| Wylie | e-texts based on the ACIP/ALL Input |
བྱ་བ་འདི་ཀུན་ལྡན་གྱི་ལོ་ཆོ་འཕྲུལ་ཆེན་པོ་རྟའི་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ལ་གྷུ་སཾ་བ་ར་ཏནྟྲ་པ་ཏ་ཡ་ཨ་བྷི་སནྟི་།བོད ་སྐད་དུ། སྔོམ་པའི་རྒྱུད་ཆུང་དུའི་མཚམས་སྦྱོར། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚའོ། །སྡོམ་པའི་རྒྱུད་ཆུང་དུའི་མཚམས་སྦྱོར་བརྗོད་པར་བྱའོ། །དང་པོར་རེ་ཞིག་བསྐྱེད་པ་དང། རྫོགས་པའི་རིམ་པ་གཉིས་ཀྱིས་བསྡུས་པའོ་དོན་ཐམས ་ཅད་ལེའུ་དང་པོར་བསྟན་ནས་གཉིས་པ་ནས་ལྔ་བཅུ་པའི་བར་གྱིས་ནི་རྒྱས་པར་བསྟན་ཏེ། །ཀུན་གྱི་ཐ་མའི་ལེའུ་ཡིས་ནི་དེ་རྣམས་གཅིག་ཏུ་མཛད་དོ། །བཅོམ་ལྡན་འདས་ཀྱིས་བསྡུས་པའི་རྒྱུད་ཆུང་དུ་འདིའི་ཁ་སྦྱོར་གསུམ་པའི་བཤད ་པ་འདི་ནི་ནཱ་རོ་ཏ་བའི་དགོངས་པའོ། །དེ་ལ་དབང་བསྐུར་ནས་ནི་དེ་ཉིད་བསྟན་ཅེས་པའི་ཚིག་གིས་ཐེག་པ་ཆེན་པོ་གསང་སྔགས་ལ་དབང་བསྐུར་བའོ། །དཀྱིལ་འཁོར་སྔོན་དུ་འགྲོ་བས་ལེའུ་གཉིས་པས་ནི་དཀྱིལ་འཁོར་རོ། །གསུམ ་བས་ནི་དབང་བསྐུར་བའོ། །བཞི་པས་ནི་དབང་བསྐུར་བའི་དོན་གྱི་ངོ་བོ་དེ་ཁོ་ན་ཉིད་དེ། །དེ་ལྟར་ལེའུ་གསུམ་བོ་དེ་ཡང་གསང་བ་ཞེས་བྱ་བ་ནས་མཉམ་པར་གྱིས་ཞེས་བྱ་བའི་བར་གྱིས་བཤད་པའོ། །འདིས་ནི་དེ་ལྟར་འཆད་བར་འགྱུར་བའི ་བ་ལང་གནས་དང་ལྡིང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྒོམས་པའི་དཀྱིལ་འཁོར་རྒྱས་པར་བཤད་པ་ཡང་འདི་ཉིད་ཀྱིས་ཟིན་པ་ཡིན་པས་དེ་ལས་ལོགས་ཤིག་ཏུ་མ་བརྗོད་དོ། །དེ་ནས་གསང་སྔགས་ཟློས་པའི་ཟླས་བརྗོད་དང། །བསམ ་གཏན་གྱིས་ཀྱང་འགྲུབ་པོ། །ཞེས་རྣམ་པར་བཤད་པའི་འགྲེལ་པ་ལས་ལྔ་བསྣ་བརྒྱད་བའི་བར་གྱི་ལེའུ་བཞི་དང་ཉི་ཤུ་ལྔ་པ་དང་སུམ་ཅུ་བས་ནི་རོ་རིམ་འཆིལ་བས་བཟླས་པའི་སྔཊ་བཏུ་བ་བསྟན་ཏེ། རྒྱུད་སློབ་དཔོན་མེད་པར་སྔགས་ཀྱི་བཟླས་པ་དག་པའི་དོན་ཡིན་པར་རྟོགས ་པར་བྱའོ། །འདི་ལྟར་བཟླས་པའི་དངོས་གྲུབ་མཆོག་དང། །ཐ་མའི་མི་ཚན་ཉིད་ལས་འཇིག་རྟེན་པའི་དངོས་གྲུབ་བསྟན་པ་ནི་དགུ་ནས་བཅུ་བཞིའི་པར་མཐར་ཐུག་པ་དང། བཞི་བཅུ་རྩ་གསུམ་པ་ལས་ལེའུ་ལྔ་བཅུ་པའི་བར་དུ་ཤེས ་པར་བྱའོ། །གང་དུ་དབང་བསྐུར་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྟན་ཏོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་རྣལ་འབྱོར་མའི་བཀའ་དྲིན་ལས་འགྱུར་པའི་དར་བསྟན་པའི་དོན་དུ་བཅོ་ལྔ་པ་ནས་ཉི་ཤུ ་རྩ་བཞི་པའི་བར་གྱིས་ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་མ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་ཏོ། །འདིས་རྣལ་འབྱོར་མའི་དབྱེ་བཤེས་བར་བྱ་བའི་ཕྱིད་ཡི་གེ་བརྡ་དང། རིགས་དྲུག་གི་དབྱེ་བ་དང། །མིང་གི་རྣམ་གྲངས་དང། མཁའ་འགྲོ་མའི ་རིགས་དང། །ལཱ?་མའི་རིགས་ཀྱི་མཚན་ཉིད་དང། །ལག་པའི་བརྡ་དང། སྟོན་པའི་ཕྱག་རྒྱ་དང། །ཡན་ལག་གི་ཕྱག་རྒྱ་དང། །མཚན་མའི་ཕྱག་རྒྱ་དང། དག་གི་བརྡརས?་རབ་ཏུ་ཤེས་པར་འགྱུར་པའི་བྱེ་བྲག་བཅུས་ཕོ་ཉའི་མཚན་ཉིད ་ལེའུ་བཅུ་གོ་??་??་བཞིན་བསྟན་ཏོ། །དེའི་རྗེས་ལ་དམ་ཚིག་རྟག་ཏུ་བརྒྱད་བར་བྱ། །ཞེས་པ་ལ་སོགས་པའི་དོན་རྫོགས་པར་བྱེད་པ་ལས་ཉི་ཤུ་རྩ་དྲུག་པས་ནི་ཡོངས་སུ་ཤེས་པའི་ཕོ་ཉ་མཉེས་པར་བྱེད་པའི་བསྲུང་བའི་དམ ་ཚིག་བསྟན་ཏོ། །ཉི་ཤུ་རྩ་བདུན་པས་ནི་ཐོབ་པའི་ཕྱག་རྒྱ་མཉེས་པས་དེའི་བཀའ་སྤྱོད་པ་བྱ་སྟེ། རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་དོན་རྫོགས་པར་བྱས་བས་སྤྱོད་བཅས་ཀྱི་སྤྱོད་པ་བསྟན ་ཏོ། །ཉི་ཤུ་བརྒྱད་བ་དང་ཉི་ཤུ་དགུ་པས་ནི་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ཏོ། །དེ་ནས་སྤྲད་རྩི་འཚལ་དང་ག་བུར་བཅས། །ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་སུམ་ཅུ་རྩ་གཅིག་པ་ལ་སོགས་པའི་ལེའུ་གསུམ་གྱིས་སྤྱོད་པ་ཐམས་ཅད ་ལ་མཁོ་བ་བཟའ་བའི་དམ་ཚིག་བསྟན་ཏོ། །དེ་ལ་ཡང་ལག་པའི་མཆོད་པ་དང། རྫས་ཀྱི་ཁྱད་པར་གྱི་མིང་དང། ཁ་ཟས་ཀྱི་ཆོག་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །དེའི་རྗེས་ལ་མཆོད་བཞི་དཔའ་བོ་ཆེ། །ཞེས་བྱ་བ་ལ་སོགས་པ ་རྣམ་པར་འགྲེལ་པ་ནི་སུམ་ཅུ་རྩ་བཞི་སོགས་ལེའུ་བཞི་སྟེ། །ཕྱག་རྒྱ་ཆེན་པོ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དབང་དུ་བྱ་བ་གོ་རིམ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་སྔར ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་མཚན་ཉིད་གཞན་དུ་བསྟན་པས་འདིར་དེ་ལས་ལོགས་ཤིག་ཏུ་རྒྱས་པར་མ་བསྟན་ཏོ། །དེ་ནས་སུམ་ཅུ་རྩ་བརྒྱད་པས་ནི་རྣལ་འབྱོར་པ་ཉིད་ཙམ་བྱ་བ་ལ་སོགས་པའི་སྤྲོས་མེད་དང། ཤིན ་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྒྱས་པ་བསྟན་ཏོ། །དེ་ལ་རྣལ་འབྱོར་མ་གསུམ་གྱི་ཐུན་མོང་དུ་གྱུར་པའི་དངོས་གྲུབ་ཀྱི་མཚན་ཉིད་སུམ་ཅུ་རྩ་དགུ་པ་ནས་བཞི་བཅུ་རྩ་གཉིས་པའི་བར་དུ་སྟན་ཏོ། །དེ་ལྟར་མདོ་དང་རྒྱས་པར་བསྟན་པའི་སྒོ་ནས་ལེའུ ་ལྔ་བཅུ་རྩ་གཅིག་ཏུ་བསྡུས་ནས་བསྟན་ཏོ། །ཞེས་བླ་མའི་མན་ངག་གོ་།སྡོམ་པ་ནི་རྒྱུད་ཆུང་དུའི་མཆམས་སྦྱོར་དཔལ་ནཱ་རོ་ཏ་པའི་རྗེས་སུ་འབྲངས་??་??་བསུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དང། འོ་ཙ་བ་དགེ་སློང་གྲགས་མཆོག་ཤེས་རབ་ཀྱིས་བསྒྱུར་ཏོ།། །། *། །བདེ་མཆོག་རྩ་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་བཞུགས།། །། *། །དཔལ་བདེ་མཆོག ་