་ནས་མི་ཏོག ་པ་སྐྱེས་ནས་མཆོག་གི་དངོས་གྲུབ་མ་དགའ་བྲལ་དུ་སོང་ཡང་ལས་བཅུ་གཉིས་ཀྱི་འཁྲུལ་འཁོར་དང་ལྡན་པས་འཇིག་རྟེན་གྱི་དངོས་གྲུབ་གྲུབ་པོ། །དེ་ལ་འཁྲུལ་འཁོར་ནི་འདི་ཡིན་ཏེ་ཞིང་ལ་གྲོ་གའམ་ཤིང་ཤུན་ལ། རྒྱས་པ་ལ་རས་སམ་སྤར་ལེབ་ལ། དབང་ལ་བུང?་མེད ་ཀྱི་སྨད་ཤམ་ལ། མདོན་སྤྱོད་ལ་དུར་ཁྲོད་ཀྱི་རས་??་གི་ཝད་ལ་སོགས་པས་བྲིས་ནས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འཁོར་ལོ་ལ་སྔགས་དྲུག་ཅུ་རྩ་གཉིས་བྲིས་ཏེ་ལྷ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་གོ་ཆ་བགོ་བ་དང་དབང་བསྐུར་བ་དང། བདུད་རྩི ་མྱང་བ་དང། བསྒོམ་པ་དང། བཟླས་པ་དང། མཆོད་པ་དང། བསྟོད་པ་དང། བཟླས་པ་བྱས་ནས་སླར་ཡི་གེ་ཞུ་བའི་འཁྲུལ་འཁོར་བསྒྲུབ་བྱའི་མིང་དང་སྤེལ་བ། ཞི་བ་ལ་གྲོག་མཁར་གྱིས་ལ་བྱས་པའི་ཟུགས་བརྙན་ནམ། རྒྱས་པ་ལ་ཁམས་ལ་བྱས་པའི ་གཟུགས་བརྙན་ནམ། །དབང་ལ་ཙན་དན་ལས་བྱས་པའི་གཟུགས་བརྙན་ནམ། །མངོན་སྤྱོད་ལས་ལ་བྱས་པའི་གཟུགས་བསྙན་གྱི་སྙིང་གར་བཅུག་ལ་ལས་བཅུ་གཉིས་བྱས་ན་འགྲུབ་གར་འགྱུར་རོ། །ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །། ་དེ་ལྟར་དཔའ་བོ་དང་རྣལ་འབྱོར་མའི་སྔགས་འཁོར་ལོ་བཤད་ནས་ཉེ་བའི་སྔགས་ཀྱི་འཁོར་ལོ་བཤད་པ་ནི། དེ་ནས་དཔའ་བོའི་མེ་ཏོག་ཆུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོ་གའམ་རས་སམ་སྨད་ཤམ་མམ་དུར་ཁྲོད་ཀྱི་རས་ལ་གཞལ་ཡས་ཁང ་དང་བཅས་པའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འཁྲུལ་འཁོར་བཀོད་ས?་ནས་སྙིང་པོ་རེ་རེའི་ཤར་ཕྱོགས་སུ་ཧ་གཉིས། བྱང་ཕྱོགས་སུ་ཧི་གཉིས། ནུབ་ཕོགས་ཧཱུཾ་གཉིས། ལྷོ་ཕྱོགས་ཀྱི་ཧེ་གཉིས་ཀྱི་དཔའ་བོ་དང་དཔའ་བོ་དང་དཔའ་མོ་ཐམས་ཅད་ལ་ཧ་བརྒྱད་ཀྱིས་བཀོར་བ་ནི་དཔའ་བོ་དང ་དཔའ་མོའི་ཉ་བའི་སྔགས་ཀྱི་འཁོར་ལོ་སྟེ་ལེའུ་བཅུ་གཉིས་བྱེད་པར་འགྱུར་རོ། །འཁྲུལ་འཁོར་དེ་བྱེད་པའི་ཚེ་ལིང་གའི་སྙིང་གར་འཁྲུལ་འཁོར་དེ་བཅུག་ནས་བདག་ཉིད་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་བར་བྱའོ། །ཇི་ལྟར་བསྒོམ?་པར་བྱ ་སྙམ་ན། དཔའ་བོ་དང་རྣལ་འབྱོར་མ་བསྙེན་སྒྲུབ་བཞིས་སྦྱངས་ལ་མེ་ཏོག་དང་ཆུ་ནི་རཀྟ་དང་ཤུ་ཀྲ་སྟེ་ཨ་བདྷཱ་ཏཱིའི་སྒོར་ཕྱིན་པ་འཐུང་ནས་ཞེས་བྱ་བ་གྱེན་དུ་བཟློག་པ་ལ་ཏིང་ངེ་འཛིན་བསྒོམ་པར་བྱའོ། །བཟློག་པའི་ཐབས་གང་ཡིན་ཞེ་ན། འཐུང་ནས་སྔགས་ནི་རྗེས་དྲན་བྱ་ཞེས་བྱ ་བ་སྨོས་ཏེ། ཧ་ཧ་རྣམ་པ་བརྒྱད་ཀྱི་སྔགས་ཀྱིས་སོ། །དུས་ནམ་གྱི་ཚེ་ཞེ་ན། ཕྱག་རྒྱ་ལན་ཅིག་སྒྲུབ་པ་པོས། །མཚན་མོ་རྟག་ཏུ་རོ་མཆོག་སྤྱང། །ཅེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་རླུང་ནང་དུ་འདུག་པའི་ཚེ་ནི་མཚན་མོ་ཡིན་ལ། །རླུང་གྱེན ་དུ་བཟློག་ན་བྱང་ཆུབ་ཀྱི་སེམས་ཀྱི་རོ་མྱང་བར་བྱའོ། །སྔགས་གསུམ་བྱང་འདི་ཉིད་ཀྱི་ཞེས་བྱ་བ་ནི་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་ནི་ཡིད་སྐྱོབ་བར་བྱེད་པའི་སྔགས་ཡིན་དགའ་བ་གསུམ་པོ་དེ་ཉིད་ཀྱི་ཚེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས ་ཀྱི་ཆུའི་ལུས་བདེ་བ་དང་ཡིད་བདེ་པ་ཐོབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། འཐུངས་དང་དེ་བཞིན་སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་མོའི་མེ་ཏོག་དང་དཔའ་བོ་བྱང་ཆུབ་སེམས་གྱེན་དུ་བཟློག་པ་འཐུང་པ་ཡིན ་ལ་སྦྱིན་པ་ནི་དགའ་བྲལ་དུ་འགྱུར་པའོ། །དེའི་རྒྱུ་གང་ཡིན་ཞེ་ན། རིག་དང་ལྷན་ཅིག་ནག་མོ་ཆེ་ཞེས་བྱ་བ་སྨོས་ཏེ། རིགས་ནི་ཨ་བ་དྷཱུ་ཏཱིའི་ཕྲེང་བས་དགའ་བའོ། །ལྷན་ཅིག་ནག་མོ་བསྒོམ་པའི་ཤེས་རབ་ལྟེ་བས་ཁྱབ་པས་ཁྱབ་པ་ནི་མཆོག ་དགའ་ཨོ། །བདེ་བས་ཚངས་པར་སྦྱོད་གྱུར་བ་ནི་ཡིད་བདེ་བ་ལྷན་ཅིག་སྐྱེས་དགའ་ལ་བདེ་བའི་རྒྱུས་བཏབ་པས་ཚངས་པར་སྦྱོད་པའོ། །བཞད་པའི་ཕྱག་རྒྱས་བསྒྲུབ་བྱ་ཞེས་བྱ་བ་ནི་གལ་ཏེ་དགའ་ཕྲལ་དུ་སོད་ན་རྣམས་པ་བརྒྱད་ཀྱིས་བཞད་པའི་ཕྱག་རྒྱས་རླུང ་གྱེན་དུ་བཟློག་པའོ། །ལྟོ་བའི་བསྙེམས་པས་གྲགས་ལྡན་པས་ཞེས་བྱ་བ་ནི་མིག་གི་ཕྱག་རྒྱས་མིག་??་པར་བྱའོ། །ངག་དང་མིག་གི་ཕྱག་རྒྱས་དུས་ནམ་གྱི་ཚ་བྱ་ཞོན། མཚན་མོ་འམ་དེ་བཞིན་ཉིན་མོ་འམ། །འདིས་ནི་བཞེད་པ་དག་ཏུ་བྱ། །ཞེས་བྱ་བ་ནི་མཚན་མ་དབུགས་རྡུང?་པར ་ཉིན་མོ་དབུགས་འབྱུང་བའི་དུས་སུ་གཉིས་གར་ཡང་རླུང་གི་འཁྲུལ་འཁོར་བཞད་པ་དག་གི་ཕྱག་རྒྱ་དང་ལུས་ཀྱི་འཁྲུལ་འཁོར་བྱ་བ་ཡིན་ནོ། །དེ་ལྟར་རྒྱས་པར་བསད་ནས་ཤིན་ཏུ་རྒྱས་པར་བཤད་པ་ནི། །གཟུགས་དང་ལས་ཀྱི་གསང་བ་གང། ཇི་ལྟར་གནས་པའི་དཔའ་ ་བོ་ཉོན། །ཞེས་བྱ་བ་གསུངས་ཏེ། དགའ་བ་བཞི་བསྙེས་པའི་གཟུགས་ཀྱི་རྟོག་པ་དང། བྱང་ཆུབ་སེམས་བཟློག་པའི་གསང་བའི་ཐབས་གང་ཡིན་པ་ཇི་ལྟར་གནས་པའི་ལག་ན་རྡོ་རྗེ་དཔའ་བོ་ཁྱོད་ཉོན་ཅིག་ཅེས་པས་སོ། །རྟག་ཏུ་དེ་ཡིས་མཆིལ་མ་འབྱུང་ཞེས་བྱང ་ནི་དགའ་བའི་འདུས་སུ་རྡུལ་འབྱུང་བ་དང། སྤྲུལ་ལངས་པ་དང། དགའ་བའི་རྡོ་རྗེ་ལས་བྱང་ཆུབ་སེམས་བསྒོམ་ཞིང་འདའ་བར་མི་བྱེད་པ་དང། ཕྱོགས་ཀྱི་གོས་ཀྱིས་མཆོད་པར་བྱའོ། །དེ་ལ་གཟུགས་ཀྱི་རྟགས་བཤད་པ་ནི། གཡོན་པའི་དབང་ཕྱུག་ཐམས ་ཅད་ཀྱི་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དང་ཞིང་དང་སྔགས་ལས་སྐྱེས་པ་རྣམས་སོ། །ཐམས་ཅད་དུ་ཕྱག་རྒྱའི་ཚོགས་དེ་དག་ལ་རིམ་གྱིས་དབུགས་འབྱིན་པ་དང་སྡུད་པ་དང་ལྡན་པ་ནི་དགའ་བའི་རྟགས་སོ། །རྒོད་པ་ནི་མཆོག་དགའ་ཨི་རྟགས་སོ། །མགེག་གི་ལྷན་ཅིག་སྐྱེས་པའི་རྟགས་སོ། །དཔའ་ ་བོའི་ངོ་མཚར་བ་ནི་དགའ་བྲལ་གྱི་རྟགས་སོ། །ལྡེ་ཡང་དགའ་བ་བཞིའི་དུས་ཀྱི་དབང་དུ་མཛད་ནས་སོ། སྣ་ཚོགས་དང་པོར་བྱས་ནས་ནི་ཞེས་བྱ་བ་གསུངས་ཏེ། དང་པོ་རྣམ་པ་སྣ་ཚོགས་སོ། །གཉིས་པ་ནི་རྣམ་པར་སྨིན་པའི་དུས་སོ། །གསུམ་པ་ནི་མཚན་ཉིད་དང་བྲལ་བའི ་དུས་སོ། །བཞི་པ་ནི་རྣམ་པར་ཉེད་པའི་དུས་སོ། །ཕྱག་རྒྱ་དང་མཉམ་པར་སྦྱར་བའི་ཚེ་དགའ་བྲལ་དུ་གྱུར་ན་སྔགས་རྗེས་སུ་དྲན་པར་བྱའོ། །དེ་ལྟར་གཟུགས་ཀྱི་རྟགས་བཤད་ནས་ལས་ཀྱི་བསང་བ་གསུངས་པ། ཧ་ཧ་ཧེ་ཧེ་རྣམ་པ་བརྒྱད་ཅེས་བྱ་བ་གསུངས་སོ ་ཧ་ཧ་དང་ཧོ་ཧོ་ཧཱུཾ་ཧཱུཾ་ཧེ་ཧེ་བརྒྱད་དོ། །དེ་དུས་ནམ་གྱི་ཚེ་ཉེ་བར་བརྟག་ཅེས། །སྣ་ཚོགས་དང་དབང་མཆོག་དང་དབང་མཆོག་དགའ་ཞེས་བྱ་བ་གསུངས་ཏེ། རྣམ་པ་སྣ་ཚོགས་དང། རྒོད་པ་རྣམ་པར་སྨིན་པ་དང། དབང་མཆོག་གི་མཚན་ཉིད་དང་བྲལ་བ་དང། སྔགས་བཞི ་རྣམ་པར་སྤྱོད་པའོ། །དུས་དེའི་ཆེ་ཧ་བརྒྱད་ཀྱིས་ཉེ་བར་བརྟགས་པར་བྱའོ། །ལྟ་བའི་བསྙེམས་པས་མིག་གིའོ། །ཕྱག་རྒྱ་ཇི་ལྟར་ཞེ་ན། གྲུབ་པར་བྱེད་པ་རབ་ཏུ་བསྔགས་ཞེས་བྱ་བ་སྨོས་ཏེ། མིག་བཙུམ་པའི་ཕྱག་རྒྱའོ། །དེས་ཅིང་འགྱུར་ཞེ་ན། དེ་ཉིད་ཀྱི་དགའ་བར ་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་བདེ་མི་ཉམས་པར་གྱུར་པའི་སྔགས་དང། ཕྱག་རྒྱ་ལེགས་པར་སྦྱར་ཞེས་བྱ་བ་ནི་རང་བཞིན་བརྒྱ་དང་བྲལ་བའི་ཡིད་ཀྱིས་སྔགས་སྐྱོ་བར་བྱེད་པས་ན་རྟོག་པ་དང་བྲལ་བའོ་ཀ་གནས་སྐབས་གང་གི་ཚེ་ཞེ་ན ་གཙོ་བོ་རྣམས་དང་དཔའ་བོ་ཡི། །ཡུམ་དང་ལྷན་ཅིག་འབྱུང་བ་དེ་བ། ཞེས་བྱ་བ་གསུངས་ཏེ། དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་ཉི་ཤུ་རྩ་བཞི་ཚོགས་ཀྱི་འཁོར་ལོ་བྱེད་པའི་གནས་སུ་དགའ་བ་རྣམ་པ་གསུམ་གྱི་ལྷན་ཅིག་འབྱུང་བའི་བདེ་བའོ། །རྡོ་རྗེ་གོམས ་པར་བྱ་བ་ཞེས་བྱ་བ་ནི་དགའ་བྲལ་དུ་མ་གྱུར་པ་གཡོན་པའི་རྣལ་འབྱོར་པས་ཡོངས་སུ་བརྟགས་པའི་བདེ་བའི་ཏིང་ངེ་འཛིན་བསྒོམས་ནས་འཁྲུལ་འཁོར་གྱི་ལས་བཅུ་གཉིས་བྱ་བའོ། །ལེའུ་བཞི་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཧ ་བརྒྱད་ཀྱི་འཁྲུལ་འཁོར་བཤད་ནས་དཔའ་བོའི་ཉེ་བའི་འཁྲུལ་འཁོར་གྱི་ལས་བཤད་བ་ནི། །དེ་ནས་ལྟ་བ་བཤད་བྱ་བཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་རྫོགས་ཀྱི་མཚན་མ་ཐོབ་པའི་རྣམ་པ་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་ལ་སྦྱར་བའི ་ཚེ་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྤྱན་གྱིས་གཟིགས་ནས་བྱིན་གྱིས་རློབ་པར་འགྱུར་རོ། །དཔའ་བོ་དང་ནི་གཉིས་མེད་མི། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྒོམས་པའི་རྣལ་འབྱོར་པའོ། །གནས་ཀྱི་དབྱེ་བ་ཆོ་ག་ཞེས་བྱ་??་ལུས ་ཀྱི་དཀྱིལ་འཁོར་བསྒོམ་ཤེས་པའོ། །སྒོམ་པ་རྟག་ཏུ་མངོན་དགའ་བ། ཞེས་བྱ་བ་ནི་གོ་ཆ་བསྒོམ་པའོ། །ཡེ་ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་བ་དང་ཏིང་ངེ་འཛིན་བསྒོམ་པ་ལ་དགའ་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་ལམ་གྱི་བཞི་མདོ་འམ ་ཁྱིམ་མམ་རི་བོ་འམ་གནས་གང་ཡང་རུང་བར་རྣལ་འབྱོར་པ་གནས་པའི་ཚེ་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་གྱིས་རིང་པོར་གནས་ཀྱང་གཟིགས་ཤིང་བྱིན་གྱིས་རློབ་པར་འགྱུར་རོ། །ཐབས་ཇི་ལྟ་བུ་དང་ལྡན་པར་གཟིགས་ཤེ་ན། ཕྱག་རྒྱ་གཅེར་བུས་མཆོད་པ་ཡིན། །ཕྱག ་རྒྱ་དང་གཉིས་སུ་མེད་པའི་རྣལ་འབྱོར་པ་སྟེ། མཆོད་པའི་ལས་དེ་ཉིད་ཀྱིས་གྲོལ་བར་འགྱུར་རོ། །ཆ་བྱད་ཇི་ལྟ་བུ་ཞེ་ན་གོས་གཞན་དག་གིས་བཀང་ནས་སུ། །ཞེས་བྱ་བ་གསུངས་ཏེ། །ནམ་མཁའ་ཨི་གོས་ཀྱིས་བཀབ་ནས་ལས་ཀྱི་ཕྱག་རྒྱ་དེ་དང་ཡང་དག་པར་རེ་གཅིང་ལུས ་དང་ཡིད་བདེ་བའི་འདོད་པ་ལ་སྤྱད་པར་བྱའོ། །དེ་བཞིན་སྐྲ་ནི་གྲོལ་འགྱུར་བས་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་བོ་སྐྲ་གྲོལ་བའི་གོ་ཆ་དྲུག་གིས་རྒྱས་བཏབ་པའོ། །ལས་རྣམས་ཐམས་ཅད་བརྩམ་པར་བྱའོ། །ཞེས་བྱ་བ་ནི་ཡི་གེ་བདུན་པའི་འཁྲུལ་འཁོར་དང་ལས ་བཅུ་གཉིས་བརྩམ་པར་བྱའོ། །དེ་ལྟར་རྒྱས་པར་བཤད་ནས་ཤིན་ཏུ་རྒྱས་པར་བཤད་པ་ནི། རྩ་བའི་སྔགས་དང་དེ་བཞིན་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་ལས་བཅུ་གཉིས་ཀྱི་བསྙེན་པ་བཤད་པ་བཞེད་ནས་རྩ་བའི་སྔགས་ཀྱི་འཁྲུགས ་འཁོར་དང་དེ་བཞིན་དུ་བསྡུས་པ་དང། ཡུམ་གྱི་ཉེ་བའི་སྙིང་པོ་བཞི་དང་གོ་ཆའི་སྔགས་གཉིས་དང་གནོད་མཛེས་ཀྱི་སྔགས་གཉིས་ནི་གཞན་ཞེས་བྱའོ། །འཁྲུལ་འཁོར་དེ་རྣམས་འཆིད་བས་ན་ཐོག་མ་ཕྱོགས་བཅིངས་པ་དང་སྲུང་བའི་འཁོར་ལོ་བྱས་ལ ་ལྷའི་ཡུལ་སུམ་ཅུ་རྩ་གསུམ་པ་དང་སྐར་མ་ལ་སོགས་པ་ལྷའི་ཚོགས་རྣམས་ཀྱིས་མཐོང་བར་མི་འགྱུར་གྱི་འཁྲུལ་འཁོར་གྱི་ལྷ་མཆོད་པར་བྱའོ། །བསྙེན་པའི་ལྷ་ལ་མཐོད་བ་དང། རེག་པ་དང། ཐོས་པའི་མཚན་མ་ཐོབ་ནས་སྙིམ་པ་མེད་ཏོག། ་གིས་བཀང་སྟེ། ས་ལ་ལྷུང་བར་མ་མཐོང་བ་བདེའི་ཆོ་གནས་དང་ཉེ་བའི་གནས་ན་གནས་པའི་ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་སྟོང་ཕྲག་གི་གནས་མཁའ་སྤྱོད་ལ་གནས་པར་འགྱུར་རོ། །ལྷའི་སྐུ་གསུང་གི་ཐད་ཀར་གནས་??་སལ་མི ་ལྟུང་ན་གསུང་གི་དབང་ཕྱུག་ཚེ་འགྲུབ་པར་འགྱུར་རོ། །ས་ལ་མི་སྣང་ན་འོག་གི་དངོས་གྲུབ་ལྷ་དང་ལྷ་མ་ཡིན་གྱི་གཏམ་གྱི་གཏམ་ཤེས་ཤིང་ས་འོག་གི་རླུང་ལ་སོགས་པ་དང་སྐར་མ་རྒྱུ་བ་ཤེས་པར་འགྱུར་རོ། །མཚན་མ་ཐོབ་པའི་རྣལ་འབྱོར་བ་དེ་ཡུལ་དང་དགོན་པ་དང་གྲོང ་དང་བཞི་མདོ་དང་གཅིག་དང་དཔའ་བོ་ཁྱིམ་ལ་སོགས་པ་རྣམས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་ལག་པ་གཡོན་པའི་མཐིལ་བྲིས་ན་ལྷ་དང་མི་སུས་ཀྱང་མཐོད་བར་མི་འགྱུར་རོ། །དེ་བས་ན་ཡུལ་ཕྱོགས་དེ་དག་ཏུ་སྒྲུབ་བྱ་བརྟག་ཏུ་གནས་ཀྱང་འཇིགས ་པ་དང་བཅས་པར་མི་འགྱུར་རོ། །ཤིང་དུང་ཁ་དོག་དམར་བསམས་ན། །ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ཁ་དོག་དམར་པོ་བསམ་ན་སྙིང་ག་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ན་མངོན་པར་ཤེས་པར་འགྱུར་རོ། །མི་ཕྱེད་པར་འགྱུར་མྱུར་བར་ཞེས་བྱ་བ་ནི་བདུང ་དབང་བར་ཆད་རྣམས་ཀྱིས་བྱེད་པར་མི་འགྱུར་རོ། །ཞིང་མྱུར་དུ་འགྲུབ་པར་འགྱུར་རོ། །ས་འཛིན་རྣམས་ཀྱང་གཞན་དུ་མིན་ཞེས་བྱ་བ་ཀླུང་ནི་རྒྱུན་ལས་བཟློག་ཀྱང་སྲིད། །ཉི་མེ་དང་ཟླ་བ་ནི་ས་ལ་ལྟུང་ཡང་སྲིད་ཀྱི་སང་འཛིན་རྡོ་རྗེ་འཆང་རྣམས་ཀྱི་བཀའ་ནི་གཞན ་དུ་འགྱུར་བ་མ་ཡིན་ནོ། །སྙིང་གར་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་བདེན་པ་བདར་ནས་ས་ལ་ཀུན་ཤའི་སྟན་ལ་ཉལ་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་ལྷས་བསྟན་པའི་རྨི་ལམ་མཐོང་བར་འགྱུར་རོ། །དེ་ཡང་དུས་མ་ཡིན་པར་འཆི་བ་དང ་གཞན་གྱི་གནོད་པས་འཆི་བ་དང། ནད་ཀྱིས་བཏབ་པ་དང། རྙེད་པ་དང་བཀུར་སྟེ་ལ་སོགས་པའི་བྱ་བཀད་ཡང་རུང་བ་རྣམ་པ་སྣ་ཚོགས་རྨི་ལམ་དུ་སྟོན་པར་འགྱུར་རོ། །དེ་བཞིན་དུ་སྔགས་བཟླས་ན་རལ་གྲིལ་ཡི་གེ་བདུན་པའི?་འཁྲུལ་འཁོར ་བགོད?་པ་འམ་མཐེ་བོང་ལ་བཀོད་པའམ་མར་མེ་དང་མེ་ལོང་ལ་བཀོད་ནས་པ་ཕབ་ན་བྲ་སེན་གསལ་བར་འབེབས་བར་འགྱུར་རོ། །བྱིས་པ་གཞོན་ནུ་མའི་མིག་ལ་ཡི་གེ་བདུན་པའི་འཁྲུལ་འཁར་བཀོད་ནས་སྔགས་ལན་བདུན་བཟླས་ན་དགེ་བ་དང་མི་དགེ་བ་སྟོན ་པར་འགྱུར་རོ། །དེ་ལྟར་ལས་གཉིས་བཤད་ནས་ལས་གསུམ་པ་ནི། དེ་ནས་དཔའ་པོ་ཡི་གེ་བདུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་པའི་ཐིལ་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་ཡི་གེ་ཤེལ་གྱི་ཕྲེང་པ་ལྟ་བུ་འོད ་ཟེར་བསམས་ནས་སྙིང་གར་ཡི་གེ་ཀཾ་ལས་ནད་ཀྱི་གཟུགས་པ་གནག་པ། སྐྲ་ཟེད་པ་བསམ་ལ། །ོཾ་བཛྲ་ར་དི་ནཱ་ཤ་ཡ་ཕཊ་ཅེས་བྱ་བས་ནད་མཐེ་བོང་ཙམ་དུ་བསམ་པར་བྱའོ། །ལས་བཞི་པ་ནི་ལག་པའི་མཐིལ་དུ་ཟླ་བ་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ ་འཁྲུལ་འཁོར་གྱི་ཤེལ་གྱི་རྣམ་པ་ལྟ་བུ་བཀོད་ནས་རིམས?་དང་གདོན་དང་བདུག་གིས་ཟིན་པ་ལ་སོགས་པའི་སྡུག་བསྔལ་བཅུར་འཕེལ་བར་འགྱུར་རོ། །ལས་ལྔ་པ་ནི་མཚན་མ་གསང་བའི་གནས་སུ་རྒྱས་པའི་སྦྱིན་སྲེག་གི་ཐབ་ཁུང་བྱས་ལ་མའི་ལྷའི ་ཐུགས་ཀར་ཡི་གེ་བདུན་པའི་འཁྲུལ་འཁོར་གྱི་ལྷ་བཀོད་ལ། བ་ལང་གི་ཤ་མར་དང་བསྲོས?་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །ལས་དྲུག་པའི་རྒྱས་པའི་ཐབ་ཁུང་དེ་ཉིད་ལ་དཔའ་བོ་ལྔ་དང། བདུད་རྩི་ལྔ་སྲེག ་བླུགས་སྟོང་བྱས་ན་ཡུལ་འཁོར་རྙེད་བར་འགྱུར་རོ། །ལས་བདུན་པ་ནི་ཞི་བ་དང་དབང་དང་མངོན་སྤྱོད་གང་རུང་བའི་ཐབ་ཁུང་དུ་གསང་སྔགས་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་དེ་ལྷ་དང་ནམིར་སྐྱེ་བ་གང་དང་གང་གསུངས་བ་དེར་སྐྱེ་བར་འགྱུར་རོ། ལས་བརྒྱད་པ་ནི། དཀར་པོ ་ཡས་ནི་ཞི་བར་འགྱུར་རོ། །ནག་པོ་ཡིས་ནི་ངེས་པར་བསོད། ཅེས་བྱ་བ་གསུངས་སོ། །ཞི་བ་ལ་དཀར་པོ་བཟླུམ་པོ་དང། མངོན་སྤྱོད་ལ་ནག་པོ་གླུ་གསུམ་དང། དབང་ལ་དམར་མོ་གཞུ་ལྟ་བུ་དང། རེངས་པ་ལ་ཁ་དོག་སེར་པོ་ཕྱེའི་དབྱིབས་ལྟ་བུ་དང། དཔུང ་གནོན་པ་ལ་དབང་ཆེན་སའི་དཀྱིལ་འཁོར་སེར་སྐྱ་དང། འཆི་བ་སློང་བ་ལ་ཁ་དོག་དཀར་པོ་འཁོར་ལོ་རྩིབས་བརྒྱད་པ་ལྟ་བུ་དང། སྦྲུལ་གྱིས་ཟིན་པ་ལ་ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཡི་གེ་ཕྲེང་བ་བརྒོད?་པས ་འཆི་བ་སློང་བར་འགྱུར་རོ། །ལས་དགུ་པའི་དུག་གིས་བརྒྱལ་བར་གྱུར་པ་ལ་ལག་པ་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་དེ་སྲིན་ལག་གི་ཚིགས་གསུམ་ལ་འཁྲུལ་འཁོར་བཀོད་ནས་ཁས་བྷི་བ་དུག་ལས་ཐར་པར་འགྱུར་ར། །རི་ཡས་དང ་གདོན་ལ་སོགས་པ་ཡང་ལག་པ་མཐོང་བས་འཇིགས་པར་འགྱུར་རོ། །ལས་བཅུ་པ་ནི་ལག་པ་གཡོན་པའི་མཐིལ་དུ་འཁྲུལ་འཁོར་བཀོད་ལ་གཡུལ་འགྱེད་པའི་ཆ་ཁུ་ཚུར་བཅངས་ན་མཚོན་གྱིས་ཚུགས་པར་མི་འགྱུར་རོ། །ལས་བཅུ་གཅིག ་པ་དབང་དུ་གྱུར་པ་ནི་འབྲས་བུ་དང་མེ་ཏོག་དང་སོ་རྩི་དང་ཟས་ལ་སོགས་པ་ནང་གི་སྦྱིན་སྲེག་སྤྱི་བླུགས་པའི་རྫས་ལ་ཡི་གེ་བདུན་པ་བཟླས་ན་དབང་དུ་གྱུར་པ་འམ་ཡིད་ཀྱི་འཁྲུལ་འཁོར་བཅིངས་ནས་དབུས་སུ་མིང་དང་སྤེལ་བ་བྲིས ་ན་དབང་དུ་འགྱུར་རོ། །དེ་བཞིན་དུ་ངག་གིས་བརྗོད་ཅིང་བཟླས་པས་ཀྱང་འཛམ་བུའི་གླིང་གི་ས་བཞི་ཤིང་དང་བཅས་ཤིང་རྒྱ་མཚོའི་སྐེ་རགས་ཀྱིས་མཛའ་བསྐོར་བ་དབང་དུ་འགྱུར་ཞིང་ཁམས་གསུམ་པའི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཚར་བཅང་པ ་དང་ཕན་འདོགས་པར་འགྱུར་རོ། །ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཡི་གེ་བདུན་པའི་འཁྲུལ་འཁོར་བཤད་ནས། ད་ནི་གོ་ཆའི་ལྷ་མོ་དྲུག་གི་འཁྲུལ་འཁོར་བཤད་པ་ནི། དེ་ནས་ཕོ་ཉ་མོ་རྣམས ་ཡི་གེ་བདུན་ཡང་ལྡན་འགྲུབ་བ་ཞེས་བྱ་བ་སྨོས་ཏེ། ཡི་གེ་བདུན་པའི་འཁྲུལ་འཁོར་གྱི་རྩིབས་ལ་གོ་ཆའི་ལྷ་མོ་དྲུག་གི་སྔགས་བཀོད་ན་ལས་བཅུ་གཉིས་གང་འདོད་པ་ལ་བརྩོན་འགྲུས་བསྐྱེད་ན་མྱུར་དུ་གྲུབ་པར་འགྱུར་རོ། །དེ་ལྟར་མདོང ་བསྟན་ནས་རྒྱས་པར་བཤད་པ་ནི། དེ་བཞིན་དུ་ནི་ཡི་གེ་བདུན་ཞེས་བྱ་བ་སྨོས་ཏེ། ལག་པའི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་འཁོར་ལོ་རྩི་བ་དྲུག་ལ་རྣལ་འབྱོར་མ་དྲུག་གི་སྔགས་དང་སྦེལ་ན་དབང་དུ་བྱ་བར་འདོད་པའི་གཟུགས་བརྙམ ་བྱས་ལ་སྔགས་ཟློས་ཤིང་གཟུགས་བརྙན་སྙིང་གར་མནན་ནས་ལག་པ་གཡོན་བདེ་ལ་བསྟན་ན་དེ་མྱུར་དུ་འགུགས་པར་འགྱུར་རོ། །ལག་པ་གཉིས་པ་ནི་ཙན་ངན་དམར་པའི་རྡུལ་དང་རྐ་ཚེ་དང་ལག་ཚྭ་དང་སྒྲུབ་པའི་རྐང་རྗེས་ཀྱི་ས་རྣམས་ལ་གཅིར ་ཏུ་བྱས་ཏེ། མཚན་མོའི་དུས་སུ་སྨེ་ཤ་ཅན་བྱི་མི་འམ་དམངས་རིགས་ཀྱི་མེ་འམ་དུར་ཁྲོད་ཀྱི་མའི་ནང་དུ་གཟུགས་བརྙན་ཕྱེ་མར་བྱས་ནས་ལྷན་བརྒྱ་བསྲེགས་པར་བྱས་ན་འགུགས་པར་འགྱུར་རོ། །ལས་གསུམ་པ་ན་རྡུལ་དེ་ཉིད་ལྕགས ་ཀྱི་ཕྱེ་མེ་དང་མྲེས་ནས་དུར་ཁྲོད་ཀྱི་རས་ལ་གཏུམ་དེ་ལས་ཀྱི་མདོར་སོར་ཉི་ཤུ་རྩ་བཞི་བརྐོས་ནས་དགྲའི་མིང་དང་བཅས་ཏེ་སྦས་ན་མྱུར་དུ་གནོད་པར་འགྱུར་རོ། །ལས་བཞི་པ་གཟུགས་བརྙན་དེ་ཉིད་ནས་བཏོན་ལ་འོ་མས་བཀྲུས་ན་སླར་འཚོ་བར་འགྱུར་རོ། །ལས ་ལྔ་པ་སྔར་གྱི་ཕྱེ་མ་དེ་ཉིད་ཀྱི་སྟེང་དུ་མྱོས་བྱེད་ལྔ་པོ་དང་རྒྱའི་ལང་ཏ་དང། ཁྱེ་དང་གསེར་ཤིང་དང་སྦྱར་དུག་དང་ལྔ་སྦྱར་བ་དུར་ཁྲོད་ཀྱི་རས་ལ་དགྲ་བོའི་མིད་རུས་དང་བཅས་པ་སྔགས་བརྒྱ་བརྒྱད་དུ་བཟླས་ཤིང་སྦས་ན་འཕྲལ་དུ་གནོན་པར་འགྱུར་རོ། །ལས་དྲུག ་པ་ནི་དེ་ཉིད་བསྟུན་ནས་ལོ་ནས་བསྐུར་ན་སླར་འཚོ་བར་འགྱུར་རོ། །ལེའུ་བཞི་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་མཁའ་འགྲོ་མ་དྲུག་གི་འཁོར་ལོ་བཤད་ནས། །མཁའ་འགྲོ་མ་དྲུག་གི་ཉེ་བའི་སྔགས་ཀྱི་འཁྲུལ་འཁོར་བཤད་པ་ནི། དེ་ནས་ལ ་ཀྱི་མཆོག་རབ་ནི། ངག་གི་དངོས་གྲུབ་བྱད་པའོ། །ཞེས་བྱ་བ་ལས་སོགས་པ་གསུངས་ཏེ། ལས་ཀྱི་མཆོག་རབ་ནི་འོ་གནས་བཤད་པའི་ལ་བཅུ་གཅིག་གོ་།ངག་གི་དངོས་གྲུབ་ནི་རྙེད་པའི་མཚན་མ་ཐོབ་ནས་དག་གིས་དངོས་གྲུབ་བསྒྲུབས་ནས་ལས་གང་ཡ་རུང ་བ་བསྒྲུབ་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། །ཀར་བཱི་རིའི་མེ་ཏོག་དམར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱ་ཚིག་ལས་བྱས་པའི་ལི་དགའ་ཨི་སྙིང་གར་མཁའ་འགྲོ་མ་དྲུག་གི་སྙིང་པོའི་འཁྲུལ་འཁོར་བྲིས་ནས་དབུས་སུ་མིང ་བྱང་བྲིས་ལིང་གའི་སྤྱི་བོར་ཀར་བའི་རའི་མེ་ཏོག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ལིང་གའི་སྤྱི་བོར་བསྣུན་པ་དང་བའི་འོ་མ་དང་བཟླས་བརྗོད་བྱས་བའི་མཆོག་ཡོན་བརྒྱ་རྩ་བརྒྱད་འབུལ་ཤིན་ཏུ་མཉམ་པར་བཞག་པས་ཞག་བདུན་དུ་མཆོད་པར་བྱས་ན་ཉིད་ཞག་བརྒྱད ་པ་ལ་ཆོ་ག་བྱ་ཞིང་ཉིན་ཞག་དགུ་པ་ལ་སྟ་གོན་བྱས་ལ་ཉིན་ཐག་བཅུ་པ་ལ་དཀྱིལ་འཁོར་བྲིས་ཏེ་ལིང་གའི་སྤྱི་བོར་མེ་ཏོག་བརྒྱ་རྩ་བརྒྱད་བསྣུན་ནས་ཉིན་ཞག་བཅུ་གཅིག་པ་ལ་མེ་ཏོག་བླངས་ལ་ཆུ་བོ་ཆེན་པོར་སོང་ནས་སྔགས་རེ་རེ་ཞིང་བཟླས་པ་ལ་མེ་ཏོག་ཆུ ་བོར་དོར་ན་བ་ཧེ་མེ་ཏོག་ཆུ་བོའི། རྒྱུན་ལས་བཟློག་སྟེ་འོང་བ་མཐོང་ན་ཆུ་དང་བཅས་པའི་སྙིམ་པམ་བཅུས་ལ་སོས་མ་རE་པར་མིད་ན་གསང་བའི་རྒྱུད་འདི་ལས་གསུངས་པའི་ཚིག་གི་དངོས་གྲུབ་པར་འགྱུར་རོ། །ལས་དང་པོ་བཤད་ནས། །ལས་གཉིས ་པ་ནི་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས?་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་སྔགས་པས་བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་སྙིང་གར་འཁྲུལ་འཁོར་བྲིས་ལ་བསྒྲུབ་པར་བྱ་བའི་ཁ་ལྷོ་ཕྱོགས་སུ་བསྟན་མལ་དེའི་སྙིང་གར་བསྒྲུབ་པར་བྱ་བ་དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ ་སྟེ་བསྒྲུབ་པར་བྱ་བ་ལ་དངོས་སུ་ཕྱོགས་ཤིང་དེའི་སྙིང་གི་པདྨའི་རྩ་བ་ནས་དྲངས་ཏེ། གཟུགས་བརྙན་གྱི་གསང་བའི་གནས་ནས་ཁབ་ཀྱིས་དྲུག་ལ་འཁྲུལ་འཁོར་གྱི་སྲང་བུ་དྲངས་ནས་ཡིད་ཏི་ངེ་འཛིན་ལ་གནས་བཞིན་དུ་ཐུན་གསུམ་དུ་སྐུད་པ་ནས་དྲང་ཞིང་མཐོབ་མོས ་བསྐྱོད་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱས་ན་བྲམ་ཟེ་ཡང་གསོད་པར་འགྱུར་རོ། ཞག་གསུམ་དུ་ཆེ་གེ་མོ་ཨཱ་ཀརཥ་ཡ་ཧཱུཾ་ཕཊ་ཅེས་བྱས་ན་བརྒྱ་བྱིན་དགུག་པར་འགྱུར་རོ། །ལས་གསུམ་པས་ནི་ཙན་དན་དམར་པོའི་རྡུལ་བྱས་པའི་གཟུགས་ལ་ཚ་བ་གསུམ་གྱི་ཆུས ་བསྐུད་ཞིང་གསང་བའི་གནས་སུ་ཟངས་མའི་ཁབ་ཀྱིས་ཕུག་ནས་ཁྲག་འཇག་པར་བསམས་ཏེ་སེང་ལྡེང་གི་མངག་མ་དུ་བ་མེད་པ་ལ་སྔགས་ལན་བདུན་བདུན་བཟླས་ཏེ་བསྲོས་ན་རྒྱལ་པོ་འཁོར་དང་བཅས་པ་འགུགས་པར་འགྱུར་རོ། །ལས་བཞི་པ་ནི་མའི་བདག་པ་འཁོར་དང། བཅས་པའི་གཟུགས ་བརྙན་གྱས་ལ་འགྲོ་གའི་འདབ་མ་ལ་བྲི་བ་འམ་དུར་ཁྲོད་ཀྱི་རས་ལ་རྒྱ་སྐྱེགས་དང་གི་ཝང་གིས་བྲིས་ལ་མིང་དང་སྤེལ་བའི་འཁྲུལ་འཁོར་སྙིང་གར་བཅུ་གནས་ཆེ་བ་གསུམ་གྱིས་བྱུགས་སྤྲ་ཚིལ་གྱིས་གཡོགས་ནས་དུར་ཁྲོད་ཀྱི་མ་ལ་གདུངས་ཤིང་སྤྲ་ཚིལ་མ་ཞུ་བར་དུ་བསྲོས་ན་འཁོར ་ལོ་སྒྱུར་པའི་རྒྱལ་པོ་དང་བཅེས་ནས་བར་དུ་འགྱུར་རོ། །ལས་ལྔ་པའི་བསྒྲུབ་བྱའི་རྐང་རྗེས་ཀྱིས་དང། ཙན་དན་དམར་པོའི་རྡུལ་དང་དུར་ཁྲོད་ཀྱི་ཐལ་བ་དང་བསྲེས་པ་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ་མཁའ་འགྲོ་མ་དྲུག་གི་འཁྲུལ་འཁོར་སྙིང་གར་བཅུག་ན་སེད ་ལྡེང་གི་མེ་དུ་བ་མེད་པ་ལ་བསྒྲུབ་བྱའི་གཟུགས་བརྙན་དེ་ལག་པ་གཉིས་ཀྱིས་མཉེས་ནས་སྦྱིན་སྲེག་བྱས་ན་འཚེ་བར་འགྱུར་རོ། །ལས་ན?་དྲུག་པའི་རྡུལ་དེ་ལས་བྱས་པའི་ལིང་ག་བླངས་ནས་ཡི་གེ་ཧཱུཾ་བྱས་པས་དབུགས་མི་འབྱིན་པར་བཟློག་ཤིང་དུར་ཡོད་ཀྱི་རས་ལིང་ག་མཆོད་རྟེན་ནག་པཱོ ་དཀྱིལ་དུ་བཅུག་ལ་སྦྱིན་གྱེན་དུ་བཞག་ནས་མཆོད་རྟེན་དཀར་པོས་མནན་ན་སྐྱེས་པའམ་བུད་མེད་ཀྱང་རུང་རྒྱལ་ཞིང་སེམས་དང་རླུང་གི་ཤུགས་ཀྱིས་འོང་ནས་སྒྲུབ་པ་བོའི་གནས་ཀྱི་སྟོང་དུ་ལྷུང་བར་འགྱུར་རོ། །གལ་ཏེ་ལས་ཀྱི་ཕྱག་རྒྱ་འགུགས་པར་འདོད་ན་དུད་འགྲོ ་འམ་ཡང་ཕོ་ཉ་མོ་ཞེས་བྱ་བ་ལ་དུད་འགྲོ་མི་ཀུན་སྤྱོད་མོ། ཕོ་ཉ་མོ་ནི་དག་བྱེད་དང་དབང་དང་དཔའ་མོ་དང་བཀས་གནང་བའི་ལྟ་མོ་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤེས་ནས་བརྡ་བྱས་ཀྱང་དབང་དུ་མ་གྱུར་ན་ཅེན་ངན་གྱི་རྡུལ་དང་རྐང་ཀྱི་ས་དང། དུག་དང ་ཁྲག་དང་སྐེ་ཚེ་དང་ལན་ཚ་དང་ལུངས་ཀར་དང་དུར་ཁྲོད་ཀྱི་ཐལ་བ་དང་བསྲེས་ཏེ། གཟུགས་བརྙན་བྱས་ཏེ་འཁྲུལ་འཁོར་བྱ་སྟེ་སྙིང་གར་མཁའ་འགྲོ་མ་དྲུག་གི་འཁྲུལ་འཁོར་བཅུག་ལ་མཆོད་རྟེན་ནག་པོ་ཁ་ཐུར་དུ་བཞག་པ་དང། དཀར་པོ་ཁ་གྱེན་དུ་བསྟན ་པའི་བར་དུ་བཅུག་ན། ཇི་སྲིད་འཚོའི་བར་དུ་ལས་ཀྱི་ཕྱག་རྒྱའི་བྱ་བ་བྱེད་ཅིང་ཕྱག་རྒྱའི་མཚན་ཉིད་འཛིན་པར་འགྱུར་རོ། །ལས་བདུན་པ་ནི་ཀ་ར་བཱི་རའི་ལྕུག་མ་རློན་པ་དབུང་པའི་ཆེད་དང་མཉམ་པར་སྐར་མ་རྒྱལ་གྱི་ཉིན་མོ་བྲམ་ཟེས ་དཀར་བ་སླར་སེར་པོ་ཤི་བའི་རོ་སྲེགས་པའི་མེ་འཁྲོ་ལ་དི་སྲིད་མཚིག་པ་དོ་སྲིད་ཀྱི་ཚེ་མྱུར་དུ་སོང་སྟེ་བླངས་ལ་མཁའ་འགྲོ་མ་དྲུག་གི་སྔགས་ཀྱི་ཐ་མར་ཆེ་གེ་མོའི་བུ་མོ་ཤིཾ་ཀུར་ཧོ་ཞེས་ཟློས་ཤིང་མགོ་ལ་ཡང་དང་ཡང་དུ་བསྐོར་ན་གཟུགས་མཛེས་པའི་བུར་ར ་དབང་མེད་པར་འཛིན་པར་འགྱུར་རོ། །ལས་བརྒྱས་པ་ནི་སྐར་མ་རྒྱལ་དུས་སུ་བསྒྲུབ་བྱའི་གཟུགས་བརྙན་སྔ་མའི་རྗེས་དེ་རྣམས་ལ་བྱས་ལ་མཁའ་འགྲོ་མ་དྲུག་གི་འཁྲུལ་འཁོར་བྲིས་ལ་སྙིང་གར་བཅུག་སྟེ་སྒྲུབ་བྱའི་མགོ་བོར་ཀ་ར་བཱི་རའི་མེ་ཏོག་བརྒྱ་རྩ་བརྒྱད ་བཟླས་པའི་སྐར་མ་རྒྱལ་གྱི་ཞག་མེ་ཏོག་རྣམས་བླངས་ཏེ་སྒྲུབ་པ་བོས་གི་ཝང་གི་མེ་ཏོག་བྱུགས་ལ་སྔགས་རེ་རེ་བཟླས་ཤིང་ཆུ་བོ་ཆེན་པོར་དོར་ཏེ་མེ་ཏོག་ཀྱང་ཆུས་མི་ཁྱེར་བར་གནས་པ་དེའི་ཆེ་ཆུ་བོ་ཆེན་པོར་ལྟེ་བ་མན་ཆད་ཞུགས་ཏེ་རིག་པ་སྟོང་ཟློས་ཤིང ་ལག་པ་གཉིས་ཀྱིས་མེ་ཏོག་ཕྱེ་མར་བྱས་ལ་ཆུ་དང་བཅས་ཏེ་བཏང་པར་བྱའོ། །དེས་དག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ལས་བཅུ་པ་ནི་རྒྱལ་པོའི་བཙུན་མོ་དང་བཅས་པའི་སྤྱི་བོར་ཆེ་གེ་མོ་བ་ཤི་ཀུ་རུ་ཧོ་ཞེས་བྱ་བ་དང་བཅས་པས་ཀ་ར་བཱི་རའི་མེ་ཏོག ་བསྣན་ན་རྒྱལ་པོ་བཙུན་མོ་དང་བཅས་པ་འགུགས་པར་འགྱུར་པདྨ། །ལྷ་དང་ལྷ་མ་ཡིན་གྱི་གཟུགས་བརྙན་བྱས་ལ་ཀ་བཱ་རི་ཡཱི་མེ་ཏོག་གི་ཝང་གིས་བྲུགས་པ་བསྣུན་ན་མྱུར་དུ་དབང་བྱེད་པར་འགྱུར་རོ། །ལས་བཅུ་གཅིག་པ་ནི་མངོན་སྤྱོད་ཀྱི་འཕྲུལ ་འཁོར་བྱས་ལ་དེའི་ལྟ་བར་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་བཅས་པ་བྲིས་ཏེ། ཀ་ར་བཱི་རའི་མེ་ཏོག་བསྣུན་ན་བསོད་པར་འགྱུར་ཞིང་དབྱེ་བའི་སྔགས་བྲིས་ནས་མེ་ཏོག་བསྣུན་ན་ཕྱེ་བར་འགྱུར་བ་དང། བསྐྲད་པའི་སྔགས་བྲིས་ན་བསྐྲད་པར་འགྱུར ་བ་དང། །རྨོངས་པ་ལ་སོགས་པ་ཚར་གཅོད་པར་འགྱུར་བ་དང། ཚིག་ཙམ་གྱིས་ཆུ་ཕོ་བརྟི་ལ་སོགས་པ་ཐམས་ཅད་གནོན་པར་འགྱུར་བ་དང། ཡིང་ལ་བསམས་པའི་ལས་ཅུ་གཉིས་པོ་གང་དང་གང་འདོད་པའི་ཚིག་གིས་ཐམས་ཅད་བྱེད་པར་འགྱུར་རོ། ། ་འཁྲུལ་འཁོར་བཅུ་གཉིས་ལ་ཀ་ར་བཱི་རའི་མེ་ཏོག་གིས་བསྣུན་ཅིང་གཞན་ཞལ་ནས་རྒྱུད་གསུམ་ལ་གསུངས་པའོ། །སེ་བདག་གིས་ཕྱག་རྒྱ་དབང་དུ་བྱེད་པའི་ཚེ་ན་འཁོར་གྱི་དཔའ་བོ་དབྱེ་བ་གཞན་ཞལ་ནས་རྒྱུད་གསུམ་ལ་གསུངས་པའོ། །སེ་བདག་གིས ་ལེའུ་ལ་བཅུ་རྩ་གཅིག་བདེ་བཤད་པར་བྱའོ། །རྒྱལ་རིགས་ཀྱི་བུང་མེད་བསྙེན་བསྒྲུབ་བཞིས་སྦྱངས་ལ་ཀར་བཱི་རའི་མེ་ཏོག་དམར་པོ་བླངས་ཏེ་མེ་ལོག་གཉིས་ཁ་སྦྱར་ལ་སྐྱེ་གནས་ཀྱི་དབུས་སུ་བཅུག་ནས་གཉིས་སུ་མེད་པའི་སྙོམས་པར་འཇུག་པ་བཞིའི ་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པས་མཁའ་འགྲོ་མ་དྲུག་གི་སྔགས་ཀྱི་མཐར་རྒྱལ་རིགས་ཀྱི་བུ་མོ་བ་ཤི་ཀུ་རུ་ཏོ་ཞེས་བྱ་བ་ཟློས་ཤིང་སྙོམས་པར་འཇུག་པའི་རྗེས་ལ་སྐྱེ་གནས་ཀྱི་དབུས་ཀྱི་མེ་ཏོག་བླངས་ཏེ་མེ་ཏོག་བང་དཔང་དུ་བྱ་བར་འདོད་པ་ལ་བསྣུན ་ནེ་དའི་མོང་ལ་དབང་དུ་གྱུར་པ་དང། བརྒྱ་ལ་དབང་དུ་མ་གྱུར་ན་ཡང་བརྒྱལ་དང་སྨྱོས་པར་འགྱུར་རོ། །དེ་ནས་དེའི་མོད་དུ་བྱས་ལ་བསྙེན་བསྒྲུབ་བཞིས་སྦྱངས་ལ་སྨྱོ་བ་དང་སེམས་ལོག་ན་ཐ་མལ་པའི་ཚེ་སྐད་ཅིག་གིས་དབང་དུ་འགྱུར་རོ། །འཁྲུལ་འཁོར ་འདི་ནི་གང་མངོན་སུམ་བསྒྲུབ་པ་དེ་ལ་འཁྲུལ་འཁོར་བཅིངས་ན་ངོན་ཡོད་ཅིང་དེ་བར་དུ་བྱེད་པ་ཡིན་ནོ། །ལེའུ་བཞི་བཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་མཁའ་འབྲོ་མ་དྲུག་གི་འཁོར་ལོ་བཤད་ནས། །དེ་ནི་བཅོམ་ལྡན་འདས་སྙིང ་པོའི་འཕྲིན་ལས་དཀྱིལ་འཁོར་གྱི་འཁོར་ལོ་བཤད་པ་ནི། །དེ་ནས་ཡི་གེ་ལྔ་ནི་བྱས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་ནི་བྲོ་ག་འམ། རྒྱས་པ་ལངས་སམ། །དབང་ལ་བུད་མེད་ཀྱི་སྨད་ཤམ་མམ། མངོན་སྤྱོད་ལ་དུར་ཁྲོད་ཀྱི་རས་ལ་དཀྱིལ་འཁོར་གྱི་འཁོར ་ལོ་གྲུ་བཞི་དང་བཅས་པ་བྲིས་ལ་དབུས་སུ་ཡི་གེ་ཧཱུཾ། ཤར་ཕྱོགས་སུ་ཧ་ལྟོ་ཕྱོགས་སུ་ཧི། ནུབ་ཕྱོགས་སུ་ཧེ། བྱང་ཕྱོགས་སུ་ཧཱུཾ་འབོད་ལ། སྒྲུབ་བྱའི་མིང་དང་སྤེལ་ཏེ་འཁྲུལ་འཁོར་བྲིས་ན་ལས་བཅུ་གཉིས་ཐམས་ཅད་གྲུབ་པར་བྱེད་དགེ་ནད ་གི་ཤེས་པ་ཙམ་གྱིས་ནི། མྱུར་དུ་དངོས་གྲུབ་ཐོབ་པར་བྱེད། ཅེས་བཤད་པ་ཡིན་ནོ། །དེ་ལྟར་མདོར་བསྔན་ནས་རྒྱས་པར་བཤད་པ་ལ་འཁྲུལ་འཁོར་སྔགས་ནི་ཧ་ཧི་ཧཱུཾ་ཧཽ། དགྲ་བོའི་རྐང་རྟེས་ཀྱིས་དང་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཚྭ་དང་བཅས ་དང་ཁོའི་གཟུགས་བརྙན་བྱས་ལ་ཆེ་གེ་མོ་ལ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་ཨ་དང་བཅས་པས་འཁྲུལ་འཁོར་སྙིང་གར་བཅུག་ལ་ཆེར་མའི་མེ་ལེ་ལིང་ག་ལག་བསམ་ཉེས་ནས་སྦྱིན་སྲེག་བྱས་ན་ཁ་ནས་ཁྲག་འཛག་ཅིང་འཆི་བར་འགྱུར་རོ། །ལས་གཉིས་པ་ནི ་རང་གི་སྲིན་ལག་གིས་ཁྲག་གིས་སྐྱེས་པའི་ཐོད་པ་ཤ་མེད་པར་བ་ཉེགས་པའི་སྤྱི་བོར་དགྲ་བོའི་གཟུགས་བརྙན་བྲིས་ལ་སྙིང་གར་འཁྲུལ་འཁོར་ལ་དགུག་པ་དང་གཞུག་པ་དང་དབང་དུ་བྱས་སྲིན་ལག་གི་ཁྲག་དང་བཅས་པས་ཐོད་པ་མཉེས་ན་དེ་སྲིད་སྐད ་ཀྱི་བར་དུ་ཐུན་བཞིར་སྔགས་བརྒྱ་རྩ་བརྒྱད་འདས་ཤིང་མཉེས་ན་སའི་བདག་པོ་ཡང་འཆི་བར་འགྱུར་རོ། །ལས་གསུམ་པ་ནི་དགྲ་པོའི་གཟུགས་བརྙན་ཀྱི་སྙིང་གར་འཁྲུལ་འཁོར་བཅུག་ནས་དུར་ཁྲོད་ཀྱི་གནས་སུ་སྦས་ལ་ཁྲོ་བ་དང་བཅས་ཤིང་འགིར ་གསིག་པ་དང། ལུས་གསིག་པ་དང། རྐང་བ་འདེགས་པ་དང་བཅས་པས་ལིང་ག་མནན་ཅིང་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ་མིག་འབྲས་བུ་ཧཱུཾ་ལས་འོད་དམར་པོ་འབྲས་བས་སྔགས་བརྒྱ་རྒྱ་བརྒྱད་བཟླས་ཤིང་ཐུན་བཞིར ་མནན་ན་དགྲ་བོའི་ཚོགས་དང་བཅས་པ་རྒྱལ་པོས་འཕམ་པར་བྱེད་དོ། །ལས་བཞི་པ་ནི་བྱ་ལ་སོགས་པའི་ཤ་དང་མཁའ་འགྲོ་མའི་ཆོགས་ལ་གཏོར་མ་ཆེན་པོ་བྱ་སྟེ་ཆེ་གེ་མོ་ནོན་ཅིག་ཅེས་བྱས་ན་གཞན་དག་རངས་པར་འགྱུར། ལས་ལྔ་པ་ནི ་གཟུགས་ཡོངས་སུ་བརྗེ་བ་ནི་རི་བོ་ལ་སོགས་པའི་ཡོངས་ཀར་དུ་བསྐྱེད་ལ་སངས་རྒྱས་སྤྱན་གྱིས་བོན་གཟུགས་པ་དང་མཱ་མ་ཀཱིའི་སྔགས་ཀྱིས་བཅུག་པ་དང། གོས་དཀར་མོའི་སྔགས་ཀྱིས་བསྲུང་བ་དང། སྒྲོལ་མའི་སྔགས་ཀྱིས་རྩ་བ་གསལ་བར་བྱའོ། །དམངས་རི་བུ ་ཀྱི་བུ་མོའི་ལག་པར་སྤུལ་ལ་སྲོག་ཆགས་གང་གི་ཐོད་པར་བསྐྱེད་ལ་དེའི་སྤྲའི་སྲིད་བུ་ལ་སྔགས་སྟོང་རྩ་བརྒྱད་བཟླས་ཏེ་ཡུངས་ཀང་ཐུན་བུ་གང་གི་མགུལ་དུ་བཅིངས་པ་ངེ་སྲོག་ཆགས་དེ་དག་དང་འདྲེ་བར་འགྱུར་རོ། །སྒྲུམ་མའི་གཟུགས་བསྟར་བྱས་པ ་སྙིང་གང་འཁྲུལ་འཁོར་བཅུག་ནས་ལག་པ་གཉིས་ལ་འཁྲུལ་འཁོར་བཀོད་དེ་སྔོན་དུ་བརྙེན་པ་བཟླས་བརྗོད་སྟོང་བྱས་ནས་ཀ་ར་བཱི་རའི་མེ་ཏོག་ལ་བསྔགས་ཤིང་སྒྲུམ་མའི་གཟུགས་བརྙན་ལ་བརྡེག་བ་དང། ལག་པ་མཉེས་ན་མངལ་འཇིག་པར་འགྱོར་རོ ་ལས་བདུན་པ་ནི་འོམ་ས་བཀྲུས་ན་འཕར་བར་འགྱུར་རོ། །ལས་བརྒྱད་པ་ནི་སྟར་བསྟན་པའི་རྫས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་འཁྲུལ་འཁོར་བཅུག་ལ་དུར་ཁྲོད་ཀྱིས་སར་སྦས་ལ་མཚན་མེད་མ་ཡི་གེ་བདུན་པ་ཕྱག་འབུལ་དུ་བསྒོམས་ལ་རྩ་བའི་སྔགས ་ནས་སྡིགས་མཛུབ་བྱས་ན་འཆི་བ་དང་འོ་མས་བཀྲུས་ན་འཚོ་བར་འགྱུར། །ལེའུ་བཞི་བཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ། །དེ་ནས་ཡབ་ཀྱི་ཕྲིན་ལས་ཀྱི་འཁོར་ལོ་བཤད་ནས་ཡུམ་གྱི་སྙིང་པོའི་འཁྲུལ་འཁོར་བཤད་པ་ནི། དེ་ནས་ཡང་དག་བཤད ་བྱ་བ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་གྲོ་ཀུན་གྱི་སྙིང་པོ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་འགྲོ་མ་ཀུན་ནཾ་སུམ་ཅུ་རྩ་བདུན་ནོ། སྙིང་པོ་ཡི་གེ་བཅུ་གསུམ་པོ། འདི་ནི་དྲན་པ་ཙམ་གྱིས་ཀྱང། །ཞེས་བྱ་བ་ལ་སོགས་པའི་འཁྲུལ་འཁོར་གྱི་གཞི་ལ་འཁོར ་ལོ་རྩིབས་བརྒྱད་པ་བྲིས་ཏེ། དབུས་ཀྱི་ལྟེ་བ་ལ་ཧོ། །ཤར་ཕྱོགས་སུ་ཨོཾ་དང། བྱང་ཕྱོགས་སུ་བ་དང། ནུབ་ཕྱོགས་སུ་ཛྲེ་དང། ལྟོ་ཕྱོགས་སུ་བཻ་དང། ཤར་ལྷོར་རོ། །ལྷོ་ནུབ་ཏུ་ཅན། ནུབ་བྱང་དུ་ནཱི། བྱང་ཤར་དུ་ཡེ་སྒྲོ་བྷི་རུ་ཧཱུཾ་གཉིས་དང་ཕཊ་དང་སྭཱཧཱ་དང་བཅས་པས་གཡོན་སྐོར་ཌཱི? ་དགོད་པར་བྱའོ། །དེ་ནས་ལིང་གའི་སྙིང་གར་བཅུག་ལ་སྔགས་བརྗོད་པ་ཙམ་གྱིས་དངོས་གྲུབ་བཅུ་གཉིས་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས། རྒྱས་བར་བཤད་པ་ནི་མཁའ་འགྲོ་མའི་རིག་པ་ཆེན་པོ་ཟློས་ཤིང་རིགས་ལྔའི་ལྟེ་བར? ་དབང་གི་འཁྲུལ་འཁོར་བཅུག་ན་དབང་དུ་འགྱུར་རོ། །ལས་གཉིས་པ་བརྒྱད་པའི་འཁྲུལ་འཁོར་བྱས་ན་དཔལ་ཆེན་པོ་སྐྱེ་བར་འགྱུར་རོ། །ལས་གསུམ་པ་ནི་རྐང་ལ་བྱས་པའི་ཕུར་བུ་དགུས་སྙིང་པོའི་འཁྲུལ་འཁོར་བཅུ་གནས་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ ་གང་གི་སྒོར་སྦས་བདེ་སྐྲོད་པར་འགྱུར་རོ། །ལས་བཞི་པ་ནི་ཞིང་དང་ར་བ་དང་མ་ཧེ་ལ་སོགས་པའི་གནས་སུ་མངོན་སྤྱོད་དང། རྨོངས་པའི་འཁོར་ལོ་ལ་མོ་ཧ་ཡ་ཧཱུཾ་ཞེས་བྱ་བ་དང། དབང་དུ་བྱ་བའི་འཁྲུལ་འཁོར་རྒྱལ་པོ་དང། བློ་པོ་ལ་སོགས་པའི་སྒོར་སྒས ་ན་འཁྲུལ་འཁོར་གཉིས་པ་རྒྱལ་པོ་ལ་སོགས་པའི་གཟུགས་བརྙན་གྱིས་སྙིང་གར་བཅུག་ལམ་དུ་ལུམ་གའི་མེ་ཏོག་དང། ལེ་བརྒང་རྩིའི་མེ་ཏོག་དང་བསྲེས་ཏེ་དབང་གི་མེ་ལྷའི་ཐུགས་ཀར་ཆེ་གེ་མོ་བ་ཤི་ཀུ་རུ་ཧོ། ཞེས་བྱ་བའི་སངས་སྦྱིན་སྲེག་སྟོང་བྱས་ན ་དབང་དུ་འགྱུར། །ལས་དྲུག་པ་ནི་ཡུམ་གྱི་ཡི་གེ་བཅུ་གསུམ་པ་འདི་ཡུམ་གྱི་འཁྲུལ་འཁོར་བྲིས་ལ་དྲུག་པའི་སྔགས་ཀྵོ་གྷ་ཡ་ཧཱུཾ་ཞེས་བྱ་བ་དང། གནོན་པའི་འཁོར་ལོ་ལ་སྟེ། ཧཱུཾ་ཞེས་བྱ་བ་དང། རྨོངས་པའི་འཁོར་ལོ་ལ་མོ་ཧ་ཡ་ཧཱུཾ་ཞེས་བྱ་བ ་དང། སྐེབས་པའི་འཁོར་ལོ་ལ་ཤོ་འ་ཡ་ཧཱུཾ་ཞེས་བྱ་བ་དང། ཚིག་འཕྲོག་པའི་འཁོར་ལོ་ལ་མུ་ཀཾ་ཧཱུཾ་ཞེས་བྱ་བ་དང། ལོང་བའི་འཁོར་ལ་ཨཱ་ད་ཀ་ར་ཧཱུཾ་ཞེས་བྱ་བ་དང། སླད་གསོ་བའི་འཁོར་ལོ་ལ་ཤཱི་ཏི་ཀུཾ་རུ་སྭཱ་ཧཱ་ཞེས་བྱ་བ་དང། དབུས་བྲིས་ལ་འཁྲུལ ་འཁྲོ་བཅིང་བར་བྱའོ། །ལས་བདུན་པ་ནི་སྐྱེས་པ་བུད་མེད་བྱ་བ་ནི་ཏནྟྲ་སྨན་གྱི་ཚོགས་ཀྱི་བྱ་བ་ཡིན་ཏེ་རེའི་ཁྲག་དང་བྱ་རོག་གི་སྒོང་དང། བྱ་རོག་གི་སེན་མོ་དང། རོའི་རྐང་ཐིལ་གྱི་བགས་པ་དང། རི་བོང་གི་ཁྲག་དང་བཅས་པ་སྲང་ལ་བཀར་ནས་ཆ་བསྙམས་ཏེ ་རི་ལུ་བཅུ་གཅིག་བྱས་ལ་སྐར་མ་རྒྱལ་གྱི་ཞག་རེའི་ལག་པ་ལ་བཅིངས་ནས་ཉི་མ་བཅུར་ཚོགས་ཀྱི་འཁོར་ལོ་སྔ་མ་བཞིན་དུ་བྱས་ཤིང་བསྲུངས་ནས་ཆེས་ང་ཅུའི་དགོངས་མོ་བླངས་ཏེ་སྐྱེས་པ་གང་གི་སྤྱི་བོར་བཞག་པ་བུད་མེད་དུ་འགྱུར་རོ། །ལས་བརྒྱད་པ་ན་སྐྱེས་པ་ཁྱིར་བྱ་བར ་འདོང་ན་ཐོག་འབབ་པའི་ལྕགས་ཟེ་མོ་བཟུང་བའི་སྤྱི་བོར་བཞག་ལ་མཚན་མོ་བདུན་ཡུམ་གྱི་སྙིང་པོའི་སྔགས་བརྒྱ་སྟོང་བཟླས་ཏེ། ཉིན་ཞག་བརྒྱད་པ་ལ་ལྕགས་ཀྱི་ཕྱེ་མ། དང་བ་དང་བུར་ཀུན་གྱི་ཕྱེ་མ་དང་མཉམ་པོར་བྱས་ཏེ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་པའི་ཐལ་བ ་གང་གི་སྤྱི་བོར་བཞག་པ་ཁྱེར་འགྱུར་རོ། །ལས་དགུ་པ་གསོ་བ་ནི་ཚོགས་ཀྱི་འཁོར་ལ་དང་གཏོར་མ་སྦྱིན་ནས་བདུད་རྩི་ལྔའི་ཆུས་ཁྲུས་བྱས་ན་རྣལ་མར་འགྱུར་རོ། །ལས་བཅུ་པ་ནི་གསེར་གྱི་རྫས་ཁ་དོག་སྐྱ་བོར་བྱ་བར་འདོད་ན་གསེར་ཤིང་ལྒི?་བྲས་བུའི་སྦྱིན་སྲེག ་བྱས་པའི་ཐལ་བ་དང། ཞོ་ཉ་དཀར་པོར་དར་བའི་ཆུས་བྱུགས་ན་གསེར་ཞོ་ཉེར་འགྱུར་རོ། །ལས་བཅུ་གཅིག་པ་ནི་ཨ་རུ་རིའི་སྦྱིན་སྲེག་གི་ཐལ་བ་བདུད་རྩི་ལྔའི་ཆུ་དང་བཙག་དང་སྐྱུར་རྩིའི་ཁུ་བས་བརྐུས་ན་རྣལ་མར་འགྱུར་རོ། །ལས་བཅུ་གཉིས་བ་ནི་དགྲ ་བའི་ཁྱིམ་དུ་བློ་བུར་དུ་ལྟས་རན་བསྐྱེད་པར་འདོད་ན་ཁྭ་དང་འུག་པའི་གནས་ཀྱི་ཤེང་གས་སྦྱིན་སྲེག་བྱས་ནས་ཐལ་བ་དག་པོའི་ཁྱིམ་དུ་ཐོན་མཚན་མོ་བྱ་རོག་དང་འུག་པའི་སྒྲ་འབྱིན་པར་འགྱུར་རོ། །ལས་བཅུ་གསུམ་པ་ནི་སླར་ལོག་འགུ་ཤའི་སྦྱིན་སྲེག ་གི་ཟལ་བས་དགྲ་བོའི་ཁྱི་མེ་དུ་གཏོང་ན་ཞི་བར་འགྱུར་རོ། །ལས་བཅུ་བཞི་པ་ནི་བྱི་ལའི་ཐོད་པར་སྔ་མ་བཞིན་དུ་བསྐྱེད་པའི་ཡུངས་ཀར་དང་ཟླ་བ་གཟས་ཟིན་པའི་ཆོ་བྱི་ལའི་སྤུའི་སྲད་བུ་བྱས་ལ་གང་གི་མགུལ་བར་བཏགས་པ་བྱི་བར་འགྱུར་རོ། །ལས་བཅོ་ལྔ་པ ་ནི་བགྲོ་ན་རྣ་མར་འགྱུར་རོ། །ལས་བཅུ་དྲུག་པ་ནི་བྱ་ཁྲའི་ཐད་པ་རེ་བསྐྱེད་པའི་ཡུངས་ཀར་ཁྭའི་སྤྲུའི་སྲང་བུས་མགུལ་པ་ནས་བཅིངས་བས་ཁྭར་འགྱུར་རོ། །ལས་བཅུ་བདུན་ནི་ཁྭ་དང་བྱི་བ་ལ་སོགས་པའི་ཐོད་པར་བསྐྱེད་པའི་ཡོངས་ཀར་ཟླ་བ་གཟད? ་ཟིན་པའི་ཚེ་དེའི་རྒྱུས་པའི་སྐུད་པས་གང་གི་མགུལ་དུ་བཅིངས་པའི་གཟུགས་སུ་འགྱུར་རོ། །ལས་བཅོ་བརྒྱད་པ་ནི་བ་ལང་གི་ཐོད་པར་བསྐྱེད་བའི་ཡུངས་ཀར་དང་སྤུའི་སྲད་བུས་ཀྱང་དེ་བཞིན་དུ་འགྱུར་རོ། །ལས་བཅུ་དགུ་པ་བཀྲོལ?་ཐ?་མལ ་བར་འགྱུར་རོ། །ལས་ཉི་ཤུ་པ་ནི་ལྕགས་ཀྱི་བྱི་བའི་གཟུགས་བྱས་ལ་ཡུམ་གྱི་སྙིང་པོ་བཟླས་པ་འབྲས་བུས་བཀང་ནས་འབྲུའི་བང་བར་བཅུག་ན་འབྲུ་འཕེལ་བ་དང། ལྷག་མ་བདག་ཉིད་ཀྱི་སྤྱི་བོར་བཅིངས་ལ་མཚན་མོ་བདུན་ཡུམ་གྱི་སྙིང་པོ ་བཟླས་ཤིང་ཡུམ་གྱི་སྙིང་པོའི་ཐ་མར་ཆེ་གེ་མོའི་བང་མཛོད་ཀྱིས་ཐ་བཧ་ཧཱུཾ་བྲིས་ཏེ་ཨཱ་ཀརཥ་ཡ་ཛ(རྒྱུད་འགྲེལ་འཁོར་ལོ་བཤད་ནས་ད་ནི་ཉེ་བའི་སྔགས་ཀྱི་འཁོར་ལོ་གསུངས་པ་སྟེ། མཁའ་གྲོ་ཀུན་གྱི་དགྱེས་པ་ཡི། ཞེས་བྱ་བ་ནི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་གྱི་དངོས་གྲུབ་བསྒྲུབ་པའི་ཉེ་བའི་སྙིང་པོའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་ལས་ཐམས་ཅད ་སྒྲུབ་པར་བྱེད་པའོ་དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གང་གིས་དྲན་པ་ཙམ་གྱིས་ནི་ཞེས་བྱ་བ་སྨོས་ཏེ། གང་གིས་དྲན་པ་ཙམ་གྱིས་ནི། འཇིག་རྟེན་གསུམ་གྱི་དྲན་པ་ཉི་ཤུ་ཙ་བཞི་དབང་བྱས་པ་དང་ལོངས་སྤྱད་པ་དང། ཐིམ་པར་བྱས་པས ་གཡོ་བྱེད་ཅིང་ཞེས་བྱའོ། །དེ་ལྟར་གདུལ་བྱ་བཏུལ་བ་དང། དངོས་གྲུབ་བསྐྱེད་པ་གསུངས་པས་ནི། རྗེས་སུ་དྲིན་པ་ཙམ་གྱིས་ཀྱང། །ཞེས་བྱ་བ་གསུངས་ཏེ། ཉེ་བའི་སྙིང་པོའི་སྔགས་དྲན་པ་ཙམ་གྱིས་ས་འོག་དང་ས་སྟེང་གི་དངོས་གྲུབ་རིམ་གྱིས་སྟེང་བར ་འགྱུར་རོ། འབྲས་བུ་དེ་ལྟ་བུ་དང་ལྡན་པའི་སྔགས་གང་ཡིན་སྙམ་ན། ཨོཾ་ནས་སྦའ་ཧཱའི་བར་གྱིས་ཡི་གེ་ཉི་ཤུ་རྩ་གཅིག་པའི་མཚན་མོ་ཐོབ་པའི་རྗེས་ལ་སྔགས་འདི་བླངས་པ་ཙམ་གྱིས་ལས་བཅུ་གཉིས་བྱེད་པ་ཡིན་ནོ། །དེ་ལྟར་ཕན་ཡོན་དང ་པོ་བསྟན་ནས་གཉིས་པ་ནི་མཁའ་འགྲོ་རྣལ་འབྱོར་མ་རྣམས་དང། ཞེས་བྱ་བ་སྨོས་ཏེ། མཁའ་འགྲོ་མ་དང་ལཱ་མ་དང། ཁཎྚ་དོ་ཧ་དང་དུམ་སྐྱེས་མ་ལ་སོས་པ་སུམ་ཅུ་རྩ་བདུན་གྱི་མཐུན་མོང་གི་སྔགས་ཡིན་པར་གསུངས་པ་དང། ས་འོག་སྐུ་དང། མཐོ་རིས་ཐུབས། ་དང། མི་ཡུལ་གསུང་གི་ལས་གང་དག་ཡོད་པ་དེ་རྣམས་སྔགས་འདིས་སྒྲུབ་པར་བྱེད་དོ། །ཕན་ཡོན་གསུམ་པ་ནི། འདི་ལས་མཆོག་ཏུ་མཆོག་གྱུར་གང། ཞེས་བྱ་བ་སྨོས་ཏེ། འདི་ལས་མཆོག་ཏུ་འགྱུར་བ་གང་ཡང་མེད་པས་བླ་ན་མེད་པ་ཟག་མེད་པའི ་དངོས་གྲུབ་དང། དག་པ་འཇིག་རྟེན་པའི་ཡེ་ཤེས་མཛིན་པར་ཤེས་པ་དྲུག་གི་ཕྲིན་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་འཁྲུལ་འཁོར་དེ་གང་ཡིན་སྙམ་ན། གྲོ་ག་འམ་རས་སམ་སྨད་ཤམ་མམ་དུར་ཁྲོད་ཀྱི་རས་ལ་སྒོ ་བཞི་སྒོ་ཁྱུད་དང་རྡོ་རྗེ་རབ་དང་མེ་འོད་ཀྱིས་བསྐོར་བའི་དཀྱིལ་འཁོར་བྲིས་ལ། དབུས་སུ་པདྨ་འདབ་མ་ལ་ཨོཾ་དང་སརྦ་དང་ནུབ་ཕྱོག་སུ་གཡོན་བསྐོར་གྱིས་བགོད་པ་དང། མེ་རུ་དང། བདེ་བྲལ་དུ་ཏ། དབང་ལྡན་དུ་ནི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས ་བརྒྱད་ལ། ཡེ་བྱང་དུ། བ་ནུབ་ཏུ། ཇི་ལྷོར། ཤར་དུ་ཝཱ། མེ་རུ་ནི། བདེན་བྲལ་དུ་ཡེ། རླུང་དུ་ཧེ། དབང་ལྡན་དུ་ཧཱུཾ། སྒོ་བཞིང་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། །ཞེས་བྱ་བར་བགོད་པར་བྱའོ། །དེ་ལ་སྔ་མ་བཞིན་ལྷར་བསྐྱེད་ལ་ཡེ་ཤེས་སེམས་དབའ་གཞུག་པ་དང། ་གོ་ཆ་བགོ་བ་དང། དབང་བསྐུར་བ་དང། བདུད་རྩི་མྱང་བ་དང། མཆོད་པ་དང། བསྟོང་པ་བྱས་ལ་ཡི་གེར་ཞུ་བར་བསམས་པར་བྱའོ། །དེ་ལྟར་འཁྲུལ་འཁོར་བཀོད་ནས་བདག་ཉིད་བསྒོམ་པ་ལ་བཤད་པ་ནི། །མཁའ་གྲོ་མ་ནི་ཀུན་གྱི་གནས་ཞེས་བྱ་བ ་གསུངས་ཏ། གནས་ནི་འོ་གནས་བཤད་པ་ཇི་རྟེན་གྱི་དཀྱིལ་འཁོར་རོ། །མདོར་བསྡུས་རྒྱས་པར་མ་ཡིན་ནོ། །ཞེས་བྱ་བ་ནི་བརྗོད་བྱ་མདོར་བསྡུས་པ་རྗོད་བྱེད་རྒྱས་པ་མ་ཡིན་ནོ། །དེ་ལྟ་བུའི་གནས་དེ་གང་ཡིན་ཞེ་ན། མེ་ཏོག་འབྲས་བུ་སྣ་ཚོགས་ཀྱི། །རི་བོ་སྣ་ཚོགས་དྲི་བྷ་ཞིང། ཞེས་བྱ་བ ་སྨོས་ཏེ། བསྲུང་བ་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རི་བདུན་མེ་ཏོག་དང་འབྲས་བུ་སྣ་ཚོགས་པ་དང་ལྡན་པས་བསྐོར་བའི་རིའི་རྒྱལ་པོ་རི་རབ་བྲི་བར་བྱའོ། །དེའི་སྟེང་དུ་རྣལ་འབྱོར་པ་དཔལ་ཧེ་རུ་ཀའི་སྐུར་བསྒོམ་པའོ། །དེའི་ཕྱོགས་བཞིན ་མཁའ་གྲོ་མ་བཞིའི་དཔའ་བོ་རྣམས་ཀྱི་དཔལ་པ་ཉིད་ཅེས་བྱ་བ་ལ། དཔའ་བོ་རྣམས་ནི་རྣམ་སྣང་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། དེའི་ས་བོན་ནི་ཧ་ཧ་ཧེ་ཧེ་ཞེས་བྱ་བསྟེ། བུམ་པའི་གཟུངས་སུ་བསྐྱེད་ནས་དཔའ་བོ་ཉིད ་ཅེས་བྱའོ། །གཞན་ཡང་འཁོར་ལོ་གསུམ་གྱི་དཔའ་བོ་ཉི་ཤུ་རྩ་བཞི་དང། མཁའ་གྲོ་མ་སུམ་ཅུ་རྩ་དྲུག་གིས་བསྐོར་བ་ནི་མཁའ་གྲོ་མ་དྲ་བའི་བདེ་མཆོག་གོ། །འགྲོ་བ་འདི་དག་ཁྱབ་ཅེས་བྱ་བ་ནི་ས་འོག་ཏུ་ས་བླང་བ་སྟེས་ལ་སུ་ཁྱབ་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་དང། མཁའ་ ་འགྲོ་བ་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མ་བཅུ་གཉིས་ཏེ། རབ་གཏུམ་མ་ལ་སོགས་པ་སུམ་ཅུ་རྩ་དྲུག་གིས་བསྐོར་ནས་ལས་བཅུ་གཉིས་ཀྱི་བྱ་བ་ཀུན་ལ་སྒྲུབ་པ་པོ་འཁོར་ལོར་བཞུགས་པར་བལྟའོ། །དངོས་གྲུབ་འདོད་པའི་རྣལ་འབྱོར་བཤིན་ཏུ་མཉམ་པར་གཞག་པས ་འཁོར་ལོའི་བདག་ཉིད་འདི་ཤིན་ཏུ་བསྒོམ་པར་བྱའོ། །བཟླས་པ་གང་ཞིག་བྱ་སྙམ་ན། སྔར་བཤད་པའི་ཡུམ་གྱི་ཉེ་བའི་སྙིང་པོ་བཟླས་པར་བྱའོ། །སྔར་བཤད་པའི་འཁོར་ལོ་ཐམས་ཅད་ལ་ཡང་ལྷ་དྲུག་ཅུ་ཙ་གཉིས་པའི་རྩ་བའི་འཁོར་ལོ་འདི་བསྒོམ་པར་བྱའོ ་འཁོར་ལོ་ཆེན་པོ་ཀུན་གྱི་གནས་ཞེས་བྱ་བ་གསུངས་ཏེ། སྙིང་པོ་དང་ཉ་བའི་སྙིང་པོ་ལ་སོགས་པའོ། །དཀྱིལ་འཁོར་མི་འདྲ་བ་གར་འཆིང་ཡང་རྣལ་འབྱོར་པ་བདག་ཉིད་རྩ་བའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །འདིའི་ཕན་ཡོན་སྟོན་པ་ནི། འདི་ནི་སངས་རྒྱས་བྱེ་བ ་དང་བྱང་ཆུབ་སེམས་དཔའ་བྱེ་བས་སྔགས་ཀྱི་འཁོར་ལ་འདི་ལེགས་པར་གསུངས་པ་ཡིན་ནོ། །རྣལ་འབྱོར་མ་ཡུམ་རྡོ་རྗེ་དག་མོ་ནས་ཕག་གདོང་མའི་བར་དུ་འཁོར་བྱེ་བ་སུམ་ཅུ་རྩ་བདུན་གྱིས་བསྐོར་བ་ཡིན་བས་དངོས་གྲུབ་ཐམས་ཅད་ལ་བར་ཆད་མེད་ཅིང་དགེ་བ་གྲུབ་པ་ཡིན ་ནོ། ལེའི་བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྔགས་ཀྱི་འཁྲུལ་འཁོར་བཤད་ནས། །ད་ནི་དངོས་གྲུབ་སྒྲུབ་པའི་རྫས་ཏཎྚ་གསུངས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་བྱ་བ་གསུངས་སོ། །བསྒྲུབ་བྱ་ཇི་བཞིན་ཆོག་སྟེ། ཞེས་བྱ་བ་ནི་སྐྱེ་བ་བདུན་པ ་བསྒྲུབ་པའོ། །དེའི་འབྲས་བུ་ནི་གང་ཞིག་སྐྱེ་བ་བདུན་ལ་དེ་ཤེས་པ་ཙམ་གྱིས་སྒྲུབ་པའི་དངོས་གྲུབ་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ། །ཐོག་མ་སྐྱེ་བ་བདུན་པ་གྲུབ་པའི་ཐབས་ཀྱི་ཚོགས་ཀྱི་འཁོར་ལོ་བྱས་ལ་འབྲས་ཀྱི་ཕྱེ་ལ་སྐྱེ་བ་བདུན་པའི་གྲངས་དང་མཉམ་པའི་ཕྱུགས་ཀྱི་གཟུཌ ་བྱ་སྟེ། །མི་དང་རུས་སྦལ་རྟ་དང་རྔ་མོ་དང་བང་བུ་དང། ཅེ་སྤྱད་དང་ཕག་དང་བདུན་གྱི་གཟུགས་བྱས་འཁོང་བའི་ནང་ཁག་གིས་བཀང་ནས་གཏོར་མ་དང་སྦྱིན་སྲེག་དང་བཟའ་བ་དང། དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པས་མཁའ་གྲོ་མ་རྣམས་མ་ཉེས་ནས་སྐྱེ་བ་གཅིག་ནས་སྐྱེ ་བ་བདུན་པའི་བར་དུ་བརྒྱུད་པ་ཤེས་པར་གདོན་མི་ཟའོ། །དེའི་རྟགས་ནི་སྐྱེ་བ་དང་པོ་ལ་ཁ་དྲི་ཞིམ་པ་དང། གཉིས་པའི་ཏགས་མིག་མི་འཛིམ་པར་བལྟ་བ་དང། གསུམ་པ་བདེན་པར་སྨྲ་བ་དང། བཞི་པ་མཐོང་ན་དགའ་བ་དང། ལྔ་པའི་རྟགས་ནི་ཆོས་ལ་དགའ་བ་དང། དྲུག་པར ་གི་སྐྱེ་བ་ཤེས་པ་དང། བདུན་པའི་རྟགས་ལུས་ཀྱི་དྲི་ཞིམ་པའོ། །དེ་རྟེན་པ་ཙམ་གྱིས་དེའི་སྙིང་ན་གོ་ཏོ་ཙ་ན་ཡོད་པ་བླངས་ནས་ཟོས་ན་ལྷའི་གཟུགས་འཛིན་པར་འགྱུར་རོ། །དེའི་གོ་རོ་ཅི་ན་བསྣམས་པའམ་རེག་པ་ཙམ་གྱིས་གཟུགས་སྣ་ཚོགས་འཛིན་པར་འགྱུར་བ་དང། ཐིག་ལེ་བྱས་པས ་མི་སྣང་བ་དང་དགའ་བའི་གཟུགས་འཛིན་པར་འགྱུར་རོ། །དེའི་རྒྱས་པར་བཤད་པ་ནི། །དེའི་སྙིང་ན་གོ་རོ་ཙ་ན་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་བདུན་པ་ཁ་ན་མཐོབ་པ་མེད་པར་ཤི་བའི་ཤ་ལེན་པས་ན་མཁས་པ་ཞེས་བྱའོ། །དེ་ལ་བླངས་ནས་སྔར་བསྟན་པའི་འཁྲུལ་འཁོར་བརྒྱད་ཀྱི་སྔགས ་བཟླས་ལ་གོ་ཏོ་ཙ་ནས་དབྲལ་བར་ཐིག་ལེ་བྱས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། །ལྷའི་གཟུགས་འཛིན་པ་དང་གཟུགས་སྣ་ཚོགས་འཛིན་པ་གཉིས་བཤད་ནས། གསུམ་པ་ཤིང་གང་ཡང་རུང་བའི་ཁུ་བ་དང་གོ་རོ་ཙེ་ན་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་ན ་དེ་ཤིང་གི་གཟུགས་སུ་འགྱུར་རོ། །ཕྱུགས་གང་ཡང་རུང་བའི་སྤུ་དང་བསྲེས་པ་ལག་པ་དང་སྤྱི་བོར་བཅིངས་ན་དེ་སྲོག་ཆགས་དེའི་གཟུགས་སུ་འགྱུར་རོ། །རྒྱས་པར་རྒྱུད་བླ་མ་ནས་བཤད་པས་རྒྱུད་བླ་མར་བལྟོ?་བྱའོ། ། ་གལ་ཏེ་ཏནྟ་ཡནྟའི་ཐབས་ཡིན་ན་ཐམས་ཅད་ཀྱིས་ཅིའི་ཕྱིར་གྲུབ་སྙམ་ན། རྣལ་འབྱོར་བསྒོམ་པ་ནི་ཟློས་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་འབའ་ཞིག་བསྒོམ་པ་དང་བཟླས་པ་ལ་དགའ་བ་ཏནྟ་དང་ཡནྟའི་ནུས་པ་དང་ལྡན་པ་ཡིན་ཡང། ་བསྐལ་པ་གྲངས་མེད་གསུམ་དུ་དགའ་བའི་གོམས་པའི་ལམ་ལ་དགའ་བ་དང་བསྐྱེད་པའི་རིམ་པ་བཅོམ་པའི་རྣལ་འབྱོར་ཉོན་མོངས་པའི་ལམ་ལ་དགའ་བས་ཡནྟ་འཁྲུལ་འཁོར་གྱི་ཐབས་དང། ཏནྟ་སྨད་ཀྱི་སྦྱོར་བའི་ཐབས་ཀྱི་དངོས ་གྲུབ་ཀྱི་དངོས་གྲུབ་ཀྱི་ལམ་འགོག་ཅིང་སྨོད་པ་ཡིན་ནོ། །གླང་པོ་རྟ་དང་བོང་བུ་དང་ཞེས་བྱ་བ་ནི་སྲོག་ཆགས་གང་དང་གང་གི་ཐོད་པར་བསྐྱེད་པའི་ཡུངས་ཀར་དང་སྐྱེ་བ་བདུན་པའི་རྙིང་གའི་གོ་རོ་ཙ་ན་དང་བསྲོག་ན་ལྷའི་གཟུགས་དང་རང ་རྒྱལ་བའི་གཟུགས་སུ་འགྱུར་རོ། །དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་དང་རེག་ལས་པ་མེད་པའི་སྐྱེ་བ་བདུན་པའི་ཤ་རྙེད་པ་ཙམ་གྱིས་གྲུབ་པར་འགྱུད་པ་དེ་ལས་ཤིན་ཏུ་མཆོག་ཏུ་གྱུར་བའི་ས་འོག་དངས་བླ་དང་མ་ཐོ་རིས་ཀྱི་འཇིག་རྟེན་གསུམ་ན་ཡོད་པ ་མ་ཡིན་ནོ། །ལེའུ་བ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བསྒྲུབ་པའི་ཡན་ལག་གི་རྫས་བཤད་ནས་བསྐྱད་བའི་སྦྱིན་སྲེག་གི་ཆོ་ག་བཤད་པ་ནི། དེ་ནས་སྤྱིན་སྲེག་ཆོ་ག་ནི། །ཞེས་བྱ་བ་ལ་སོཌ་པ་སྨོས་ཏེ། སྦྱིན་སྲེག་གི་ཆོ་ག ་ལས་བཅུ་གཉིས་ངེས་པར་དབང་དུ་བྱེད་པར་འགྱུར་རོ། །གང་གིས་མཚན་མ་ཐོབ་ནས་སྦྱིན་སྲེག་གི་ཆོག་གང་ཞིག་ཤེས་པ་ཙམ་གྱིས་མྱུར་དུ་དོངས་གྲུབ་གྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་ནི་གོ་པཱཾ་དང་མྱོས་བྱེད་བསྲེ་སེ། ཞེས་བྱ་བ ་སྨོས་ཏེ་གོ། མཱི་ས་ནི་བ་ལང་གིས་ཧ་སེ་ཤ་ལྔ་ལ་མཚོན་པར་བྱེད་པའོ། །མྱོས་བྱེད་ཅེས་བྱ་བ་ནི་ཆད་གི་བྱེ་བྲག་མཚོན་པ་སྟེ་སྲེག་རྫེས། ལག་པ་གཡོན་པའི་དཔའ་བོ་ལྔ་དགོད་པའི་ཕྱག་རྒྱའོ། །དེ་ནས་དབང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལ་འདོར་བའི་མེ་བསྐྱོད་ནས་དེ་ལ་བདུན ་རྩི་ལྔ་དང་དཔའ་བོ་ལྔ་ཁྱུད་པར་གྱི་རྫས་དང་མཆོད་པའི་རྫས་དང་ལོངས་སྤྱོད་ཀྱི་རྫས་དང་ཡོ་བྱད་ཀྱི་རྫས་དངའ་ཚེ་བའི་རྫས་དང་བཅས་པའི་སྦྲིན་སྲེག་བྱས་ལ་དེ་འོང་དུ་ཞུ་བའི་ཐུགས་ཀར་དཔའ་ཅིག་བུ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྐོར་ལ་ཞག་བདུན་སྦྱིན་སྲེག་བརྒྱ ་རྩ་བརྒྱད་བྱས་ན་བརྒྱ་བྱིན་ལ་སོཌ་པ་དབང་དུ་འགྱུར་རོ། ལས་གཉིས་པའི་དཀྱིལ་འཁོར་སྡམ་དེ་ཉིད་ལས་ཁ་ཆུ་དང་སོ་ཤིང་དང་རང་གི་ལུས་ཉེས་པའི་དྲི་མ་དང་དབང་དུ་བྱས་པའི་མིང་དང་མྱོས་བྱེད་དང་གཏུཌ་པའི་སྦྱིན་སྲེག་བྱས་ས་འོགས་བླངས་སང་གསུམ་དུ་འགྱུར་རོ། ལས་གསུམ ་པ་ནི་རང་གི་ཁྲག་དང་ཞག་གི་སྦྱིན་སྲེག་ཕྱིར་སྐྱགས་པའི་ཐལ་བ་དང་མིས་སླུ་དང་ལྡན་པས་ཆེ་གེ་མོ་ཡཱརཥ་ཡ་ཞེས་ཟློས་ཤིག་སྦྱིན་སྲེག་བྱས་ན་རིཌ་གང་ཡང་རུང་བ་འགུཌ་དང་འགྱུར་རོ་ལས་བཞི་པ་ནི་སྐྲོད་པའི་དཀྱིལ་འཁོར་བྲིས་མངོན་སྤྱོད་ཀྱི་མེ་བསྐྱེད་ན་དག་སྦྱིན་སྲེག་ཕྱིད་སྐྱུཌ་པ་དང་དཔག་སྐྲ ་དང་ནིམ་པའི་ཤིང་དང་སྦྱར་བས་སྦྱིན་སྲེག་བྱས་ན་སྐྲོད་པར་འགྱུར་རོ། །ལས་ལྔ་པ་ནི་རང་ཉིད་དཔལ་ཧེ་རུ་ཀའི་སྐུར་མཉམ་པར་གཞག་ན་རྒྱའི་ལང་ཧལ་མེ་སྦར་ལ་དུག་དད་ཁྲག་དང་སྐྲེ་ཚོ་དང་ཡུངས་ཀར་ཁྭའི་གཤོག་པ་ཡུངས་མར་ལ་བསྒྲེས་པས་སྦྱིན་སྲོག་བྱས་ན་འཚོལ་འམ་སྐྲེད་པར་འགྱུར་རོ། །ལས ་དྲུག་པ་ནི་རྒྱས་པའི་དཀྱིལ་འཁོར་བྲིས་ལ་འཇིགས་བྱེད་ཀྱི་མོའི་སྙིང་ག་རྒྱ་བདེ་མཆོག་གི་འཁོར་ལོ་བཀང་ནས་དཔའ་བོ་ཝ་དང་བདུད་རྩི་དང་མུ་ཏིག་སེར་པོ་དང་ཙན་དན་དམར་པོའི་ག་དང་ཡུང་འབྱུཌ་པ་དང་སྦྱིན་སྲེག་བྱས་ན་འོང་སྤྱོད་དང་ལྡན་པར་འབྱུང་བའམ། རང་གི་ལུས་ལ་འཁོར་ལོ ་བཞི་འདི་ན་སུ?་དཀྱིལ་འཁོར་ལོ་བཞི་བཀོད་ནས་ཁ་དོག་སེར་པོ་བསམ་ཏེ། གཉིད་ཐོག་པ་མགམ་མ་ལོག་པའམ་བཟང་བ་འགོ་བཱ་མ་འཆག་པ་ལ་ཚོད་པའི་འདུ་སུ་སྔཌ་པས་རྟག་ཏུ་ཡབ་ཡུམ་གྱི་སྙིང་པོའི་མཛའ་རུ་པུ་ཥྚཾ་ཀུ་རུ་དུས་ངེས་པ་མེད་པར་ཟློས་ཤིང་དབང་གི་སྦྱིན་སྲེག་གིས་སྲེག་བླུགས་བརྒྱ་བྱས་ན་?? ་བ་གསུམ་གྱི་རྗེས་ལ་དབུལ་བས་འཇིགས་པར་འགྱུར་རོ། །ལས་བདུན་པ་ནི་དབང་གི་དཀྱིལ་འཁོར་ལ་ཤ་ཆེན་པོ་ལ་སོགས་པའི་བདུད་རྩི་ལྔ་དང་མྱོས་བྱེད་ལྡན་པས་ཐུན་གསུམ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་སྟེང་གི་འགྲོ་བ་ཐམས་ཅད་དབང་དུས་གྱུ་རོ། །ལས ་བརྒྱད་པ་ནི་སྔ་མ་བཞིན་དུ་ཚོགས་ཀྱི་ལྷ་འཁོར་ལོའི་ལྷ་བསྒོམས་ནས་ཟླ་བ་དྲུག་གི་བར་དུ་ཉིན་མོའི་ཐུན་གཉིས་ལ་ནང་གི་སྦྱིན་སྲེག་བྱས་ན་རང་གི་ལུས་དེ་ཉིད་ཀྱིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལས་དགུ་པ་ནི་ལྕེའི་ཤ་དང་མྱོས་བྱེད་དུ་བསྲེས་པས་མངོན་སྤྱོད་ཀྱི་དཀྱིལ ་འཁོར་ལ་སྦྱིན་སྲེག་དང་གཏོར་མ་བྱས་ན་ཡུལ་འཁོར་དང་བཅས་པ་འཇིག་པར་འགྱུར་རོ། །ལས་བཅུ་པ་ནི་རྒྱས་པའི་དཀྱིལ་འཁོར་བིལ་པ་དང། པ་ལ་ཤ་དང་ཨུ་དུ་མཱ་རའི་བུད་ཤིང་ལ་མེ་སྤར་ལ་དེ་ཉིད་ཀྱི་ཡམ་ཤིང་གིས་སྦྱིན་སྲེག་འབུམ་བྱས་ན་ནོར་གྱི་བདག་པོ་རྣམ ་ཐོས་སྲས་དང་མཉམ་པར་འགྱུར་རོ། །ལས་བཅུ་གཅིག་པ་ནི་གོ་མཱཾ་ས་དང་མྱོས་བྱེད་དང་བཅས་པ་ལ་རྒྱལ་རིད་འདོང་པས་སྦྱིན་དངོས་གྲུབ་ཐོབ་པར་ནི་ཝའི་ཤ་དང་བདུད་རྩི་ལྔ་དང་དཔའ་བོ་ལྔས་སྦྱིན་སྲེག་བྱས་ན་ཅི ་བདེ་བར་རྒྱལ་སྲིང་ཐོབ་པར་འགྱུར་རོ། ཝའི་ཤ་དང་བཅས་པའི་བདུད་རྩི་ལྔས་ནང་གི་སྦྱིན་སྲེག་བྱས་ན་མྱུད་དུ་ནོར་གྱི་བདག་པོ་ཇི་བྷ་ལ་དང་མཉམ་པར་འགྱུར་རོ། །གང་གིས་སྦྱིན་རེག་དེ་ལ་བརྟུལ་ཞུགས་དང་གཙང་སྦྲ་མེད་ན་ཡང་རྒྱས་པའི་དངོས་གྲུབ་ཐོབ་པར ་འགྱུར་རོ། །ལས་བཅུ་བཞི་པ་ནི་ལྷག་པར་ཚེ་འཕེལ་བར་འདོད་ན་ཀུ་སྨན་དང་ཞེས་བྱ་བ་སྲན་མ་སྔོན་པོ་དང་སྲན་མ་སྔོ་ཞེས་བྱ་བ་ཁ་དོག་ལྗང་བ་དང་ཙན་ཀ་ཞེས་བྱ་བ་འབྲུ་ཕྲག་མོ་དང། སྦྲང་རྩིའི་རྩིགས་མ་ཞེས་བྱ་བ་སྦྲ་ཆིལ་དང་སྐེ་ཆེ་དང་རྟཱ་ལའི་འདབ་མ་བླངས་ནས་དགྲ་བོའི ་གཟུགས་བརྙན་བྱས་ལས་ཕྱིས་ཀྱི་ནང་དུ་བཅུག་ནས་སྟེང་གཡོགས་ལ་མཆེད་རྟན་ནག་པོ་དང་ཁ་ཐུར་དུ་བསྟན་པའི་དབུས་སུ་བཅུག་ལ་མཆོད་རྟེན་ནག་པོས་སྟེང་ནས་མན་ནན། རྣལ་འབྱོར་ཇི་ལྟར་འདོད་པ་བཞིན་དུ་གནས་པར་འགྱུར་རོ། །དེ་ལྟར་སྦྱིན་སྲེག་བཤད་ནས་རྒྱུ ་བ་དང་མི་རྒྱུ་པའི་འཁོར་ལོ་བཅུ་དང། གསང་སྔགས་ཀྱི་འཁོར་ལོ་བཅུ་དང། དཀྱིལ་འཁོར་གང་ལ་བྱ་སྙམ་ན། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་ཉི་ཤུའགནས་ནི་སྣོད་བཅུད་ཐམས་ཅད་དཔལ་ཧེ་རུ་ཀའི་རང་བཞིན་ཡིན་པས་ཕྱི་དང་ནང་གང་ཡང ་རུང་བར་སྦྱིན་སྲེག་དང་འཁྲུལ་འཁོར་བྱས་ཀྱང་དངོས་གྲུབ་ཐམས་ཅད་གྲུབ་པར་གདོན་མི་ཟ་བ་ཡིན་ནོ། །དེ་བས་ན་རྣལ་འབྱོར་མའི་ས་དང་གནས་ཧེ་རུ་ཀའི་སྐུའི་ཡན་ལག་ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་མའི་སེ་ནི་དག་པའི་ས་བཅུའོ། །གནས་ནི་མདག་པའི་ས་བཅུའོ། །དག་པ་དང་མ་དག་པ ་གཉིས་ཀ་ཡང་དཔལ་ཧེ་རུ་ཀའི་སྐུའི་ཡད་ལག་སྟེ། སྐུ་ཀུན་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལྟར་རྣལ་འབྱོར་མའི་ལུས་ཀྱི་མདག་པའི་ས་བཅུའི་བདག་ཉིད་ལ་དཔལ་ཧེ་རུ་ཀའི་གཞུང་ལུགས་ལ་སྤྱོད་པའི་ལུས་ཀྱི་དཀྱིལ་འཁོར་ས་བཅུ་དང། ཕ་རོལ་ཏུ་བྱིན་པ་བཅུ་ལ་རྣལ་འབྱོར་མ ་རྣམས་བརྡའི་སྐད་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་མིང་གིས་བརྟགས་པ་ཡིན་ནོ། །གང་གི་བརྡ་ཡིན་ཞེ་ན། ལྷ་དང་དྲི་ཟ་རྣམས་ཀྱི་བརྡས་གནས་དང་ཉེ་བའི་གནས་ཞེས་བྱ་བདག་གནང་སྦྱིན་རང་སྲིན་པོའི་བརྔས་ཞིད་དང་མཚན་དོ་ཧ་ཞེས་བྱ་བ་དང། ཀླུ་དང་ལྷ་མ་ཡིན་གྱིས་བརྡས་འདུས་དང ་དུར་ཁྲོད་ཅེས་བྱ་བ་དང། རྣལ་འབྱོར་མ་རྣམས་ཀྱི་བརྡས་བརྟགས་པའི་ཡིན་ནོ། །མཐོ་རིས་ཐུགས་དང་ས་སྟེང་གསུམ་དང་ས་འགོ་སྐུའི་དཀྱིལ་འཁོར་རྣམས་ནི་སེམས་འོད་གསལ་བའི་སྣང་བ་ཡིན་པས་དཔའ་བོ་ཡན་ལག་བརྟན་གཡོའི་བདག་ཅེས་བྱ་བ་ཇི་ལྟར་ན་འོད་གསལ ་སྣོད་བཅུད་སྣང་བ་ཞེན། ཐོག་མེད་དུས་སུ་གང་བ་སྟན་པ། ཕྱི་ནང་བདག་ཉིད་ཅན་དུ་གནས་ཞེས་བྱ་བ་གསུངས་ཏེ། ཐོག་མ་མེད་པའི་དུས་ནས་དེ་བཞིན་གཤེགས་པ་རྣམས་འབྱུང་ཡང་རུང་མ་བྱུང་ཡིད་རུང་སེམས་འོད་གསལ་བའི་རང་བཞིན་དུ་གནས་པས་གང་ཡིན་པ་དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན ་དང་ནང་བཅུད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་གནས་པ་ཡིན་ནོ། །དེ་ཡང་ཆུ་ཁམས་སེར་དང་ནམ་མཁའ་བཞིན་དག་པ་བཞིན་དུ་དག་པར་འདོད་གསུངས་སོ། །ཀླུ་ཉིད་དངས་པར་གྱུར་བ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། དེ་བཞིན་སྟོང་གསལ་ཡེ་ཤེས་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར་ཞེས ་གསུངས་སོ། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ཞེས་གསུངས་པ་ཡིན་ནོ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་གཙེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་སེམས་རིག་པ་འོད་གསལ་ཚོག ་ཀྱི་སྐུ་ལ་དགོངས་པ་ཡིན་ནོ། །ཀུན་ཕྱག་དང་ཞབས་ལྡན་ཞིང། །ཀུན་ཏུ་བཅོམ་ལྡན་འཇིག་རྟེན་ན། ཐམས་ཅད་གཡོགས་ནས་རྣམ་པར་བཞུགས། །ཞེས་བྱ་བ་ནི་དེ་ཉིད་བསྡུས་པ་ལས་གསུངས་པའི་རྣམས་པར་སྣང་མཛད་ཆེན་པོའི་རང་བཞིན་དག་པ་དང་མ་དག་པའི་གནས་སྐབས་གཉིས་ཀའི་ངེའོ ་སེམས་དང་རིག་པ་འོད་གསལ་བའི་རོ་བོ་ཆོས་ཀྱི་དབྱིངས་གསུངས་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་ངོ་བོ་ཐམས་ཅད་ལ་ཁྱབ་པ་དེ་བས་ན་རྒྱུ་བ་དང་མི་རྒྱུ་བའི་སྦྱིན་སྲེག་གི་འཁོར་ལོ་དང་གསང་སྔགས་ཀྱི་འཁོར་ལོས་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ལ་གསུང ་ཞེས་???་གཏན་ལྡན་པའི་སེམས་ཀྱིས་ནི། ཞེས་བྱ་བ་གསུངས་ཏེ། བསྐྱེད་རིམ་པའི་མཚན་མ་གསུམ་མཊ་རྫོགས་པའི་རིམ་པའི་མཚན་མ་ལྔ་ཐོབ་པའི་སྒྲུབ་པ་པོས་བསྙེན་པ་བྱས་པ་ལ་པན་གདགས་པའི་ཕྱིར་གསང་བའི་དངོས་གྲུབ་སྒྲུབ་པའི་ལེའཱུ་ཉི་ཤུ་གནས་དང་བཅས ་???ཡིན་ནོ། ལེའུ་ལྔ་བཅུ་པའི་རྣམ་པར་བཤད་པའོ། །།དེ་ལྟར་དངོས་གྲུབ་སྒྲུབ་པའི་ཐབས་བཤད་ནས། བསྐྱེད་རིམ་བསྒོམས་པའི་མན་ངག་གི་ལེའུ་གསུངས་བ་ནི། དེ་ནས་ཡང་དག་བཤད་བྱ་བ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་རྙེད་དཀའ་ ་ཞེས་བྱ་བ་ནི་མན་ངག་བསྐྱེད་པའི་རིམ་པ་སྒོམ་པའི་དེ་ཉིད་བཅུ་བཞི་ནི་ཤིན་ཏུ་རྙེད་པར་དཀའ་བ་ནི་གང་ཟག་གི་རྣམ་པར་རྟོགས་པས་སྦྱར་བ་མ་ཡིན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ངེས་བདོན་གྱི་མདོ་སྡེ་སྒོམ་པའི་རིམ་པའི་བསྒྲིགས་པར་རྙེད་པར་དཀའ་བའོ། །དབའ ་བོའི་བརྡའི་སྐད་དུ་ནི་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྡར་གྱུར་པ་བཅོམ་ལྡན་འདས་ཀྱིས་ནི་རྒྱུད་འདི་རུ་མིའི་སྐད་དུ་ལྔས་པ་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གོས་དང་ཕྱག་རྒྱ་ལྔ་ཡ་གསོགས ་ཞེས་བྱ་ལ་སོགས་པ་གསུངས་སོ། །གོས་ནི་སྟོད་གོ་བླ་དང་སྨད་གཡོགས་བླང་པོའི་ཆེའི་པགས་པ་དང། སྟ་གི་པགས་པར་བསམ་མོ། །ཕྱག་རྒྱ་ལྔའི་ཐལ་བའི་རྡུལ་མ་གཏོགས་པ་ཞེས་བྱ་བ་ནི་གོ་ཆ་དྲུག་བགོས་ཤིང་རྡོ་རྗེ་དང་དྲིལ་བུ་བཟུང་བའི་དེ་ཉིད་དང་པོར་བསྟན་ནས་དེ་ཉིད་གཉིས་པ ་ཤེས་རབ་ཡན་ལག་སྟེ། ཁྱིམ་པའི་བྱང་ཆུབ་སེམས་དཔའ་ལ་ལས་ཀྱི་ཕྱག་རྒྱ་འམ་གྲོལ་བའི་ལམ་པ་ཆོས་ཀྱི་ཕྱག་རྒྱའམ་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་གསུམ་པ་ནི་ཐོག་སམ་རྡོ་རྗེའི་བརྡའ་བྱ་བ་དང། མཐར་པུར་བསུ་གདབ་པ་སྟེ། བགེགས་བསྒྲད་ནས་དྲ་བ ་དང་ར་བ་དང་མ་དའི་བླ་རེ་དང་རྡོ་རྗེའི་བླ་རེ་དང་མེའོ་དཀྱི་དྲ་བས་བྱས་ནས་ཕུར་བུས་གདབ་པ་ཡིན་ནོ། །དེ་ཉིད་བཞི་པ་ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་སྟེ། སྙིང་གང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་ཀྱི་ཡི་གེ་ཧཱུཾ་ལ་བསྐང་བ་བརྒྱད་པའི་སྔགས་བརྗོད ་ནས་མཆོད་པ་དང་དཔའ་བོ་དཔའ་མོའི་སྔགས་ཀྱིས་བསྟོད་པ་ནི་ཞེས་བརྗོད་པ་སྟེ། ། སྟེ་ཞེས་བྱ་བ་ལྔ་པའི་སྒྲ་ཡིན་པས་ཨཱ་ལི་ཀཱ་ལིའི་རྗེས་ལ་བརྗོད་ཅེས་བྱ་བའི་དོན་དུ་འགྱུར་རོ། །དེ་ཉིད་ལྔ་པ་རྒྱུ་སོགས་སྟོང་པ་སྔོན་འགྲོ་ཡན། །ཞེས་བྱ་བ་ནི་དཔྲལ ་བར་ཧེ་དང། ལྐོག་མར་རུ་དང་སྙིང་གར་ཀ་སྐོད་པས། ཧེ་ནི་རྒྱུ་ཚོགས་སྤངས་པ་སྟེ། དུ་ནི་བཀོད་པ་དང་བྲལ་བ། ཀ་ནི་གང་དུ་མི་གནས་པ། ཞེས་བྱ་བ་ནི་ཧེ་རུ་ཀའི་དོན་ལ་མོས་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡི་གེ་གསུམ་ལ་ཡིག་གསུཾ་སྔོན་དུ་འགྲོ་བ་ཡིན་ནོ ་དེའི་རྗེས་ལ་འབྱུང་བ་བཞི་རི་རབ་དང་བཅས་པ་བསྒོམས་ནས་གཞལ་ཡས་ཁང་གི་དབུས་སུ་པདྨའི་སྟེང་དུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཡི་གེ་ཧཱུཾ་གནས་པ་ལ་རང་གི་རྣམ་པར་ཤེས་པ་འཇུག་པས་ན་སྒྲ་ལ་སོགས་པ་ནས་ཞེས་བྱ་བ ་གསུངས་སོ། །སྒྲ་ནི་ཡི་གེ་ཧཱུཾ་དང་བཾ་མོ། སོགས་པ་ནི་རྡོ་རྗེ་དང་གྲི་གུག་དང་འོད་ཟེར་སྤྲོ་བསྡུ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པའོ། །དེ་ཡང་ཟླ་བ་མེ་ལོང་ལྟ་བུ་སྟེ། ཉི་མ་མཉམ་ཉིད་ཡེ་ཤེས་ཡིན། །ཡིག་འབྲུ་ཕྱག་མཚན་སོ་སོར་རྟོག་འོད? ་ཟེར་སྤྲོ་བསྡུ?་བྱ་ནན་ཏན། སྐུ་རྫོགས་ཆོས་དབྱིངས་ཡེ་ཤེས་སོ་ཞེས་གསུངས་སོ། །དེ་ཉིད་བསྡུས་པའི་སྦྱོར་ལྡན་ཉིད་ཅེས་བྱ་བ་ནི་ཕྱོགས་བཅུའི་སངས་རྒྱས་བསྡུས་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་གྱི་མངལ་དུ་ཞུགས་ནས་མངལ ་སྐྱེས་ཀྱི་འཁོར་ལོ་བསྐྱེད་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་ཞུ་བས་ཐིག་ལེར་བསྡུས་པ་ལ་འཁོར་ལོ་ལྔའི་ལྷ་མོའི་གླུས་བསྐུལ་བའི་སྦྱོར་བ་དང་ལྡན་པ་ཉིད་ཀྱི་ཐིག་ལེར་ཞུ་བ་དང་གླུ་དང་བཅས་པ་ཞེས་བྱ་བའི་ཧེའི་ཚིག་གི་དེ་ཉིད་བརྒྱད་པ་བདུད་རྩི ་ཚིམ་བྱེད་ཅེས་བྱ་བ་གསུངས་ཏེཊ་ལྷ་མོ་རྣམས་རྒྱུའི་ཧེ་རུ་ཀ་ཞུ་བའི་ཐབས་དང་བྲལ་བ་ལ་འཆི་བདག་གི་བདུད་འཇོམས་པའོ། །འབྲས་བུའི་ཧེ་རུ་ཀ་ལྷ་མོ་རྣམས་ཡིད་ཚིམ་པར་བྱེད་པས་ན་བདུད་རྩི་འཚིམ་བྱེད་དོ། །དེ་ཉིད་དགུ་པ་མྱ་ངན་ལས ་འདས་པ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་གཞུག་པའོ། །དེ་ཉིད་བཅུ་པ་ལ་ལག་པའི་མཆོད་པ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོ་དྲུག་གིས་གོ་ཆ་བསྐོན་པའོ། །དེ་ཉིད་བཅུ་གཅིག་པ་དབང་བསྐུར་ནི་ཆུ་དང་གསང་བ་དང་ཤེས་རབ ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་ཉིད་བཅུ་གཉིས་པ་གོ་ཆ་ཆེན་པོས་ཡང་དག་བསྲུངས་ཞེས་བྱ་བ་ནི་ལུས་ཀྱི་འཁོར་ལོ་དང། སེམས་ཀྱི་འཁོར་ལོ་རྣམས་དག་བསྒོམ་པའོ། །དེ་ཉིད་བཅུ་གསུམ་པ་སྔགས་རྣམས་ཞེས་བྱ་བ་ནི་གཙོ་བོ་དང ་འཁོར་གྱི་སྔགས་བཟླས་པའོ། །དེ་ཉིད་བཅུ་བཞི་པ་མཆོད་པ་ཡིན་ཞེས་བྱ་བ་ནི་བདུད་རྩི་ལྔས་མཆོད་པ་དང་བསྟོད་པ་དང། གཏོར་མ་བྱིན་པའོ། །ཉེ་བར་བསྡུས་པ་ནི་མ་གསུངས་ཀྱི་སྨོན་ལམ་བཏབ་ནས་དཀྱིལ་འཁོར་ཉེ་བར་བསྡུ་བ་རྒྱུད ་བླ་མ་ལས་གོ་བར་འགྱུར་རོ། །ཞེས་དགོངས་པ་ཡིན་ནོ། །དེ་ལྟར་དེ་ཉིད་བཅུ་བཞི་པ་བཤད་ནས་རྣམ་པར་དག་པའི་འཁོར་ལོ་ལ་སྨོན་ལམ་གདབ་པ་ནི། །མི་མཆོག་གང་ཞིག་ཀུན་སྤྱོད་པ། ཞེས་བྱ་བ་ནི་ས་ལ་འདོད་པའི་དབང་ཕྱུག་གཤོག ་ཅེས་བྱ་བ་སྟེ་དངོས་གྲུབ་བདེ་བར་གཤེཊ་པའི་ས་ཐོབ་པ་དང། དངོས་གྲུབ་གཉིས་པ་ཆོས་དང་ལྡན་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་བ་དང། དངོས་གྲུབ་གསུམ་པ་ས་ལ་འདོད་པའི་དབང་ཕྱུགས་ལྷའི་དབང་ཕྱུག་ལྷའི་དབང་པོ་བརྒྱ་བྱིན་ལྷ་བུར་འགྱུར་རོ། །དེ་ལྟར་བསྐྱེད་རིམ་གྱི ་ཐབས་བཤད་ནས་བསྐྱེད་རྫོཊ་གཉིས་ཀའི་ཕན་ཡོན་གསུངས་པ་ནི། དཔེར་ན་མང་གྱིས་གང་བའི་སྣོད་ཅེས་བྱ་བ་ལ་སོཊ་པ་གསུངས་ཏེ། མར་ལྟ་བུའི་བསྐྱེད་རྫོགས་གཉིས་སོ། །གང་བའི་སྣོད་ནི་བསྐལ་བབད་མཉམ་པའི་གང་ཟོག?་།མའི་དབུས་བཞག་པ་ནི་བྱ་ནི་རླབས་དང་མཐོན་སུམ་གྱི་ལམ་པ། ང་དང་ཡང་གནོམ? ་བའོ། མར་སར་ཉིད་དུ་ཞུ་བ་ནི། བསྐྱེད་རྫོགས་ཀྱི་མཚན་མ་ཐོབ་པ་ལྷའི་སྐུ་མཐོང་བའོ། །སྣོད་ཀྱི་རིམ་པ་འཇིག་པ་ཇི་ཐ་ན་ལ་པའི་ལུས་ངག་ཡིད་གསུམ་ནུབ་པར་འགྱུར་བའོ། །ཕན་ཡོན་གཉིས་པ་དཔལ་ཧེ་རུ་ཀའི་མཚན་བཟུང་ནས་བཟླས་པའམ་བསྒོམ་པ་འམ་བསམ་པ་འམ་ཐེས་པའི་ཤེས་རབ་ཀྱི ་གླེཊ་བམ་བྲིས་པ་ཡིས་མཐོ་རིས་ཀྱི་ལྷའི་རྒྱལ་པོ་འམ་མིའི་འཁོར་ལོ་སྒྱུར་བར་འགྱུར་བའོ། །ཕན་ཡོན་གསུཾ་པ་ནི་འཆི་བའི་ཚེན་ཕཊ་ཕཊ་ཀྱི་ཕྱག་རྒྱ་དང་བཅས་པས་སྤྱན་དྲང་ལ་སྐྱེས་གནས་ཀྱི་ཕྱག་རྒྱ་ཐུགས་ཀར་བཅུག་ནད་དཔལ་ཧེ་རུ་ཀ་སོཊ་པ་ལྷ་མོའི་འཁོར་ལོ་དང་བཅས་པ་གླུ་དང་རོལ་མོའི་སྒུ ་བསྒྲགས་ནས་མཁའ་སྤྱོད་པ་འོག་མིན་གྱི་གནས་སུ་ཁྱེར་བར་བྱེད་དོ། །ལས་བཞི་པ་ཉེས་དམིཊ་ནི་དེ་འདའ་ཨི་དཔའ་བོ་ཆེན་པོ་བསྒོམས་པའི་རྣལ་འབྱོར་པ་དང། དེས་གསུངས་པའི་རྒྱུད་ཆེན་པོ་ལམ་དད་པར་གྱུར་ན་མངོན་པར་མཐོར་བར་དབུལ་ཞིང་ཕོངས་པའི་ངན་སོང་གསུཾ་དང། དེས་བར་ཕེཊ་པའི་དབུལ་བའི ་ཁམས་གསུཾ་འཁོར་བའི་སྡུག་བསྔལ་ཀྱིས་གདུངས་པར་འགྱུར་རོ། །དེ་ལྟར་ཕན་ཡོན་དང་ཉེས་དམིཊ་བཤད་ནས་དོན་གསུམ་པའི་སྐུ་བསྒོམ་པའི་རྒྱས་པར་བཤད་པ་ནི་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་དྲུག་དང། གསུང་རབ་ཡན་ལག་བཅུ་གསུངས་པའི་སྐ་རགས་སིལ་སིལ་སྒྲ་སྒྲོགས་པའོ། །དེ་ནས ་གང་དུ་སྒོམ་སྙམ་ན། རི་དང་སྣ་ཚོཊ་པདྨ་ལྟེ་བར་དོ། །རྒྱུ་གང་གིས་བསྐྱེད་སྙམ་ན། །ཱ་ལི་ཀཱ་ལི་སྐྱེས་ཞེས་བྱ་བ་མངོན་པར་བྱང་ཆུབ་པ་ལྔས་བསྡུས་པའོ། །ད་གང་ཞིག་འདུལ་སྙན་ན། ཨུ་མའི་བདག་པོ་རྣར་གནོན་ཞེས་བྱ་བ་གསུངས་སོ། །དེ་ཤེས་རབ་དང་ལྡན་པ་ཡིན་སྙམ་ན། རྡོ་རྗེ་དང་དྲིལ་བུས་སྐུ་ལ་འཁྱུད་ནས ་བྱ་བ་གསུངས་སོ། །ཕྱག་དུ་དང་ལྡན་སྙམ་མ་ཉི་ཤུ་རྩ་བཞི་ཕྱེད་ལྡན་པ་ཞེས་བྱ་བ་སྨོས་ཏེ། ཕྱག་བཅུ་གཉིས་དང་ལྡན་པའོ། །འཁོར་ཇི་ལྟ་བུས་བསྐོར་ཞེན། དཔའ་བོ་རྣལ་འབྱོར་མཚོགས་ཞེས་བྱ་བ་གསུངས་ཏེ། དཔའ་པོ་ཉི་ཤུ་རྩ་བཞི་དང་དཔའ་མོ་སུམ་ཅུ་སོ་དྲུག་གིས་བསྐོར་བའོ། །ཇི་ལྟ་བུའི་གོས་གར་བ ་སྙམ་ན། དཔལ་ལྡན?་ཧེ་རུ་ཀ་རྒྱལ་ཆེ། །གོ་འཕང་མཆོག་གི་བསྡོམས་པར་བྱ། ཞེས་བྱ་བ་གསུངས་སོ། །སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཡིན་སྙམ། རྣལ་འབྱོར་ཀུན་དང་རྣལ་འབྱོར་མའི། འཁོར་བཅས་དབུས་སུ་སྤྱོར་ལྡན་པ། ཐཾ་ཅད་དགྱེས་ཤིང་གཉིས་མེད་འགྱུར། །འབྱིན་དང་སྡུད་པར་མཛད་པ་ཡིན་ཞེས ་གསུངས་ཏེ། སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དབུས་ཀྱི་གཙོ་ཐོ་འཁོར་དང་བཅས་པ་ཐཾ་ཅད་ཀྱང་ཡབ་ཡུམ་གཉིས་སུ་མེད་ཅིང་སེ་ནཾ་གྱི་དོན་དུ་སྤྲོ་ཞིང་མཛད་པ་རྫོགས་ནས་སྡུག་པ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། མ་འོངས་པའི་གསང་སྔཊ་ཀྱི་སྒོའི་སྦྱང་བསྒྱོད་པ་རྣམས་ཀྱིས་དཔའ་བོ་དང་དཔའ་མོ ་གཉིས་སུ་མེད་པའི་འཁོར་ལོ་བསྒོམ་ནས་ཐུན་བཞིང་སྤོར་བསྡུ་བྱ་བ་ཡིན་ནོ། ཞེས་བྱ་བའི་ཆ་ཚི་གོ་།དོན་ལྔ་བསྐྱེད་པའི་རིམ་པ་ཁ་སྦྱོར་བསྒོམ་ཞིང་རྫོགས་པའི་རིམ་པ་མངོན་སུམ་དུ་བསྒོམ་ནས་སྤྱོད་པ་དགོས་མི་དགོས་པའི་མནྟྲ་ཏ་ནྟྲ་ཡནྟྲ་གསུམ་གྱི་རྒྱུ་ཚོཊ་པས་དངོས་གྲུབ་རྣམས་འགྱུར་ཞིང ་གསང་སྔགས་ཀྱི་སྒོ་ལ་མོས་པ་སྐལ་པ་དང་ལྡན་པའི་སོན་རྣམས་ལ་ལོ། སྤྱོད་པ་སྣ་ཚོགས་སྟོན་མཛོད་པ་ནི་མནྟ་ཏནྟཝ་ཡནྟྲའོ། །སྣ་ཚོཊ་ཚུལ་གྱིས་དུལ་བྱ་བ་ནི། རྒོད་དང་བལྟ་དང་ལག་བཅངས་དང། འཁྱུད་པས་འདུལ་བའི་ཐབས་ནི་སྣ་ཚོཊ་སྟོན་པ་ཡིན་ཞེས་བྱ་བ་ནི་བྱིན་རླབས་དང་མངོན་སུམ་གྱིས་མ་གསུངས ་པའོ། །དེ་ལྟར་འདུལ་བའི་ཐབས་བསྟན་ནས་དོན་ལྔ་པ་ཅིག་ཆར་འཇུག་པའི་ཐབས་སྟོན་པ་ནི་ཟབ་མོའི་ཆོས་ནི་སྟོན་པ་ལག་ལ་ཏེ་མོས་པར་མ་གྱུར་ཀྱང་ཞེས་བྱ་བ་གསུངས་ཏེ། ལས་ལ་དབང་བཞི་ལས་བསྒོས་སྐལ་སྤྱོད་པ་དང། ཞིབ་ནས་དང་ལྷག་མཐོང་གོམ་པ་ལས་བྱུང་བ་དང་མི་ཐུན་པ་ལ་ལྔ་སྨོད་བདག ་ཏུ་མི་བྱ་སྟེ། ལས་ཀྱི་རྒྱུ་རྐྱེན་ཚོགས་པའི་རྟེན་ཕྲལ་གྱི་ཚོགས་པ་དཔག་ཏུ་མེད་པ་བསཾ་གྱིས་མི་ཁྱབ་ཕྱ་བཞིན་དུ་སྔཊ་ཀྱི་རྟེན་འབྲེལ་གྱི་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང། འཁྲུལ་འཁོར་གྱི་རྟེན་འབྲེལ་གྱི་ཚོཊ་པ་བསམ་གྱིས་མི་ཁྱབ་པ་དང། སྨན་དང་ནོར་བུའི་མཐུ་བསམ་གྱིས་མི་བྱབ་པ་དང། མདོ་སྡེ་ལས ་གསུངས་པའི་ཆོས་ཉིད་དྲན་པར་བྱས་ནས་སྨད་པར་མི་བྱའོ། །མངོན་སུམ་དང་བྱིན་རླབས་ཀྱི་ལམ་འདིས་སངས་རྒྱས་དང་དེའི་སྲས་རྣམས་ཀྱི་མཆོག་ཏུ་གྱུར་པའི་རྣལ་འབྱོར་འབྲས་བུ་ལ་མདུ་བྱེད་པའི་སྔཊ་ཀྱི་ལམ་འདི་ཡིན་པས་སངས་རྒྱས་རྣམས་འབྱུང་ཡང་རུང་མི་འབྱུང་ཡང་རུང་ཆོས་ཀྱི་དབྱིངས་ཀྱིར་བཞིན་ནི་སྒྲིབ་པ་སྤངས་པས ་འཕེལ་བ་འམ། སྒྲིབ་པ་དང་བཅས་པས་འབྲི་བ་མེད་པས་གཟུཊ་བརྙན་ལ་སོཊ་པའི་སྒྱུ་མའི་དཔེ་བརྒྱད་ལ་གང་དུ་སྟོང་པ་ཉིད་ཀྱི་ངེས་པ་དྲངས་ནས་མཐོང་བཞིན་དུ་ཤེས་རབ་ཡིས་དང་དབང་བཞི་པ་ཆོས་ཉིད་མངོན་སུམ་དུ་མཐོང་པས་གནས་པ་ཡིན་ནོ། །དེ་ལྟར་ན་བྱིན་རླབས་དང་མངོན་སུམ་གྱི་ལམ་བསྒོམ་བའི་རྣལ ་འབྱོར་པ་འཇིག་རྟེན་ལ་མི་སྨོད་ཅིང་མངོན་སུམ་མཐོང་བའི་བགྲོང་པའི་ལམ་ཅིག་ཅར་འཇུག་པའི་རྣརཾ?་ཐར་པ་ཀུན་ཟང་སངས་རྒྱས?་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་བདེ་བ་ཆེན་པོ་ལི་ལམ་ཡིན་ནོ་ཞེས་པར་བྱའོ། །གལ་ཏེ་ཅིག་ཅར་འཇུག་པལ་མི་མོས་པའི་ཇི་ལྟ་བུའི་ལཾ་ཡིན་སྙམ་ན་ཇི་སྲིད་ཀྲོ་ཡ་སོཊ ་སྤྱོད་ནས། རྣལ་འབྱོར་གསང་མཛའ་ཨི་དབྱེ་བ་ཉིད་ཅེས་བྱ་བ་གསུངས་ཏེ། བྱ་བའི་རྒྱུད་དང། སྤྱོད་པའི་རྒྱུད་དཔག་གཉིས་ཀའི་རྒྱུད་དང། རྣལ་འབྱོར་གྱི་རྒྱུ་དང། གསང་བའི་མཛའ་ཨི་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་གྱིས་སེམས་ཅན་མོས་པས་འཇུགས་རྣམས་ལ་དེ་དང་དེའི་རྣཾ་རཾ?་ཐར་པ་ལ་དགའ་བ་ལ་ཆུ་བོ་རྒྱ་མཆོ་ཆེན་པོར་འབབ ་པ་བཞིན་དུ་བདེན་མཆོག་གི་ལམ་ལ་རིམ་གྱིས་འཇུག་པར་བྱའོ། །དགྱེས་པའི་རྡོ་ལས་ཀྱང་ཐ་མར་དགྱེས་དོར་གར་བསྟན་པར་བྱ་ཞེས་གསུངས་སོ། །རྒྱུ་ནི་བྱིན་རླབས་དང་མངོན་སུམ་གྱི་ལཾ་སྟོན་པ་ཡིན་ནོ། །རྒྱལ་བོ་རྡི?་མངོན་སུམ་གྱི་ལཾ་གསལ་ཞིང་མཛེས་པ་དང་འབད་པས་ན་རྒྱལ་པོའོ།།འབུམ་པའི་ནང་ནས་ཀྱང་འབུམ་པ་དང་རློ་ཀ ་འབུམ་པ་ལས་ཕྱུང་བའི་གྱི་མའི་ཕྱི་མའོ། །དངོས་གྲུབ་གྱི་ཆོ་ག་ནི་རྒྱབ་དང་མི་རྒྱུ་བའི་སྦྱིན་སྲེག་དང་འཁྲུལ་འཁྲོ་གྱི་ཆོ་གའོ། ཤིན་ཏུ་རྨད་དུ་འབྱུང་བའི་བསྒོ་མི་དགོང་མནྟྲ་དང་ཡནྟྲའི་རྟེན་འབྲེལ་ལོ། །བསྟན་བཅོས་ཐཾ་ཅད་པ་ནི་འཇིག་རྟེན་དང་ཐུན་མོངས་དང་མཆོག་གི་དངོས་གྲུབ་ཀྱི་ཐབས་རྒྱས་པའོ། །བཀླཊ་པས ་གྲུབ་པའི་རྒྱལ་པོ་ཨིནད་བྷུ་ཏི་བཞིན་དུ་སྔཊ་བརྗོད་བཙམ་གྱིས་བདག་བཞི་ཚར་གཅོད་པའོ། །གདོད་མ་ནས་གྲུབ་པ་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །དེ་ཡང་འདས་པཱི་སངས་རྒྱས་རྣམས་ཀྱི་གསུངས་མ་འོངས་རྣམས་ཀྱང་གསུངས་འགྱུར་ལ། ད་ལྟར་བྱུང་བའི་རྫོགས་སངས་རྒྱས་ཞེས་གསུངས་པའི་ཕྱིར ་ལེའུ་ལྔ་བཅུ་རྩ་གཉིས་ཡོད་ཀྱང་ལེའུ་ལྔ་བཅུ་པ་ལ་གཅིག་ཏུ་བསྡོམས་ནས་གྲངས་ཤིས་པས་མཛེས་པ་ཡིན་ནོ། །རྫོགས་སོ། །ཞེས་བྱ་བ་ནི་རྒྱུད་མཐར་ཐུག་པའི་ཆི་གོ། བསྟོད་བས་མཉེས་མེད་སྨད་བས་མི ་དགྱེས་མེད། །འགྲོ་བ་ཀུན་ལ་བུ་གཅིག་ལྟར་དགོངས་ལ། །གང་གིས་གནོད་པ་བྱས་ཀྱང་འདི་མཛད་པའི། །རྗེ་བཙུན་བར་མཆོག་སྐུ་ཡི་ཞབས་བཏུས་ནས། །སངས་རྒྱས་སྲས་དང་བཅས་པའི་སྤྱོད་ཡུལ་གྱི། རྟོགས་དཀའ་བདེ ་མཆོག་བཤད་རྒྱུད་ལ་བརྟེན་ནས། བླ་མ་དམ་པའི་བདུད་རྩི་གདམས་ངག་གིས། རྒྱ་ཆེར་བཤད་པ་འགྲོ་རྣམས་རྟོགས་གྱུར་ཤོག་།དཀྱིལ་འཁོར་བདེ་མཆོག་གི་རྒྱ་ཆེར་བཤད་པའི་ཚིག་དོན་རབ་ཏུ་གསལ ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེས་མཛེས་པ་རྫོགས་སོ།། །།བླ་མ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང། །འབངས་ཀྱི་སྨོན་ལམ་གྲུབ་པ་མི་འགགས་ཆོས། །འབངས་དང་གྲོགས ་ཀྱི་དོན་ཞུས་རྗེས་གནང་བ། །མཆོག་དགའ་ཨི་བསམས་ལ་གྲོགས་ལ་འཕེལ་བར་སྨོན། །རྒྱ་གར་གྱི་པཎྜི་ཏ་པ་ར་ཧེ་ཏ་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་འཕགས་པ ་ཤེས་རབ་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། སརྦ་མངྒཱ་ལམ། །དགེའོ། ། ་