CLOSE WINDOW

N916: dpal sdom pa'i 'grel pa dpal de kho na nyid mkhas pa zhes bya ba
Wyliee-texts based on the ACIP/ALL Input

གནས་སུ་བསྒྱུར།། །། *། །དཔལ་སྡོམ་བའི་འགྲེལ་པ་ཞེས་བྱ་བ་རྡོ་རྗེས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། ཤི་ཏ་ཏྭ་བི་ཥ་དཱ་ནཱ་མ་ཧྲཱི་སམྦར་བྲིཏྟི(རྒྱུད་འགྲེལ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣད་མིན་དཔེ་མེད་ཉིད། །སྐྱོན་མེད་ཞིབ། ཁོ་ན་དང། །རྫས་མེད་རང་བཞིན་དགི་པ་ཡི། །བྱང་ཆུབ་སེམས་ལ་བདག་ཕྱག་འཚལ། །གང་གིས་སྟོང་པ་ཉིད་ཀྱི ་ལྕེ་རྣམས་ཀྱིས་ནི་རྡོ་རྗེའི་ཆུ་དང་བཤད་པ་ཁྲག་རྣམས་མྱངས་བ་དང། །བྱམས་སོ་གསོ་རྣམས་ཀྱིས་ནི་གདོད་དང་ལག་པ་རྐང་བའི་ཤ་རྣམས་ཟོས་པ་ངེས་ནམ་མཁའ་འགྲོ་སྟེ། མངོན་ཤེས་ལྔ་ཡི་ཞལ་ཆེན་རྣམས་ཀྱིས་ཡུལ་གྱི་ཕྱུགས་ཀྱི་ཚོགས་རྣམས་ཟེས ་པ་དེས་ན་དྲག་པོ་ཡིན། །བསོད་ནམས་ཡེ་ཤེས་ཚུལ་ཁྲིམས་དམ་པས་དྲི་མ་གསུམ་བྲལ་སྤྱན་གསུམ་གྱིས་སྡོམ་གང་ཡིན་དེ་ལ་འདུད། །འདིར་ནི་ལེགས་གྲུབ་རྣམས་ཀྱིས་རྣམ་ཕྱེ་རྡོ་རྗེ་ཐེག་པའི་སྙིང་པོ་ནི། །སྡོམ་པའི་རྒྱུད་ཀྱི་རྒྱལ་བོ་རྒྱ་ཆེར ་བཤད་བ་རྒྱལ་བའི་སྲས་ཀྱིས་བྱས། །དོན་གྱི་རོ་ཡི་ཆུ་གཏེར་འདུས་པར་བློ་གྲོས་བླུན་པོ་གང་བདག་ཀྱང། །ནམ་མཁའ་ནམ་མཁའ་ལྡིང་གི་ལམ་དུ་སྦང་བུ་དག་ཀྱང་ཅིས་མི་འགྲོ། གསེར་ལས་བརྡུངས་བྱས་འདྲ་ཞིང་ཆུ་སྐྱེས་རྣམས་རྒྱས་པ། །བཀྲེས ་བས་བཉེན་པ་གཡོས་ལགས་ཁ་ཟས་ཟ་བ་འདྲ། །སྤྲིངས་ཡིག་ལེགས་པར་ཕྱི་འདྲ་རིན་ཆེན་སྒོམ་ཕྱེ་འདྲ། །འདིར་ནི་རྒྱུད་བཟང་རྣམ་ཕྱེ་དགའ་བའི་མཆོག་འཇིན་བྱེད། །བདེ་བ་སྡུག་བསྔལ་དངོས་པོ་བྲལ་བ་ཆོས་ཤེས་བྱ་དང་ལོངས་སྤྱོད ་རྫོགས་བསྟོན་པ་པོ། །སྤྲུལ་པ་སྒྱུ་མ་མིག་འཕྲུལ་ལྟ་བུར་སྣ་ཚོགས་པ་དང་མཁའ་ལ་རྫུ་འཕྲུལ་དང་བཅས་པ། །ངོ་བོ་ཉིད་ནི་དྲི་མ་མེད་པ་སྐུ་མཆོག་འཇིག་རྟེན་གསུམ་གྱིས་མཆོད་ལ་བདག་བཏུད་ནས། །བསྡུས་པའི་རྒྱུད་ནི་སྦས་པ་འགྲེལ ་བར་བྱེད་བདེ་ཁོ་ན་ཉིད་མཁས་པར་བཤད་པར་བྱ། །ཐེག་པ་ཆེ་ལས་ཐེག་པའི་མཆོག་།སྔགས་ཀྱི་ཐེག་པ་བྱ་སླ་བ། །ཉན་ཐོས་མ་ཡིན་རང་རྒྱལ་མིན། །ཐེག་བ་ཆེན་པོའི་དོན་བསྡུས་པ། །མུ་སྟེགས་ཀུན་གྱི་མ་མྱང་ཞིང། །ཕ ་རོལ་ཕྱིན་པའི་ཚུལ་ལ་བརྟེན། །གསང་སྔགས་ཚུལ་ནི་རྣམ་གྲངས་མང། །བྱ་བ་སྤྱོད་པ་གཉིས་ཀའི་བདག། མདོ་སྡེ་རྒྱུད་དང་རྟོག་རང་བཞིན། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་བཞིའི་གྲངས་རྣམས་ཉིད། །སངས་རྒྱས་ཀུན་གྱིས་བསྟན ་པ་ཡིན། །དེ་ལས་ཆེས་སྙིང་པོ་ཡི་རྒྱུད། །མཁའ་འགྲོ་མ་ཡི་འཁོར་ལོ་སྔོམ། །ཡན་ལག་བཅུ་གཉིས་གསུང་ལ་བརྟེན། །མཁའ་འགྲོ་མ་ཡི་མན་ངག་བརྗོད། །རྣཾས་ལྔ་མངོན་པར་རྫོགས་བྱང་ཆུབ། །ཆོས་དབྱིངས་བདག་ཉིད་སྒྲུབ་པའི་ཐབས ་ཤེས་རབ་ཐབས་ནི་མཉམ་པར་སྦྱོར། །ལྔ་པ་ཟུང་དུ་འཇུག་པའོ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག། །སྙིགས་མ་ལྔ་ཡི་དུས་འདིར་ནི། ་རྟོག་པ་པོ་རྣམས?་བློ་ཞན་ཞིང། །ཚེ་ཐུང་བརྩོན་འགྲུས་ཆུང་བ་རྣམས། །རྒྱས་པ་མདོར་བསྡུས་ཆེད་དུ་ཡང། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །རྒྱལ་པས་དཔལ་ལྡན་འབྲས་སྤུངས་བསྟན། །ཡང་དག་རྫོགས་པའི་སངས་རྒྱས་ཐེག་།འབྲས ་བུའི་རྒྱུད་ནི་བླ་ན་མེད། །གང་དུ་བདེ་འདོང་སྤྲོ་བ་ཡིས། །དཀའ་སྤྱད་ཀྱིས་ཀྱང་སྒྲུབ་པར་བྱེད། །གསལ་ཞིང་གཏིང་དཔག་དཀའ་བ་དང། ཡོད་དང་ཡོད་པ་མ་ཡིན་དང། །རྟེན་ཅིང་མ་ངེས་མ་ཁྱབ་པ། །ཀུན་རྫོབ་སྐྱོ་བ་ཅན་གང་ཡིན། །དེས་ནས ་རྟོག་གེ་བྲལ་བ་ཡི། །བདེ་བ་ཆེན་པོ་དབུ་མ་པ། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད། །གང་དུ་སེམས་ནི་ཡོངས་སུ་གསལ། །སྐྱེ་བ་འདི་ལས་སངས་རྒྱས་ཉིད། །དགའ་དང་བདེ་བ་བསྒྲུབ་པར་བྱ། །ེ་མ་མཁའ་འགྲོ་མ་རྒྱུད་གང། །རྒྱུད་རྣམས ་ཀུན་ཏུ་མཆོག་ཡིན་ཏེ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །འདི་ཉིད་གཉིས་མེད་དེ་ཉིད་དེ། །བདེན་པ་གཉིས་པོ་རྣམ་ཕྱེ་བ། །གསུམ་གྱི་ཀུན་རྫོབ་རབ་ཏུ་བརྗོད། །དོན་དམ་པ་གང་གཉིས་དག་གིས། །རྟོག ་པའི་རྣལ་འབྱོར་རྡོ་རྗེ་བཟླས། །རང་བྱིན་རླབས་དང་འོད་གསལ་བ། །ཟུང་དུ་འཇུག་དང་རིམ་པ་ལྔ། །རྒྱུད་རྣམས་ཀུན་ཏུ་བཤད་པ་ཡིན། །རི་མཛའ་རིམ་པ་ལྔར་ཤེས་ནས། །རྒྱུད་དུ་མཛའ་དྲུག་ལ་འཇུག་གོ། རྒྱུད་དུ་མདོར་བསྟན་རྣམ་གསུམ་དང། ། ་རྒྱས་པར་བཤད་པ་རྣམ་གསུམ་འགྱུར། །འདི་ཡི་རྣམ་པར་བཤད་པ་ཡང། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་དུ། །ཇི་ལྟར་མདོར་བསྟན་རབ་ཏུ་བརྗོད། །རྒྱས་པར་བཤད་པ་འང་དེ་བཞིན་ནོ། །སོ་སོར་རྒྱས་བཤད་བརྡ་དང་ནི། །ཆོ་ག་རྒྱས་པ ་མཛའ་དག་ཉིད། །མདོར་བསྟན་བ་ནི་སྤྲུལ་པ་ཡིན། །རྒྱས་བཤད་ལོངས་སྤྱོད་རྫོགས་པར་འདོད། །སོ་སོར་རྒྱས་བཤད་མཛའ་དག་ནི། །མྱ་ངན་འདས་པའི་དེ་ཉིད་བསྟན། །དཔའ་བོ་ཁྱོད་ཀྱིས་ང་ལ་བཤད། །སངས་རྒྱས་མུ་སྟེགས་ཀྱིས་རྟོགས ་དཀའ་། །སྒྲ་དང་སྒྲ་ཉམས་བརྡ་དང་ནི། །ལམ་འདི་ཁོ་ནའི་རྗེས་འབྲངས་ནས། །དང་པ་སྐྱེས་ནས་དེ་ཡང་དག། རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན། །བླུན་པོ་རྨོངས་པ་ངན་སྡིག་གིས། །བྱིས་བའི་ཤེས་པའི་ཤེས་པ་ཅན། །ཡོངས་སུ་མ ་སྨིན་སེམས་ཅན་གྱི། །ཕྱི་རོལ་བསྟན་བཅོས་ལ་འཆེལ་བ། །དེ་དག་ཀུན་གྱིས་ཀྱང་མི་ཤེས། །མི་ཤེས་མུན་པས་ཁེ་བས་པ་དང། །མངོན་བའི་ང་རྒྱལ་རྟག་དགའ་བ། །ང་རྒྱལ་ལ་སོགས་བདུན་སེམས་པ། །དེ་ཀུན་གྱིས་ཀྱང་སངས་རྒྱས ་ཀྱི། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །གཞན་དཱུང་མདོར་བསྟན་རྒྱས་བཤད་ནི། །དཀའ་འགྲེལ་ཚིག་ནི་འཇོམས་པའོ། །སོ་སོར་རྒྱས་བཤད་མདོར་བསྟན་ཆེ། །དོན་ཀུན་གསལ་བྱེད་རྒྱ་ཆེར་འབྲེལ། །དེ་གཉིས་མངོན་ཤེས་ཐོབ་རྣམས ་ཀྱིས། །ཕྱ་ཡིས་མཁས་པས་མིན་པ་ཉིད། །དེ་ལྟར་མཐང་དྲུག་རྣམས་ཀྱིས་དག། །དེ་བཞིན་རིགས་དྲུག་གིས་སྡོམ་པའོ། །འབྲས་བུ་སྒྲུབ་པ་རྒྱུ་རྣམས་ཀྱིས། །རྒྱུད་ནི་རྣམ་པ་གསུམ་དུ་བཤད། །དེ་ཉིད་བསྡུས་པ་སོགས་རྣམས ་ནི། །སྒྲུབ་བྱེད་ཐབས་ཀྱི་རྒྱུད་དག་གོ། རྒྱུད་ནི་ཆགས་ཀུན་ནས་བཤད། །ཕྱི་མ་སྔ་མ་ལས་བྱུང་བ། །དེ་ཉིད་གསང་དང་གསང་ཆེན་ཏེ། །ཕྱི་མའི་རྒྱུད་དུ་འདོད་པ་ཡིན། །གང་ཞིག་གསང་བ་རྣམ་ལྔ་ནི། །རྩ་བའི་རྒྱུད་དུ་དེ་བརྗོད་བྱ། རིགས་དང ་དཀྱིལ་འཁོར་རྣལ་འབྱོར་སྐྱེས། །མངོན་བར་དབང་བསྐུར་ཕྱག་རྒྱ་ཆེ། །མངོན་བརྗོད་ཕྱི་མ་ལ་སོགས་དང། །འདུས་པ་ཕྱི་མ་ཉིད་ཀྱང་ངོ། །འབྲས་ནི་རྣལ་འབྱོར་རྒྱུད་རྣམས་ཏེ། །ཤེས་རབ་ཐབས་ཀྱི་མིང་ལས་ནི། །འདུས་པ་དང་ནི་སྡོམ་པ་སོགས། ། ་རྩ་བ་དང་རྒྱུའི་རྒྱུད་རྣམས་ནི། །རྡོ་རྗེ་མཁའ་འགྲོ་རྡོར་ཕྲེང་སོགས། །བཤད་པའི་ཐབས་ཀྱིས་རྒྱུད་དག་གོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱན་བདུན་གྱིས་ནི་རིགས་པ་ཡིས། །རྒྱུད་ཀྱི་རྣམ་བཤད་རྒྱལ་བ་བཞེད། །དེ་ཕྱི་དེ་ལ་འཇུག ་པར་བྱ། །དེ་བཞིན་དུ་ཡང་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྒྱན་རྣམ་པ་བདུན་ཅི་ལྟར་ལགས། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གླེད་བསླང་བ་རྣཾ་པ་ལྔ་དང་མཛའ་དྲུག་གི་བཤད་པ་དང། རིགས་པ་རྣམ་པ་བཞི་དང། བཤད་པ་རྣམ་པ་བཞི་དང། རབ་ཏུ་དབྱེ་བ་རྣམ་པ་གཉིས་དང། གང་ཟག་རྣམ་པ་ལྔའི་སློབ་མ ་ཡོངས་སུ་བརྟག་པ་དང། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པའོ་ཞེས་སོ། །རྒྱས་པར་བཤད་པ་ཡང་འདིར་མིང་དང་རྒྱུ་མཚན་དང་བྱེད་པ་པོ་དང། ཚད་དང་དགོས་པའོ། །དགོངས་པས་བཤད་དང་དགོངས་མིན་དང། །དྲང་བའི་དོན་དང་ངེས་པའི་དོན། སྒྲ ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མིན་པའོ། །རྒྱུད་དང་གླེད་གཞི་དང། དེས་པའི་ཚིག་དང་རྒྱུའོ། །ཡི་གེའི་དོན་དང་སྤྱིའི་དོན་དང་སྦས་པ་དང། མཐར་ཐུག་གོ། ཚོགས་ལ་བཤད་བ་དང། སློབ་མ་ལ་བཤད་པའོ། །རིན་པོ་ཆེ་དང། ཙན་དན་དང། པདྨ་དང ་པདྨ་དཀར་པོ་དང། ཨུཏཔལའོ། །ཀུན་རྫོབ་ཀྱི་བདེན་པ་དང། དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་བའི་བདེན་པ་ནི་སྟོང་པ་ཉིད་ཆེན་པོ་བཅོ་བརྒྱད་དོ། །དེའི་བདེན་པ ་ནི་མཛའ་སྟེ་གནས་ཀྱི་རིམ་པའོ་ཞེས་སོ། །རྡོ་རྗེ་ཕྲེད་བའི་རྗེས་སུ་འབྲངས་ནས་སོ་སོར་རྒྱས་པར་བཤད་པ་བརྗོད་པར་བྱ་སྟེ། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །རྒྱུ་མཚོན་ཀྱེའོ་ཆགས་ཅན་གྱིའོ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཚད་ནི་རིམ་གྱི་ལ་སོཊ ་བའོ། །དགོས་པར་བགྲངས་པ་ལ་སོགས་ནི། །སངས་རྒྱས་ཉིད་ཀྱང་མཆོག་ཡིན་ནོ། །ཁྱད་འཕགས་འདོད་པའི་སེམས་ཅན་ལ། །ཆོས་ཀྱི་དེ་ཉིད་རབ་གསལ་བྱེད། །ཆགས་པ་མ་ཡིན་ཆགས་བྲལ་མིན། །ཞེས་པ་ལ་སོགས་དགོངས་བཤད ་དོ། །དམན་པ་དེ་ཉིད་གསལ་སྟོན་བ། །དགོངས་པ་མིན་པས་བཤད་པ་སྟེ། །བདག་མེད་ཐམས་ཅད་སྟོད་པ་རུ། །དག་གོ་ཞེས་སོགས་བསྟན་བའོ། །སྐལ་དན་ལ་སྦས་པདྨ་དང། ཅན་དན་སོགས་བཤད་དྲང་བའི་དོན། །བད་སོགས་བཙུན་མོ་ལ ་སོགས་སུ། །ཡང་དག་དོན་སྟོན་དེས་པའི་དོན། །བྱ་བ་སྤྱོད་པ་གཉིས་ཀའི་རྒྱུད། །རྟོག་པ་སོགས་སུ་ཇི་བཞིན་སྒྲ། །དཀྱིལ་འཁོར་ཅན་སོགས་ཆོ་ག་ནི། །སྐྱེ་བོས་གསལ་བར་བསྟན་བའོ། །བཤད་པ་གཅི་བ་ལ་སོགས་སྒྲ། །འཇིག་རྟེན་བསྟན་བཅོས ་ཕྱི་རོལ་བྱས། །ཡུལ་སོགས་རྗོད་བྱེད་སངས་རྒྱས་ཀྱིས། །རྒྱུད་དུ་བསྟན་པ་སྒྲ་མིན་པའོ། །སྒྲ་དོན་ཁོ་ན་ཡི་གེའི་དོན། །སྤྱིའི་མི་དོན་གྱི་དབྱེ་བ་གཉིས། །ཉན་ཐོས་འགྱོད་པ་སྤོད་བ་དང། །བསྐྱེད་པ་གསལ་བར་བྱེད་པའོ། །སྦས་པ་རྣམ་པ་གསུམ་དུ ་བཤད། །འདོད་ཆགས་ཆོས་དང་ཀུན་རྫོབ་བདེན། །ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི། །སྙིང་པོ་འདིར་ཡོང་ཕྱིར་དེས་དེའོ། །འོད་གལ་བ་ནི་རབ་སྟོན་དང། །ཟུང་དུ་འཇུག་བ་རབ་རྟོགས་བྱེད། །མཐར་ཐུག་རྣམ་པ་གཉིས་རབ་བརྗོད ་མཛའ་ནི་མུར་ཐུག་པ་ཡི་ཚིག། རིགས་ལྔ་བསྐྱེད་བའི་རྒྱུད་ཡིན་ཏེ། །རིགས་གཅིག་གྱུར་པ་གླེད་གཞི་ཡིན། །རྡོ་རྗེ་སོགས་ཟུང་ངེས་བའི་ཚིག། སྒེག་པ་ཡང་ནི་རྒྱུ་རུ་འདོད། །ཇི་བཞིན་སྒྲ་དང་དགོངས་པ་དང། །དེ་བཞིན་དྲད་དོན་བསྟན་པ་དང། །ཡི་གེའི ་དོན་དང་སྤྱི་ཡི་དོན། །ཚོགས་ལ་བཤད་པ་མངོན་དུའོ། །ཇི་བཞིན་མིན་དང་ངེས་སྟོན་དང། །དེ་བཞིན་ཁོ་ནར་དགོངས་བཤད་དང། །སྦས་དང་མཐར་ཐུག་པ་ཡང་ནི། །སློབ་མ་བཤད་པ་ཡིན་པར་འདོད། །དངོས་པོ་མ་ལུས་ཐོས་ནས་དེ། ། ་འཛིན་བ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་འགྱུར་བ། །ུཏཔལ་ཞེས་བྱའི་གང་ཟག་གོ། །བཟུང་བྱ་ལྷག་པར་མང་ཐོས་ནས། །སྟོན་པ་ཡི་ནི་ནུས་མེད་པ། །བུམ་པའི་རས་བ་ལ་ས་བོན་བཞིན། །ཤེས་བྱ་པད་དཀར་གང་ཟག་བརྗོད ་དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ནས་བློ་ཡི་ཁའ་བྱེ་ལ། །ཚིག་མེད་འོད་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནདན་ཞེས ་བྱའི་གང་ཟག་གོ། ཚུལ་ཁྲིམས་བཟང་ཞིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་བླ?་གོ། གང་ཟག་བཞི་པོ་འདི་རྣམས་ལ། །ཚོགས་པ་བཤད་པ་འབའ་ཞིག་གོ། རིན་ཆེན ་གང་ཟག་རྟོག་སྤྱོད་པ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཕན་དོན་ཅན་གྱི་རྒྱུད་བསྟན་བྱ། །འདི་ཉིད་ཀྱིས་ནི་རྒྱུ་བ་རྣམས་??། །དྲང་བར་བྱའོ་གཞན་དུ་མིན། །ཞེ་སོ། །ད་ནི་སློབ་མ་རྣམས་ཀྱི ་དོན་ལ་ཐེ་ཚོམ་གྱིས་རབ་ཏུ་འཇུག་བའི་དོན་དུ་བརྗོད་བྱ་ལ་སོགས་པ་བརྗོད་པར་བྱའོ། །འདིར་བརྗོད་བྱ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་ཧེ་རུ་ཀའོ། །འདིའི་ཡང་སོ་སོར་རྟོགས་པར་བྱེད་པ་པོ་རྒྱུད་ཀྱི་རྒྱལ ་པོ་མངོན་པར་བརྗོད་པའོ། །དེ་དག་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་སྦྱིན་པ་ནི་དགོས་པའོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པ་ནི་འདིར་དགོས་པའི་དགོས་པའོ། །འདི་རྣམས་མངོན་པར ་གཟིགས་ནས་ཉན་ཐོས་ཀྱི་སྡོམ་པ་དང་བྲལ་བའི་གདུལ་བྱ་རྣམས་ཀྱི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་བསམ་པས་གསང་ཆེན་གྱི་གནས་ཀྱི་དཔའ་བོ་དང། །དཔའ་བོའི་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྒོམ་པའི་ཕག་མོས་གསོལ ་བ་བཏབ་པས་ཤཱཀྱ་ཐུབ་པས་དཔལ་ཧེ་རུ་ཀའི་ཏིང་འཛིན་གྱིས་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་གཞུངས་ཚད་བདུན་བརྒྱ་པ་འཇིག་རྟེན་ལས་ཡངས་དག་ལས། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་དོན་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྦྱིན་པ་པོ་ཡང་དག་པར་བསྟན་ཏོ། །ད་ནི་བསྡུས་པའི་དོན་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར?་བཞུགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང། དེ་ནས་དམ་ཚིག་གི་སྤྱོད་པ་ཉིད་ཀྱིས ་དང། སྟེན་པ་ཐོ་དང་གསོལ་བ་འདེབས་པ་པོ་ཕོ་ཉིད་ཀྱིས་དང། རིགས་ལྡན་མའི་དོན་གྱིས་དང། ཕོ་ཉ་མོ་མཆོད་པའི་ཉིད་ཀྱིས་དང། འདོད་པའི་དངོས་གྲུབ་སྒོམ་པ་ཉིད་ཀྱིས་དང། བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་པའི་དོན་གྱིས་དང། སྡིག་པ ་ཐམས་ཅད་རྣམ་པར་གྲོལ་པ་ཉིད་ཀྱིས་དང། རྣལ་འབྱོར་པ་ཉིད་སྒྲུབ་པའི་ཐབས་ཉིད་ཀྱིས་དང། དམ་ཚིག་སྐྱོང་བ་ཉིད་ཀྱིས་དང། དམ་ཚིག་བྱེ་བ་བསྲུང་བ་ཉིད་ཀྱིས་དང། བདུད་རྩི་ལྔ་བཟའ་བ་ཉིད་ཀྱིས་དང། ཟླ་བ་བཏུང་བྱ་ཉིད་ཀྱིས་??། དབང ་བོ་གཉིས་ཀྱིས་སྙོམས་པར་འཇུག་པ་ཉིད་ཀྱིས་དང། ལྷའི་བདེ་བ་ཉིད་བསྔགས་པ་ཉིད་ཀྱིས་དང། ལྷ་དང་མིའི་བདེ་བ་ཉིད་བསྔཊ་པ་ཉིད་ཀྱིས་གནས་པ་སྟེ་ལེའུ་དང་པོ་ལའོ། །དེ་ནས་རི་ལ་སོཊ་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གསང་སྟེ། དེ ་བཞིན་དུ་གཞན་དག་ཀྱང་ཕྱག་ན་རྡོ་རྗེ་ཞབས་ཀྱིས་རྒྱ་ཆེར་བཤད་པའི་རྗེས་སུ་འབྲངས་ནས་རྒྱུད་ཇི་སྙེད་པར་རྟོགས་པར་བྱ་སྟེ་མདས་པ་ཉིད་ཀྱི་ཕྱིར་འདིར་མ་བརྗོད་དོ། །ད་ནི་རྟོགས་སྔ་བ་ཉིད་ཀྱིས་བསྡུས་པའི་དོན་མདོར་བསྟན་ནས་ཚིག་གདོན ་བཤད་པའི་དོན་དུ། དེ་ནས་འདི་ལས་ཞེས་པ་ལ་སོགས་པས་རྒྱུད་རྣམ་པར་དབྱེ་བར་བྱའོ། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཞེས་པ་ལ་སོགས་ངེས་པར་བསྟན་པར་མ་ཡིན་ནམ། འདིར་དེ་ནས་འདི་ལས་ཞེས་པ་ལ་སོགས་པས ་ཅི་ལྟར་ཡིན། འདི་ནི་རྒྱལ་བས་གསུངས་པ་མ་ཡིན་ནོ། །ཞེ་ནི་འདི་ནི་བརྗོད་པར་བྱ་བ་མ་ཡིན་ཏེ་གང་གི་ཕྱིར་གསུངས་པ་དོན་ལ་སོ་སོར་རྟོན་གྱིས་སྒྲ་ཇི་ལྟ་བ་དེ་བཞིན་དུ་འགྱུར་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །འདིར་ཡི་གེའི་ཚོགས་མིར ་རྣམས་ཀྱིས་དངོས་པོ་དང་དངོས་པོ་མེད་པ་སོ་སོར་རྟོགས་པར་བྱེད་དོ། །འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ལ་ཡང་མིད་དུ་མར་འགྱུར་ལ་དེ་རྣམས་ཀྱི་གཅིག་གཙོ་བོར་ཡང་མ་ཡིན་ཏེ། ཐམས་ཅད་ཀྱི་དངོས་བོ་གཅིག་རྟོགས ་པར་བྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་དང་མི་མོ་ལ་སོགས་པ་རྣམས་ཀྱི་ལང་ཚོ་མའི་དངོས་པོ་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་དང། ནམ་མཁའ་ཨི་མེ་ཏོག་དང། ནམ་མཁའ་ཨི་མེ་ཏོག་གིས་དངོས་པོ་མེད་པ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན ་དུ་འདིར་ཨ་ཡིག་ནི་དེ་བཞིན་ཉིད་རྗོད་པར་བྱེད་པའོ། །དེ་བཞིན་དུ་ཡང་མཆོག་གི་དང་པོའི་རྒྱུད་དུ་ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེའི་ཕྱིར་བདུན་པའི་མཐས་ཨེ་ཡིག ་ཏུ་འགྱུར་ཏེ་དོན་ཉིད་ལས་དང་པོའོ། །རྟེན་དང་བརྟེན་པ་དག་ཏུ་བརྟགས་པ་ཉིད་ལྟ་བུར་ངེས་པར་བསྟན་པ་མ་ཡིན་ནོ། །དེ་ལྟར་ཡང་རྟོག་པ་ཐམས་ཅད་ཀུན་ལས་བཏུས་པའི་རྣལ་འབྱོར་གྱི་རྒྱུད་དུ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ས་ཡི་དབང་ཕྱུག ་མཆོག་།ཅེས་པ་ལ་སོགས་པས་བཞུགས་པའི་གནས་སོ། །རྣལ་འབྱོར་མའི་རྒྱུད་དུ་ཡང། །ནམ་མཁའ་བེམས་མིན་དང་བ་དང་ཞེས་པ་ལ་སོགས་པས་སོ། །དེ་བཞིན་དུ་ཟུང་དུ་འཇུག་པ་ལ་རྟེན་དང་བརྟེན་པར་བརྟགས་ནས་ཐམས་ཅད་དུ་གསུངས་སོ། །དེས་ན་གུང ་དུ་འདི་སྐད་བདག་གིས་ཡོད་པ་དེ་ནི་རྒྱལ་བའི་བཀའ་ཡིན་ལ་གང་དུ་མེད་པ་དེ་ནི་མ་ཡིན་ནོ་ཞེས་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ། །གསུངས་པ་ཡང་ལེགས་པར་གཟུང་བའི་ཆོས་ལ་སྔོན་རངས་ཀྱི། །མཁས་པར་རློམ་པས་འཇིག་རྟེན་འདི ་ཅིར་འགྱུར། །སྒྲ་འདུ་བྱེད་འདོམ་མི་སྒྲས་སྦྱར་བྱ་ཡི། །དོན་ལ་གལ་ཏེ་སྡོང་པོའི་སྒྲས་དང་དེའོ། །མིས་དང་སྡོང་པོའི་སྒྲ་ཡིས་ནི། །ཐ་དད་དོན་རྟོགས་བྱ་མིན་ཏེ། །ཁ་ཅིག་ཏུ་ནི་མང་པོའི་སྒྲས། །དོན་གཅིག་སོ་སོར་རྟོགས་པར་བྱེད། །ཁ་ཅིག་ཏུ་ནི་སྒྲ་གཅིག ་གིས་།སྣ་ཚོགས་དོན་རྣམས་སོ་སོར་རྟོགས། །ེ་དང་བྷ་ག་པདྨ་དང། བདེ་བའི་གནས་དང་བདེ་ལྡན་དང། སེང་གེའི་ཁྲེ་དང་དམིགས་པ་མེད། །དེ་བཞིན་ཉིད་དང་ཕར་ཕྱིན་འདོད། །དཔེར་ན་སེམས་ཅན་ལྟ་བའི་སྒྲས། །རལ་གྲི་ལན་ཚྭ་ནེ་གཙོ་རྣམས། ། ་དེ་བཞིན་ཧེ་རུ་ཀ་ཡི་སྒྲས། །མཁའ་འགྲོ་ཡེ་ཤེས་བདེ་ཐུབ་པ་ཞེས་སོ། །འདིར་ལོག་པའི་ཐོས་པའི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་གྲུབ་པའི་མཛའ་ལ་སྨོད་པ་ལྟུང་བ་དྲུག་པར་གསུངས་སོ། །མངོན་པར་བརྗོད་པ་འབུམ་པར་ཡང། །སྟོང་ཉིད ་སྙིང་རྗེ་གཅིག་ཉིད་དུ། །རྒྱུད་གང་དུ་ནི་རབ་ཏུ་བསྟན། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ། །རྒྱུད་དེ་སངས་རྒྱས་བསྟན་པའོ་ཞེས་སོ། །འདིས་བསྡུས་པའི་དོན་དང། །ཚིག་གི་དོན་རྗེས་སུ་མཚམས་སྦྱར་བར་རྒོལ་བའི་ལན་གསུངས་སོ། །ཀྱེའི་རྡོ་རྗེས ་ནི་འཁོར་ལོ་སྡོམ་པ་འདི་ནི་ཤེས་པར་བྱ་བར་རྒྱལ་བ་རྣམས་ཀྱིས་བསྟན། །ཀྱེའི་རྡོ་རྗེ་ནི་དེ་བཞིན་འདུས་པའི་ཚིག་ལ་ཤེས་པར་བྱའོ། །དེ་དག་རྒྱུད་ལའོ། །དེ་ཉིད་ཕྱིར་ན་འདུས་པའི་རྒྱུད་ཀྱི་ཆོ་གས་རྒྱུད་ནི་ཤིན་ཏུ་གསལ་བར་བྱེད་པའི་ཕྱིར། ། ་རྒྱུད་ཤེས་དོན་དུ་རྣམ་པར་སྒོམ་པ་ལྔ་ཡི་བདག་ཉིད་མཐོང་བ་རབ་ཏུ་བྱ་ཞེས་སོ། །དེ་ནས་འདི་ལས་ཞེས་པ་ལ་སོགས་པ་ནས་གནས་ཞེས་པའི་མཐར་ཐུག་པ་བཞུཌ་པའི་གནས་བཤད་པ་རྣམས་པ་བཞིས་རྣམ་པར་རྒྱས་པར་བྱ་སྟེ། དེ་ནས་ཏེ་རྡོ་རྗེ་འཇིགས་བྱེད་ཀྱི ་ཏིང་ངེ་འཛིན་གྱི་བུར་མ་ཆད་པར་རོ། །དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པས་རྡོ་རྗེ་ཕག་མོ་ལ་བོས་པར་གྱུར་པ་ཀྱེ་རྡོ་རྗེ་ཕག་མོ་རྩ་བའི་རྒྱུད་དུ་རྣལ་འབྱོར་ལ་སོཊ་བ་འང་ངེས་པར་བརྗོད་བ་དེ་ཉིད་གསང་ཆེན་བདུན་བཤད་བར་བྱའི་ཉོན་ཅིག་།གཞུང་བསྡུས་པས་ནི་མངོར་བསྡུས་པའོ། །རྒྱས་པ་ལས ་ནི་མིན་གཞུང་བསྡུས་པ་འདོད་པ་ལ་དེ་ཁོ་ནའི་དོན་དུ་ཇི་ལྟར་བསྟན་པ་ཞེས་པའི་དོན་ནོ། །ནའི་ཡི་གེ་རྣམ་པར་བརྟགས་པ་ལའོ། །དེའི་རྒྱུ་ཅི་ཡིན་ཞེ་ན། རྩ་བ་མངོན་པར་བརྗོད་པ་འབུམ་པ་རུ་གསུངས་པ་ཡང། སྙིགས་མ་ལྔའི་དུས་སུ་འཛམ་བུའི་གླིང་བའི་མི་རྣམས ་དང། ཁྱད་པར་འཕགས་པའི་ཡུལ་དུ་ཚེ་ཐུང་ཞིང་ཤེས་རབ་དམན་པ་འབྱུང་བར་འགྱུར་ཏེ་རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་དག་རྩ་བའི་ལྟུང་བ་ལ་འཇུག་པ་འབྱུང་བར་འགྱུར། དགེ་སློང་རྣམས་མི་དགེ་བ་བཅུ་བྱེད་པ་འབྱུང་བར་འགྱུར། ཁྱིམ་ན་གནས ་པ་རྣམས་དཀོན་མཆོག་གསུམ་གྱི་རྗེས་ཉེ་བར་ལོངས་སྤྱོད་པར་བྱེད་པ་འབྱུང་བར་འགྱུར། །མཁས་པ་རྣམས་མ་ཐོས་པ་པའི་རྒྱུད་འཆད་པ་འབྱུང་བར་འགྱུར། མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་དཀའ་འགྲེལ་དང་རྒྱ་ཆེར་འགྲེལ་བྱེད ་པ་འབྱུང་བར་འགྱུར་རོ། །རྒྱུད་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ། །གང་ཞིག་སངས་རྒྱས་པ་རྨོངས་པ་དེ་རྣམས་དད་པ་བླུན་པ་ཉིད་ཀྱི་ཁྱིམ་ན་གནས་པའི་སློབ་དཔོན་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །ཐམས་ཅད ་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་ལ་སུན་འབྱིན་པར་འགྱུར་རོ། །སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པ་ལ་སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ། །བླ་མ་དམ་པ་མ་ཡིན་པ་བཟའ་བ་དང་གཉིས་སུ་མེད་པ་རྣམས་ལ་བསྟོད་པ་དང་མཆོད་པ་བྱེད་པ་འབྱུང ་བར་འགྱུར་རོ། །བླ་མ་མཉེས་པར་བྱ་བར་གསུངས་པ་གསུངས་བཞིན་མི་བྱེད་པར་འགྱུར་རོ། །ཆོས་སྟོན་པ་བོ་རྣམས་མི་དགེ་བ་བཅུ་ལ་འཇུག་པ་འབྱུང་བར་འགྱུར་རོ། །བུད་མེད་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ། །ཞེས་པ་འདིའི ་ཕྱིར་ཐམས་ཅད་དུ་རྒྱས་པར་བསྟན་པ་ནི་མ་ཡིན་ནོ། །དང་ལ་ཧེ་རུ་ཀ་མཉམ་པར་སྦྱོར་ཞེས་པ་ནི་ཕག་མོ་དང་ལྷན་ཅིག་འདུས་པའི་ཧེ་རུ་ཀའི་འོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ནི་མངོན་པར་འདོད་པ་ཐམས་ཅད་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་བླ་མ ་ལས་ཤེས་པ་ནི་འདོད་བ་དང་གཟུགས་དང། གཟུགས་མེད་པར་ཀུན་ཏུ་སྤྱོད་པ་རྣམས་ཀྱི་བདེ་བའི་རྒྱུ་ནི་བླ་མ་སྟེ་བདེ་བ་ཆེན་པོའོ། །ཀྱང་ནི་ཡང་དག་པར་འབྱུང་བར་བྱེད་པ་ལའོ། །བླ་མ་ནི་རྒྱུད་དོ། །མཆོག་གི་དང་པོར་ཡང། རྒྱུད་འདི་རྒྱུན་ཆཌ ་ཞེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱུང་བ། །དེ་ཉིད་གསང་བ་གསང་ཆེན་ཏེ། །ཕྱི་མ་དང་བཅས་རྒྱུད་དུ་འདོད་ཅེས་སོ། །མཁའ་འགྲོ་མ་ཡི་དྲ་བ་སྔོན་ནི་འཁོར་རོ། །གསུངས་པ་ཡང། དད་ལྡན་འཇུག་པའི་ཡན་ལག་ཏུ། །སྟོན་པ་དབང་པོ་འཁོར ་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །རང་ཉིད་ཚད་མར་རབ་བསྒྲུབ་ཕྱིར་ཞེས་སོ། །ཡི་གེའི་དོན་ཏོ། །དེ་ནས་ཞེས་པ་ཤེས་རབ་མའི་ཤིན་ཏུ་དགའ་བའི་བར་མ་ཆད་པའོ། །གསང་ཆེན་ནི་གསང་བའོ། །མདོར་བསྡུས་པ་ལས་རྒྱས་པ ་མིན་ནི་ཕག་མོ་དང་འདུས་པ་ལས་སོ། །དཔལ་ཧེ་རུ་ཀ་ནི་རྡོ་རྗེའོ། །མཉམ་པར་སྦྱོར་ནི་བདག་ཉིད་དང་དེའི་བྷ་ག་ལྷན་ཅིག་པའོ། །ཀུན་ནི་ཞི་བ་ལ་སོགས་པ་རྣམས་སོ། །བླ་མ་ལས་ཀྱང་ནི། །འདོད་པ་དང་གཟུགས་ཀྱི་ཡུལ་གྱི་བདེ་བ་གྲུབ་པའོ། །བླ ་མ་ནི་སངས་རྒྱས་ཉིད་ཀྱི་བདེ་བའོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི། རྩ་སུམ་ཅུ་རྩ་དྲུག་ཀུན་ནས་བསྡུས་པའོ། །གསང་ཆེན་ནི་སའི་ཁམས་སོ། །མཆོག་གི་ནི་དེ་བཞིན་དུ་ཆུའོ། །དགྱེས་པ་མེའོ། །ཁྱ་ནི་རླུང་པོ། །ཐམས་ཅད་བདག་བེ། ་དང་ནི་གནས་པ་རྟག་ཏུ་གནས་ནི་འདིའོ། །སངས་རྒྱས་ཀུན་བདག་སྡོམ་པ་སྟེ། །ཞེས་ཁ་སྦྱོར་འབྱུང་བའི་རྒྱུད་དུ་གསུངས་སོ། །གསུངས་པ་ཡང། །བཞུགས་པ་རྡོ་རྗེ་འཛིན་པ་དེར། ཐིག་ལེའི་གཟུགས་ཀྱིས་གནས་པའོ་ཞེས་སོ། །རྒྱུད་གཞན་དུ ་ཡང་ཐིག་ལེ་བཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང། ། ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་པ་ཅིའི་དོན་ཏེ། ཚོགས་པ་ལ་བཤད་པ་ཡང་ངོ། །དེ་ནས་འདི་ལས་ཞེས་པ་ལ་སོགས ་པ་ལ་གསང་ཆེན་ནི་ཤེས་རབ་མའི་གསང་བའི་གནས་སོ། །དཔལ་ཧེ་རུ་ཀ་ནི་ཁུ་བའོ། །མཉམ་པར་སྦྱོར་ནི་གཏུམ་མོས་ལྷན་ཅིག་གཅིག་ཉིད་དོ། །བླ་མ་ལས་ནི་དགའ་བ་གཉིས་ལས་སོ། །བླ་མ་ནི་ཁྱད་པར་དགའ་བའོ། །དེ་མཁའ་འགྲོ་མ་ཡི་དྲ་བ་སྡོམ་སྟེ་རང་བཞིན ་ཅན་རྣམས་གཀྱི་ཚོགས། བདག་བྱིང་ཡིས་བརླབ་པའོ། །གསང་ཚད་ན་རྡོ་རྗེ་ལྟ་མོའི་གནས་སོ། །མཆོག་གི་དེ་སྦས་པའོ་དཔེ་སྤངས་པའོ། །དགྱེས་ནི་ཤེས་རབ་མའི་ཤིན་ཏུ་བདེ་བའོ། །ཐམས་ཅད་བདག་ཉིད་ནི་རྒྱལ་པའི་རང་བཞིན་ནོ། །རྟག་ཏུ་གནས ་ནི་བཙུན་མོའི་འཁོར་དུ་འཇུག་བཞིན་པ་ལའོ། །སྦས་པའོ་ངེ་ནས་འདི་ལས་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་རིམ་པའི་བར་མ་ཆད་པའོ། །གསང་ཆེན་ནི་ཐམས་ཅད་སྟོང་པའོ། །མདོར་བསྡུས་ལས་ནི་རྣམ་པར་མི་རྟོག་པ་ལས་སོ། །རྒྱས ་པ་མིན་ལས་ནི་གཟུགས་ལ་སོགས་པའི་རྟོགས་པ་ལས་སོ། །དཔལ་ཧེ་རུ་ཀ་མཉམ་པར་སྤྱོར་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་ནང་བ་མེད་པར་སྦྱོར་བའོ། །བླ་མ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་སོ། །བླ་མ་ནི་ཤེས་རྡབ? ་དང་ཐབས་ཀྱི་དེ་ཉིད་དོ། །མཁའ་འགྲོ་མ་ཡི་དྲ་བསྡོམ་ནི་ཆོས་ཀྱི་སྐུའོ། །གསང་ཆེན་ནི་ཐམས་ཅད་འདུས་པའོ། །མཆོག་གམ་ནི་ཆོས་ཀྱི་དབྱིངས་སོ། །དགྱེས་པ་ནི་སྟོང་པ་ཆེན་པོ་ལའོ། །ཐམས་ཅད་བདག་ཉིད་ཅི་ཤིན་ཏུ་སྟོང་བ་ལའོ། །རྟག་ཏུ་གནས་ནི་སྟོང་པ ་ལ་སྟེ་ཐབས་ཤེས་རབ་ཀྱི་གཟུགས་ཀྱིས་དུས་གསུམ་དུ་འཁོར་བའི་བར་དུ་གནས་ཏེ་རྟེན་དང་རྟེན་པ་དག་གཅིག་དག་ཉིད་ཀྱིས་སོ། །གསུངས་པ་ཡང་ཆོས་རྣམས་ཀུན་གྱི་དབང་ཕྱུག་ལུས། །ཐམས་ཅད་གཟུགས་ཀྱི་རྣམ་པར་རྒྱན་ཞེས་སོ། །དེ་བཞིན་དུ་རྟག་ཏུ་གནས་ནི ་བཅོམ་ལྡན་འདས་མ་སྒྱུ་འཕྲུལ་ཆེན་མོ་དཀའ་བར་སྤྱོད་མ་སྟོང་པ་ནམ་མཁའ་དང་མཉམ་པ་ཉིད་ནི་དངོས་པོ་དང་དངོས་བོ་མེད་པ་རྣམ་པར་སྤངས་པའོ་ཞེས་སོ། །མཐར་ཐུག་པའོ། །ད་ནི་དམ་ཚིག་གི་སྤྱོད་པ་ནུས་པ་ནན་ཏན་དུ་བྱེད་པའི་དོན་དུ་གསུངས་པ། །སེམས་དཔའ་ཕོ་ཉ ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡིན་དྲ་བ་སྡོམ། །སྒྲ་ཡི་ཚུལ་ལས་རྣམ་ངེས་འབྱུང། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ། །ཞེས་ཏེ་ཕོ་ཉ་མོ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐམ་ཅད ་དོ། །དེའི་རང་བཞིན་ནི་ཆོས་ཀྱི་སྐུ་སྟེ་དག་པའི་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་གཞན་གྱི་དོན་བྱེད་པ་པོའོ། །སེམས་དཔའ་ནི་ཁམས་གསུམ་པའི་མཚན་ཉིད་དེ་བཤད་པའི་རྒྱུད་དུ་ཡང་སེམས་ཅན་དག་ནི་གཡོ་བར་བཤད། །སྣོད ་ནི་བརྟན་པ་ལ་སོགས་པའོ་ཞེས་སོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་ནི་རྡོ་རྗེ་སེམས་དང་ལ་ཞེས་བཤད། །དེ་ཁོ་ན་བདེ་བའི་མཆོག་སྡེ་ལྷན་ཅིག་སྐྱེས་པའི་སྐུ་ཤས་རབ་དང་ཐབས་རང་གི་དོན་བྱེད་པའོ། །མ་འདྲེས་པ་ལ་སོཊ་པ་ཆོས་སུམ་ཅུ་རྩ་གཉིས ་ཀྱི་བདག་ཉིད་དོ། །ལྷན་ཅིག་སྐྱེས་པའི་ཆོས་འདི་དག་གི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་སྟེ་ཡང་དག་བར་སྦྱོར་བའོ། །འདི་ནི་རང་འབྱུང་བཅོམ་ལྡན་ནི་དེ་ཁོ་ན་ཚངས་པ་སྐུའི་རྡོ་རྗེ་འཛིན་ཏེ་སྤྲུལ་པའི་སྐུའོ། །གཟུགས་ཀུན་ནས་གསལ་བའི་ཕྱིར་བཅོམ་ལྡན་ཏེ་གཟུགས་ཕུན་སུམ ་ཚོགས་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ་གསུངས་པ་ཡང། ཕུན་ཚོགས་གཟུགས་དང་དབང་ཕྱུག་ཉིད། །དེ་བཞིན་བརྩོན་དང་གྲགས་པ་སྟེ། འབྲས་བུ་འདི་བཞི་སྟོན་པ་ཡི། །བསོད་ནམས་ཕུང་པོའི་མཐུ་ལས་སོ། །མ? ་འགྲོ་མ་ཡི་དྲ་བ་སྡོམ་ནི་དེ་ཁོ་ན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཉིད་ཀྱི་ཕྱིར། དབང་བསྐུར་བའི་སངས་རྒྱས་སུ་བལྟ་བར་བྱའོ། །སྒྲའི་ཚུལ་ནི་སྔགས་ཀྱི་སྐུ་སྟེ་འདི་ལས་གསུམ་ལང་དག་པར་སྦྱོར་བ་ལས་ལོངས་སྤྱོད་རྫོཊ་པའི་སྐུ་གཞོན ་དུ་མེད་པའི་སྒྲའོ། །ཕ་རོལ་ཏུ་ཕྱིན་པའི་ཚུ་དུ་ཡང། དཔེར་ན་རྔ་ལས་མ་བརྡུངས་པ། །སྒྲ་ནི་ཀུན་ཏུ་འབྱུང་བར་འགྱུར། །དེ་བཞིན་རྒྱལ་བའང་ལྷུན་གྲུབ་ཏུ། །སྟོན་པར་བྱེད་པ་ཉིད་དུ་འབྱུང། རྣམ་ངེས་འབྱུང་ནི་སྔཊ་ཀྱི་ལྷ་ཉིད་དེ་ཡང་འཇིག་རྟེན་གསུམ་ཉིད? ་དུངས་པར་བྱུང་སྟེ་གདུལ་བྱ་རྣམས་ལ་སྒྲ་ཀུན་དུ་གསལ་བའི་ཕྱིར་རོ། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ནི་ལུས་འདི་ཉིད་དམ་ཚིག་གེ་སྤྱོད་པའི་ཡུལ་དུ་རྟོཌ་པར་འགྱུར་བའི་ཕྱིར་རྣལ་འབྱོར་བའོ། །དམ་ཚིག་གི་སྤྱོད་བ་ནི་འཆང་བཞིན་པར་བརྗོད་པར་བྱའོ། །གསུངས་པ་ཡ ་གཞན་ལ་ཐབས་ཀྱིས་བྱེད་པ་ནི། །དེ་བཞིན་ཁོ་ན་འགྲོ་བའི་གཉེན། གོ་འཕོང་འཕགས་པའི་སྤྱོད་ཡུལ་ཐོབ། ......་།བྱིས་པའི་སྤྱོད་ཡུལ་བལྟ་བར་བྱ་ཞེས་སོ། །དགོངས་པའོ། །སྟོན་པ་པོ་དང་གསོལ་བ་འདེབས ་པ་པོ་བརྗོད་པར་བྱ་སྟེ། འཇིག་རྟེན་གསུམ་དུ་རྙེད་པར་དཀའ་། །ཐོག་མ་དབུས་མཛའ་ཡང་དག་གནས། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །འདི་ནི་ཡེ་ཤེས་དང། ཐུགས་དང། གསུང ་དང། སྐུ་གཅིག་ཏུ་འདྲེས་པར་གྱུར་པ་གཙང་ཞིང་དག་པའི་གཟུགས་རང་བཞིན་དང། ཆོས་དང་ཡོངས་སྤྱོད་རྫོགས་པ་དང། སྤྲུལ་པ་རྣམས་ཀྱིས་ཐ་དང་དུ་འཇུག་པ་ཅན་ཐམས་ཅད་སྟོང་པ་དབྱིངས་ཀྱི་ངོ་བོ་ཅན་ནོ། །འཇིག་རྟེན་གསུམ ་དུ་རྙེད་པར་དཀའ་ནི་བསོད་ནམས་དམན་པ་རྣམས་ཀྱིའོ། །ཐོག་མ་དབུས་མཛའ་ཡང་དག་གནས་ནི་ཆོས་ཐམས་ཅད་ལ་དུས་གསུམ་དུ་ཡང་དག་གནས་པ་ཡང་ངོ། །དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་ཚོགས་དང་ཕྲལ་བ་རྣམས་ཀྱི་ཡུལ་མ་ཡིན ་པའོ། །དགོངས་པ་མ་ཡིན་པའོ། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས་ནི་རྡོ་རྗེ་མཁའ་འགྲོར་ཡང། །བསྲུབ་བྱ་ཆོས་འབྱུང་དུ་བཤད་དོ། །སྲུབ་བྱེད་རྡོ་རྗེར་བརྗོད་པར་བྱ། །སྦྱོར་བ་དབྱིངས་དང་ཡེ་ཤེས་ཡིན། །བདུད་རྩི་ལྟ་བུར་མཆོག་ཏུ་བྱུང ་དངོས་སུ་སངས་རྒྱས་ཉིད་དུ་བྱེད་ཅེས་གསུངས་སོ། །བསམ་གཏན་ལ་སོགས་ཀྱི་སྒྲ་དག་ལས། །བསམ་གཏན་གྱི་སོགས་ཀྱིས་ཀྱང། འདི་ཉིད་དུ་ངེས་པར་སྟོན་པའི་བཟླས་པ་དང། སྦྱིན་སྲེག་དང། གཏོར་མ་དང། བསམ་གཏན་དང། བཟའ་བ ་དང་བཏུང་བ་རྣམས་ཀྱིས་བསྒྲུབས་པའོ། །སྒྲ་ཇི་བཞིན་པའོ། །རྣལ་འབྱོར་ཉིད་ཆོ་ག་ཡེ་ཤེས། རྒྱུད་དུ་གསུངས་པས་མཉན་པར་གྱིས་ཤེས་པའི་རྣལ་འབྱོར་ནི་གསུངས་པ་ཡང། ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་པར་མངོན ་བརྗོད་བྱ། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ་ཞེས་སོ། །དགོངས་པའོ། །འཇིག་རྟེན་པའི་ཆོ་གའི་ཡེ་ཤེས་ཀྱི་དངོས་གྲུབ་དེ་དམ་ཚིག་ལ་སོགས་པའི་དངོས་གྲུབ་ཉིད་ཀྱི་ཕྱིར་རོ། །ཉིད་ཀྱི་སྒྲ་ལས་ཆོ་གའི ་ཡེ་ཤེས་ཡང་ངོ། །རྒྱུད་དུ་གསུངས་པ་གང་མངོན་པར་བརྗོད་པ་འབུམ་པར་ཏེ། དེ་ཉུང་དུའི་རྒྱུད་དུ་ད་ནི་རྡོ་རྗེ་ཕག་མོ་ལ་ཆེས་སྙིང་པོར་གྱུར་པའི་རྒྱུད་ཇི་ལྟ་བ་བཞིན་བསྟན་པར་བྱའོ། །ཉོན་ཞེས་པའོ། །སྒྲ་ཇི་བཞིན་པའོ། །སྟོན་པ་པོ་དང། གསོལ་བ ་འདེབས་པ་པོའི་འབྲེལ་བ་མངོན་པར་བརྗོད་པར་བྱེད་པ་དང། མངོན་པར་བརྗོད་པར་བྱ་བའི་འབྲེལ་པས་གསུངས་སོ། །ད་ནི་རིགས་ལྡན་མའི་མཆོད་པ་བརྗོད་པར་བྱ་སྟེ། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་ལྡན་པས་ཀྱང། ། ་རྟག་ཏུ་རིགས་ལྡན་མ་མཆོད་བྱ་ཞེས་པ་ནི། དབུ་མ་དང། མཆོག་གཉིས་གཟུང་བར་བྱའོ། །ཐ་མ་ལོ་བཅུ་ལོན་པ་ནི་ཡང་དག་པར་སྤང་བར་བྱའོ། །དབུགས་ཀྱིས་ནི་རྡོ་རྗེར་ཀུན་ཏུ་བསྟན་པས་སོ། །དྲི་དང་ཆུ་དང་ལྔན་པས་ནི ་ནིའི་ཡི་གེ་ལས་ཉེ་བར་སྤྱོད་པ་ལྔས་དྲི་དང་མེ་ཏོག་རིགས་རྣམས་ཡང་དག་པར་སྦྱིན་ནོ། །རིག་ལྡན་མ་སྟེ་རིགས་ཀྱི་གཞོན་ནུ་མ་རྣམས་མཆོད་པར་བྱའོ་ནི་མཉེས་པར་བྱའོ། །རྟག་ཏུ་ནི་ཉི་མ་སོ་སོའོ། །བཤད་པའི་རྒྱུད་རྡོ་རྗེ་ཨ་རལླ་རུ་ཡང། ་སྦས་དང་སྐྱེ་བོ་བྲལ་བའི་ཕྱོགས། །རང་གི་ཁྱིམ་མམ་གཞན་རྣམས་སཱུང། །བཅུ་གཉིས་ལོ་མ་འམ་དེ་བཞིན་དུ་འང། །བཅུ་དྲུག་ལོ་མ་མཆོད་པར་བྱ། །བཤད་པའི་རྒྱུད་བཤད་པའི་ཧེ་རུ་ཀ་མངོན་པར་འབྱུང་བ་རུ་ཡང། ཧ་རུ་ཀ་དཔལ་རྣལ ་འབྱོར་ཆེ། །བདག་གིས་གཟུང་བར་བྱས་ནས་ནི། །གང་ཞིག་འཁྲིག་པ་མི་བསྟེན་པ། །ཤི་ནས་དུ་འབོད་འགྲོ་བར་འགྱུར། དེ་ཡི་སྐྱོབ་པ་ཡོད་མ་ཡིན་ཞེས་སོ། །དྲང་བའི་དོན་ཏོ་དབུ་མ་ནི་དབུ་མ་ཙམ་དུ་ཉེ་བར་དམིགས་པ་མེད་པའི་ངོ ་བོ་ཉིད་ཀྱི་ཕྱིར། །རྫོགས་པའི་བྱང་ཆུབ་པ་བཞི་པའོ། །མཆོག་གི་དབུས་ཀྱི་ནི་དབུ་མའི་ལྷན་ཅིག་སྐྱེས་པའི་རླུང་གིས་སོ། །དྲི་དང་ཆུ་དང་ལྡན་པས་ནི་ལྟེ་བར་གཏུམ་མོ་འབར་བས་ཕུང་པོ་ལ་སོགས་པ་བསྲེགས་པ་དཔྲལ་བར་ཟླ་བ ་ཞུ་བའི་བདུད་རྩི་འཕོ་བ་མེད་པ་གཟུང་བ་དང་འཛིན་པ་སྤངས་པ། འགྱུར་བ་དང་འཇིག་པའི་རྒྱུད་དང་བྲལ་པ་མི་འཛག་པའི་རྒྱུ་རྫོགས་པར་གྱུར་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན། མཆོག་ཏུ་མི་འགྱུར་བར་འགྱུར་པ་ལྷན་ཅིག་སྐྱེས ་པའི་སྐུ། ཨཱ་ལི་ཀཱ་ལི་དང་ཧཱུཾ་ཕཊ་ཀྱི་ཡི་གེ་དང་བྲལ་བ་གཟུགས་ལ་སོཊ་པ་དང་བསམ་གཏན་ལ་སོགས་པ་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་བླ་མའི་བཀའ་ཨི་ཀུན་ཏུ་སྤྱོད་པ་དང་བྲལ་པ། སྟོང་པ་ཉིད་དང་སྙིང་རྗེ་ཐ་དང་མེད་པས་རྟག་ཏུ ་རིགས་ལྡན་མ་དེ་ལ་མཆོད་པར་བྱའོ། །རིགས་ནི་ཕུང་པོ་ཞེས་བརྗོད་ལ། །དེ་ལ་གནས་པའི་རྡོ་རྗེ་ཕག་མོ་ནི་ཨ་བ་དཏཱུ་ཏཱིར་མངོན་པར་བརྗོད་དེ། མི་ཤེས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་པ་མོ་ཡིན་ལ་རྣལ་འབྱོར་པ་རྣམས་ཀྱི་ནི་བདུན་པར? ་པར་བྱེད་མའོ། །དེ་བཞིན་ཉིད་ནི་པདྨ་ཞེས་བརྗོད་པར་བྱ་སྟེ། དེ་ཁོ་ན་མཱ་མ་ཀཱི་སྟེ་རང་གི་སེམས་ཀྱི་སོ་སོར་སྣང་བ་བསྒོམ་པར་བྱའོ། །རྟག་ཏུ་ནི་སྤྱོད་ལམ་བཞི་པོ་རྣམས་སུ་གཙང་བ་འམ་མི་གཙང་བར་རོ། །དོན་དམ་པ[ཱི་བདེན་པར་ཟུང ་འཇུག་བསྒོམ་པར་བྱའོ། །ཞེས་པའོ། །ངེས་པའི་དོན་ནོ། །ད་ནི་འཇིག་རྟེན་པའི་དོན་དུ་ཕོ་ཉ་མོའི་མཆོད་པ་བརྗོད་པར་བྱ་སྟེ། དུས་ཁྱད་པར་གྱིས་ཕོ་ཉ་མོ་ཞེས་པའོ། །དུས་ནི་ལོ་སོ་སོ་དང། ཉི་མ་སོ་སོ་རྣམ་པ་གཉིས་སོ། །དེའི་བྱེ་བྲག་ནི་དུས་ཀྱི་ཁྱད་པར ་ཏེ། ཉི་མ་དང། ཕྱོགས་དང། ཟླ་བ་དང། དུས་དྲུག་དང། དུ་གསུམ་དང། དུས་བཞི་དང་བགྲོད་པའོ་ཞེས་སོ། །དེ་བཞིན་དུ་ལོ་གཅིག་གི་དུས་ལ་ཉི་མ་རབ་ཏུ་རྒྱུ་བས་དེས་ཕོ་ཉ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི ་མཐར་ཐུག་པ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་དེ་རྣམས་སྒྲུབ་པ་དང། ཆོགས་ཀྱི་འཁོར་ལོར་ཁ་ན་མ་ཐོ་བ་མེད་པའི་དམ་ཚིག་རྣམས་ཀྱིས་དང་ཉེ་བར་སྤྱོད་པ་ལྔ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དྲང་བའི་དོན་ཏོ། །དུས་ནི་ནང་གི ་བདག་ཉིད་ཀྱི་ཁྱིམ་གྱི་འཁོར་ལོ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་དོ། །དེའི་ཁྱད་པར་ནི་སླར་ཡང་དབུགས་དང་ཆུ་སྲད་དང་ཆུ་ཆོད་དང། ཡུད་ཙམ་དང། དུས་སྦྱོར་ཕྱེད་པ་དང། ཐུན་དང། ཐུན་མཚམས་དང། ཉིན་མོ་དང། མཚན ་མོ་སྟེ་སྲོག་རྒྱུ་བས་ཕོ་ཉ་མོའི་ཀུན་དུ་སྤྱོད་པ་ཡེ་ཤེས་དང་ཐུགས་དང་གསུང་དང། སྐུའི་འཁོར་ལོ་ལ་ཕོ་ཉ་མོ་རྣམས་ཀུན་དུ་སྤྱོད་པས་ལོངས་སྤྱོད་པ་དང་ཐིམ་པ་དང། དབང་བྱེད་པ་དང། བདག་པོ་ཉིད་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་རྣམས ་རིམ་པ་བཞིན་ནོ། །དེ་བཞིན་དུ་ལོངས་སྤྱོད་པའི་དུས་ལ་རྣལ་འབྱོར་མ་རྣམས་མཆོད་པར་བྱའོ། །ཇི་ལྟར་ཕོ་ཉ་མོ་རྣམས་མཆོད་པ་དེ་ལྟར་དུ་དཔའ་བོ་རྣམས་མཆོད་པར་བྱའོ་ཞེས་འདི་ལས་གསུངས་པ། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ ་རྣམས། ཐ་མ་འབྲིང་དང་མཆོག་རྣམས་ཏེ་ཞེས་པ་ལྷན་ཅིག་སྐྱེས་ནི་ལྷན་ཅིག་བསྲེས་ནས་སྐྱེས་སོ་ཞེས་པ་དཔའ་བོ་སྐུ་དང་གསུང་དང་ཐུགས་དང་འཁོར་ལོ་རྣམས་ཉི་ཤུ་རྩ་བཞིར་གྲུབ་པ་དེ་རྣམས་ཀྱང་དུས་ཀྱི་ཁྱད་པར་གྱིས་མཆོད་པར་བྱའོ། །ཐ་མ་འབྲིང་དང་མཆོག ་རྣམས་ནི། ས་འོག་དང་ས་སྟེང་དང། མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རིགས་ལྡན་མ་རྣམས་ཕྱག་རྒྱ་ཆེན་མོ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་གིས་སོ། །འཇིག་རྟེན་པའི་དོན་དུ་ཕོ་ཉ་མོ་དཔའ་བོ་དང་བཅས་པ་མཆོད ་པར་བྱའོ། །འདིར་དུས་ཀྱི་ཁྱད་པར་ནི་གདན་བཞི་ལ་སོགས་པར་ཤེས་པར་བྱ་སྟེ། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དང་པོ་རེ་ཞིག་གདན་བཞིར་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་རྣམས་ཀྱི་?? ་དང་ལྡན་པ་ནི་རོ་ཧི་ཏ་ལ་སོགས་པའི་རྩ་བཅུ་གཉིས་དང། དེ་བཞིན་དུ་རྒྱལ་དང་མཆུ་ལ་སོགས་པའི་ཟླ་བ་བཅུ་གཉིས་པོ་དེ་རྣམས་ནི་མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་སོ། །དུས་སྦྱོར་རེ་རེ་ནི་དབྱུ་གུ་ལྔའི་བདག་ཉིད་དོ། །རྩ་པའི་རྒྱུད་དུ་དབྱུ་གུ ་ནི་ཆུ་སྲང་དྲུག་ཅུའི་བདག་ཉིད་དོ། །ཆུ་སྲང་ནི་དགུགས་དྲུག་གི་བདག་ཉིད་དོ། །དེ་བཞིན་ཉིན་དང་མཚན་མོ་ཡིས། །ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་དབུགས་ཤེས་སོ། །རྡོ་རྗེ་མཁའ་འགྲོར་ཡང་རོ་ཧི་ཏ་དང་པོའོ། །གཉིས་པ་ལ་མོ་ཧི་ཏའོ། །གསུམ་པ་ལ་བཟང ་པོའོ། །བཞི་པ་ལ་ཁྱུ་མཆོག་གོ། ལྔ་པ་ལ་རུ་སྤལ་ལོ། །དྲུག་པ་ལ་ཆུ་སྲིན་ནོ། །བདུན་པ་ལ་ཁྱོ་མེད་མའོ། །བརྒྱད་པ་ལ་མི་ཀི་རའོ། །དགུ་བ་ལ་བྷི་དྲི་ཀའོ། །བཅུ་པ་ལ་བྱཱ་ཀུ་ལིའོ། །བཅུ་གཅིག་པ་ལ་མི་པྲི་ཀའོ། །བཅུ་གཉིས་པ་ལ་སའི་དབང ་ཕྱུག་གོ། ཞེས་སོ། །གདན་བཞིའི་བཤད་པའི་རྒྱུད་དུ་ཡང་གསུམ་པས་རོ་ཧི་ཏ་དང་ཆུ་སྲིན་དག། བཞི་པ་གཏི་མུག་དང་ནི་རུས་སྤལ་དག། བཟང་པོ་ཁྱུ་མཆོག་དག་ཀྱང་ལྔ་པ་སྟེ། ཁྱོ་མེད་འདོད་པ་དག་ཀྱང་ལྔ་པའོ། །བྷི་དྲི་བྱ་ཀུ་ལེ་དག་དྲུག་པ་ཡིན། །མི་ཀི་ར་དང?? ་རྨི་ལམ་བདུན་པའོ། ཞེས་ཏེ། དབྱུ་གུ་དྲུག་ཅུའོ། །བསྡུས་པའི་རྒྱུད་དུ་ཡང་མདོར་བསྟན་པས་གསུངས་པ་སྟེ་རྒྱུད་གཞན་གྱིས་རྒྱས་པར་བཤད་པར་རྟོགས་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་པ། ཀྱེ་རྡོར་གྱིས་ནི་འཁོར་ལོ་སྡོམ ་བ་དང། གདན་བཞི་པར་ཡང་ཤེས་པར་བྱེད་པ་ཡིན། །བསྡུས་པའི་འཁོར་ལོ་སྡོམ་པའི་ཚིག་རྣམས་ཀྱིས། །དེ་བཞིན་གདན་བཞི་པ་དང་ཀྱེ་རྡོ་རྗེ། །གདན་བཞི་པས་ནི་ཀྱེ་རྡོ་རྗེ་དང་ནི། །བསྡུས་པའི་འཁོར་ལོ་སྡོམ་ཚིག་ཤེས་པར་བྱ། །དང་པོའི་སངས ་རྒྱས་ངེས་དོན་ཚིག་གིས་ཀྱང། །སླར་ཡང་སྡོམ་པ་ཆེན་པོ་ཤེས་པར་བྱ་ཞེས་སོ། །དེ་བཞིན་དུ་འབུམ་ཕྲག་ལྔ་པའི་གྱེའི་རྡོ་རྗེར་དབུགས་དྲུག་གི་ཆུ་སྲང་ངོ། །ཆུ་སྲང་དྲུག་བཅུས་ཆུ་ཚོད་དོ། །ཆུ་ཚོད་གཉིས་ཀྱིས་ཡུད་ཙམ་བཅིག་གོ། །ཆུ་ཚོད་ལྔ་རྣམས་ཀྱིས་དུས་སྦྱོར་དུ་འགྱུར་རོ ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །འདི་ལྟར་དུས་སྦྱོར་ཕྱེད་པའི་དབྱེ་བས་ཉི་ཤུ་རྩ་བཞི་མཆོད་པར་བྱའོ། །དེ་བཞིན་དུ་ཐུན་མཚམས་ཀྱི་དབྱེ་བས་བཞིའོ། །ཐུན་གྱི་དབྱེ་བས་བརྒྱད་མཆོད་པར་བྱའོ་ཞེས་སོ། །གང་གི་ཕྱིར་ཕྱི་རོལ་གྱི་གནས ་ལ་སོགས་པར་དཀྱིལ་འཁོར་དུ་དང། ཚོགས་ཀྱི་འཁོར་ལོར་དེ་རྣམས་ཀུན་དུ་སྤྱོད་པར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་གནས་ལ་སོགས་པ་དེ་རྣམས་སུ། དེ་བཞིན་གཤེགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས ་པ་རྣམ་པར་དག་པ་ཁམས་རྣམས་ལྷའི་གཟུགས་ཀྱིས་འབྱོན་པ་འམ་གཤེགས་པ་ནི་འདས་པའི་དུས་སུ་བྱུང་ངོ། །ད་ལྟར་འབྱུང་ངོ། །མ་འོངས་པ་ན་འབྱུང་བར་འགྱུར་རོ། །ཞེས་དྲི་མ་མེད་པའི་འོད་དུའོ། །ཁ་སྦྱོར་གྱི་རྒྱུར ་དུ་གསུམ་ངེས་པར་བསྟན་ཏེ། དབང་བྱེད་པ་དང། ལོངས་སྤྱོད་པ་དང། ཐིམ་པ་སྐྱེ་བ་དང། གནས་པ་དང་འཇིགས་པའི་ངོ་བོའོ་ཞེས་སོ། །རྡོ་རྗེའི་ཚིག་ཏུ་ད་ལྟར་བའི་དུས་ལ་ལོངས་སྤྱོད་དོ། །མ་འོངས་པའི་དུས་སུ་ཐིམ་མོ། །འདས ་པའི་དུས་སུ་དབང་བྱེད་དོ་ཞེས་སོ། །དེ་བཞིན་དུ་ལོངས་སྤྱོད་པ་ད་ལྟར་བ་ལ་སོགས་བས་མ་འོངས་པ་རྣམས་ཀུན་རྫོབ་པས་སླར་ཡང་ལོངས་སྤྱོད་པ་དང་དཔང་བྱེད་པ་དང། བདག་པོ་ཉིད་ཐིམ་པའི་གནས་སྐབས་བཞིའོ། །སླར་ཡང་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེས་གསུངས་པ་བྱིས་བའི་དུས་སུ་ལོང་སྤྱོད་དོ། །ལང་ཚོའི་དུས་ལ་དབང་བྱེད་པ་དང། རྒན་པའི་དུས་ལ་བདག་པོ་ཉིད་དང། འཆི་བའི་དུས་ན་ཐིམ་པ་སྟེ། ཐིམ་པ་ལས་སླར་ཡང་སྐྱེ་བ་ནི་བྱིས་པ་ཞེས་བརྗོད་པར་བྱའོ། །སྔ་མ་འགོག་པ་དང་བྱི ་མ་སྐྱེ་བས། ཁ་ཏོན་དང་མར་མེ་ལ་སོགས་པའི་དཔེ་བཞིན། འདིར་ཡང་འཆི་བའི་མཐར་སྐྱེ་བའི་ཆ་ཤས་ཅན་གྱི་ཆོས་སུ་ཤེས་པར་བྱའོ། །དེའི་ཕྱིར་ཡང་ན་ལོངས་སྤྱོད་པ་དང། །ཐིམ་པ་རྣམ་པ་གཉིས་སོ་ཞེས་སོ། །གསུངས་པ་ཡང་དབང་བྱེད་བ ་ནི་གནས་པའོ། །དེ་ཉིད་ལོངས་སྤྱོད་པ་སྟེ་བདག་པོ་ཉིད་ཀྱང་ངོ། །ཐིམ་པ་ཞེས་པ་ནི་འགྲོ་བར་བྱ་བའི་གནས་ལའོ། །ང་ལྟར་པ་ལ་ལོངས་སྤྱོད་པའོ། །འབྱུང་བར་འགྱུར་བའི་དུས་ལ་ཐིམ་པའོ་ཞེས་གྲུབ་པོ། །དེ་བཞིན་དུ་ཕྱི་རོལ་དུ་བྱོཌ་ཀྱི་འཁོར་?་ཆོཌ་ཀྱི ་འཁོར་ལོར། ཆོད་བ་བྱའོ་ཞེས་སོ། །རིགས་ལྡན་མ་རྣམས་དུས་ཐམས་ཅད་དུ་མཆོད་པར་བྱའོ། །ཆུ་སྲིན་གྱི་འཕོ་བ་ལ་ཤར་གྱི་ཞལ་འབྱུང་བ་ནི། ཇི་སྐད་གསུངས་པའི་གནས་སུ། རྡུལ་ཚོན་རྣམ་ཀྱིས་དཀྱིལ་འཁོར་བྲིས་ཏེ་བསད་པའི་ངོན་དུ་མཁའ་ ་འགྲོ་མ་ལ་མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་བཞིན་དུ་ས་ག་ཅན་ལ་སོགས་པ་ལ་དབང་དུ་བྱ་བའི་དོན་དུ་ཉི་མ་གུད་ལ་ལཱ་མའོ། །ཀ་ར་ཀ་ཊ་ལ་སོགས་པ་ལ་རེད་དུ་མ་སྐྱེས་མ ་ལའོ། །སྲང་ལ་སོགས་པ་ལ་ཞི་བའི་དོན་དུ་མཚན་མོ་ཕྱེད་ན་གཟུགས་ཅན་མ་ལ་མཆོད་པར་བྱའོ། །སླར་ཡང་མཆུ་ཅན་ལ་སོགས་པ་ལ་སྐྲོད་པའི་དོན་དུ་ཁྭ་གདོང་མ་ལའོ། །བུམ་པའི་ཕྱེད་ཀྱི་ཉིན་ཞག་ལ་དགུག་པའི་དོན་དུ་འུག་གདོང་མ་ལའོ།?་ལུས ་གི་འཁོ་བ་ལ་ཕུར་བུས་གདབ་པའི་དོན་དུ་ཁྱི་གདོང་མ་ལའོ། །སྣོན་ཅན་གྱི་ཕྱེད་ལ་རྒྱས་པའི་དོན་དུ་ཕག་གདོང་མ་ལའོ། །ཆུ་སྟོད་ཅན་ལ་སོགས་པ་ལ་དུག་གཞིལ་བའི་དོན་དུ་གཤིན་རྗེ་སྲེག་མ་ལའོ། །ཁྲུམས་ཅན་གྱི་ཕྱེད་ལ་རྨོངས་པའི་དོན ་དུ་གཤིན་རྗེ་ཕོ་ཉ་མ་ལའོ། །སྨིན་དྲུག་ཅན་ལ་སོགས་པ་ལ་རེངས་པའི་ཆེད་དུ་གཤིན་རྗེ་མཆེ་བ་མ་ལའོ། །མགོ་ཅན་གྱི་ཕྱེད་ལ་རྣམ་པར་དབྱེ་བའི་དོན་དུ་གཤིན་རྗེ་འཇོམས་མ་ལ་སྟེ་ཟླ་བ་ཕྱེད་པ་དང་ཟླ་བ་དང། ཇི་སྲིད་ཐུན་བརྒྱད་ཀྱི་དབྱེ། ་བས་ཇི་སྐད་གསུངས་པའི་ཆོགས་མཆོད་པར་བྱའོ། །ཇི་ལྟར་ཐུན་མཚམས་བཞིར་མཁའ་འགྲོ་མ་ལ་སོགས་པ་མཆོད་པ་དེ་བཞིན་དུ་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་པ་རྣམས་ཕྱོགས་ཀྱི་དབྱེ་བས་མཆོད་དོ་ཞེས་རྟོགས་པར་བྱའོ། ་དེ་བཞིན་དུ་ཆོགས་ཀྱི་འཁོར་ལོར་ཡང་མིད་གི་སྔགས་ཀྱིས་མཆོད་ནས་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པ་བྱ་སྟེ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ལོངས་སྤྱོད་པའི་དུས་ལ་བཟའ་བ་དང། བཏུད་བ་དང། འཁྲིག་པ་དང་མྱང་བས་རྣལ ་འབྱོར་མ་མཆོད་པར་བྱའོ། །འདིར་གང་དང་གང་དུ་འགྲོ་བ་དེར་ལྷག་མ་ལ་སོགས་པ་ཟ་བས་དེ་དང་ངའི་རེ་གསུ་འགྱུར་ཏེ་ཚུར་འོད་གི་བར་དུའོ། །དཔེར་ན་རྒྱས་པ་ལ་སོགས་པའི་རིགས་ཁ་ཏོན་ལ་སོགས་པས་བྲམ་ཟེར་འགྱུར་རོ། །བྲམ་ཟེའི ་རིགས་རྣམས་པ་ལང་གི་ཤ་ཟ་བས་རིགས་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱང་རིགས་མེ་ཡིན་པ་རྣམས་རིགས་དང་?་རིགས་ཀྱང་རིགས་མ་ཡིན་པ་ཞེས་གསུངས་ཏེ་གང་དུ་བཞི་ཡོད་པ་དེར་ཐུན་མོངས་? ་ཀྱི་དབྱེ་བས་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་རྣལ་འབྱོར་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རྣལ་འབྱོར་གྱི་རྒྱུད་རྟོགས་པར་བྱའོ། །རྩ་བའི་འཁོར ་ལོ་རྣམ་པར་དག་པའི་དོན་ཏོ། །དེ་བཞིན་དུ་རྣལ་འབྱོར་རྒྱུད་དུ་གསུངས་པ། རྣལ་འབྱོར་མའི་རྒྱུད་དུ་དམ་ཚིག་ཤེས་པར་བྱའོ། །དེ་བཞིན་དུ་གང་དུ་བརྒྱད་ཡིན་པ་དེར་ཐུན་གྱི་དབྱེ་བས་ཉི་མའི་ཆ་ལ་མཚན་མོ་ཕྱེད་ནས་ཉི་མ་གདུ་ཇི་སྲིད་པར་བཞིའོ། །དེ་བཞིན་དུ ་ཟླ་བའི་ཆ་ལ་ཡང་བཞིའོ། །འདི་ལྟར་མཚན་མོ་དང་ཉི་མོ་མཉམ་པའི་ཐུན་མཚམས་ལས་སོ། །གང་དུ་བཅུ་དྲུག་ཡོད་པ་དེར་ཐུན་ཕྱེད་པར་དབྱེ་བས་སོ། །གང་དུ་སུམ་ཅུ་རྩ་གཉིས་ཡོང་བ་དེར་ཡུད་ཙམ་གྱི་དབྱེ་བས་སོ་ཞེས་བྱ་བ་ལ་སོགས་པ་རྟོགས ་པར་བྱའོ། །ཞེས་པ་དྲང་བའི་དོན་ཏོ། །དུས་ཁྱད་པར་གྱིས་ཞེས་པ་གང་དུ་སྲོག་དབང་དུ་བྱེད་ཅིང་བྱིན་གྱིས་བརླབས་པ་དེར་དེའི་དཀྱིལ་འཁོར་གྱི་ལྷ་དང་ལྡན་པ་ཕྲེང་བ་ལ་སོགས་པའི་སྔགས་སྲོག་འབབ་པས་མཆོད་པར་བྱ་ཞིང། བསྒྲུབ་པར ་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ་གནས་པ་བརྒྱད་ནི་ས་འོག་གི་དངོས་གྲུབ་སྟེར་བ་བོ་ཉིད་ཡིན་པའི་ཕྱིར་ཐ་མའོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱང་ཡི་དགས་དང་དུད་འགྲོའི་དངོས་གྲུབ་སྟེར་བའི་ཕྱིར་རོ། ། ་དེ་བཞིན་དུ་ས་ལ་སྤྱོད་པ་བརྒྱད་ནི་རྒྱལ་སྲིད་ལ་སོགས་པའི་དངོས་གྲུབ་སྟེར་བས་འབྲིང་ངོ། །དེ་བཞིན་དུ་མཁའ་ལ་སྤྱོད་པ་བརྒྱད་ནི་འདོད་པ་ན་སྤྱོད་པའི་དངོས་གྲུབ་སྟེར་བས་མཆོག་སྟེ། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་གཟུཌ ་ན་སྤྱོད་པའི་དངོས་གྲུས་སྟེར་རོ། །འདི་ལྟར་འཇིག་རྟེན་པའི་བདེན་པས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཐམས་ཅད་འཇིག་རྟེན་པའི་འབྲས་བུ་དེ་ཅི་ཞེ་ན། དེས་བསྒྲུབས་པས་སངས་རྒྱས་ཉིད་དུ་མི་འགྱུར་རོ། །འདིའི་ཕྱིར་གསུངས་པ། ་ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་དེ་བསྒོམ་བྱ། །ཞེས་པ་ཕྱག་རྒྱ་ཆེན་མོའི་དོན་དུའོ། །འདིའི་ཚིག་སྔ་མ་ལ་སོགས་པ་ནི་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པར་གསུངས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། ནོར་བུའི་ནང་དུ་ཆུ་དང་ལྷ། ་རྒྱུ་མཐུན་ལ་སོགས་བདེ་བ་རྫོགས། །དྲི་མེད་ཉིད་པར་ཁོ་ནར་དེའོ་ཞེས་སོ། །དེས་ན་རྡོ་རྗེ་སྐྱིལ་ཀྲུང་ནི་བྷ་གར་ལིངྒ་བཞག་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པ་ནི་ཡིད་ནི་ནང་དུ་ཆུད་པའོ། །ལྷན་ཅིག་སྐྱེས་པའི་སེམས་ནང་དུ་ཆུད་པ་དེས། འདོད་པའི་དངོས ་གྲུབ་ཕྱག་རྒྱ་ཆེན་མོ་རྣམ་པའི་མཆོག་དང་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དང། སྙིང་རྗེའི་སྙིང་པོ་ཅན་བདེ་བ་ཆེན་པོའི་ཐབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་པ་བསྒོམ་པར་བྱའོ། །ཉི་མའི་སྣང་བ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་དམིགས་བཟུང་དུ་འཇུག་པའི ་རྣལ་འབྱོར་པ་ཞེས་པའོ། །ཇི་སྲིད་དུ་ནོར་བུའི་རྩེ་མོ་ནས་སྤྱི་བོར་དྲི་མ་མེད་པ་ཉིད་ཐོབ་པར་གྱུར་པ་དེ་སྲིད་པུ་མི་འགྱུར་བའི་བདེ་བདེ་བསྒོ་བར་བྱའོ། །དེ་ལས་རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་དོ་ཞེས་སོ། །དབང་མདོར ་བསྟན་པར་ཡང་ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང། ཡེ་ཤེས་ཕྱག་རྒྱ་སོགས་དམིགས་དང། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། མི་འགྱུར་བ་དེ་འཕེལ་བར་བྱེད། །ཅེས་སོ། །ཇི་སྲིད་བྱང་ཆུབ་སེམས་འདོར་བ། །སྐྱེ་གནས་ལས་ཐོབ་རྒྱུན་མ་ཆད། དེ་སྲིད་དུ ་ནི་རྣལ་འབྱོར་པས། །མི་བྱ་ཀུན་ཏུ་དགའ་བ་མཆོག། །བདེ་བའི་རང་བཞིན་དེ་ཉིད་ཀྱིས། །ལྡན་པའི་སངས་རྒྱས་གཟུགས་བརྙན་ནི། །ཇི་སྲིད་ཁུ་བ་བརྟན་གྱུར་པ། །བདག་ཉིད་རྟག་ཏུ་བསྒོམ་པར་བྱ། །ལྟེ་བར་རྒྱུ་མཐུན་ཉིད་དུ་བརྗོད། །སྙིང་གར་རྣམ་པར་སྨིན ་བར་དྲན། །མགྲིན་པར་སྐྱེས་བུ་བྱེད་པ་ཉིད། །སྤྱི་བོར་དྲི་མེད་ཉིད་རབ་གསལ་ཞེས་གསུངས་སོ། །སྐྱ་རེང་འཆར་བའི་དུས་དག་ཏུ། ཟླ་བ་ཉ་ལ་དེས་བསྒྲུབ་བྱ་ཞེས་སོ། །འདིར་འདོད་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །དངོས་གྲུབ ་ནི་དམིགས་པ་དང་བཅས་པའི་སྟོད་པ་ཉིད་ཆེན་པོ་རྣལ་འབྱོར་བའི་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །འགྱུར་བ་དང་གཡོ་བའི་དངོས་གྲུབ་དག་དང། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་མོ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས ་པར་སྟེར་བ་སངས་རྒྱས་ཀྱི་གཟུགས་བརྙན་སྣ་ཚོགས་པའི་མཚན་ཉིད་བསྒོམ་པར་བྱའོ་ཞེས་སོ། །ཡང་ན་ཕྱིའི་ཡན་ལག་མེད་པ་ལ་ལག་པའི་ཕྱག་རྒྱ་གསོར་བས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་གཟུགས་གཅིག་ཏུ་གྱུར་པ་ཐམས་ཅད་སྟོང་པ་སངས་རྒྱས་ཀྱི ་གཟུགས་བརྙན་ཉེ་བ་བསྟན་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །གསུངས་པ་ཡང་སྐྱོན་དང་བཅས་པའི་ཕྱག་རྒྱ་ཡོངས་སུ་སྤངས་པར་བྱའོ། །ཕྱག་རྒྱ་བཟང་མོ་བདེ་བ་བསྒོམ་པའི་དོན་དུ་གཟུང་བར་བྱའོ། །དེ་ནི་མེད་པ་ལག་པའི་སྦྱོར་བའི་ཕྱག་རྒྱ་རང ་ལ་རག་ལས་པ་སེམས་ཀྱི་ནོར་བུ་སྤངས་པ་ཡི་ཞེས་སོ། །རང་གི་ལག་གིས་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ་ཞེས་ཀུན་སྤངས་རྣམས་ལ་གསུངས་སོ། །ཡང་ན་ལས་ཀྱི་ཕྱག་རྒྱ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱས་རྣམ་པ་རྟོག་པ་ས་སྙོམས་པར་བཞུཌ ་པ་ཕྱག་རྒྱ་ཆེན་མོ་རྣམ་པར་མི་རྟོག་པ་ལ་དམིགས་པར་བྱའོ། །སྐྱེ་དགུའི་བདག་པོ་འམ་རྣལ་འབྱོར་པས་སོ། །དེ་བཞིན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རབ་ཏུ་ཆགས་པས་མཆོག་གི་དགའ་བའི་གནས་སྐབས་འཕགས་པས་ཅི་ཡང་མི་སྨྲ་བའི ་དངོས་པོས་བསྒོམ་པར་བྱའོ་ཞེས་པ་དགོངས་པའོ། །ད་ནི་བདེ་བ་ཆེན་པོའི་མཆོད་པ་བརྗོད་པར་བྱ་སྟེ། རང་རྫས་ཐིག་ལེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་པ་ནི། རྟོག་པའི་རྣལ ་འབྱོར་པས་སྒྲུབ་པ་ཆེན་པོའི་རྣལ་འབྱོར་དབང་བསྐུར་བས་རྣམ་པར་བསྒོམ་པར་བྱ་བ་ཕྱག་རྒྱ་ལ་རྗེས་སུ་ཆགས་པར་བྱེད་པའི་ཡིད་བྱིན་གྱིས་བརླབ་པའི་དོན་དུ་རང་རྫས་ཐིག་ལེ་རྣམས་ཀྱི་རོ་མྱོང་བས་མཆོད་པར་བྱའོ། །མཆོད་པའི་རྫོ? ་ལ་སོགས་པ་ནི་སངས་རྒྱས་ལ་སོགས་པའོ། །ཕྱི་རོལ་དུ་སངས་རྒྱས་གཟི་བརྗིད་ནི་དཀྱིལ་འཁོར་ལ་སོགས་པར་གནས་པའི་སེམས་ཀྱི་ཐིག་ལེ་རྣམ་ཀྱིས་མིང་མེད་ཀྱིས་ཇི་སྲིད་དུ་གསང་བར་འཕངས་པ་ལའོ། །རང་རྫས་ཐིག་ལེ་འཕོ་བ་མེད་པའི་ཡེ་ཤེས་རྣམས་ཀྱི་དེ་བཞིན ་དུ་ནོར་བུའི་བུ་གར་ཕཊ་ཡིག་གིས་འཕོ་བ་མེད་པའི་ཡེ་ཤེས་ཀུན་དུ་གནས་པས་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་རབ་ཏུ་གསུངས་པ་ལུས་ལ། རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང། །སྟོང་པ་ཆེན་པོའི ་རྒྱུད་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལས་བདེ་ཆེན་སྐད་ཅིག་གིས། །མཆོད་པར་བྱ་ཕྱིར་རྫོགས་པར་བྱ་ཞེས་སོ། །མཐར་ཐུག་པའོ། །ཐིག་ལེའི་མཆོད་པའོ། །ད་ནི་འདི་ཡི་འབྲས་བུ་གསུངས་པ། །མཐོང་བ་དང་ནི་རེག་པ་དང། །ཐོས་པ་དང ་ནི་དྲན་པས་ཀྱང། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ལྟར་ཐེ་ཚོམ་མེད་པ་ཉིད་ཅེས་ཏེ། མཐོང་བ་ནི་ནུ་མ་དང་སྐྲ་དང་ལྡན་མའོ། །རེག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷའི་གཟུགས་ཀྱིས་རྟོག་པའི་དེའི་འོ། །དེ་ལ་འདི་ལ་སྙོམས་པར་འཇུག་པའི་རིམ་པ་ཇི་ལྟར ་གསུངས་པས། ཕག་མོ་དེ་རྣམ་པར་བསྒོམས་ནས་སྡགས་ཀྱིས་བྱིན་བྱིས་བརླབ་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ནས། པདྨ་དང་རྡོ་རྗེ་དག་ལ་ཨོཾ་བཾ་བསྒོམ་པར་བྱ། ཡན་ལག་ལ་དགོད་པ་བྱས་པས་དཔག་ཏུ་མེད་པ་ཟིལ་གྱིས་མནན་ནས་ཧཱུཾ་ཕཊ་བྱ་ཞིང་དགའ་བ་བརྩམ་པར་བྱའོ། །ཐོས་པ་ནི་ཟབ་མོའི་ཆོས་སོ། །དྲན་པ་ནི་གནས་སོ། །དྲན་པའི་དོན་ནོ། །མཐོང་བ་ཞེས་པ་ལ ་སོགས་པ་ནི་དག་པའི་ཆོས་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པ་ཡིའོ། །དེ་ལས་རྒྱུ་མཐུན་པའི་བདེ་བ་ལ་རེག་པའོ། །དེ་ཉིད་ཐོས་པས་ཏེ་ཤིན་ཏུ་དགའ་བའི་སྒྲ་དང་བླ་མའི་ཞལ་སྔ་ནས་ཐོས་པས་སོ། །ཀྱང་ཡིག་ལས་རྫོགས་པ་དྲུག་གི་བསྙེན་པ་རྡང? ་སྦྱིན་པ་ལ་སོགས་པས་རྩ་བའི་ལྷུང་བ་ལས་གྲོལ་ཞིང་མི་དགེ་བ་སྤངས་པས་གྲོལ་བར་འགྱུར་རོ། །མཚམས་མེད་པ་ལ་སོགས་བྱས་པའི་སྡིག་པ་ལས་གྲོལ་བར་འགྱུར་རོ། །ངེས་པའི་དོན་ནོ། །སྡིག་པ་གྲོལ་བ་བསོད་ནམས། །སྐྱེད་པའི་ཆོ ་གའོ། །དེ་ལས་ཅིར་འགྱུར་ཞེ་ན་གསུངས་པ། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག། དག་བྱེད་སྡིག་པ་འཇིག་བྱད་པའོ། །སྔགས་བཟླས་པ་དང་བསམ་གཏན་དང། །བདེ་བ་ཡིས་ཀྱང་བསྒྲུབ་པར་བྱ་ཞེས་སྒྲུབ་ཐབས་གསུངས་སོ། །རྣལ་འབྱོར་བ་ཉིད་ནི་མངོན་པར་ཤེས་པ་ལྔ་དང ་དཀྱིལ་འཁོར་གྱི་འཁོར་ལོ་གྲུབ་པ། ས་བདུན་པའི་དབང་པོ་ཉིད། དེ་ནས་བརྒྱད་པའི་དབང་པོ་ཉིད་དེ། སྦྱོང་དུས་སུ་ཡང། དེ་བཞིན་དུ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པས་བརྒྱད་པའི་དབང་ཕྱུག་ཅེས་སོ། །ཡང་ནས་བཅུ་པའི་དབང་པོ་ཉིད ་དེ་རང་བྱིན་གྱིས་བརླབ་པའི་ཡེ་ཤེས་ལ་སྐྱེས་པ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་སོགས་པའི་རྣལ་འབྱོར་པ་ཉིད་ཀྱང་སྒྲུབ་པར་བྱེ་དོ་ཞེས་པའི་དོན་ནི་སྒྲུབ་པའི་ཕྱིར་ཞེས་པའི་དོན་ནོ། །སྔགས་ཀྱི་བཟླས་པས་ནི་སྔགས་རྣམས་གསུངས་ཏེ། སྔགས ་ཀྱི་སྒོ་ནས་ཨོཾ་སུམ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ་ཨོཾ་གྲིཧྞ་བ་ཡ་གྲིཧྞ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ(རྒྱུད་འགྲེལ་ཊོ་ཏཀ་ཊཱ་ཡ། དཾ་ཥཝཱ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱུ་སུ་རཱ་ཡ། པ་ར་ཤུ་པཱ་ཤ་དྱ་ཏ་ཤཱུ་པ་ཁཊཝཱ་ག་དྷཱ་རི་ཎི་བྱ་འི་ཛ་ནཱ་མཱ་ར་དྷ་རཱ་ཡ། མ་ཧཱ་དྷཱུ་ཧབུནདྷ་ཀཱ་ར་པ་པུ་ཥཱ་ཡ། ཞེས་པ་རྐང་པ་བརྒྱད་པའི་སྔགས་སོ། །ོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བན་དྷ་བན་དྷ ་ཧཱ་ས་ཡ་ཧཱ་ས་ཡ་ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲོཾ་ཧྲོཾ་ཧྲི(རྒྱུད་འགྲེལ་ཧཱཾ་ཧཱཾ་ཧཱིཾ་ཧཱིཾ་ཧཱུཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི་སི་ལི་སི་ལི་ཧི་ལི་ཧི་ལི་དྷི་ལི་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཞེས་པ་རྐང་པ་ཉི་ཤུ་རྩ་བཞི་པའི་སྔགས་སོ། །ཡི་གེའི་གྲངས་སྟེང་དུ་ནི་དགུ་བཅུ་རྩ་བདུན་ནོ། །ཕྱི་མ་ལ་ཡང་བརྒྱལ་ལོ། །ོཾ་ཡིག་ལ་སོགས་པ་ནས་ཧུཾ་ཧཱུཾ་ཕཊ་ཀྱི་མི་གེའི་མཐར་ཐུག ་པ་རྩ་བའི་སྔགས། །དེ་བཞིན་དུ་ཡང་སྙིང་པོ་ལ་སོགས་པའི་སྔགས་ཀྱང་ཤེས་རབ་དང་ཐབས་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱའོ། །འདི་རྣམས་ཀྱི་རབ་ཏུ་བརྫོད་པའི་བཟླས་པས་སོ། །བསམ་གཏན་གྱིས་ཀྱང་ནི་དཀྱིལ་འཁོར་གྱི་འཁོར ་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསམ་གཏན་གྱི་སོ། །ཀྱང་ཡིག་ལས་ཕྱི་རོལ་གྱི་སྦྱིན་སྲེག་དང། ཚོགས་ཀྱི་འཁོར་ལོ་དང་གཏོར་མ་སྦྱིན་པས་ཀྱང་ངོ། །བདེ་བ་ཡིས་ཀྱང་ནི་ལས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱིས་ཕྱག་རྒྱའི་འགྱུར་བ་དང་གཡོ་བའི་བདེ ་བས་སོ། །ཀྱང་ཡིག་ལས་དམ་ཚིག་བརྐྱང་བས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་ལོ་བཅུ་གཉིས་རྣམས་ཀྱིས་འདི་ཉིད་ཁོ་ནར་འགྲུབ་པར་བྱེད་དོ། །ཞེས་པ་དྲང་བའི་དོན་ཏོ། །རྣལ་འབྱོར་པ་ཉིད་ནི་རྡོ་རྗེ་འཆང་ཉིད་དོ། །དེ་ཉིད་ཁོ་ན ་མཆོག་སྟེ་གཉིས་སུ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །བསོད་ནམས་ནི་བསོད་ནམས་ཀྱི་ཚོགས་རྫོགས་པ་ཉིད་ཀྱི་ཕྱིར་རོ། །དག་བྱེད་ནི་ཡེ་ཤེས་ཀྱི་ཚོགས་པ་ཉིད་ཀྱི་ཕྱིར་རོ། །སྡིག་པ་འཇིག་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཚོགས ་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །སྔགས་བཟླས་པ་དང་ཞེས་བྱ་བ་ལ་སོགས་པས་རིམ་པ་མིན་པས་གསུངས་པའི་ཡན་ལག་གསུམ་གྱིས་ཡན་ལག་དྲུག་པོ་རྣམས་རྟོགས་པར་བྱ་སྟེ། དེ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱའོ། །བྱིས་པ་ལས ་དང་པོ་པ་རྣམས་ཀྱིས་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་ཡང་གསུངས་པ། འདོད་པ་ཉེ་བར་ལོངས་སྤྱོད་པས་ཡན་ལག་དྲུག་གི་སྒྲུབ་ཐབས་སོ། །འདིར་ཕྱག་རྒྱ་ཆེན་མོའི་སྒོ་ནས་ཡན་ལག་དྲུག་བརྗོད་པར་བྱའོ། །དཔལ་འདུས་པ་ཕྱིར་རོལ ་ཡང་མཆོག་གི་ཡན་ལག་དྲུག་རྣམས་ཀྱིས་ཤེས་སོ། །དེ་ཉིད་དུ་གསུངས་པ། སོར་སྡུད་དེ་བཞིན་བསམ་གཏན་དང། །སྲོག་རྩོལ་དེ་ནས་འཇིན་པ་དང། རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །དཔལ ་དུས་ཀྱི་འཁོར་ལོར་ཡང་ངེས་བར་བསྟན་པ། སོ་སོར་སྡུད་པས་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོན་མེད་བདེ་བརྩེ་གཅིག་སེམས ་པའོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅེམ་སྟེ་རྩེ་གཅིག་སེམས་པ་འཇིན་པའོ། །གཏུམ་མོའི་སྣང་བར ་གང་ཞིག་གྱུར་བ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་སོ། །འདིའི་རྒྱས་པར་བཤད་པ་གསུངས་པ། ་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པས་རྣམ་པར་ཤེས་རབ་ཏུ་འཇུག་པ་མེད་པ་སྟེ། སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་གཞན་མིག་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱི་རབ་ཏུ་འཇུག ་པའོ། ཤ་ལ་སོགས་པའི་མིག་རྣམས་ཀྱིས་སྟོང་པ་ཉིད་ལ་དམིགས་པར་འགྱུར་རོ་ཞེས་པའི་དོན་ནོ། །དེ་ནས་དེ་ཉིད་ལ་བལྟ་བ་ནི་ཤེས་རབ་བོ། །རྟོག་པ་ནི་སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ནི་དེའི་དོན་དེས་པའོ། །དགའ་ ་བ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ནི་སྟོང་པ་ཉིད་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པ་གཡོ་མེད་བདེ་བ་མཆོག་ལས་བསྒོམ་པ་ཞེས་པ་བསམ་གཏན་ཡན་ལག་ལྔའོ། །དེ་ནས་སྲོག་གི་རྩོལ་བ་ཞེས་པ་གཡོན་པ ་དང། གཡས་པའི་ལམ་བསྒྱེལ་བས་གཅིག་ཅར་ཉིད་དུ་འབབ་པ་སྟེ་སེམས་ཀྱི་བཟླས་པའོ། །དེ་ནས་འཇིན་པ་ཞེས་པ་ཐིག་ལེར་ཏེ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་ཕྱི་རོལ་དུ་རྒྱུ་བ་མེད་པར་ཡང་དག་པར་སྡོམ་བའོ། །དེ་ནས་རྗེས་སུ་དྲན་པ་ཞེས ་བྱ་བ་རང་གི་འདོད་པའི་ལྷ་མ་ཐོང་བ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ཤེས་རབ་རང་གི་སེམས་ཀྱིས་སོ་སོར་སྣང་བ་དེས་ལྷན་ཅིག་པའི་མི་འགྱུར་བའི་བདེ་བའི་གོ་འཕང་ཐོབ་པ་སྒྲིབ་པ་ཐམས་ཅད་དང་བྲལ་པའི་ཕྱིར ་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ཞི་བའི་བདེ་བ་ཆེན་པོ་ཞེས་པ་ཡན་ལག་དྲུག་གི་སྒྲུབ་ཐབས་སོ། །འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོར་གསུངས་པ། །སོ་སོར་སྡུད་པས་རྣལ་འབྱོར་བ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན ་གྱིས་བྱིན་གྱིས་རློག་མངོན་པར་ཤེས་བ་ལྔ་ནི་ཐོབ་འགྱུར་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས ་ཉམས་ཤིང་སྟོབས་བཅུ་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པའི་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལ་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་དག་གིས་ཡེ་ཤེས ་ལུས་ནི་འགྲུབ་པར་འགྱུར་ཞེས་སོ། །ལྷའི་རྣལ་འབྱོར་དང་ལྡན་པ་ཕྱག་རྒྱ་ཆེན་པོ་བསྒོམ་པ་སོ་སོར་སྡུད་པས་བཅུ་དྲུག་ལས་ཡོངས་སུ་རྫོགས་པ་འམ། གང་གི་ཚེ་ལོ་བྱེད་ཀྱིས་གཟུང་བྱ་སེམས་དང། འཛིན་པ་པོའི་སེམས་བརྟན་པར་གྱུར་པ་དེའི ་ཚེ་ཚིག་གི་མཆོག་སྦྱིན་པར་བྱེད་དེ་ཤིའི་མིག་ཏུ་ཡང་འགྱུར་རོ། །གང་གི་ཚེ་བསམ་གཏན་དག་པ་དེའི་ཚེ་མིག་མི་འཇུམ་པ་ལྷའི་མིག་དང་ལྷའི་རྣམ་པར་འགྱུར་རོ། །གང་གི་ཚེ་རྟག་ཏུ་དབུ་མར་འབབ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་རབ་ཏུ་བསྔགས་བར་འགྱུར་རོ། །རླུང་བཅུ་འགགས་པ་ལས་སེམས་ཐིག་ལེར་གནས་པ་འགྲོ་བ་དང་འོང་བ་དང་གྲལ་པ་སྟོང་ཉིད་རབ་ཏུ་ཐོབ་པ་དེའི་ཚེ་བདུད་ལ་སོགས་པ་ཉམས་པར་བྱེད་དོ། །གང་གི་ཚེ་སྟོང་པ ་ཉིད་ལ་ཆགས་པ་སྟོབས་བཅུ་ཉིད་ཐོབ་པ་སྒྲིབ་པ་མེད་པའི་སེམས་འདོད་པའི་གནས་སྐབས་བཅུ་ཐོབ་པ་དེའི་ཚེ་འོད་ཟེར་ལྔ་དང་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་བདེ་བ་དེ་གང་གི་ཆོ?་བོ?་གསུམ་དང་ཕོགས་གསུམ་གྱིས་གཙུག་ཏོར་དུ་ཕྱིན ་པ་དྲི་མ་མེད་པ་ཐོབ་པ་དེའི་ཚེ་ཡེ་ཤེས་ཀྱི་ལུས་ཏེ་དུས་དེར་རིན་པོ་ཆེ་ལ་སོགས་པ་དེའི་ཆར་འབབ་པར་འགྱུར་རོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་འབྲས་བུ་ནི། འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེ་ལུས་དང་ལྡན། །ཁམས ་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །བློ་དང་ལྡན་པ་ཡེ་ཤེས་ལྡན། །དེ་ཡི་རྗེས་སུ་ཐམས་ཅད་འབྲང་ཞེས་སོ། །དོན་དམ་པ་ལ་སོགས་??་འདིའི་ལམ་སྒོམ་པའི་ཉེ་བར་བསྟན་པ་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཀྱིས ་གསུངས་སོ། །དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་གྱིས་ནི་དབུ་མར་འབབ་པ་དང། །རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མ་ནི་སྟེང་དུ་ལུ་བའི་ལམ་འདིས་ནི། སངས་རྒྱས་ཀུན་བདེ་རྣལ་འབྱོར་བས་ཐོབ་འགྱུར་ཞེས ་དང། སླར་ཡང་དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། རོ་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར་ཞེས་ཏེ་ངེས་པའི་དོན་ནོ། །ད་ནི་དམ་ཚིག ་བརྐྱང་བ་བརྗོད་པར་བྱ་སྟེ། ལེགས་པར་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། ཞེས་པ་འདིས་དམ་ཚིག་དཔལ་འདུས་པར་བརྗོད་པ་རྣམས་དང། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་སྒྲུབ་ཐབས་སུ་མུ་སྟེགས?་པ ་རྣམས་ཀྱི་རྣམ་པ་སྣ་ཚོགས་པ་དང་ཞི་བ་ཉིད་དང་དྲག་པོ་རྣམས་ཀྱི་བྱ་བ་དེ་རྣམས་འཇིག་རྟེན་གྱི་རབ་ཏུ་འཇུག་པ་ལས་བསོད་ནམས་ཀྱི་ཆོགས་ཀྱི་དོན་དུ་སྡོམ་པ་དང་ལྡན་པའི་རྣལ་འབྱོར་པས་བསྐྱང་བར་བྱའོ། །དཔལ་འདུས་པར་ཡང་ངོ་བོ་ཉིད? ་ཀྱིས་ཀུན་འབྱུང་བ། །ཁམས་གསུམ་དག་ན་རྣམ་པར་སྤྱོད། །སེམས་ཅན་ཀུན་ལ་ཕན་འདོད་པས། །དམ་ཚིག་མཛའ་དག་སྤྱད་པར་བྱ་ཞེས་སོ། །རང་གི་བདག་པོ་ཉིད་ཁོ་ནས་དང་པོའི་དུས་ཅན་གྱི་ཚངས་བལ་སོགས་པའི་རྫུ་འཕྲུལ་ཆེན་པོ ་རྣམས་སྣོད་རྣམས་ཀྱིས་ལྷན་ཅིག་སྐྱེས་རང་བཞིན་སྣ་ཚོགས་ཀྱི་འཇུག་པས་སེམས་ཅན་གྱི་དོན་དུ་འགྱུར་བ་གང་ཡིན་པ་དེའི་ཕྱིར། །འཇིག་རྟེན་པ་རྣམས་ཀྱི་དམ་ཚིག་ཐམས་ཅད་ཀུན་དུ་སྤྱོད་པར་བྱའོ་ཞེས་པ་འདིའི་དོན་ནོ། །གུར་གྱི་རྒྱུད ་དུ་ཡང་།རང་བཞིན་ཆོས་ནི་སུན་མི་དབྱུང་ཞེས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང། ཕ་རོལ་སྨྲ་བ་གང་ཡང་རུང། །མཚན་མའི་དབྱེ་བས་རྣམ་པར་གནས། །དེ་འདིར་བསྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའ་ཨི་རྣམ་འཕྲུལ་ཡིན་ཞེས་པ་དང། ཚངས་པ་སྐུ་ཡི་རྡོ་རྗེ ་འཛིན། ཞེས་པ་ལ་སོགས་པ་འདི་ལས་བྱའོ། །སྒྲ་ཇི་བཞིན་པའོ། །དམ་ཚིག་བྱེ་བས་དཀྱིལ་འཁོར་དུ། །འདོད་པའི་དངོས་གྲུབ་ཐོབ་མི་འགྱུར། ཞེས་པ་དམ་ཚིག་བྱེ་བའི་ཉེས་པ་བརྗོད་པར་བྱ་སྟེ་གསུངས་པ་ཡང། དཀྱིལ་འཁོར་དེས་སྡོམ་དུས ་དང་ནི། །བརྡ་དང་སྔགས་དང་ཕྱག་རྒྱ་དག། ལྷ་རྣམས་དང་ནི་གྲུབ་མཛའ་ལ། རྒྱལ་བ་རྣམས་ཀྱི་དམ་ཚིག་བསྒྲགས་ཞེས་སོ། །དེའི་དབྱེ་བ་གསུངས་པ། སྲིད་པ་དེ་ཕྱིན་ཅི་ལེག་ཏུ་གྱུར་པ་དེས་མངོན་པར་འདོད་པའི་དོན་དུ་མི་འགྱུར་རོ། ། ་དམ་ཚིག་ཡང་དག་པར་བསྲུངས་པ་ལས་དངོས་གྲུབ་པོ་ཞེས་སོ། །དེ་བཞིན་དུ་ཡང། ལྷ་རྣམས་སྲིན་པོའི་གཟུགས་ཅན་གྱིས། །དམ་ཚིག་ལས་ནི་ཉམས་པར་བྱེད། །བ་བྱུང་ལ་སོགས་སར་མཐོང་ནས། །སྲིན་པོ་རྣམས་ནི་རིང་དུ་འགྲོ?། ། ་ལྷ་རྣམས་བཤད་པ་སོགས་མཐོང་ནས། རང་གི་གནས་ནི་རྣམ་པར་འདོར་ཞེས་སོ། །འདི་ལས་དམ་ཚིག་རྣམས་དཀྱིལ་འཁོར་ལ་སོགས་པར་བསྙེན་པ་བྱའོ། །གང་གི་ཚེ་སངས་རྒྱས་ལ་སོགས་པ་ལྷ་ཞི་བ་རྣམས་ཀྱི་བྱར་ནི་མཁའ་འགྲོ་ལ ་སོགས་པ་དྲག་པོ་སྲིན་པོའི་དམ་ཚིག་གིས་བྱས་པ་དེའི་ཚེ་འགྲུབ་པར་མི་འགྱུར་ཏེ། གསུངས་པ་ཡང་དམ་ཚིག་གཞན་དང་བྱ་བ་གཞན་གྱིས་འགྲུབ་པར་མི་འགྱུར་ཏེ་སྒྲུབ་པ་པོ་རྣམས་འཆི་བར་འགྱུར་རོ་ཞེས་སོ། །མཆོག་གི་དང་པོའི ་སངས་རྒྱས་སུ་ཡང་གསུངས་པ། མི་ཕྱེད་ལམ་ལ་གནས་པ་ཡིས་དམ་ཚིག་བཞི་པོ་བསྲུང་བར་བྱ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ་། །དམ་ཚིག་འདི་ནི་འདའ་དཀའ་བའོ། །དམ་ཚིག་བཞི་ནི་ཆང་བཏུང་བ་དང། བདུད་རྩི་ལྔ་དང། བདུད་རྩི་ལྔ་དང། སྒྲོན ་མ་བཟའ་དང། བུད་མེད་དང་འགྲོགས་པས་ཁུ་བ་མྱང་བ་ཡང་ངོ། །སྔགས་ཀྱི་སྤྱོད་པ་ལ་བརྟེན་ནས། རྟག་ཏུ་བཟའ་བར་བྱའོ། །རིགས་སུ་འཇིན་པ་གཞེན་པའི་ཕྱིར་དུ་ལྷ་རྣམས་ཚིམ་པར་བྱའོ། །ཁྱིམ་པ་རྣམས་ཀྱི་ཡུལ་དང་རིགས་ཀྱི་ཐ ་སྙད་ཀྱིས་སོ། །དགེ་ཚུལ་ལ་སོགས་པ་རྣམས་ཀྱིས་བཟའ་བར་མི་བྱའོ། །སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ཡང་རབ་འཆད་བྱེད། །ཕྱི་རོལ་བདུད་རྩི་ལྔ་མཛེས་པ། །སྦྲང་རྩི་ཁྲག་དང་ག་བུར་བཅས། །ཙན་དན་དམར་པོ་དང་སྦྱར་བ། །ཚེཊ ་ཀྱི་དབུས་སུ་རབ་ཞུགས་ན། །ཐམས་ཅད་རྡོར་མཚན་མཚན་མ་འཛིན་ཞེས་པ་བདུད་རྩི་ལྔ་བཟའ་བ་ངེས་པར་བསྟན་ནོ། །སྦྲང་རྩི་ནི་ཀད?་ངོ། །ཁྲག་ནི་རྡུལ་ལོ། །ག་དུ་ར་ནི་ཁུ་བའོ། །ཙན་དན་དམར་པོ་ནི་བཤད་བའོ། །ཆོགས་ཀྱི་དབུས་སུ ་རབ་ཞུགས་ནི་གཅི་བའོ། །བཤད་པའི་རྒྱུད་རྡོ་ཇེ་མཁའ་འགྲོར་གསུངས་པ། དབང་པོ་ཐམས་ཅད་རྣམ་གྲོལ་བ། །ཚོགས་ཀྱི་དབང་པོར་གང་ཞིག་འགྱུར། ཞེན་པ་ཞེས་དགོངས་སོ་སྦྱར་བ་ནི་སྒྲོན་མ་ལྔ་སྦྲང་རྩི་ལ་སོགས་པ་རྣམས ་ཀྱིས་སོ། །ཐམས་ཅད་རྡོར་མཚན་མཚན་མ་འཛིན་ནི་ཧྲ་ཏི་ཡིག་བཀོད་པའི་སྔགས་པས་བཟའ་བར་བྱའོ། །སྦྱོར་བ་ནི་རྒྱ་ཆེར་འགྲེལ་དུ་གསུངས་པའི་རིལ་བུའི་ཆོག་བརྗོད་པ་ཐོག་མར་རང་གི་བདུད་རྩི་རྣམས་དང། འགྲོ?་ཀུ་ལ་སོགས་པ་རྣམས་ཀྱི་འདི ་ལྟར་རྙེད་པ་གཟུང་ནས་དེ་གཉིས་ཟོས་པའི་ཟླ་བའམ་དུས་གཞན་ལ་བུ་མ་སྐྱེས་པའི་གཞོན་ནུ་མའི་དབང་པོ་གཟུང་བལ་དགའ་བ་བྱས་ནས་ཧཱུ་ཕཊ་ཞེས་པས་བྱང་ཆུབ་ཀྱི་སེམས་ཕྱུང་ནས་པདྨའི་སྣོད་དུ་རྡོ་རྗེས་གཟུང་བར་བྱའོ། །གཉིས་པ་ལ་རོལ ་མཆོད་པ་བྱས་ནས་རྐང་གསུམ་པ་ལ་ལོ་བཅུ་གཉིས་མ་ལ་མཆོད་པ་བྱས་ནས་རྡུལ་ལོ། །བཞི་པ་རང་གི་གཅི་བའོ། །ལྔ་པ་ལ་བཤད་བ་གཟུང་བར་བྱའོ། །ནམ་མཁའ་ལ་སོགས་པའི་འཕེལ་བསམ་ཤ་ཀ་བཅོ་ལྔའོ། །དེ་བཞིན་དུ་དྲུག་པ་ལ་སོགས ་པའི་ཚེས་ལྔ་ལམ་དང། རྟ་དང་གླང་པོ་ཆེ་དང། ཁྱི་དང་ལང་གི་ཤ་རྣམས་གཟུང་བར་བྱ་སྟེ། མ་ཤ་བཞིའི་བདག་ཉིད་ཀྱི་ཆ་གཅིག་ལ་སོགས་པ་འཕེལ་བས་ན་ཤ་ཀ་དྲུག་ཅུའོ། །བཅུ་གཅིག་པ་ལ་ཟས་མ་ཟོས་པ་ལ་ཆད་འཐུང་ཏེ་སྐྱུག་པར ་བྱས་ནས་དེས་མ་ཤ་ཀ་བདུན་ཅུ་རྩ་ལྔའི་བདུད་རྩི་དང། སྦྲང་རྩི་བཅོ་ལྔ་རྣམས་ཀྱིས་ལྷན་ཅིག་ཏུ་བཏགས་ནས་ཅེ་སྤྱང་གི་པགས་པར་བཅུག་ནས་ཐོད་པ་ཁ་སྦྱོར་དུ་བྱས་ཏེ་མཚན་མོ་ཤི་པ་དང་མ་ཤི་བ་ལྷན་ཅིག་བསྲེགས་པར་ཁྲུ་གང་གྲུ ་གསུམ་པའི་དོད་བྲུས་ནས་དར་བཅུག་སྟེ་མཆོད་པར་བྱའོ། །ོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱ་ཎི་ཤོ་དྷ་ཡ་ཧཱུཾ་ཕཊ། ཞེས་པས་གཏོར་མ་སྦྱིན་པར་བྱའོ། །དེ་ནས་གཤེགས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་དང། ཨོཾ་ཤྲི་ཧེ་རུ་ཀ་ཤེས་བྱ་བ་ལ ་སོགས་པ་དང། ཨོཾ་སུམ་གྷི་ཞེས་བྱ་བ་ལ་སོགས་པས་གཏོར་མ་བྱིན་ནས་བདུད་རྩི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་པའི་རལ་གྲི་བཞག་ནས་མཆོད་པར་བྱའོ། །ཡི་གེ་བཅུ་པས་བསྲུང་བ་བྱས་ནས་ལྷ་བསྔགས་ཀྱིས་རང་གི་ཁྱིམ་དུ་བཅུ ་གཉིས་པ་ལ་ཐུན་བཞིར་ཞལ་བཞི་པའི་སྔགས་དང། བཅུ་གསུམ་པ་ལ་རྐང་པ་བརྒྱད་བ་དང། བཅུ་བཞི་པ་ལ་ཀ་ར་ཀ་ར་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ཉི་མ་གཟས་གཟུང་བ་དང་བཏོན་ནས་མིའི་ཞག་གོད?་ཡོན་?? ་སྡེའུའི་ཚད་ཙམ་གྱི་རི་ལ་བུར་བྱའོ། །གང་གིས་ཉེ་བར་བསྟན་པ་ལོངས་སྤྱོད་བསང་གཏོར་བྱས་ནས་བཞག་པར་བྱ་སྟེ་དེ་ཡིས་ཐམས་ཅད་དྲུ་དག་པ་ལ། །དམ་ཚིག་གི་རིལ་བུའི་ཆོ་གའོ། །ད་ནི་ཚོགས་ཀྱི་འཁོར་ལོར་ཞི་བའི་བཏུད་བ་རྒྱས་པར་འཆད ་དོ། ཞེས་མིང་མེད་མཐེ་བོད་གདོང་དག་གིས། །རྣལ་འབྱོར་རིག་པས་བཟའ་བར་བྱ། །ཞི་བའི་བཏུང་བ་བཞིན་མྱངས་པས། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར་ཞེས་སྦྱངས་པའི་ཆད་གིས་གཙོ་བོ་ལ་དྲུག་སྐྱེས་ཀྱི་སྔགས་ཀྱིས་ཡང་དག་པར ་ཆིམ་པར་བྱ་ཞིང་བདག་ཉིད་ཚིམ་པར་བྱའོ། །བཤད་པའི་རྒྱུད་དུ་ཡང། དང་བོར་བླ་མ་ལ་ཕུལ་དང། །དེ་མ་ཐག་ཏུ་སངས་རྒྱས་རྣམས། །དེ་མཐར་ཕྱག་རྒྱ་ལ་བྱིན་ནས། །ཞི་བའི་བཏུད་བ ་བཞིན་དུ་མྱང་ཞེས་སོ། །ཞི་བའི་བཏུང་བ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མུ་སྟེགས་པ་རྣམས་ཀྱི་སྒྲུབ་པའི་ཕྱོགས་རྣམས་ལ་འགྱུར་ཏེ། །ཁྲག་དང་བཅས་པའི་བ་ལང་གེ་པགས་པར་སོ་མ་བའི་ཞེས་པ་བཞིན་དུ་ཉ་བར ་འཇལ་བ་ལ་ཇི་ལྟར་ཇི་ལྟར་ཞི་བའི་བཏུང་བ་སྡིག་པ་འཇོམས་ཤིང་དག་པར་བྱེད་པ་དེ་བཞིན་དུ་འདིར་ཆད་འཐུངས་པའོ་ཞེས་པའི་དོན་ནོ། །མུ་སྟེགས་པ་རྣམས་ཀྱི་དེ་ཉིད་མཆོག་ཏུ་གཟི་བརྗིད་ཅན་ཉིད་ལས་སོ། །དངོས་གྲུབ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ ་འཛིན་ལས་སྐྱེས་པའི་བྱང་ཆུབ་མཆོག་གོ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོར་ཡང། རྡོ་རྗེ་ལྟ་བུའི་རྣམ་འགྱུར་ཅན། །བྱང་ཆུབ་སེམས་ནི་མཆོག་གྱུར་པ། །སྐུ་གསུམ་ཡོངས་སུ་མཐར་ཐུག་པ་བྱང་ཆུབ་མཆོག་ཏུ་རྗོད་པར་བྱ་ཞེས ་སོ། །བྱང་ཆུབ་ཀྱི་སེམས་ཡང་དག་པ་གཉིས་སུ་མེད་པ་ངེས་པར་བརྟེན་པར་བྱ་བའི་རོ་མྱང་བའི་དམ་ཚིག་རྒྱས་པར་བསྟན་པ་ནི། འདི་ནི་བདུད་རྩི་ལྔ་རུ་འགྱུར། །དངོས་གྲུབ་ཐམས་ཅད་རབ་འཇུག་པའོ། ཞེས་པ་ནི་སྤྱི་བོའི་ཟླ་བའི་བདུད་རྩི ་གང་ཡིན་པ་སྟ་གའི་རྡུལ་ལ་སོན་པ་དགའ་བ་ཐམས་ཅད་ཀྱི་རང་བཞིན་འདི་ནི་ཞེས་པ་དགོངས་པའོ། །བདུད་རྩི་ཁུ་བ་དེ་ཉིད་གའོ་བས་ལྔ་ཉིད་དུ་འགྱུར་བའི་ཕྱིར་བདུད་རྩི་ལྔའོ། །འདི་ནི་རྣལ་འབྱོར་བས་གཅིག་པུར་བཀོད་ནས་དང་ཕྱག་རྒྱ་མས ་བསླབས་པ་དེ་ལས་ཀྱང་བསྙེན་པ་བྱའོ། །དངོས་གྲུབ་ཐམས་ཅད་རབ་འཇུག་པ་ནི་རྣལ་འབྱོར་བ་ཉིད་དུ་འགྱུར་རོ། །མཆོད་བཞིན་དེ་བཞིན་རྣལ་འབྱོར་མ། དཔའ་བོ་གཉིས་མེད་སྙོམས་པར་འཇུག། སྙོམས་པར་ཞུགས་པ་དེ་ཉིད་འཛིན། ཞེས་བས ་དམ་ཚིག་བཞི་རྒྱས་བར་བསྟན་ཏེ། ཀུན་ཏུ་སྤྱོད་པའི་རྒྱུད་དུ་ཡང། མེ་ལོང་ལ་སོགས་བཞི་རྣམས་ནི། །མཆོད་བཞི་རྗེས་སུ་བརྗོད་པར་བྱ། །མཁའ་འགྲོ་མ་སོགས་པདྨར་གནས། །མཱ་མ་ཀཱི་སོགས་བཟང་མ་ཡིན་ཞེས་སོ། །དགོངས་པའོ། ། ་གཟུགས་ལ་སོགས་པའི་ཡུལ་དམ་པ་བཞི་རྣམས་སུ། །ཕྱག་རྒྱ་མ་ལྔ་རྣམས་ཀྱིས་ལྷན་ཅིག་སྙོམས་པར་འཇུག་པ་བས་ནས་སྙོམས་པར་འཇུག་པའི་མཛའ་ལ་དགའ་བ་བཞིའི་དགའ་བ་ལ་ཐུན་མཚམས་བཞིར་ནན་ཏན་བྱའོ། །ལྟེ་བ ་དང་སྙིང་ག་དང། ནུ་མའི་བར་དང་ལྕེའི་རྩ་བ་དང། །སྤྱི་བོར་སྟེང་དུ་དགའ་བ་དང། མཆོག་ཏུ་དགའ་བ་དང། ཁྱད་པར་དགའ་བ་དང། ལྷན་ཅིག་སྐྱེས་པ་དེ་ནམ་མཁའ་ཞེས་རྒྱུད་ཕྱི་མར་རོ། །དཔལ་འདུས་པར་ཡང་གལ་ཏེ་འདོད་དེ་རྡོ་རྗེ ་འཆད་ཞེས་སོ། །ཡང་ཡིན་ནི་འདིར་འགྲོ་བའི་དོན་ཏོ། གང་གི་ཚེ་འདོར་བ་དེའི་ཚེ་གདོན་མི་ཟ་བར་ལྕེས་མྱང་བར་བྱའོ། །དཔལ་འདུས་པར་ཡང་རྫས་ཀྱང་ལྷག་པར་དབྲོག་པར་བྱ་ཞེས་སོ། །འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོར། ་རྒྱལ་པོ་རི་བོང་འཛིན་པ་གཅིག་པུ་འཆི་བའི་འཇིགས་པ་འཕྲོག་པ་ཐམས་ཅད་དུས་སུ་བསྟེན་པར་བྱ། །ཤེས་རབ་ཆོས་འབྱུང་དག་ལ་གནས་པའི་ཉིན་མོར་བྱེད་དང་ལྷན་ཅིག་རྣལ་འབྱོར་ལྡན་པས་སྨོས་ཅི་དགོས ་ཞེས་སོ། །ལྷ་དང་མིའི་བདེ་བ་ཉིད། བསྡུས་བྱས་ནས་ནི་ཀུན་ནས་སོ། །རྡོ་རྗེ་མཆོག་གི་ཆ་ཡིས་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། ཞེས་པས་ནི་བདེ་བ་ཆེན་པོ་རྒྱས་པར་འཆད་དེ། །ལྷ་དང་སྟེ་ལྷ་རྣམས་ཀྱི་དང། མི་རྣམས་ཀྱི་བདེ་བ་བསྡུས་པར་བྱས ་ནས་ཏེ་གལ་ཏེ་མཚུངས་པར་བྱ་བདེ་བཞིན་དུ་ཡང་སྟོང་ཉིད་དང་སྙིང་རྗེ་གཉིས་མེད་པ་ཤེས་རབ་དང་ཐབས་ལྷན་ཅིག་སྐྱེས་པ་ལ་འཇིག་རྟེན་པའི་རྒོད་པ་ལ་སོགས་པའི་བདེ་བ་དེ་རྣམས་ཀྱིས་བཅུ་དྲུག་གི་ཆར་ཡང་མི་ཕོད་དཔེར ་ཡང་མི་འགྲོའོ། །དེ་དག་གི་བདེ་བ་ནི་བཤད་པའི་རྒྱུད་དུ་ཡང། ས་བོན་མངར་བས་བསྒོས་གྱུར་པ། །མངར་བས་རྗེས་སུ་བསྟེན་པ་དང། །གང་ལས་མངར་བས་འཕེལ་འགྱུར་བ། །དེ་ཡི་རོ་ནི་མངར་བར་བཤད། །དེ་བཞིན་ཆོས་ཀྱི་བདུད ་རྩི་འབྱུང། །བདེ་ལས་སྐྱེས་བ་བདེ་བ་ཐོག། ས་གསུམ་པོ་ནི་གདན་ཡང། །དེ་ཡི་དཔེ་ནི་ཡོད་མ་ཡིན། ཞེས་དང། སླར་ཡང་རྡོ་རྗེ་མཁའ་འགྲོ་རུ། །བྱང་ཆུབ་སེམས་དེའི་བདག་ཉིད་ཅན། །རྡོ་རྗེའི་རང་བཞིན་ཅན་གྱི་ཆ། །ཕྲ་མོ་སྤྲོ་བར་བ ་བརྗོད་པ། །ཕྲ་མོའི་རྡུལ་དུ་ཡང་དག་བསྟན། །ངོ་བོ་ཉིད་ལས་མཐུ་སྟོབས་ཀྱིས། །རང་བཞིན་ཁོ་ནར་དེ་གྲུབ་བོ། །འདི་ཡི་རང་བཞིན་བརྗོད་པ་ན། །ཞལ་མཆོག་མ་ནི་ཁྱོད་ལ་བཤད་ཅེས་སོ། །དགོངས་པའོ། །བསྡུས་པའི་དོན་གྱིས ་ཡོངས་སུ་བར་པ་སྟེ་དང་པོའོ།། །།དེ་ནི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བའི་གནས་རྒྱས་པར་གསུངས་པ། །རི་བོ་ཚང་ཚད་སྨན་ལྗོངས་དང། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང། །གདོད་ནས་གྲུབ་དང་དུར ་ཁོང་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་སོ། །འདིར་??་རི་བོ་རུ་རེངས་པ་ལ་སོགས་པ་དང་གཏེར་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཚད་ཚིང་སྟེ། ཤིང་འཁྲིགས་པར་དཀྱིལ་འཁོར་བྲིས་ནས་དབང་ལ་སོགས་པ་དང་རིན ་པོ་ཆེའི་དངོས་གྲུབ་པོ། །སྨན་ལྗོངས་ཏེ་འཁྲི་ཤིང་གིས་གཡོགས་པར་ཞི་བ་ལ་སོགས་པ་དང་བཅུད་ལེན་གྱིས་དངོས་གྲུབ་པོ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་མ་རུངས་པའི་ལས་དང། རལ་གྲིའི་དངོས་གྲུབ་པོ། །དང་ཡན་ལས་སའི་ཁྱིམ? ་མམ་ཕུག་ཏུ་འཇིག་རྟེན་གསུམ་ཉིད་དང། ཡེ་ཤེས་ཀྱི་དངོས་གྲུབ་པོ། །གདོད་ནས་གྲུབ་པ་ནི་གྲུབ་པའི་གནས་སོ། །དེར་ལས་ཀྱི་ཕྱག་རྒྱའོ། །དུར་ཁྲོད་དུ་ཡང་མིག་སྨན་ལ་སོཊ་པ་དང་རེངས་པ་ལ་སོཊ་པའོ། །དྲང་བཱི་དོན། །རི་བོ་ནི་ནུ་མ་རྒྱས་པ་ལ་སོགས་པ་དང་ལྡན ་པའི་རབ་ཏུ་མོས་མའོ། །ཚད་ཆིང་ནི་སྐྱེ་བོ་གཞོན་ནུ་མའོ། །སྨན་ལྗོངས་ནི་རྒྱས་པའི་རྐེང་པ་ལའོ། །རྒྱ་མཚོ་ཆེན་པོའི་འགྲམ་ནི་རྗེ་རིགས་ལ་སོགས་པའི་སྐྱེ་བོའི། །དུར་ཁྲོད་དུ་ནི་གཏུམ་པོ་ལ་སོགས་པའི་གནས་སོ། །ཡང་ཡིག་ལས་གང་དང་རྩེ? ་ཡིན་པ་ཡང་ངོ། །གདོད་ནས་གྲུབ་པ་ནི་པདྨ་ཅན་ལ་སོགས་པ་ལྷན་ཅིག་སྐྱེས་པའོ། །དེར་དཀྱིལ་འཁོར་ནི་རྡོ་རྗེ་དང་པདྨ་འདུས་པ་དག་བྱའོ། །དེས་པའི་དོན་ནོ། །ཆུ་དང་བ་བྱུང་བླངས་ནས་ནི། །བདུད་རྩི་ལྔ་དང་ཡང་དག་ལྡན། །དུར་ཁྲོད་ཀྱི་ནི་སོལ་བར ་ལྡན་དེ་ཡིས་ལ་རབ་ཏུ་བྱུག། ཅེས་པ་ལ་ཆུ་སྟེ་བ་ལང་གི་གཅིན་དང། །བ་བུང་ཡང་དག་པར་བླངས་ནས་དཀྱིལ་འཁོར་གྱི་གནས་ལ་ཉེ་བར་བྱུག་པར་བྱ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བདུད་རྩི་ལྔ་ལ་སོགས་པས་ཀྱང་ཉེ་བར་བྱུག་གོ། དེ ་ནས་སྔགས་པས་དཀྱིལ་འཁོར་བཟང་པོ་བྲི་བར་བྱ་ཞེས་པ་ནི་དྲི་བཟང་པོས་ཀྱང་ཉེ་བར་བྱུགས་ཏེ་སློབ་དཔོན་ལས་ཀྱི་ཆོ་ག་མཐོང་བས་རང་གི་དཀྱིལ་འཁོར་བརྩམ་པར་བྱའོ་ཞེས་པ་དྲང་བའི་དོན་ནོ། །བ་བྱུང་ནི་དབང་པོ་ཐམས་ཅད་ཀྱི་བྱང་ཆུབ ་ཀྱི་སེམས་ཀྱི་ཡེ་ཤེས་སོ། །དུར་ཁྲོད་ནི་རླུང་ངོ། །ཐལ་བ་ནི་འོད་གསལ་ལོ། །ཆུ་ཡིས་ནི་དེ་ཡི་བགྲོད་པས་སོ། །ས་གཞི་ནི་གསང་བར་ཁྱབ་པར་བྱའོ། །ཉེ་བར་བྱུགས་ནས་ནི་བ་སྐྱོད་ནས་སོ། །དཀྱིལ་འཁོར་ནི་དགའ་བོའོ། །བྲི་བར་བྱ་ནི་སེམས ་ཀུན་དུ་རྫོགས་པར་བསྒོམ་པར་བྱ་བ་སྟེ་ངེས་པའི་དོན་ནོ། །རོ་བསྲེགས་སོལ་བ་ནི་དུས་པའི་ཕྱེ་མ་དག་གོ་།དུར་ཁྲོད་སོ་ཕག་ནི་བ་བླ་རྣམས་ཀྱིས་སོ། །སྤྱོད་པར་བྱེད་དུ་འཇུག་པ་པོ་དང་ལྡན་པས་སློབ་དཔོན་དགེ་བའི་མཚན་ཉིད་ཅན་ཞེས་པས་རྡུལ་ཚོན ་གསུངས་ཏེ་སྒྲ་ཇི་བཞིན་པའོ། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ནི་རིགས་པའོ། །ཧེ་རུ་ཀ་ཡི་གསང་སྔགས་རིག་།ཁྲོ་མེད་གཙང་ལ་མཁས་བ་དང། སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། ཞེས་པས་སློབ་དཔོན་གྱི་མཚན་ཉིད་གསུངས་སོ། །ཡན་ལག ་དུར་ཁྲོད་ཐལ་བས་བྱུགས། །ཕྱི་མོ་ཆེན་པོས་རྣམ་པར་བརྒྱན། །རུས་པའི་ཕྲེང་བ་འཕྱང་བ་དང། ཁ་ཊཝཱཾ་ག་ནི་ལག་ན་གནས་ཤེས་པས་འདིའི་སྦྱོར་ལམ་གསུངས་པ་སྒྲ་ཇི་བཞིན་པའོ། །བདག་ཉིད་ཧེ་རུ་ཀར་བྱས་ནས། །དེ་འོག་ཧེ་རུ་ཀ་དྲན་བྱ། །མཁའ་ ་ལ་རྡོ་རྗེའི་གུར་བསམ་ནས། །རྡོ་རྗེ་ཆུ་སྐྱེས་དེར་དགོད་བྱ། །འཁོར་ལོའི་དབུས་སུ་བདག་ཉིད་དང། སྟེང་དུ་མདའ་ཡི་དྲ་བ་དང། །རྡོ་རྗེའི་ར་བ་ཡང་དག་ལྡན། །འོག་ཏུ་མཚོན་ཆ་དགོད་པར་བྱ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང། །བདུད ་རྣམས་ཀུན་གྱིས་མི་ཕྱེད་པའི། །གོ་ཆ་གཉིས་པ་བགོས་པ་ནི། །གདུག་སྤྱོད་རྣམས་ཀྱིས་མི་ཕྱེད་དོ། །ཞེས་པ་གསུམ་པོ་འདི་རྣམས་ཀྱིས་བསྲུང་བའི་འཁོར་ལོ་གསུངས་སོ། །བདག་ཉིད་ཅེས་པ་ནི་དང་པོར་རེ་ཞིག་།ོཾ་ཤྲཱི་ཧེ་རུ་ཀ་ཧཾ་ཞེས་བརྗོད་ལ་ཞེ ་སྡང་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཤེས་རབ་དང་བཅས་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དཔལ་ཧེ་རུ་ཀའི་ཡེ་ཤེས་འཁོར་ལོ་དྲན་པར་བྱའོ། འོད་ཟེར་གྱིས་བཀུག་ནས་གསོལ་བ་གདབ་བར་བྱ་སྟེ ་དབང་བསྐུར་བ་ལ་སོགས་པའི་དོན་དུ་བདུད་བསྐྲད་པར་བྱའོ། །ར་ལས་སྐྱེས་པའི་ཉི་མ་ལ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དེ་ལས་སྐྱེས་པའི་རྡོ་རྗེ་གུར་དང་རྡོ་རྗེའི་མདའི་དྲ་བ་ལ་སོགས་པ་བསམ་ལ་དབུས་སུ་ཀྵ་ཡིག་ལམ་སྐྱེས་པའི་འཁོར་ལོ ་རྩིབས་བཅུ་པ་བསྒོམ་པར་བྱའོ། །རྡོ་རྗེ་ཆུ་སྐྱེས་ལ་གནས་པའི་རྡོ་རྗེ་སེམས་དཔའ་མངོན་བརྗོད་བླ་མར་བཤད་པས་བསམ་པར་བྱའོ། ཡང་ན་ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་རྣམས་བསྒོམ་བྱ། །ཞལ་གསུམ་ཕྱག ་དྲུག་ཞི་བ་སྟེ། །དག་པའི་ཤེལ་དང་ཟླ་བའི་འོད། །ཕྱག་རྒྱ་ཆེན་པོས་སྙོམས་པར་ཞུགས། །ཤེས་རབ་སྐྱིལ་ཀྲུང་ལ་གནས་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། ། ་མཚན་རྣམས་ཐམས་ཅད་ཀྱིས་མཚོན་ཅིང། །དཔེ་བྱད་རྣམས་ཀྱིས་ཡང་དག་བརྒྱན། །ཁཊཝཱཾ་ག་དང་ཐོད་པ་འཛིན། །རྡོ་རྗེ་དྲིལ་བུས་ཀུན་འཁྱུད་པ། །དཔའ་བོ་ལྕགས་ཀྱུ་ཞགས་པ་འཛིན། །བདེ་བ་ཆེན་པོའི་གོ་འཕང་གནས། །རྣམ་པར ་འགྱུར་བའི་ཞབས་གཉིས་པོ། །སེར་དང་དཀར་པོ་ལྗང་གུའོ་ཞེའོ། །ཡང་ན་ཞལ་གཅིག་པ་ཕྱག་གཉིས་པའི་རྣམ་པར་བསྒོམས་ནས་དེ་བཞིན་དུ་གྱུར་བའི་རྡོ་རྗེ་ཧཱུཾ་མཛད་རྣམ་པར་ཚིགས་པ་དྲག་པོ་གཡས་བརྐྱང་གི་སྟབས་ཀྱིས་གནས ་པོ་མགོ་བོའི་ཕྲེང་བ་ཅན། ཤེས་རབ་དང་བཅས་པ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །གནོད་མཛེས་ལ་སོགས་པའི་ཁྲོ་བོ་བཅུ་པོ་སྤྲོས་ནས་སྔགས་ཀྱི་བཀའ་བསྒོས་པས་རྡོ་རྗེ་ས་འོག་གི་ཁྲོ་བོ་རྣམས་ཀྱིས་བཀུག་པ་རྣམས་ཞལ ་གཅིག་ཕྱག་གཉིས་རྡོ་དང་དྲིལ་བུ་འཛིན་པ་ལ་ཡང་དག་པར་གཏད་དེ་བདགས་ཀྱི་གཙོ་བོ་རྣམས་ལ་ཕུར་བུས་གདབ་པར་བྱའོ། །ོཾ་གྷ(རྒྱུད་འགྲེལ་བཛྲ་ཀཱི་ལ་བཛྲ་དྷ་ར་མཛྙཱ་པ་ཡ་ཏི་ཀཱ་ཝཱ་ཀྩི་ཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། འཁྱིལ་བས་བརྡུང་བར་བྱ་ཏེ། ཨོཾ་བཛྲ་ཧཱུཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། དགེགས་མཛའ་དག་མེད་པར་བལྟས་ནས་དེའི་འོག་ཏུ་ཐམས ་ཅད་བརྩམ་པར་བྱའོ། །དྲང་བའི་དོན་ནོ། །མཆོག་དང་པོར་ཡང་གསུངས་པ། རང་ཉིད་སྡུག་བསྔལ་མེད་བདེ་བས། །བདག་ཉིད་བརྟན་པར་འགྱུར་བར་གྱིས། །གང་ཞིག་མྱུར་དུ་མཆོག་གི་དོན། །རྟོག་པར་བྱ་ཞིང་བསྒྲུབ་པར་བྱ། །རེས་པའི་དོན་ཏེ ་དངོས་གྲུབ་ཆེན་པོ་རབ་སྟོང་བྱེད། །དཀྱིལ་འཁོར་འཇིགས་ཆེན་བྲི་བར་བྱ། །ཞེས་པ་ནི་ཐོད་ལེ་ཀོར་གྱི་ཐིག་གདབ་པ་གསུངས་ཏེ། །དང་པོར་ས་གཞི་དག་པ་དང། སློབ་མ་ཡོངས་སུ་གཟུང་པ་བྱས་ནས་ཐོང་ལེ་ཀོར་གྱིས་ཐིག་གདབ་པར ་བྱའོ། །དང་པོར་ཁྲག་ནི་ཆེན་པོ་ཡིས། །སྦགས་པའི་རོ་ཡི་སྲད་བུ་ཡིས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག་།དཀྱིལ་འཁོར་བཟང་པོའི་ཐིག་གདབ་བྱ། ཞེས་པས་ཡེ་ཤེས་ཀྱི་ཐིག་གདབ་པ་གསུངས་སོ། །ཁྲུ་གང་པ་དང་ཁྲུ་བཞི་པ། །ཇི་སྲིད ་ཁྲུ་ནི་སྟོང་ཕྲག་པར། །གྲུ་བཞི་པ་ལ་སྒོ་བཞི་པ། ཞེས་པས་འཁོར་ལོ་སྡོམ་པ་ཆུང་པ་གསུངས་སོ། །ཤིན་དུ་ཟླུམ་པོ་སྒོ་བརྒྱད་པ་ཞེས་པས་འཁོར་ལོ་སྡོམ་པ་ཆེན་པོ་གསུངས་སོ། །དེ་ཡི་དབུས་སུ་པདྨ་ནི། །འདབ་བཅས་གེ་སར་ལྡན་པ་བྲི། ། ་ལྟེ་བར་དགོང་བྱ་དཔའ་བོ་ཆེ། །འཇིགས་བྱེད་འཇིགས་སུ་རུང་བ་སྟེ། །ཐོང་བའི་ཕྲེང་བའི་རྒྱན་དང་ལྡན། །ཞལ་བཞི་པ་ལ་སྤྱན་གསུམ་པ། །གླང་པོའི་པགས་པ་རྣམ་པར་དགོས། །སྨིན་མ་བཟང་པོ་རྡོ་རྗེ་དབྱེས། །ཕྱག་ན་ཁ་ཊཝཾ་ག་བྱས ་པ། །མགོ་པོའི་ཕྲེང་བས་རྣམ་པར་བརྒྱན། །ངེ་བདུན་ལྷ་མོ་མཛེས་མ་ནི། །རྡོ་རྗེ་ཕག་མོ་བྲི་བར་བྱ། །ཧེ་རུ་ཀ་ལ་མངོན་ཕྱོགས་བྱས། །སྤྱན་གསུམ་དྲན་པའི་གཟུགས་ཅན་མ། །ཐོང་བ་རྒྱུ་མས་གང་བ་དང། ཞལ་ནས་ཁྲག་ནི་འཛག་པ་མོ? ་ཕྱོགས་རྣམས་ཀུན་གྱི་ལྟར་བཅས་པའོ། །ལྷ་མིན་མི་རྣམས་བསྡིགས་པར་བྱེད། ཅེས་པས་ལྷ་དགོང་པ་གསུངས་སོ། །དེའི་ཞེས་པ་ནི་གྲུབ་བཞི་དང་ཟླུམ་པོ་དག་གིས་འཁོར་ལོ་གསུམ་དང་འཁོར་ལོ་དྲུག་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དག་གི་སྙིང ་པོར་རོ། །བྲི་བར་བྱ་ཞེས་པ་ནི་རྡུལ་ཚོན་རྣམས་ཀྱིས་སོ། །དཔའ་བོ་ནི་དཔའ་?་པོའི་ཉམས་དང་ལྡན་པའི་གཙོ་བོའོ། །སྤྱན་གསུམ་ཞེས་པ་ནི་ཞལ་སོ་སོ་རྣམས་ལའོ། །གླང་པོའི་པགས་པ་རྣམ་པར་བགོས་པ་ནི་པུས་མོའི་མཐར་ཐུགས་པར་རོ། །རྡོ་རྗེ་དབྱེ ་ཞེས་པ་ནི་སྣ་ཚོགས་རྡོ་རྗེས་བྱེད་པ་སྟེ་སྣ་དང་སྤྱན་གསུམ་ཡང་ངོ། །མདུན་དུ་རྡོ་རྗེ་ཕག་མོ་ནི་ཤེས་རབ་ཀྱི་རིཊ་ཀྱི་དབྱེབས་ཕྱེ་བའོ། །གཡོན་མ་དཀར་མོ་ངག་པའོ། །བྲི་བར་བྱ་ནི་དགོས་པར་བྱའོ་ཞེས་པའོ། །དྲང་བའི་དོན་ནོ། །རྒྱུད་གཞན་དུ་ཡང་གང་ཚེ་སེམས ་ནི་སྟོང་པ་མཁའ་། །མཉམ་པར་སྐྱེས་པར་གྱུར་པ་ཡང། །དེ་ཚེ་སྔགས་དང་ཕྱག་རྒྱ་དང། །ལྷ་རྣམས་ཀྱང་ནི་བརྟགས་པའོ་ཞེས་སོ། །ངེས་པའི་དོན་ནི། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོའི་རིགས་ལས་ཡང་དག་བྱུང། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ ་ཡང། འཁོར་ལོ་གསུམ་དུ་དུང་མཆོད་བྱ། །དཔའ་བོ་རྣམས་དང་མ་མོ་ཉིད། །དུར་ཁོར་རྣམས་སུ་འང་མཆོང་པར་བྱ་ཞེས་པས་དཀྱིལ་འཁོར་བ་དགོད་པ་གསུངས་ཏེ། དཔའ་བོ་རྣམས་དང་ཞེས་པ་ཉི་ཤུ་རྩ་བཞིའོ། །མ་མོ་རྣམས་དང་ཞེས་པ་བྱ་རོག ་གདོང་མ་ལ་སོགས་ལ་བརྒྱད་དོ། །དེ་བཞིན་དུ་མཁའ་འགྲོ་མ་བཞི་རྣམས་སོ། །དུར་ཁྲོད་རྣམས་སུ་ཞེས་པ་ནི། །མེ་དང་རླུང་གི་འཁོར་ཡུག་གི་དབུས་སུ་དུར་ཁྲོད་དོ། །ཞེས་པ་རྒྱ་ཆེར་བཤད་པ་ལས་འབྱུང་ངོ། །ཡང་ནམ་ནམ་མཁའ་དེར་གནས་པ ་བརྒྱད་དོ། །ཡང་ཡིག་ལས་སྙིང་པོར་ཐོད་པ་རྣམས་སོ། །འདིར་གང་གི་ཆེ་རྡུལ་ཚོང་ཡི་དཀྱིལ་འཁོར་ལ་སོགས་པར་ལྷ་རྣམས་འབྲི་བ་དེའི་ཚེ། ཐམས་དང་ཤེས་རབ་ཐ་དད་པས་བྱ་བ་ནི་སྐལ་བ་དང་མི་ལྡན་པས་བལྟ་རབ་བྱ་བ་ཉིད་ལས་གསང་ནས། ་ཟུང་འཇུག་གི་དཀྱིལ་འཁོར་བའི་གཙོ་བོ་ནི་རས་རིས་ལ་སོགས་པར་ཇི་ལྟར་རིགས་པར་ཟུང་འཇུག་ཏུ་བྲི་བར་བྱའོ་ཞེས་གསུངས་པ། །དེ་ལ་ལས་ཀྱི་རྗེས་འབྲངས་ནས། །སེམས་ནི་མཁའ་འགྲོ་ལ་སོགས་ཕྱག་།གཉིས ་བཞི་དྲུག་བརྒྱད་བཅུ་བཅུ་གཉིས། །ཞལ་གཅིག་གཉིས་གསུམ་ལྔ་སོགས་པ་འམ། ནག་པོ་ལ་སོགས་ཁ་དོག་རྣམས། །དཀྱིལ་འཁོར་ཡང་དེ་བཞིན་ཤེས་ཞེས་སོ། །ང་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་རྡོ་རྗེ་མཁའ་འགྲོ་ཞལ་གཅིག ་ཕྱག་གཉིས་པའི་དཀྱིལ་འཁོར་བསྡུས་པ་སུམ་ཅན་རྩ་བདུན་གྱི་བདག་ཉིད་ཅན་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་རྡོ་རྗེ་སྙིང་པོས་གསུངས་པ། ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་རྣམ་པར་འགྱུར་བའི་ཞལ། །འཇིགས་བྱེད་དང་ནི་དུས ་མཚན་མོ། །གཡས་བརྐྱང་བ་ཡིས་མགོ་བོ་མནན། །སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་དྲུག། ཟླ་བ་ཕྱེད་པས་ཉེ་བར་མཛེས། །སྟག་གི་པགས་པའི་ཤམ་ཐམས་ཅད། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཐོད་པ་ཁ་ཊཝཱཾ་ག་འཛིན་ཅིང། །རྡོ་རྗེ་གསོར་བར་མཛད་ལ ་བརྩོན། །ཀུན་ནས་འཁྱུད་པའི་ཕག་མོ་ནི། །དེ་ཡི་ཁ་དོག་ཕྱག་དང་དབྱིབས། །བྱིན་པ་གཉིས་ཀྱིས་མཉམ་པར་ཁྱུད། །ཐོད་པ་རྡོ་རྗེ་སྡིགས་མཛུབ་མཛད། །ཕྱོགས་ཀྱི་གོས་ཅན་སྐྲ་ནི་གྲོལ། །དུམ་བུས་བརྒྱན་པའི་འོག་པག་ཅན། །འཁོར ་དང་བཅས་པའི་དཀྱིལ་འཁོར་པ། །དེ་དག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྤྱན་གསུམ་དྲག་པོའི་གཟུགས་ཅན་ཏེ། །ཐམས་ཅད་ཡི་དགས་གདན་ལ་བཞུགས། །བླ་མ་སྒོམ་བྱེད་ཀྱིས་བསྒོམ་བྱ། ། ་དབུས་སུ་རྡོ་རྗེ་ཧེ་རུ་ཀ། ཁ་དོག་སྔོན་པོ་བདེ་བ་ཆེན། །དེ་བཞིན་མཁའ་འགྲོ་མ་སོགས་སེར། །ཐུགས་འཁོར་གནས་པའི་དཔའ་བོ་གནག་།རབ་གཏུམ་མ་ལ་སོགས་པ་དཀར། །གསུང་འཁོར་དམར་པོར་དཔའ་བོ་དམར། །དཔའ་མོ་རྣམས ་ནི་ནག་མོའོ། །སྐུ་ཡི་དཔའ་བོ་དཀར་པོ་སྟེ། དཔའ་མོ་རྣམས་ནི་དམར་པོ་མའོ། །བྱ་རོག་གདོང་ལ་སོགས་པ་ལྗང། །གཤིན་རྗེ་བསྲེག་སོགས་དུ་བའི་མདོག་།བཞི་ནི་ཊ་མ་རུ་དང་ནི། །ཐོད་པ་དང་ནི་ཁ་ཊཝཱཾ་ག། ཐུགས་སོགས་དཔའ་བོ་རྡོར་དྲིལ་སོགས་འཆང་བ། ་རྣལ་འབྱོར་མ་རྣམས་ཐོད་པ་དང་རྡོ་རྗེ་ལ་སོགས་པ་དང་སྡིགས་མཛུབ་ཅན་ནོ། །བྱ་རོག་གདོང་མ་ལ་སོཊ་བ་རྣམས་ཐོད་པ་དང་ཁ་ཊཝཱཾ་དང་གྲི་གུག་འཆང་བའོ། །གཞན་རྣམས་ཌ་མ་རུ་དང་མགོ་བོ་དང་སྡིགས་མཛུབ་ཙན་ནོ། །དཔའ་བོ་གཡས་བརྐྱང་ལ། མཁའ་འགྲོ་མ་རྣམས ་ཀྱིས་བྱིན་པ་དཀྲིས་པ་ཇི་ལྟར་གསུངས་པའི་རྒྱན་རྣམས་ཞེས་པའོ། །དེ་ནས་དཔའ་བོ་རྣམས་ཐ་དད་པར་དགོད་པ་དང། རྣལ་འབྱོར་མ་རྣམས་ཐ་དད་བར་དགོད་པར་བྱའོ་ཞེས་གསུངས་པ། །ཡང་ན་སྐུའི་མཁའ་འགྲོའི་འཁོར་ལོ་ནི་མཁའ་འགྲོ་མ་ལ་སོགས་པ ་དང། སྐུའི་འཁོར་ལོར་གནས་པ་དང་དམ་ཚིག་གི་འཁོར་ལོར་གནས་པ་རྣམས་ཀྱིས་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཅན་ནོ། །དེ་བཞིན་དུ་གསུངས་དང། ཐུགས་ཀྱི་འཁོར་ལོ་གཉིས་ལ་གསུངས་དང་ཐུགས་ཀྱི་འཁོར་ལོ་དང་ལྡན་པའོ། །རིན་ཆེན་མཁའ་འགྲོའི ་འཁོར་ལོ་ལ། མཁའ་འགྲོ་མ་ལ་སོགས་པ་ལྔའི་བདག་ཉིད་ཅན་ཡང་ནའོ། །དམ་ཚིག་གདོན་མི་ཟ་བའི་འཁོར་ལོ་ལ། །མཁའ་འགྲོ་མ་ལ་སོགས་པ་དང། །བྱ་རོག་གདོང་མ་ལ་སོགས་པ་དང་ལྡན་པ་བཅུ་གསུམ་གྱི་བདག་ཉིད་ཅན་ཡང་ནའོ། །དེ་བཞིན ་དུ་ཕག་མོའི་འཁོར་ལའང་རྟོགས་པར་བྱའོ། །དེ་ནས་ཡང་ན་དཔལ་འདུས་པ་བཞིན་དུ་བཞུགས་པ་དང། །དགུའི་བདག་ཉིད་ཅན་ཡང་ན་སྟེ། གསུངས་པ་ཡང། གང་བཅོམ་ལྡན་འདས་བཞིན་དུ་རྡོ་རྗེ་ཕག་མོའི་ཞལ་དང་ཕྱག་དང། ཁ་དོག་དང ་དབྱིབས་དང་ཕྱག་རྒྱ་རྣམས་བྱའོ། །ཞེས་པ་སྟེ་འོན་ཀྱང། སྟེང་ཞལ་ཕག་པའི་ཞལ་དཀར་པོ་མཆེ་བ་གཙིགས་པའོ་ཞེས་གསུངས་སོ། །ཡང་ན། ཞལ་གཅིག་ཕྱག་གཉིས་མ་དམར་མོ་སྐྱིལ་ཀྲུངས་ཕྱེད་པས་གནས་པའོ། །ཡང་ན་ཕག་པའི?་ཞལ ་འདུག་པའོ། །དཔའ་བོ་གཅིག་པུ་འམ་ཟུར་གསུམ་དུ་གནས་པ་ཡང་ནའོ། །ཕྱག་བཞི་པ་ལ་སོགས་པའང་ཇི་སྐད་དུ་གསུངས་པ། དཀྱིལ་འཁོར་པ་དང་ལྡན་པ་དགོད་ཅེས་གསུངས་པས་སོ།། །།དེ་ནི་མོ་ན་ཤ ་བརྗོད་པ་འབུམ་པར་གསུངས་པའི་ས་བོན་དགོད་པས་བརྗོད་དང་བྱ་སྟེ། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་ལ། ཨ་ཨཱ་ཨཾ་ཨ(རྒྱུད་འགྲེལ་རྣམས་སུའོ། །དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་ཨའུ་ལཱི་རཱི་ཨའིའོ། །དེ་བཞིན་དུ་གསུང་གི་འཁོར་ལོ་ལ། །ེ་ཨར་ཨལ་ཨོ་ཕྱོགས་རྣམས་སུའོ། ཨོཾ་ཨཱལ་ཨཱར་ཨི་ཕྱོགས་བྲལ་རྣམས་སུའོ། །དེ་བཞིན་དུ་སྐུལ། ཡང་ལ་ཝ་ཕྱོགས ་རྣམས་སུའོ། །ཝཱ་ལཱ་རཱ་ཡཱ་ཕྱོགས་བྲལ་རྣམས་སུའོ། །དམ་ཚིག་ལ་ཨ་ཨཱ་ཨམ་ཨ(རྒྱུད་འགྲེལ་སྐད་དུ་གསུམ་པ་ཡི་གེང་གོང་པར་བྱའོ་ཞེས་སོ། །ཡང་ན་མངོན་པར་བརྗོད་པར་གསུངས་པ་རྟོགས་པར་བྱ་སྟེ། གསུངས་པ་ཡང། སྔོན་པ་སྣ་ཚོགས་ཤེས་ནས་ནི། །སྒྲུབ་པའི་ཆོ་བསྙེན་པ་སྟེ། །འདོད་དང་འདོད་པ་མ་ཤེས་ནས། །གཅིག་ནི་འབད ་པས་གཟུང་བར་བྱ་ཞེས་སོ། །དེ་ནས་བུམ་པ་བྱ་བ་ནི། །རྩ་བནག་པོ་ལ་སོགས་སྤང། བཟང་བ་ཀུན་གྱིས་ལེགས་བཀང་བའོ། །ཐོད་པ་སྟེང་དུ་བཞག་པར་བྱ། །མགྲིན་པ་སྲད་བུས་དཀྲི་བྱ་ཞིང། །ཁ་ནི་ཡལ་འདབ་ཀྱིས་བརྒྱན་ཅིང། གོས་ཟུང་གིས་ནི ་ལེགས་དཀྲིས་པ། །བརྒྱད་ནི་སྒེ་རུ་དགོང་པར་བྱ། །གོས་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པར་དབུས་སུའོ། །རིན་ཆེན་ལྔ་དང་ཡང་དག་ལྡན། །སྨན་ལྔ་ལ་སོགས་ཡང་དག་ལྡན། །བསེར་རམ་དངུལ་ལམ་རིན་པོ་ཆེ། །མུ་ཏིག ་རྣམས་ཀྱིས་མཛེས་པར་བྱ། །དཀྱིལ་འཁོར་ཀུན་དུ་དགྲམ་པར་བྱ། །དེ་ནས་གྲོང་མཆོག་མཆོད་པར་བྱ་ཞེས་སོ། །རྡུལ་ཚོན་གདབ་པའི་བར་མ་ཆད་པར་བུམ་པ་དགོད་པའོ། །མཆོད་པ་ཡང་གསུངས་པ། །བཟའ་བ་ཀུན་གྱིས་ཤེས་པ་ནི། །དམ་ཚིག་གི་རིམ ་བུ་རྣམས་ཀྱི་སོ། །སྲད་བུ་ཡིས་ནི་ཞས་པ་ཆོ་སྣ་ལྔ་པས་སོ། །ཡལ་འདབ་ནི་ཨ་མྲ་ལ་སོགས་པ་རྣམས་སོ། །བླ་མར་ཡང་ཨཾ་བུ་ཛམྦུ་ཀ་བམཔ། །དཔལ་འབྲས་ས་བོན་གང་བས་སོ། །བ་ལཱ་མོ་ཊའཏ་ཐ་ལ་མོ་བྱས། །ཀཱི་རི་ཀཌཎི་ས ་རྣམས་དང། དཔལ་གཅིག་ལྷ་དང་བཅས་པ་ཡང། །ལྔ་པོ་འདི་རྣམས་སྨན་དུ་བཤད་ཅེས་སོ། །སྒོ་རུ་ཞེས་པ་ནི། །སྒོར་དགོད་པ་དང། གྲ་དང་དབུས་སུ་ཡང་ངོ། །ཤར་དང་ནུབ་ཀྱི་བུམ་པ་དག་གི་བར་དུ། །རྒྱལ་བ་དང་རྣམ་པར་རྒྱལ་བའི ་བུམ་པ་ཡང་ངོ། །ལ་སོགས་པའི་སྒྲ་ལས་ལོ་ཐོག་ལྔ་དང། དྲིན་བཟང་པོའི་མེ་ཏོག་ལྔ་རྣམས་ཀྱང་ངོ། །དྲི་ཡི་ཆུ་ཡིས་ལེགས་པར་བདབ། །བདག་ཉིད་ཀུན་ནས་ཞལ་ལ་ནི་ཞེས་པ་ནི་འཕགས་པའི་ཁྲུས་གསུངས་པའོ། །ཀུན་ནས་ཞལ་ཞེས་པ་ནི། ཨོཾ ་སུ་མྦྷ་ཞེས་པ་ལ་སོགས་པའི་སྔགས་འདོན་ནིང། ཤར་དང་བྱང་ལ་སོགས་པའི་ཕྱོགས་སུ། །མཐོ་བོང་དང་སྡིགས་མཛུབ་ཀྱི་སེ་གོལ་གཏོག་པར་བྱའོ། །ོཾ་མེའི་ནི་བཛྲི་བྷ་བ་བཛྲ་བནདྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ ་བི་ཏཱ་ན་ཊཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ཤར་ཛཱ་ལ་ཏྭཱཾ་སཾ་ཏྲཱཾ་ཞེས་བསྲུང་བར་བྱའོ། །དེ་ནས་ཡན་ལག་དྲི་བཟང་གཙང། །ཇི་ལྟར་ཡོང་བའི་རྒྱན་མཆོག་འཆང། །ཧཱི་ཧཱི་བསྒྲགས་ནས་རབ་འཇུག་བྱེད་ཅེས། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མངམ ་བརྒྱ་ཡང་དབུལ་བར་བྱ་ཞེས་པ་མཆོད་པ་བརྗོད་པ་གསུང་བའོ། །སྒྲ་ཇི་བཞིན་པའོ། །ནམ་མཁའ་ཨི་མཁའ་འགྲོ་མ་རྣམས་གང། །ཐུགས་ཀྱི་འཁོར་ལོར་དེ་བགོང་བྱ། །ས་སྟེང་མཁའ་འགྲོ་མ་གང་ཡིན། །གསུང་གི་འཁྲོ་ལོ་རྣམས་དགོང་བྱ། །ད ་འོག་མཁའ་འགྲོ་མ་གང་ཡིན། །སྐུ་ཡི་འཁོར་ལོ་ལ་དགོད་བྱ། །མ་མོ་བརྒྱད་པོ་ཕྱོགས་རྣམས་དང། །ཕྱོགས་བྲལ་རྣམས་སུ་དགོད་པར་བྱ། ཞེས་ཏེ། ཐུགས་ཀྱི་འཁོར་ལོ་ལའོ། །བླ་མར་ཡང། རླུང་གི་དཀྱིལ་འཁོར་ལག་ནས ་པའི། །སྐུ་ཡི་དཀྱིལ་འཁོར་རྣམས་བསྒོམ་བྱ། །མཁས་པས་ཆུ་ལ་གནས་པ་ཡི། །གསུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་ལ་གནས་པའི། །ཐུགས་ཀྱི་འཁོར་ལོ་བདེ་བ་ཆེ། །དབང་ཆེན་དཀྱིལ་འཁོར་ལ་གནས་པའི། ། ་དམ་ཚིག་གི་ནི་དཀྱིལ་འཁོར་མཆོག་།སླར་ཡང་འཁོར་ལོ་པད་རྡོ་རྗེའི། །ཕྲེང་བས་འཁོར་ལོ་གསུམ་བསྐོར་བྱ། །ཆོ་ག་ཇི་བཞིན་དམ་འཁོར་ལོ། །སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར། །རྩིབས་རྣམས་དཀར་དམར་སྔོ་སྙིང་པོའོ། །ཕྱི་ཡི་མཚན ་སོགས་སྣ་ཚོགས་མདོག་།དེ་བཞིན་མེ་ཏོག་སྤོས་མར་མེས། དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །རྒྱལ་མཚན་མར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང། །མེ་ཏོག་ཕྲེང་དང་སྣ་ཚོགས་ཕྱེ། །བླ་རེ་ཡོལ་བ་སྣ་ཚོགས་དང། བཟའ་བ་དང ་ནི་བཏུང་བ་ཡིས། །རབ་མཉམ་གཞག་བས་མཆོད་པར་བྱ། །མཆོད་པ་ངེས་པར་བསྟན་པ་སྟེ། །སྒྲ་ཇི་བཞིན་པའོ། །དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ།། །།དེ་ནས་སྒྲུབ་པོས་དངོས་པོ་ཀུན་གྱིས་ནི། །དང་པོར་སློབ་དཔོན ་མཉེས་པར་བྱ། །གྲུབ་འདོད་ཤིན་ཏུ་མཉམ་གཞག་པས། །གུས་པས་བླ་མ་བཟང་མཆོད་བྱ། ཞེས་པ་ནི། བླ་མ་མཆོད་པ་བརྗོད་པར་བྱ་སྟེ། སློབ་དཔོན་རྒྱུད་བཞིའི་ཀུན་ཏུ་སྤྱོད་པ་ཤེས་པ་ཉིད་ལས་སོ། །མངོན་བརྗོད་བླ་མར་ཡང། དཔལ ་ཧེ་རུ་ཀའི་རིགས་འབྱུང་བའོ། །ཀུན་བརྗོད་མཛེས་པ་བསླབ་པར་བྱ། །སློབ་དཔོན་ཀུན་སྤྱོད་བསླབ་པ་དང། །ཡུལ་གྱི་ཀུན་སྤྱོད་ཁྱད་པར་ལས། །རྣལ་འབྱོར་མ་རྒྱུད་ཀུན་སྤྱོད་དང། །རྣལ་འབྱོར་རྒྱུད་རྣམས་རྒྱས་པ་དང། །བྱ་བའི་དབྱེ ་བའི་རིམ་ཉིད་ཀྱིས། །རྒྱུད་ཀུན་མངོན་པར་ཤེས་པ་ཉིད་ཅེས་སོ། །གདུ་བུ་དང་ནི་ལག་རྒྱན་ཉིད། །དཔུང་རྒྱན་གོས་ཀྱིས་རྣམ་པར་བརྒྱན། །ལག་སོར་ལ་ཡང་དག་ཕྱེད་གཅིག་།དེ་བཞིན་ཡོ་བྱད་ལྟམ་དང་ནི། །མགོའི་གཙུག་ཏོར་དང་ནི་གདུགས ་བླ་མ་འདི་རྣམས་ཀྱིས་མཆོད་བྱ། །སྒྲ་ཇི་བཞིན་པའོ། །སྒྲུབ་པོ་ཡང་ནི་རྔ་ཅན་ནམ། །དབྱངས་སྙན་པའི་དྲིལ་བུ་དཀྲོལ། །ཆོག་བཞིན་དུ་དཀྱིལ་འཁོར་མཆོད། །ཧ་ཧ་ཞེས་ཀྱང་བརྗོད་པར་བྱ། ཞེས་ཏེ་དཀྱིལ་འཁོར་རབ་ཏུ་གནས་པ་བརྗོད ་པར་བྱའོ། །རྔ་ཅན་ནི་ཅང་ཏེའུའོ། །ཆོ་ག་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རབ་ཏུ་ཏུ་བནུག་ནས། །རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་མདུན་དུ། དཀྱིལ་འཁོར་བྱས་ནས་སློབ་དཔོན་གྱིས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས ་མཆོད་པར་བྱའོ། །དྲང་བའི་དོན་ནོ། །དྲིལ་བུ་ནི་ཤེས་རབ་པོ་དབྱངས་སྙན་ནི་རྡོ་རྗེ་ཅན་མའོ། །རྔ་ཅན་ནི་པདྨ་ཅན་མའོ། །ནམ་གྱི་སྒྲས་རིན་ཆེན་དང་ལས་དང། །དེ་བཞིན་གཤེགས་པ་རྣམས་སོ། །ཡང་ཡི་སྒྲ་ལས་སྐལ་བ་དང་ལྡན་མ་གཞན ་རྣམས་ཀྱང་བརྟེན་པར་བྱའོ། །ཧ་ཧ་ཞེས་ཀྱང་བྱ་བ་ནི་བདེ་བ་འཉམས་སུ་མྱོང་བ་གཞན་ལ་དེ། ཐིག་ལེས་དཀྱིལ་འཁོར་དུ་གཏོར་བར་བྱ་ཞིང། །རྣམ་པར་རྟོག་པ་ལ་ཡང་ངོ། །དེ་ནས་དཀྱིལ་འཁོར་བསང་གཏོང་བྱེད་པའོ། །ངེས་པའི ་དོན་ནོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སྔགས་པས་ཡང་ན་ཉིས་འགྱུར་བཟླས། །འདབ་མ་འཁོར་ལོ་དུར་ཁྲོད་དང། །སྒོ་རྣམས་ངེས་པར་ཉིས་འགྱུར་རོ། །ཞེས་པ་འཁོར་ལོ་དྲུག་གི་དཀྱིལ་འཁོར་ངེས་པར་སྟོན་པར་བྱེད་དོ། །དེ་ལ་སྡོམ ་པ་ཆེན་པོའི་འཁོར་ལོ་སྒྱུར་བ་ལ། །སྙིང་པོར་ཆུ་སྐྱེས་འདབ་མ་བཅུ་དྲུག་པའོ། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་འཁོར་ལོ་རྣམས་ལྔའོ། །དུར་ཁྲོད་རྣམས་ནི་བཅུ་དྲུག་གོ་།སྒོ་རྣམས་ནི་བརྒྱད་དོ། །དབུས་སུ་གཙོ་བོ་དཔལ་ཧེ་རུ་ཀ ་ཕྱག་ཉི་ཤུ་རྩ་བཞི་པ། མགོ་བོ་བརྒྱའི་ཕྲེང་བ་ཅན་མཁའ་འགྲོ་མ་ཡི་དྲ་བ་སྔོས་དཔལ་དུས་ཀྱི་འཁོར་ལོ་ཞེས་པའོ། །དཀྱིལ་འཁོར་བའི་རྣམ་པར་བཞག་པ་ནི་མང་བ་ཉིད་ཀྱི་ཕྱིར་མ་བརྗོད་དོ་ཞེ་པ་དྲང་བའི་དོན་ནོ། །ཉིས་འགྱུར ་ནི་སྟོང་པ་ཉི་དང་སྙིང་རྗེར་དབྱེར་མེད་པའོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི། བྱང་ཆུབ་ཀྱི་སེམས་སོ། །བཟླས་པར་བྱ་ནི་ཤེས་པར་བྱ་བའོ། །ཡང་ནའི་སྒྲ་ལས་བསྒོམ་པར་བྱ་བ་ཡང་ངོ། །འདབ་མ་ཞེས་པ་ཆོས་ཀྱི་དབྱིངས་སུའོ། །ཉིས ་འགྱུར་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་འཁོར་ལོ་ལྔ་སྟེ། དངོས་སུ་ན་སྙིང་རྗེར་འགྱུར་རོ། །ས་འོག་གི་དུར་ཁྲོད་བརྒྱད་ཀྱི་མཐར་ཐུག་པར་འཕྲོ་བར་བྱེད་པའོ། །ངེས་པ་ནི་གདོན་མི་ཟ་བའོ་ཞེས་པ་ངེས་པའི་དོན་ནོ། །ཤིང་ལྔ་ཨུ་དུམ ་བ་ར་ཡི། །སོ་ཤིང་རབ་ཏུ་སྦྱིན་པར་བྱ། །དཀྱིལ་འཁོར་དུ་མགོ་གང་དུ་ལྷུང། །དེ་ཡི་ལས་ནི་སྒྲུབ་པར་བྱེད་ཅེས་པ་སོ་ཤིང་བརྗོད་པའོ། །ལྔ་ཞེས་པ་པཊ་དང། ཨ་ཤྭ་ཐ་དང་ཨུ་དུཾ་བ་ར་དང། པརྐྐ་ཏཱ་དང། ཙཱུ་ཏ་རྣམས་སོ། །ོཾ་བཛྲ་ཧ་ས་ཞེས ་པས་བཟའ་བར་བྱའོ། །སྒྲ་ཇི་བཞིན་པའོ། །སློབ་མའི་མིག་དང་གདོང་པ་ལ། །སེར་པོའི་གོས་ཀྱིས་གཡོགས་ནས་སུ། །དེ་ནས་སྐོར་བ་བྱས་ནས་ནི། །སྒྲུབ་པ་པོ་ད་བླ་མེས་དབུལ། །ལྷོ་ཕྱོགས་ཁ་བལྟས་མེ་ཏོག་དེ། །དཀྱིལ་འཁོར་དུ ་ནི་དོར་བར་བྱ། །གང་དུ་མེ་ཏོག་དེ་ལྷུང་བ། །དེ་ནི་སྔགས་པ་དེ་ཡི་རིགས་ཤེས་སོ། །དཀྱིལ་འཁོར་དུ་ནི་དགུའི་བདག་ཉིད་དུའོ། །བླ་མར་ཡང། སྔར་རྨོངས་དེ་བཞིན་ང་རྒྱལ་དང། །ཆགས་དང་ཕྲག་དོག་དེ་བཞིན་ཉིད། །འདི་རྣམས་རིགས ་ནི་ལྔ་པོར་དེས། །འདོད་དང་ཐར་པའི་འབྲས་རབ་སྟེར། །གླང་པོ་སེང་གེ་མྱུར་འགྲོ་དང། དེ་བཞིན་རྨ་བྱ་ནམ་མཁའ་ལྡིང། །ཁྱབ་འཇུག་ཚངས་པ་དེ་བཞིན་ཉིད། །དབང་ཕྱུག་ཆེ་དང་དབང་པོ་ཉིད། །གྲཝ་བཞིར་མ་མོ་བསམ་པར་བྱ།། ་ཞེས་སོ། རྨོངས་པ་ལ་སོགས་པ་ནི་མ་མོ་རྣམ་སོ། །གོས་སེར་པོ་ནི་རྒྱས་པའི་དོན་ནོ། །ོཾ་ཙ་ཀྵུ་བན་དྷ་བ་ར་མཱ་ཎ་ཡེ། ཞེས་པས་བཅིང་བར་བྱའོ། །བླ་མས་དབུལ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་གཅིག་གམ། ལས་ཀྱི་རྡོ་རྗེ ་སྐོར་བ་བྱེད་དུ་བཅུག་ནས། །དཀྱིལ་འཁོར་གྱི་ལྷོ་སྒོར་ཁྲིད་དེ། །ོཾ་པྲ་ཏཱི་ཙྪ་ཧོ་ཞེས་པས་མེ་ཏོག་དེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་དོར་བར་བྱའོ། །སྒྲ་ཇི་བཞིན་པའོ། །བཅུ་དང་བཅུང་ལེན་ནད་མེད་དང། ནོར་དང་འབྲུ་རྣམས ་རབ་སྩོལ་བྱེད། །རྟག་ཏུ་དཔལ་གཡང་ཞི་བ་སྟེར། །དཀྱིལ་འཁོར་གྱི་ནི་ལྷོ་སྒོར་རོ། ཞེས་བཤད་པའི་རྒྱུད་དུའོ། །ཉི་མ་གཉིས་པར་ཁྲག་གིས་ནི། །ཐིག་ལེ་དེ་ལ་བྱ་བའོ། །ཞེས་པ་ནི་ལྷག་པར་གནས་པ་བརྗོད་པ་སྟེ། བསྲུང་བའི་དོན་དུ ་སློབ་མ་ལ་ཐིག་ལེ་བྱ་བའོ། །སློབ་དཔོན་ཤིན་དུ་མཉམ་གཞག་པས། །སློབ་མ་ཡི་ནི་གདོང་ཕྱེ་ལ། །ལྷ་གང་གི་ནི་གནས་གང་ཡིན། །དེ་དང་དེ་ཉིད་རབ་བསྟན་བྱ། ཞེས་ཏེ། ཨོཾ་དེ་བྱེནྡྲ་ཨཎྱཱ་ད་གྷ་ཏཱ་ཡ་སྭཱཧཱ། ཞེས་པས་མིག་དང ་དགྲོལ་བར་བྱའོ། །ལྷ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་དང་མཁའ་འགྲོ་མ་ལ་སོགས་པ་དང། འདིར་མཁའ་འགྲོ་མ་དང། ལྷ་མ་དང། དུམ་སྐྱེས་མ་དང། གཟུགས་ཅན་མ་རྣམས་ས་ལ་སོགས་པ་དག་པའོ། །སླར་ཡང ་གཡོན་ནས་བརྩམས་པ་ཡིས། །དེ་ནས་བསྐོར་བ་བྱས་ནས་ནི། །སྒྲུབ་པོས་བླ་མ་ལ་བཏུད་ནས། །ཡོན་གྱི་མཆོག་ནི་དབུལ་བར་བྱ་ཞེས་པས་ཡོན་གསུངས་པ། ཀྱེ་རྡོ་རྗེ་ལ་དཀྱིལ་འཁོར་མཆོག་།དེ་བཞིན་མེ་ལོང་རྟག་པ་ལ།། ་བཟང་པོས་གོས་ནི་རྟ་མགྲིན་ལའོ། །རྡོ་རྗེ་ཉི་མས་གསེར་མཆོག་དང། །རྟ་མཆོག་ལ་ཡང་རྟ་ཉིད་དེ། །རྟག་ཏུ་ཡོན་གྱི་མཆོག་ཡིན་ནོ། །ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་དུའོ། །རིན་ཆེན་ལྕགས་ཟངས་བ་ལང་རྟ།། ་གླང་ཆེན་བུ་མོ་ནོར་འཛིན་བྲན། །བྲན་མོ་འདོད་པའི་ཆུང་མ་སོགས། །རྣ་རྒྱན་གདུ་བུ་ལ་སོགས་པ། །བདག་ཉིད་དངོས་པོ་ཀུན་གྱིས་ནི། །བློ་དང་ལྡན་པས་དབུལ་བར་བྱ། །དེ་ནས་བརྩམས་ཏེ་བྲན་དུ་བདག། །བདག་གིས་བདག ་ཉིད་ཡང་དག་དབུལ། །དཔལ་ལྡན་བླ་མ་ཁྱེད་ཞབས་ཀྱི། །ཡང་དག་རྫོགས་པའི་བྱང་ཆུབ་བརྙེས། །དེ་བཞིན་དཔའ་དབང་མཁའ་འགྲོ་མ། །རྣལ་འབྱོར་མ་མོ་རྣམས་གཉིས་འགྱུར། །དེ་ལྟར་རྣལ་འབྱོར་གྲུབ་གྱུར་ན། །འཇིག་རྟེན་གསུམ ་དུ་མི་བཟློག་གོ་།ཞེས་པ་བླ་མ་མཉེས་པར་བྱེད་པ་བརྗོད་པའོ། །སྒྲ་ཇི་བཞིན་པའོ། །སྔགས་པ་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བསྣུན་དང། །སྨིག་རྒྱུའི་ཆུ་ནི་མཐུང་བར ་བྱེད། །གང་ཞིག་དཀྱིལ་འཁོར་འདིར་དབང་བསྐུར། །རྒྱུད་རྣམས་ཐམས་ཅད་སྒྲུབ་པ་པོས། །ལྷ་དང་ལྷ་མིན་མི་རྣམས་ནི། །ཟིལ་གྱིས་གནོན་པར་འགྱུར་པ་ཡིན། །ཞེས་པ་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་བརྗོད་པའོ། །དཀྱིལ ་འཁོར་ཞེས་པ་ནི། །མངོན་བརྗོད་དུ་གསུངས་པའི་མཁའ་འགྲོ་ལྔའི་དཀྱིལ་འཁོར་འདུས་པ་དང་མཚུངས་པར་རོ། །སྒྲ་ཇི་བཞིན་པའོ། །ཡང་དག་པར་མཆོད་ནས། དེ་ནས་སློབ་དཔོན་ལ་ཕྱག་རྒྱ་མོ་དབུལ་བར་བྱའོ། །དེ་ལྟར་ཡང་བཅོམ ་ལྡན་འདས་ཀྱིས་གསུངས་པ། གང་ཞིག་བཅུ་གཉིས་ལོ་ལོན་བུ་མོ་དཀར་ཤམ་དང། གཞན་བདེ་བཞིན་སྐྱེ་གནས་ཉི་ཤུའི་ལོ་ལོན་པ། གཟུང་ནས་བུ་མ་སྐྱེས་པ་དམ་ཚིག་ལ་ཞུགས་པ། བླ་མས་དབང་བསྐུར་དོན་གྱི་རྒྱུ་རུ་ངེས་པར་རྟག ་ཅེས་སོ། །གོས་དང་རྒྱན་ལ་སོགས་པས་ཡང་དག་པར་མཆོད་ནས། །བུས་ཡང་དག་པར་དབུལ་བར་བྱའོ། །ཡང་དག་པར་རབ་ཏུ་སྦྱིན་པས་སྦྱིན་པར་བྱའོ། །སྒྲ་ཇི་བཞིན་པའོ། །རྒོད་པ་དང། བལྟ་པ་དང། ཀུན་ཏུ་རེག་པ་དང། འཁྱུད ་པ་དང། འགོ་བོ?་འཛིན་པ་དང། གཉིས་གཉིས་སྦྱོར་བས་ཕྱག་རྒྱ་མའི། །དབང་བསྐུར་བ་རྣམ་པ་དྲུག་དང། རྣམ་པ་གསུམ་མོ། །འདི་རྣམས་ཀྱིས་སློབ་དཔོན་དང་གསང་བ་ལ་སོགས་པ་རྣམས་ཀྱི་དབང་བསྐུར་བར་འགྱུར་རོ། །སློབ་དཔོན་གསང ་བ་ཤེས་རབ་དང། བཞི་པ་དེ་སླར་དེ་བཞིན་ནོ་ཞེས་སོ། །དབང་བསྐུར་བ་ལ་སོགས་ངེས་པར་བསྟན་པ་འདི་ལ་རྒྱུད་སྣ་ཚོགས་སུ་དབང་བསྐུར་བ་དུ་མ་གསུངས་ཏེ། མདོར་བསྡུས་པས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་བཞི་གསུངས ་སོ། །བྱ་བའི་རྒྱུད་དུ་ནི་ཤེས་རབ་མས་རྒོད་པས་བདེ་བ་ཉམས་སུ་མྱོང་བ་རྒོད་པའི་དབང་བསྐུར་བའོ། །སྤྱོད་པའི་རྒྱུད་དུ་ཤེས་རབ་མ་ལ་བལྟ་བ་བདེ་བ་ལས་བལྟ་བའི་དབང་བསྐུར་བའོ། །རྣལ་འབྱོར་བླ་མའི་རྒྱུད་དུ་ནི་ཤེས་རབ་མའི་ནུ་མ་གཉིས་ལ ་རེག་པ་ལས་གྱུར་པའི་བདེ་བ་ནི་ནུ་མ་ལ་རེག་བའིའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་ཤེས་རབ་མའི་ལག་པ་འཛིན་པས་བདེ་བ་ནི་ལག་པ་འཛི་པའི་དབང་བསྐུར་བའོ། །འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་འཁྱུད་པའི་བདེ་བ ་ལས། །འཁྱུད་པའི་དབང་བསྐུར་བའོ། །རྣལ་འབྱོར་མའི་རྒྱུད་དུ་ཡང་གཉིས་གཉིས་བསྐྱོང་པ་ལས་གཉིས་གའི་བདེ་བ་ལས་གཉིས་གཉིས་ཀྱི་དབང་བསྐུར་བའོ། །བཅུ་དྲུག་གི་ངོ་བོ་ཅན་བཞི་འདོད་པ་ན་སྤྱོད་པའི་མི་རྣམས་ཀྱི ་གཉིས་ལ་རྣམ་པ་གསུམ་མོ་ཞེས་པ་མདོར་བསྡུས་ནས་དབང་བསྐུར་བའོ། །བུམ་པ་དང་གསངས་བ་དང་ཤེས་རབ་ཀྱི་མཚན་ཉིད་ལས་གསུམ་མོ། །སློབ་དཔོན་ལ་སོགས་པའི་དབང་བསྐུར་བ་ལ། འདིར་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་དབྱེ་བས་རྣམ་པ་གཉིས་སོ། །ཞི་བ་ཡང་རྣམ་པ་གཉིས་ཏེ། བདེན་པ་བདག་གི་རྣམ་པར་འཇུག་པས་བཞི་པའི་མིང་དང་འགྱུར་བ་དང། འགྱུར་བ་མེད་ལ་ཤིན་ཏུ་དབྱེར་མེད་པ་བདེ་བ་ཆེན་པོ་ཐམས་ཅད་སྟོང་བརྒྱུ ་དང་འབྲས་བུ་འགོག་པས་འགྱུར་རོ། །དེ་ནི་ཀཀྐོ་ལར་གནས་པའི་ཧཱུཾ་ཕཊ་ཡི་གེའི་མཚན་ཉིད་གསུམ་པར་འགྱུར་བར་འོས་པ་མ་ཡིན་ནོ། །འདི་ལྟར་ཡང། པོ་ལར་གནས་པ་དབང་བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་རབ་ཏུ་གསལ་བར་བྱེད་དོ། །ཞེས་པ་འཇིག ་རྟེན་པའི་དབང་ནི་དེ་ཁོ་ན་ཉིད་ཚུལ་གཉིས་སུ་མེད་པ་དང་བྲལ་བ་སྟེ། དེ་ནི་འདིར་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་འཕོ་བ་མེད་པའོ་ཞེས་པའོ། །ཐམས་ཅད་གསང་བའི་རྒྱུད་དུ་ཡང། རྒྱུ་ཡི་དེ་ཉིད་མཉམ་སྦྱོར་ལས། །འབྲས་བུའི་དེ་ཉིད་བསྟན ་པར་བྱ། །འབྲས་བུའི་དེ་ཉིད་མཉམ་འཇུག་པ། །རྒྱུ་ཡི་དེ་ཉིད་ཐེ་ཚོམ་མེད། །རང་བཞིན་སོ་སོར་སྒྲུབ་བྱེད་ལའང། །རབ་ཏུ་བྱ་དང་བྱེད་པའོ་ཞེས་གསུངས་སོ། །འབྲས་བུ་བསྟན་པའི་ཕྱིར་ཡང། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས ་པ། འདིར་བཞི་པའི་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་ན་སངས་རྒྱས་གཉིས་པ་ཉིད་དོ་ཞེས་སོ། །འཕགས་པའི་ཞབས་ཀྱིས་ཀྱང་གསུངས་པ། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང ་བ་གསུམ་པོ་མཐོང་བ་དང། ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ་ཞེས་སོ། །གསང་བ་དང། ཤེས་རབ་དང་བཞི་པ་ནི་འབྲས་བུ་ཞེས་བརྗོད་དོ། །དེའི་ཕྱིར་མྱ་ངན་ལས་འདས ་པའི་བདེ་བ་ཉིད། འཕོ་བ་མེད་པ་ཡང་ལྷན་ཅིག་སྐྱེས་པ་མི་འགྱུར་བ་ངེས་པར་བཞི་པར་བརྗོད་དོ་ཞེས་པ་ཟུང་དུ་འཇུག་པ་གྲུབ་པའོ། །བུམ་པས་མངོན་པར་དབང་བསྐུར་བ་ནི་སློབ་དཔོན་གྱི་དབང་བསྐུར་པའོ། །གསང་པ་བལྟ་བས་དང། ་བདུད་རྩི་མྱང་བས་གསང་བའི་དབང་བསྐུར་བའོ། །ལས་ཀྱི་ཕྱག་རྒྱ་གཏད་པས་དང། །དབང་པོ་ཉིད་ཀྱི་བདེ་བ་རྟོགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་རྟོགས་པས་བཞི་པའོ། ་དྲག་པའི་དོན་ནོ། །འདིར་བུམ་པའི་སྒྲས་ནུ་མ་བརྗོད་དེ། །དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་བུམ་པའི་དབང་བསྐུར་བའོ། །གསང་བར་རྡོ་རྗེས་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་གསང་བའི་དབང་བསྐུར ་བའོ། །དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་ལས། །གཡོ་བའི་བདེ་བ་གང་ཡིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོ་ལ་རྗེས་སུ་ཆགས་པས་འགྱུར་བ་མེད་པའི་བདེ་བ་གང་ཡིན་པ་དེ་ནི་བཞི་པ་དེ་སླར་དེ་བཞིན ་གྱི་མངོན་པར་དབང་བསྐུར་བ་དོན་དམ་པའོ་ཞེས་པ་ངེས་པའི་དོན་ནོ། །དེ་ཉིད་བསྡུས་པ་དཔལ་དང་ཡང། །གསང་བའི་རྡོ་རྗེ་འཇིགས་བྱེད་དེ། །དཀྱིལ་འཁོར་རྒྱས་པའི་དབང་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་པ་དཀྱིལ་འཁོར་གྱི་ཕན ་ཡོན་ནོ། །སྒྲ་ཇི་བཞིན་པའོ། །ཆུ་དང་ཅོད་པན་ལ་སོགས་པའི་དབང་མདོར་བསྡུས་ནས་བསྟན་པའི་ཚུལ་ལོ། །བཤད་དང་མ་བཤད་གང་ཅིའང་རུང། །དེ་ཀུན་དཔལ་ཧེ་རུ་ཀར་གནས་ཤེས་པ་ནི། །དབང་མང་པོ་རྒྱུད་ཕན་ཚུན་དུ་འབྲེལ་པ་དེ་ཡང ་བརྗོད་དོ། །སྒྱུ་འཕྲུལ་དྲ་བར་ཡང་གསུངས་པ། །ཆུ་སོགས་མངོན་པར་དབང་བསྐུར་བདུན། །མཁས་པས་ཐ་དད་རྟོགས་པར་བྱ་ཞེས་སོ། །ཕྲེང་བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང། །མིང་དང་སློབ་དཔོན་རྗེས་གནང ་སྟེ། །འདི་ནི་མངོན་པར་དབང་བསྐུར་རིམ་ཞེས་རྣལ་འབྱོར་གྱི་རྒྱུད་དུའོ། །འཁོར་ལོ་སྡོམ་པ་ཉིད་དུ་མ་བཤད་པ་ཆུ་དང་ཅོད་པན་ལ་སོགས་པའི་དབང་གང་ཡིན་པ་དེ་ཐམས་ཅད་དཔལ་ཧེ་རུ་ཀ་ལས་ཏེ། འབུམ་ཕྲག་ལྔ་པ་ཉུང་དུའི ་རྒྱུད་དུ་དང། མཁའ་འགྲོ་མ་རྡོ་རྗེ་གུར་ལ་སོགས་པར་ཡང་རྒྱས་པར་ཤེས་པར་བྱའོ། །དེའི་དག་པ་ཡང་འབུམ་ཕྲག་ལྔ་པར་གསུངས་པ། བྱིས་པ་སྐྱེས་པ་མ་ཡིན་ནི། །ཆུ་ཡིས་ཁྲུས་བྱེད་དབང་བསྐུར་རོ། །དེ་ཡི་གེ་ཅུག་དུད?? ་རབ་བཞག་པ། །ཅོད་པན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱངས་དབང་ཞེས་བྱ་བར་བཤད། །དེ་ཡི་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། །ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང ་བསྐུར་རོ། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །དེ་ལྟ་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་བསྒྲགས། །དེ་ཡི་བག་མ་བྱེད་པ་ནི། །གོང་མའི་དབང་དུ་བརྗོད་པར་བྱ། །དེ་ལ་ཤེས་རབ་གཏད ་པ་ནི། །ལག་པ་འཛིན་པར་བརྗོད་པར་བྱ་ཞེས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང། །དང་པོ་བུམ་པའི་དབང་ཡིན་ནོ། །གཉིས་པ་གསང་བར་འདོད་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་ནི། །ཇི་ལྟར་དེ་བཞིན་གཤེགས་དེ་མིན་ཞེས་སོ།། ་གཞན་དེས་མི་འགྱུར་བའི་བདེ་བ་སྟོང་པ་ཤེས་རབ་ལ་བདག་སྐྱེས་པ་ནི་བཞི་པར་བརྗོད་དོ། འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་གསུངས་སོ། །བཞི་པ་མངོན་པར་བྱང ་ཆུབ་པའི་རིམ་པར་གང་གིས་སེམས་ཀྱི་སྣང་བ་དངོས་པོ་མེད་པའི་མཚན་ཉིད་དག་གི་ཐམས་ཅད་སྟོང་པ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་མོ་འགྱུར་བ་མེད་པར་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པ་སྟེ། དབང་གི་ཆོ་གའོ། །ད་ནི ་མཁའ་འགྲོ་མ་རྣམས་དགོད་པ་གསུངས་པ། །མཁའ་འགྲོ་མ་རྣམས་གནས་རྣམས་སུ། ཀུན་ནས་རྣམ་པར་རོལ་བར་བྱེད། ཅེས་དང་པོར་ལུས་རྣམས་དབེན་པའི་དོན་དུ། རྣམ་པར་རོལ་པར་བྱེད་པ་ནི། པུལླི་ར་ལ་སོགས་པའི་གནས།། ་ཉི་ཤུ་རྩ་བཞིར་ཁྱབ་པར་བྱེད་པའོ། །མཁའ་འགྲོ་མ་རྣམས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་སོ། །བཤད་པའི་རྒྱུད་དུ་ཡང། ཌཻ་ནམ་མཁའ་འགྲོ་བྱེད་ལ། །དབྱིངས་སུ་འདིར་ནི་བཏགས་པའོ། །ནམ་མཁའ་ཀུན་དུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་གྲུབ ་བྱེད་ཅེས་སོ། །དགོངས་པའོ། །ཀུན་ནས་ཤེས་པ་ནི་གླིང་ཐམས་ཅད་ཁོ་ནར་ཏ་གལ་ཏེ་པུལླིར་ལ་སོགས་པ་ཙམ་ཉིད་ནི་ཕོ་ཉ་མ་རྣམས་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །རྒྱུད་གཞན་དུ་ཡང་གསུངས་པ། གནས་ནི་ཤར་གྱི་ལུས་འཕགས་འགྱུར་རོ། ་ལྷོ་ཡི་འཛམ་བུའི་གླིང་དང་ནི། །ནུབ་ཀྱི་བ་ལང་སྤྱོད་རྣམས་དང། །བྱང་དུ་བྱང་གི་སྒྲ་མི་སྙན། །ཉེ་བའི་གནས་ནི་ས་སྟེང་དུ། །ཕྱོགས་བྲལ་ཉེ་བའི་གླིང་དུ་འགྱུར། །དེ་བཞིན་ཞིང་ལ་སོགས་པ་ཀུན། རྒྱ་མཚོའི་འཁོར་ཡུག་ལ་སོགས་སུའོ་ཞེས་སོ ་འདིའི་ཕྱིར་རྟུལ་པོ་རྣམས་གྱི་དོན་དུ་པུལླིར་ལ་སོགས་པ་ཉི་ཤུ་རྩ་བཞི་ངེས་པར་བསྟན་ནོ། །ཕྱི་རོལ་དུ་མཁའ་འགྲོ་མ་སུམ་ཅུ་དྲུག་ནི། །ལུས་ལ་མགོ་བོ་ལ་སོགས་པའི་གནས་རྣམས་སུ་ཁྱབ་པར་འགྲོ་བྱེད་པའི་རྩ་རྣམས་སོ། །མཁའ་འགྲོ་མ་ནི ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །རྣམ་པར་རོལ་པར་བྱེད་པ་ནི་གཞན་དུ་ཆོས་ཀྱི་དབྱིངས་སུ་འདུ་བར་བྱེད་པའོ། །ལུགས་ལས་བཟློག་པས་བརྩོན་འགྲུས་ཆེན་མོ་དང། འཁོར་ལོ་སྒྱུར་མ་དང། སྟོབས་ཆེན་མ་དང། ཤིན་ཏུ་དཔའ་མོ་དང ་ལྔ་པ་འཁོར་ལོའི་གོ་ཆ་མ་དང། ཆང་འཚོང་མ་དང། དུམ་སྐྱེས་མ་དང། འཁོར་ལོའི་ཤུགས་མ་ཞེས་བརྒྱད་ནི། སྐུའི་འཁོར་ལོ་ལ་གནས་པའོ། །མཁའ་འགྲོ་གོད་དམ་དང་རྟ་རྣམ་དང་ཤིན་ཏུ་བཟང་མོ་དང། སྔོ་བསངས་ལྷ་མོ་དང། དེ་བཞིན ་ཁོ་ནར་བཅུ་གསུམ་པ་ཆང་འཐུང་མ་དང། རླུང་ཤུགས་མ་དང། འཇིགས་བྱེད་མ་དང། ས་སྲུངས་མ་སྟེ་བརྒྱད་ནི་གསུང་གི་འཁོར་ལོ་ལ་གནས་པའོ། །ཤིང་གྲིབ་མ་དང། ལང་ཀའི་དབང་ཕྱུག་མ་དང། མིའུ་ཐུང་མ་དང། དེ་བཞིན་དུ་དཔའ་ ་བའི་བློ་གྲོས་མ་དང། སྣ་ཆེན་མ་དང། དེ་བཞིན་ཁོ་ནར་འོད་ལྡན་མ་དང། གཏུམ་བའི་མིག་མ་དང། རབ་གཏུམ་མ་དངོས་གྲུབ་སྦྱིན་ཞིང་དངོས་གྲུབ་བསྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་པ་བརྒྱད་ནི་ཐུགས་ཀྱི་འཁོར་ལོ་ལ་གནས ་པའོ། །དཔའ་བོ་བཟང་པོ་ཉི་ཤུ་བཞི། །འདི་དག་གཙོ་བོར་གྲུབ་པ་ཡིན་ཞེས་པ་ནི། འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་རྣམས་ཀྱང་མདོར་བསྟན་ནོ། །ལུགས་ལས་བཟློག་པས་རིམ་པ་ལས་འདས་པ་དང། རིམ་པ་དང་མཐུན་པར ་རྟོགས་པར་བྱའོ། །འདི་རྣམས་ཀྱི་ཁ་དོག་ལ་སོགས་པ་ནི་འཆད་པར་འགྱུར་བར་བརྗོད་པར་བྱའོ། །སྒྲ་ཇི་བཞིན་པའོ། །རང་མིང་བརྗོད་པའི་གསང་སྔགས་ལ། །ཧཱུཾ་ཕཊ་ཡི་གེ་སྦྱར་བར་བྱ། །ོཾ་ཡིག་ཀུན་ལ་གསལ་བྱེད་དེ། ལས་རྣམས་ཀུན ་དང་དངོས་གྲུབ་སྦྱིན། ཞེས་པ་ནི་དཀྱིལ་འཁོར་བའི་ཤེས་རབ་དང། ཐབས་དག་གིས་སྔགས་མདོར་བསྟན་པ་སྟེ། འདིའི་དོན་འདི་ཡིན་ཏེ། ཨོཾ་པྲ་ཙཎྜེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་རྣམས་ཀྱང་རྟོགས་པར་བྱའོ། །ོཾ་ཁཎྜ་ཀ་པཱ་ལི་ནི་ཧཱུཾ ་ཕཊ། དེ་བཞིན་དུ་དཔའ་བོ་གཞན་རྣམས་ཀྱང་ངོ། །དཔའ་བོ་ཉིད་འགྱུར་གྲུབ་པ་ནི། །ཁྱིམ་གྱི་དཀྱིལ་འཁོར་མཐོང་བ་ཡིན་ཞེས་པ་འདི་ནང་གི་དཀྱིལ་འཁོར་གསུངས་ཏེ། དཀྱིལ་འཁོར་བའི་ལྷ་རྣམས་ལུས་ལ་རྩའི་གཟུགས་སུ་ཐ་དང་པས ་གནས་ཏེ། དཔའ་བོ་ཉིད་སོ་ལ་སོགས་པ་ཉིད་དུ་གནས་པས་སླར་ཡང་དངོས་གྲུབ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་པ། རྩ་རྣམས་མཁའ་འགྲོ་མ་རབ་བརྗོད། །དཔའ་བོ་སོ་དང་སེན་མོ་སོགས་ཞེས་སོ། །བླ་མར་ཡང་སོ་དང་སེན ་མོ་ངག་དང་གཏུམ་མའོ། །སྐྲ་དང་སྤུ་དག་གཏུམ་མིག་མའོ། །པགས་པ་དང་དྲི་མ་དག་འོད་ལྡན་མའོ། །ཤ་ལ་སྣ་ཆེན་མའོ། །རྒྱུས་པ་ནི་དཔའ་བའ་ཨི་བློ་གྲོས་མའོ། །རུས་པ་ནི་མིའུ་ཐུང་བའོ། །མཆིན་པ་ལ་ལང་ཀའི་དབང་ཕྱུག ་མའོ། །སྙིང་ལ་ཤིང་གྲིབ་མའོ། །མིག་ལས་སྲུངས་མའོ། །མཁྲིས་པ་ལ་འཇིགས་བྱེད་ཆེན་མོའོ། །གློ་བ་ལ་རླུང་ཤུགས་མའོ། །རྒྱུ་མ་ལ་ཆང་འཐུང་མའོ། །སྟ་ཟུར་གྱི་རྒྱུས་པ་ལ་སྔོ་བསངས་ལྟ་མོའོ། །ལྟོ་བ་ལ་ཤིན་ཏུ་བཟང་མོའོ། །ཀེང ་རུས་ལ་རྟ་རྣ་མའོ། །མཚམས་མཛའ་ལ་མཁའ་འགྲོ་འོང་མའོ། །བད་ཀན་ཡང་འཁོར་ལོའི་ཤུགས་མའོ། །རྣག་ནི་དུམ་སྐྱེས་མའོ། །ཁྲག་ནི་ཆང་འཚོང་མའོ། །རྡུལ་ནི་འཁོར་ལོའི་གོ་ཆ་མའོ། །ཚིལ་ནི་ཤིན་ཏུ་དཔའ་མོའོ། །མཆི་མ་སྟོབས ་ཆེན་མའོ། །མཆིལ་མ་འཁོར་ལོས་སྒྱུར་མའོ། །སྣབས་ནི་བརྩོན་འགྲུས་ཆེན་མོའོ། །ཞེས་པ་དྲང་བའི་དོན་ནོ། །སམྦུ་ཊའི་རྒྱུད་དུ་ཡང། །ཧེ་རུ་ཀ་དཔལ་དཔའ་བོ་འདི། །དཔྱིད་ཀྱི་ཐིག་ལེར་འདོད་པ་སྟེ། དཔྱིད་ཐོབ་པས་ནི་ཆོག་ཤེས་པ། །སྙོམས ་པར་འཇུག་པ་མཉམ་པར་གནས་ཤེས་པ་ངེས་པའི་དོན་ནོ། །རྣལ་འབྱོར་མཆོག་རབ་མཐོང་བ་ནི། མེ་སྟེ་གཞན་དག་སོག་མ་བཞིན། །ཞེས་པ་ནི་གཉིས་སུ་མེད་པ་དགོད་པར་བརྣོ?་པ་སྟེ། སྟོང་པ་ཉིད་དང་འདུས་པའི་རྣལ་འབྱོར་དེ་ཉིད་བྱང་ཆུབ་ཕྱོགས་ཀྱི ་རང་བཞིན་རྣམས་ཀྱང་མཐོང་བ་སྟེ། བླ་མའི་མན་ངག་ལས་ཤེས་ཤིང་ལྷག་པར་རྟོགས་ནས་སོ། །གསུངས་པ་ཡང། གནས་ནི་དཔལ་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེ་ནོར་བུར་སྦས་པའོ་ཞེས་སོ། །གཞན་ཡུལ་སྣ་ཚོགས་དཀྱིལ་འཁོར་དུ་འདུས ་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །མེ་ནི་མཁས་པའོ། །ཕྱི་རོལ་ལ་མངོན་པར་ཞེན་པ་སྤང་བར་བྱའོ། །ཞེས་པ་སམྦུ་ཊིའི་རྒྱུད་དུ་ཡང། དཔེར་ན་མར་འདོད་དར་བ་ཡི། །སྙིང་པོ་བླང་ནས་འདོར་དེ་བཞིན། །ཆོས་ཀྱི་བདུད་རྩི་ལྔ་ཐོབ་ནས། །རྟོག་པ ་མ་ལུས་དོར་བར་བྱ། །སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་ཅིང་སྦྱིན་བསྲེག་མེད། །དཀྱིལ་འཁོར་པ་ཡང་ཡོད་མིན་དཀྱིལ་འཁོར་ཡོད་མ་ཡིན། སྔགས་ཀྱི་བཟླས་པ་དེ་ཡིན་དཀའ་ཐུབ་སྦྱིན་སྲེག་དེ། དེ་ནི་དཀྱིལ་འཁོར་པ་དང་དཀྱིལ ་འཁོར་དག་ཀྱང་དེ། །མདོར་ན་སེམས་དེ་འདུས་པའི་ཚུལ་ཅན་ནོ་ཞེས་ཀུན་དུ་སྤྱོད་པའི་རྒྱུད་དུའོ། །བླ་མར་ཡང། བདག་གིས་འདི་དག་གང་མཛད་པ། །སེམས་ཅན་བསམ་པའི་སྦྱོར་བ་ལ། ། ་བསམ་གཏན་ལས་གཞན་བདེ་མེད་ཕྱིར། །དེ་ཕྱིར་བསམ་གཏན་མཆོག་ཏུ་འགྱུར། །ཕྱི་རོལ་ཁྱམས་ལས་རྣལ་འབྱོར་བ། །དེ་རྣམས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་དོར་བྱས་ནས། །རྣལ་འབྱོར་རོལ་བས་གནས་བར་བྱ ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །རྣམ་དག་ཡེ་ཤེས་སྤྱན་གྱིས་གཟིགས། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །སྙིང་རྗེ་འཁྲུགས་པའི་སེམས་ཀྱིས་ནི། །དེ་རྣམས་མཉེས་པས་དངོས་གྲུབ་མཆོག་།ཇི་ལྟར་འདོད་བཞིན་སྩོལ་བར་བྱེད། ། ་དེ་ཡིས་རྗེ་བཙུན་ཡེ་ཤེས་ནི། །རབ་ཏུ་འབད་པས་བསྤྲུབ་པར་བྱ་ཞེས་སོ། །མཆོག་གཉིས་སུ་མེད་པ་དགོད་པ། རྡོ་རྗེ་གསུམ་ཐ་མི་དད་པ། དང་བ་ལྷུན་གྱིས་གྲུབ་པས་ལྷན་ཅིག་སྐྱེ་བ་ཐམས་ཅད་སྟོང་པ་སྟེ། །དགོངས་པའོ། །གཉིས་སུ་མེད་པ ་དགོད་པའི་ཆོ་གའོ། །དེ་ནི་ངག་རྣམ་པར་དབྱེན་པའི་དོན་དུ་སྔགས་བཏུ་བ་བརྗོད་པར་བྱ་སྟེ། །ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། སྔགས་པས་ཆོ་ག་བཞིན་དུ་བྲི། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། ་ཞེས་ཏེ་ཆོས་ཐམས་ཅད་ནི། ཐམས་ཅད་མཁྱེན་པའི་ཆོས་སྟོབས་བཅུ་དང་མི་འཇིགས་པ་བཞི་དང། མ་འདྲེས་པ་བཅོ་བརྒྱད་པོ་དེ་རྣམས་འབྱུང་བ་གང་ཡིན་པ་དེ་བཞིན་ནོ། །མི་ཤིགས་པ་ནི་ཐམས་ཅད་སྟོང་པའོ། །དགེ་བ་ནི་ལྷན ་ཅིག་སྐྱེས་པའི་དགའ་བའོ། །ལྟེ་བར་ནི་དེ་བཞིན་ཉིད་དུའོ། །སྣ་ཚོགས་ནི་རྒྱུ་ཅན་ནོ། །ཆོས་ཀུན་གཅིག་ཏུ་བསྡུ་བ་ནི་སྐུ་གསུང་ཐུགས་ཉེ་བར་བསྡུས་པ་ཉིད་དོ། ཞེས་པ་ངེས་པའི་དོན་ནོ། །གྲུ་གསུམ་གྱི་རྣམ་པ། ལྔ་བཅུར་གཅིག་གིས ་དམན་པའི་བདག་ཉིད་ཅན་གྱི་རེ་མིག་བྲིས་ནས། འདབ་མ་བརྒྱད་ལ་སྔགས་བཏུ་བར་བྱའོ། །ཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་མཚན་ལས་ནི་ཡོངས་སྡོམ་པ། །དེང་གནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲབ་བྱེད་ཡིན། །ཞེས་པ ་ངེས་པར་བསྟན་པ་གསུངས་པ། ཨཱ་ལི་ཀཱ་ལི་ཞེས་པ་ནི། ལྔ་བཅུར་དམན་པ་བྲིས་པ་དེ་ཉིད་དུ། སྡེ་ཚན་བརྒྱད་ཀྱི་བདག་ཉིད་བྲིས་ནས། དཔའ་བོ་ཧེ་རུ་ཀ་སྔགས་ཀྱི་བདག་ཀྱི་བདག་ཉིད་ཅན་དགོད་པར་བྱའོ། ཞེས་པ་དྲང་བའི་དོན་ནོ། །ཱ་ལི་ཀཱ་ལི་མཉཾ ་པ་ནི་སྟོང་པ་ཉིད་དང། སྙིང་རྗེ་ཐ་མི་དད་པ། ལྷན་ཅིག་སྐྱེས་པ་སྟོང་པ་ལོངས་སྤྱོད་རྫོགས་པ། ཤེས་རབ་དང་ཐབས་བསྒོམ་པར་བྱའོ། །བུང་པོ་དང་ཁམས་དག་ཇི་ལྟར་འདྲེས་པར་འགྱུར་བའོ། །དེ་ནས་ཟུང་འཇུག་གི་སྐུ་གདུལ་བྱའི་བསམ ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། ཞེས་པ་ངེས་པའི་དོན་ནོ། །བཞི་པའི་ལྔ་པ་གང་ཡིན་དང། ཞེས་བྱ་བ་ལ་སོགས་པ་ནས། དཔའ་བོའི་དབང་པོ་བཏུ་བར་བྱ། ཞེས་པའི་མཐར་ཐུག་པས་རྐང་པ་བརྒྱད་པའི་གསལ་བྱེད་གསུངས་སོ། །དེ་ནས ་དེ་ལ་དབྱངས་ཀྱིས་ཡང་དག་སྦྱར་ཞེས་བྱ་བ་ལ་སོགས་པ་ནས་འདི་ནི་རྩ་བའི་སྔ་གསུ་བཤད་ཅེས་པའི་མཐར་ཐུག་པས་དབྱངས་སྦྱར་བའི་ཡི་གེ་གསུངས་སོ། །འདིར་འདི་དག་གི་སྔ་མ་དང་ཕྱི་མའི་གཞུང་དག་ལས། སྔགས་བཏུ་བ་བརྗོད་པར་བྱ་སྟེ། ་དེ་ལ་དང་པོར་དྲི་བཟངས་ཀྱིས་ངས་ལ་སོགས་པ་ལ་ཆོས་འབྱུང་བྲིས་ལ་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་བྱའོ། །སྟེང་དུ་བཅུ་གསུམ། དེ་ནས་དྲག་པོ། དེ་ནས་དགུ། དེ་ནས་བདུན། དེ་ནས་འདོད་པ། དེ་ནས་གསུམ། དེ་ནས་གཅིག་ཅེས་སོ། །དེ་ལ་ལུགས ་དང་མཐུན་པས་ཨཱ་ལི་དང་ཀཱ་ལི་གཉིས་རིམ་པས་བྲིས་ནས་སོ། །འོག་གི་ཆ་ལས་ཞེས་ཁ་ཅིག་གོ་།མེ་ཏོག་ལ་སོགས་པའི་རབ་ཏུ་བྱེད་པ་སྦྱིན་པར་བྱ་ཞིང། ཆང་དང་ཤ་དང་བདུག་སྤོས་ཀྱིས་བདུག་པར་བྱའོ་ཞེས་སོ། །དང་པོར་ཨོཾ ་ཡིག་བྱིན་ནས་ཏེ། དང་པོར་བྲི་བར་བྱའོ། །བཞི་པའི་ལྔ་བ་གང་ཡིན་ནི་ནའོ། །ལྔ་བ་ཡི་ཡང་ལྔ་པ་ལ་ཨོཾ་ཡིག་ལྡན་པ་ནི་མའོ། །ལྔ་པའི་བཞི་པ་ནི་བྷ་ཡིག་གོ་།དང་པོའི་གསུམ་པ་ག་ཡིག་གོ་།དེ་བཞིན་ཉི་ཤུ་དགུང?་ཉ་ཡིག་བོ། ། ་བཞི་པའི་དང་པོའི་མཛའ་ཏ་ལ་ཨེ་ཡིག་ལྡན་པའོ། །མཐར་གནས་པའི་བཞིབ་ཨའི་ཡིག་རིང་པོར་ལྡན་པ་ཝཱིའོ། །དེའི་འང་གཉིས་པ་ཨེ་ཡིག་ལྡན་པ་རེའོ། །སུམ་ཅུ་པ་ཡང་དག་པར་བླངས་ནས། །ཱ་ཡིག་རིང་པོ་ལྡན་པ་ཤཱའོ། །ཉི་ཤུ་དྲུག་པ ་གང་ཡིན་ཉིད་ཀྱི་མཛའ་ཨི་ནི་ཡའོ། །དེ་ནས་བརྒྱའི་ཕྱེད་ཕྱེད་གཟུང་ནས་ནི་མའོ། །སླར་ཡང་སུམ་ཅུ་གསུམ་པ་ཨཱ་ཡིག་རིང་པོ་ལྡན་པ་ནི་ཧཱུཾ་ངོ། །དང་པོ་ཡི་ཡང་དང་པོ་ནི་ཀའོ། །མཐར་གནས་པའི་གསུམ་པ་ལ་འོག་ཏུ་བ་ཡིག་ལྟན་ཅིག ་པ་ཨ་ཡིག་ལྡན་པ་ནི་ལྤཱའོ། །དང་པོའི་གསུམ་པ་གང་ཡིན་པ་འོག་ཏུ་ན་ཡིག་ཨི་ཡིག་ཐུང་དུ་དད་ལྡན་པ་ནི་གནཾཱོ། །སུམ་ཅུ་རྩ་གཉིས་གང་ཡིན་ཉིད་རྗེས་སུ་ང་རོ་དང་ལྡན་པ་ནི་སཾཱོ། །བཞི་པའི་ལྔ་པ་གང་ཡིན་པ་ཨི་ཡིག་ཐུང་དུ་དང ་ལྡན་པ་ནི་ནིའོ། །ལྔ་པའི་བཞི་པ་གང་ཡིན་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་བྷཱའོ། །མཐར་གནས་པའི་དང་པོ་གང་ཡིན་པ་ནི་ར་ཡིག་གི་དང་པོ་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ཨཱ་ཡིག ་རིང་པོ་ལྡན་པ་ནི་ཊཱའོ། །ལྔ་པ་ཡི་ཡང་ལྔ་པ་མའོ། །དང་པོའི་དང་པོ་ཉིད་ཨུ་ཡིག་ཐུང་དུ་ལྡན་པ་ནི་ཀུའོ། །དེ་བཞིན་བཅུ་གཅིག་པ་གང་ཡིན་ཨོ་ཡིག་ལྡན་པ་ནི་ཊོའོ། །བཅུ་དྲུག་པ་ཡང་དག་པར་བླངས་ནས་འོག་ཏུ་ཀ་ཡིག ་ལྡན་པ་ནི་ཏཀའོ། །གསུམ་པའི་དང་པོ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཊཱའོ། །ཉི་ཤུ་དྲུག་པ་ཡང་དག་བླང་ནི་ཡའོ། །བཞི་པའི་གསུམ་པ་རྗེ་སུ་ང་རོ་དང་ལྡན་པ་ནི་ངཾཱོ། །དྲོ་བའི་གཉིས་པ་འོག་ཏུ་ཊར། ཨ་ཡིག་རིང་པོ་དང། ་ལྡན་པ་ནི་ཊརཱའོ། །དང་པོའི་དང་པོ་གང་ཡིན་ནི་ཀའོ། །ཉི་ཤུ་བདུན་པ་ཡང་དག་གཟུང། ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ། །ཉི་ཤུ་བརྒྱད་པ་ལྡན་པ་ལས་ཨོ་ཡིག་ལྡན་པ་ནི་ལོའོ། །དང་པོའི་གསུམ་པ་གང་ཡིན་ནི་འོག་ཏུ་ར་ཡིག་ལྡན་པ་ནི་གྲའོ། །ལྔ་པའི་བཞི ་བ་གང་ཡིན་པ་ཨའི་ཡིག་རིང་པོ་དང་ལྡན་པ་ནི་བྷཱིའོ། །སུམ་ཅུ་རྩ་གཅིག་པ་གཟུང་ནས་ནི་ཥའོ། །དེ་ནས་སླར་ཡང་བཅོ་ལྔ་པ་ཎའོ། །ཉི་ཤུ་རྩ་ལྔ་པ་ཉིད་ནི་ཨ་ཡིག་ཐུང་དུ་དང་ལྡན་པ་ནི་མུའོ། །དང་པོའི་གཉིས་པ་གང་ཡིན་པ་ཨཱ་ཡིག་རིང་པོ ་ལྡན་པ་ནི་ཁཱའོ། །ཉི་ཤུ་དྲུག་པ་ཡང་དག་བླད་ནི་ཡའོ། །དེ་ནས་ཡིག་གེ་སོ་གཉིས་པ་ནི་སའོ། །དྲོ་བའི་ཐ་མ་ཡང་དག་བླང་ནི་ཧའོ། །སུམ་ཅུ་གཉིས་པ་ཉིད་འོག་ཏུ་ར་ཡིག་ལྡན་པ་ནི་སྲའོ། །ལྔ་པའི་བཞི་པ་གང་ཡིན་པ་ཨུ་ཡིག་ཐུང་དུ་ལྡན ་པ་ནི་བྷུའོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལན་པ་ནི་བྷཱའོ། །དྲོ་བའི་གསུམ་པ་ཨུ་ཡིག་ཐུང་དུ་དང་ལྡན་པ་ནི་སུའོ། །ཉི་ཤུ་བདུན་པ་ཉིད་དང་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ། །མཐར ་གནས་རྣམས་ནི་དང་པོ་ཡའོ། །ཉི་ཤུ་རྩ་གཅིག་པ་ཉིད་ནི་པའོ། །མཐར་གནས་རྣམས་ཀྱི་གཉིས་པ་ནི་རའོ། །དེ་ནས་སུམ་ཅུ་པ་ཉིད་ནི་ཨུ་ཡིག་ཐུང་དུ་དང་ལྡན་པ་ནི་ཤུའོ། །ལྔ་པའི་དང་པོ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི ་པཱའོ། །དྲོ་བའི་དང་པོ་གང་ཡིན་པ་ཨོ་ཡིག་ལྡན་པ་ནི་ཤོའི། །དྱ་ཡིག་ནི་དེ་ནི་དེས་ན་མཆོག་ཏུ་གསལ་ལོ། །བཞི་པའི་དང་པོ་གང་ཡིན་ན་ཏའོ། །དེ་ནས་དྲོ་བའི་དང་པོ་དང་ལྡན་པ་ནི་ཤུའོ། །དེ་ལས་ཉི་ཤུ་བརྒྱད་ནི་ལའོ། ། ་དང་པོའི་གཉིས་པ་ཁའོ། །གསུམ་པའི་དང་པོ་འོག་ཏུ་ཝ་ཡིག་དང་ཨ་ཡིག་དང་ཐིག་ལེ་ལྡན་པ་ནི་ཊཝཱའོ། །དང་པོའི་གསུམ་པ་གང་ཡིན་པ་གའོ། །བཞི་པའི་བཞི་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་དྷཱའོ། །མཐར་གནས ་རྣམས་ཀྱི་གཉིས་པ་ཨི་ཡིག་ཐུང་དུ་དང་ལྡན་པ་ནི་རིའོ། །གསུམ་པའི་ལྔ་པ་གང་ཡིན་པ་ཨེ་ཡིག་ལྡན་པ་ནི་ཎེའོ། །དེ་ནས་བྱཱ་ཡིག་སྦྱར་བ་བྱ་བ་ནི་གསལ་ལོ། །དང་པོའི་བཞི་པ་གང་ཡིན་པ་འོག་ཏུ་ར་ཡིག ་དང་ལྡན་པ་ནི་གྷྲའོ། །དེ་ནས་ཡི་གེ་བརྒྱད་པ་ཨེ་ཡིག་ཐུང་དུ་དང་ལྡན་པ་ནི་ཇིའོ། །བཞི་པའི་ལྔ་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ནཱའོ། །ལྔ་པ་ཡི་ཡང་ལྔ་པ། འོག་ཏུ་བ་ཡིག་ལྡན་པ་ནི་མྦའོ། །ཉི་ཤུ་བདུན་པ་ཡང་དག ་བླང་ནི་རའོ། །བཞི་པ་ཡི་ཡང་བཞི་བ་ནི་བྷའོ། །དེ་ནས་ཉི་ཤུ་རྩ་བདུན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ། །ཉི་ཤུ་རྩ་དྲུག་པ་ཉིད་དང་ཡའོ། །དེ་ནས་ཉི་ཤུ་ལྔ་པ་ཉིད་མའོ། །དེ་ནས་གསུམ་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཧཱའོ། ། ་བཞི་པའི་བཞི་པ་གང་ཡིན་པ་ཨའུ་ཡིག་རིང་པོ་དང་ལྡན་པ་ནི་དྷཱུའོ། །ལྔ་པ་ཡི་ཡང་ལྔ་པ་འོག་ཏུ་ར་ཡིག་དང་ཨ་ཡིག་དང་ལྡན་པ་ནི་མྲའོ། །བཞེ་པའི་ལྔ་པ་གང་ཡིན་པ་འོག་ཏུ་དྷ་ཡིག་ལྡན་པ་ནི་ནྡྲའོ། །དང་པོའི་དང་པོ་ཡང་ཨཱ་ཡིག ་རིང་པོ་དང་ལྡན་པ་ནི་ཀཱའོ། །དེ་ལས་ཉི་ཤུ་རྩ་བདུན་པ་ནི་རོའོ། །མཐར་གནས་རྣམས་ཀྱི་བཞི་པ་ནི་ཝའོ། །དེ་ནས་ཉི་ཤུ་རྩ་གཅིག་ཨུ་ཡིག་ཐུང་དང་ལྡན་པ་ནི་བུའོ། །དྲོ་བའི་གཉིས་པ་ཨ་ཡིག་དང་པོ་དང་ལྡན་པ་ནི་ཥཱའོ་ཉི་ཤུ་རྩ་དྲུག་པ་ཉིང ་མཐར་ཡ་ཡིག་གོ་།དཔའ་བོའི་དབང་པོ་བཏུ་བར་བྱ་ཞེས་པས། །རྐང་པ་བརྒྱད་པའོ།། །།དེ་ལ་དབྱངས་ཀྱིས་ཡང་དག་སྦྱར། །འདིར་གསལ་བྱེད་བརྗོད་པར་བྱའོ། །བཅུ་གསུམ་པ་ཡིས་ཡང་དག་ལྡན་དང། གཉིས་པ་དང། ་དྲུག་པ་དང་ལྡན་པ་ལས་ཞེས་པ་བཅུ་གསུམ་པ་ཞེས་པ་དབྱངས་རྣམས་ཀྱི་ནང་ནས་སོ། །གཉིས་པ་ཞེས་པ་གསལ་བྱེད་རྣམས་ལ་བལྟོས་ནས་སོ། །དེ་བཞིན་དུ་གཏན?་རྣམས་ཀྱང་ཤེས་པར་བྱའོ། །བཅུ་གཅིག་པ་ཡི་ཡང་དག་ལྡན། བཞི་པ ་ཉིད?་ཀྱི་བདུན་པ་ལ། །བཅུ་གཅིག་པ་ཡི་ཡང་དག་ལྡན་པ་ནི་བརྒྱད་པ་ལའོ། །དེ་ནས་དབྱངས་ཀྱི་གཉིས་པ་ཡང་དག་ལྡན་ནི་དགུ་པ་ལའོ། །དབྱངས་ཡིག་གཉིས་པ་ཡང་དག་ལྡན། །དེ་བཞིན་ཉིད་དུ་བུ་གཉིས་པ། །འོག་ཏུ་བ་ཡིག་ཡང་དག་ལྡན། །གཉིས ་པས་བཅུ་བཞི་བ་ལའོ། །འོག་ཏུ་ན་ཡིག་ཡང་དག་ལྡན། །གསུམ་པས་གསུམ་ལྔ་པ་ལའོ། །བཅུ་དྲུག་པ་ལ་ཐིག་ལེ་ལྡན། །དེ་ལས་ཕོ་རོལ་གསུམ་པས་སོ། །བརྒྱ་བརྒྱད་པ་ལ་གཉིས་པས་སོ། །དེ་བཞིན་ཉི་ཤུ་རྩ་གཅིག་པའོ། །དེ་ནས་ཉི་ཤུ་རྩ ་གསུམ་པ། །ལྔ་པ་ཡང་དག་ལྡན་པའོ། །དེ་ནས་ཉི་ཤུ་རྩ་བཞི་པ། །བཅུ་གསུམ་པ་ཡིས་ཡང་དག་ལྡན། །འོག་ཏུ་ཀ་ཡིག་ཡང་དག་ལྡན། །ཉི་ཤུ་རྩ་ལྔ་པར་འགྱུར་རོ། །ཉི་ཤུ་དྲུག་པ་གཉིས་པས་སོ། །ཉི་ཤུ་བརྒྱད་པ་ཐིག་ལེར་བཅས། ། ་འོག་ཏུ་ཊ་ཡིག་ཡང་དག་ལྡན། །གཉིས་པས་ཉི་ཤུ་དགུ་པ་ལའོ། །སུམ་ཅུ་གཅིག་པ་གཉིས་པས་སོ། །སུམ་ཅུ་རྩ་གཉིས་གང་ཡིན་ཉིད། །དབྱངས་ཀྱི་བཅུ་གསུམ་པ་དང་ལྡན། འོག་ཏུ་མ་དང་ཡང་དག་ལྡན། །སུམ་ཅུ་རྩ་གསུམ་པར་འགྱུར་རོ ་ཞེས་པའི་མེ་ནི་མེའི་ས་བོན་ར་ཡིག་གོ་།སུམ་ཅུ་རྩ་བཞི་པ་བཞི་པས་སོ། །སུམ་ཅུ་རྩ་བདུན་པའང་ལྔ་པས་སོ། །སུམ་ཅུ་བརྒྱད་པ་གཉིས་པས་སོ། །མཁའ་འགྲོ་མ་རྣམས་སྒྲུབ་བྱེད་བཤད། །འོག་ཏུ་མེ་དང་ཡང་དག་ལྡན། །བཞི་བཅུ་རྩ ་གཉིས་པར་འགྱུར་རོ་ཞེས་པའི་མེ་ནིར་ཡིག་གོ་།ལྔ་པས་ཡང་དག་ལྡན་པ་ནི། །བཞི་བཅུ་རྩ་གསུམ་པ་རུ་འགྱུར། །བཞི་བཅུ་རྩ་ལྔ་པ་ཉིད་ནི། དབྱངས་ཀྱི་གཉིས་པ་སྦྱར་བར་བྱ། །བཞི་བཅུ་དྲུག་པ་ཨུ་ཡིག་གིས་དེ་ཡི་ཕ་རོལ་གཉིས་བསོ། །ལྔ་བཅུ ་གཅིག་བ་ལྔ་པའོ། །དེ་ལས་ཕ་རོལ་གཉིས་པས་སོ། །ལྔ་བཅུ་གསུམ་པ་བཅུ་གསུམ་པས། །ལྔ་བཅུ་དྲུག་པ་དྲུག་པས་སོ། །ཝ་ཡི་གེ་ཐིག་ལ་ཡང་དག་ལྡན། །གཉིས་པས་ལྔ་བཅུ་རྩ་དགུ་པའི། །གཉིས་པས་དྲུག་ཅུ་རྩ་གཅིག་བཤད། །དེ་ལ ་ཕ་རོལ་གསུམ་བས་སོ། །དྲུག་ཅུ་གསུམ་པ་ཉིད་གང་ཡིན། །བཅུ་གཅིག་པ་ཡིས་ཡང་དག་ལྡན། །དྲུག་ཅུ་རྩ་ལྔ་པ་ཉིད་ཀྱང། །གཉིས་པས་མེ་དང་ཡང་དག་ལྡན། དྲུག་ཅུ་དྲུག་པ་གསུམ་པའོ། །དེ་ལས་ཕ་རོལ་གཉིས ་བས་སོ། །དེ་ལས་ཕ་རོལ་གསུམ་པས་སོ། །འོག་ཏུ་ཡི་གེ་བ་དང་ལྡན། །ཡི་གེ་དྲུག་ཅུ་རྩ་བརྒྱད་པའོ། །བདུན་ཅུ་རྩ་གཅིག་ཡང་དག་བླང། །དབྱངས་ཀྱི་གཉིས་པས་སྦྱར་བར་བྱ། །བདུན་ཅུ་བཞི་པ་ཉིད་ཀྱང་ངོ། །དེ་ལས་ཕ་རོལ་དྲུག་པས?་ཀྱང། ། ་དེ་ལས་ཕ་རོལ་གཉིས་པ་ཡིས། །འོག་ཏུ་ཉི་མ་ཡང་དག་ལྡན་ཞེས་པའི་ཉི་མ་ནི་འདིར་ར་ཡིག་གོ་།དེ་ལས་བདུན་ཅུ་རྩ་བདུན་པ། །འོག་ཏུདྷ་ཡིག་ཡང་དག་ལྡན། །འདི་ལས་ཕ་རོལ་གཉིས་པ་ཡིས། །ཡི་གེ་བརྒྱད་ཅུ་རྩ་གཅིག་གང། ་དབྱངས་ཀྱི་ལྔ་བར་ཡང་དག་ལྡན། །དེ་ལས་ཕ་རོལ་གཉིས་པ་ཡིས། །ོཾ་ཡིག་གིས་ཀྱང་ཡང་དག་ལྡན། །ཡི་གེ་བརྒྱད་ཅུ་རྩ་བཞིའི་བདག་།ཆོས་ཀྱི་ཕུང་པོ་སྟོང་ཕྲག་རྣམས། །འདི་ནི་རྩ་བའི་སྔགས་སུ། །བཤད་ཅེས་སོ། །སྔར་གསུངས་པ་ཉིད ་ལས་འདིར་རབ་ཏུ་རྒྱས་པར་བྱའོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི། ཐེག་པ་ཆེན་པོའི་སྡེ་སྣོད་ཡང་དག་པར་བཟུང་ནས། མདོ་སྡེ་དང་རྒྱུད་དང། རྟོག་པའི་ཚུལ་གྱི་བདག་ཉིད་ཅན་ནོ། །སྔགས་ཀྱི་ཚུལ་ཡང་དག་པར་གཟུང ་ནས། །མངོན་པར་བརྗོད་པ་བླ་མར་ཡང། །བརྒྱད་ཅུ་རྩ་བཞི་ཐེག་པ་ཆེ། །སྔགས་ཀྱི་སྤྱོད་པའི་ཚུལ་ལ་གནས་ཞེས་སོ། །འདིར་དེ་ཁོ་ན་ཉིད་ཀྱི་མདོ་སྡེ་གསལ་བའི་ཕྱིར། རྟོག་པ་ལས་རྟོག་པ་ཉིད་དང། སྔགས་ལས་བྱེ་བྲག་ཏུ་རྟོགས་པར ་བྱེད་ཕྱིར་རྒྱུད་དང་རྒྱུད་ཀྱི་མིང་ཡང་འདོད་དེ་འདིར་སྔགས་ཀྱི་ཐེག་པ་ལས་གཞན། ལྷའི་ཐེག་པ་དང་རྡོ་རྗེའི་ཐེག་པ་དང། མདོ་སྡེ་དང། ཆོས་མངོན་པ་དང། འདུལ་བའི་བདག་ཉིད་ཅན་ནོ། །འདིར་ཕུང་པོའི་ཆོས་རྣམས་ལ་མངོན་དུ་ཕྱོགས ་བར་བྱེད་དོ། །ཞེས་པ་ཆོས་མངོན་པ་སྟེ། ཕུང་པོ་ལ་སོགས་ངེས་པར་བསྟན་པའི་ཕྱིར་རོ། །རྩ་བ་དང་སྤོམ་པོའི་ལྟུང་བ་དེས་པར་བསྟན་པའི་ཕྱིར་འདུལ་བ་ཉིད་དོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཞི། །མཁའ་འགྲོ་རྣམས་ཀྱི་སྙིང་ཉེ་བྱེད། །དཔལ་ཧེ་རུ་ཀའི ་ལྷ་ཡི་ནི། །དངོས་གྲུབ་གདོན་མི་ཟ་བར་སྦྱིན། །འབྲས་བུ་ངེས་པར་བསྟན་པའོ། །རྐང་བ་ཀུན་ལ་དང་པོར་ཨོཾ། །མ་མོ་རྣམས་ཀྱི་མིང་དང་ལྡན། །རེ་རེའི་མཛའ་མར་ཧཱུཾ་ཕཊ་ཡིག་།དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། ཅེས་པ་བླ་མའི་དགོངས་པ་གསུངས ་བླ་མར་ཡང། གནས་དང་བླ་མའི་རྒྱུད་རིམས་འབྲངས། །རྣལ་འབྱོར་མ་རྣམས་ཁ་ཅིག་འདོད། །ོཾ་ཡིག་དང་པོ་ཞེས་པའོ། །མ་མོ་བྱ་རོག་གདོང་མ་ལ་སོགས་པའི་མིང་དང་ལྷན་ཅིག་བཛྲ་སྔོན་མའི་ཧཱུཾ་ཧཱུཾ་ཕཊ་ཀྱི་ཡི་གེ་དང་ལྷན་ཅིག་པ་ནི་བཟླས་པར་བྱ ་བའོ། །དེ་བཞིན་དུ་ཡང་གསུངས་པ། ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། འདི་ལྟ་བྱུར་གཞན་རྣམས་ཀྱང་རྟོགས་པར་བྱའོ། །སྒྲ་ཇི་བཞིན་པའོ། །རྐང་པ་བརྒྱད་པའི་སྔགས་སོ། །དེ་ནས་སྙིང་པོའི་སྔ། ། ་སུ་གང་འགྱུར་བ་ནི། ཡི་གེ་ཉི་ཤུ་གཉིས་ཞེས་པས་གནས་ལས་སྐྱེས་པའི་གསང་སྔགས་དེས་པར་སྟོན་པར་བྱེད་པ་སྟེ། དེ་བཞིན་ཡང་གསུངས་པ། ཨོཾ་ཤྲི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་བྷཱ་ཀཾ་ནཱི་ཛཱ་ལ་སམྦ་ར་སྭཱཧཱ། མངོན་པར་བརྗོད་པ་འབུམ ་པར་ནི་ཡི་གེ་དྲུག་པར་གསུངས་ཏེ། ཨོཾ་ཧྲཱཾ་ཧྲཱཾ་ཧྲཾ་ཧཱུཾ་ཕཊ་ཞེས་སོ། །དེའི་ཉ་བའི་སྙིང་པོ་རབ་ཏུ་གསུངས་པ། ཡི་གེ་བདུན་པའི་གསང་སྔཊ་མཆོག་།ཅེས་པས་ཉོ་བའི་སྙིང་པོའི་གསང་སྔཊ་གསུངས་པས་རྩ་བའི་རྒུ་དུ་འང་ཨ་ཧྲཱི་ཧཱ(རྒྱུད་འགྲེལ་མངོན་པར་ལྡན། །ཡི་གེ་བར་མ་དོར་བྱས་ནས། །ཡན་ལག་དྲུག་སྟེ་ཧེ་རུ་ཀའི། །ཞེས་པས་ཡན་ལག་དྲུག་ཏུ་གསུངས་ཏེ། བརྒྱད་པ་ནི་ཧ་ཡིག་གོ་།དབྱངས་བཅུ་གཉིས་དང་ལྷན་ཅིག་པའོ། །ཡི་གེ་བར་མ་ནི། བར་གྱི་རེ་རེ་དབྱི་བར་བྱའོ། ། ་དཔའ་བོའི་ཕྱོགས་ལ་དཔེར་ན་ཧ་ཧི་ཧུ་ཧེ་ཧོ་ཧཾ། ལྷ་མོ་རྣམས་ནི་ཧཱ་ཧཱི་ཧཱུ་ཧཻ་ཧཽ་ཧ། དཔའ་བོ་དྲུག་ནི་མཉམ་སྦྱོར་བ་ནི་རིམ་ཕ། བོ་ནར་ཡིག་ལ་གནས་པའོ་ཞེས་སོ། །བཾ་བྷྲ་ཨཱཾ་ཧྲཱཾ་ཧཱཾ་ཧཱུཾ། ན་མ(རྒྱུད་འགྲེལ་ཕཊ་ཡི་གེ་སྦྱར། །དང་པོ་སྙིང་གར་ཤེས་པར་བྱ། །གཉིས་པ་སྤྱི་བོ་རུ་ནི་བཤད། །གསུམ་པ་གཏུག་ཏོར་དུ་རབ་བརྗོད། །བཞི་པ་གོ་ཆར་འགྱུར་པ་ཡིན། །ལྔ་པ་ནིག་ཏུ་འགྱུར་བ་ཡིན། །དྲུག་པ་མཆོད་ཆར་བརྗོད་པར་བྱ། །ོཾ་ཡིག་དང་པོར། ་ཡང་དག་ལྡན། །སྙིང་ག་སོགས་སུ་རྣམ་པར་དགོད། །ཅེས་ཡན་ལག་དགོད་པར་གསུངས་སོ། །འདི་ལྟ་སྟེ། ཨོཾ་ཧཾ་བཾ་ཧྲི་ར་ཡཱ་ཡ་ན་མ(རྒྱུད་འགྲེལ་ཨོཾ་ཧཾ་ཧཱཾ་ཨསྟྲཱ་ཡ་ཕཊ། ཇི་ལྟར་ཉེ་བར་བསྟན་པ་ལས་ཕྱག་རྒྱ་བཟང་པོས་སྙིང་ག་ལ་སོགས་པ་བཞིར་རེག་པར་བྱའོ། །ལག་པ་གཉིས་ཀ་དག་དང། །ཡན་ལག་ཐམས་ཅད་ལ་རེག་ནས་གོ་ཆར་བྱའོ། །དགེ་བ་ལ་གཡོན་པ་དང། མི་དགེ་བ་ལ ་གཡས་པའི་སྡིགས་མཛུབ་ཀྱིས་སེ་གོལ་གྱིས་ཕྱོགས་ཐམས་ཅད་དུ་བསྲུང་བར་བྱའོ། །རྣལ་འབྱོར་མ་ཀུན་མཉམ་པར་སྦྱོར། །ཧཱ་ཡིག་དྲུག་པ་སྔོན་མ་ཅན། །ོཾ་ཡིག་དང་པོ་མིང་ཐོག་མཐར། །སྔར་བཞིན་ཡོངས་སུ་འགྱུར་བར་བྱ་ཞེས་ཏེ ་ལྷ་མོའི་ཡན་ལགས་དགོད་པ་གསུངས་པ། ཨོཾ་ཧཱ་བྷ་ཧྲི་ད་ཡཱ་ཡ་ན་མ(རྒྱུད་འགྲེལ་བཞིད་དུ་བྱའོ། །གང་གི་ཚེ་ན་བཟླས་པ་བྱ་བ་ནི་ཤེས་རབ་དང་ཐབས་ཀྱིས་བོན་གཉིས་མིང་དང་པོར་ལྡན་པ་ཨོ་ཡིག་དང་པོར་ཤེས་པར་བྱའོ། །ལྷ་མོ་རྣམས་ཀྱི་ཁ་དོག་ལ་སོགས་པ་ནི་ལས་ཀྱི་རྗེས་སུ་འབྲང་བས་སོ། །བླ་མར་ཡང ་གསུངས་པ། རྣལ་འབྱོར་མ་དྲུག་གི་གསང་སྔགས་ནི། ཝཾ་ཡིག་དང་ཨོཾ་ཡིག་དང། མོཾ་ཡིག་དང། ཧཱུཾ་འིག་དང། ཧྲཾ་ཡིག་དང་དབུ?་ཡིག་ཉིང་དང་ཞེས་སོ། །བཟླས་པར་བྱ་བའི་གསང་སྔགས་ཀྱང། ཨོཾ་ཤྲི་བཱཾ་བཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འདི་ལྟ་བུར་བཞག་ཡང་རྟོགས་པར ་བྱའོ། །སྒྲ་ཇི་བཞིན་པའོ། །སྙིང་པོ་ལ་སོགས་པའི་སྔགས་སོ།། །།དེ་ནས་འདི་ལས་གསང་སྔགས་ཀྱི། །ལས་ཀྱི་སྦྱོར་བ་བཤད་པར་བྱེད། །གསང་སྔགས་འབུམ་དུ་བཟླས་པ་ཡིས། །འདོད་པའི་དངོས་གྲུབ་འབྱུང་བར་འགྱུར། །ཞེས་པས ་བཟླས་པ་དང་མཆོད་པས་སོ། །མངོན་འབྱུང་དུ་ཡང། དཀྱིལ་འཁོར་གྲུ་གསུམ་ཉིད་དུ་ཡང། །གལ་ཏེ་རྡུལ་གྱིས་མཆོད་པར་བྱ། །དེ་ཕྱིར་ད་ནི་རྟག་གནས་ནས། །དེ་ནི་སེམས་ཅན་རྗེས་སུ་གཟུང་ཞེས་སོ། །དྲང་བའི་དོན་གྱིས་གསལ་ལོ། །རྩ་བའི ་སྔགས་ཀྱི་ནི་ཟུང་འཇུག་གི་རོག་འབུམ་བཟླས་བས་ནི་རྟག་ཏུ་བསྒོམ་བས་སོ། །སྔགས་ཀྱི་ནི་ཐམས་ཅད་སྟོང་པ་ཡིའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དུ་འགྱུར་རོ། །ངེས་པའི་དོན་ནོ། །སྒྲུབ་པོ་གསང་སྔགས་འདི་ཡིས ་ནི། འགྲིག་རྟེན་གསུམ་ན་གང་ཅི་ཡོད། །དེ་ཀུན་སྐད་ཅིག་གིས་སྒྲུབ་ཅིང། །ལས་དེ་ཐམས་ཅད་བྱེད་པར་འགྱུར། །དྲང་བའི་དོན་གྱིས་གསལ་ལོ། །གསང་སྔགས་ནི་ཡེ་ཤེས་ཀྱིས་སོ། །དེ་བཞིན་དུ་ཡང་གསུངས་པ། གསང་སྔགས་ཡཻས ་བརྗོད་པར་བྱ། །སྒྲུབ་པ་པོ་ནི་ཟུང་འཇུག་ཤེས་པའོ། །ཀུན་བྱེད་པར་འགྱུར་ནི་སྒྱུ་མའི་ལུས་ཀྱིས་སོ། །འབུམ་ཕྲག་ལྔ་པར་ཡང་གསུངས་པ། །ཡེ་ཤེས་གཅིག་པུས་ལས་རྣམས་ཀུན། །བྱེད་དོ་ཡེ་ཤེས་སྨྲ་བ་རྣམས་ཤེས་སོ། །ལྷ་དང་ལྷ་མ་ཡིན ་ལ་སོགས་པ་དང། གནོད་སྦྱིན་ལ་སོགས་པ་རྣམས་འདི་དྲན་པ་ཙམ་གྱིས་གསོད་པར་བྱེད་དོ། །ཐོག་ལྷུང་བ་དང། ཆར་འབེབས་པར་བྱེད་པ་དང། ཟློག་པར་བྱེད་དོ། །རྒྱ་མཚོ་རྣམས་སྐེམས་པར་བྱེད་དོ། །ཆུ་གླུང་ཟློག་ཕྱོགས་སུ་འབབ་པར་བྱེད་དོ། ་ས་གཞི་རི་དང་བཅས་པ་གཡོ་བར་བྱེད་དོ། །དབང་པོ་སྟེ་རྡོ་རྗེ་ཟློག་པར་བྱེད་དོ། །ཤིང་ལ་འཛེགས་ཏེ་སྒྲུབ་པ་པོ་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །འདི་ནི་སྔགས་དང་ཕྱག་རྒྱ་རྣམས་ཐམས་ཅད་དང། དངོས་གྲུབ ་ཐམས་ཅད་འཕྲོག་བར་བྱེད་དོ། །ཁྲག་འདྲེན་པར་བྱེད་དོ། །མྱུར་བ་ཁོ་ནར་སླར་ཡང་གཏོང་བར་བྱེད་དོ། །གཟུགས་སྟོང་ཕྲག་རྣམས་སུ་བྱེད་དོ། །འདོད་ན་སྣང་བར་བྱེད་དོ། །ཡང་ན་མ་ཡིན་ནོ། །འདི་ཁང་བཟངས་ཀྱི་རྩེ་མོ་ལ་སོགས་པ་དང། ་རེ་ལ་སོགས་པ་རྣམས་ཕྱེ་མར་བྱེད་དོ། །བདུད་རྩི་དུག་ཏུ་བྱེད་དོ། །དུག་བདུད་རྩིར་བྱེད་དོ། །ཟླ་བ་ཆུ་དང་ཆུ་ཟླ་བ་དང་དྲི་ངན་པ་དྲི་བཟང་པེར་རོ་ཞེས་ཏེ། ཟླ་བ་ནི་ཆང་ངོ། །དགོངས་པའོ། །དྲི་འཕྲོག་པར་བྱེད་དོ། ། ་གང་དུ་འདོད་པ་དེ་ཁོ་ནར་འཕོ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །གདོང་དུ་ནམ་མཁའ་ལྡིང་འགྲོ་བས་འདུས་པ་ལ་ཟླ་བ་འབྱིན་པར་བྱེད་པ་འཇིན་པའོ། །བུད་མེད་རྣམས་ཀྱི་ཀུན་དུ་སྤྱོད་པ་མྱུར་བ་གང་ཡིན་པ་དེ་ནི་དངོས་གྲུབ་ཀྱི་འབྲས ་བུར་འགྱུར་ཞེས་རྫོགས་པའི་རིམ་པའི་མཆོད་པ་གསུངས་སོ། །ལོངས་སྤྱོད་རྫོགས་པའི་བདག་ཉིད་ཤེས་རབ་མ་དགེ་བའི་ཁྲག་གི་སྐལ་བ་ཅན་གྱི་བྷ་གར་ལིངྒ་རབ་ཏུ་བཅུ་གནས་བདེ་སྟོང་བསྒོམ་པར་བྱའོ། །ནམ་ཞིག ་མྱུང་པར་གྱུར་པ་ན། གདོང་སྟེ་སྐྱེ་གནས་སུ་ནམ་མཁའ་ལྡིང་ཞེས་པ་ནམ་མཁའ་ལྡིང་གི་ཕྱག་རྒྱས་འགྲོ་བས་གདོང་གི་སྟེ་ཁ་ཡིས་བྱས་ནས། །འདུས་པ་ལ་སྟེ་དགའ་བ་ལའོ། །ཟླ་བ་འབྱིན་པ་འཆང་བ་ཐིག་ལེ་བཞི་འཆང་བའོ། །དགོངས ་པའོ། །མེ་སྐྱེད་པར་བྱེད་དོ། །འདིས་འོག་ལ་སོགས་པ་ཟློག་པར་བྱེད་དོ། །དྲང་བ་ལས་གློག་སྐྱེད་པར་བྱེད་དོ། །འདི་རྟགས་གར་བྱེད་དུ་འཇུག་གོ། བསྒྲུབ་བྱའི་མིང་གཟུང་ནས་བཟླས་པ་བྱས་ན་སྐད་ཅིག་ལེ་དེ་འཆི་བར་བྱེད་དོ། ། ་བསྒྲུབ་པ་པོ་ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར་རོ། །ཞེས་པ་འཇིག་རྟེན་པའི་དངོས་གྲུབ་སྟེ། སྒྲ་ཇི་བཞིན་པའོ། །བརྟུལ་ཞུགས་མི་དགོས་སོ། །དཀའ་ཐུབ་དང་ལོངས་སྤྱོད་པ་མི་དགོས། སྨྱུང་བར་གནས་པ་མི་དགོས་ཏེ། རྟོག་པའི་བྱ་བའི་ཆོ ་ག་འདིས་ཇི་ལྟར་འདོད་པའི་ལས་རྣམས་བྱའོ། །ཞེས་པ་སྡོམ་པའི་རྟོག་པ་ཉིད་དེས་པར་སྟོན་པར་བྱེད་དེ། རྟོག་པ་ཞེས་པ་སྡོམ་པའི་རྒྱུད་དོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང། རྟོགས་པར་བྱེད་པའི་ཕྱིར་རྟོགས་པར་བརྗོད་པར་བྱ་སྟེ། འདིའི་ཉེ་བར་སྤྱོད་པ ་བསམ་གཏན་ཙམ་གྱིས་སོ་ཞེས་སོ། །དགོངས་པའོ། །བསྒྲུབ་པར་བྱ་བས་ཁྲོས་པས་ལན་ཅིག་ཟློས་ན་བྱེ་བ་རྣམ་པར་འཇོམས་པར་བྱེད། གལ་ཏེ་ངེས་པར་འཚོ་བ་ལ་གཡོན་པས་བཟླས་ན་འཚེ་བར་བྱེད་དོ། །གཡོན་པས་ཤེས་པ་ལ་ལག་པ་གཡོན ་པའི་སྡིགས་མཛུབ་པོ། །དུར་ཁྲོད་ཀྱེ་སོལ་བ་ཉིད་ཀྱིས་ལན་ཅིག་བཟླས་པས་གང་ལ་བསྣུན་པ་དེ་ལྟུང་བར་བྱེད་དོ་ནི། །མྱུར་དུ་སའི་ཆ་ལས་ཤེས་པ་སྟེ། དེ་ནས་མི་འམ། ལྷ་མ་ཡིན་ནམ། དུད་འགྲོར་རོ། །དུར་ཁྲོད་གྱི་ཐལ་བས་བསྣུན་པ ་དེ་ཤ་ཟས་འཇིན་པར་བྱེད་དོ། །རྩིག་པའམ་སྤང་ལེབ་ལ་མཆེན་མོ་གང་གིས་མིང་རོ་བསྲེགས་པའི་སོལ་བ་ལ་སྔགས་བཟླས་པས་བྲིས་པ་དེ་གདོན་ཆེན་པས་གཟུང་བར་འགྱུར་རོ། ། ཏི་མུགཏ་ཀའི་ལྕུག་མ་ལ་བཟླས་ནས་གང་ལ་བསྣན་པ་དེ ་ངེས་པར་མྱུར་དུ་གསོད་པར་འགྱུར་ཏེ། གང་རྟག་ཏུ་གསང་སྔགས་བསྒྲུབས་པས་སོ། །གང་གསེག་མ་ལ་བཟླས་ནས་བསྣུན་པ་དེ་རེངས་པར་འགྱུར་རོ། །གུ་གུལ་ལ་ལ་ལན་ཅིག་བཟླས་ཏེ། གང་གི་བདུག་པར་ངེས་པར་སྦྱོར་བ་བྱེད་པ ་དེ་ལ་མྱུར་དུ་སྐད་ཅིག་གིས་འབེབས་པར་བྱེད་དོ། །གདོན་ཆེན་བས་ཟོས་ཤིང་ཀུན་ཏུ་ཟོས་པར་འགྱུར་རོ། །གང་གིས་ལག་པ་གཡོན་པ་ལ་བཟླས་ནས་ཁར་ཟོས་པ་ལ་སྤྱིན་པར་བྱས་པ་དེ། སློང་བར་བྱེད་དོ་སྟེ། མྱུར་དུ་དུག་མེད་པར་བྱེད་དོ ་ཞེས་པ་སྒྲ་ཇི་བཞིན་པའོ། །མཁའ་འགྲོས་རྒྱས་བཏབ་པ་ལ། ཆུ་ལ་ལན་ཅིག་བཟླས་པས་རྒྱ་རྣམས་འཇོམ་པར་བྱེད་ཅིང། མྱུར་དུ་མཁའ་འགྲོ་མ་རྣམས་ཟློག་པར་བྱེད་དོ། །མཁའ་འགྲོ་མས་རྒྱས་བཏབ་པ་ནི་འཇིག་རྟེན ་པའི་མཁའ་འགྲོ་མ་སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་པ་དེས་ཕྱོགས་བཅིངས་པའོ། །ཀ་ར་བཱི་རིའི་ལྕུག་མ་དེས་གང་ལ་བསྣུན་པའི་སྤྲུམ་མ་དེའི་མངལ་གང་དུ་འདོད་པ་ཁོ་ནར་འཕོ་བར་འགྱུར་རོ། །འདི་རྣམས་ཀྱི་སླར་གསོ་བ་ཡང་ལག་པ ་གཡོན་པས་བྱའོ། །གཡས་པའི་ལས་དེ་ལག་པ་གཡོན་བས་ཞི་བར་བྱའོ་ཞེས་སོ། །རྟེན་ཅིང་འབྲེལ་བར་འབྱུང་ཞིང་འཁྲུལ་བ་མེད། །ནོར་བུ་སྔགས་དང་སྨན་ནི་བསམ་མི་ཁྱབ། །སེམས་སྟོབས་ཡོངས་འགྱུར་དེ་ལ་བྱ་བ་འགྲུབ་ཅེས་སོ། །སྒྲ་ཇི་བཞིན་པའོ། །ཧེ ་རུ་ཀ་སྔགས་མི་ཤེས་པར། །རྣལ་འབྱོར་གང་ཞིག་མངོན་འདོད་པ། །དེ་ནི་ཕུབ་མ་བརྡུང་བ་སྟེ། །གསང་སྔགས་འདིས་ནི་སྦངས་པ་ཡིན། །གསང་སྔགས་འདི་ནི་མི་ཤེས་པ། །རྣལ་འབྱོར་པ་གང་མངོན་འདོད་པ། །དེ་ནི་ངལ་བ་དོན་མེད་དོ། ། ་དེ་ཡི་འབྲས་བུ་ཐོབ་མི་འགྱུར། ཞེས་པ་ཡང་དག་པའི་ཡེ་ཤེས་བསྔགས་པའོ། །ཧེ་རུ་ཀ་ནི་རྒྱུ་དང་གཟུགས་དད་བྱེད་པའོ། །སྤངས་པ་ནི་དོན་དམ་པའི་བདེན་པ་ཐམས་ཅད་སྟོང་པའོ། །སྔགས་ནི་ཟུང་འཇུག་གི་དཔལ་འདུས་པ་ཕྱི་མར་ཡང། ་གང་གང་དབང་པོ་ཡུལ་རྣམས་ཀྱིས། །བརྟེན་ནས་བསྐྱེད་པ་གང་ཡིན་པ། །ཡིད་དེ་མ་ན་ཞེས་སུ་བཤད། །ཏྲ་ཡིག་སྐྱོབ་པར་བྱེད་པའི་དོན་ཞེས་སོ། །དགོངས་པའོ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །ངལ་བ་དོན་མེད་འབྲས་བུ་མེད། །ལྷ་མོ་བཞིས ་ཡོངས་སུ་ཞུས་ཕར་ཡང། ཐུབ་པ་ཆེན་པོ་ཆོས་ཕུང་པོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས། །གང་གིས་དེ་ཉིད་མི་ཤེས་པ། །དེ་རྣམས་ཐམས་ཅད་འབྲས་མེད་ཉིད་ཅེས་སོ། །འབྲས་བུ་ཤེས་པ་ནི། །ཆོས་རྣམས་ཐམས་ཅད་ཀྱི་ཉེ་བར་བགྲོད་པར ་བྱ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ། །སྒྲ་ཇི་བཞིན་པའོ། །གསང་སྔགས་འདི་ནི་འདོད་སྤྱོད་པའི། །དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། །བཟླས་དང་སྦྱིན་སྲེག་གཏོར་མ་དང། བསམ་གཏན་བཟའ་བཏུང་གིས་ཀྱང་སྒྲུབ་ཅེས་པ་འདིས་སྒྲུབ་ཐབས་གསུངས་སོ ་འདོད་པ་ན་སྤྱོད་པ་ནི་བདེ་བ་དང། དགའ་བས་ཀྱང་སྒྲུབ་པོ། །སྔགས་ཉིད་ནི་མ་ནིང་གི་བཟླས་པས་སོ། །དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་གིས་དང། ཀུན་ཏུ་རྟོག་པའི་རྣལ་འབྱོར་གཏོར་མས་དང། ལྷན་ཅིག་སྐྱེས་པའི་བསམ་གཏན་གྱིས་དང། ཚོགས་ཀྱིས་འཁོར ་ལོའི་བྱེད་པས་ཀྱང་བསྒྲུབ་པས་བྱའོ་ཞེས་པ་ངེས་པའི་དོན་ནོ། །དྲང་བའི་དོན་གྱིས་གོ་སླའོ། །མཁའ་འགྲོ་མ་ནི་རིག་པ་ཆེ། །རྡོ་རྗེ་རྣམ་སྣང་མཛད་མར་འདོད། །ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་ཇི་བཞིན་མཆོག་ཅེས་སོ། །ཕག་མོའི ་ཕྲེང་བའི་སྔགས་ཀྱང་ཧེ་རུ་ཀ་མངོན་བྱུང་དུ་གསུངས་པ། འདི་ལྟ་སྟེ། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་པཱ་རཱ་ཧཱི། ཞེས་པ་ལ་སོགས་པ་ནས། ཕྲོ་ཏཾ་གེ་ཧ་ན་པྲཱ་ཎཱཾ་ཀིདཀི་ནི་ཞེས་པ་ལ་སོགས་པ་ནས་ཕཊ་སྭཱཧཱའི་མཐར་ཐུག་པའོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། རིག ་པའི་རྒྱལ་མོ་ཞེས་པ་ཞལ་བཞི་པའི་སྔགས་སོ། །ཉི་ཤུ་བཞི་ཡི་སྔགས་ཀྱིས་སྦྱོར། །ཕྲེང་བའི་སྔགས་སུ་ཡོངས་སུ་བསྒྲགས་ཤེས་པ་ནི། རྐང་པ་ཉི་ཤུ་རྩ་བཞི་པ་གསུངས་ཏེ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང། ཨོཾ་ཀ་ར་ཀ་ར་ཞེས ་པ་ལ་སོགས་པ་ནས། ཧུཾ་ཧཱུཾ་ཕཊ་ཞེས་པའི་མཐར་ཐུག་པར་རོ། །མཁའ་འགྲོ་མ་རྣམས་རིག་པ་ཆེ། །ཕོ་ཉ་མོ་ཀུན་རང་བཞིན་གཉིས། །ལྷ་མོའི་སྙིང་བོ་དང་ཉེ་བའི་སྙིང་པོ་གསུངས་ཏེ། ཨོཾ་བཛྲ་བརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། སྙིང་པོ་གཞན་ནོ། །དེ་བཞིན་དུ་ཉེ་བའི ་སྙིང་པོ་ནི། ཨོཾ་སརྦ་བུད་བྷ་ཌཱ་ཀི་ནཱི་ཡེ། བཛྲ་པརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕོ་ཉ་མོ་བཞི་ཡང་དག་ལྡན། །རིག་པའི་རྒྱལ་པོ་རབ་ཏུ་བསྒྲགས། ཞེ་བཟླས་པ་གསུངས་པ། རྡོ་རྗེ་ཞབས་ཀྱི་རྒྱ་ཆེར་བཤད་པར་གསུངས་པ། ཨོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ ་ཕཊ་ཞེས་པ་དེ་བཞིན་དུ་གཞན་དཱུང་རྟོགས་པར་བྱའོ། །མ་མོ་བརྒྱད་དང་ཡང་དག་ལྡན། །དཔའ་དབང་ཧེ་རུ་ཀ་རཱུང་བཤད་ཅེས་པ་རྐང་པ་བརྒྱད་པ་གསུངས་སོ། །མི་ཡིས་ཚོགས་བསྒྲུབས་འགྱུར་ན། །ལས་རྣམས་ཐམས ་ཅད་བྱེད་པར་འགྱུར། །སྙིང་པོ་ཉེ་བའི་སྙིང་པོ་དང། །ཆོ་ག་བཤད་པ་ལྔ་པ་འདི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །དངོས་གྲུབ་ཐམས་ཅད་དེ་རབ་སྦྱིན་བྱེད། ཅེས་བ་ངེས་པར་འཛིན་བར་བྱེད་པའི་སྔགས་སོ། །རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད ་དུ་ཡང་གསུངས་པ། མིང་གི་སྔགས་ནི་ཐམས་ཅད་དུ་སྙིང་པོའོ་ཞེས་སོ། །ཧྲཱི(རྒྱུད་འགྲེལ་སྭཱཧཱ་ཡང་ནའོ། །དེ་བཞིན་དུ་རིཊ་གསུཾ་གྱི་སྔགས་ནི། ཨོཾ་ཨཱ(རྒྱུད་འགྲེལ་དག་བྱུང། །ཧེ་རུ་ཀ་ནི་རྣམ་བསྒོམ་བྱ། ཧཱི་ཡིག་རྣམ་པ་ཡང་དག་བྱུང། །རྡོ་རྗེ་མཁའ་འགྲོ་རྣམ་བསྒོམ་བྱ། །ཧཱུཾ་ཡིག་ཡེ་ཤེས་ཀྱིས་རྫོགས་པ། །རྡོ་རྗེ་ཧཱུཾ་མཛད་བསྒོམ་པ་ལས། །ཧཱུཾ་ཡིག་རྣམ་པ་ཡང་དག་བྱུང། །མི་སྐྱོད་རྣམ་པ་སྒོམ་པར་བྱེད ་བཾ་ཡིག་ཡེ་ཤེས་ཀྱིས་རྫོགས་པ། །རྡོ་རྗེ་སེམས་དཔའ་རྣམ་སྒོམ་བྱེད། །ོཾ་བྷྲཾ་ཨཱཾ་བུཾ་རྣམ་པ་རྫོགས། །སངས་རྒྱས་མཁའ་འགྲོ་རྣམ་སྒོམ་བྱེད། །ོཾ་ཧྲཱཾ་རཱཾ་སྭཱ་རྣམ་པས་རྫོགས། །རིན་ཆེན་མཁའ་འགྲོ་རྣམ་སྒོམ་བྱེད། །ཧྲཱིཾ་ཧྲཱིཾ(རྒྱུད་འགྲེལ་ཡིག་གིས་རྫོགས་པ། པདྨ་མཁའ་འགྲོ་རྣམ་སྒོམ་བྱེད། །བྷོ(རྒྱུད་འགྲེལ་མཁའ་འགྲོ་དེ་བཞིན་ནོ། །ཞེས་སོ། །དེ་བཞིན་དུ་ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་ནོ། །ོཾ་ཀཱ་ཀཱ་སྱེ་ཧཱུཾ་ཕཊ། །དེ་བཞིན་དུ་གཞན་ནོ། །ོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜ་བཛྲ། བཎྜ་ཀ་པཱ་ལི་ནི་ཧཱུཾ་ཧཱུཾ་ཕཊ། ཞེས་རྒྱ་ཆེར་འབྲེལ་བར་རོ། །འབུམ་ཕྲག་ལྔ་བྱང?་ཡང་གསུངས་པ ་སྐུ་ནི་རྩ་བའི་སྔགས་སུ་འགྱུར། །གསུང་གིས་རང་བཞིན་སྙིང་པོར་བརྗོད། །ཐུགས་ཀྱི་གསང་སྔགས་དཔེར་བརྗོད་པ། ཉེ་བའི་སྙིང་པོ་ཁོ་ནར་འགྱུར། །ཡེ་ཤེས་ས་བོན་ཞེས་བཤད་པ། །ཡེ་ཤེས་སྔགས་དང་ལྷན་ཅིག་བརྗོད། །ས་བོན་ཉི་བའི་སྙིང་པོ ་ཉིད། །སྙིང་པོ་རྩ་བའི་གསང་སྔགས་ལས། །ཇི་སྲིད་དེ་གྲུབ་སྦྱིན་འགྱུར་བ། །བསྐལ་ལྡན་རབ་ཏུ་འབད་པས་བཟླས་ཤེས་སོ། །གསུངས་པ་ཡང། རྩ་བའི་སྔགས་ལ་སོགས་པའི་སྔགས་སོ་སོ་རེ་རེ་ལ་ལས་ཀྱི་རྗེས་སུ་མཐུན་པས་མཐར་ཧཱུཾ་ཕཊ་ཀྱི་རྣམ ་པའི་ཡི་གེའི་གནས་སུ་ལྷ་བོད་པ་ལ་སྭཱཧཱ་མཐར་བྱའོ། །དེ་བཞིན་དུ་ཞིང་ཅན་ལ་སོགས་པའི་སྦྱིན་སྲེག་དང། རྒྱས་པ་ལ་ཡང་དོ། །མཆོད་པ་ལ་ཡང་ཞི་བ་ལ་འང་ནམ(རྒྱུད་འགྲེལ་དང་རེས་པ་ལ་སོགས་པ་འང་ཧུཾ་ཕཊ་ཡི་གེ་མཛའ་ཨོ། །སྦྱིན་སྲེག་ལའང། །བཟློག་པས་ཐམས་ཅད་རྫོགས་པའོ། །དེ་བཞིན་དུ་ཡང། འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེར་གསུངས་པ། རིགས་གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྭགས་ཀྱི ་རིགས། །གནས་དང། ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གལ་ཏེ་གླེགས་བཾ་ལས་རྙེད་ན། །མན་ངག་ཅེས་བྱ་དེ་ནི་ཅི། །ཇི་ལྟར་དྲིས་པ་གླེགས་བཾ་ནི། །དྲང་བའི་དོན་གྱིས་རབ་བསྟན་ཏོ། །གླེགས་བཾ་དག་ལ་བཀླཊ ་པའི་སྔགས། །མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །གང་དེ་ས་ལ་ཉོན་མོངས་འགྱུར། །ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་སྐུ་གསུམ་བཤད་པར་བྱ། །ཧེ་རུ་ཀ་དཔལ་གཉིས་མེད་སྦྱོར། །གང་གིས་རྣམ་པར་ཤེས ་ཙམ་གྱིས། །སྒྲུབ་པོས་ས་ལ་བསྒྲུབ་པར་བྱ་ཞེས་པས་སེམས་རྣམ་པར་དབེན་པ་གསུངས་ཏེ། རྣལ་འབྱོར་མའི་རྒྱུད་དུ་ཡང། །བསམ་གཏན་རྡོ་རྗེ་ཏིང་འཛིན་ནི། །སེམས་ཀྱི་རིན་ཆེན་རབ་སྒྲུབ་པ། །ཧེ་རུ་ཀ་དང་གཉིས ་མེད་སྦྱར། །རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང། །སྐུ་གསུམ་དག་ནི་ཐ་དད་པ། །སྐྱེ་བ་ཡིས་ནི་ཡང་དག་ལྡན། །རྫོགས་པའི་རིམ་པའི་ཕྱོགས་ལས་ནི། །རྣམ་གཅིག་ཏུ་ཡང་འགྱུར་བ་ཡིན། །སྒྲ་ཇི་བཞིན་པའོ། །ཆོས་ཀྱི་སྐུ་ཡི་ལས་ཅན་དུ། །གང་ཚེ ་སྒྲུབ་པ་པོར་འགྱུར་བ། །དེ་ཚེ་དེ་ཡི་སྣོད་ཤེས་ནས། །དེ་ནི་ཡེ་ཤེས་ང་རབ་སྨྲ་ཞེས་པ་སེམས་ལ་རག་ལས་པ་ཉིད་དུ་གསུངས་སོ། །ཆོས་ཀྱི་སྐུ་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་སྟེ། དྲང་བའི་དོན་ནོ། །ཆོས་ཀྱི་སྐུ་ནི་དོན་དམ་པའི་བདེན་བ་དང་ཟུང ་འཇུག་གོ། ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང། ཆོས་སྐུ་རྣམས་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་ཞེས་པ་ངེས་པའི་དོན་ནོ། །སྣོད་ནི་སློབ་མ་རིན་པོ་ཆེའི་གང་ཟག་གི་སྣོད་དེ། རྒྱུད་གཞན་དུ་ཡང། ཟབ་ཅིང་རྒྱ་ཆེ་ལ་སེམས ་བླ་མའི་ངེས་པ་ལ་དགའ་གཏོང་བའི་དང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་བ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན ་ཏུ་མཁས་པ་རྣམས་ཀྱི་བསྟུ?་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར་ཞེས་སོ། །ཡེ་ཤེས་ནི་ཤེས་པ་ཁོང་དུ་ཆུད་བས་བརྟག་པ་སྟེ། ལེགས་པར་རྟོགས་པས་བེམས ་པོ་མ་ཡིན་པའི་བདེ་བའོ་ཞེས་ཏེ་ངེས་པའི་དོན་ནོ། །རབ་ཏུ་སྨྲ་བ་ནི། དབང་བསྐུར་ནས་དེ་ཉིད་རབ་ཏུ་གསལ་བར་བྱེད་པའོ། །དེ་བཞིན་དུ་ཡང། ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་བྱིན་ནས་ནི། །སློབ་མའི་ལྷག་མར ་མོས་པ་ཡིད་ཀྱིས་ཀུན་བལྟས་ཏེ། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་ལྷག་པར་མོས་པ་ལས། །མངོན་པར་དབང་བསྐུར་རིན་ཆེན་ཚིག་ཁོ་ནས་བྱིན་ཅིག་ཅེས་སོ། །ལོངས་སྤྱོད་རྫོགས་སྐུའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་དེ་ཡི་སྣོད་ཤེས ་ནས། །དེ་ནི་ཡེ་ཤེས་ང?་རབ་སྨྲ། ལོངས་སྤྱོད་རྫོགས་སྐུ་ནི་འོད་དཔག་མེད་དེ་ཡི་སྣོད་དུ་ནི་དེའི་རིགས་ཅན་ནོ། །དེ་ལ་གུས་པ་ཡང་ངོ། །ད་ནི་དཔལ་ཧེ་རུ་ཀའོ། །དྲང་བའི་དོན་ནོ། །ལོངས་སྤྱོད་རྫོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྲུབ་པ་པོའི་དོན་དུ ་གཉེར་བའོ། །རྡོ་རྗེ་ཨརལླི?་རུ་ཡང། བརྟན་ཞིང་དུལ་བ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །བླ་མ་ལ་གུས་སྙིང་རྗེར་ལྡན། །དེ་ལ་རྒྱུད་ནི་རབ་བསྟན་བྱ་ཞེས་སོ། །ཡེ་ཤེས་ནི་འདོད་པ་བདག་བྱིན་གྱིས་བརླབ་པའོ། །ངེས་པའི་དོན ་ནོ། །སྤྲུལ་བ་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་དེ་ཡི་སྣོད་ཤེས་ནས། དེ་ནི་ཡེ་ཤེས་ད་རབ་སྨྲ། སྤྲུལ་པ་ནི་འདི་རྣམ་པར་སྣང་མཛད་དེ། མངོན་པ་དབང་བསྐུར་བ་བདུན་གྱིས་ཁང་བསྐུར་བའི་སྒྲུབ་པ་པོའོ། བླ་མར་ཡང། དུས་དེ་ཚོད་ནི་རྣམ་བར་གྲོལ། ། ་གཙང་སྒྲའི?་ཀུན་དུ་སྦྱོད་པ་སྤངས། །རང་གི་སྒྱུ་དང་སྔགས་སྦྱོར་བ། །སེམས་ཅན་ཀུན་གྱི་དོན་ལ་བརྩོན། །ཡེ་ཤེས་ནི་དེའི་སྒྲུབ་ཐབས་སོ། །དྲང་བའི་དོན་ནོ། །སྤྲུལ་པ་ནི་ཕྲ་མོའི་རྣལ་འབྱོར་སྒྲུབ་པ་པོས་བདུན་གྱི་དབང་ཕྱུག་གོ། ཡེ་ཤེས་ནི་རྡོ་རྗེ ་བཟླས་པའི་མཚན་ཉིད་དོ། །ང་ནི་དཔལ་བླ་མའོ། །གྲུབ་པ་པདྨ་བཛྲ་ཞབས་ཀྱང་གསུངས་པ། ཀུན་ནས་དྲི་མེད་རང་བཞིན་མེད་པ་ཡི། །ཡིད་བཞིན་ནོར་བུ་རྡོ་རྗེ་བུམ་པ་ལྟར་བཤད་པ། །སོ་སོའི་བདག་ཉིད་རིག་བློ་ཆོ་ག་བཞིན་རིག་མས་རྒྱལ་བ ་རྣམས་ཀྱི་སྐུ་ནི་དོན་དམ་དག་པའོ། །དེ་ལ་སེམས་ནི་རྣམ་པར་རྟོག་བཅས་དོགས་ཤིང་སེམས་པར་འགྱུར། །ཟླ་བའི་རྣམ་པ་སངས་རྒྱས་ཀྱི་སྣ་ཚོགས་ལོངས་སྤྱོད་པ་ཅན་གྱི་ས་སྐུ། བདེ་བའི་རང་བཞིན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བརྗོད?་བར? ་བྱའོ། །གང་ཡང་གནས་སྐབས་དེར་ཁྱད་པར་དགའ་བའི་མིང་སྐད་ཅིག་འཆར་བ་བྷ་གའི་དབུས་སུ་སོན་པ་དེ། ཡུངས་ཀར་མིང་དུ་རྣམ་པར་བཞག་བ། བརྟེན་པ་སྤྲུལ་བའི་སྐུ་ཞེས་དེ་ལས་སངས་རྒྱས་རྣམས་ཀྱིས་གསུངས། ། ་ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ཐོབ་པར་འགྱུར་བར་ཐེ་ཚོམ་མེད། །དཔལ་ཧེ་རུ་ཀར་སྦྱོར་ལས་བདག། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་རྫོགས་པའི་འབྲས་བུར་གསུངས་སོ། །ཆོས་ནི་ཆོས་ཀྱི་སྐུའོ། །དེ་བཞིན་དུ་ཡང་བཅོམ་ལྡན ་འདས་ཀྱིས་མངོན་པར་རྟོཊ་པའི་རྒྱན་དུ་གསུང་པ། ཐུབ་པ་ཁོ་ནའི་བཅོ་བརྒྱད་པའོ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུག་པའི་སྤྲུལ་སྐུ་རྒྱུན་མི་འཆད། །བླ་མར་ཡང། གཉིས་ནི་གཟུང་མེད་པ་སྟེ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་རྣམ་པར་ཤེས་པའོ། །ཕག་མོན་ནི་མཁའ་ཨོ། །དཔེ་བྱང་བརྒྱད ་ཅུ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མཚན་སུམ་ཅུ་རྩ་གཉིས་གང་ཡིན་བདེ། ཤེས་རབ་མ་བཅོམ་ལྡན་འདས་མ། འཕགས་མ་རྡོ་རྗེ་ཕག་མོའོ། །བཅོམ་ལྡན་འདས་སྔོན་པོ་དང། དམར་པོ་དང། ཕག་མོ་དམར་མོ་དང ་སྔོན་མོ་ཅན་ནོ། ཞེས་པ་སྐུ་གསུམ་མདོར་བསྟན་པ་སྟེ། སྒྲ་ཇི་བཞིན་པའོ། །དཔལ་ཧེ་རུ་ཀ་སྦྱོར་ལས་བདག། བདག་ནི་ཟུང་འཇུག་ཤེས་པ་སྟེ། །སྟོང་པ་ལྷན་ཅིག་སྐྱེས་པ་བསྒོམ་པ་པོའོ། །དགོངས་པ་མ་ཡིན་པའོ། །ད་ནི་བཤད་པའི་རྒྱུད་དུ ་གསུངས་པའི་མདོ་བརྗོད་པར་བྱའོ། །དང་པོ་ཕུང་པོ་ལ་སོགས་པ་ཡོངས་སུ་དག་པའོ། །དེ་ནས་ཐུགས་ཀའི་ལྷའི་ས་བོན་ནོ། །དེ་ནས་མཆོད་པ་དང། སྨོན་ལམ་གདབ་པ་དང་ཚངས་པའི་གནས་བཞིའོ། །དེ་ནས་རང་བཞིན་དག་པ་ལ་སོགས་པ་ནས། །ཇི ་སྲིད་པའི་དཀྱིལ་འཁོར་རོ། །དེ་ནས་གུར་བཅིང་པ་ལ་སོགས་པ་དང། ཕུར་བུས་གདབ་པ་དང་བརྡུང་བ་ལ་སོགས་པའོ། །དེ་སྟེང་དུ་ལྷུན་པོ་ལ་སོགས་པ་ལྷའི་འཁོར་ལོ་བསྒོམ་པའོ། །ཕྱིན་ནས་གོ་ཆས་ཀུན་ཏུ་བསྲུང་བ་དང་ཕྱག་རྒྱ་དང་སྔགས?་ཀྱིས་དགུག ་པ་དང། དཔའ་བོ་དང་དཔའ་མོ་རྣམས་ཀུན་ཏུ་ཚིམ་ནས། །ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་བཞུག་པ་དང། མངོན་པར་དབང་བསྐུར་བ་དང། དེ་བཞིན་དུ་མཆོད་པ་དང། བསྟོད་པ་དང། ཐམས་ཅད་རྣམ་པར་དག་པ་ཡང་ངོ་ཞེས་པའོ། །ད་ནི་མངལ་སྐྱེས་ཀྱི ་རིམ་པས་རབ་ཏུ་འཇུག་པའི་སྒྲུབ་ཐབས་མདོར་བསྟན་པར་བྱ་སྟེ། ཐོག་མར་དེ་ཞིག་བསྲུང་བའི་འཁོར་ལོ་དན། མཆོད་པ་དང། རྣམ་པར་ཐར་པ་དག་པ་བྱས་ནས་སྟོང་ཉིད་བསྒོམས་ཏེ། ཧ་ཡ་ར་ཝ་ལ་ལས་སྐྱེས་པའི་ནམ་མཁའ་ལ་སོགས་པའི་དཀྱིལ ་འཁོར་རོ། །དེའི་སྟེང་དུ་སུ་ལིས་སྐྱེས་པའི་ལྷུན་པོ་ལ་རྟག་ཁང་པ་བརྩེགས་པ་དུར་ཁྲོད་དང་ལྡན་པ་ལ་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་གདན་བལྟ་བར་བྱའོ། །དེར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་བཅོམ་ལྡན་འདས་དང་པོའི་མགོན ་པོ། ཇི་སྐད་གསུངས་པའི་མཚན་ཉིད་ཅན་ཤེས་རབ་དང་ལྷན་ཅིག་ཞུ་བར་གྱུར་པར་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱི་ལྷ་མོའི་གླུས་དཔའ་པོ་རབ་ཏུ་སད་ཅིང་བསླང་སྟེ། སྐྱིལ་འཁོར་པ་དག་བཅས་པ་བསྒོམས་ནས། ཡེ་ཤེས་ཀྱི་འཁོར་ལོ ་གཞུག་ཅིང། མངོན་པར་དབང་བསྐུར་ཏེ། མི་བསྐྱོད་བཅོད་པན་དུ་བསྒོམ་པར་བྱ་ཞིང། རྣམ་པར་དག་པའི་མཐར་ཐུག་པའོ། །ཡང་ན་སྒོད་སྐྱེས་ཀྱི་རིམ་པས་རྣམ་པ་ལྔ་ལས་སྐྱེས་པའི་དཔའ་བོ། །སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ། ་འཁོར་ལོ་དང་བཅས་པ་བསྒོམས་ནས་ཡེ་ཤེས་ཀྱི་འཁོར་ལོ་དང་མངོན་པར་དབང་བསྐུར་བ་གཟུང་ཞིང་བསྒོམ་པར་བྱའོ། །དེ་ནས་ཐིག་ལེའི་རྣལ་འབྱོར་དང། མཆོད་པ་དང་བསྟོད་པ་དང། སྐུའི་དཀྱིལ་འཁོར་པ་རྣམ་པར་ཕྱུད་ནས ་གཏོར་མ་བྱིན་ཏེ། བདག་ཉིད་ཚིམ་པར་བྱའོ་ཞེས་སོ། །དེ་ནས་རིན་ཆེན་དབང་ཡེའི་སྤྱོར་བས་སྦྱང་བར་བྱ་བ་དང། རྟགས་པར་བྱ་བ་དང། རབ་ཏུ་འབར་བ་དང། བདུད་རྩིར་བྱས་ནས་བཟའ་བ་ལྟོ་པའི་མེ་ལ་སྦྱིན་སྲེག་བྱའི?། ། ་དེ་ནས་ཉམ་གུང་ལ་མང། ཇི་སྐད་གསུངས་པས་བསྒོམས་ནས། ལག་པ་གཡོན་པས་མྱུར་པ་དང་བུལ་བ་མ་ཡིན་པ་དང་ཕྱི་མོ་དམན་པ་མ་ཡིན་པ་ཀུན་ཏུ་རྟོག་པ་སྤངས་པས་སྔགས་བརྗོད་ཅིང་བཟླས་པར་བྱའོ། །ཡང་ན་ཉེ་བར་དམིགས་པའི ་བཟླས་པ་བྱའོ། །དེ་ནས་ཇི་ལྟར་བདེ་བས་གནས་ནས་ཕྱི་རེད་ཀྱང་ཡང་དག་པར་བླངས་པ་བྱས་ནས། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་པ་བྱས་ལག་དྲུག་དགོང་པ་བྱས་གཉིད་ལོག་པར་བྱའོ། །དེ་ནས་མཚན་མོ་ཕྱེད་ལ་ཡང་དེ་བཞིན་དུ་བསྒོམས ་ནས་རྨི་ལམ་དགེ་བ་བལྟ་བར་བྱའོ། །ཆུ་ཚོང?་ལྔ་པའི་ཐུན་མཚམས་ཀྱི་བདག་ཉིད་ལ་ཡང་ངོ། །དེ་ནས་སྔོ་དྲའི་ཐུན་མཚམས་ལ་རྡོ་རྗེ་ཕག་མོ་བསྒོམས་ནས་མངོན་པར་བརྗོད་པ་གསུམ་པ་སྔར་བཞིན་དུ་ཐམས་ཅད་བྱའོ། །ཤིན་ཏུ་དགའ་བ ་ལའང་འོད་དཔག་མེད་བསྒོམས་ནས་ཡན་ལག་དགོད་པ་བྱས་ཏེ། ཤིན་ཏུ་དགའ་བའི་མཐར་དོན་ཡོད་པའི་བདག་ཉིད་མྱང་བར་བྱའོ། །ལྷག་མ་ལས་ཐཾ་ཅད?་ན་མི་བསྐྱོད་ངའི་སྦྱོར་བས་བྱའོ། །དེ་ལྟར་སྔོཾ་པ་ལྔ་པ་སྤོཾ་པོའི་ལྟུང་བ་དང། ཕས་ཕཾ་པ་སྤངས་ཏེ་བཟུང་ནས་བསྒོམ་པར་བྱའོ། ། ་དེ་ལས་ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ཏུ་འགྱུར་རོ། །ད་ནི་རྫོགས་པའི་རིམ་པས་སངས་རྒྱས་ཉིད་ཆེད་དུ་ངེས་པར་འཇུག་པའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། བཤད་པའི་རྒྱུད་དུ་ཡང་གསུངས་པ། །འདི་རྟག་ངེས་པར་འཛིན་བྱེད་པ། ། ་ཆོས་ཀུན་རྟོགས་པར་བྱེད་པ་ཡིན། །ཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོས་ངལ་བསོ་བྱ་ཞེས་པ་འཇི་མདོར་བསྟན་པ་དང་རྒྱས་པར་བཤད་པ་གསུངས་པ་དེ་ཉིད་དུ་རྣལ་འབྱོར་པ་དང་པོར་བརྗོད། །དེ་ཉིད་ཧེ་རུ་ཀ་གཉིས ་མེད། ། ཨཱ་ཨི་ཨའི་ཨུ་ཨའུ་རི་རཱི་ལི་ལཱི་ཨེ་ཨི་ཨོ་ཨོཾ་ཨ་ཨ:། ཀ་ཁ་ག་གྷ་ང། ཙ་ཚཾ་ཛཾ་ཛཧེ་ཉ། ཊ་ཋ་ཌི་ཌཧ་ཎ། ཧ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ(རྒྱུད་འགྲེལ་གནས་པ་སྒོམ། །དེ་ཡི་དབུས་སོན་བསམ་པ་ནི། །ཡི་གེ་དམ་པའི་གོ་འཕང་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །གང་བུ་ལས་འདས་བསྒོམ་བདེ། །སེམས་ཉིད་དུ་ནི་མ་བསྒོམ་མོ། །བདག་གི་རྣལ་འབྱོར་པ་ཡི་སྦྱོར། །རྗེས་སུ་ཆགས་པའི་སྤྱིང་བ་ཡིས། ། ་ར་བཞུགས་ར་ནི་མཉམ་པར་འགྱུར། །ཀུན་དགའ་ལྡན་པའི་གཉིས་ཉིད་ནི། །ཤིན་ཏུ་དགའ་བའི་གནས་སུ་འགྱུར། །ཆོས་དབྱིངས་དག་པའི་གྲོང་ཁྱེར་དུ། །སེནཾ?་ཁམས་ནི་རབ་འཇུག་བྱེད། །འདི་ནི་ཆེས་གསང་ཤེས་པར་བྱ། །གང་དུ་ཡིད་ནམ་བསྟན་ཏེ། །རྣལ་འབྱོར་ཀུན་ལ ་མཆོག་གྱུར་པ། །ཕྱག་རྒྱ་ཆེ་ལས་གཞན་མེད། །རྒྱུད་རྣམས་ཀུན་ཏུ་གང་བསང་བ། །མྱ་ངན་འདས་པའི་དེ་ཉིར་བསྟན། །རྒྱུ་འདི་ཡིས་ནི་ན་ཕྱིར་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །བསམ་པ་ཐམས་ཅད་གསལ་ནས་ནི། །ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་བྱེད། །གཉིས་མེད ་ཡེས་སེམས་ལྡན་པས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །རྣཾ་མི་རྟོགས་མས་གཅིག་བདག། །འདོད་པའི་ཡོནྟན་ལྔ་རྣམས་སྤྱང། །གང་ཞིག་རྟག་ཏུ་འདི་བསྒོམ་པ། །ས་ལ་འདོད་པ་ཤུན་དབང་ཕྱུག། མཐོ་རིས་ལོངས་སྤྱོད་ཐོབ་པར་འགྱུར། །ཡང་ན་འཁོར་ལོ་སྒྱུར་བི་ཉེན་ཅེས། །འདིའི་ཛན་ཀུན ་སྤྱིད་དུ་ཡང། །དེ་ཉིད་ཆོས་ཀྱི་རང་བཞིན་ནི་མྱ་ངན་འདས་པ་འབའ་ཞིག་འདོད་ཅེས་སོ། །ཐོག་མ་མེད་པ་ནས་གནས་པའི་ཧཾ་ཡིག་གི་འོད་ཟེར་གྱིས་འཇིག་རྟེན་གསུམ་གྱི་གཟུགས་དང་ལྡན་པར་བསྒོམ་པར་བྱའོ། །འདི་ལྟར་ངག་རྣམ་པར་དགེ་བའི་སྔགས་པའི་ལྟེ་བ་སྟོང ་པར་དཀར་ཞིང་དམར་བར་གསལ་བའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཕྱག་ཉིས་ཕན་ཚུན་འཁྱུད་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པ། །འོད་ཟེར་ལྔའི་རང་བཞིན་བདེ་བ་ཆེ་པོའི་སྐུར་བསྒོམ་པར་བྱའོ། །འདི་ལྟར་སྐུ་རྣམ་པར་དག་པའི་རྣལ ་འབྱོར་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས། སྐུ་གཉིས་བདེ་བ་ཆེན་པོར་བསྒོམས་ནས་བརྟན་པ་དང་གཡོ་བ་ཐམས་ཅད་དེ་བཞིན་ཉིད་ཀྱི་གནས་སུ་རབ་ཏུ་བཅུག་སྟེ། ཇི་ལྟར་ཉི་བར་བསྟན་པའི་བདེ་བས་ཟུང་འཇུག་ཉིད་བསྒོམ ་པར་བྱའོ། །རྫོགས་པའི་རྣལ་འབྱོར་རོ། །སྐུ་གསུམ་གྱི་ཆོ་གའོ། །དེ་ནས་སྙིང་པོའི་གསང་སྔགས་ཀྱི། །ལས་རྣམས་བཤད་བྱ་དེ་ཉིད་ཅིག་།གསང་སྔགས་འབུམ་དུ་བཟླས་པ་ཡིས། །དཔག་ཚད་བྱེ་བར་དེ་ལྡིང་འགྱུར་ཞེས་པ་ནི། སྔོན་དུ་བྱེ་བ ་སྒྲུབ་པར་བྱེད་པས། སྔགས་གྲུབ་པའི་སྔོན་དུ་བསྙེན་པ་འབུམ་བཟླས་པར་བྱ་བ་འམ། རབ་ཏུ་སྦྱོར་བའི་དུས་སུ་འབུམ་བཟླས་པས་སམ། །ཡང་ན་བཀླགས་པས་གྲུབ་པའི་འབུམ་བཟླས་པ་འམ། ་། །ཡང་ན་སྐྱེ་བ་སྔ་མ་ལས། བསྒྲུབས་པས་སོ། །ཞེས་པ་སྒྲ་ཇི་བཞིན་པའོ། །འགྲོ་ཞིང་འོང་བར་འགྱུར་བ་མྱུར་དུའོ། །གཟུགས་རྣམ་པ་དུ་མར་བྱེད་དོ། །འདི་ཁང་བཟང་དང་ཤིང་ལ་འཛེགས་ཏེ། དཔག་ཆད་བྱེ་པར་འགྲོ་བའོ། །རྣལ་འབྱོར ་པ་རྣམས་དང་ཡང་དགེ་པར་ལྡན་པས། ནམ་མཁའ་ལ་འགྲོ་བ་དང་འོང་བར་བྱེད་དོ། །འདོད་ན་སྣང་བར་བྱེད་དེ། མ་ཡིན་པ་ཁོ་ནར་ཞེས་ཏེ་རྣལ་འབྱོར་དང་ལྡན་པ་སྐབས་གསུམ་པར་ཡང་ངོ། །འདོད་ན་སྒྲུབ་པ་པོ་བྱིས་པ་དང་རྒན་པོ་དང་དར་ལ ་བབ་པའི་མི་མོར་འགྱུར་རོ་སྒྲུབ་པ་པོ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་འམ། །བྱོལ་སོང་དུ་ཡང་འགྱུར་རོ། །དབང་པོ་རྣམས་འཕྲོག་པར་བྱེད་དོ། །འདི་རྣམས་སྐྱེ་བོ་རྣམས་ཀྱི་ལག་པ་གཡས་པས་སོ། །གཡོན་པས་མྱུར་བུ་སླར་གསོ་བའི ་མཆོག་ཏུ་བྱེད་དོ། །ཉི་མ་དམར་ཕོ་དང་ཁུ་བ་གཉིས་ལ་ལག་ཏེ་ལན་ཅན་བཟླས་ན། སྐྱེ་བོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་དང་དབང་པོ་རྣམས་རེངས་པར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ཡང་འདིར་བཤད་བྱ། དམ་ཚིག ་ཆེན་པོའི་མཆོག་གྱུར་པ། །གང་གིས་ཐོས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །གང་གིས་ལུས་སམ། ཁ་ལ་ཡང་པདྨ་དང་གླ་རྩི་དང། དཔུར་དང་མ་ལི་ཀ་ལ་སོགས་པའི་དྲི་བྲོ་བ། རྟག་ཏུ་མིག་མི་འཛུམ་པ་གྲིབ་མ་དམན་པ། ཁྲོ་བ་མེད་པ་ནིར ་སྐྱེ་བ་ལན་བདུན་པའོ། །དེ་ཟོས་པ་ཙམ་གྱིས་རྣལ་འབྱོར་པ་མཁའ་ལ་སྤྱོད་པར་འགྲོའོ། །དེའི་སྙིང་གན་རོ་ཙན་ཡོད་དེ། །སྙིང་བོ་བརྒྱ་བཟླས་པས་ཐིག་ལེ་བྱས་ན། དཔག་ཚད་བྱེ་བ་བརྒྱར་འགྲོ་བར་འགྱུར་རོ། །དཔལ་ཧེ་རུ་ཀའི་སྙིང་པོ་གང་ཞིག་ཤེས་པ་ཡང ་ཤིན་ཏུ་གདོན་མི་ཟ་བར་བཟང་བའི་ལུས་དང། འདོད་པ་ཡང་ཇི་ལྟར་འདོད་བཞིན་ཐོབ་པར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །སྙིང་པོའི་ལས་སོ།། །།དེ་ནས་ཉེ་བའི་སྙིང་པོའོ། །དངོས་གྲུབ་ཐམས་བར་རབ་གྲུབ་བྱེད། །འཇིག་རྟེན་གསུམ་གྱུར་གང ་ཅུང་ཟད། །དེ་ཀུན་སྐད་ཅིག་གིས་འགྲུབ་བཤད་།གསང་སྔགས་འབུམ་བཟླས་པས་འཇིག་རྟེན་གསུམ་ཡང་གཡོ་བར་བྱེད་དོ། །མཁའ་འགྲོ་མ་ཐམས་ཅད་སྒྲུབ་པ་པོའི་མདག་གཞུག་བྱེད་པར་ཐེ་ཚོམ་མེད་དོ། །འདི་ཁོ་ནས་ཆུ་ལ་བཟླས་ཏེ། དེས་མིག་བཀྲུས ་ནས་སྐྱེ་བ་བདུན་པ་ལ་སོགས་པ་འམ། འཚོ་བ་དང་འཆི་བ་ཡང་མཐོང་བར་འགྱུར་རོ། །མིག་དག་ལ་བཟླས་ནས་བལྟས་པ་གང་ཡིན་པ་དེ་སྐད་ཅིག་གིས་གནོན་པར་བྱེད་དོ། །དཔའ་བོ་ཤི་བའི་རྐང་ཐིལ་གྱི་པགས་པ་བླངས་ནས་འབད་པས་བཏགས ་པར་བྱའོ། །མིའི་ཁྲག་གིས་རྣ་བའི་མིག་སྨན་གྱི་དབུས་སུ་བརྟུག?་ལ་ཟླུམ་སྐོར་གྱི་རྣམ་པར་བྱའོ། །དེའི་ཕྱི་རོལ་ཏུ་ལྡོང་རོས་དང་གིའུ་ཝང་དང། བུད་མེད་ཀྱི་མེ་ཏོག་དང། གུར་གུམ་གྱི་དེ་བསྒོ་པར་བྱ་ཞིང། སླར་ཡང་གྲིབ་བསྐམས་བྱས་ནས་ལྕགས་གསུཾ ་གྱིས་དཀྲིས་སྟེ། །དེ་ནས་ལྷག་པར་གནས་པ་བྱས་ཏེ། །སྐར་མ་རྒྱལ་ལ་རྣལ་འབྱོར་པས་ཧེ་རུ་ཀའི་ཁར་བཅུག་ལ། ལག་པ་གཡོན་པས་བཀབ་ནས་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཇི་སྲིད་དུ་རིལ་བུ་གཟུགས་བརྙན་གྱིས་ནས་འཛགས ་ཏེ་སྦྱིན་པར་བྱེད་དེ། །སྒྲུབ་པ་ཕོ་དེ་ཡིས་དེ་གྲུབ་བར་འགྱུར་བར་ཐེ་ཚོམ་མེད་དེ་གྲུབ་པར་འགྱུར་པར་ཐེ་ཚོམ་མེད་དེ། དེ་ཁར་བཅུག་པས་རྣལ་འབྱོར་པ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ། །ཁ་ནས་བཏོན་ན་ནི་མཐོང་པར་འགྱུར་རོ། །རིའི་ལུའི་རིག་པ་འཛིན་པར ་འགྱུར་རོ། །རིལ་བུ་འདི་ནི་མཁའ་སྤྱོད་གྲུབ་བར་དཔའ་བོ་རང་ཉིད་ཀྱིས་གསུངས་སོ། །ཐོད་པ་བླངས་ནས། སྒྲུབ་པ་པོའི་སྡིགས་མཛུབ་ཀྱི་རྩེ་མོས་གང་གིས་མིང་ནས་སྨོས་ཏེ་མཉེས་ན་དེའི་ཁྲག་སྐམས་པར་བྱེད་དོ། །གཡོན་པའི་མིང་མེད་ཀྱིས་མཉིས་ན ་སླར་ཡང་དེ་ཉིད་དུ་འདྲེན་ནོ། །མངོན་པར་བསྔགས་བ་བརྗོད་དེ། གང་གིས་མིང་ནས་སྨོས་ཏེ་ཐོད་པ་ལ་བསྣུན་པ་བྱིན་ན། དེའི་ཀླད་པ་འགགས་པར་འགྱུར་རོ། །ཐོད་པ་དེ་བའི་འོ་མས་བཀང་ན་ཉེ་བར་ཞི་བར་འགྱུར་རོ། །རོ་ཅེ་ནས་ཐིག་ལེ་བྱས་ན་གང་ལ ་བལྟས་བ་དེ་རྒྱས་བཏབ་པར་འགྱུར་རོ། །སྡིག་མཛུབ་ཀྱིས་བསྡིགས་པར་བྱས་ན་དེ་སྐད་ཅིག་གིས་ས་ལ་ལྟུང་བར་འགྱུར་རོ། །གང་གིས་མིང་ནས་སྨོས་ཏེ། ས་ལ་རྐང་པས་བསྣུན་ན་དེ་འཆི་བར་འགྱུར་རོ། །སླར་གསོ་བ་ལ་ཆུ་ལ་སྔོན་པར་བསྔགས་ནས ་ས་ལ་མངོན་པར་གཏོར་བར་བྱའོ། །མངོན་པར་བསྔགས་པའི་སྡིག་མཛུབ་ཀྱིས་སྟོང་པ་ལ་ཡང་བསྡིགས་པར་བྱའོ། །ཚིག་གིས་གྲོལ་པ་ནི། དེ་རྣམས་དེ་ལྟར་གནས་པར་ཐེ་ཚོམ་མེད་དོ། །སྒྲུབ་པ་པོས་གཏུམ་པོའི་ཐལ་བལ་ལན་བརྒྱ་བཟླས་ནས ་བསྣུན་ན། སེམས་ཅན་གང་དང་གང་རྗེས་སུ་དྲན་པ་དེ་དང་དེའི་གཟུགས་འཛིན་པར་ཡང་འགྱུར་རོ། །སྦྱིན་སྲེག་གི་ཐལ་བས་བསྣུན་ན། དེ་བཞིན་དུ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ། །ཆུ་ལ་ལན་བརྒྱར་བཟླས་ནས་བསྣུན་ན་སླར་ཡང་མཐོང་ངོ། །སྒོར་པ ་ཁ་སྦྱར་གྱི་ཕྱག་རྒྱ་བཅིངས་ནས་ཁྲོས་པར་གྱུར་པས་གལ་ཏེ། གང་གི་མིང་ནས་སྨོས་ཏེ། དབུགས་མི་འབྱིན་པར་བཟླས་པ་དེ་རྟག་ཏུ་སྨྱོ་པར་འགྱུར་རོ། །ཕྱག་རྒྱ་ཞེས་པ་མཆེ་པའི་ཕྱག་རྒྱའོ། །ཁྲོས་པ་ནི་མཆེ་བ་གཅོགས་པའོ། །ཡིད་ཀྱི་ཀཱོ?་ལ ་བ་ནི། ཕྱག་རྒྱ་བཅིངས་བདེ་གཤེགས་པའོ། །སྒྲུབ་པ་པོའི་གཙུག་པུད?་ལ?་མངོན་པར་བསྔགས་ཏེ། གང་གི་མིང་ནས་སྨོས་ཏེ་བཅིངས་ན། སྒྲུབ་པ་པོ་གང་ན་ཡོད་པ་དེར། མཁའ་འགྲོ་མ་དེ་རྣམས་མྱུར་དུ་འོང་བར་འབྱུང་རོ། །སྒྲུབ་པ་པོའི ་གཙུག་པུང་ལ་ལན་བརྒྱ་བཟླས་ནས་བཅིངས་ནི་མ་སྣང་བར་འགྱུར་རོ། །གསག་མ་ལ་ལན་བདུན་མངོན་པར་བསྔགས་ཏེ། ཕྱོགས་སུ་གཏོར་ན་འཆེ་བར་བྱེད་དོ། །ལྷ་ལ་སོགས་པ་རྣམས་དང་ན་མོ་རྣམས་ཀྱི་སྦྱོར་བ་འཕྲོག་པར་བྱེད་དོ། །སྐྱེས ་བ་དང་བུད་མེད་འཁིག་པར་བྱེད་པ་ན་ཁྱི་བཞིན་དུ་མྱུར་དུ་འབྱར་བར་འགྱུར་རོ། །གསེག་མ་ལ་བཟླས་ནས་ཆ་ཀླུང་ལ་གཏོར་ན་ཆུ་ཀླུང་རྒྱུན་ལས་བཟློག་ཕྱོགས་སུ་འབབ་པར་འགྱུར་རོ། །མཁས་པས་གསེག་མ་དེ་ཉིད་ཀྱི་སྦ་རླབས་གནོན་བར ་བྱེད་དོ། །སྟེང་དུ་བལྟས་བཞིན་དུ་སྟོང་ཕྲག་གཅིག་བཟླས་པ་བྱས་ན་ཚར་ཆེན་པོ་ཟློག་པར་བྱེད་དོ། །ཡིད་ཀྱིས་བཅིངས་པ་གྲོལ་བར་བྱེད་དོ། །གལ་ཏེ་ཕ་རོལ་གྱི་དཔུང་ལ་མངོན་དུ་ཕྱོགས་པར་གྱུར་བས་སྟོང་ཕྲག་གཅིག་བཟླས་པ ་བྱས་ནས། །འབད་པས་འབུམ་ཕྲག་བཟླས་པ་ཡིས། །བསྒྲུབ་བྱའི་ལས་འདི་བཤད་པར་བྱ། །ཟླས་བཞིན་ལམ་དུ་འགྲོ་བ་ན། །ཆོམ་རྐུན་རྣམས་ཀྱིས་མཐོང་མི་འགྱུར། །ས་བདག་ཁྱིམ་རུང་བ་ཞུགས་ནས། །གང་འདོད་བླངས ་ནས་འགྲོ་བར་འགྱུར། །བཟླས་བཞིན་གང་གང་ལ་རེག་པ། །དེ་ད་སྐད་ཅིག་ལ་རེངས་བྱེད། །གསང་སྔགས་བཟླས་པས་རྐང་པ་ཡིས། །བསྣུན་ན་དེ་ཚེ་གྲོལ་བར་འགྱུར། །ལན་གསུམ་བཟླས་པའི་རིང་ཁྲ་བཤིས། ཐིག་ལེ་བྱས? ་ནས་གང་དག་གི་།ལྷན་ཅིག་མཐོང་བའམ་སྨྲ་བ་དེ། །དེ་ཡི་ཁྲག་ནི་འདྲེན་པར་བྱེད། །ཁྲོས་པས་ཁྱིམ་གང་དུ་ཞུགས་ཏེ། །ཟླས་ན་དེ་ལ་རིམས་ཀྱི་འདེབས། །ཆུ་ལ་ལན་བདུན་མངོན་བསྔགས་བས། ། ་གཏོར་ན་སླར་ནི་འཚོ་བར་འགྱུར། །གང་གི་གདོང་ལ་བལྟ་ཞིང་བཟླས། །དེ་ཡི་ངག་ཀྱང་འཕྲོག་པར་བྱེད། །སྟོང་ཕྲག་གཅིག་ནི་བཟླས་བྱས་ནས། །ཆུ་ཡི་སྟེང་དུ་འགྲོ་བར་འགྱུར། །ཆུ་ལ་ཇི་བཞིན་ཐང་ལ་ཡང། །དེ་བཞིན་འདོད་ཞིང་འགྲོ ་བཞིན་གནས། །གང་གི་ལག་པ་དྲིལ་ཕྱིས་བྱས། །རྟག་ཏུ་སྟོང་ཕྲག་བཟླས་བརྗོད་བྱ། །འཇིག་རྟེན་གསུམ་དུ་རྣམ་གནས་པའི། །རྣལ་འབྱོར་མ་རྣམས་དབང་དུ་འགྱུར། །སྐར་མ་རྒྱལ་གྱི་སྦྱོར་བས་རས་བྱས་ནས། དེ་གྱོན་ཏེ་གསང་སྔགས ་སྟོང་ཕྲག་བཅུར་བཟླས་པའི་མི་ད་དེ་ནས་འདི་འགྲུབ་པར་འགྱུར་ཏེ། དེ་གྱོན་བ་ཙམ་གྱིས་མེ་སྣང་བར་འགྱུར་ཞིང་མཁའ་ལ་སྤྱོད་པར་འགྱུར་རོ་།དབང་པོ་གང་དང་གང་ལམ་ཉིད། །དོ་དང་དེ་ཡི་རང་བཞིན་ལས། །མཆོག་ཏུ་མཉམ ་གཞག་སྦྱོར་པ་ཡིས། །སངས་རྒྱས་ཀུན་གྱི་རང་བཞིན་འགྱུར་ཞེས་སོ། །དེ་ལྟར་ནན་ཏན་བྱེད་པ་གསུངས་པ། དབང་པོའི་ལམ་ཉིད་ཅེས་པ། མིག་ལ་སོགས་པ་རྣམས་ཀྱི་ཡུལ་ཉིད་དོ། །སངས་རྒྱས་རང་བཞིན་ནི། །ཤེས་རབ་གསུངས་སོ ་རྡོ་རྗེ་མཁའ་འགྲོ་ཡང། །ཐམས་ཅད་ཚེ་ན་ལས་རྣམས་ཀུན། །རྣམ་པར་མི་རྟོག་ངོ་བོ་ཡིས། །དོགས་པ་མེད་པར་ཀུན་དུ་སྤྱད། །དེ་དང་དེ་དགེ་འདའ་བར་དཀའ་ཞེས་སོ། །ཤེས་རབ་གསལ་བའི་རང་བཞིན་གྱིས། །རྣམ་པར ་མི་རྟོག་སེམས་དཔའ་ཡིས། །དོགས་མེད་སྤྱོད་པ་ཀུན་ཏུ་སྤྱད། །བརྟུལ་ཞུགས་དེ་རྣམས་བདག་ཉིད་ཆེ། །ཐབས་ཤེས་ཆོ་ག་ལས་གཞན་དུ། །གལ་ཏེ་སེམས་མའི་ཕོ་མི་བྱ། །དེས་པར་ཀུན་ཏུ་བརྟན་པ་སྟེ། །བྱང་ཆུབ་ཆེན་པོ་རབ ་སྦྱིན་བྱེད། །དེས་ནལ་ལར་གནས་པ་དང། །གང་དུ་མངོན་ཞེན་འགྱུར་བ་མེད། །བདེ་བ་ཡོངས་སུ་འགྱུར་བའི་ཚུལ། །འབྲས་བུ་ཅི་ཞིག་ཐོབ་འགྱུར་བར། །དེ་ཡི་ཚེ་ན་ཅིས་མི་འདོད། །བརྟན་དང་གཡོ་བའི་དངོས་འདི་མེད། །འོན་ཀྱང་སྣང་བ་ཙམ ་མཚན་ཉིད། །གལ་ཏེ་ཁྱད་འཕགས་བསྒོམ་པ་འདི། །གོམས་པའི་སྟོབས་ལས་ཁྱད་ཕཊ་བང?། ཡིང་བདེ་ལ་སོགས་ལས་བསྐྱེད་ནས། །བླ་མེད་འབྲས་བུ་ཐོབ་པལ། །རྒྱུ་ཡི་དངོས་པོ་སྒྲུབ་པའི་ཚེ། །བཅོམ་ལྡན་ལྷ་མོ་སྐྱོན་ཅིའང་མེད། །དེ་བས ་འབད་པ་ཐམས་ཅད་ཀྱིས། །ཀུན་ཏུ་འགྲོ་མ་མཆོད་པར་བྱའོ། །བྱ་དཀའ་ཨི་སྡོམ་པ་མི་བཟད་པས། །སྡུག་བསྔལ་གྱིས་གདུངས་ལུས་སྐམས་བྱེད། །སྡུག་བསྔལ་ལས་སེམས་རྣམ་གཡེང་འགྱུར། །གཡེངས་ལས་དངོས་གྲུབ་གཞན ་དུའོ། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཐམས་ཅད་བདེ་ཉིད་བརྟན་པར་འགྱུར། །སྡུག་བསྔལ་ཉིད་ཀྱིས་གཡོ་བར་འགྱུར། །འགོག་པ་ཡང་ནི་ལྷག་པར་འགྲོ། ལུས་དང་ནག་སེམས་བདེ་གནས་ཉིད། །ཐོབ་ནས་བྱང་ཆུབ་ཐོབ ་པར་འགྱུར་ཞེས་སོ། །དཔལ་འདུས་པ་ཕྱི་མ་རུ། མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་པ་ཁོ་ནར་མཉམ་པར་བཞག་།ཐམས་ཅད་སེམས་སུ་གང་སྤྱོད་པ། །ཀུན་ཏུ་སྤྱོད་པར་ཞེས་བསྒྲགས་སོ། །ལྷན་སྐྱེས་སེམས་ལ་སྒྲོ་བཏགས་ནས ་དེ་ནི་བདེ་ལས་གཡེང་མི་བྱ། །འདི་ལ་རྣམ་གཡང་ཀུན་རྟོགས་ནས། དེ་ནི་བདེ་ལ་སླར་ཡང་བསྡུ། །སྒོམ་པ་གོང་ནས་གོང་དུ་ཡང། །སེམས་ནི་སོ་སོར་རང་ལ་བསྡུ། །དེ་ལས་ཡོན་ཏན་མཐོང་བའི་ཕྱིར། །ཏེང་འཛིན་ལ་སེམས་དགའ་ ་བྱ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་པར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ལ་སེམས་ལ་མངོན་འདུ་བྱེད། །རང་གི་དང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ ་མི་བྱེད། །དེ་ནས་དེ་ཡི་ལུས་དར་སེམས། །ཤིན་ཏུ་སྦྱངས་པ་ཕྲ་མོ་ཐོབ། །སླར་ཡང་དེ་ནི་རྣམ་འཕེལ་བས། །དམ་པའི་ཚེགས་སུ་རྣམ་ཤེས་བྱ། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེ་ཐོབ་པོ། །དེ ་སྦྱངས་པ་ལས་མངོན་པར་ཤེས། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །ད་ནི་འདིའི་སོ་སོར་སྒྲུབ་པའི་དོན་དུ་ཚངས་པའི་སྐུད་པ་ལ་སོགས་པའི་སྔགས་བརྗོད་པར་བྱ་སྟེ། དཔའ་བའ་ཨི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པས་ཚངས་པའི་སྐུད་པ ་བྱིན་གྱིས་བརླབ་པའོ། །ོཾ་ཧྲཱཾ་ཧྲཱི་ཧྲིཾ་ཧཱུཾ་ཕཊ། ཞས་པ་འདི་བརྒྱ་ཕྱེད་མགོ་བོའི་ཕྲེང་བ་རྣམས་སོ། །ོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པས་མཐེ་བོང་གི་རྡོ་རྗེ་བྱིན་གྱིས་བརླབ་བོ། །ོཾ་བཛྲ་བཱ་རཱ་ཧཱི་ཧཱུཾ་ཕཊ་ཞེས་པས་མགུལ་རྒྱན་ནོ། །ོཾ་སརྦ ་བུད་དྷ་ཌཱ་ཀི་ནཱི་ཡ་ཧཱུཾ་ཕཊ། ཞེས་པས་པགས་པའི་གོས་སོ། །ཉེ་བའི་སྙིང་པོས་གསོལ་བར་བརྒྱན་ན། ཨི་ཧཱཾ་ཧཱིཾ་ཧེཾ་ཧཾ་ཕཊ་ཞེས་པས་འོག་པག་གོ་།ཕྲེང་བའི་སྔགས་ཀྱིས་ཐོང་བའོ། །ོཾ་བཛྲ་བི་རོ་ཙ་ནཱི་ཡེ་སྭཱཧཱ་ཞེས་པས་མགོ་པོའོ། ། ་ཕྲེང་བའོ། །ཐོད་པའི་དུམ་བུལ་སོགས་པའི་སྔགས་ཀྱིས་སེན་མོ་དང་སེ་བྱིན་གྱིས་བརླབ་པར་བྱ་སྟེ། གནས་པར་བྱེད་པའི་དུས་ཀྱིས་དང་པོར་རོ། །དེ་བཞིན་དུ་ཁ་ཊཝཱི་ག་ལ་ཨོཾ་ཧེ་ཧེ་རུ་རུ་ཀཾ་ཧཱུམ་ཧཱུཾ་ཕཊ་ཞེས་པས་བྱིན་གྱི་བརླབ་པར་བྱའོ། །ོཾ་བཛྲ ་བཱ་རཱ་ཧཱི་ཧུཾ་ཧཱུཾ་ཕཊ་ཞེས་བས་ཅང་ཏེའུའོ། །དེ་ལྟར་གོ་ཆ་གཉིས་དང་ཞལ་བཞི་ལས་བདག་ཉིད་གོ་བགོས་ནས་གནས་པར་བྱའོ། །ཡང་ན་ཕྱག་རྒྱ་ལྔ་པོ་སྔགས་དང་བྲལ་བ་ཉིད་ཀྱི་བྱིན་གྱིས་བརླབ་པར་བྱས་ནས། །གོ་ཆ་གསུམ་པོ ་བགོས་ཏེ། །རྐང་པ་བརྒྱད་པའི་སྔགས་ཀྱིས་བརྒྱན་ཏེ། །དེས་པར་འཇིགས་པ་དང། གཅོ་བར་བྱེད་དེའི་དོན་དུ་ཀུན་ནས་སྤྱད་པར་བྱའོ། །ཤིང་གི་ཁུ་བ་ལ་མགོན་པོ་རྣམ་པ་སྟེང་དུ་བཟླས་པས། །གང་ལ་ཐིག་ལེ་བྱས་པ་དེ་ཤཱིང ་དང་འདྲ་བར་འགྱུར་རོ། །གླང་པོ་ཆེ་ལ་སོགས་པའི་རྐང་པའི་རྡུལ་གྱིས་བསྨུན་ན་དེའི་གཟུགས་འཛིན་པར་འགྱུར་རོ། །ལན་གསུམ་བཟླས་པའི་ཆུས་གཏོར་ན་སླར་འཚོ་བར་འགྱུར་རོ། །སྒྲ་ཇི་བཞིན་པ་མ་ཡིན་པའོ། །སྐྱེ་བ་བདུན་པའི་ཆོ་གའོ། །དེ་ནས ་འདི་ལས་བསྒྲུབ་པ་བཤད། །སྒྲུབ་པོ་གང་གིས་འགྲུབ་འགྱུར་བ། །བོད་བུའི་རྣམ་པའི་རྣལ་འབྱོར་བདག། །ཡིད་ཀྱི་ཤུགས་ནི་བཟློག་བྱའི་ཕྱིར་ཞེས་པ་ཧེ་རུ་ཀར་བྱེད་པ་གསུངས་པ། །བོད་བུའི་རྣམ་པ་ནི། བོད་བུའི་སྒྲུབ་པའོ། །སྡོམ་པའི་ཡིད་ཀྱི་ཤུ་ཤ? ་ཡིད་ཀྱི་ཤུཊ་འདོད་པ་ཙམ་ཉིད་ཀྱིས་བྱ་བའི་དངོས་གྲུབ་པོ། །དྲང་བའི་དོན་ནོ། །བོང་བུའི་རྣམ་པའི་རྣལ་འབྱོར་བདག་གང་ཡིན་པ་དེ། དེ་བཞིན་ནོ། །དེའི་རང་བཞིན་བརྒྱད་ཅུ་ལྡོག་པའི་ཆེད་དུ་མངོན་པར་རྟོག་པའོ་ཞེས་པ་ངེས་པའི་དོན་ནོ། །བོད་བུ་ཡི ་ནི་མཁའ་འགྲོ་མ་རྣམ་པ་ཞལ་ནས་ཁྲག་འཛག་པ་གྲི་གུག་དང། ཐོབ་དང་ཁ་ཊཝཱཾ་ག་དང། རྩེ་གསུམ་ལག་ན་གནས་པའོ། །དཀྱིལ་འཁོར་པ་རྣམས་གསུངས་པ། ཇི་སྐད་གསུངས་པ་བཞིན་དུ་ཀུན་དུ་གནས་པའི་དཔའ་བོ་དང། དཔའ་མོ ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང། ཞལ་ནས་ཁྲག་འཛག་པ། དེ་དག་ཞལ་དམར་པོ་ཕག་མོ་རྡོ་རྗེ་སྡིགས་མཛུབ་དང། ཀ་པཱ་ལའི་ཕྱག་ཅན་མཁའ་འགྲོ་མ་ལ་སོགས་པ་རྣམས་ལང་ཚོ་རྒྱས་པ། མངོན་སྤྱོད་བླ་མར་གསུང ་པར་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །རྟག་ཏུ་བདག་ཉིས་པོར་བུ་ཡིས། བྱས་ན་རྣལ་འབྱོར་ལྡན་པས་མཐོང་ཞེས་པ་ནི་རྟག་པའི་རྣལ་འབྱོར་གསུངས་ཏེ། །གསུངས་པ་ཡང་སངས་རྒྱས་རྣལ་འབྱོར་མ་བྲལ་བས། རྣལ ་འབྱོར་སངས་རྒྱས་བདག་ཉིད་འགྱུར། ཞེས་སོ། །མཐུང་བ་དང། ཚེ་རིང་བ་དང། སྐྱ་བ་བདུན་པའི་ཕྱུགས་དང། མི་དང་སེམས་ཅན་གང་དང་གང་ཡིན་པའི་གཟུགས། །ངའི་གཟུགས་སུ་སྒྲོམ་པ་པོར་འགྱུར་རོ། །ཞེས་ཕན་ཡོན་གསུངས་སོ། ། ་སྐྱེ་བ་བདུན་པའི་སྐྱེས་བུ་གྲིབ་མ་བདུན་པར་དེ་མཐོང་བར་འགྱུར་ཏེ། བསྒོམས་པའི་སྟོབས་ལས་སོ། །གཞན་རྣམས་ཀྱང་ངོ། །སྒྲ་ཇི་བཞིན་པའོ། །དེས་ཤེས་གཏོར་མ་སྦྱིན་སྲེག་ནི། །ཐུན་མཚམས་གསུམ་དུ ་རྟག་ཏུ་བྱ། །བཟར་བ་ཡང་ངོ་མཚན་ཕྱེད་ལ། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད་ཅེས་སོ། །དྲི་བཟང་པོའི་ལུས་དེ་རང་ཉིད་ཤི་བ་བསྒྲུབ་པར་བྱ་སྟེ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །མཁའ་གྲོ་རྣམས་ལ་ཙཱ་རུ་སྦྱི་དྲ་བདུན་དུ ་འཇུག་པར་ཐེ་ཚོམ་མེད་ཅེས་པ་དེ་རྣམས་ཀྱི་ཆེད་དུ་ཙཱ་རུ་དབུལ་བར་བྱ་སྟེ། བདུན་དུ་འཇུག་པ་ནི་བར་མཆད་པས་སྐྱེ་བ་བདུན་དུ་མིར་སྐྱེས་པའོ། །དྲང་བའི་དོན་ནོ། །འབུམ་ཕྲག་ལྔ་བཟླས་པར་ཡང་གསུངས་སོ། །སྐྱེ་བ་བདུན་པའི་ཕྱུགས་ཉིད ་ཀྱང། །མཁའ་སྤྱོད་དངོས་གྲུབ་སྦྱིན་པར་བྱེད། །ཕུང་པོ་ཁམས་ནི་འཁོགས་པ་དང། ནད་དང་རྒྱལ་བ་སེལ་བར་བྱེད། །འཆི་མེད་ཉིད་ཀྱི་རྗེས་འབྲངས་པ། །འཆི་མེད་གྲུབ་པ་སྟེར་བར་བྱེད། །བསད་བསྲེག་པ་ཡི་རྗེས་འབྲང་བ། །སངས ་རྒྱས་ཉིད་ཀྱང་མྱུར་དུ་སྦྱིན། །ཕྱི་རུ་སྐྱེས་པ་ཇི་ལྟར་བཅིངས། །དེ་བཞིན་ཡེ་ཤེས་རོ་ཉིད་ཀྱང། །ཇི་སྲིད་རྣམ་པར་ཡོངས་རྫོགས་པའི། །ཚེ་ནི་རྒྱ་ཆེན་སྟེར་བར་བྱེད། ཅེས་པ་ངེས་པའི་དོན་ནོ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །སྔགས་ཀྱི ་སྙིང་པོ་དམ་པ་ནི། །དེ་ཉིད་གང་གིས་ཤེས་པ་དེ། །འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་པ་ནི་གསང་བ་ནི་བྱིས་བའི་སྐྱེ་བོ་ལ་སྦྲ་བར་བྱའོ། །རྒྱུད་རྣམས་ཐམས་ཅད་ནི། རྒྱུད་རྣམས་དྲུག་པོ་རྣམས་སོ། །སྔགས་ནི་ཡེ་གེ་བདུད? ་པའི་གསང་སྔགས་སོ། །སྙིང་པོ་ནི་བོང་བུའི་སྒོམ་པའོ། །དེ་ཉིད་ཀྱིས་ནི་ཟུང་འཇུག་གི་མཚན་ཉིད་ཀྱིས་སོ། །ཤེས་པར་བྱེད་པ་ནི། །དཔལ་བླ་མའི་ཞལ་ལས་སོ། །དེ་འགྲུབ་པར་འགྱུར་ནི་སྒྲ་ཇི་བཞིན་པའོ། །བརྟགས་པའི་རྫ? ་འབྱོར་རོ། །དེ་ནས་འདི་ལས་དབ་འཆད་བྱེད། །ཡི་གེ་རེ་རེའི་བརྡར་འགྱུར་བ། གང་གིས་སྨོས་པ་ཅས་ཀྱིས་ནི། །ཕོ་ཉ་མོ་རྣམས་དབུགས་དབྱུང་བྱེད། །ཅེས་བྱ་བ་ལ་སོགས་པས་བརྡའི་སྐད་གསུངས་པ། བར་ནི་ལུས་དང་ངག་གིས་?་སྐར ་ངན་གྱིས་ཡོངས་སུ་མི་ཤེས་པའི་ཆེད་དུ། །དམ་ཚིག་ལ་སོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིའོ། །ཌཱ་སྐྱེས་ཁུར་བཤད། ཌཱི་བུད་མེད། པཱུ་མ་རྣཾ་པ། སུམ་ཟབ་མཱ་མའོ། །ཞེས་པ་ཡང་ངོ། །ཡོ་ཆུང་མ་བྷཱི་སྲིད་མོ། །བཱི་གྲོག་མོ ་དེ་བཞིན་དུ་ཤྲཱི་ཁྲག། ལུ་བུ་མོ། །སི་ཞི་པའི་གཏུང་གཡི་བཏུང་བ། ཧཱི་ཤ་བྷ་བཟའ་བ་ཡང་ངོ། །བྷུ་འདུས་པ་ཅན་ཉིད་ཀྱང་ངོ། །གཱ་འགྲོ་བའོ་ཞེས་བཤད་དོ། །སི་དུར་ཁྲོད་ཀྱང་དོ། །བྷུ་ཤི་བའོ། །ཌཱི་རྣལ་འབྱོར་མའོ། །གཱ་ལཱ་མའོ། །སྟི ་གཟུགས་ཅན་མ་ཀུན་མཁའ་འགྲོ་མ། ཧཱ་དེ་བཞིན་དུ་དུམ་སྐྱེས་མའོ། ཛ་བྱིན་པ་གཉིས་སུ་འགྱུར་རོ། །བྷ་གསོང་བར་སྨྲ་པ། ཀ་ལག་པ་དག་གོ་སུའི་སྒྲ་ནི་ལེགས་པར་འོང་བའི་བྱ་བའོ། །གཞན་མང་པོ་སྣམས་ཀྱང་མིང་ཡིག་དང་པོ་ལས ་ཤེས་པར་བྱ་སྟེ། འཇིག་རྟེན་གསུམ་ན་བརྟན་པ་དང། གཡོ་བའི་ཆོས་གང་དག་བཤད་པ་དེ་རྣམས་སོ། །ཡང་ཞེས་པ་ནི། དེ་བཞིན་དུ་བླ་མར་ཡང་མའི་ཞེས་པ་འདུས་པའོ། །བྷ་ཞེས་པ་ཟ་བའོ། བྷཡོ་ཞེས་པ་མི་ཟ་བའོ། །སྱ་ཞེས་པ་བཏུང ་བྱ་དང་བཏང?་བྱ་མ་ཡིན་པའོ། །ག་ཞེས་པ་བགྲོད་བྱ་དང་བགྲོང་བྱ་མ་ཡིན་པའོ། །སླུ་ཞེས་པ་འདོད་བྱའོ། མིང་གི་དང་པོ་ཞེས་པ་མངོན་བརྗོད་དུ་ཡང་ཞེས་པ་དམ་མའོ། །ར་ཞེས་པ་ཁྱོ་མེད་པའོ། །དུ་ཞེས་པ་སྤྱོད་ངན་མའོ། །སུ ་ཞེས་པ་སྐལ་བཟངས་མའོ། །ས་ཞེས་པ་དམ་ཚིག་ཅན་མའོ། །མ་ཞེས་པ་འོངས་པའོ། །མ་ཞེས་??པའོ། །ས་ཞེས་བསྐྱེ་བུད་པའོ། །དབང་བསྐུར་བའི་?་སུ་དམ་ཚིག་གི་དོན་ལ་ལྷག་པར་མོས་པ་རྣམས་ལ་སློབ་དཔོན་གྱིས་འདི་དག་སྦྱིན་པར ་བྱའོ། །ཞེས་པ་སྒྲ་ཇི་བཞིན་བའོ། །དེ་ནས་སྐད་གཞན་རབ་བརྗོད་པའི། །བརྡ་ནི་ང་ཡིས་རབ་འཆང་བྱེད། །གང་གིས་སྤུན་དང་སྲིང་མོས་ཀྱང། །ཐེ་ཚོམ་མེད་པར་ཤེས་པར་འགྱུར་ཞེས་པས་བརྡ་གཞན་གསུངས་ཏེ། ་སྐད་གཞན་ནི་རི་ཁྲོད་པ་དང། ཀླ་ཀློ་ལ་སོགས་པའི་སྐད་མཛའ་ཡས་པའི་སྒྲའོ། །ཤེས་ནས་ང་ཡིས་རབ་ཏུ་འཆད་པར་བྱེད་ནི་བདེན་པའི་དག་གོ། །བོ་ཏཾ་གཱི་ནི་གསོང་པར་སྨྲ་བའོ། །པྲ་ཏི་བོ་ཧཾ་ག་ནི་གསོང་པོར་སྨྲ་བའི་ལན་ནོ། །ག་མུ་འགྲོ ་བར་ངས་པར་སྟོན་པ་ཉིད་དོ། །ལུམ་པ་རྣལ་འབྱོར་པ་འོད་དོ་ཞེས་པའོ། །གསོང་པོར་སྨྲ་བ་ནི་ཕྱག་འཚལ་བའོ། །ཏཾ་གཱི་སྔོ་མའོ། །པྲ་ཏི་རྟོག་པས་བརྟགས་ནས་སོ། །ག་མུ་ཞེས་བརྗོད་པ་ལ་འགྲོའོ་ཞེས་བརྗོད་པ་འགྱུར་རོ། །རྣལ་འབྱོར ་མ་རྣམས་ཀྱི་ཡང་ངོ། །དམ་ཚིག་ལ་སོགས་པར་དག་གིས་ཀླ་ཀློའི་སྐད་དོ། །ཀྲ་ཊུ་ཀཾ་ནི་ཟུར་ཅིག་ཅེས་བརྗོད་པའོ། །མར་ཎཾ་ནི་སྒྲ་ངན་དུ་བཤད་དོ། །ཤི་རོ་ནི་བརྫུན་ནོ། །ཀཙཎི་ཀ་ནི་དྲིལ་བུའོ། །བཱི་ང་ཎ་སྙིང་ངོ། །ཀ་ར་ཎ་ནི་ཕག་པའི་ཟེ་བར ་འགྱུར་རོ། །ཤྲ་བ་ཎ་ནི་རྣ་པར་རབ་ཏུ་བསྒྲགས་སོ། །མནྠ་ནི་ནི་བདུད་རྩིའི་གནས་སོ། །ཱ་ལི་ཀཱ་ལི་མཁའ་འགྲོད་བཤད། །ནར་ཀ་ནི་དཀྱིལ་འཁོར་བརྗོད། ། ནུ་ཀ་ནི་དུར་ཁྲོད་བཤད། །ཀ་ཁི་ལ་ནི་སྒོ་ཞེས་བརྗོད་པའོ། །ཤྭ་ས་ན་ནི་བྲཾ ་ཟེར་བཤད། །བ་རི་ཌཧི་ནི་རྒྱལ་རིགས་སོ། །བ་ར་ཏི་ནི་རྗེ་རིགས་སོ། །ཀུ་ར་ནི་དམངས་རིགས་སོ། །ན་ཏསྠ་ཉིད་གཏུམ་པོའོ། །པཱུ་ཤུ་ལི་ཀ་ཁྱིམ་དུ་བཤད། །བྷ་གི་ནཱི་མཁའ་འགྲོ་མ་རབ་བརྗོད། །དེ་བཞིན་མེད་ཀ་ནི་ཆུ། གྲི་ཧཾ་?ཕྱག་རྒྱས་འདེབས་པའོ། །ལྕེས་སོ་ལ་རེག ་པ་ནི་ལྟོགས་པའོ། །རེག་པ་ནི་ཟོས་སོ་ཞེས་པའོ། །ཏྲིཾ་ཥྞི་དྲི་ཡིས་བསྒོས་པའོ། །ཀ་ར་ཎ་ནི་མེ་ཏོག་གོ། །ཧཱ་སྱཾ་ནི་ལྷོ་བ་འཕྱང་བར་བཤད་དོ། །དཧཏ་ནི་ཆར་འགོག་པ་ཞེས་བཤད་དོ། །ཏྲིཔཏ་ཞུ་བཞེས་བརྗོད་པར་བྱའོ། །དེ་ཧཾ་གྲོང་ཁྱེར་ཞེས་བརྗོད ་དྷུ་རྨུ་ཕྱི་རོལ་ཞེས་བཤད་དོ། །དྷུ་མ་པྲི་ཡཱ་ནི་སྤྲིན་ནོ། །སཱ་ནུ་ནི་རིའོ། །ས་རི་ཏ་ནི་འབབ་ཆུ། ། ད་ནི་ནི་སོའོ། །པཾ་ཀཱཾ་རྒྱལ་མཚན་ནོ། །ཚན་དོ་ནི་འཕྲེང་བའོ། །ཎ་ཎྚ་ནི་ཕྱུག་སོ། །ས་སཾ་ནི་བཞི་མདོར་རབ་ཏུ་བརྗོད་ཕལྒུ་ཥཾ་ནི་སྐྱེ་བོར་བརྗོད། །སམ ་ཡཾ་ནི་ཆེན་ཤེས་པར་བྱ། མ་ཧཱ་ཀྵ་རཾ་བདུན་དུ་འཇུག་པ་ཕྱུགས་ཆེན་པོའོ། །གང་ལ་སོགས་པ་ཡི་གེ་རེ་རེའི་མིང་གིས་སོ། །ཧྲཱི་ནི་ངོ་ཚ་བྱེད་པ་རྣམས་ཞེས་པ་འཁྲིག་པ་སྨས་པར་འགྱུར་རོ། །ཧཱ་རྣམ་གྲང་སོ་ཞེས་པ་ཡུལ་ཁ་ཅིག་ཏུའོ། །ཧོ་རྣམ་གྲང་མ ་ཤེས་པར་བཤད་ཅེས་པ་ཡུལ་ཁ་ཅིག་ཏུའོ། །བོད་དང་ཏི་མུ་དང། ཀརཧཱ་ཊ་ལ་སོགས་པར་རོ། །དེ་བཞིན་དུ་ཡང་གསུངས་པ། །ཀརྞཱ་ཊ་རུ་ཀརྞའི་སྒྲས་རྡོ་དང་རྐང་པ་བརྗོད་པ་ཡིན། །ལ་ལར་འོན་པ་རབ་ཏུ་བརྗོད། །དེ་བཞིན་རྒྱུད་དུ ་བསྟན་པ་རྣམ་ཤེས་པ་སྒྲ་ཇི་བཞིན་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་སུ་རབ་ཏུ་གྲགས་པའི་རང་གི་བརྡ་དང། ཀླ་ཀློའི་སྐད་དོ། །དེ་ནས་གཞཱ་ཡང་རབ་ཏུ་བཤད། །ཇི་ལྟར་མཁའ་འགྲོ་མཚན་ཉིད། ་གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་རོ། །ཞེས་པ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཆེན་པོ་ནི། ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་པའི་དངོས་གྲུབ་ཆེན་པོ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང། །རང་རིག ་མཱ་མ་ཀཱི་ཕྱུང་སྟེ། །པདྨར་རྡོ་རྗེ་ཅན་བཅུ་གནས། །དེས་ནི་དངོས་གྲུབ་ཐབས་ཅིག་འགྱུར། །ཕྱག་རྒྱ་ཆེན་པོ་ཞེས་བསྒྲགས་སོ། །ཕྱག་རྒྱ་ཚལ་རྣམ་རོལ་ཏེ། །དགོངས་པ་མངོན་སུམ་ཉིད་དུ་གྱུར། །ཐམས་ཅད་རིག་ཅིང་ངས་རྣམས ་གྲོལ། །སྐྱེ་བ་འདི་ཉིད་ལ་འགྲུབ་འགྱུར་ཞེས། །པདྨའི་འདབ་ལྟར་དཀྱུས་རིང་མིག། དཀར་མོ་གོས་དཀར་ལ་དགའ་བ། །ཙན་ངན་སར་པའི་དྲི་དང་ལྡན། །རྟག་ཏུ་བདེ་གཤེགས་འདུས་ལ་དགའ་། །རྣམ་པར་སྣང་མཛད་རིགས་ལས ་སྐྱེས། དེ་རིགས་དུས་སྐྱེས་ཤེས་པར་བྱ། །བུད་མེད་གང་བཅོ་མའི་གསེར་དང་འདྲ། །རྟག་ཏུ་དམར་སེར་གོས་ལ་དགའ་། །རྫཱ་ཏི་ཙམ་པ་ཀ་དྲི་ལྡང། །དེ་ཡང་རིན་ཆེན་རིགས་ལས་རྒྱུད། །བུད་མེད་གང་ཞིག་ཁ་དོག ་དམར། །དམར་པོའི་གོས་ནི་རྗེས་སུ་འཆང། །མ་ལ་ཀེ་དང་ཆུ་སྐྱེས་དྲི། །དེ་འོད་དཔག་མེད་རིགས་ཅན་བཤད། །གང་ཞི་ཨུ་ཏྭལ་ལྷར་སྔོ་བ་སང། །རྟག་ཏུ་སྔོན་པོའི་གོས་ལ་དགའ་། །བུད་མེད་ཨུཏཔ་ལ་སྔོན་པོའི་དྲི། །དེ་ཡང་དོན་ཡང་? ་ལས་བྱུང། །བུད་མེད་གང་ཞིག་ཁ་དོག་ནག། ནག་དང་སྔོན་པའི་གོས་ལ་དགའ་། །ལྟེ་བ་ཀེ་ཏ་ཀ་ཡི་དྲི། །དེ་ནི་མི་སྐྱོད་རིགས་ལས་འབྱུང། །ལྟེ་བ་ཞེས་པ་གླ་རྩའི། །དཔལ་བཟང་པོ་ཡི་རིགས་སུ་གསལ་ཞེས་སོ། །དམར་ཞིང་དཀང་བའི་བུད ་མེད་གང། །དམར་ཞིང་དཀར་བའི་གོས་ལ་དགའ་། །རྟག་ཏུ་ག་པུར་དྲི་དང་ལྡན། །དེ་ཡང་རྡོར་སེམས་རིགས་ལས་བྱུང། །རྣལ་འབྱོར་མ་ཡི་རིགས་དག་ནི། །དྲུག་པོ་འདི་དག་ངས་བཤད་དོ། །ཞེས་པ་ནི་བྲམ་ཟེ་མོ་དང། གར་མཁན་མོ་དང ་གཏུམ་མོ་དང། རྗེ་རིགས་མོ་དང། དམངས་རིགས་མོ་དང། གཡུང་མོ་ཞེས་པ་དྲུག་གོ། །སྤྱན་མེ་དང། དཀར་མོ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང། མཱ་མ་ཀཱི་དང། སྒྲོལ་མ་དང། རྡོ་རྗེ་དབྱིངས་ཀྱིད་བང་ཕྱུག་མའོ། །འདི་རྣམས་ཀྱི ་དྲི་ཡང། ལུས་དང་བྷ་ག་ལ་ཡང་རྟག་ཏུ་འགྱུར་ཏེ། ཞེས་ཇི་སྐད་གསུངས་པའོ། །སྒྲ་ཇི་བཞི་པའོ། །གཡོན་པའི་ཀུན་སྤྱོད་ལ་རྟག་དགའ་ཨི། །རིགས་ཀྱི་རིག་པའི་ཡི་གེ་ཟློས། །རང་གི་ཕྱག་རྒྱའི་འཆིང་བ་དང། །རང་རིགས་ལས་བྱུང་ཚིག ་རྣམས་སྨྲ་ཞེས་པ་ནི་གཡོན་མ་ནི་བུད་མེད་དོ། །རིགས་ཀྱི་རིག་པའི་ཡི་གེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས། །རང་གི་ཕྱག་རྒྱ་ནི་རིགས་གང་ཡིན་པ་སོ་སོའི་འཆིད་པ་དེའི་རིགས་ཀྱི་ཕྱག་རྒྱའོ། །ཚིག་རྣམས་ནི་ཚིག་གོ?་གཡོན ་བས་འགྲོ་བའི་བུད་མེད་གང་ནི། བུད་མེད་རྣམས་སོ། །རྣལ་འབྱོར་མ་རྣམས་རྟག་ཏུ་སྐད་ཚོན་པ་རབ་ཏུ་སྒྲ་བ་དག། གཡོན་པའི་ལྟ་བས་ཀུན་ཏུ་པ་ལྟ་བའོ། །བུད་མེད་ནི་མི་མོ་རྣམས་ལ་གསོལ་བ་འདབས་པར་བྱེད་པ་དང། །རིགས་ཀྱི་ས་བོན་?? ་སྨྲ་བ་རིགས་ཀྱི་བྱ་བ་མི་འདོར་བ་ཉིད་ཀྱིས། །རང་གི་བསྟན་བཅོས་སུ་གསུངས་པ། མི་འདོར་ཞིང་རང་གི་རིཌ་ཀྱི་རིག་བཟློས། །དེ་ནི་དམ་ཚིག་ལྡན་པར་བརྗོད། །ཕྱག་འཚལ་བ་ནི་གང་འཆིང་བ། །གཡོན་པའི་ཡན་ལག་རྟག་ཏུ་འདུད། །བུད་མེད ་རྣམས་དང་ཀུན་སྣ་བྱེད། །དེ་ཉིད་དམ་པའི་དངོས་པོར་འགྲོ། །ཞེས་པ་ནི་ལྷན་ཅིག་སྤྱོད་པའི་སྐབས་ཉིད་ལས་ལྷན་ཅིག་སྤྱོད་པ་གསུངས་པ་དམ་པའི་དངོས་པོ་ནི་རང་གི་ངོ་བོའོ། །འགྲོ་བ་ནི་སྟོན་པར་བྱེད་པའོ། །དམ་ཚིག་ཅན་དེའི་མཐེ་བོས ་ས་ལ་རི་མོ་འདྲི་བ་ནི། །རྐང་པ་དང་ལ་ཤ་པ་གཡོན་པ་སོ། །མགོ་བོ་འཕྲུག་པ་དག། དེ་བཞིན་རང་གི་དྲན་པའོ། །མཁུར་བ་འམ་ཀོས་ཀོ་དག་དང་ནི། །སྣ་དག་ཏུ་ནི་སོར་མོ་སྟོན། །ཟུར་གྱིས་བལྟ་ཞིང་ལན་ཅིག་སྔགས། །ཟློས་ཤིང་རིག ་པ་དེས་པར་བལྟ། །དམ་པའི་དངོས་འགྲོ་རྣལ་འབྱོར་མ། །གང་ཡང་དམ་ཚིག་ཅན་རྣལ་འབྱོར་ཞེས་སོ། །ས་ལ་རི་མོ་འདྲི་བ་ཉིད་ནི་བླ་མ་དང་སྐྱེ་བོ་བདག་གི་རིང་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པའོ། །མགོ་བོ་འཕྲུག་པར་བྱེད་པས་རང ་ཉིད་གཞན་དབང་དུ་འབྱུང་བར་སྨྲ་བར་བྱེད་དོ། །སྣོ་དག་ལ་སོང་མོ་སྟོན་ཞེས་པ་འདིས་བདག་བསྲུངས་བས་ཁྱོད་ཀྱི་མ་ལྟ་བུར་རྗེས་ཆགས་ལས་འཇིགས་པར་བྱེད་དོ། །ཟུར་གྱིས་བལྟ་བས་ནི། འོང་བའི་ཡན་ལག་བལྟ་བདེ་བལྟ་བར ་བྱེད་དེ། །སྒྲ་ཇི་བཞིན་འོ། །ཆགས་པའི་སེམས་སོ། །རྙེད་དཀའ་མཁའ་འགྲོ་མ་རྣམས་དང། །དེ་བཞི་ཁོ་ན་མ་རྣམས་ཀྱང། །བདུད་རྩི་ལྔ་རྣམས་དམ་པའི་དངོས། །རང་གི་མཚན་ཉིད་འདིར་བརྗོད་བྱ་ཞེས་པ་ནི། །གཟུགས་ཡོངས་སུ ་བསྒྱུར་བའི་མཚན་མ་དང་ཕྱག་རྒྱ་གསུངས་ཏེ། བདུད་རྩི་ལྔ་ནི་རིགས་ལྔ་སྟེ་དགོངས་པའོ། །གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མ་ཡོངས་གྱུར་བྱིས་བཅས་མ། །མི་ལྡོག་འདི་པ་མེད་ལྷ་མོ། །མཁའ་འགྲོ་མ་ནི་རྣམ ་བདུན་བཤད་ཅེས་པ་མདོར་བསྟན་པའོ། །བྲམ་ཟེ་དང། གཏུམ་པོ་དང། གར་མཁན་དང། ཚོས་མཁན་དང། གཡུང་པོ་དང། རྒྱལ་རིགས་དང། དམང་རིགས་ཏེ། དེ་དག་གི་རིགས་ལས་ཡང་དག་པར་བྱུང་བ་འདི་དག་ཀྱང་བདུན་ནོད ་གང་ཞིག་སྨིན་མ་འདེགས་བྱེད་ཅིང། །མདེན་པར་ཞེན་པས་བལྟ་བ་དག། །སྔོན་གྱི་གཟུགས་ནི་སྡུད་བྱེད་ཅིང། །ཕྱི་ནས་འཇིགས་པར་བྱེད་པ་ཉིད། །དེ་ནི་གཟུགས་ཅན་མར་ཤེས་བྱ། དཔའ་བོ་གཉིས་མེད་བསྟན་པའོ། ཞེས་པ ་རྒྱས་པར་བཤད་པའོ། །གསུངས་པ་ཡང། དེ་ཡིས་གང་བྱིན་པའི་དམ་ཚིག་གི་རྫ་དེ་བཟའ་བར་བྱའོ། །ཇི་སྲིད་དུ་ལན་བདུན་བཟླས་ལ་དབང་དུ་བྱས་ཏེ་དེ་ནས་མཁའ་འགྲོ་ལ་སྤྱོད་པ་ཉིད་དོ་ཞེས་སོ། །སྔོན་ནི་དང་པོ་པའི་གཟུགས ་སོ། འཇིག་པ་ནི་ཡོང་སུ་བསྒྱུར་བའི་གཟུགས་རང་གི་གཟུགས་ཀྱིས་གནས་པར་བྱེད་དོ་ཞེས་པའི་དོན་ནོ། །འདོད་པ་འམ་གལ་ཏེ་མི་འདོད་རུང། །བྱིས་པ་འཁྱུད་ཅིང་འོ་བྱེད་པ། །དེ་ནི་འོ་བྱེད་མར་ཤེས་བྱ། །མཁའ་འགྲོ་སྡིག ་པ་འཇོམས་བྱེད་མའོ། །ཟུར་བལྟ་གདོང་ལ་ཁྲོ་གཉེར་ཅན། །རྡོ་རྗེ་སྨིན་བསྒྱུར་སྡིགས་མཛུབ་དང། །དབུགས་འབྱིན་འཇིགས་པར་བྱེད་གང་ཡིན། །དེ་ནི་ལཱ་མར་རྣམ་ངེས་བསྟན། །འཇིགས་པར་བྱེད་པ་ནི། །ཧཱུཾ་ཡིག་ལ་སོགས ་པའི་བདག་ཉིད་དང་ཆགས་པའི་བདག་ཉིད་དོ། །ཕག་དང་རི་བོང་ཅན་བྱི་ལ། །ཅེ་སྦྱང་ར་དང་རྟ་སོགས་ཀྱིས། །གཟུགས་ཀྱིས་ཀུན་ཏུ་སྐྲག་ཅིང་འཇིགས། །དེ་ནི་ཡོངས་འགྱུར་ཨམ་ཞེས་བཤད་ཅེས་སོ། །ཕག་ན་ཕག་གོ། བྱིལ་ནི་བྱི ་དགྲའོ། །ར་ནི་རའོ། །སྒྲ་ཇི་བཞིན་པའོ། །གང་ཞིག་ཀུན་ཏུ་དགའ་བས་དགོད། །སོང་ནས་སླར་ཡང་མི་བཟློག་པ། །རྗེས་སུ་ཆས་པས་གསལ་བར་དགོད། །དེས་ནི་བྱིས་བཅས་མར་ཤེས་བྱ། །རྗེས་སུ་ཆགས་པ་ནི་རབ་ཏུ་དད་བའི་བཞིན་ནོ། །སྒྲ་ཇི ་བཞིན་པའོ། །ཡིད་ནི་སྐྱོ་བས་ལག་པས་སམ། །བོད་བས་སམ་ནི་རྐང་པ་ཡིས། །གོས་སམ་ཤིང་གིས་རེག་པ་དང། །ངེ་ཡིས་རེག་པས་འཚོ་མི་འགྱུར། །དེ་ནི་མི་ལྡོག་མར་ཤེས་བྱ། །བསྒྲུབ་བྱ་མིན་པར་ཡོངས་སུ་བསྒྲགས་ཞེས་སོ། །མཚོན ་ཆ་ལ་སོགས་པས་རེག་པ་དང། །ལག་པ་ལ་སོགས་པས་རྨས་པ་ནི་མི་འཚོ་བར་ཐེ་ཚོས་མེད་པའོ། །དེའི་ཕྱིར་རང་བཞིན་རྗེས་སུ་ཆགས་པར་བྱའོ། །ཞེས་རྟོགས་པར་བྱའོ། །ཁྲུས་སམ། ཟ་བ་དང་བཏུང་འགྲོ་བ་དང། ཁྲོས་པའི་ལྟ་བས་ཀུན ་ཏུ་བལྟ་བར་བྱེད་པ་ནི། །རྣམ་པར་འགྱུར་བར་སྟོན་པར་བྱེད་པའོ། །ཕྱི་ནས་མཁའ་འགྲོ་མ་སྟེ་འདི་དཔའ་མོར་བཤད་ཅེས་པའོ། །ཕྱི་ན་ནི། ངེས་མཐོང་བ་དང། བཟའ་བ་ལ་སོགས་པ་ཟོས་པར་གྱུར་པ་ལའོ། །སྒྲ་ཇི་བཞིན་པའོ། །མཁའ་འགྲོ་རྣམས ་ཀྱི་ལག་པར་ཕྱག་རྒྱའམ། ཁྱིམ་དུ་གནས་པས་མཚོན་པར་བྱེད་པ་ནི། །ཐོད་པ་དགྲ་སྟ་མཆེ་བ་དང། །འཁོར་ལོ་ཉིད་དང་རྒྱལ་མཚན་མཉམ། །རྡོ་རྗེ་དང་ནི་རལ་གྱི་གྲགས། བདུན་པོ་རིགས་ཀྱི་ཕྱག་རྒྱར་གྲགས། །ཁྱིམ་དུ་ནི་རྣམས་མཆོད ་བར་བྱེད། །རིགས་ཀྱི་རིག་པ་ཟློས་པར་བྱེད་ཅེས་པ་ལ་ཁྱིམ་དུ་ནི་ཆོས་འབྱུང་དུའོ། །རིགས་ཀྱི་རིགས་ནི་རིགས་སོ་སོར་བཅིངས་པ་གང་ཡིན་པ་དེའི་རིགས་ཀྱི་ལྷ་ཉིད་སྒོམ་པར་བྱེད་པ་ཡང་ངོ། །དགོངས་པའོ། །མཁའ་འགྲོ་མའི ་མཚན་ཉིད་དོ།། །།དེ་ནས་གཞན་ཡང་མཁའ་འགྲོ་མའི། །མཚན་ཉིད་ཇི་བཞིན་རབ་འཆང་བྱེད། །མཁའ་འགྲོའི་དམ་ཚིག་ལ་གནས་པ། །སྒྲུབ་པོ་གང་གིས་ཤེས་པར་བྱེད་ཅེས་པ་ནི་དཔལ་ཧེ་རུ་ཀའི་རིགས་ཀྱི་མཁའ་འགྲོ་མའི་ཁ ་དོག་གི་མཚན་ཉིད་དང་མཚན་མ་གསུངས་པ། སྒྲུབ་པ་པ་ན། ཧེ་རུ་ཀའི་དམ་ཚིག་ལ་གནས་པའི་དམ་ཚིག་ཅན་རྣམ་སོ། །སྒྲ་ཇི་བཞིན་པའོ། །བུད་མེད་གང་ཡང་ཁ་དོག་དམར། །པདྨའི་དྲི་ནི་རྣམ་པར་གཏོང། །?? ་དུ་པདྨ་ར་བྲི་བ་ཡང། །པདྨ་གར་དབང་རིགས་བྱུང་ཡིན་ཞེས་ཏེ། པདྨ་གང་དབང་ནི་འོད་དཔག་མེད་དེ། །དགོངས་པའོ། །རང་གི་ཁྱིམ་དུ་དཔལ་རྡོ་རྗེ། །བྲིས་པ་རྟག་ཏུ་མཆོད་བྱེད་གང། །ལུས་ནི་གནག་དང་སྔོ་བསང་མ། །དེ་ནི་རྡེའི ་རིགས་འབྱུང་ཡིན། །གང་གིས་དཔྲལ་བ་འམ་ལག་པར་ནི། །འཁོར་ལོ་ཡང་ནི་རབ་སྣང་བ། །སེར་ཞིང་སྐྲལ་བཟང་ཕུན་སུམ་ཚིགས། །རྟག་ཏུ་མཆོག་ཏུ་ཆེས་ལེགས་པ། །རང་ཁྱིམ་འཁོར་ལོ་བྲིས་པ་ནི། །ཐུན་མཚམས་བཞི་དུ ་མཆོད་པར་བྱེད། །རྣམ་པར་སྣང་མཛད་རིགས་ལས་སྐྱེས། །མཁའ་འགྲོ་མ་ཡི་སྟོབས་ཀྱི་དྲེགས་ཤེས་པ་ནི། །འཁོར་ལོ་ནི་གསེར་ལས་གཞན་གྱིས་གནས་པའོ། །ལེགས་པ་ཅན་ནི་བག་མར་བཏང་བ་གཡོ་བ་གསལ་བའོ། །སྔོ་བསངས ་སོ་མཐོ་མ་རུངས་པ། །གཡོ་ཞིང་མང་དུ་མི་སྨྲ་མོ། །རང་ཁྱིམ་རལ་གྲི་མཆོད་བྱེད་པ། །དོན་ཡིད་གྲུབ་པའི་རིགས་བྱུང་བའོ། །སེར་ཞིང་གསེང་དུ་སྣང་ཨ་དང། །མིག་མི་གཡོ་ཞིང་ཁ་སྤུ་སེར། །རིན་ཆེན་དཔྲལ་བར་སྣང་བ་འམ། །ལག་པར ་ཡང་རུང་ཁྱིམ་དུ་འང་རུང། །རྟག་ཏུ་རྒྱལ་སྲིད་གནས་པ་གང། །བསྙེམས་ཤིང་བདེན་པར་སྨྲ་བ་དང། མ་ལི་ཙམ་པ་ཀ་དྲི་ཡང། །དེ་ནི་རིན་ཆེན་རིགས་ལས་བྱུང་ཞེས་སོ། ལམ་གྱི་སྒྲ་ནི་དཀར་པོ་དང་བ་ལང་ཚོ་དང་ལྡན་པ་དང། ་རྒྱལ་བ་དང། །མ་རྒྱལ་བ་དང་ལྡན་པ་ནི་གོ་སླའོ། །མདོག་ནག་མ་རུངས་ཤ་ལ་དགའ་། །རྟག་ཏུ་མ་རུངས་ལས་ལ་དགའ་། །རྩེ་གསུམ་འམ་ནི་ཐོད་པའང་རུང། །དཔྲལ་བའམ་ལག་པ་ཁྱིམ་དཱུང ་རུང། །ཁྲིས་པ་རྟག་ཏུ་མཆོད་བྱེད་པ། །དེ་ནི་འཇིགས་བྱེད་རིགས་ལས་བྱུང་ཞེས་ཏེ། འཇིགས་བྱེད་ནི་རྒྱལ་རིགས་སོ། །ཞེས་གྲུབ་ཐོབ་ལ་བའི་ན་བཟའ་ཅན་གྱི་ཞབས་སོ། །སྤྲིན་གྱི་ཁ་དོག་དང་འདྲ་ཞིང། །སོ་ནི་མི་མཉམ་པར་གནས་པ། །རྟག་ཏུ་མ ་རུངས་ལས་ལ་དགའ་། །གཡོན་གྱི་མཆེ་བ་གཙིགས་པ་གང། །རྟག་ཏུ་དག་སྟ་མཆོད་བྱེད་པ། །རྣམ་པར་འདྲེན་པའི་རིགས་ལས་བྱུང་ཞེས་པ། རྣམ་པར་འདྲེན་པ་ནི་སྒྲུབ་ཐབས་ཀྱི་ཆོ་ག་ལ་ཡང་དམངས་རིག་སོ་ཞེས་སོ། །སྒྲ་ཇི་བཞིན་པའོ། ། ་གཟུགས་ཡོངས་སུ་བསྒྱུར་བའི་མཚན་མའོ།། །།དེ་ནས་འདི་ལས་ལཱ་མ་ཡི། །མཚན་ཉིད་ཇི་བཞིན་རབ་འཆད་བྱེད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བའོ། །ཞེས་བྱ་བ་ལ་སོགས་པས ་ཕྱག་རྒྱ་རྒྱས་པར་བཤེད་པ་གསུངས་ཏེ། ལཱ་མ་རྣམས་ནི་ཡིད་འཕྲོག་མ་རྣམས་སོ། །དངོས་གྲུབ་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་དང། ལམ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད ་ཕྱག་རྒྱ་ཚན་པོ་མཆོག་གི་དོན་རབ་ཏུ་སྒྲུབ་པ་པོ་གསལ་ལོ། །གང་གི་ན་ཆུང་ཀུན་མཐོང་བ། །གདོད་པ་ཡོངས་སུ་ཟླུམ་པ་དང། །ཁ་ལམ་བ་བཅན་ཉིད་དང། །སྤུ་དང་སྨིན་མ་རིང་བ་དང། གོས་བཟང་གཙང་ལ་ཞི་བ་དང། མི་གཡོ་བདེན་པར་སྨྲ་བ ་དང། །རྟག་ཏུ་དམ་པའི་ཆོས་ལ་དགའ་། །པདྨའི་དྲི་ནི་རྣམ་པར་གཏོང། །དེ་ནི་བཅུ་པའི་ཚིགས་མཚམས་ལ། །ཁྱིམ་དུ་པདྨ་བྲིས་པ་ཡང། །པདྨ་ལས་བྱུང་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །པདྨའི་ཕྱག་རྒྱ་སྦྱིན་པར་བྱ།། ་ཡང་ན་རུས་སྦལ་ཕྱག་རྒྱ་ཡང། །ཕགས་ངང་རིལ་བ་སྤྱི་ལུགས་ཉིད། །ཕྱག་རྒྱའི་ལམ་དུ་བརྗོད་པར་བྱ། །པདྨའི་ཕྱག་རྒྱ་ནི་ལག་པ་གཉིས་ཀ་དག་གི་སོར་མོ་ཐམས་ཅད་བསྐུམ་སྟེ་པདྨ་ཁ་འབུས་པའི་རྣམ་པར་འགྱུར་རོ། །དུས་སྦལ་གྱིས ་ཕྱག་རྒྱ་ནི་གཡོན་པའི་སྟེང་དུ་ལག་པ་གཡས་པས་པགས་པའི་ཕྱག་རྒྱ་ནི་གླང་པོ་ཆེའི་བགས་པ་འཛིན་པ་ཉིད་དོ། །དིལ་པ་སྤྱི་ལུགས་ཀྱི་ཕྱག་རྒྱ་ནི་དེ་བཞིན་དུ་གསལ་ལོ། །མཆུ་ནི་གློ་ཞིང་མིག་དཀྱུས་རིང། །མིག་ནི ་དམར་ཞིང་སེར་སྐྱ་སྟེ། །ཕྱུག་ཅིང་སྐལ་བཟང་དཔལ་ཡོན་ཅན། །དཀར་ཞིང་ཙམ་པ་ཀ་ཡི་དྲི། །རང་དང་རིང་མིན་ལག་ཉིད་དང། །རྣམ་པ་སྣ་ཚོགས་གོས་ལ་དགའ་། །དཔྲལ་བར་རི་མོ་གསུམ་པ་ཉིད། །མཚམས་ནི་སྐྱེན་དུ་བསྟན་པ་ཉིད ་དགོད་ཅིང་དགའ་བ་ཉིད་དག་དང། ལམ་ནི་རྣམ་པར་གནོན་ཅིང་གནས། །གཡུལ་དུ་ཤི་བ་རྣམས་ཀྱི་ནི། །གཏམ་ལ་རྟག་ཏུ་ཤིན་ཏུ་དགའ་། །དེ་ཡི་བཅུ་བཞི་དང་བརྒྱད་པ། དེ་ཡིས་དུས་ཚིགས་ཡིན་པར་བཤད། །ཁྱིམ་དུ་རྩེ་གསུམ་བྲིས ་པ་ལ། །རྟག་ཏུ་དེ་ནི་མཆོད་པར་བྱེད། །འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། །མཚན་ཉིད་གྱུར་བ་འདི་དག་གོ་།འདི་འདྲའི་རབ་མྱོས་མ་མཐོང་ནས། མདུང་གི་ཕྱག་རྒྱ་རབ་བསྟན་བྱ། །རྐང་བ་གཡོན་པ་བསྐུམ་བྱས་ནས། །གར་ནི་དེ་ལ་རབ ་བསྟན་བྱ། །གཡོན་པས་ཡོངས་སུ་བསྐོར་བ་ཡང། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །མཐེ་ཆུང་མཐེ་བོ་མན་ནས་སེར་མོ་གསུམ་པ་རྣམས་བརྐྱང་བ་ལས་རྩེ་གསུམ་གྱི་ཕྱག་རྒྱའོ། །གར་ནི་གཡས་བརྐྱང་དུ་གསལ་ལོ། །གང་གི་མཁུར ་བ་མཁུར་ཚོས་ལ། ཁུང་བུར་སྣང་བ་གནས་པ་དང། །རྟག་ཏུ་མངར་ཞིང་སེར་ལ་གཙང། །མི་ནི་ལྗང་དང་སེར་སྐྱ་དང། །གང་གི་དཔྲལ་བ་འམ་ལག་པ་ལ། །ལི་མོ་གཅིག་པ་སྣང་བ་དང། མགྲིན་རིང་སྐྲ་ནི་འཁྱིལ་པ་དང། །རྟག་ཏུ་གོས ་དམར་ལ་དགའ་བ། །དགོད་ཅིང་གླུ་ནི་ལེན་པ་ཡང། །བློ་བུར་ཉི་དུ་རབ་ཁྲོ་བྱེད། །སེམས་ནི་གཡོ་ཞིང་ཁང་པར་དུ། །འཐབ་མོ་ལ་ཡང་ཞེན་པ་སྟེ། །དེ་ནི་ཉ་ཡི་དུས་ཚིགས་སུ། །ཁྱིམ་དུ་དྲིལ་བུ་བྲིས་པ་ཡང། །ཤེས་རབ་ཕ་རོལ་ཕྱིན་བྱུང ་བའི། །ལཱ་མའི་མཆན་ཉིད་ཡིན་པར་བཤད། །འདི་འདྲའི་རབ་མྱོས་མཐོང་ནས་ནི། །དྲིལ་བུའི་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པ་མདུང་ཐུང་ཕྱག་རྒྱ་ཡང། །སྒྲུབ་བོ་ཤིན་ཏུ་མཉམ་གཞག་པས། །གཡོན་ནས་ཡོངས་སུ་བསྐོར་བ་ཡིས། །ཕྱག་རྒྱའི་པན་ནི ་ཡིན་པར་བཤད། །དྲིལ་བུ་དཀྲོལ་བའི་སྦྱོར་བ་ཡང། །ལག་པ་གཡོན་པས་རབ་བསྟན་བྱ་ཞེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་གཏུམ་པོའི་རིགས་སོ། །མདུང་ཐུང་གི་ཕྱག་རྒྱ་ནི་ལག་པ་གཉིས་ཁ་སྦྱར་ལ། །སྔགས་མཛུབ་གཉིས་བསྐུམ ་སྟེ། གུང་མོའི་ཚིགས་གསུམ་པའི་གློ་བནག?་ནས། དེ་བཞིན་དུ་མཐེ་བོ་གཉིས་ཚིགས་པར་མར་བཞག་པ་ལས་སོ། །སྒྲ་ཇི་བཞིན་པས་སོ། །གང་ཞིག་ཐུར་ཞི་འབྱིན་པ་བསྒོམ། །རྟག་ཏུ་སེར་པོའི་གེས་ལ་དགའ་། །དེ་ནི་བཅུ་བཞིའི་དུས་ཚིགས་ལ ་ཁྱིམ་དུ་རིན་ཆེན་བྲིས་པ་ཡང། །འདི་འདྲའི་རབ་མྱོས་མཐོང་ནས་ནི། རིན་ཆེན་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པ་དུད་གི་ཕྱག་རྒྱ་ཡང། །རབ་ཏུ་འབང་པས་སྦྱིན་པར་བྱ། །གཡོན་ནས་ཡོངས་སུ་བསྐོར་བ་ཡི། །ཕྱག་རྒྱའི་ལན་ནི་ཡིན་བར་བཤད། ། ་རིན་དབང་ལས་བྱུང་ལཱ་མ་ཡིན། མཚན་ཉིད་གྱུར་བ་འདི་དག་ཡིན། གདུང་གི་ཕྱག་སྦྱིན་ལག་པ་གཡས་པ་བཀན་ལ་མཐེ་བང་ནང་དུ་བཅུག་པའི་ཁུ་ཚུར་ལ་སྡིགས་མཛུབ་རབ་ཏུ་བརྐྱང་བར་བྱ་བ་ལ་སོ། །ལུས་ཀུན་ལ་ནི་བ་སྤུ་ཡོད། །མིག་ནི་ནག ་ཅིང་སེར་སྐྱ་དང། །སྦོམ་ཞིང་རྣམ་འགྱུར་མི་བཟང་བ། །གསུས་པ་གློ་ཞིང་སྣ་ནི་ཉམས། །གང་ཞིག་གནག་ཅིག་ཟླུམ་པ། །རྟག་ཏུ་གླུ་དང་གར་ལ་དགའ་། །དེ་ཡི་བཅུ་གཅིག་ཚིགས་མཚམས་ལ། །ཁྱིམ་དུ་མཆེ་བ་བླིས་པ་ཡང། །འདི། ་འི་དྲའི་རབ་མྱོས་མཐོང་ནས་ནི། །ཀླུ་ཡི་ཕྱག་རྒྱ་རབ་བསྟན་བྱ། །སྒྲུབ་པོ་དངོས་གྲུ་བརྩོན་པ་ཡིས། །གཉིས་པ་མ་མདུར་འཐུང་ཕྱག་རྒྱ་ཉིད། །གཡོན་ནས་ཡོངས་སུ་བསྐོར་བ་ཡིས། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །ཀླུ་དབང་རིགས་ཀྱི་ལཱ་མ ་ཡི། །མཚན་ཉིད་འདི་འདྲ་འགྱུར་བ་ཡིན་ཞེས་སོ། །ཀླུའི་དབང་པོ་ནེ་ནམ་མཁའ་ལྡིང་ངོ། །དེ་ཡི་བདག་པོ་ནི་དོན་ཡོད་དེ་དགོངས་པའོ། །ལག་པ་གཡོན་པའི་སྟེང་དུ་གཡས་པའི་ཁུ་ཚུལ་བཞག་ལ། ལག་པའི་མཐེ་བོད ་དང་མཐེ་ཆུང་བརྐྱང་ནས་སོར་མོ་གསུམ་གདེངས་ཀའི་རྣམ་པ་ནི། །མིག་སྨན་གྱི་ཀླུའི་བྱག་རྒྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་འདི་ལས་ལག་གཡོན་གྱི། བརྡ་གཞན་རབ་ཏུ་འཆད་པར་བྱེད། །གང་གིས་སྤུན་ནམ་སྲིན་མོར་ཡང། །ཡང ་དག་པར་ནི་རྣམ་ཤེས་བྱེད་ཅེས་བྱ་བ་ལ་སོགས་པས་བརྡ་གསུངས་སོ། །གསོང་བོར་སྨ་ཞེས་བརྗོད་པ་ཡིན་ནོ། །ལག་པ་གཡོན་པས་གསོང་པོར་སྨྲ་བ་ལས་སོ། །མིང་མེད་སྟོན་པ་ཉིད་ལས་ནི། །གསོང་པོར་སྨྲ་བའི་ལན་དུ་བརྗོད། །གང་ཞིག ་ལྟོ་བ་རྡེབས་པ་ནི། །བཀྲེས་པར་རབ་ཏུ་གསལ་བར་བྱེད། །གང་ཞིག་དཕྲལ་བསྟོན་པེ་ནི། །དེ་ཉིད་གང་འོངས་ཞེས་པ་འདྲི། །ཁར་ནི་སོར་མོ་རབ་འཇུག་པ། །ཁྱོད་ཀྱིས་ཐོས་པ་རབ་གསལ་བྱེད། །གང་ཞིག་ལྕེ་ནི་སྐྱོད་པར་བྱེད། །བཟའ་བར ་བྱ་ཞེས་རབ་གསལ་བྱེད། །གང་ཞིག་པུས་མོ་ལ་རེག་པ། །ངལ་སོ་ཞེས་ནི་བརྗོད་པ་ཡིན། །གང་ཞིག་སོར་མོའི་རྩེ་རེག་པ། །ངལ་ནི་སོས་པར་རབ་གསལ་བྱེད། །གང་ཞིག་སོ་སོ་འཆའ་བྱེད་པ། །ཁྱོད་ཀྱི་ཤ་ནི་བཟའ་བྱའོ། །གང་ཞིག་ཁྲོ་གཉེར ་སྟོན་བྱེད་པ། །བཅིངས་སོ་ཞེས་ནི་བརྗོད་པ་ཡིན། །གང་ཞིག་མཁའ་ལྡིང་སྟོན་བྱེད་པ། །སྒྲུབ་པོ་བདག་གིས་གྲོལ་པའོ། །ལག་པར་ལག་པས་བརྡེབས་པ་ནི། །གཏོར་མ་བཟའ་ཞེས་བརྗོད་པ་ཡིན། །ལག་པ་གཡས་པ་སྟོན་བྱེད་པ། ་དེ་ལྟར་གྱིས་ཞེས་རབ་ཏུ་བརྗོད། །གང་ཞིག་རྣ་བ་ལ་རེག་པ། །བདག་ནི་ངལ་བསོ་གནས་ཡར་བྱ། །གང་ཞིག་སེན་མོས་སེན་མོ་རེག་།ཤི་བ་དུར་ཁྲོད་དུ་ཁྱེར་ཅིག། གང་ཞིག་ས་ལ་རྣམ་པར་འགྲི། འཁོར་འཁོར་དུ་ན་རབ་འཇུག ་བྱེད། གང་ཞིག་ཀོ་སྐོ་ལ་རེག་པ། བདེ་བས་ཉལ་བར་བྱེད་དོ་ཞེས། ཞེས་པས་འཕོངས་ནི་བཤད་ལམ་སྟེ་གསལ་ལོ།། །།དེ་ནས་གཞན་པ་ཕྱག་རྒྱ་ལ། །ཕྱག་རྒྱའི་ལན་ནི་རབ་འཆང་བྱེད། །གང་གི་རྣམ་པར་ཤེས་ཙམ་གྱིས། །ཕོ? ་མོ་རྣམས་དབུགས་དབྱུང་འགྱུར། །གང་ཞིག་ཁུ་ཚུ་ར་སྟོན་བྱེད་པ། །དེ་ལ་ལག་པ་རབ་བསྟན་བྱ། །གང་ཞིག་སྒྲ་ཡང་སྟོན་བྱེད་པ། །རྟག་ཏུ་ཁ་ཊཝཱཾ་ག་བསྟན་བྱ། །གང་ཞིག་ཡན་ལག་རྣམ་པར་བསྐྱོང། །དེ་ལ་མཆེད་བ་རབ་བསྟན་བྱ། ཞེས ་སོ། །བུད་མེད་གང་ཞིག་སྦྱི་གཙུག་སྟོན་བྱེད་པ། །དེ་ལ་མགོ་བོ་རབ་བསྟན་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་མཁུར་ཆོས་རབ་བསྟན་བྱ། །གང་ཞིག་སོ་རྣམས་སྟོན་བྱེད་པ། །དེ་ལ་ལྕེ་ནི་རབ་བསྟན་བྱ། །གང་ཞིག་མཆུ་ནི་སྟོན་བྱེད ་པ། དེ་ལ་ཀོ་སྐོ་རབ་བསྟན་བྱ། །གང་ཞིག་མགྲིན་པར་ཀུན་ནས་རེག། དེ་ལ་ལྟོ་བ་རབ་བསྟན་བྱ། །གང་ཞིག་ལག་པ་སྟོན་བྱེད་པ། །དེ་ལ་དབུང་པ་རང་བསྟན་བྱ། །གང་ཞིག་ལྟག་པ་སྟོན་བྱེད་པ། །དེ་ལ་རྒྱབ་ནི་རབ་བསྟན་བྱ། །གང་ཞིག་ནུ་མ་སྟོན་བྱེད་པ། །དེ་ལ ་འོ་ནི་རབ་བསྟན་བྱ། །གང་ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལྟ་བ་རབ་བསྟན་བྱ། །གང་ཞིག་གསང་བ་སྟོན་བྱེད་པ། །དེ་ལ་རྟགས་ནི་རབ་བསྟན་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །དེ་ལ་འཕོངས་ནི་བསྟན་པར་བྱ། །གང་ཞིག་བུས་མོ ་སྟོན་བྱེད་པ། །དེ་ལ་བྱིན་བ་རབ་བསྟན་བྱ། །གང་ཞིག་རྐང་བ་སྟོན་བྱེད་པ། །དེ་ལ་རང་གི་རྐང་བཞིལ་ལོ། །གང་ཞིག་སོར་མོ་སྟོན་བྱེད་པ། །དེ་ལ་སེན་མ་རབ་བསྟན་བྱ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་ནམ་མཁའ་རབ་བསྟན་བྱ། །གང་ཞིག་བུས་མོ ་སྟོན་བྱེད་པ། །དེ་ལ་ཉི་མ་རབ་བསྟན་བྱ། །གང་ཞིག་ཆུ་ཀླུང་སྟོན་བྱེད་པ། དེ་ལ་རྒྱ་མཚོ་བསྟན་པར་བྱ། །གང་ཞིག་གུང་མོ་སྟོན་བྱིན་པ། །དེ་ལ་སྡིགས་མཛུབ་རབ་བསྟན་བྱ། །གང་ཞིག་མིང་མེད་སྟོན་བྱེད་པ། །དེ་ལ་ལྕེ་ནི་རབ་བསྟན་བྱ། །གང་ཞིག་པཊཊི ་ས་སྟོན་པ་དེ་ལ་མདུང་ནི་རབ་བསྟན་བྱ། །གང་ཞིག་མགོ་བོར་སྟོན་བྱེད། །དེ་ལ་མཚམས་ནི་རབ་བསྟན་བྱ། །གང་ཞིག་ངོས་ནི་སྟོན་བྱེད་པ། །དེ་ལ་ཁ་ནི་རབ་བསྟན་བྱ། །གང་ཞིག་ཁྲོ་གཉར་སྟོན་མཛད་པ། །དེ་ལ་གཙུག་ཕུད? ་རབ་བསྟན་བྱ། །གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་མཆུ་ནི་རབ་བསྟན་བྱ། །གཞིག་མགྲིན་པ་སྟོན་བྱེད་པ། །དེ་ལ་ཁ་ནི་རབ་བསྟན་བྱ། །གང་ཞིག་དཔྲལ་བསྟོན་བྱེད་ལ། །དེ་ལ་མིག་ནི་རབ་བསྟན་བྱ། །སོར་མི་གཅིག་ནི་རབ་སྟོན་བྱེད། །སྔགས་ལས་ལེགས ་པར་འོངས་སམ་བརྗོད། །གཉིས་ཀྱིས་ལེགས་པར་འོངས་བརྗོད་འགྱུར། །མཐེ་བོང་བཙིར་ལས་དགེ་བའོ། །སྡིགས་མཛུབ་མཐེ་བོང་སྦྱོར་བ་ཡིས། །མིག་གིས་ཕྱག་རྒྱར་རབ་ཏུ་གྲགས། །དེ་ལྟར་ཕྱག་རྒྱ་སོ་སོ་ནི། །རབ་ཏུ་འབད་ཕས་བསྟན་པར ་བྱ། །ཇི་སྲིད་འཚོ་བར་རྣལ་འབྱོར་མ། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །ཞེས་པ་ནི་ལག་པ་གཡས་པའོ། །འོ་ནི་ཀོ་སྐོའོ། །ཆུ་ཀླུང་ནི་སོར་མོ་ཀྱོག་པའི་རྣམས་པས་ནམ་མཁའ་ལ་རི་མོ་བྲིས་པ་ལས་སོ། །རྒྱ་མཚོ་ནི་དུག་ཅན་པས་ཏེ། །དེ་བཞིན་དུ ་ལག་པ་གཉིས་ཀྱི་རི་མོ་ལས་སོ། །ལྕེ་ན་ནི་མཐེ་ཆུང་ངོ། །མཆེམས་བསྟན་པར་བྱ་ཞེས་པ་ནི་སྡིགས་མཛུབ་དང་མཐེ་བོའི་སྦྱོར་བའོ། །གསུངས་པ་ཡང། སྤིར་མཛུབ་དང་མཐེ་བོའི་སེ་གོལ་སྒྲོག་པར་བྱེད་པ་ནི། །འདི་སྔཊ་པ་གཙོ་ཉི་དུ་ངེས་པའོ་ཞེས་སོ། །ཕྱག་རྒྱ་གང་ཡིན་པ་དེ་ལ་ཀུན་དུ་སྨྲ་བ ་བཞི་པོ་འདི་དག་གོ་ཞེས་སོ། །རང་གི་སྐལ་པ་ཉིད་ཡོངས་སུ་ཤེས་པའི་དོན་ཕྱག་རྒྱའི་ལན་བསྟན་པར་བྱའོ། །འགའ་ཞིག་དང་རྩོད་པ་འཇོམ་པར་འདོད་པས་ནི་མ་ཡིན་ཏེ། གང་ནུས་པ་མེད་པས་རྣལ་འབྱོར་མ་ཞིང་སྐྱེས་གྲུབ་ལ་རྣམས་ཁྲོས་པ་དེ ་ལས་རྩོད་པའི་དུས་སུ་ལག་པ་གཡོན་པ་སྙིང་གར་བཞག་སྟེ་ཕྱག་བྱའོ། །རྒྱུད་གཞན་དུ་ཡང། རྣལ་འབྱོར་པ་རྣམས་ཇི་སྲིད་ཏི་ངེ་འཛིན་དང་མངོན་པར་ཤེས་པ་མ་སྐྱེས་པ་དེ་སྲིད་དུ། འཇིག་རྟེན་པ་དང་རྩོད་པའི་དོན་དུ་ཕྱག་རྒྱའི་ལན་བསྟན ་པར་མི་བའོ་ཞེས་སོ། །ཀཱ་མྦོ་ཛཱི་ཀཱི་ཀཱི་ཆེད་དུ་བརྔའོ།། །།དེ་ནས་གཞན་ཡང་མཁས་འགྲོ་མའི་མཚན་ཉིད་ཇི་བཞིན་རབ་འཆད་བྱེད། །སྒྲུབ་པོ་གང་གིས་མཁའ་འགྲོ་མ། །འདི་ནི་རང་ཡང་ཤེས་པར་བྱ། །རྗེས་སུ་ཆགས་པའི་མཚན་ཉིད་གསལ་བར ་གསུངས་པ། དམ་ཚིག་ཅན་གང་རྗེས་ཆགས་པ། དཔའ་བོའི་ལོངས་སྤྱོངས་གཞི་ཡིན། །གཞི་ནི་ས་བཞིར་བྱས་ནས་སུ། །རྣལ་འབྱོར་ཡི་སྡོམ་པ་མཆོད། །ཅེས་པ་ནི་རྗེས་སུ་ཆགས་པ་ནི་ཁོལ་མོ་བཞིན་དུ་དབང་གྱུར་ཅིང། མ་བཞིན་དུ་ཕན་པད་འདོད ་པ། སྲིང་མོ་བ་ཞིན་དུ་མཉེས་བཤིན་པ་ཞེས་བརྗོད་པ་ནི་དམ་ཚིག་ཅན་དུ་ལུང་ཉིད་ལས་སོ། །བུད་མེད་ཀྱི་རྟགས་ལ་སྨར་ཡང་རྟགས་ཉིད་དོ། །གང་ག་ན་རྣལ་འབྱོར་པ་ཡིའོ། །དཔའ་?་བོ་ཞེས་པ་ནི་ལུང་ལས་གང་གིས་ཚེ་དེས་པར་རྣམ་པར་ཕབ་པོ་ནི་དཔའ་ ་པོ། །དེའི་ལོངས་སྤྱད་བྱ་ནི་དབྱིག་འཛིན་ཏེ། དབྱིག་ནི་རིན་པོ་ཆེ། འཛིན་པར་བྱེད་དོ་སྟེ་ཡས་ནས་སོ། །གཞི་ནི་གནས་ཏེ་ས་གཞིའོ། །དེ་ལས་གནས་སུ་བྱས་ནས། ཡང་དག་པ་ཡང་དག་པའི་རྣམ་པས་བསྒོམ་པར་བྱའོ། །རང་གི་སེམས་ལ་གནས་པའི ་རྣལ་འབྱོར་དང་ལྡན་བ་རྣལ་འབྱོར་རོ། །སྔོན་མ་ནི་དྲི་མ་མེད་པའི་འོད་དུ་ཡང། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་རིང། ཞེས་སོ། །སྤྲོས་པ་མེད་པའི་དབྱིག་གཉེན་ཐབས་ཀྱིས་ཀྱང་གསུངས་པ། དེ་ཉིད་ཟག་པ་མེད་པའི ་དབྱིངས། །བསམ་གྱིས་མི་ཁྱབ་དགེ་དང་བརྟན། །བདེ་བ་རྣམ་གྲོལ་སྐུ་འདི་ནི། །ཐུབ་པ་ཆེན་པོའི་ཆོས་ཞེས་བཤད་ཅེས་སོ། །རྡོ་རྗེ་གུར་དུ་ཡང། །འགྲོ་གཉིས་དངོས་པོ་མཐོང་ནས་ང། ?་ཤེས་རབ་ཐབས་ཀྱི་བདག་ཉིད་དོ། །ཤིན་ཏུ་ཁ་སྦྱོར་རྣལ ་འབྱོར་གྱིས། །མཱ་མ་ཀཱི་མེད་མི་བསྐྱེད་མེད། །དགོངས་པའོ། །ལུགས་བཟློག་པ་ཡི་བལྟ་བ་དང། །བཞིན་ནི་རྣམ་པར་འགྱུར་པ་ཉིད། །དགོངས་ནི་རྟག་པར་སྨིན་མ་གཡོ། །མཁའ་འགྲོ་རྣམས་སུ་ཐེ་ཚོམ་མེད་ཅེས་པ་མཁའ་འགྲོ་མ་ཐམས་ཅད་རྗེས་སུ་ཆགས་པ་གསུང ་ཏེ། །ལུགས་བཟློག་པས་ནི། གཡོན་པའི་ཡན་ལག་གིས་བལྟ་བ་དང་རྣམ་པར་འགྱུར་པའོ། །བདུད་རྩི་དང་བཅས་པ་ཞུ་བར་ལྡན་པ་ཞེས་པ་དཔའ་མོའི་ལྷའོ། །རྟག་པ་ནི་རབ་ཏུ་དང་བའོ། །འདོད་པའི་བསྟན་བཅོས་སུ་ཡང། ། ་བཞིན་ནི་རབ་དང་མིག་ཀྱང་དྲི་མ་མེད། །གཏམ་ནི་རྒྱུན་ཆགས་སྙན་པར་ཡང་སྨྲ་ཞིང། །ཡང་དང་ཡང་དུ་ངེས་པར་བལྟ་བ་ཡང། །སྐྱེ་པོ་དངོས་ལ་རྗེས་ཆགས་པ་མཚན་མའོ། །ཞེས་སོ། །སྒྲ་ཇི་བཞིན་པའོ། །རྣམ་འགྱུར་སྐོར་བ་ཞེས་བྱས་ཏེ། །རི་མོ་གསུམ ་པ་ཡོངས་སུ་ཟླུམ། །གློ་བུར་དུ་ནི་ཟློག་པར་བྱེད། །འགྲོ་ཞིང་གདོང་ནི་འཇིགས་པ་ཉིད། ཅེས་པ་ནི་རི་མོ་གསུམ་ནི་དབུས་མའོ། །རྣམ་འགྱུར་བསྐོར་བ་མཛེས་པ་སྟེ། །ཡོངས་སུ་ཟླུམ་པའི་རྣམ་བསོ། །ཡང་ན་ཡོངས་སུ་ཟླུམ་པ་ཉིད་ནི་འབྲུའི་རྣམ་པ་སྟེ། ་མུ་མ་དེ་གཉིས་པོ་སྟོན་པར་བྱེད་དོ། །བློ་བུར་དུ་ཟློག་པར་བྱེད་པ་ནི་བྱ་བ་བྲལ་བས་སོ། །གདོང་འཇིག་པ་ཉིད་ཀྱང་བརྗོད་པའི་ཚིག་ཐཾ?་པར་གཏང་ནས་གཞན་ཉིད་སྨྲ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དེ་རྣམས་ཀྱིས་ཁྱིམ་དུ་རང་རང་གི་མཚན་མ་རྡོ ་རྗེའི་རྣམ་པ་མེ་ལོངས་དང་བཅས་པ་དང། འཁོར་ལོ་དང། རིན་པོ་ཆེ་དང། ཆུ་སྐྱེས་དང། རལ་གྲི་དང། བདེ་བར་གཤེགས་པ་རྣམས་ཀྱི་མེ་ལོང་དང་བཅས་པ་ཞེས་པའོ། །རང་གི་མཚན་མ་ནི་རིགས་ཀྱི་མཚན་མའོ། །དེ་བྲིས་པ་ནི་མེ་ལོང་སྟེ། མེ་ལོང ་གནས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིའོ། །སྒྲ་ཇི་བཞིན་པའོ། །ནམ་མཁའ་ལ་སྐྱེས་པ་གང་ཡིན་པ་རྣམས་ཀྱི་རྒྱལ་མཆེན་དང། མདུང་ཐུང་ཁ་སྦྱོར་རོ། །དགྲ་སྟ་དང། མདུང་རྩེ་གསུམ་ཡང་དག་པར་ལྡན་པ་དེ་མ་མོའི་རིགས་ལས་སྐྱེས་པ་རྣམས་ཀྱིར་ཤེས ་པར་བྱའོ། །འདིར་སྔ་མ་ཕྱེད་ཀྱིས་རྣལ་འབྱོར་མ་རྣམས་རྟོགས་ལ། ཕྱི་མ་ཕྱེད་ཀྱིས་མ་མོ་བདུན་པའི་གཟུགས་སོ། །རྒྱལ་མཚན་དང་མདུང་ཐུང་ཁ་སྦྱར་ནི་རྡོ་རྗེ་པདྨ་སྦྱོར་བའོ། །མཁའ་ལ་འགྲོ་བ་ནི། །མེ་ལོང་རྣམས་ལས་ཏེ། དེ་བཞིན ་དུ་དགྲ་སྟ་དང་ཡང་དག་པར་ལྡན་པའི་མེ་ལོང་ངོ། །སྒྲ་ཇི་བཞིན་བའོ། །དེ་ནས་འདི་ལེས་གསང་མཆོད་ཀྱི། །གོ་ཆའི་རིམ་པ་རབ་འཆོད་བྱད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །རྣལ་འབྱོར་པ་རྣམས་དངོས་གྲུབ་འགྱུར། །ཞེས་རང་བྱིང་ཡིས་བརླབས ་པ་གསུངས་ཏེ། རང་བྱིན་བརླབ་པའི་གོ་འཕང་དགའ་། །སངས་རྒྱས་མུ་སྟེགས་ཅན་ལ་གསང། །འདི་ནི་གསལ་པར་བྱ་མིན་གསང། །ཞེས་བླ་མར་རོ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡི། །ཕོ་ཉ་རྣམས་ནི་ཡང་དག་གནས། །རྟག་ཏུ་འོག་སྟང ་དངོས་གྲུབ་སྟེར། །བདག་ཕོ་ཉ་མོ་ཀུན་ནས། །ལྷ་མོ་མཐོང་དང་རེག་པས་ཀྱང། །ཕོ་ཉ་མོ་དེ་དངོས་གྲུབ་སྟེར། །གང་ཞིག་ཉིན་མཚན་དུ་བསྟེན་པ། །དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས ་གསུངས་སོ། །ཕོ་ཉ་མོ་རྣམས་ནི་ནུ་མ་དང་སྐྲར་ལྡན་པ། ཞི་བ་ལ་སོགས་པའི་མངོན་པར་དབང་བསྐུར་པ། དངོས་གྲུབ་སྦྱིན་པ་ནི་འཇིག་རྟེན་པའི་གཟུངས་ཡོངས་སུ་བསྒྱུར་གསུམ་སྦྱིན་པའོ། །བདག་དང་ཕོ་ཉ་མོ་ནི་མངོན་པར་དབང་བསྐུར་བ། ་དེ་ཁོ་ན་ཉིད་ཤེས་པ་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་ཕོ་ཉ་མོ་ངེས་པར་འཇོམས་པའོ། །ཆོས་ཀྱི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོའི་རྒྱུར་གྱུར་པའི་ཡེ་ཤེས་ཞེས་པ་ཤར་བའི་དངོས་གྲུབ་སྟེར་བ་དང། །ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱའི་རྒྱུར་གྱུར ་པ་སྟོན་ཁའི་ནམ་མཁའ་དང་མཚུངས་པའི་ལྔ་མོ་གསུམ་པོ་རྣམས་ཀྱི་སྐུ་རྣམས་ཀྱིས་རྩེ་བར་བྱེད་པ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པར་བྱ་ཞིང་ཤེས་པར་བྱའོ། །ཉིན་དང་མཚན་མོར་ནི་ཤེས་རབ་དང། ཐབས་དཔལ་བླ་མའི་ཞལ་ལས་སོ། །འགྲུབ་འགྱུར ་ནི་སངས་རྒྱས་ཉིད་དུ་ཉེ་བར་འགྲོ་བའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང། །དངོས་མེད་དངོས་ཀྱང་མེད་པའང། །དེས་ཀྱང་སངས་རྒྱས་ཉིད་དུ་བརྗོད་ཅེས་སོ། །སྒྲ་ཇི་བཞིན་པའོ། །རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉམ་གང་ཡིན་པ་དེ་རྣམས་འོ་བྱེད་པ་དང། ་འཁྱུད་པས་རབ་ཏུ་འབད་པས་བསྒྲུབ་པར་བྱའོ། །རྣལ་འབྱོར་གནས་ཀྱི་ཁྱད་པར་ལས། ཞེས་པ་ནི་རིགས་གསུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་རིགས་ལྡན་མ་ནི་སུམ་ཅུ་རྩ་བདུན་པའོ། །དེ་བཞིན་དུ་རྩ་བའི་རྒྱུང?་དུ་ཡང། ། ་འདིར་རྡོ་རྗེ་ཕག་མོ་ནི་རིགས་ལྡན་མའོ། །རིགས་མེད་མ་ནི་གཡུང་མོའོ། །མཁའ་འགྲོ་མ་ནི། །དམངས་རིགས་མའོ། །ལཱ་མ་ནི་རྒྱལ་རིགས་མའོ། །དུམ་སྐྱེས་མ་ནི་རྗེ་རིགས་མའོ། །གཟུགས་ཅན་མ་ནི་བྲ་མ་ཟེའོ། །བྱ་རོག་གདང་མི་ན་ཀླ་ཀློ། ་མའོ། །འུག་གདོང་མ་ནི་ཕྱག་བརྡར་མཁན་མའོ། །ཁྱི་གདོང་མ་ནི་གདོལ་བ་མོའོ། །ཕག་གདོང་མ་ནི་སྟག་གཟིག་མའོ། །གཤིན་རྗེ་བསྲེག་མ་ནི་རི་ཁྲོད་མའོ། །གཤིན་རྗེ་ཕོ་ཉ་མོ་ནི་བྷི་ལླཾཱོ། །གཤིན་རྗེ་མཆེ་བ་མོ་ནི་སྦོས་མོའོ། །གཤིན ་རྗེ་འཇོམས་མ་ནི་སྨྱོན་ཐབས་མའོ། །རབ་ཏུ་གཏུམ་མོ་ནི་མདའ་མཁན་མའོ། །གཏུམ་མིག་མ་ནི་ཆང་འཚོད་མའོ། །འོད་ལྡན་མ་ནི་ཕྲེང་མཁན་མའོ། །སྣ་ཆེན་མ་ནི་གསེར་མགར་མཁན་མའོ། །དཔའ་པོའི་བློ་གྲོས་མ་ནི་ཁྲོན་པ ་མཁན་མའོ། །མིའུ་ཐུང་མ་ནི་འོད་མའི་གར་མཁན་མའོ། །ལང་ཀའི་དབང་ཕྱུག་མ་ནི་འཁར་བ་མཁན་མའོ། །ཤིང་གྲིབ་མ་ནི་ནོར་བུ་མཁན་མའེ། །ས་སྲུངས་མ་ལྕགས་མཁན་མའོ། །འཇིགས་བྱེད་མ་ནི་རྒྱ་སྐྱེགས་མཁན ་མའོ། །རླུང་ཤུགས་མ་ནི་སྲིན་བལ་མཁན་མའོ། །ཆང་འཐུང་མ་ནི་ཏིལ་མར་མཁན་མའོ། །སྔོ་བསངས་ལྷ་མོ་ནི་འབྲེག་མཁན་མའོ། །ཤེན་ཏུ་བཟང་མོ་ནི་ཀོ་ལྤགས་མཁན་མའོ། །རྟ་རྣམ་ནི་ཤིང་མཁན་མའོ། །བྱ་གདོང་མ་ནི ་གླིང་བུ་མཁན་མའོ། །འཁོར་ལོའི་ཤུགས་མ་ནི་ཤན་པ་མའོ། །དུམ་སྐྱེས་མ་ནི་མཁུར་མཁན་མའོ། །ཆང་འཚོང་མ་ནི་ཚེམ་བུ་མའོ། །འཁོར་ལོའི་གོ་ཆ་མ་ནི་གར་མཁན་མའོ། །ཤིན་ཏུ་དཔའ་མོ་ནི་བཙོ་བླག་མཁན ་མའོ། །སྟོབས་ཆེན་མ་ནི་ཉལ་མའོ། །འཁོར་ལོ་སྒྱུར་མ་ནི་རྫ་མཁན་མའོ། །བརྩོན་འགྲུས་ཆེན་མོ་སྨང་འཚོང་མའོ། །ཞེས་སོ། །འདི་རྣམས་ཀྱི་ཁྱིམ་ཡང་གནས་ལ་སོགས་པའི་མིང་དུ་རིག་པར་བྱའོ། །དེའི་ཕྱིར་གྲོང་ཁྱེར་ཆེན་བློ?་གཅིག་ཉིད་ན་འབཊ? ་ཏེ། དེ་རྣམས་མཆོད་པར་བྱའོ། །དེའི་ཕྱིར་ཡང་དེ་དོན་དུ་གཉེར་པ་པོས་ཡུལ་སྐོར་བར་མི་བྱའོ། །མངོན་བརྗོད་དུ་ཡང། ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་གང་འདི་མཁོ?་ནམ་གནས། །དེ་ཕྱིར་སྐོར་བ་དེ་ཉིད་ཀྱིས། །སྐྱོ་བའི་བྱ་བ་དོན་མི་གཉེར། ། ་གལ་ཏེ་ངེ་ཉིད་དམན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་བྱ། །ཅི་སྟེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་སྐོར་བས་ཅི་ཞིག་བྱ། ཞེས་སོ། །འོ་དང་འཁྱུད་པས་ཞེས་པ་ནི། བླ་མར་ཡང་དེ་བཞིན་འོ་དང་འཁྱུད་པ་ཡིས། །རྣམ་པ་སྣ་ཚོགས་དགའ་བ་རྣམས། ། ་བྷ་གར་ལིང་ཀ་རབ་སྦྱོར་བས། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག་།རྣམ་ཉེད་ཕྱག་རྒྱ་ཉེད་པར་བྱེད། །མཚན་བྲལ་ངེས་པར་མཚོན་པར་བྱ། །དང་པོ་དགའ་བའི་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་ཡང་དག་ལྡན། །རབ་དགའ་ཨི་དགའ་བ་དངོས་གྲུབ་ཆེ། ། ་ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཅེས་དགོངས་པའོ། །རབ་ཏུ་འབད་པས་ནི་འདོད་པའི་བསྟན་བཅོས་སུ་གསུངས་བསོ། །རྒྱུད་གཞན་དུ་ཡང། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པ ་ཡིས་རིག་པར་བྱ། །ཤིན་ཏུ་དགའ་བར་གྱུར་ཀྱང་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་ལ་མ་ཚིམ་དངོས་གྲུབ་སྦྱིན་མི་འགྱུར། ཞེས་སོ། །རྣལ་འབྱོར་གནས་སུ་ནི། གསང་བར་ཏེ་ཁྱད་པར་ལས་སོ། །རྡོ་རྗེ་བདུད་རྩིར་ཡང། བྱེད་པ་བཅིང་བའི་སྦྱོར་བ ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཁྱོགས་དང་གྲུབ་མོ་ཡིས་ཀྱང་ནི། །དེ་བཞིན་ཤིན་ཏུ་རབ་བརྐྱང་ཉིད་ཅེས་སོ། །རྡོ་རྗེ་ཨ་ར་ལླི་རྒྱུད་དུ། ཇི་སྲིད་མི་འཛག་དེ་སྲིད་དུ། །པདྨར་རྡོ་རྗེ་གཞུག་བྱ་མིན་ཞེས་སོ། །པདྨ་ཆེན་པོ་དེར་ཕྱིན་ནས་རྡོ་རྗེ་གཞུག། ་བར་བྱའོ། ཞེས་པ་དགོངས་པའོ། །ཇི་སྲིད་རྣལ་འབྱོར་ཚོགས་པ་ཉིད། །དངོས་གྲུབ་ཐམས་ཅད་བྱེད་པར་བཤད། །ཇི་སྲིད་རྡོ་རྗེ་མཁའ་གྲོ་རྣམས། རྣལ་འབྱོར་པས་ནི་བསྒྲུབ་བར་བྱ་ཞེས་སོ། །སྦྱོར་དང་ཀུན་སྦྱོར་དེ་རྗེས་སྒྲོ? ་ཡང་དག་གཟུང་ནས་ཚོགས་པ་ཉིད། །འདོད་ཁམས་གནས་པའི་བུད་མེད། ཅེས་པའི་དོན་ནོ། །དེ་བཞིན་དུ་ལྷ་མོ་དང་ཀླུ་མོ་དང། དེ་བཞིན་འདབ་ཆགས་མོ་དང་ལྷ་མིན་མོ་དང་མི་ཡང་སྟེ། རྒྱུད་གཞན་དུ་ཡང། སྦྲེ་མོ་དང་ནི་ཁྱི་མོ་ཡང། བོད ་མོ་དེ་བཞིན་རྔ་མོ་སྐྱེས། །རི་དགས་མོ་དང་ར་མ་ཉིད། །ཕག་མོ་བ་མེན་ལས་བྱུང་བ། །བདག་ཉིད་ཧེ་རུ་ཀ་ཁོ་ནས། །འདོད་བར་བྱའོ་ཟླ་དྲུག་གིས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །སྒྲུབ་ཇི་བཞིན་པའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ནི། རྒྱད་སྣ ་ཚོགས་སུ་གསུངས་བའི་ལྷ་མོ་རྣམས་སོ། །སྒྲ་ཇི་བཞིན་པའོ། །མ་དང་སྲིད་མོ་བུ་མོ་དང། ཆུང་མ་ཕོ་ཉ་མོ་ཅན་གནས་ཞེས་སོ། །ཐམས་ཅད་བསྟེན་པ་གསུངས་པ། ཤེས་རབ་ཀྱི་ཕོ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །རྡོ་རྗེ་མཁའ་ ་འགྲོ་མ་ནི་རེག་བྱ་རྡོ་རྗེ་མའོ། །དགོངས་པའོ། །ཕོ་ཉ་མོ་དེ་དབང་གྱུར་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་མེད་དམ་ཚིག་སྟེ། རང་དབང་ཆོས་ཀྱི་ཕྱག་རྒྱ་ཡུལ་ནི་མང་མོ་ལ་དགའ་རང་གི་ཆུང་མ་ཡེ་ཤེས་ཕྱག ་རྒྱའོ། །དོན་དམ་པའི་བསྙེན་པར་ཡང། དེ་བཞིན་འདིར་ནི་ལྡན་ཁྱོད་མེད་བ་བརྟེན་པར་བྱ། །ཇི་ལྟར་ཆགས་པས་མངལ་ནི་འཛིན་པར་མི་བྱེད་དེ། །མངལ་ནས་འདོད་མིན་སྐྱེ་བོའི་ཁ་ན་མ་ཐོར་འགྱུར། །སྐྱེ་བོའི་ཁ་ན་མ་ཐོས་འཇིག་རྟེན ་ཕ་རོལ་ཉམས་ཞེས་སོ། །གང་གི་སྔགས་འདི་སྦྱིན་བྱེད་པ། །གང་ཡང་དེ་ཡི་ཆོ་གར་འགྱུར་ཞེས་པ་ནི་བསྟེན་པའི་འབྲས་བུ་གསུངས་པའོ། །གང་ལ་སྔགས་གང་ཡོད་པ་དེ་ཤིན་ཏུ་ཆགས་པ་ལས་དེའི་ཡེ་ཤེས་དགལ་བར?་སྟོན ་པར་བྱེད་དོ། །དེའི་ནི་སྒྲུབ་པ་པོའི་དངོས་གྲུབ་ཀྱི་ཆོ་ག་དེ་ཉིད་དུ་འགྱུར་རོ། །གསལ་ལོ། །དེ་ན་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའ་ཨི་དམ་ཚིག་ང་ཡིས་བཤད། །ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག། མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །རྣལ་འབྱོར ་རྒྱུད་རྣམས་སུ་ནི་སངས་རྒྱས་ཐོད་པའི་རྒྱུད་དུ་ཡང། རྣལ་འབྱོར་གྱི་རྒྱུད་ནི་ངེས་པར་བྱེ་བ་ཕྲག་དྲུག་གོ། རྣལ་འབྱོར་མའི་རྒྱུད་ནི་བྱེ་བ་ཕྲག་བཅུ་དྲུག་གོ་ཞེས་སོ། །དཔལ་ཧེ་རུ་ཀ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉེ་བར་བསྟན་པའོ། །བླ་མར་ཡང། །རྡོ་རྗེ་ཐེག་པར ་ཉེར་བསྟན་པའི། །ངག་དེ་དངོས་གྲུབ་གོ་འཕང་ཉིད་མ་ཐོས་པ་ཡི་ཆོས་བསྟན་པས། །སེམས་ཅན་སྲིད་ལས་གྲོལ་བར་འགྱུར། །བསྟན་བྱ་བླ་མེད་སྟོན་བྱེད་པ། །མི་སྣང་ལ་སོགས་གྲུབ་པར་བྱེད། །འཇིག་རྟེན་གསུམ་ན་གང་ཅུང་ཟད། །དེ་ཀུན་སྐད་ཅིག ་ལས་གྲུབ་འགྱུར་ཞེས་སོ། །རྣལ་འབྱོར་ནི། ཡེ་ཤེས་ཀྱི་སྐུ་སྟེ་སྐུ་བཞི་འཆེང་བའོ། །གཟུགས་བརྙན་གྱི་ཆོས་ཀྱི་གཟུགས་ཉིད་ཀྱིས། བྱམས་པ་ལ་སོགས་པ་རྣམས་ཀྱིས་བལྟ་བར་བྱ་བའོ། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང། མཁའ་ ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས་ཞེས་པ་ཆོས་ཀྱི་རང་བཞིན་གྱི་སྐུ་རྣམས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བར་བྱེད་དོ་ཞེས་པའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པ་ཉིད་ནི། ཉན་ཐོས་དང་ལྷ་དག་གི་བལྟ་བར ་བྱ་བ་སྟེ། འོག་མིན་ལ་སོགས་པར་རོ། །དེ་བཞིན་དུ་སྤྲུལ་པ་ནི་མི་རྣམས་ཀྱི་བལྟ་བར་བྱ་སྟེ། རྡོ་རྗེ་བཙུན་མོའི་བྷ་གར་སེམས་ཅན་རྣམས་སྨིན་པའི་དོན་དུའོ། ཞེས་གསུངས་སོ། །དགོངས་པའོ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག ་རྣམས་ཀྱང་སྦྱོང་བ་དང། ཕོ་ཉ་མོ་གདན?་རིགས་བྱུང་བ། །འདོད་ལ་ཆགས་པ་འདོད་མི་བྱ། །གཉིས་སུ་མེད་དང་ཐོགས་པ་མེད། །དམ་ཚིག་རྣམས་ནི་སྤྱོད་པ་དང། །མི་མོའི་སྤྱོད་པ་ལེགས་པར་སྲུབ། །ཚངས་པར་སྤྱོད་པའི་དེ་བཞིན་ཞལ། །འདྲེན ་བའི་རྩ་ཡི་ཀུན་སྤྱོད་དེ། །འདི་བརྒྱད་དམ་ཚིག་ཡིན་པར་བཤད། །རྣལ་འབྱོར་པ་གང་དེ་སྲུང་བྱེད། །མྱུར་དུ་དངོས་གྲུབ་དེ་ཐོབ་འགྱུར་ཞེས་སོ། །དངོས་གྲུབ་རྣམས་ནི་འདོད་པ་དང། གཟུགས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་ཏེ ་འཛག་པ་དང། གཡོ་བ་དང། མི་གཡོ་བའི་བདེ་བའི་མཚན་ཉིད་རྣམས་ཏེ། །འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྐྱེ་བོ་རྣམས་ཀྱི་ནྱའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་སངས་རྒྱས་ཉིད་ཀྱི་རྒྱུ་ཟུང་འཇུག་མ་ཉམས་བའོ། །ཞེས་པའི་དོན་ནོ་དགོངས་པའོ། །དམ ་ཚིག་ནི་ཁུ་བའི་ཐིག་ལེ་བཞི་རྣམས་སོ་།དེ་རྣམས་ཤེས་རབ་ལ་ཆགས་པས་འོངས་པ་རྣམས་གསང་བར་སྲུང་བར་བྱེད་པའོ་ཕོ་ཉ་མོ་ནི་རིགས་ལྡན་མ་དོར་ནས། །ཕྱི་རོལ་གྱི་དོན་དུ་མཁའ་འབྲོ་མ་ལ་སོགས་པ་རྣམས་བསྒོམ་པར་མི་བྱའོ་ཞེས་སོ། །འདོད་ལ ་རྣམ་པར་རྨོངས་པ་ཡིས། །ཕོ་ཉ་མོ་རྣམས་གཞན་ཀུན་སྦྱོར་འགྲོ་ཞེས་ཀློག་པ་ནི་གཞན་ནོ། །གཉིས་སུ་མེད་པ་ནི་ཐིག་ལེ་བཞི་པོ་རྣམས་ཉའི་མཐར་གཉིས་སུ་མེད་པའི་རྣམ་པར་བྱེད་པའོ། །ཐོགས་པ་མེད་པའི་དམ་ཚིག་རྣམས་ཀྱི་སྤྱོད་པ་ནི། ། ་དགའ་བ་བཅུ་དྲུག་གི་རང་བཞིན་འགྱུར་བ་མེད་པར་རབ་ཏུ་ཞུགས་པའོ། །མི་མོའི་སྤྱོད་པ་ལེགས་པར་སྲུབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ཀུན་དུ་བཟང་མོ་ནི། མི་མོའི་དེའི་སྤྱོད་པ་བཞི་སྟེ། གསུངས་པ་ཡང། བསྟན་པ་རྣམས་ཀྱི་སྤྱོད ་པ་བཞི་ཞེས་ཏེ། བྱང་ཆུབ་སེམས་དཔའ་སོ་སོ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ། དེ་རྣམས་ལ་རྟག་ཏུ་བདེ་བའི་སེམས་སོ་ཞེས་སོ། །བདེ་བདག་གཞན་གྱི་དོན་བརྩོན་ལྡན། །གནས་མེད་གནས་ལ་དགའ་བ་ཉིད། ཅེས་མདོ་སྔ་བརྒྱན་དུའོ། །ཞལ་ན་རྡོ ་རྗེའི་སྒོ་རུའོ། །ཚངས་པར་སྤྱོད་པ་ནི་རྟག་ཏུ་མི་འཕོ་བའི་ཚུལ་ཁྲིམས་སོ། །འོག་ཏུ་སོན་པ་བཞི་པོ་རྣམས་ཀྱི་རྩའི་ཀུན་སྤྱོད་ནི། མཁའ་འགྲོ་གདོང་གི་ཀུན་སྤྱོད་ལ་སྟེ། རྡོ་རྗེ་ནོར་བུ་ལས་བཀུག་ནས་ཁུ་བ་སྟེང་དུ་འགྲོ་བཞེས་པ་དེས་བའི ་དོན་ནོ། །འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དངོས་གྲུབ་ཀྱི་རྒྱུ་རྟག་ཏུ་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དམ་ཚིག་ནི་མྱོས་བྱེད་དང་གོ་ཀུ་ལ་སོགས་པ་དང། རིགས་མ་ཡིན་བ་ལ་སོགས་པ་ལ་འགྲོ་བ་དེ་རྣམས་ཡུལ་དང་རིགས་ཀྱི་རྔ་རྙས? ་ཀྱིས་སྲུང་བར་བྱེད་པའོ། །རིགས་གཞན་ཞི་བ་ལ་སོགས་པའི་མངོན་པར་དབང་བསྐུར་བ་དེ་སངས་རྒྱས་པའི་དམ་ཚིག་སུན་འབྱིན་པ་གཞན་གྱི་དམ་ཚིག་སྤྱོད་པ་རྣམས་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པར་མི་བྱའོ། །གཉིས་སུ་མེད་པ་ནི་ཕོ ་ཉ་མོ་དང་དཔའ་བོ་དག་གི་དུས་གཅིག་ཏུ་བདེ་བ་བྱང་ཆུབ་སེམས་ཀྱི་རོ་མྱང་བའོ། །ཐོགས་པ་མེད་པ་ནི་བསྟེན་པ་རྣམས་དང་དམ་ཚིག་རྣམས་ཀྱི་སྤྱོད་པ་སྔགས་ལ་སོགས་པ་སྤྲོ་བར་བྱེད་པའི་ལྟ་ལ་སོགས་པས་གཞོམ་པར་མི་ནུས་པའོ། །མི་མོའི་སྤྱོད་པ་ལེགས ་པར་སྲུང་བ་ནི། །རིགས་ཐམས་ཅད་ལ་སྐྱེས་པ་དེ་རྣམས་ལ་འཁྲིག་བ་བྱེད་པའི་རྒྱའོ། །ཚངས་པར་སྤྱོད་པ་ནི་བདེ་བ་དེ་བཞིན་ཞེས་པ་སྲུབ་པ་ཞལ་རྡོ་རྗེའི་ཁར་རྟོགས་པར་བྱའོ། །འདྲེན་པ་ནི་བྱང་ཆུབ་ཀྱི་སེམས་འཛིན་པ་སྟེ། རྒས་པ་ལ་སོགས་པ་འཇོམས་པའི་ཆེད ་དུའོ། །དམ་ཚིག་བརྒྱད་པོ་འདི་རྣམས་ནི། །འཇིག་རྟེན་བྱ་བ་སྤངས་ནས་ནི། །ཤིན་ཏུ་མཉམ་བཞག་བརྐྱད་བར་བྱ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ཞེས་པ་དེ་བཞིན་གཤེགས་པའི་དེས་པའོ། །སྒྲུབ་ལ་ཡང་དག་རྣམ་གནས་པས། །སྒྲུབ་པོས་རྟག་ཏུ ་ཤེས་པར་བྱ། །ཞེས་ཀློག་བ་ནི་གཞན་ནོ། །དྲང་བའི་དོན་ནོ། །ཐུན་མོང་རྒྱུད་རྣམས་ཐམས་ཅད་དུ། །བཏན་ཚིགས་དེས་ནི་གཞོམ་མི་བྱ། །དད་པ་ཙམ་གྱིས་བླང་བྱ་ཡི། །མིག་དང་ལག་པར་མ་ཡིན་ནོ། ཞེས་པ་བསྙེན་པ་ལ་དོན་སྨོད་པར་བྱེད་པ་འདིས ་ཅི་ཞིག་ཅེས་རིགས་པ་རྣམས་ཀྱིས་གཞན་དུ་མ་ཡིན་ནོ། །གསུངས་པ་ཡང། རྫས་ཀྱི་ནུས་པ་བསམ་མི་ཁྱབ་ཅེས་གསུངས་སོ། །དེ་ཕྱིར་སངས་རྒྱས་ཉིད་ཐོབ་པར་འགྱུར་ཞེས་སོ། །བདུད་རྩི་ལྕེས་བླང་བར་གསལ་ལོ། །དག་དང་མ་དག་རྣམ་དག་པ ་སྒྲུབ་པོ་རྣམ་པ་གསུམ་དུ་གནས། །མཉེས་བྱེད་རྣམ་བར་དག་པ་དང། །གསལ་བྱེད་ཡོན་ཏན་ལྡན་པའི་མི་ཞེས་པས་སློབ་མ་རྣམས་གསུམ་གྱི་མཆེན་ཉིད་གསུངས་ཏེ། དག་པ་ནི་ཐར་པ་དོན་དུ་གཉེར་བ་རང་གི་ལུས་ལ་སོགས ་ང་གཏོང་བའོ། །མ་དག་པ་ནི་རང་ལྷག་པར་གནས་པའི་དོན་དུ་གཉེར་བའི། །རྣམ་པར་དག་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་དོན་དུ་གཉེར་བ་དེ་ཉིད་བླ་མ་མཉེས་པར་བྱེད་པའོ། །གསལ་བྱེད་ནི་དབང་བོ་འབྲིང་བོའོ། །ཡོན་ཏན་ལྡན་པ་ནི་རིན་པོ ་ཆེའི་གང་ཟག་བདེན་པ་དོན་དུ་གཉེར་བར་གསལ་ལོ། །སྒྲུབ་པོས་གསུམ་པོ་འདི་རྣམས་ལ། །མཆོད་པ་བྱ་ཕྱིར་བརྙས་མི་བྱ། །སྒྲུབ་པ་པོ་རྣམས་བརྙས་མི་བྱ། །མཆོད་པར་བྱ་ཞིང་གུས་པར་བྱ་ཞེས་སོ། ཞེས་པས་བླ་མ་དང་སེམས་ཅན་དག་མཉེས ་པར་བྱེད་པ་གསུངས་སོ། །སློབ་དཔོན་ནི་འཇིག་རྟེན་ལས་འདས་པའི་ཀུན་དུ་སྦྱོད་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །བླ་མར་ཡང་ཀུན་སྤྱོད་རྣལ་འབྱོར་མ་རྣམས་དང། །དེ་བཞིན་ཉིད་དུ་མཁའ་འགྲོ་མ། །མ་མོ་ཕྱི་ཡི་ཕྱག་རྒྱ་རྣམས། །ཕག་མོའི་རིགས ་ལས་ཡང་དག་བྱུང། །ལུང་དང་གྲུབ་པའི་བསྟན་བཅོས་རྣམས། །དེ་བཞིན་མེད་ཡི་མཐར་སྐྱེས་རྣམས། །བླ་མེད་གོ་འཕང་ཀུན་དུ་སྤྱོད། །ཤེས་རབ་ཕ་རོལ་ཕྱིན་འབྱུང་བ་ཞེས་སོ། །སློབ་མས་ཕྱིར་བརྙས་པར་མི་བྱ་བ། མཆོད་དང་པོའི་བརྟག་པར ་ཡང། །གལ་ཏེ་སློབ་མ་ཕྱིར་ཞིང་དེ། །སློབ་དཔོན་ལ་ནི་གང་བརྙས་པ། །དེས་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར་ཞེས་སོ། །གུར་གྱི་རྒྱུད་དུ་ཡང་བླ་མའི་གྲིབ་མཆུང་མ་དང། མཆིལ་ལྷ་མ་སྟན་དང་སྔས་རྣམས་ལ ་རྨོངས་ཆེན་གང་ཞིག་འགོམ་བྱེད་ན། མི་དེ་རྣམས་ནི་སྤུ་གྲིའི་སོ། །གང་ཚ་དབང་བསྐུར་མཆོག་ཐོབ་པའི། །སློབ་མ་བླ་མའི་བཀའ་འགོམས་པའང། །འཇིག་རྟེན་འདི་རུ་སྡུག་བསྔལ་འགྱུར། །འཇིག་རྟེན་ཕ་རོལ་ལ་དམྱལ་བར་གནས། །སྒྱུ་དང ་གཡོ་ཡི་རབ་སྦྱོར་གྱིས། །གུས་བ་ལོག་པར་གསལ་བྱས་ནས། ཟག་བྱེད་མཛེ་དང་ནད་ཆེན་དང། དམྱལ་བ་ལ་སོགས་རྣམས་སུ་སྐྱེ། །དེ་ལྟར་ཤེས་ནས་སློབ་མ་དེས། །བླ་མ་མ་གུས་མཆོག་ཏུ་གཞོལ། །བླ་མའི་བཀའ་ནི་རབ་སྐྱོད་བྱེད། །དངོས་གྲུབ་རྒྱ་ཆེན ་འགྲུབ་པར་འགྱུར། །འདིར་རྣལ་འབྱོར་མའི་རྒྱུད་རྡོ་རྗེ་གུར་དུ་ཡང། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་རྒྱུད་དུ་བྱེད་ཅེས་སོ། །སྒྲུབ་པ་པོ་ལེགས་པ་རྣམས་མཆོད་པར་བྱ ་ཡིས་རྣམ་པར་འཚེ་བར་མི་བྱའོ། །དེ་བཞིན་དུ་ཡང་གསུངས་པ། །སེམས་ཅན་ཁོ་ན་རྫོགས་སངས་རྒྱས། །སངས་རྒྱས་པ་ཡི་འདོད་པའི་ལྷ། །གསལ་ལེ?་དམ་ཚིག་དང་སློབ་མ་ཡོངས་སུ་བརྟག་པའི་ཚོགས།། །།དེ་ནས་རྣལ་འབྱོར་དངོས་གྲུབ་རྣམས། ། ་སྒྲུབ་པའི་མཚན་ཉིད་དབྱེ་ཤེས་ནས། །མྱུར་དུ་དངོས་གྲུབ་རབ་འཇུག་པའི། །སྤྱོད་པའི་བརྟུལ་ཞུགས་བཤད་བར་བྱ་ཞེས་པ་ནི་སྤྲོས་པ་དང་བཅས་པ་དང། སྤྲོས་པ་མེད་པ་དང། ཤིན་ཏུ་སྤྲོས་བ་མེད་བའི་དབྱེ་བས་རྣམ་པ་གསུམ་ལུས་དང་སེམས་ཀྱི ་གསང་སྔགས་ཀྱི་སྒྲོའི་སྦྱད་པ་སྤྱོད་པ་པོ་རྣམས་ཀྱིའོ། །དེའི་སྤྱོད་པའི་བརྟུལ་ཞུགས་ནི་འཇུག་པའི་བྱེ་བྲག་གོ། དངོས་གྲུབ་ནི་འདི་ཉིད་དུ་མཁའ་ལ་སྤྱོད་བའོ། །མཚན་ཉིད་དང་དབྱེ་བ་ནི་རྣལ་འབྱོར་མའི་བརྡ་དང། རིགས་དང་ཀུན་ཏུ་སྤྱོད་པ་ལ་སེགས ་པའོ། །གྲོང་དང་གྲོང་དུ་དེ་སོང་ནས། །ཕོ་ཉ་ཀུན་ཏུ་རྣམ་པར་གནས། །ཕོ་ཉ་རལ་གྲིའི་སོ་བསྟན་དང། །དག་བྱེད་སྡིག་པ་འཇིག་བྱེད་པ། །རྟག་ཏུ་རབ་མྱོས་མང་གསུངས་པ། །རྣལ་འབྱོར་པ་གྲོང་དང་གྲོང་ཁྱེར་ལ་སོགས་པ་སོང་བ་སྟེ་ཀུན ་སྤྱོད་དུ་ཡང་ཇི་ལྟར་ཧེ་རུ་ཀ་དཔལ་ཤེས། །ཇི་ལྟར་འདོད་བཞིན་ཡོངས་སུ་རྒྱུ་ཞེས་སོ། །རྣལ་འབྱོར་མ་དེའི་མཆོད་པ་དང་ཧཱུཾ་གི་གཟུགས་དང། བརྡ་དང་བ་རྡི་ཅན་དང། ཁྱིམ་ལྔ་ལ་སོགས་པའི་གྲོང་དུ་གནས་པ་ཉིད་ཀྱི་འཁོར་ལོའརྣལ་འབྱོར ་མ་རྣམས་བསྒྲུབ་པར་བྱ་སྟེ། གང་ལས་ཐམས་ཅད་དུ་གཡོན་མའི་འཇུག་པར་འགྱུར་བ་ལྷུར་ལན་པའོ། །རལ་གྲིའི་སོ་ནི་རྣམ་པར་འཇོམས་པའི་མཚན་ཉིད་དོ། །གང་ལས་མཆོད་པར་བྱེས་པ་དང་མཆོད་པར་འདོད་པ ་དེས་པར་སྲེག་པར་བྱེད་དོ། །དེས་པར་རློམ་པའོ་ཞེས་པའི་དོན་ནོ། །སྒྲ་ཇི་བཞིན་པའོ། །ཕོ་ཉ་མོ་འཁྲིག་པས་ལེགས་པར་འགྲོགས་པ་ལས་སྒྲུབ་པ་པོས་དངོས་གྲུབ་ཐོབ་པར་འགྱུར། །བཟླས་བརྗོད་བསམ་གཏན་སོགས་བྲལ་བས། །ཡུན་མི ་རིང་བར་ཉེད་གྲུབ་བྱེད། །རྣལ་འབྱོར་བ་རྣམས་སྔགས་ཕྱག་རྒྱ། །སྣ་ཚོགས་མཆོད་པ་རབ་འཇུག་པ། །རྡོ་རྗེ་མཆོད་པ་ལས་གཞན་མེད། །སྤྱོད་པའི་བརྟུལ་ཞུགས་བླ་ན་མེད་ཅེས་སོ། །བསྟེན་པའི་འབྲས་བུ་གསུངས་པ། དངོས་གྲུབ་སྐད་ཅིག ་གཅིག་གིས་རྫོགས་པར་བྱང་ཆུབ་པའོ། །བླ་མར་ཡང། རྣལ་འབྱོར་བཟང་མོའི་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་སེམས་ལྡན་པས། སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ། །མཆོག་ཏུ་རྟག་པ་ཐོབ་པར་འགྱུར་ཞེས་སོ། །ཡུན་མི ་རིང་བ་ནི་སྐད་ཅིག་གཅིག་གིས་སྒྲུབ་པར་བྱེད་པ་སྟེ། མཐར་ཐུག་པའི་རྟེན་ཡོངས་སུ་གྱུར་པའི་སངས་རྒྱས་ཉིད་རྡོ་རྗེའི་མཆོད་པ་བུད་མེད་དང་འགྲོགས་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཕྱག་རྒྱ་རབ་ཏུ་འགྲོགས་ལས་ཤིན ་ཏུ་རྣམ་དག་བདེ་བ་ཉིད། །ཡང་དག་ཐོབ་སྟེ་དམྱལ་བའི་སྡུག་བསྔལ་འཇིག་པར་བྱེད། །སྐྱེ་བ་འདི་ཉིད་ལ་ཡང་རང་གི་ལུས་ཀྱིས་ནི། །བདུད་ནི་བཅོམ་པ་དེ་དང་འདི་ལ་ངོ་མཚར་རོ། །བུད་མེད་སྐྱེ་གནས་འགྲོགས་ལས་མ་ཉམས ་བདེ་བ་ནི། །སྐལ་ལྡན་རྣམ་ཀྱིས་དེ་ཐབས་སྦྱོར་བས་བླང་བར་གྱིས་ཞེས་སོ། །ཕོ་ཉའི་ཤ་མ་ལ་དགའ་བ་ནི་དག་པའོ། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །ཙཱ་རུ་རྟག་ཏུ་བཟའ་བར་བྱ། །རིག་མས་ལྷན་ཅིག་དེ་ཉིད་འཆང་ཞེས་སོ། ཁ་སྦྱོར་འབྱུང ་པའི་རྒྱད་དུ་ཡང། །མི་ཁྱིའི་སྐྱུགས་པ་བསྲེས་དང་ཤ། རྡོ་རྗེའི་ཆུ་དང་སྦྲང་རྩིར་ལྡན། །རྣམ་སྣང་མཛད་དང་ཀུན་དུ་བསྲེས། །རྣལ་འབྱོར་པས་ནི་རྟག་ཏུ་བཟའ་ཞེས་སོ། །དེ་ཉིད་འཆང་ནི་དེའི་དེ་ཉིད་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་དེ་འཆང་བའོ། ། ་དགོངས་པ་མ་ཡིན་པའོ། །དག་པའི་སྤྱོད་པའོ། །རིགས་རྣམས་ཀུན་ལ་སྤྱད་པར་བྱ། །གཟའ་མིན་པར་ནི་མི་བརྟག་གོ། །དབྱེར་མེད་ཕོ་ཉ་མོ་དེ་ཡི། །དེ་ཉིད་ལས་ཀུན་རྣམ་པར་གནས་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་མེད་པའི་སྤྱོད་པ ་གསུངས་ཏེ། རིགས་ཀུན་ལ་ནི་རིགས་ལྔ་པོ་རྣམས་ལའོ། །དབྱེར་མེད་ནི་རྣམ་པར་རྟོག་པ་མེད་པའོ། །དེ་ཉིད་ལས་ནི་རང་བཞིན་ལས་སོ། །ཀུན་དུ་རྣམ་པར་གནས་བ་ནི་མཐོང་བའོ། །སྒྲུབ་པ་རྣམ་པ་གཉིས་རབ་བརྗོད། །ཕོ་ཉ་མོ་གཅིག་པོ་འདི ་ལས་གཞན་སྣ་ཚོགས་གཟུགས་དང། །ཕོ་ཉ་མོ་དེ་བསྐུལ་བའི་དངོས་གྲུབ་ཡང་དག་པར་གནས་པའོ། །འདི་ཡང་ཕོ་ཉ་མོ་གཅིག་མཚན་ཉིད་ཐམས་ཅད་དང་ལྡན་པ་ལས་གཞན་སྒྲུབ་པ་པོ་ལ་གུས་པ་སྣ་ཚོགས་གཟུགས་དང། །གཉིས ་པ་ཕྱག་རྒྱ་ཆེན་མོའོ། །གསུངས་པ་ཡང། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱང། །ཡང་དང་ཡང་དུ་བསྟེན་བཞིན་བ། རྣལ་འབྱོར་གདོན་མི་ཟ་བར་སྐྱེས་ཞེས་སོ། །དངོས་གྲུབ་ཡང་དག་པར་གནས་པ་ལ་ནི་དངོས་གྲུབ་ལ་རྒྱུ་མཚན ་གཉིས་འདིར་གསུངས་པ། བླ་མ་བརྒྱུད་རིམས་ལས་ཐོབ་པས། མངོན་པར་དབང་བསྐུར་སྔགས་ལེགས་ལྡན། །ཕྱག་རྒྱ་ཀུན་སྦྱོར་ལས་ཚུལ་ཁྲིམས། །ཡོངས་རྫོགས་ཡེ་ཤེས་ལུས་ལ་སྐྱེ། །ཞེས་པ་ཚོགས་གསུམ་ངེས་པར་སྟོན་པར་བྱེད ་དེ། བླ་མ་བརྒྱུད་བ་དང་དྲུག་རྫོགས་པ་དང་འཁོར་ལོ་སྐྱེས་པའི་བསོད་ནམས་སོ། །རིམ་པས་ཐོབ་པས་ནི་བསོད་ནམས་ཀྱིས་སོ། །མངོན་པར་དབང་བསྐུར་ནི་བཞི་བ་ཐོབ་པའོ། །ལེགས་སྔགས་ལྡན་ནི་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་འདིས་སོ། །བླ་མ་རྣམས ་ཀྱི་རྗེས་སུ་ཞེས་པ་འདིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསུངས་སོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་ཏེ་ཚུལ་ཁྲིམས་ཀྱི་སྤྱོད་པའོ། །གསུངས་པ་ཡང་ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་རྫོགས་པ། རྟག་ཏུ་མར?་མས? ་སྐྱོན་མེད་སྤྱོད་པ་ནི་ཞེས་སོ། །གསུངས་པ་ཡང་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་བུད་མེད་རྣམས་ཀྱི་མཁའ་ཨི་པདྨར་སྨད་པར་མི་བྱའོ་ཞེས་སོ། །ཡོངས་སུ་རྫོགས་པའི་ཚོགས་གསུམ་པོ་རྣམས་ཀྱི་ཡེ་ཤེས་ལུས་སྐྱེ་སྟེ་ཐམས་ཅད་མཁྱེན་པ་ཉིད་དོ། ། ་གསུངས་པ་ཡང?། །ཚོགས་གཉིས་ཡོངས་སུ་རྫོགས་པ་ནི། །བྱང་ཆུབ་སེམས་དཔལ་རབ་ཏུ་བརྗོད། །ཚོགས་གསུམ་ཡོངས་སུ་རྫོགས་པ་ནི། །སྟོན་ཐམས་ཅད་མཁྱེན་པར་བརྗོད་ཅེས་ཏེ་སྒྲ་ཇི་བཞིན་བའོ། །ནད་པར་སྔར་ལངས་སེམས་བདག་ཉིད། ་ལུས་ལ་མ་ལུས་བྱས་ནས་ནི། །ཡན་ལག་ལས་འདས་མཚོན་ཆ་རྣམས། །ལུས་ལ་གནས་པ་ཀུན་ཏུ་སྤྱོད་ཅེས་པས་དཔའ་བོའི་རིམ་པས་སྦྱོད་པ་གསུངས་ཏེ། སེམས་བདག་ནི་རྡོ་རྗེ་མཁའ་འགྲོར་གསུངས་པའི་དགོངས་སུ་གསོལ་ཞེས་བྱ་བ་ལ ་སོགས་པས་རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་གཟུང་བའོ། །རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང་གསུངས་པ། སེམས་ནི་མ་སྐྱེས་པ་ལ་ཡང། །དངོས་གྲུབ་འདའ་ཡང་ཐོབ་མི་འགྱུར། །དཔལ་འདུས་པར་ཡང་འདི་ལྟ་སྟེ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ ་ཐམས་ཅད་སྐྱེ་མཆེད་དང། །གཟུང་བྱ་འཛིན་པ་པོ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པ། རང་སེམས་དོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་སོ། །ལུས་པ་ནོ་དུ་མ་བུའོ། །མ་ལུས་པ་ནི་ལུས་པ་མེད་པ་སྟེ་།བྱས ་ནས་ནི་སོ་སོར་བྱིན་གྱིས་བརླབས་པའོ། །འདི་ལྟ་སྟེ་ཀུན་སྤྱོད་དུ་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ལ་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་གོ། འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར ་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མིག་དག་ལ་གཏི་མུག་རྡོ་རྗེའོ། །རྣ་བ་དག་ལ་ཞེ་སྡང་རྡོ་རྗེའོ། །སྣ་དག་ལ་ཕྲག་དོ་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་སྣ་རྡོ་རྗེའོ།? ་སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ལྟུང་བྱེད་མའོ། །ཆུའི་ཁམས་ལ་གསོང་བྱེད་མའོ། །མེའི་ཁམས་ལ་འགུགས་བྱེད་མའོ། །རླུང་གི་ཁམས་ལ་གར་གྱི་དབང་ཕྱུག་མའོ། །ནམ་མཁའ་ཨི་ཁམས་ལ་པདྨའི་དྲ་བཅན་མའོ། །དེ ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ལྟའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཐམས་ཅད་ལའོ། །བླ་མར་ཡང། ལུང་དང་བྲལ་བའི་རྣལ་འབྱོར་པ། །སངས་རྒྱས་རིགས་ཅན་འབྱུང་བར་འགྱུར། །ལུང་ནི་དོར་བར་མི་བྱ་ཤིང། །དཀོན་མཆོག་གསུམ ་ཤེས་དོར་མི་བྱ། །ཐོགས་མེད་ལུས་ལ་གནས་པ་ནི། །བསྟན་བཅོས་བཤད་པ་མཐོང་བའི་ཕྱིར། །རིལ་བུ་ཁ་རུ་གཞུག་པར་བྱ། །ལུས་ཀྱི་དག་བྱེད་བྱས་ནས་ནི། །དེ་ནས་ཕྱག་རྒྱ་ཀུན་དུ་སྤྱད་ཅེས་སོ། །དག་བྱེད་བྱས་ནས་ནི་རང་གི་ལྷག་པའི ་ལྷའི་རྣལ་འབྱོར་གྱིས་སོ། །ཡང་ན་དང་པོར་གསང་སྔགས་བརྗོད་པར་བྱ་སྟེ། །ོཾ་སྲ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་བའི་ཕྲེད་བས་འཁྲུགས་པ། དེའི་སྟེང་དུ་ཧཱུཾ་ཆེན་པོ་འཇིག་པའི་མེ་དང་མཚུངས་པར་འགྱུར་རོ། །རྡོ་རྗེ་དེས་སླར་ཡང་རྡོ་རྗེ་ལས་བྱུང་བའི་ཧེ་རུ་ཀར་བསམ་པར་བྱའོ། ཞེས་བཤད་པའི་རྒྱུད་དུའོ། །ཕྱག་རྒྱ་ཁ་ཅིག་ལ་སོགས་པ། །རྣལ ་འབྱེར་གནས་རྣམས་ངས་བལྟན་བྱ། །མཚོན་ཆར་བརྗོད་ལ་བགོམ་མི་བྱ། །དམ་ཚིག་གནས་གང་སྨད་མི་བྱ། །མངོན་པར་བརྩོན་ལས་འདའ་མི་བྱ། །དེ་ཡིས་ལྷན་ཅིག་བདེ་བ་བྱ། །གྲོལ་བའི་དོན་དུ་བདེ་བ་གཟུང་ཞེས་ཏེ། མངོན་པར་བརྩོན་པ ་ནི་སྒྲུབ་པ་དང་ལྡན་པའོ། །དེ་ཡིས་མི་མཁའ་འགྲོ་མ་རྣམས་ཀྱིས་སོ། །བདེ་བ་གཟུང་བར་བྱའོ། །གྲོལ་བའི་དོན་ནི་སྐྱེ་བ་འདི་ཁོ་ན་ལ་བདེ་བ་བྱང་ཆུབ་ཀྱི་སེམས་ཏེ། རྣལ་འབྱོར་གྱི་རྒྱུད་དུ་ཡང་གསུངས་པ། །དངོས་གྲུབ་ཀུན ་གྱི་གཏེར་གྱུར་བ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ལ། །དངོས་གྲུབ་སྨད་མེད་ག་ལ་ཡིན་ཞེས་སོ། །ད་ནི་དུར་ཁྲོད་ལ་སོགས་པར་མཚན་མོ་རྒྱུ་བ་གསུངས་པ། དེ་ནས་དམ་ཚིག་སྤྱོད་བྱས་ནས། །སླར་ཡང་རྣམ ་འཁྲུལ་སེམས་དཔའ་ཉིད། །མཚན་མོ་གཅིག་བུར་ཡོངས་སུ་རྒྱུ། །རྟག་ཏུ་གནག་དང་དམར་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ཐོག་མར་རང་གི་ཁྱིམ་དུ་མཉམ་པར་གཞག་པས་དམ་ཚིག་གི་སྤྱོད་པ་སྤྱོང་བར་བྱའོ། །ཀུན་སྤྱོད་དུ་ཡང་དང་པོར ་མཉམ་གཞག་རྣལ་འབྱོར་པས། །འབང་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱོད་པའི་རྗེས་ཐོགས་ལ། །ཡིད་ལ་འདོང་བའི་བརྟུལ་ཞུགས་སྦྱད། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །དཔའ་བོ་ཆེན་པོ་རྒྱུ་བར་བྱེད་ཅེས་སོ། །རྣམ་འཁྲུག ་སེམས་ཅན་ཐམས་ཅང་ནི། །རྣལ་བར་འཁྲུལ་པའི་གནས་སྐབས་ཀྱི་ལུས་ཀྱི་བྱ་བ་ལ་སླར་ཡང་བསམ་གཏན་ལས་ནུས་པ་བསྐྱེད་ནས། །ཕྱི་ནས་སྤྱོད་པ་ཀུན་ཏུ་བརྩམ་མོ། །རང་སེམས་ད་སྐུལ་བའི་དོན་གྱི་ཕྱིར། །ཡིད་ནི་བརྟན་ནམ་གཡོ་འམ་ཅི ་ནག་པོ་དམར་པོ་ནི། །ནག་པོ་ཧེ་རུ་ཀ། དམར་པོ་ཕག་མོའི་དངོས་པོར་འགྱུར་རོ་ཞེས་པ་དྲང་པའི་དོན་ནི། །ནག་པོ་འཇིགས་པའི་ཐུང་པོར་གནས་པ་དེའི་ཆེ་མ་ཆགས་པ་ཐམས་ཅད་སྟོང་པ་བསྒོམ་པ་བརྡོ། །ངེས་པའི་དོན་ནི། །མགུལ་རྒྱན ་གཙུག་ཕུར་དབུང་རྒྱན་དང། །རྣ་རྒྱན་ཚངས་པའི་སྐུང་བ་ཅན། །མགྲིན་པར་མགོ་པོའི་ཕྲེང་བ་འཕྱང། །འོག་པས་སིལ་སིལ་སྒྲ་སྒྲོགས་པ། །རལ་བའི་ཅོད་པན་ངར་དཔྱངས་དང། སྐྲ་སོགས་ཕྱིན་ཅི་ལོག་གིས་བརྒྱན། །རྡོ་རྗེ་པདྨ་ཁ་ཊཝཱི་བཅས། ། ་ཅང་ཏིའུ་ཧཱུཾ་གི་སྒྲ་སྒྲོགས་པ་ཞེས་སོ། །དཔལ་ལྡན་རྒྱལ་གུ་གཞོན་ནུའི་བརྟུལ་ཞུགས་ཀྱི་ལམ་གསུངས་པ། རྡོ་རྗེ་པདྨ་བཙས་པ་ནི། རྡོ་རྗེ་ཨ་རལླིར་ཡང། ཤིང་ལས་བྱུང་བའི་རྡོ་རྗེ་བྱས། །དེ་བཞིན་ཤིང་བྱུང་དྲིལ་བུ་ནི། གཟུང་ནས་རྟག་ཡོངས་སུ ་རྒྱུ། །ཧེ་རུ་ཀ་ཉེད་རབ་སྒྲུབ་ཆེད། །མི་ཡི་རུས་པའི་མགུལ་བའི་རྒྱན། །སོགས་བྱས་རལ་བའི་ཅོད་པན་སོགས། །ཕྱིན་ལོག་རེའི་སྐྲ་ལས་སྐྱེས་ཞེས་སོ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །གོ་ཆ་གསུམ་གྱིས་བརྒྱན་པ་དང། སོག་ཆགས་ཡན་ལག་པཊ ་པ་གྱོན། །བདེ་བ་དོན་བཉེམ་བདེ་བསྐྱེང་བྱ། །མཆོད་ཕྱིར་ཐོགས་པ་སྤངས་ནས་ནི། ཧེ་རུ་ཀ་དཔལ་གཅིང་སྦྲར་གནས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་ཞེས་སོ། །དཔའ་བོ་ཞེས་པ་ནི་དཔའ་བོ་ཉི་ཤུ་བཞི་རྣམས་ཀྱིས་ལུས ་ཀྱི་ཁམས་ལ་ལྷག་པར་གནས་པར་བྱའོ། །གསུངས་པ་ཡང། ཐོང་བའི་དུམ་བུ་ལ་སོགས་ཀུན། །ལུས་ཀྱི་ཁམས་ལ་བརྟགས་པའོ། །གོ་ཆ་གསུམ་ནི་ཤེས་རབ་དང་ཐབས་དག་གི་གོ་ཆ་གཉིས་སོ། །དཔའ་མོ་རྣམས་ཀྱིས་ཡང་སྤྱི་བོ་ལ་སོགས ་པར་རབ་ཏུམ་མ་རྣམས་སོ། །ཞལ་འདི་ཉིད་དུ་འཆད་པར་བྱེད་དོ། །དེ་བཞིན་དུ་ཡང་སྤྱི་བོར་རབ་གཏུམ་མའོ། །སྤྱི་གཙུག་ཏུ་གཅུ?་མ་པའི་མིག་ཅན་མའོ་ཞེས་པ་ལ་སོགས་པའི་ང་རྒྱལ་བརྗོད་ལ་བསམ་པར་བྱའོ། །རྒྱུང་དུ་ལྟག་པར་གནས་པ ་ལས་གཞན་དཔའ་བོ་དྲུག་ཤིས་རབ་དང་ཐབས་སུ་གསུངས་སོ། །དཔའ་བོ་རྣམས་བརྗོད་པར་བྱ་སྟེ། དེ་བཞིན་དུ་བླ་མར་ཡངས་ན་མོ་དང་སོ་དག་ལ་ཐོང་བའི་དུ་མ་བུའོ། །སྐྲ་དང་སྤུ་དག་ལ་ཀེང་རུས་ཆེན་པོའོ། །བགས་པ་དང་དྲི་མ་ལ་རྐེང་རུས ་སོ་ཞེིས་བྱ་བ་ལ་སོགས་པ་ལྷ་མོ་རྣམས་དགོད་པ་བཞིན་དུ་རྟོགས་པར་བྱའོ། །དེ་ལྟར་བདག་ཉིད་རྣམས་བསམས་ནས། །ཚམ་ངམ་སྔགས་ཀྱིས་ལེགས་པར་བསྲུང། །རྐང་པ་བརྒྱད་པའི་སྡངས་ཉིད་ལྡན། །ཚངས་པར་སྤྱོད་པས་རྟག ་ཏུ་བཟའ་ཞེས་གསུངས་སོ། །སྲོག་ཆགས་ནི་སྟག་གོ་།བསྐྱོད་པར་བྱ་བ་ནི་འགྲོ་བའོ། །བདེ་བ་ནི་ཇི་ལྟ་བ་བཞིན་འགྱུར་རོ། །དྲང་བའི་དོན་ནོ། །རྣལ་འབྱོར་བདེ་ལྡན་སྡུག་བསྔལ་བྲལ་ཞེས་སོ། །མཆོད་ཕྱིར་ཐོགས་སྐུད ་པ་ལས་སྐྱེས་པ་ཡང་དག་པར་སྤངས་ནས། སྐ་ལས་སྐྱེས་པ་བཅང་བར་བྱའོ། །གཙང་སྦྲང་འདི་དག་དཔལ་ཧེ་རུ་ཀའི་རྒྱུད་དུ་རྣམ་པ་གསུམ་དུ་གནས་སོ། །ཐལ་པ་དང་ནི་མཆོད་ཕྱིར་ཐོགས། །དུས་ཀུན་དུ་ནི་རྣམ་པར་གནས། །རིགས་དང་རིགས ་མིན་ངོར་མི་བལྟ། །གཙུག་ཏོར་འཆིང་བར་བྱིད་པ་སྤང། །ཞེས་པའི་རིགས་ནི་བྲམ་ཟེ་ལ་སོགས་པའོ། །རིགས་མ་ཡིན་པ་ནི་གཏུམ་མོ་ལ་སོགས་པའོ། །གཙུག་ཏོར་ལ་སོགས་པ་འཆིང་བར་བྱེད་པའོ། །རིགས་དན་གྲིགས་མ་ཡིན་པ ་རང་བཞིན་གཅིག་པ་དང་གཅེར་བུ་དང་སྐྲ་གྲོལ་པ་ཡང་ངོ། །སྒྲ་ཇི་བཞིན་པའོ། །ཕོ་ཉ་གཙང་སྦྲ་དང་པོ་སྟེ། །གཉིས་པ་ཟླ་བ་ཡིན་པར་འདོད། །གསུམ་པ་རྣལ་འབྱོར་མ་ལྷན་ཅིག་།ཟས་གཅིག་ཏུ་ནི་ཟ་བ་ཡིན། །ཞེས་ཕོ་ཉ་མོ་ཉིད་ཀྱི་ལྷན ་ཅིག་པའོ། །རྡོ་རྗེ་ཨ་རལླི་རུ་ཡང། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །ཚུལ་ཁྲིམས་ཀུན་སྤྱོད་ཡོན་ཏན་ལྡན། ཕྲག་དོག་རྨོངས་ཆགས་ལ་སོགས་སྤང། །དེ་བཞིན་སྒྲིན་ཞིང་ངོ་ཆ་ཤེས། །བླ་མར་ཡང། །རང་ཉིད་གསང་སྔགས་རིགས་པ ་སྟེ། །ཐབས་གཅིག་རིག་པའི་བརྟུལ་ཞུགས་སྤྱང་ཅེས་སོ། །ཟླ་བ་ནི་མྱོས་བྱེད་དོ། །ཀུན་སྤྱོད་དུ་ཡོང། ཟླ་བ་འཐུངས་ནས་རྟག་པ་ཡིས། དངོས་གྲུབ་གོ་འཕང་མཆོག་ཏུ་འགྱུར་ཞེས་སོ། །བླ་མར་ཡང། །བཤང་བ་ཤ་ཆེན་ཟོས་ནས་ནི། །དགའ་ ་བ་ལྷན་ཅིག་མྱོས་བྱས་འཐུང། །སེམས་གནས་འཆི་མེད་ཁང་པ་རུ། །འདྲེན་པ་དཔའ་བོ་བསྒོམ་པར་བྱ། །སྒྲུབ་པོ་གཙང་སྦྲ་འདི་ཡིས་ནི། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །གཙང་སྦྲ་འདི་ཙམ་ཉིད་ཀྱིས་ནི། །རྣལ་འབྱོར་པ་རྣམས་ཀུན ་དུ་འགྲོ་ཞེས་སོ། །ཡན་ལག་དང། མགོ་པོ་དང། ཡིང་འདིས་དངོས་གྲུབ་དྲི་མ་གསུམ་དང་བྲལ་བའོ། །ཆུ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། །བཤད་པའི་རྒྱུད་དུ་ཡང་ཟླ་བ་ཏ་དང་འཕོས་པ་དང། །ཚེས་དང་ཚེས་ལ་བརྟག་པར་བྱ། །རྣལ་འབྱོར་དྲ ་མ་བསལ་བའི་ཁྲུས། །བྱ་འམ་ལང་ན་ནི་བྱའོ་ཞེས་སོ། །བྱ་བ་གཞན་ལ་སོགས་པ་ཡང་གསུངས་པ་བརྗོད་པ་བཟླས་པས་ཀུན་དུ་བཤད། །ཡན་ལག་བསྐྱེད་སོགས་ཕྱག་རྒྱ་སྟེ། །ལྷ་ཡི་རྣལ་འབྱོར་དམིགས་ནས་ནི། །གང་ཕྱིར་རྟག་ཏུ་གནས ་པར་བྱ། །ནང་དུ་བརྗོད་པས་ཅི་ཞིག་བྱ། །འཇིག་རྟེན་བྱ་བ་གང་ལ་གནས། །རྡོར་སེམས་གོ་འཕང་ཐོབ་དོན་དུ། །ཕྱིན་ཅི་ལོག་གིས་གནས་པར་བྱ། །རིགས་བཞི་ལ་ནི་སློངས་མོ་སྦྱང། །མཁས་པས་བྲུ་བ་ཆག་པར་ནི། །བཟའ་བྱ་ཆུ་ཀླུང་འགྲམ་དུ་ནི། ། ་རང་སེམས་རབ་ཏུ་གསལ་བར་བྱ། །བྱི་ལའི་རྐང་བ་ཙམ་གྱིས་ནི། །བསོད་སྙོམས་གཟུང་ནས་བླ་བཟངས་ལྡན། །བླངས་པ་ཉིད་བཅས་བཟའ་བྱ་ཞིང། །མ་ཕྱིན་རྟག་ཏུ་བླང་བར་བྱ། །མི་ཡི་གཡོན་ནས་བསྐོར་བྱ་ཞིང། །རབ་མྱོས་སྐྱེ་བའི་གཡས་ནས་སོ། ། ་མ་ངིས་པ་ལི་ཁྱིམ་དུ་གནས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་འདིར་ནི་ལྷ་མཆོད་པ། །ཆུ་ཀླུ་འགྲམ་དང་ནགས་ཡུལ་དུ། །བདག་གི་ལྷ་ཉིད་མཆོད་པར་བྱ། །བདག་གི་གསང་སྲགས་ཡང་དག་བརྗོད། །མེ་ཏོག་ལ་སོགས་ལྷག ་གནས་ཡ། །མི་གང་ཕྱག་རྒྱ་འགོམ་མི་བྱ། །འཇུག་བྱ་མངོན་པར་དགའ་མི་བྱ། །འགྲོང་བྱའི་གཞོན་ནུ་མ་རྟག་བཏང། །བློ་ལྡན་བོ་གྲང་བྱ་མིན་པ་བསྟེན། །དེ་བཞིན་ཉན་ཐོས་སྐལ་ངན་ལ། །ཡིད་བརྟན་པ་ཉིད་མི་ཕྱའོ། །ཟང་བྱེད་པ་དང་ཐོད་ཅན་ཉིད ་དེ་བཞིན་ར་ལ་པ་འཆང་ཉིད་ལའང་ཞེས་སོ། །གདིང་བའི་དམ་ཚིག་ནི་པགས་པའོ། །འཕངས་ཀྱི་དམ་ཚིག་ནི་གང་ཟག་རྣམས་ཀྱིས་སོ། །སྟན་གྱི་དམ་ཚིག་ནི། སྲོག་ཆགས་ཁྱི་གཞོམ་པར་མི་བྱའོ། །བརྗོད་པར་བྱ་བ་ནི་བརྫུན་ཚིག་མ་ཡིན་པའོ། །མ་བྱིན ་པ་ནི་གཟུང་བ་མ་ཡིན་པ་ཁོ་ན་མ་སྟེ། གཞན་གྱི་ཆུང་མ་བསྟེན་པར་མི་བྱའོ། །ཉིན་མོ་གཉིད་ལོག་མཚན་དུས་སུ། །བང་ལས་ཤིན་ཏུ་མཉམ་པར་བཞག་།ཤ་ཆེན་པོ་ནི་ཟ་བར་བྱེད། །ཆུ་ཆེན་རབ་ཏུ་འཐུང་བྱེད་རང ་ཞེས་སོ། །སྒྲ་ཇི་བཞིན་པའོ། །དེ་ཉིད་བསྡུས་ལས་གླང་རབ་གསུངས། །མཆོག་གི་དང་པོའི་འཕྲོག་བྱེད་རྒྱུད། །གསང་བའི་རྒྱུད་དུ་ཡང་དག་བཤད། །རྡོ་རྗེ་འཇིགས་བྱེད་ཀྱི་རྡོ་རྗེར། བརྟུལ་ཞུགས་བྱ་བསྤྱོད་བཟླས་པས། །དངོས་གྲུབ་ཉིད་སྐྲུབ ་བརྟུལ་ཞུགས་ཅན། །དེ་འདིར་བསམ་གཏན་ཙམ་གྱིས་ནི། །སྔགས་པས་སྐད་ཅིག་ལས་བསྒྲུབ་བྱ་ཞེས་པ་ནི། །དེ་ཉིད་བསྡུས་པ་ཞེས་པ་གཉིས་ཀའི་རྒྱུད་དོ། །མཆོག་གི་དང་པོ་ནི་རྟོག་པ་རུའོ། །འཕྲོག་བྱེད་རྒྱུད་དུ་ནི་རྟ་མགྲིན་གྱི་རྒྱུད་དུ ་འམ་གང་བའི་རྒྱུད་དུ་འམ་ཐུན་མོང་མ་ཡིན་པའི་གང་བ་རུའོ། །བསམ་གཏན་གྱིས་ནི་ལ་དིར་སྤྱོད་པ་ལ་སོགས་པ་དང་ཕྲལ་བས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བརྗོད་དོ། །འདིས་རྒྱུད་ཀྱི་བདག་ཉིད་ཆེ་བ་ཉིད་སྒྲོས་སོ། །སྒྲ་ཇི ་བཞིན་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །ང་ནི་རང་བྱིན་གྱིས་བརླབ་པ་ཤིན་ཏུ་དག་པའི་རིམ་པས་སྤྱོད་པ་བརྗོད་པར་བྱ་སྟེ། རྣལ་འབྱོར་ལམ་དགའ་ཨི་རྣལ་འབྱོར་པ། །གཙང་སྐྲཝ་འདི་ནི་ཀུན་ཏུ་སྤྱད། །གཙང་སྒྲའི་བསོད་ནམས ་གང་འགྱུར་བ། །དེ་ནི་སྨྲ་བར་ནུས་མ་ཡིན་ནོ། ཞེས་བྱ་བ་ལ་སོགས་པས། །འདིར་བརྗོད་པ་གསུམ་དང། འཆད་བཞིན་པ་ཡི་བཞི་པའོ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། རྣམ་དག་དངོས་གྲུབ་ཐམས་ཅད་སྦྱིན། །བདེ་བའི་ཆུ་འཐུངས་པ་ཉིད ་ལས། །སྒྲུབ་པ་གཉིས་མེད་རྣལ་འབྱོར་ལྡན་ཞེས་པ་ལ་དཔལ་ཧེ་རུ་ཀ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ངོ། །ཡེ་ཤེས་ཆེ་ནི་དམིགས་པ་མེད་པའི་སྙིང་རྗེའོ། །རྣམ་དག་ནི་དེ་གཉིས་འོད་གསལ་བའོ། །དངོས་གྲུབ་ཐམས་ཅད ་སྦྱིན་པ་དེའི་ཆུ་ནི་བདེ་བ་ཉིད་ཁོ་ན་ཆུ་སྟེ། །ཁུ་པའི་བཟུགས་དང་བ་ཉིད་ལས་སོ། །འཐུངས་པ་ལས་ནི་སྣང་བ་མེད་པར་བྱེད་པ་ལས་སོ། །གཉིས་མེད་ནི་གཉིས་མ་ཡིན་པ་ལ་དེར་བརྗོད་དོ། །དེ་བཞིན་དུ་ཡང་གསུངས་པ། དམ་ཚིག་ཟླ་བ་བདུད་རྩི་དེ་ཟ་བ་ནི ་འཕོ་མེར་ཡིན། །དགོངས་པ་མ་ཡིན་པའོ། །བྱང་ཆུབ་སེམས་ནི་གང་སྲུང་བ། །ངག་བྱེད་སྡིག་པ་འཇིག་བྱེད་པའོ། །སྡིག་པ་ཐམས་ཅད་རྣམ་ངེས་གྲོལ། །དག་པའི་ལུས་ནི་ནད་མེད་པ་ཞེས་པས་ཟུང་འཇུག་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནི་ལྟའི ་རྣལ་འབྱོར་རོ། །ཕྱི་རོལ་དུ་འགྱུར་བ་མེད་པའི་དོན་ནོ། །བྱང་ཆུབ་ཀྱི་སེམས་ནི་རླུང་གི་ཡན་ལག་བསྡུས་པའོ། །བྱང་ཆུབ་ཀྱི་སེམས་ནི་ཟླ་བར་འགྱུར་རོ། །སྔས་པའོ། །བྱང་ཆུབ་ཀྱི་སེམས་ནི་མཆོག་གི་དེ་ཁོ་ན་ཉིད་སྟོང་ཉིད་དོ་ཞེས་པ་ཡང་མཐར ་ཐུག་པའོ། །བསྲུང་པར་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ་སློབ་དཔོན་གྱི་ཞབས་ཀྱིས་ཀྱང་གསུངས་པ། ཤིན་ཏུ་མཉམ་གཞག་བྱང་ཆུབ་སེམས། །འབད་པས་བསྐྱེད་པར་བྱ་བ་ཡིན། །འཁོར་བར་བྱ་བ་རབ་སྒུབ་ཕྱིར། །ཐབས་གཞན་ལོང་པ་མ ་ཡིན་ནོ། །སྐྱེས་གང་སྐད་ཅིག་གཅིག་ཉིད་ལ། །བྱང་ཆུབ་སེམས་ནི་རབ་བསྒོམ་པ། །དེ་ཡིད་བསོད་ནམས་ཕུང་པོ་ནི། །བགྲང་བར་ནུས་པ་མ་ཡིན་ནོ། །དག་པའི་ལུས་ནི་རྣམ་པར་དག་པའི་ལུས་དང། ངག་དང། ཡིད་དང། ཡེ་ཤེས་དང་ལྡན ་པའོ། །གསུངས་པ་ཡང། རྒྱུ་དང་འབྲས་བུ་འགོག་པ་ལས། །རྒྱལ་བའི་ལུས་དང་དབང་པོ་གཞན། །གསུང་དང་ཐུགས་དང་བདེ་བ་འང་གཞན། །ཕུང་པོའི་ཚོགས་པ་གཞན་པའོ། །དགོངས་པ་མ་ཡིན་པའོ། །དེ་ནས་ཕོ་ཉ་མོ་རྣམས ་གང། །དེག་དང་སྔ་བས་ཀུན་ཏུ་སྤྱད། །ཉོན་མོངས་ཐམས་ཅད་རྣམ་དག་བདག་།བདེ་བར་གཤེགས་པའི་ས་ཐོབ་བྱེད། །རྒྱལ་པའི་དབང་པོ་སྐྱེ་འགྱུར་ཞིང། །ཆོས་ལྡན་རྒྱལ་པོའི་རིགས་སུ་འགྱུར། །རྡོ་རྗེ་རྟག་ཏུ་མཆོད་བྱ་སྣས། །རང ་ཉིད་གུས་པ་གཏོར་མ་སྦྱིན་ཞེས་པ་ནི། །རེག་པ་ངེས་པར་རྟོག་པ་དང། ཀུན་ཏུ་སྨྲ་བ་ཐོབ་པ་ཉིད་ནི་ཕོ་ཉ་མོ་ནི་རིགས་ལྡན་མོའོ། །རྩ་བའི་རྒྱུད་དུ་ཡང། ཁྲག་ནི་ཤེ་རབ་ཟླ་རྟག་ཏུ། །ཐབས་དེ་ཉི་མ་ཉིན་མོའོ། ། ་གཉིས་ཀ་ལ་གཞན་སྟོང་པ་ཉིད། །རིགས་ལྡན་མ་ཞེས་ངེས་པར་བརྗོད། །རྟག་ཏུ་འཇིག་རྟེན་བདེ་བ་ཆེ། །དགོངས་པའོ། །ཀུན་དུ་སྤྱོད་པར་བྱ་བ་ནི་དམིགས་པ་མེད་པས་བསྒོམ་པར་བྱ་བའོ། །འཕགས་པའི་ཞབས་ཀྱིས་ཁྱང་གསུངས་པ། སྐྱེ ་བ་མེད་ཅིང་དམིགས་མེད་དང། །སྟོང་ཉིད་གང་ཞིག་བསྒོམ་པར་བྱེད། །ཞན་པའི་བདག་ཉིད་དེ་བསྒོམ་པ། །འདི་ནི་དམིགས་པ་མེད་པའི་སེམས། །གནས་པ་ནམ་མཁའ་ཨི་མཚན་ཉིད་དོ་ཞེས་སོ། །ཉོན་མོངས་ཐམས་ཅད་ནི་ཉོན་མོངས་པ་དང། ཉེ་བའི་ཉོན ་མོངས་པ་རྣམས་སོ། །བདེ་བར་གཤེགས་པ་ནི་བཅུ་གསུམ་པ་སངས་རྒྱས་ཀྱི་ཀུན་ཏུ་བཟང་པོ་ལ་སོགས་པའོ། །གསུངས་པ་ཡང། རྡོ་རྗེ་འཛིན་པ་དགེ་བའི་ས། ། བཅུ་གསུམ་པར་ཡང་རྣམ་པར་བཤད། །གྲུ་གསུམ་རྣམ་པའི་ཆོས་འབྱུང་བ། །དེ་ནི ་བྷ་གར་བརྗོད་པར་བྱ། །སྐྱེ་བ་ནི་དེ་ནས་ཐོབ་པའོ། །རྒྱལ་བའི་དབང་པོ་རྣམས་ནི་ཐུབ་པ་རྣམས་སོ། །རྒྱལ་པོ་ནི་འཁོར་ལོ་སྒྱུར་བའོ། །རྒྱུད་གཞན་དུ་ཡང་གསུངས་པ། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིད་ཀྱིས་རྣལ་འབྱོར་མཐོབ་ནམ་ཞིག ་འཆི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་གྲུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར་ཞེས་སོ། །ཆོས་དང་ལྡན་པ་ནི་མི་དགེ་བ་བཅུ་དང་བྲལ་བའོ། །རྡོ་རྗེ་མཆོད་པ་ནི་མྱོས་བྱེད་དང་བསམ་གཏན་ནོ། །དཔལ ་འདུས་པ་ཕྱི་མར་ཡང། །མྱོས་བྱེད་རིགས་ནི་དབྱེད་མེད་པ། །རིག་མ་འམ་པདྨའི་ཕྱག་རྒྱའོ་ཞེས་སོ། །དཔལ་རྡོ་རྗེ་མཁའ་འགྲོར་ངེས་པར་བསྟན་པ། ཆར་ནི་ཟླ་བ་ཞེས་སུ་གྲགས། །རྡུལ་ནི་ཉི་མ་ཞེས་བཤད་དོ། །རབ་འཇུག་རོ་མཉམ་དངོས་པོར ་རོ། །བྱིན་གྱིས་བརླབ་པ་གོ་འཕང་སྐྱེད་ཅེས་ཕྱི་མར་རོ། །གཏོར་མ་མི་བགེགས་ཀུན་རྣམ་པར་འཇོམས་བྱེད་པ་ཞེས། །བླ་མར་ཡང། །རྐང་པ་གཡས་བརྐྱང་སྦྱར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིངས་བར་བྱ། །ཁ་ནི་དམ་ཚིག་གིས་བཀང་ནས། ་འདི་ལྟའི་གསང་སྔགས་རྗེས་དྲན་བྱ། །ོཾ་ཨ་རལླི་ཧོ(རྒྱུད་འགྲེལ་པར་བྱ་བའོ། །གཙང་སྤྲའི། །རྡོ་རྗེ་ཐལ་མོ་གྱེན་ཕྱེ་ལ། སྔགས་འདི་བཟླས་པར་བྱའོ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷུ་ཏཱ་པྲི་ཏ་པི་ཤཱཙ་ཨནམ་ད། ཨ་བསྤྲ་ར་ཌཱ་ཀི་ནྱད་ཡ(རྒྱུད་འགྲེལ་ཙྪནྟུ་ཡ་ཐེ་ཝ། ཡ་ཐྵྚ་བྷུཉྫ་ཐ། པོ་བ་ཐ། ཛ་གྷ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ་སཏ་སུ་ཁ་བི་བྲིདྡྷ་ཡེ་ས་ཧ་ཡི་ཀཱ་བྷེ་བནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ལྟར་ཆོ་ག་འདི་ཡིས་ནི། །ཐུན་མཚམས་བཞི་རུ་བྱིན་པར་བྱ་ཞེས་པ་དྲང་བའི་དོན་ཏོ། །གཏོར ་མ་སྦྱིན་པར་བྱའོ། །བཟའ་བར་བྱའོ། །དེ་ཉིད་དུ་ཤ་བཟའ་བར་བྱ་བའི་དོན་དུ་མཛའ་གཅིག་ཏུ་བདེ་བར་ཀུན་ཏུ་གནས་ཏེ་མཉམ་པར་བཞག་པའི་སྦྱོར་བ་ནི་ཐམས་ཅད་ཁོ་ནས་བཟའ་བར་བྱའོ་ཞེས་པའི་ས་ཕྱིར?་བཱིད་ན་ནོ། །རང་རང་ལ་ལ་གང་གསུངས ་བཞིན། །ཆོ་ག་སྦྱར་ལ་སྦྱིན་པར་བྱ། །ནག་པོའི་ཕྱོགས་ཀྱི་བཅུ་བཞི་པའམ། །དཀར་པོ་འམ་དེ་ནས་ཕོ་ཉ་མོ། །མྱུར་དུ་དངོས་གྲུབ་ཕྱེད་པ་ནི། །རབ་ཏུ་འབད་པས་མཆོད་པར་བྱ། །རྡོ་རྗེ་མཆོད་པའི་ཆོ་ག་ཡིས། །དེ་བཞིན་མྱོས་བྱེད་ཤ་སོགས་ཀྱིས ་ཞེས་པས་རྣལ་འབྱོར་མིའི་མཆོད་པ་གསུངས་ཏེ། །རང་རང་ལས་ཤེས་པ་སོ་སོའི་ལས་ཀྱི་རྗེས་སུ་འབྲངས་ནས་གཏོར་མ་སྦྱིན་པར་བྱཱོ། །བཅུ་པ་ལ་སོགས་པ་རྫོགས་པ་དྲུག་གཟུང་བར་བྱའོ། །སྐུན་སྤྱོད་དུ་ཡང་ནག་པོའི་ཕྱོགས་ཀྱི་བཅུ་པ་དང།། །། ་དེ་བཞིན་དཀར་པོའི་ཕྱོགས་ལཱང་འགྱུར། །དེ་ནས་ཀྱི་སྒྲ་ལས་རྒྱལ་ཅན་གྱི་བཅུ་པ་གཟུང་བར་བྱ་སྡེ། ཀུན་སྤྱོད་དུ་ཡང། རྒྱལ་གྱི་ཟླ་བ་སོགས་བརྩམས་ནས། །བཅུ་པ་ལ་ནི་གུས་པས་མཆོད། །དམ་པའི་སྐྱེ་བོ་ཀུན་དུས ་ལ། །དངོས་པོ་དམ་པ་ཐམས་ཅད་དབུལ། །དེར་ནི་ཙཱ་རཱུང་བཟའ་བྱ་ཞིང། །སྣོད་གཉིས་མ་ལུས་ཀུན་ཏུ་གནས། །དེ་ཡི་ལག་ཏུ་འོངས་པའི་དཔལ། །སུ་ཡིས་ཀྱང་ནི་གཞོན་མི་ནུས་ཤེས་ཏེ་སྒྲ་ཇི་བཞིན་པའོ། །བུརྞ་ལ་སོགས་པར་གཙོ་བོ ་བཟང། །མཁའ་འགྲོ་མ་བརྒྱད་ཁོ་ན་དེ་ལྟར་གནས་པ་ཡང། །རྡོ་རྗེ་ལྷ་མོ་མྱོས་བྱེད་རྣམས་དང་ཤ་ཡིས་ཀྱང། །དཔལ་གསང་མཆོད་པ་ལ་སོགས་རྣམས་ཀྱིས་ཕྱོགས་ཅིག་ཏུ། སྐྱེ་བོ་གུས་པ་ལྡན་པས་དེ་རྣམས་མཆོད་བྱས་པ། །ཧེ་རུ་ཀ ་དཔལ་མངོན་པར་མཉེས་གྱུར་པ། །རང་གི་ཕོ་ཉ་མཆོག་དང་རྣལ་འབྱོར་པ་རྣམས་ལ། །མགུ་བའི་སེམས་ཀྱིས་མཆོག་ནི་སྩོལ་བར་འགྱུར་ཞེས་སོ། །དེ་རྣམས་དུ་ཞིག་ན་སུམ་ཅུ་རྩ་བདུན་ནོ། །པོ་ཉ་མཆོག་འབའ་ཞིག་ཏུ་མ་ཟད་ཀྱིས་རྣལ ་འབྱོར་པ་ལ་མཆོད་སྩོལ་བར་འགྱུར་ཞེས་སོ། །མཆེན་མོ་སྐྲ་གྲོལ་གཅེར་བུར་འགྱུར། །རྟུལ་ཞུགས་ཅན་གྱིས་གཏོར་མ་སྦྱིན། །ཕྱག་རྒྱ་ཧེ་རུ་ཀར་སྦྱོར་བས། །དེ་ནི་མ་མོ་རྣམས་གཉིས་འགྱུར་ཞེས་སོ། །བརྟུལ་ཞུགས་ནི་རིག་མའི ་བརྟུལ་ཞུགས་གཟུང་བའོ། །ཕྱག་རྒྱ་ནི་འབར་བའི་ཕྱག་རྒྱའོ། །སྦྱོར་བས་ནི་ལས་ཀྱི་རྗེས་སུ་འབྲང་ངོ། །སླར་ཡང། །གནས་ནི་མཐོན་པོར་རྣལ་འབྱོར་པས། །ཅེར་བུ་སྐྲ་གྲོལ་གྱུར་ནས་ནི། །ལྷོ་ཕྱོགས་ཁ་བལྟས་འདུག་པ་ཡིས། ། ་ཇི་ལྟའི་ལས་ཀྱི་རྗེས་འབྲང་བས། །དེ་ཉིད་གསུམ་གྱིས་མངོན་བོ་སྔགས་ཏེ། །མཚན་ཕྱེད་དུ་སུ་གཏོར་མ་སྦྱིན་ཞེས་སོ། །ད་ནི་རྡོ་རྗེའི་སྡོམ་པ་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་རྡོ་རྗེ་མཁའ་འགྲོར་གསུངས་པ། སངས་རྒྱས ་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་ཆེ་གེ་ཞེས་བགྱི་བས། །དུས་འདི་ནས་གཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་གནས་ཀྱི་བར། །ཇི ་ལྟར་དུས་གསུམ་མགོན་པོ་རྣམས། །རྫོགས་བྱང་ཆུབ་ཏུ་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བར་བགྱི། །རྣམ་གསུམ་ཚུལ་ཁྲིམས་བསླབ་པ་ཡང། །དགེ་བ་དང་ཆོས་ནི་སྡུག་པ་དང། །སེམས་ཅན་དོན་བྱའི ་ཚུལ་ཁྲིམས་དང། །བདག་གིས་བརྟན་པོར་སོ་སོར་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་མཆོག་གསུམ་བླ་ན་མེད། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་སྡོམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི ་རིགས་བསྡུས་ལ། །རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ། །དེ་ཉིད་ལས་ནི་སོ་སོར་གཟུང། །སློབ་དཔོན་ཡང་ནི་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་རུང་བ། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་ཉི་མར་དྲུག་བྱས་ནས། །སྦྱིན་པ་བཞི་ནི་རེ་བ་སྦྱིན ་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ཁས་ཆེན་པོ་ཡི་རིགས་བསྡུས་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །དེ་ཉིད་ལས་ནི་སོ ་སོར་གཟུང། །མཆོད་པའི་ལས་ནི་ཅི་ནུས་བཞིན། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མཛའ་དག་གཟུང་བ་དང། མ་བསྒྲལ་བ་རྣམས་.....་བསྒྲལ་བར་བགྱི ་མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུས་མ་ཕྱིན་པ་དབུགས་འབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལ་དང་པོར་བདེ་བས་ཉེ་བར་ཞུགས་ཏེ། ལྕེ་ལ་མ་ལས་སྐྱེས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ནས། རྡོ་རྗེ་ཐལ་མོ་སྤྱི་བོར་བཅིངས་ཏེ། །ོཾ་སྭ་བྷཱ་བ་ཤཱུ་དྡྷ(རྒྱུད་འགྲེལ་དག་པར་མཆོད་ནས། །ཐོག་མ་བར་དང་ཐ་མར་ནི། །གསང་སྔགས་ཡི་གེ་བརྒྱ་པ་བཟླས། །དེ་བཞིན་དུ་ཡང་བླ་མར་གསུངས་པ། །ོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེན་པ་ཏེཥཐ་དྲི་ཌཧོ་མེ་བྷ་བ་སུ་ཏོ་ཥྱོ་མེཾ་བྷ་བ་ཨ་ནུ་དཀགྱོན?་བྷ་བསུ་བོ་ཥྱཾ? ་མེ་བྱ་བ་སིདྷི་མམེ་པྲ་ཡཙྪ་སརྦ་ཀ་རྨ་སུ་ཙ་མེ་ཙིཏྟི་ཤྲེ་ཡ(རྒྱུད་འགྲེལ་འཛིན་གསུམ་གྱིས། །བརྟགས་པའི་རྣལ་འབྱོར་བསྒོམ་པར་བྱའོ། །རྡོ་རྗེ་ཕག་མོའི་རང་བཞིན་ཉིད་ཀྱིས་སིན་དྷུ་ར་བསྒྲུབ་པར་བྱའོ། །གྲུབ་པ་ཤཱ་བ་ར་ལ་སོགས་པས་སྦྱར་བའི་ཆོ་གས་འཛིན་པའི་དུས་སུ་ཤིན་ཏུ་ཕྱིས་པའི་མེ་ཡོང་གི ་མཐིལ་དུ་སིན་དྷུ་ར་བཏབ་ནས་གསེར་གྱི་ཐུར་མས་ཟུར་དྲུག་པ་བྲིས་པའི་དབུས་སུ་གསང་སྔགས་བྲིས་ནས་ཕྱི་རོལ་གྱི་ཟུར་དུ་དགའ་བ་འཁྱིལ་པའི་ཕྱག་རྒྱ་བྲི་བར་བྱའོ། །ཉེ་བར་སྤྱོད་པ་ལྔ་ལ་སོཊ་བས་མཆོང་ནས་བཟླས་ཏེ་གཤེགས་སུ ་གསོལ་བར་བྱའོ། །སིན་དྷུ་ར་དེ་ཟངས་ཀྱི་སྣོང་དུ་བཞག་པར་བྱའོ། །དེ་ནས་ལཱ་རྒ་ལེའི་སྦུབས་ཀྱི་དབུས་སུ་བཅུག་ན་ཇི་སྐད་གསུངས་པའི་དམ་ཚིག་གིས་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདག་ལ་བྱིན་ཅིག་ཅེས ་ཕྱག་འཚལ་བར་བྱའོ། །དེ་ལྟར་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་བྱས་ནས་མཐར་རྣལ་འབྱོར་མ་རྣམས་བཟའ་བ་དང་བཏུང་བས་ཀུན་ཏུ་ཚིམ་པར་བྱའོ། །སྤྱོད་པ་ལ་འཇུག་པའི་གནང་བ་དང་དངོས་གྲུབ་ཀྱང་གསོལ་བར་བྱའོ། །དེ་སྨྱོན་པའི་སྤྱོད ་བ་སྤྱད་པར་བྱ་སྟེ། ཐོར་པ་གཟུང་ནས་དེ་སིན་དྷུ་རས་དགའ་བ་འཁྱིལ་བའི་ཐིག་ལེ་བྱས་ཏེ་སྲད་བུ་ཐོགས་ལ་ཚོད་དུས་དང། ཁྲོན་པ་དང་ཉེ་བར་བུད་མེད་རྣམས་རྣམ་པ་མང་པོས་གཡོན་ནས་བསྐོར་བས་བསྐོར་བར་བྱའོ། །སྔགས་ཀྱང་བཟླས?་པར ་བྱའོ། །གང་ལ་ཐིག་ལེའི་མནན་པ་མཐོང་བ་དེ་མཉེས་པར་བྱེད་དོ། །ཟླ་བ་དྲུག་གིས་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །མཉམ་པར་མ་བཞག་པའི་སྦྱོར་བས་བསྒོམ་པར་བྱའོ། ཞེས་པ་ནི་སྒོམ་པར་བྱེད་པ་ན་གཅེར་བཱུམ་གལ་ཏེ ་གཅེར་བུམ་ཡིན་པ་རུང་སྟེ། གང་དུ་ཇི་ལྟར་གསུངས་པ་དེ་ལྟར་དེར་རོ། །གཏོར་མའི་ཆོ་གའོ།། །།ནང་གི་གཏོར་མ་གསུངས་པ། རྡོ་རྗེ་མཆོད་པ་རྣམ་དག་བདག་།རི་བོང་ཅན་ཞུ་ཐིག་ལ་འཆང། །མྱ་ངན་འདས་བྱུང་དགའ་བོ་ནི། །དེ་ནས་བདག ་ཉིད་མཆོད་པར་བྱ། ཞེས་པ་ནི་དག་པ་ནི་ཆགས་པ་དང་ཆགས་པ་མ་ཡིན་པ་ལས་དག་པ་དག་ཡོང་པ་མ་ཡིན་ནོ་ཞེས་བརྗོད་དོ། །ཆགས་ལ་ཞེན་པ་ཞེས་སོ། །མྱ་ངན་འདས་བྱུང་ནི་གསལ་བར་ཧེ་རུ་ཀར་ཡང་དག་པར་བྱུང་བའོ། །ཀུན་སྤྱོད་དུ་ཡང་ཧེ་རུ་ཀ ་དཔལ་མྱང་འདས་བྱུང། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན་ཞེས་སོ། །དཔའ་བོ་སྔོན་པོ་འམ། །དགོངས་པའོ། །སངས་རྒྱས་སོགས་རྣམས་དཔའ་ཀུན་རྣམས། །རྣལ་འབྱོར་མ ་རིགས་འདྲེན་པ་མོ། །ཟླ་བ་འདུས་པ་ལེགས་གནས་པའི། །སྤྱོད་པའི་སྤུན་ནི་མཆོད་པར་བྱ། །སྤྱོད་པའི་སྤུན་ནི་རྡོ་རྗེ་སྤུན་རྣམས་སོ། །ཟླ་བ་འདུས་པ་ལེགས་གནས་པ་ནི་དམ་ཚིག་ཅན་དུ་གསལ་ལོ། །སྤུན་རྣམས་ཀྱིས་དང་རང་གི་བུ་རྣམས་ཀྱིས་ལྷན་ཅིག་ཏུ་བདེ ་བ་དང་སྒྲུག་བསྔ་ལ་རྗོད་པར་བྱེད་ཀྱིས་དེ་རྣམས་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པ་དང་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གསལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །དེ་རྣམས་ཀྱི་པ་མ་དང་འབྲེལ་བ་དེ་རྣམས་ལ་གསང་སྔགས་སྦྱིན་པ་མི་བྱའོ། །རྣལ ་འབྱོར་གྱི་རྒྱུད་དུ་ཡང། ལྷ་མོ་སྤས་པ་དེ་གཟུང་བྱ། །ཕ་དང་བུ་ཡིས་ཡིད་བསྟན་མིན། །སྒྲ་ཇི་བཞིན་པའོ། །དེ་རྣམས་ཀྱིས་ལྷན་ཅིག་ཏུ་ཙཱ་རུ་བཟའ་བར་མི་བྱའོ། །དམ་ཚིག་སྤྱོད་པ་སུན་འབྱིན་པ་འདི་རྣམས་ལ་སྔར་ལ་སོགས? ་པ་སྦྱིན་པར་མི་བྱའོ། །ཉེ་བར་བསྟེན་པ་ཉམས་མི་བྱ་ཞེས་ཏེ་འབྲེལ་པར་གྱུར་པ་དེ་རྣམས་ཀྱིས་དང་སློབ་དཔོན་གྱི་བུ་དང་བ་མེད་པ་རྣམས་དམ་ཚིག་གི་སྤྱོད་བ་སུན་ཞེས་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་སོ། །དམ་ཚིག་ཅེས་པ་ནི་བསྲུང ་བར་བྱ་བ་དང་བཟའ་བར་བྱ་བའི་མཚན་ཉིད་དོ། །དེ་རྣམས་ཀྱང་སྦྱིན་བར་མི་བྱ་ཞིང། །དེ་རྣམས་ལ་དེ་ཁོ་ན་ཉིད་ཀྱང་ངོ། །སྒྲ་ཇི་བཞིན་པའོ། །དམ་ཚིག་ལ་གནས་པ་རྣམས་ལ་དོན་ཇི་ལྟ་བ་བཞིན་དུ་ཉེ་བར་བསྟན་པ་ལ་སོགས་པ་སྦྱིན་པར་བྱའོ། ། ་ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་པས་རྨོངས་པས་འགྲོ་མི་བྱ་ཞེས་པ་ནི་ཉེ་བར་བསྟན་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང། །དོན་དམ་པའི་བདེན་པ་ཟུང་འཇུག་གོ་།ལ་སོགས་པའི་སྒྲ་ལས་རྡོ་རྗེ་བཟླས་པ་དང་ཕྲ་མོའི་རྣལ་འབྱོར་རོ། ། ་དམ་ཚིག་གནས་པ་ནི་དམ་ཚིག་གཅིག་པའི་སློབ་མ་བཟང་པོ་རྣམས་ལའོ། །རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང། །གཡོ་ཅན་ལ་མིན་རྒྱན་པོ་རྣམས་ལ་མིན། །དམ་ཚིག་སྡང་ལ་ཡོད་པ་མ་ཡིན་ནོ། །བླ་མ་ལ་གུས་རྣམ་པར་དུལ་བ་དང། ཕྲག་དོག ་ཆགས་པ་རྣམ་པར་སྤངས་པ་དང། དཀྱིལ་འཁོར་རབ་ཞུགས་སློབ་མ་བཟང་པོ་ལ། །རྡོ་རྗེ་ཐེག་པའི་འདེན་པ་པོ་ལ་ནི། །དེ་ལ་རྒྱ་ཆེན་མཆོག་འདི་ནི། །དེ་ཉིད་མཆོག་ནི་བསྟན་པར་བྱ། །རྒྱུད་གཞན་དུ་ཡང། གང་ཡང་རྒས་པའི་དངོས ་པོར་གནས། །གང་ཡང་རྟོག་གེ་དགའ་བའི་མི། །དགེ་སློང་དངོས་པོར་གནས་པ་གང། །དེ་ལ་དེ་ཉིད་བསྟན་མེ་བྱ་ཞེས་སོ། །ཕོ་ཉ་མོ་ནི་ཕྱག་རྒྱ་རྣམས་སོ། །དྲང་བའི་དོན་ནོ། །ཕོ་ཉ་མོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལན་བའོ་དེས་པའི་དོན ་ནོ། །གཞན་ནི་དམ་ཚིག་དང་བྲལ་པའོ། །སྒྲ་ཇི་བཞིན་པའོ། །ཕོ་ཉ་མ་ལ་ཞན་པ་ནི་གྲུབ་པའོ། །ཕོ་ཉ་མ་གཏོགས་ནི་ཟད་པར་གྱུར་པའོ། །གང་རིམ་པ་ལས་འདའ་བར་བྱེད་པ་ནི་སྐྱེ་གནས་དམན་ལ་དགའ་བས་གནས་པ་ལ་ལེགས་པའི ་རྣམ་པ་ལ་སྦྱིན་པར་མི་བྱའོ། །ཐ་མལ་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་མ་འམ་སྲིད་མོ་བུ་མོ་དང། །ཆུང་མ་འམ་ཕོ་ཉ་མོ་ཉིད་གནས་ཞེས་པ་ལ། །ཕོ་ཉ་མོ་ནི་བུད་མེད་དེ། །རྣལ་འབྱོར་སྡོམ་པའི་རྒྱུད་དུ་ཡང། །སྒྱུ་མ་དག་ནི་ཐམས་ཅད ་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡང་དག་རྫོགས་སངས་རྒྱས་གྲུབ་འགྱུར། །ཟད་པར་གྱུར་པ་ནི་དམན་པའི་ཐེག་པ་ལ་རྟེན་པའོ། །རྣལ་འབྱོར་གྱི་རྒྱུད་དུ་གསུངས་པ་ཡང། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག ་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད་ཅེས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང། ཕོ་ཉ་མ་རྟག་ཞེན་ཐར་ལ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །སྐྱེ་གནས ་དམན་ལ་དགའ་བར་གནས། །བསྙེན་བཀུར་ཉིད་ནི་བྱ་བ་མིན་ཞེས་སོ། །འང་གི་སྒྲ་ལས་མཐར་སྐྱེས་མོ་སྟེན་ནམ་དུ་ཡང་ཤིན་ཏུ་བཟོད་ཅིང་ཁྱད་པར་འཕགས་པས་བསྟེན་པར་བྱའོ། །དམ་ཚིག་ལ་སོགས་པ་ཅན་ནོ། །སྒྲ་ཇི་བཞིན་པའོ། ། ་དེ་ཡིས་དཀའ་ཐུབ་ཕྲད?་པར་འགྱུར། །འཁོར་ལོ་འམ་མཆོག་ཏུ་གྲུབ་པ་རྣམས། །འདི་རྣམས་ཁུ་བ་འགུགས་པར་བྱེད། །ལྷན་ཅིག་རྫས་ཀྱིས་ཐེ་ཚོམ་མེད་ཅེས་པས་མ་བསྟེན་པའི་ཉེས་དམིགས་གསུངས་ཏེ། འདོད་བ་ཅན་དེ ་རྣམས་ཀྱིས་མ་བསྟེན་པ་ལས་ཁྲོས་པ་རྣམས་ཀྱིས་དཀའ་ཐུབ་སྟེ། བརྟུལ་ཞུགས་ལ་སོགས་པ་ཉམས་པར་འགྱུར་རོ། །སྦྱིན་པའི་བདག་པོའི་འཁོར་ལོ་ལས་སྐྱེས་པའི་བསོད་ནམས་དང། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང ་རྫས་རྣམས་ཀྱིས་ལྷན་ཅིག་པའི་ཆོས་ལ་སོགས་པ་དེ་ལས་ཀྱང་གདོན་མི་ཟ་བར་རོ། །ཉ་ལ་རྣལ་འབྱོར་མ་བསྟེན་བྱ། །ཆོ་གས་ཀྱི་འཁོར་ལོ་འམ་བརྒྱད་པ་གཉིས། །བཅུ་བཞི་པ་དང་ཉེ་ལ་ཡང། །དེ་ཡི་ཚེས་ལ་རྣལ་འབྱོར ་མ། །ད་སྔགས་པས་བཏུང་བས་མཆོད་པར་བྱ། །བདེ་བས་ཀྱང་ངོ། །སྦྱིན་བདག་གི་འཁོར་ལོ་ལ་ཡང་གདོན་མི་ཟ་བར་འདོད་པ་སྦྱིན་པས་ཕྱག་རྒྱ་སྦྱིན་པར་བྱའོ། །གསུངས་པ་ཡང། ནོར་གྱིས་ནོར་རྙེད་འགག་པ་མེད་པའི་སྨད་འཚོང ་མ། བསོད་ནམས་མང་པོའི་རྒྱུ་རུ་དེ་རྣམས་རབ་སྤྱིན་བྱ། །རྟག་པའི་དངོས་གྲུབ་རྒྱུ་རུ་གསང་བའི་ཡན་ལག་ནི། །སློབ་དཔོན་ཆེན་པོའི་གོ་འཕང་རྒྱུ་རུ་དབུལ་བར་བྱ། །རྣམ་པ་གཞན་དུ་བསོད་ནམས་ཕྱིན་ཅི་ལོག་ཏུ་འགྱུར། བཟང་པ ་ཡོན་ཏན་བརྒྱད་འགྱུར་མར་མེའི་འབྲས་བུ་གཏེར། །མར་མེའི་བརྒྱད་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང། །ཆང་གི་བརྒྱད་འགྱུར་ན་ཆུང་མ་ལ་རབ་སྦྱོར་ཏེ། །དེ་ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། །རྒྱུད་གཞན ་དུ་ཡང། འདོད་པའི་སྦྱིན་པ་ཐམས་ཅད་དུ་ནི་བདེ་མཉམ་འབྲས་སྟེར་འཁོར་ལོའི་དུས་སུ་སྨོས་ཅི་དགོས། །ཡིད་འོང་ཆུང་མ་སྲིང་མོ་སྐལ་བཟང་བུ་མོ་རྣམས་ཀྱང་གསང་བའི་སྦྱིན་པ་ལ་ནི་རབ་སྦྱིན་བྱ། །བུ་མོ་རྒན་མོ་དར་མ་རྣམས ་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེ་མོ་དམངས་མོ་མཐར་སྐྱེས་རྣམས་སམ་མིག་དང་ལག་པ་དང་བྲལ་རྣམ་ཆུ་སྣ་ནི་ཆད་མ་རྣམས། །མཛའ་དག་བྱང་ཆུབ་རྒྱུ་རུ་ཐབས་དང་ཤེས་རབ་ཐབས་ཀྱིས་མཆོད ་པར་བྱ་སྟེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་ཆེ་བ་དང། །བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་ཞེན་པས་སོ། །རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་འདོར། །ལག་པ ་གཡོན་པ་རབ་ཏུ་བསྒྱུར། །གཡོན་པ་སྟེང་དུ་སོ་སོར་མཆོད། །ཕོ་ཉ་གཡོན་པ་ཀུན་དུ་སྤེད། །གཡོན་པ་ཚིམ་བྱེད་ཟ་བར་བྱེད། །བརྟུལ་ཞུགས་མེད་འཇོམས་བ་རྟུལ་ཞུགས་རྫོགས། །སྒྲུབ་པ་ཕོ་ནི་དེ་ཉིད་བརྩོན་ཞེས་པའོ། །གཡོན་པ་ཚིམ་བྱེད ་ཟ་བར་བྱེད་ཅེས་པ་ནི་གཡོན་པའི་མིང་མེད་ཀྱིས་ཚིམ་པར་བྱེད་པ་ལ་སོགས་པར་བྱའོ། །ཚིམ་པར་བྱེད་པ་བརྗོད་པར་བྱ་སྟེ་སྔགས་པའི་ལག་པ་ལ་དགོད་པར་བྱས་ལ་མྱོས་བྱེད་ལག་པ་གཡོན་པ་དང་ཨོཾ་ཡིག་གིས་སྦྱང་བར་བྱའོ། །གཡས་པ་དིང? ་ཨཱ(རྒྱུད་འགྲེལ་མེད་ཀྱི་རྩེ་མོས་ས་ལ་ཆོས་བྱུང་གྲུ་གསུམ་དུ་བྱས་ནས་དབུས་སུ་ཟླུམ་པོ་དམར་པོ། །དེར་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་བལྟས་ལ་དེ་ཚིམ་པར་བྱའོ། །ཧཾ་དང་རྡོ་རྗེའི་ཕྱག་རྒྱས་ཕྱི་རོལ་རྣམས་སྤྱན་དྲང། འདིར་ཨོཾ་ཨཱ(རྒྱུད་འགྲེལ་ཨཱ། ཨི་ཨའི། རི་རཱི། ཨུ་ཨའུ། ལི་ལཱི། ཨ་ཨཱ། ཨེ་ཨི། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ཀ་ཀཱ། ཁ་ཁཱ། ག་གཱ། ང་ངཱ། ཙ་ཙཱ། ཙ་ཚཱ། ཛ་ཛཱ། ཛཧཾ་ཛཧཱ། ཉ་ཉཱ། ཊ་ཊཱ། ཋ་ཋཱ། ཌ་ཌཱ། ཌཧ་ཌཧཱ། ཎ་ཎཱ ་བ་པཱ། ཕ་གཱ། བ་བཱ། བྷ་བྷཱ། མ་མཱ། ཏ་ཏཱ། ཐ་ཐཱ། ད་དཱ། དྷ་དྷཱ། ན་ནཱ། ས་སཱ། ཉབ་ཉབཱ། ཥ་ཥཱ། ཤ་ཤཱ། ཋྐ་ཋྐཱ། ལ་ལཱ། ཝ་ཝཱ། ར་རཱ། ཡ་ཡཱ། ཧ་ཧཱ། ཀྵ་ཀྵཱ། ཞེས་ཤེས་རབ་དང་ཐབས་སུམ་ཅུ་རྩ་དྲུག་ཆིམ་པར་བྱའོ། །ཀྵ་ཡིག་དང་ལག་པ ་གཡོན་པའི་རྒྱབ་ཀྱིས་གཤེགས་སུ་གསོལ་ལོ། །ཡུལ་གྱི་བདག་པོ་གཏོར་མས་ཚིམས་པ་ཡང་གསུངས་པའི་ཆོག་ཉིད་ལས་སོ། །འདིར་རྒྱས་པར་བྱ་བ་མ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིམ་པར་བྱེད་པའོ? ་གའོ། །བརྟུལ་ཞུགས་མེད་འཇོམས་ནི་བརྟུལ་ཞུགས་ངན་པ་ནི་བརྟུལ་ཞུགས་མེད་ལ་སྟེ། མུ་སྟེགས་ཕ་རྣམས་ཕྱི་ཁྱི་ལ་སོགས་པའི་བརྟུལ་ཞུགས་ཏེ། དེ་འཇོམས་པ་ཡང་དོ། །རྣལ་འབྱོར་བའི་བརྟུལ་ཞུགས་ཀྱི་བརྗོཊ ་པ་ནི་བདེ་བར་གཤེགས་པའི་རིག་མའི་བརྟུལ་ཞུགས་ལྡན་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཇི་བཞིན་པའོ། །རང་གི་དམ་ཚིག་རིགས་ཀུན་སྤྱད། །གཅིག་ཏུ་ཙཱ་རུ་བཟའ་བོར་བྱ། །རིགས་ལྔ་རྣམ་པར་ཀུན་ཏུ་སྤྱོད། །རིགས་བཞིར་ཡང་ནི་གྲགས་པ་ཡིན ་རང་གི་དམ་ཚིག་ནི་རྒྱུད་མཚུངས་པ་ཉིད་དོ། །རིགས་ཀྱི་ཀུན་དུ་སྤྱོད་པ་ཞེས་པ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་རིགས་དང་ལྡན་པ་རྣམས་ཀྱིས་བྱ་བའོ། །རིགས་ལྔ་མཉམ་པར་ཀུན་དུ་སྤྱོད་ནི་འཇིག་རྟེན་ལས་འདས་པ་ཀུན་སྤངས ་རྣམས་ཀྱིས་སོ། །རིགས་བཞི་ཀུན་དུ་སྤྱོད་པ་ནི་སྤྲོས་པ་མེད་པ་བསྟན་པ་རྣམས་ཀྱིས་སོ། །ཞེས་པ་ནི་སྒྲ་ཇི་བཞིན་པའོ། །རིགས་གཅིག་མཉམ་པར་ཀུན་དུ་སྤྱོད། །རྣལ་འབྱོར་དངོས་གྲུབ་རབ་སྟེར་བྱེད། །ཅེས་པ་ནི་གཅིག་ཏུ་སྨྱོན་པའི ་བརྟུལ་ཞུགས་འཛིན་པ་རྣམས་ཀྱིས། །རྣལ་འབྱོར་གྱི་རྒྱུད་དུ་ཡང་གསུངས་པ། །ཇི་ལྟར་འདོད་བཞིན་བསྒྲུབ་བྱ་སྒྲུབ། །དེ་ཡི་ཕྱི་ནས་ཇི་འདོད་པས། །འདོད་པའི་བྱ་བ་འམ་ཇི་འདོད་བཞིན། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། ། ་དབང་པེ་གང་དང་གང་ལམ་ཉིད། །གང་གང་དེ་དེའི་རང་བཞིན་ལས། །མཉམ་པར་མ་གཞག་སྦྱོར་བ་ཡིས། །རང་ལྷག་ལྷ་ཉིད་ཀུན་དུ་སྤྱད། །དེ་ཉིད་སྦྱོར་བ་འདི་ཡིས་ནི། །ཐམས་ཅད་མྱུར་བ་ཁོ་ན་འགྲུབ། །ངན་ཟོས་ངན ་བྱས་ཐམས་ཅད་ཀྱིས། །ཀུན་མཆོག་ཉིད་ཕྱིར་ཉེས་པ་མེད། །ཅེས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་པ་ཡི་སྤྱོད་བའོ། །བ་ལང་ཤ་དང་རྟ་ཤ་དང། །མི་ཁྱི་གླང་པོ་སྣ་ཚོགས་རྣམས། །སྔགས་དང་ཕྱག་རྒྱར་ཡང ་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་སུ་བཤད་ཅེས་སོ། །གསུངས་པ་ཡང་བ་ལང་ནི་མིག་གོ། རྟ་ནི་ལྕེའོ་མི་ནི་ལུས་སོ། །ཁྱི་ནི་རྣ་བའོ་གླང་པོ་ཆེ་ནི་སྣའོ། །སྣ་ཚོགས་ནི་སྦྲང་བུ་སྟེ་ཡིད་དོ། །འདི་རྣམས་ཀྱི་ཤ་ནི་གཟུགས་ལ་སོགས་པའི་ཡུལ ་ལོ། །ཟ་བ་ནི་སྣང་བ་མེད་པར་བྱེད་པའོ། །སྒྲ་ཇི་བཞིན་པ་མ་ཡིན་པའོ། །ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ། །སྔགས་ནི་ཡི་གེ་གསུམ་ལ་སོགས་པའོ། །བླ་མར་ཡང་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ(རྒྱུད་འགྲེལ་ཡེ་ཤེས་ལྔའི་བདུད་རྩིས་ཡོངས་སུ་གང་བ་ཆ་བཅུ་དྲུག་པ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ། །ཡི་གེ་གསུམ་ལས་བྱུང་བ་སྤྲོས་པའི་འཁོར་ལོ་གསུམ་བསྒོམ་པར་བྱའོ། །ས་མ་ཡ་ཤུང་དྷ(རྒྱུད་འགྲེལ་བཟའ་བར་བྱའོ། །རྡོ་རྗེ་བདུང་རྩིའི་ཆུ་བཏུང་བར་བྱའོ། །ོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཐ་ཐ་ཧཱུཾ་ཐ་ཐ་ཏྭཱཾ་ཨཱ(རྒྱུད་འགྲེལ་ནང་གི་གཏོར་མའོ། །ཧེ་རུ་ཀ་དཔལ་གྱི་སྤྲུལ་པ། །ཉེར་སྤྱོད་བསྟན་བཅོས་མཚན་ཉིད་དོ་ཞེས་པ་ནི་ཧེ་རུ་ཀའི་རྒྱུད་འདི་ཉིད་ཀྱི་ཆོ་ག་བསྟན་བཅོས་ཏེ། ཉེ་བར་བསྟན་པའི་བསྟན་བཅོས་ཐེག་པ་ཆེན་པོ་ཡང་དག་པར་གཟུང་བ་ཐམས་ཅད ་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རྣམ་པར་མཚོན་པར་བྱེད་པ་སྤྲུལ་པའོ། །གསུངས་པ་ཡང། དོན་གཅིག་ཉིད་ཕྱིར་མ་རྨོངས་ཕྱིར། །ཐབས་མང་ཕྱིར་དང་དཀའ་མེད་ཕྱིར། །དབང་པོ་སྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་བསྟན་བཅོས ་ཁྱད་པར་འཕགས་ཤེས་ཏེ་སྒྲ་ཇི་བཞིན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་།རྣལ་འབྱོར་རྟག་ཏུ་གཟུང་བར་བྱ། །བགེགས་མེད་ཇི་བཞིན་དངོས་གྲུབ་དེའོ། །གཞན་དུ་འགས་ཀྱང་རབ་འགྲུབ་མིན་ཞེས་པ་ནི་འདི་ཁོ་ན་ཁྱད་པར ་དུ་འཕགས་པའི་ཟུང་འཇུག་གསུངས་པའོ། །གཟུང་བར་བྱ་ནི་རྣལ་འབྱོར་བསྒོམ་པར་བྱའོ། །གསྲུངས་པ་ཡང། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །རྣལ་འབྱོར་རྣཾ་པ་གསུམ་དུ་འདོད་ཅེས་སོ། །ཁྲག་ནི་པགས? ་རབ་ཐོ། །དཀར་པོ་ནི་ཐབས་སོ། །གཉིས་པོ་གཉིས་མ་མིན་པ་ནི་གཉིས་མེད་དེ་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཡེ་ཤེས་སོ། །ཐམས་ཅད་གསང་པའི་རྒྱུད་དུ་ཡང། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས། །རྒྱས་གང་བ་ཡེ་ཤེས་བརྗོད་བྱ་སྟེ། ། ་མཆོག་གཞན་ཐེག་པ་ཐུན་མོང་ནི། །སེམས་མེད་སེམས་ནི་བདེ་བ་ཆེས་ཞེས་སོ། །དགོངས་པ་མ་ཡིན་པའོ། །བགེགས་མེད་ནི་གང་དེ་ལྟ་བུར་བགྲོད་པར་བྱ་བའི་ཕྱིར་དང། །བདུད་རྣམས་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །ཇི་བཞིན་དངོས ་གྲུབ་ནི་མངོན་པར་འདོད་པའི་ངོས་གྲུབ་དང་དེའི་བསྲུང་པ་ཡང་ཐམས་ཅད་སྦྱིན་པར་འགྱུར། །གཞན་དུ་སེམས་ཅན་འགས་ཀྱང་དེའི་དོན་དུ་རབ་ཏུ་སྒྲུབ་པ་སྟེ། རབ་ཏུ་འཇུག་པ་མ་ཡིན་ནོ། །དེ་ཁོ་ནས་དོན་ཐམས་ཅད་སྒྲུབ་པ་ནི་སྟོང་པ་ཉིད་ཀྱི ་རྣལ་འབྱོར་དང་ལྡན་པའོ། །དེ་ཡི་ཕོ་ཉ་མོ་མཆོག་བཟང། །ལྷན་ཅིག་བརྩོན་པར་ལྡན་པ་ཡིན། །གང་ཆགས་དགའ་བའི་ལེགས་སྦྱོར་ལས། །རྣལ་འབྱོར་རྫས་ཀྱི་རྣམ་དབྱེ་ལས། །སྙོམས་པར་འཇུག་པ་སེམས་འཛིན་པ། བྱང ་ཆུབ་མཆོག་ནི་བསྒྲུབ་པར་བྱ། །བླ་མའི་ཉེ་བསྟན་ལ་ཀུན་ཞེན། །དེ་ཡི་དོན་གྱིས་ནོར་སྦྱིན་མཚུངས་ཤེས་པས་འབྲས་བུ་གསུངས་ཏེ། གང་དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་དེའི་རལ་གྲི་དང་སྣག་ཚ་དང་ཚོང་ལ་སོགས་པ་བརྟེན་པའི་ཆོས ་སྤངས་པ་དེའི་བྱ་བ་ཐམས་ཅད་བྱེད་པ་ནི་ཕོ་ཉ་མོ་ཤེས་རབ་མའོ། །གསུངས་པ་ཡང་བྱང་ཆུབ་སེམས་དཔའ་ནི་ཟོལ་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་བཅོས་མར་བྱེད་དོ། །མཆོག་ཏུ་ལེགས་པར་བསླབས་པའི་ལྷ ་མོ་གཞན་འཆགས་པ་མ་ཡིན་པ་ལ་མཆོག་ཏུ་བརྩོན་??་བ་ནི་དེའི་བྱ་བ་ལ་རང་བདེ་བ་ཆེན་པོ་བསྒྲུབ་པ་ལ་ཡང་ངོ། །དེའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་བཤེས་གཉེན་ཅན་གང་འདི་ལ་ཆགས་པ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སེམས ་ངེས་པར་ཆགས་པའི་རྣལ་འབྱོར་པའོ། །བླ་མར་ཡང། འཇིགས་བ་ངེས་བཅོམ་ཡོངས་སུ་དག་པའི་བློ། །སྤྲོས་པའི་རྣམ་རྟོག་མ་ལུས་བཅོམ་བྱས་པ། །བྱམས་དང་སྙིང་རྗེའི་རྒྱན་གྱིས་བརྒྱན་པའི་ལུས། །རྣལ་འབྱོར་པ་བདག་མ་ཆགས་བདེ་བར་གནས ་ཞེས་སོ། །དགའ་བ་ལེགས་སྦྱོར་ལས་ནི་མི་འཕོབ་རྫོགས་པར་ལོངས་སྤྱོད་པ་ལས་སོ། །བྱང་ཆུབ་མཆོག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་གདུལ་བྱ་རྣམས་ལ་རྟོགས་པར་བྱེད་དོ་ཞེས་པས་བྱང་ཆུབ་སྟེ་གཞན་གྱི་དོན་བྱེད་པ་པོའོ། ། ་སྙོམས་འཇུག་ལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་གསུངས་པ་ཡང། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང། ཡེ་ཤེས་ཕྱག་རྒྱ་རྗེས་སོ་ཆགས་ལ། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བསྟོན་པོས་བསྲུང་བར་བྱ་ཞེས་སོ། །སེམས་ནི ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་སོ། །དག་པ་མཆོག་ཏུ་མི་འགྱུར་བ་དེ་འཛིན་པར་བྱེད་དོ། །ཞེས་པས་འཛིན་པའོ། །དགོངས་པའོ། །བླ་མས་ཉེ་བར་བསྟན་ཞེས་པ་དགོངས་པའི་སྐད་ལ་སོགས ་པ་དང་བཤད་པའི་རྒྱུད་དུ་གསུངས་པའོ། །དེས་ཀུན་ནས་ཞེན་པ་ནི་དེ་མངོན་པར་ཤེས་པའོ། །བཤད་པའི་རྒྱུད་དུ་ཡང་ཉེ་བར་བསྟན་པ་གསུངས་པ་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། ལྟེ་བའི་དབུས་སུ་བསྒོམ་པར་བྱ། །མཆོག ་མི་འགྱུར་གོ་འཕང་ན། །དེ་ཡི་དབུས་སོན་བསམ་པར་བྱ། །སྐུ་དང་གསུང་ཐུགས་འདྲེས་པ་ཡི། །ལྟ་ཡི་གཟུགས་སུ་བསྒོམ་པར་བྱ། །གོང་བུ་ལས་འདས་དེ་བསྒོམ་བྱ། །སེམས་ཉིད་དུ་ཡང་བསྒོམ་པ་མིན། །ཆགས་པ་མ་ཡིན་ཆགས་བྲལ ་མིན། །འདོད་ཆགས་བྲལ་ཞེས་རིགས་པར་ལྡན། །བླ་མས་ཉེར་བསྟན་ལམ་གྱིས་ན། །མཆོག་ཏུ་འབད་པས་བསམས་པ་ལས། །དེ་ལྟར་ངལ་སོས་པ་ལ་གནས། །འཇིག་རྟེན་དུ་མས་མི་ཤེས་སོ། །རྣལ་འབྱོར་རྣལ་འབྱོར་བྲལ་མི་བྱ ་མྱང་འདས་གོ་འཕང་འབའ་ཞིག་པ། །དེ་ལྟའི་བྱང་ཆུབ་འགྱུར་རྙེད་དཀའ་། །རྣམ་གཞན་འབྲས་བུ་མེད་བར་འདོད། །རྣ་གཞན་མུ་སྟེཊ་ངན་པ་ལ། །འོད་གསལ་ལ་སོཊ་ཡོ་དམ་ཡིན?། །ཀུན་སྤྱོད་དུ་ཡང། ལྡོག་པ་ཇི་སྐད་མདོར་བསྟན་པ། །བཤར་བྱ་སྒྲུབ་པ་པོ་རྣམས་ཉན། །ཤཱི ་ཡིག་གཉིས་མེད་ཡེ་ཤེས་ཏེ། ཧེ་ཞེས་རྒྱུ་སོགས་སྟོང་པ་ཉིད། །དུ་ཡིག་བཀོད་པ་དང་བྲལ་བ། །ཀ་ཞེས་གང་གི་འང་མི་གནས་པའོ། །འདི་རྣམས་རང་བཞིན་ལས་སྟོང་པ། །ཀུན་འགྲོ་གཞོམ་དུ་མེད་པའོ། །མདོར་བསྡུས་ནས་ནི་བསྒོམ་བྱས་ན། ། ་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་སོ། །དེའི་ངོན་གྱིས་ནི་དེའི་རྣམ་པར་འབྱོར་པས་སོ། །ནོར་སྦྱིན་ཏེ་ལུས་ངན་པོ་དང་མཉམ་པར་ནམ་ཞིག་འགྱུར་ཏེ་ནམ་མཁའ་མཛོད་ཉིད་ལས་སོ། །ནོར་རྒྱུན་མའི་རྟོག་པར་ཡང་གསུངས་པ། །གང ་ཤིན་ཏུ་ཡུན་རིང་པར་ཆས་ལེགས་པར་ཡང་དག་པར་སྤྲོས་ཤིང། རབ་ཏུ་རྟོགས་པ་ནི་མི་རྣམས་ཀྱི་དབུལ་བའི་སྡུག་བསྔལ་གྱི་ཉེས་བཞི་སྟེ་གཞན་དུ་དེའི་ལག་ཏུ་དཔལ་སོན་ཏོ། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང། དེ ་བཞིན་ཁོ་ནར་དྲུག་བརྒྱ་ཡིས། །སྲེག་རྣམས་རྣལ་འབྱོར་བས་??་བྱ། ། བྷ་དྷཱུ་ཏིའི་ཞབས་ལ་གནས་ཤེས་པས་འོད་གསལ་གསུངས་སོ། ། བ་དྷཱུ་ཏཱི་ནི་མེ་རིག་བའོ། །དེའི་ཞབས་ནི་འོད་གསལ་ཏེ་རྟོག་པ་ལས་རྣམ་པར་གྲོལ་བའོ། །བསད ་པར་བྱ་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཚུལ་དུ་བྱའོ། །དེས་བཞི་དོན་ནོ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་བརྒྱ་གྲགས་དྲུག་ལྷག་པའི་དབུགས་ཉིན་དང་མཚན་མོས་ལ་ལ་ནཱ་དང། ར་ས་ནཱ་དང། དབུ་མ་ནས་སོ། །དེ་ལ་དུས་སྦྱོར་བཅུ་གཉིས་འཕོ ་བ་རྣམས་སུ་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའི་གྲངས་ཉིན་ཞག་སོ་སོར་དབུ་མ་ནས་སོ། །ལྷག་མ་ལ་ལ་ནཱ་དང་གངས་ནཱ་ནས། རབ་ཏུ་འབབ་པ་དུས་སྦྱོར་བཅུ་གཉིས་པོ་དེ་རྣམས་སུ་སོ་སོར་རེ་རེར་ལུག་ལ་སོགས་པ་མི་མཉམ་པའི་དུལ་སྦྱོར་ཀྱིས ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་སོ། །དེ་བཞིན་དུ་ར་ས་ནཱ་ནས་རབ་ཏུ་འབབ་པ་སོ་སོར་རེ་རེར་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་གྱིས་སོ། །སོ་སོ་རེ་རེར་འཕོ་བའི་དུས་སུ་སྒྲ་གཅན་ཨ་པ་དྷཱུ་ཏཱི་ར་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི ་གྲངས་སོ། །དེ་རྣམས་སུ་དཀྱིལ་འཁོར་རེ་རེ་འབབ་པ་ནི་གཡོན་པ་དང་གཡས་པ་དག་ལ་དྲུག་ཅུ་ལྷག་པའི་སུམ་བརྒྱའི་གྲངས་ཏེ། རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་རྣམས་དཀྱིལ་འཁོར་སོ་སོའི་དབུས་ནས་སོ་སོར་བཅིངས་པས ་དམན་པའོ། །འདིར་དཀྱིལ་འཁོར་ནམ་མཁའ་ལ་སོགས་པ་ལྔ་ལ་སོགས་པ་ལྔ་ལ་ནཱ་ནས་སོ། །ས་ལ་སོགས་པ་ནི་ར་ས་ནཱ་ནས་སོ། །གཡོན་དང་གཡས་སུ་ཡང་ངོ། །འདིར་ལྟེ་བའི་པདྨ་ཆུ་སྲིན་ལ་སོགས་པ་འདབ་མ་དྲུག་ཅུའི་རྟེན་ལ་གྲངས་ཇི ་ལྟ་བ་བཞིན་དུ་འདབ་མའི་དབུས་དང། ཤར་དང། གཡས་དང། གཡོན་དང། ནུབ་ཏུ་སྟོང་པ་དང། རླུང་དང། མེ་དང་ཆུ་དང། སའི་དཀྱིལ་འཁོར་རྣམས་འདབ་མ་རྣམས་སུ་དང། སྣའི་བུ་གང་དབུས་ལ་དང། སྟེང་དང་གཡས་དང་གཡོན ་དང། འོག་ཏུ་??་བྱ་སྟེ་བཅུ་གཉིས་ཀྱི་མཐར་ནམ་མཁའ་ལ་སོགས་པ་དང། ས་ལ་སོགས་པཱི་དབྱེ་པས་འབྱིན་པ་དང། སྡུད་པའི་རིམ་པས་འོད་དཔག་མེད་དང། དོན་ཡོད་པའི་རང་བཞིན་གྱིས་སོ། །རྣམ་པར་སྣང་མཛད་ཀྱི་རླུང་ཡང་ལུས ་ལ་རྗེས་སུ་འགྲོ་བར་རྟོགས་པར་བྱའོ། །དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ལྟེ་བའི་ཟེ་འབྲུ་ལ་སྟེང་གི་བུ་གར་ཅིག་ཅར་ཉིད་ཀྱིས་སོ། །དཀྱིལ་འཁོར་ལྔའི་དབུགས་ཀྱི་བདག་ཉིད་ཅེས་པ་རླུང་གི་དེ་ཉིད་དོ། །འདི་རྣམས་ཀྱི་གཡས་པ་དང ་གཡས་མིན་གྱི་དབུགས་རྩའི་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྲོག་དང་ཐུར་སེལ་གྱིས་དབུ་མར་རྒྱུན་ཏུ་རབ་ཏུ་ཞུགས་པས་ཐུན་མོང་པའི་འཆི་ལྟས་ཀྱིས་འཆི་བ་བླུ་བར་འགྱུར་རོ། །དབུ་མ་ཡི་ཡང་དབུགས ་རྣམ་པ་གསུམ་སྟེ་ཐ་མ་དང་འབྲིང་དང། མཆེག་གི་དབྱེ་བས་སོ། །དེ་ལ་ཐ་མ་ནི་འགྱུར་བའི་རང་བཞིན་འཆི་བ་སྟེར་བར་བྱེད་པའོ། །འབྲིད་ནི་འཆི་ལྟས་འཇོམས་པ་སྟེ་ལྷན་ཅིག་སྐྱེས་པའི་དབུགས་ཀྱི་འཁོར་ལོའི་གྲངས་རེངས་པ་དཀར་པོ ་མི་བསྐྱོད་པའོ། །མཆོག་ནི་སངས་རྒྱས་ཉིད་སྟེར་བ་བྱེད་པ་པོ་སྟེ་རྡོ་རྗེ་བཟླས་པར་ཇི་ལྟར་ཉེ་བར་བསྟན་པ་ལས་རབ་ཏུ་འབྱུང་བ་དང་འཇུག་པ་ཉིད་ཀྱིས་སྲོག་དབུ་མར་རབ་ཏུ་གཞུག་པར་བྱ་སྟེ་ཉི་ཁྲི་བརྒྱད་གཉིས་བརྒྱའི་གྲངས་ཇི་སྲིད་པར ་རོ་ཞེས་སོ། །གསུངས་པ་ཡང། རྣལ་འབྱོར་པའི་དབུ། འབྱུང་རྡུབ།?་སྦྱོང་ཞི་གཅིག་པ་ལ་བརྩོན་པ། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །བགྲང་ཕྲེང་མེད ་ཅིང་སྔགས་རྣམས་མེད། །གཟུངས་དང་སྦྱིན་སྲེག་ལས་རྣམས་ཀུན། །གཅིག་ནས་གཅིག་ཏུ་བཟློག་པར་འགྱུར། །འདི་སེམས་ཀྱི་བསམ་པ་ཐོབ་པར་འགྱུར་ཏེ་འདིར་ཡང་རང་བཞིན་བརྒྱུད་ཅུ་འཕྲོ་བ་ལས་སེམས་རྣམས་པར་དབེན་པར ་རྟོགས་པར་བྱ་སྟེ། སྣང་བ་གསུམ་གྱིས་རླུང་འབབ་པའི་ཕྱིར་རོ། །འཕགས་པའི་ཞབས་ཀྱིས་གསུངས་པ་ཡང། །རླུང་ནི་གང་དུ་དེར་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང། སྣང་བ་མི་གཡོ་བར་འགྱུར ་རོ། །རླུང་རྣམས་ཕྲེ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ཏེ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུན་རྣམས་ལ་ནི་དམིགས་པར་བྱེད། །དགོངས་པ་ལུང་སྟོན་དུ་ཡང། ཇི་སྲིད་འཇིག་རྟེན་བརྡ་དང་ནི། །དེ་བཞིན ་རྣམ་པ་སྣ་ཚོགས་བརྟགས། །རྣམ་རྟོགས་རླུང་ལས་རྟག་ཏུ་ནི། །བྱང་ཆུབ་སེམས་སུ་འགྱུར་བ་ཡིན་ཞེས་སོ། །དེ་ལ་སྣང་བའི་སུམ་ཅུ་རྩ་གསུམ་སྣང་བ་མཆེད་པའི་བཞི་བཅུ་ཐམ་པའོ། །སྣང་བ་ཉེ་བར་ཐོབ་པའི་བདུན་ནོ། །འདི་དག་ཀྱང་སྦྱོར་བསྡུས? ་ལ་སོགས་པར་རྟོགས་པར་བྱའོ། །བཟླས་པ་འདིའི་ཕན་ཡོན་གསུངས་པ། དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང། ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆོ་བའི་འཇིགས་བྱེད་ནད ་དང་དབང་པོ་ཉེ་བར་འཆོ་བ་དང། དབུལ་དང་བུད་མེད་འབྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་ཡང་ནི་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར ་འགྱུར། །བླ་མར་ཡང། རྟགས་ནི་གཉིས་གཉིས་སྦྱོར་བས་སོ། །དངོས་གྲུབ་ཆེད་དུ་གསང་སྔགས་བཟླས། །འཁོར་ལོ་སྒྱུར་དྲུག་འགྲུབ་པར་བྱེ། །ངེས་པར་བླ་དྲུག་གིས་གཞན་མིན་ཞེས་སོ། །རྡོ་རྗེ་བཟླས་པ་འདིས་བསྙེན་པ་བྱམ?་ནས ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལས་རྣམས་ཐམས་ཅད་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །སྔགས་ཀྱི་དེ་ཉིད་གསལ་བ་འདི། །གསུང་གི་རྡོ་རྗེའི་སྒྲུབ་ཐབས་སོ། །རྣལ་འབྱོར་བྱིས་པའི་རྟོགས་བྱ་མིན། །རྟོག་ཤེས་ཡིས ་མི་ཤེས་སོ། །ཡེ་ཤེས་གསུམ་གྱི་དབྱེ་པ་ཡིས། སེམས་ཙམ་ལ་ནི་ངེས་པར་སྦྱོར། །སེམས་རྣམས་དཔེན་པ་ཞེས་བཤད་པ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལ་ཞེས་སོ། །དྲང་བའི་དོན་ནོ། འོད་གསལ་བའི་རིམ་པའོ།། །། ་དེ་ནས་ཕོ་ཉའི་མཚན་ཉིད་མཆོག། གཞན་པ་ཡང་དག་མདོར་བསྟན་པ། །གང་གིས་ཡང་དག་རྣམ་ཤེས་བྱེད། །མཁའ་འགྲོའི་དམ་ཚིག་ལས་ངས་པའོ། །མིང་པོ་དང་ནི་ཕ་ཉིད་དང། །རྗེ་བོ་སྐད་ཅིག་ལས་མཐོང་བྱེད། །ལྕེ ་སྦོམ་མིག་ནི་དམར་སེར་ལ། །སྐྲ་ནི་དམར་སེར་དེ་ནས་རྩུབ། །ཐུན་མོང་དངོས་གྲུབ་ཐམས་ཅད་དང། །བཟླས་དང་བརྟུལ་ཞུགས་ལ་རྟག་དགའ་ཞེས་པས་ཕོ་ཉ་མོའི་རང་གི་ངོ་བོ་གསུངས་སོ། །རྗེ་བོ་ནི་བདག་པོ་ཉིད་དུ ་ཀུན་དུ་སྦྱོད་པར་བྱེད་དེ་འདོད་པའི་བརྒྱད་འགྱུར་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་བསྟེན་པར་བྱ་སྟེ་ཇི་ལྟ་སུས་ཀྱང་མི་ཆོར་པར་བྱའོ། །སྒྲ་ཇི་བཞིན་པའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །ཞེས ་པ་གསལ་ལོ། །དྲན་པས་ཡང་དག་ལྡན་པ་ཡི། །ཕོ་ཉ་ཞེས་བྱའི་གོ་འཆང་ལྡན། །ཕྲེང་བའི་སྔགས་ནི་རྟག་ཏུ་ཟློས། །འདོད་པའི་དོན་ཀུན་གྲུབ་བྱེད་པ་ཞེས་ཏེ། དྲན་པས་ནི་ལྷའི་བསམ་གཏན་ནོ། །གཞན་དུ་རྟོགས་པར་སླའོ། །དཔའ་ ་པོའི་དབང་པོ་སྒྲུབ་པར་བྱེད་པ་དེ་བཞིན་དུའོ། །རྣལ་འབྱོར་རོལ་པ་འབྲས་རབ་སྟེར། །སྒྱུ་དང་མི་སྒྱུའི་འཇིག་རྟེན་གསུམ། །གདོན་མི་ཟ་བར་བློ་བུར་འབྱུང་ཞེས་པ་ནི་དཔའ་བཱོ་དབང་པོའི་རྐང་པ་བརྒྱད་པ་དང་དེ་བཞིན་དུ་ལྷའི་རྣམས་པའི་རྣལ ་འབྱོར་ལས་སོ། །མཁའ་འགྲོ་མ་ལ་སོགས་པ་ནི་བྱ་རོག་གདོང་མ་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་གསུམ་སྒྲུབ་བར་བྱེད་དོ། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །སྒྲུབ་པ་པོ་ཡི་ཐེ་ཚོམ་མེད། །ཕྱག་རྒྱ་དམན་པའི་གསང་སྔཊ ་རྣམས། །ལུས་ཅན་རྣམས་ཀྱིས་འགྲུབ་མི་འགྱུར་ཞེས་པ་ནི་གསང་སྔགས་ཞལ་བཞི་པའོ། །ཕྱག་རྒྱ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཏེ་དྲད་བའི་དོན་ནོ། །གསང་སྔགས་ཤེས་པའོ། །ཕྱག་རྒྱ་ཤེས་བྱ་སྟེ་ཟུང་དུ་འཇུག་པའོ་ཞེས ་པ་ངེས་པའི་དོན་ནོ། །སྔགས་པས་དྲོ་བའི་བྱ་བ་དག། མངོན་པར་བརྩོན་པས་རྟོགས་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྣལ་འབྱོར་ཆེན་པོ་སུན་འབྱིན་གང། །ཁྱི་ཡི་སྐྱེ་གནས་བརྒྱར་སོད་ནས། །གཏུམ་པོ་རུ་ཡང ་སྐྱེ་པར་འགྱུར། །དམ་ཚིག་གི་སྤྱོད་པ་སུན་འབྱིན་པ་དེ་རྣམས་རྨོངས་པ་དང་ངན་འགྲོར་འགྲོ་བར་འགྱུར་རོ། གཏུམ་མོའི་རྣལ་འབྱོར་ཆེན་པོ་ལ་མངོན་པར་བརྩོན་པས་སོ། །གསུངས་པ་ཡང། ཐི?་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། །མྱོ?་བས ་ཀྱིས་མེ་དང་ཡང་དག་ཕྲད་པས་འཆིང། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་མ་དང་ཡང་དག་ཕྲད་མ་པས་ཞེས་སོ། །དྲོ་བའི་བྱ་བ་ནི་གཏུམ་མོའི་མེའི་རི་མོའོ། །བཤད་པའི་རྒྱུད་དུ་ཡང། །ཱ་ལི་ཀཱ་ལཱི་མཉམ་བྱས ་ནས་ཊ་ཊ་རི་མོ་དེ་ལ་ངེས་པར་སྦྱར། །སྟེང་དུ་འབར་བའི་རི་མོ་ལས། །འོག་ཏུ་འཇིག་པར་བྱེད་པའོ། །དྲང་བའི་དོན་ནོ། །དྲོ་བའི་བྱ་བ་ནི་འདོད་པའི་འདོད་ཆགས་རབ་ཏུ་གསལ་བ་དབང་གཉིས་ཀྱི་སྦྱོར་བས་ཇི་ལྟར་འགྱུར་བ་དེ་ལྟར་བསྒོམ ་པར་བྱའོ། །བླ་མར་ཡང། བདུད་རྩི་ཐིག་ལེའི་གཟུགས་ཅན་ནི། ཁུ་བའི་གཟུགས་ཀྱིས་འཇིག་པར་བྱེད། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། །ཡེ་ཤེས་མེ་སྟེ་འདི་ཡི་ལས་ཤེས་སོ། །ངེས་པའི་དོན་ཏོ། །རྣལ་འབྱོར་ཆེན་པོ་ནི ་ཀུན་སྦྱོད་དུ། །ལོངས་སྤྱོད་རྫོགས་པར་ཤེས་པར་བྱ། རྣལ་འབྱོར་ཆེན་པོར་རྣམ་པར་གནས། །བླ་མར་ཡང། སྙིང་ལ་གནས་པར་དེས་བསྟན་པ། །ཐིག་ལེ་གཅིག་ནི་འགྱུར་པ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །རང་གི ་ཤེས་སྐྱེ་བར་འགྱུར་ཞེས་ཏེ་དྲང་བའི་དོན་ནོ། །རྣལ་འབྱོར་ཆེན་པོ་ནི། །རྡོ་རྗེའི་རྣལ་འབྱོར་བླ་ན་མེད་ཅེས་གསུངས་པའོ། །རྒྱས་པར་བསྟན་པ་ཡང་བླ་མར། ཆོས་ཐ་དག་མེད་པའི་ལམ་གྱིས་ནེ། །དཀྱིལ་འཁོར་མཆོག་ཏུ་རབ་ཞུགས ་ནས། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་ལ། །དེ་བཞིན་རྣལ་འབྱོར་པར་ལས་སོ། །ཞེས་ཏེ་ངེས་པའི་དོན་ནོ། །ཁྱི་ནི་ཁྱི་རྣམས་སོ། །དཔེར་ན་ཁ་ཅིག་མར་འདོད་པས། །དད་པས་ཆུ་ལ་སྲུབ་པར་བྱེད། །དེ་ལ་མར་སར་མི་འབྱུང་ཡང་?? ་ལུས་ཉོན་མོངས་པ་ཁོ་ནར་ཟད། །ཅེས་པ་ངེས་པར་བསྟན་པ་གསུངས་པ་གསལ་ལོ། །བཟང་པོར་འཛིན་དང་མཆོད་དང་བཏུང། །འཆོ་བའི་ཐབས་ཀྱི་རྒྱུ་ཉིད་ཕྱིར། །རྣལ་འབྱོར་གཞན་ལ་བརྟན་པ་དང། །བཟླས ་པ་གཞན་ནི་དོན་མེད་དོ། ཞེས་པས་སྔགས་པ་གསུངས་ཏེ། །ཤེས་རབ་མ་ནུས་མའི་ཟླ་བ་ཅན་དབྱེར་མེད་པའི་ཆོས་ཅན་གྱི་ཕྱག་རྒྱ་ཆེན་མོའི་སྐབས་ལས་གཞན་པའི་ལྷ་དང་སྔགས་ལ་སོགས་པ་མཆོད་པ་དོན་མེད་དོ་གསུངས་པ་ཡང ་ཐུབ་པ་འགྲོ་བ་འཇིགས་མེད་ལྡན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་པ་བྲལ་བའོ་བདག་ཉིད་ལའོ། །བཟང་པོ་ནི་དཔལ་བཟང་པོའི་རིགས་ཉིད་ཀྱི་ཕྱིར་ཀུན་རྫོབ་པ་དང་དོན་དམ་དག་གིས ་བཟང་བ་ཉིད་ཀྱི་ཕྱིར་བཟང་པོ་འཚོ་བའི་ཐབས་ཤེས་པ་ནི་འཚོ་བའི་དོན་ནོ། །དགོངས་པ་ལུང་བསྟོན་པ་རྣལ་འབྱོར་གྱི་རྒྱུད་དུ་ཡང། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དེ་རྣམས་འཚོ་བ་རྟོག་པར་བྱེད། །དེ་རྣམས་འདུས་པ་མི་ཤེས་ཏེ ་གང་དེ་འང་དམན་པའི་ལམ་དུ་ལྟར། སྒྲ་ཇི་བཞིན་པའོ། །རྣལ་འབྱོར་ཆེ་འཛིན་དཔའ་བོ་ནི། །ཡུལ་ཕྱོགས་གང་དུ་གནས་གྱུར་ཏེ། །གཏུམ་པོ་ཀླ་ཀློས་གང་བ་ཡང། །ཡུལ་དེ་ཡོངས་སུ་བརྟགས་པ་ཡིན་ཞེས་ཏེ། །རྣལ་འབྱོར་ཆེན་པོ་ནི་ཆ་དང ་བཅས་པ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ་སྟ་དྲང་བའི་དོན་ནོ། །རྣལ་འབྱོར་ཆེན་པོ་ནི་ཤེས་རབ་མ་ཆ་མེད་པར་སྣང་བའི་རྗེས་སུ་འགྲོ་བ་ཐམས་ཅད་ཀྱི་མཆོག་རྣལ་འབྱོར་ཆེན་པོ་ཞེས་བརྗོད་པ་སྟེ་དེས་པའི་དོན་ནོ། །ཡུལ་དེ་ནི་ཡུལ་དེ་ཁོ་ན་བཟང ་པོ་ཞེས་གནས་ཏྭེ་དེའི་ཕྱིར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ལུས་མེད་རྡོ་རྗེའི་ཞབས་ཀྱིས་ཀྱང་གསུངས་པ། གཏུམ་མོའི་རྣལ་འབྱོར་བསམ་པ་སོགས། །གལ་ཏེ་ཉོན་མོང་མི་འཇོམས་ན། །བསྐལ་པ་བྱེ་བ་སྟོང་གིས་ནི། །ཉོན་མོངས ་ཅི་ཡིས་ལྡོག་པར་བྱེད། །སྒྲ་ཇི་བཞིན་པའོ། །ཕྱི་རོལ་གཉིས་གཉིས་ལས་རྣམས་གྲོལ། །ཡང་དག་ལམ་ནི་སྟོན་བྱེད་གང། །སེམས་ཅན་རྗེས་སུ་བཟུང་བའི་རྒྱུར། །དེ་རུང་ནི་རྟག་པར་གནས་ཞེས་པ་ནི། །གཉིས་གཉིས་ནི་རྣམ་པར་རྟོག་པའོ ་ཡང་དག་པའི་ལམ་ནི་གཉིས་ལས་རྣམ་པར་གྲོལ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདོར་བསྡུས་པའི་ལམ་སྟེ། འདི་ལྟ་སྟེ་ཐབས་དང་ཤེས་རབ་ཀྱང་ངོ་ཞེས་སྨོས་པར་ཟུང་འཇུག་ཅེས་བཤད་པ་དེ་བཞིན་ཉིད་གཉིས་སུ་མེད་པར ་སྦྱོར་བ་ལས་ཤེས་གསུངས་པ་ལའོ། །དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་འགྲེལ་པར་ཡང། སྣ་ཚོགས་རྣམས་རྟོག་ལ་སོགས་ལམ་གྱིས་ནི། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས ་པ། །ལམ་དང་བྲལ་བས་ཐོབ་བ་མ་ཡིན་ནོ་ཞེས་སོ། །ད་ནི་འགྲོ་བའི་དོན་བྱེད་པའི་ཆེད་དུ་དེ་རྣམས་ཀྱི་གཟུགས་ཀྱིས་གནས་སོ། །ཀུན་རྫོབ་པའི་གཟུགས་ལ་བརྟེན་ནས་ངས་པར་ཡང་དག་པའི་ལུས་ཀྱིས་སྟོན་ཏོ། །སྒྲ་ཇི་བཞིན ་པའོ། །ཤེས་རབ་དང་ནུས་པའི་ཆོ་གའོ། །།དེ་ནས་གཞན་ཡང་བཞད་བྱ་བ། །ཤིན་ཏུ་རྙེད་དཀའ་དགད་པ་ཡིས། །གང་གིས་རྣམ་པར་ཤིས་ཙམ་གྱིས། །སྒྲུབ་པོས་མྱང་དུ་འགྲུབ་པར་བྱེད། །ཅེས་བྱ་བ་ལ་སོཊ ་པས་ཞལ་བཞི་པའི་སྔགས་བཏུ་བ་གསུངས་སོ། །ས་ཡི་ཆ་མཉམ་ཡིད་འོང་བར། །ཙན་དན་གྱིས་ནི་ཉེ་བར་བྱུགས། །མེ་ཏོག་སིལ་མ་གཅལ་དུ་བཀྲམ། །དྲི་བཟང་དྲི་ལྡན་ས་ལ་ནི། །བདག་ཉིད་ཆ་བཅས་བྱས་ནས་ནི། །ཕྱོགས ་བཅིང་བར་ནི་བྱ་བའོ། །དེ་ནས་རྫས་རྔ་བཅིང་བྱས་ནས། །རི་མོ་དགུ་པ་ཤིན་ཏུ་ཟླུམ། །བཅུ་དྲུག་གསུམ་ཅུ་རྩ་གསུམ་པའི། །ཡི་གེའི་ཕྱི་མོ་མཉམ་བསྒྲིབས་ནས། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་པའི་དེན་ཀུན་སྒྲུབ་བྱེད་པ ་ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །སྒྲུབ་པོས་དབྱངས་དང་ཡི་གེ་ཡིས། །དེ་རྣམས་གཅིག་དམན་ལྔ་བཅུ་ཡིས། །ཐུབ་པའི་སྲང་ཀྱི་ནང་ཆུད་པར་ཞེས་ཏེ། །རྫ་རྔ་བཅིང་བ་ནི་ངོས་གཉིས ་ནས་རི་མོ་བརྒྱད་རྣམས་ཀྱིས་གཅིག་གིས་དམན་པའི་ལྔ་བཅུའི་བདག་ཉིད་ཀྱི་རེ་མིག་རྫས་རྔའི་རྣམ་པར་བྱའོ། །སྟེང་འོག་གཉིས་སུ་ཟླུམ་པོའི་རྣམ་པས་རི་མོ་བཞི་བཅུ་རྩ་དགུ་སྟེ་སྒྲ་དྲི་བཞིན་པའོ། །རེ་མིག་སུམ་ཅུ་གཉིས ་པ་གཟུང་ངོ། །ལྔ་པའི་དབྱངས་ཀྱིས་ཕྱེ་བ་ལ། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང། །ཉི་ཤུ་བཞི་པས་འོག་ཏུའོ་ཞེས་པ་ནི་སུམ་ཅུ་དྲུག་པ་ཉིད། །ཉི་ཤུ་དྲུག་པ་སོ་གསུམ་པ། །བཅ་ཡད་བ་གསལ་བྱེད་དོ། །ཉི་ཤུ་བཞི་པ ་བྷ་ཡིག་གོ། དེ་ནས་སུམ་ཅུ་དྲུག་པ་གཟུང། གསུམ་པའི་དབྱངས་ཀྱིས་སྦྱོར་བའོ། །དེ་ནས་སུམ་ཅུ་གཉིས་པ་གཟུང། །ལྔ་པའི་དབྱངས་དང་ཡང་དག་ལྡན། །ཉི་ཤུ་ལྔ་པ་ཡང་དག་གཟུང། །ཉི་ཤུ་བཞི་པ་འོག་ཏུ་ལོ ་སུམ་ཅུ་གསུམ་པ་ཡང་དག་བླང། །སྤྱི་བོར་བཅོ་ལྔ་པ་དང་ལྡན་ཞེས་པ་ལ་སུམ་ཅུ་དྲུག་བ་ལ་དབྱངས་གསུམ་པ་སྦྱར་བ་ནི་ནིའོ། །སུམ་ཅུ་གསུམ་པ་ཧའོ། །བཅོ་ལྔ་པ་ཐིག་ལེའོ། །ལྔ་པ་ཡིས་ན་ཡང་དག་ལྡན་ནི་ཧཱུཾ་དོ། ་ལྡན་པ་ཡིས་ནི་ཡང་དག་ལྡན། །ཡི་གེ་མཆོག་ཏུ་མཛེས་པའོ། །ཉི་ཤུ་གཉིས་པ་ཡང་དག་ལྡན། །ཉི་ཤུ་བདུན་པ་ཡང་དག་ལྡན། །ཕྱག་འཚལ་དང་པོར་ཡང་དག་ལྡན། །རྐང་དང་པོར་ཡང་དག་འདོད། །ཅེས་པ ་ཉི་ཤུ་གཉིས་པ་པའོ། །ཉི་ཤུ་བདུན་པ་ཊའོ། །ཕྱག་འཚལ་དང་པོ་ནི་རྐང་པའི་དང་པོར་ཨོཾ་ཡིག་གོ། །ཉི་ཤུར་གཅིག་གིས་དམན་པ་གཟུང། །མེ་ཡི་བུ་ཡིས་ཡང་དག་ལྡན། །གསུམ་པོའི་དབྱངས་དང་ཡང་དག ་ལྡན། །དེ་ནས་ཡ་ཡིག་བརྒྱད་པ་ལ། །སུམ་ཅུ་དྲུག་པར་ཡང་དག་ལྡན། །རྐང་པ་གཉིས་པར་བརྗོད་པར་བྱ་ཞེས་པ་ལ། ཉི་ཤུར་གཅིག་གིས་དམན་པ་ལ་མེའི་བུ་ཡིས་ནི་འོག་ཏུ་ར་ཡིག་གིས་སོ། །སུམ་པའི་དབྱངས་དང་ཡང་དག ་ལྡན་ནི་གྲིའོ། །བརྒྱད་པ་ནི་ཧའོ། །སུམ་ཅུ་དྲུག་བས་འོག་ཏུ་སྟེ་ཧྣའོ། །སླར་ཡང་ཚིག་འདི་སྦྱིན་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་གསལ་ལོ། །དེ་ནས་རང་བྱུང་གཟུང་ནས་ནི། །ལྔ་པའི་དབྱངས་དང་ཡང་དག་ལྡན། །སྟེང་དུ་ཐིག ་ལེས་བརྒྱན་པ་ནི། །རྐང་པ་གསུམ་པར་བརྗོད་བྱ་སྟེ། ཉི་ཤུ་གཉིས་པ་ཡང་དག་ལྡན། །ཉི་ཤུ་བདུན་པ་ཡང་དག་ལྡན་ཞེས་པ་གསལ་ལོ། །ཉི་ཤུར་གཅིག་གིས་དམན་པ་ཉིད། །ཉི་ཤུ་བདུན་པས་ཡང་དག་ལྡན། །གསུམ་པའི་དབྱངས་དང ་ཡང་དག་ལྡན། །དེ་ནས་སུམ་ཅུ་གསུམ་པའི་སྔགས། གཉིས་པའི་སྔགས་དང་ཡང་དག་ལྡན། །ཡི་གེ་ཉི་ཤུ་དང་དན། །ཉི་ཤུ་མརྩ་གཅིག་རེ་མིག་གནས། །དེ་བཞིན་ཉི་ཤུ་དྲུག་གནས་པ་ཞེས་པ་ལ་ཉི་ཤུ་ནི་ཀཱ་ལོ་ལ་ལྟོས་ནས་སོ། ། ་ཉི་ཤུ་རྩ་གཅིག་པ་ནི་པའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ལན་གཉིས་བཟླས་པའི་ཚིག་འདི་ཡང། །སྒྲུབ་པ་མཆོག་ནི་བཏུ་བར་བྱ་ཞེས་པ་པ་འདི་ནི་ཉིས་འགྱུར་རོ། །དེ་ནས་ལུགས་ལས་བཟློག་པ་གཟུང། །རེ་མིག་དང་པོའི་ཡི་གེ ་ནི། །བཞི་བ་མཛའ་ཡིས་ཡང་དག་སྦྱར། །སྤྱི་བོར་བཅོ་ལྔ་པས་སྤྲས་པ། །དེ་ནས་ན་ཡི་ཤུ་གཉིས་པ་ཉིད། །དེ་ནས་ཉི་ཤུ་བདུན་བའོ། །ཆོས་དོན་འདོད་དང་ཐར་བ་རྣམས། །རྐང་པ་གསུམ་པར་བརྗོད་པར་བྱ། །བཞི་བའི་མཛའ་ནི་ཨུ་ཡིག ་གོ། བཅོ་ལྔ་པ་ནི་ཐིག་ལེའོ། །རེ་མིག་གཉིས་པའི་ས་བོན་གང། །དེ་ནས་སུམ་ཅུ་དྲུག་པ་ཉིད། །ན་ཡི་ཤུ་དྲུག་པ་སོགས་སུམ་བ། །བཅུ་གསུམ་པ་ཡི་དབྱངས་ཀྱིས་སྤྲས། །རེ་མིག་ལས་ནི་བཅུ་པ་ཉིད། །སྒྲུབ་པ་པོས་ནི་ལུགས་བཟློག་པས། །ཉི ་ཤུར་གཅིག་གིས་དམན་པ་ཉིད། །དེ་ནས་ཉི་ཤུ་གསུམ་པའོ། །ཞེས་པ་ནི་གཉིས་པ་ཨཱའོ། །སུམ་ཅུ་དྲུག་པ་ནའོ། །ཉི་ཤུ་དྲུག་པ་ཡའོ། །བཅུ་གསུམ་པའི་དབྱངས ་ཀྱིས་སྤྲས་པ་ཧོའོ། །བཅུ་པ་བྷ་སྟེ་ལུགས་ལས་བཟློག་པ་ཧ་ལ་སོགས་པ་ནས་སོ། །ཉི་ཤུར་གཅིག་གིས་དམན་པ་གའོ། །ཉི་ཤུ་གསུམ་པ་བའོ། །གཉིས་པའི་དབྱངས་དང་ཡང་དག་ལྡན། །ཐིག་ལེས་སྤྱི་བོར་བརྒྱན་པའོ། །གཅིག ་དམན་སུམ་ཅུ་པ་གཟུང་ནས། །སླར་ཡང་རེ་མིག་བརྒྱད་པ་ལ། །མེ་ཡི་བུ་ནི་ཡང་དག་ལྡན། །ཧཱུཾ་ཕཊ་ཡི་གེ་མཐར་སྦྱར་བ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྔགས། །རྐང་པ་བཞི་ཡིས་རྣམ་པར་བརྒྱན་ཞེས་ཏེ། གཅིག་གིས ་དམན་པའི་སུམ་ཅུ་བ་ནི་ཝ་སྟེ། །ཀཱ་ལི་ལ་བལྟོས་ནས་སོ། །བརྒྱད་པ་ནི་ཛ་སྟེ་ལྷག་མ་སྒྲ་ཇི་བཞིན་པར་རོ། །རྐང་པ་ཀུན་གྱི་དང་པོར་ཨོཾ། །མཁའ་འགྲོ་མ་སོགས་ཡང་དག་ལྡན། །ཧཱུཾ་ཕཊ་ཡི་གེ་མཐར་སྦྱར་བ། །དངོས་གྲུབ་ཀུན་གྱི་འབྲས་རབ ་སྟེར་ཞེས་པས་བཟླས་པའི་ངེས་པ་གསུངས་ཏེ་གསལ་ལོ། །རིག་པའི་རྒྱལ་པོའི་སྔགས་འདི་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྒྱུད་རྣམས་ཀུན་ལ་ཐུན་མོང་དུ། །བྱ་བ་ཐམས་ཅད་སྒྲུབ་པར་བྱེད་ཅེས་པ་ནི་རྒྱད་རྣམས་ཀུན་ལ་ནི་བྱ ་བ་དང། སྤྱོད་པ་དང། གཉིས་ཀའི་རྒྱུད་རྣམས་སུའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐུ་བརྒྱད་ཡང་དག་ལྡན་པ་ནི། །དཀྱིལ་འཁོར་ཉིད་ནི་བསྲུང་དོན་དང། །སེམས་ཅན་རྣམས་ཀྱང་ཁྱད་པར་ལས། །འདིས་ནི་གྲུབ་པ་ཙམ་གྱིས ་ཀྱང། །བདུད་ཀྱང་སྐད་ཅིག་ལ་འཆིའོ། ཞེས་ཏེ། ཁྲོ་བོ་བཞི་ནི་གནོད་མཛེས་ཀྱི་སྔགས་འདིའོ། །སྐུ་བརྒྱད་ནི་རྐང་བ་བརྒྱད་དེ་གསལ་ལོ། །རྡོ་རྗེ་བཟླས་པས་བསྒྲུབ་བྱ་བ། །དངོས་གྲུབ་ཀུན་གྱི་འབྲས་བུ་འབྱུང། །ཆགས་པ་ཀུན ་ལས་རྣམ་པར་གྲོལ། །གཞན་དུ་ནམ་ཡང་མ་ཡིན་ནོ་ཞེས་པས་རྡོ་རྗེ་བཟླས་པ་གསུངས་སོ། །གསུངས་པ་ཡང། དོན་གྱི་རྗེས་འགྲོའི་བཟླས་པ་ཡིས། །རང་བཞིན་མེད་པས་མཛེས་པ་ཡིན། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེ་བཟླས ་པར་དེ་བརྗོད་བྱ་ཞེས་དང་དོན་གྱི་རྗེས་འགྲོའི་བཟླས་པ་ཡིས། །རང་བཞིན་མེད་བས་མཛེས་པ་ཡིན། །མ་ནིང་དག་གིས་གནས་ཞུགས་པ། །སྔགས་ཀྱི་ཡན་ལག་མཉམས་བཟླས་ཤེས་འབུམ་ཕྲག་ལྔ་བར་ཡང་དོ། །ཐ་དང་ཡི་གེ་སློངས་མོ་སྟེ། ་དེ་འདོན་བ་ནི་ཟ་བ་ཡིན། །གང་ཞིག་ཟླས་པར་དགའ་བ་དེ། །འདི་རྣམས་སློང་མོ་ཟ་འདོད་མིན། །དགོངས་པ་ལུང་སྟོན་དུ་ཡང། །དང་པོའི་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་དབུགས་ནི་བརྡུབ་པར་བྱ། །བརྒྱད་བའི་མཛའ་ཡིས་ཡང་དག་ལྡན། ། ་ཨུ་ཡིག་གིས་ནི་ཐིག་ལེས་བརྒྱན། །རྣལ་འབྱོར་པ་ཡི་དབུགས་གཏོང་བྱེད། །མཛེས་པའི་བཟླས་པར་འདི་བརྗོད་བྱ། །དགོངས་པའོ། །དངོས་གྲུབ་ཐམས་ཅད་ནི་ཞི་བ་ཅན་ལ་སོཌ་པའི་དངོས་གྲུབ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དུ། སྲོག ་འབབ་པས་ལས་ཀྱི་དངོས་གྲུབ་པོ། །ཆགས་པ་ཀུན་ནས་རྣམ་པར་གྲོལ་ནི་བྷུ་སུ་ཀུའི་སྤྱོད་པ་ལ་གནས་སོ། །སྐྲ་ཇི་བཞིན་པའོ། །རིག་པའི་རྒྱལ་པོའི་སྔཌ་བཏུ་བའི་ཆོ་གའོ།། །།མ་རུངས་པ་ཀུན་འཇོམས་བྱེད་པའི། ། ་གསང་སྔགས་མི་བཟད་པ་འདི་ནི། །ཤ་ཆེན་གྱིས་ཀུན་འཇོམས་བྱེད་པ། །རྡོ་རྗེ་ལས་སྐྱེས་ཡིན་པར་བཤད་ཅེས་པས་གནོད་མཛེས་རྒྱལ་པོའི་སྔགས་ཀྱི་ལས་གསུངས་ཏེ། ཞལ་བཞི་པའི་སྔགས་འདི་ནི་རྡོ་རྗེ་ལས་སྐྱེས་ཏེ་ཞེ་སྡང་གི ་ཏི་ངེ་འཛིན་ལས་སྐྱེས་པའོ། །དགོངས་པའོ། །ཁྱི་རྟ་གླང་པོ་གྲངས་གཙུག་ཅན། །དེ་བཞིན་བ་ལང་རྔ་མོ་ཕག། གཏོར་མ་སྤྱིན་སྲེག་བྱ་བ་རྣམས་ཐམས་ཅད་རྣམ་དཔྱོད་མེད་པར་བྱ་མ་ལུས་ལུས་པ་མེད་འགྲུབ་ཅིང། །རྒྱལ་སྲིད ་ཀུན་ཡང་སྒྲུབ་པར་བྱེད། །གསང་སྔགས་སྦྱིན་སྲེག་འབུམ་གྱིས་ནི། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད་ཅེས་ཏེ་ཁྱི་ནི་ཁྱིའོ། །རྟ་ནི་རྟའོ། །བླང་པོ་ནི་ལག་ལྡན་ནོ། །ཟངས་ཀྱི་གཙུག་ཕུར་ཅན་ནི་ཁྱིམ་བྱའོ། །རྣམ་པར?་ཕྱིར? ་མེད་པར་ནི་གདོན་མི་ཟ་བར་དོ། །ཟི་ན་སྦྱིན་པར་བྱ་བ་མ་ཡིན་པ་ཁོ་ནའོ། །མེད་ན་བག་ཟན་ལ་སོགས་པ་ལ་བྱས་པ་སྲོག་སོང་བའི་ཕྱག་ཀྱི་ཤའོ། །སྒྲ་ཇི་བཞིན་པར་རོ། །དུད་དང་ཉ་ཕྱིས་ཕྱག་རྒྱ་སོགས། །ཐམས་ཅད་སྲོག ་ཆགས་ཡན་ལག་ཆོས། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད་ཅེས་པ་ནི་དུང་དང་ཉ་ཕྱིས་ལ་ཕྱག་རྒྱའི་རྒྱན་འཇིག་རྟེན་དུ་བསྟན་ལ་ཆོས་ཀྱི་སྐུ་ཡི་མཚམས་ཀྱི་ཚུ་རོལ་སེམས་ཅན་རྣམས་ཀྱི་ཐོད་པ་ལ་རྒྱུ་ཅི་ཉི་ཕྱིར ་མི་རིགས་ཞེས་དགོངས་སོ། །འདི་ཁོ་ན་མཆོག་ཡིན་པ་དེའི་ཕྱིར་ཡང་འོད་ཟེར་གྱིས་ཀུན་དུ་འགེངས་པ་བཀྲ་ཤིས་པ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་དུང་ལ་སོགས་པ་འབའ་ཞིག་བཀྲ་ཤིས་པ་ཉིད་མ་ཡིན་ནོ། །དེའི ་མགུལ་རྒྱན་ལོགས་བསྟན་པ་གསུངས་པ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཟླ་བ་ཕྱེད་བས་ཅོད་པན་བྱས། །ཕྱི་མོ་ལྔ་དང་ཡང་དག་ལྡན། །བསོད་ནམས་ཀུན་གྱི་རྒྱ་མཆོ་ཆེ། །ཞེས་ཏེ་འདིའི་དོན་འདི་ལྟར་ཡང་དག་པར་སངས་རྒྱས ་ནི་སེང་གེ་དང་འཕྲོག་བྱེད་ལ་སོགས་པ་རྣམས་ཀྱིས་ཡང་གཙོ་བོ་སྟེ། གསུངས་པ་ཡང། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། གྲགས་པ་བཀྲ་ཤིས་སྙན་གྲགས་དགེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཀུན་དགའ་ཆེན་པོ་དགའ་ ་བ་ཆེ་ཞེས་སོ། །དེའི་ཕྱིད་ཡང་རྣལ་འབྱོར་མེད་པར་ཡིད་འཕྲོག་པ་ནི་ཐ་སྙད་དུ་རྣལ་འབྱོར་བས་རིག་པར་བྱའོ། །སྒྲ་ཇི་བཞིན་པའོ། །ཕྱག་རྒྱ་ཐོད་པ་ཁ་ཊཝཱ་ག། དཔའ་རྣམས་དཔལ་ལས་སྐྱེས་པར་བཤད། །དཔའ་ལས་སྐྱེས་བ་ནི་རྡོ་རྗེ ་རིགས་ལ་སོགས་པ་ལས་སྐྱེས་པའོ། །བཤད་ནི་སངས་རྒྱས་རྣམས་ཀྱིས་བསྟན་པའོ། །རྒྱུད་མདོར་བསྟན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང། །བྱང་ཆུབ་ལ་གནས་བྱང་ཆུབ་ཆེ། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །སྟོན ་པ་པོ་གནས་ངེས་པ་རུ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །སངས་རྒྱས་གསང་སྔགས་རང་བཞིན་དག། དཔལ་ལྡན་འབྲས་དབུང་སྟོན་པར་འགྱུར་ཞེས་སོ། །སྒྲ་ཇི་བཞིན་པའོ། །གནོད་མཛེས་ཀྱི་ལས་ཀྱི་ཆོ་གའོ། །ད་ནི་ལག་པ་ལ་དགོད་པ ་གསུངས་པ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །བརྔ་ནི་ལྔ་པོ་བསྟན་པར་བྱ། །འདི་ནི་དཔའ་བོའི་གསུང་ལ་སྟེ། །བརྡ་རྣམས་ཀྱི་ནི་རབ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པས་སོར་མོ་ལྔ་སྟེ། སྒྲ་ཇི་བཞིན་པའོ། །འགྲོ་ཀུན་གཡོན་ལས་བྱུང ་བ་ཡི། །གཡོན་པའི་ཀུན་སྤྱོད་རྣམ་པར་གནས། །མཐེ་བོང་ལ་ནི་རྣམ་སྣང་གནས། །སྡིགས་མཛུབ་རིན་ཆེན་འབྱུང་ལྡན་གནས། །གུང་མོའི་ཡན་ལག་འོད་དཔག་མེད། །མིང་མེད་རལ་གྲི་འཆད་པར་གནས། །མཐཾ་ཆུང་དཔལ་ལྡན་མི་བསྐྱོད ་པ། །ལག་པའི་དབུས་སུ་རྒྱལ་པའི་བདག། དེ་ལྟར་དཔའ་བོད་གོང་ཞི། གཡོན་པའི་བྱུང་བའི་རྒྱུ་ཡིན་ནོ། །ལག་པའི་རྒྱབ་ཏུ་རྟག་ཏུ་སྦྱར། །དཔའ་བོ་ཐམས་ཅད་མཉམ་པར་འགྲོ། །འདི་ནི་ལག་པ་དགོད་པར་འགྱུར། །གཡོན་པའི་ཆོ་ག་བསྒྲུབ་པ ་ལས་ཞེས་སོ། །གཡོན་པ་ནི་ཀུན་རྫོབ་ལས་འོད་གསལ་བའོ། །དགོངས་པའོ། །ལག་པ་དགོང་པས་ཚིམ་པ་ལ་སོགས་པ་བྱའོ། །འདི་རྣམས་ཟུང་འཇུག་གི་ས་བོན་རྣམས་ཀྱིས་སོ། །དེ་བཞིན་དུ་ཀུན་སྤྱོད་དུ་ཨོཾ་བཾ་ཧཾ་ཨོཾ་ཧྲཱིཾ་མཾ་ཏྲིཾ་ཧཱཾ་ཧཱུཾ་ཧཱུཾ་ཕཊ ་ཕཊ་ཞེས་པའི་འཾ་བཾ་ཧཱཾ་ཡཱཾ་ཧྲཱིཾ་མ་ཧཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དཀར་པོ་དང། དམར་པོ་དང། སེར་པོ་དང། སྔོན་མོ་དང། དམར་པོ་དང། དཀར་མོ་དང། སྔོན་མོ་དང། སེར་མོ་དང། སེར་པོ་དང། ལྔང་མོ་དང། སྔོ་བས་ངས་དང་དུད། བའོ་ཞེས་པ་ལག་པའི་མཆོད ་པ་ལ་གཅིག་ཏུ་མཐེ་ཆུང་ལ་སོགས་པར་གང་གི་ཚེ་ལག་པ་དག་ཕུང་པོ་དང། ཁམས་ལ་སོགས་པས་དབྱེ་བས་དེའི་ཚེ་གཡོན་བའི་འཇིག་པས་དགོད་པ་ཉེ་བར་བསྟན་པས་དབུས་སུ་རྡོ་རྗེ་སེམས་དཔའ་དང། །ཕག་?? ་གསུངས་སོ། །དེ་བཞིན་དུ་གཤིན་རྗེ་མ་དང་རྣམ་པར་སྣང་མཛད། །རྨོངས་བྱེད་མ་དང་འོད་དཔག་མེད། སྐྱོད་བྱེད་མ་དང་ཧེ་རུ་ཀ། སྐྲག་བྱེད་མ་དང་རིན་ཆེན་དབང་པོ་གཏུམ་མོ་དང་རྟ་མཆོག་མི་བསྐྱོད་པ་ལ་སོགས་པ་གཡོན་དུ་དགོད ་པར་བྱའོ། །མངོན་བརྗོད་དུ་གསུངས་པའི་ས་བོན་རྣམས་ནི་ཧོ(རྒྱུད་འགྲེལ་ཆེར་སེར་བ་རྣམས་གཡས་ལའོ། །སྔོན་པོ་དང། ལྗང་གུ་དང། དམར་པོ་དང། སེར་པོ་དང། དཀར་པོ་རྣམས་ཀྱང་ངོ?། །ས་ནི་སྦྱིན་མར་བཤད་པ་སྟེ། ཆུ་ཡི་ཁམས་ནི་མཱ་མ་ཀི། མེ་ནི་དཀར་མོ་ཞེས་བཤད་དོ། །རླུང་ནི་སྒྲོལ་མར་རབ ་ཏུ་བསྒྲགས། །སྟོང་པ་རྡོ་རྗེ་དབྱིངས་སུ་ཕྱུག་མ། །འགྱུར་མེད་ཤེས་རབ་ཕ་རོལ་ཕྱིན། །མཐེ་བོང་ལ་སོགས་ཐམས་ཅད་དུ། །སྔོན་བཞིན་རིམ་མཐར་མ་ལུས་བརྗོད། །གསང་བ་འདི་ནི་མི་བཤད་ཅིང། །རབ་ཏུ་འབང་པས་སྦ་བར ་བྱ། །འདིས་ནི་དཔའ་བོ་བརྡ་བྱ་ཞིང། །གཅིག་ཏུ་ཙཱ་རུ་བཟའ་བར་བྱ། །ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕག་མོའི་གསང་བརྙེད་དཀའ་བའི་ཕྱིར་རོ། །ཀུན་སྤྱོད་དུ་ཡང་རྣལ་འབྱོར་མ་དྲུག་སྔར་ཇི་བཞིན། །རྡོ་རྗེ ་སེམས་སོགས་བཅུ་གཉིས་དག་།དཔའ་བོ་ཆེན་པོ་སྦྱར་བར་བྱ། ལག་མཆོད་ཤིན་ཏུ་རྙེད་པར་དཀའ་། །རྣལ་འབྱོར་ཕ་ཡི་ལག་མཆོད་ཀྱིས། །དབུལ་པོས་འདོད་པའི་དོན་བཞིན་འགྱུར། །སེམས་ནི་གཞན་དུ་འགྱུར་པ་ཉིད། ། ་བཟའ་བཏུད་གོས་སོགས་ཐོབ་པར་འགྱུར། །རྟག་ཏུ་མཆོད་པ་བྱེད་པ་ནི། །དེ་ཡི་བསམ་པ་སྒྲུབ་པར་བྱེད། །བླ་མར་ཡང། མཚན་མ་དྲུག་པོ་རྟག་ཏུ་མཆོད། །མངོན་པར་བསྔགས་ནས་བསྒྲུབས་པ་ལས། །རྣལ་འབྱོར་རྒྱལ་པོ ་མཆོག་གིས་མཆོག། །དེ་ཡིས་རིང་པོར་མི་ཐོགས་འགྲུབ། །ཅེས་ཏེ་སྒྲ་ཇི་བཞིན་པའོ། །ལག་པ་མཆོད་པའི་ཆོ་གའོ།། །།དེ་ནས་གཞན་ནི་རབ་འཆད་བྱེད། །བཟལ?་བྱའི་སྟོན་མོ་མ་ལུས་པ། །ཡང་དག་ཆོ་ག་གང་གིས་ནི། ། ་མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །ཞེས་ཞལ་བཞི་པ་གསུངས་སོ། །སྒྲུབ་པོས་རྟག་ཏུ་སྔར་བརྗོད་པའི། །ཕྱུགས་རྣམས་འགུགས་པར་མི་བྱ་བའོ། །མདོར་བསྡུས་པ་ལས་ཕྱུགས་རྣམས་ལྔ། །རྒྱས་པར་སུམ་ཅུ་རྩ་བདུན་ཏེ། ་དངོས་གྲུབ་ཡན་ལག་སྐྱེ་བདུན་པ། །དངོས་གྲུབ་བསྒྲུབ་ལ་འདུས་པ་ནི། །དང་པོར་མི་ཡི་རིགས་རྣམས་ཀྱིས། །རིགས་རྣམས་ཀྱི་ནི་རིགས་ལས་ཕྱུགས། །རྐང་བཞི་རྣམས་ཀྱི་ལག་ལྡན་ཏེ། །འདབ་ཆགས་རྣམས་ཀྱི་དང ་པ་ཉིད། །ཆུ་སྤྱོད་རྣམས་ཀྱི་འང་ནུས་སྦལ་ཏེ། །ལྷ་རྣམས་ཀྱི་ན་ཁ་གཡོ་བ། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། །འདི་རྣམས་ཕྱུགས་སུ་ཀུན་དུ་བཤད། །འདི་རྣམས་སྦྱིན་སྲེག་གཏོར་སོགས་ཀྱིས། །འདོད་པའི་དངོས ་གྲུབ་འགྱུར་བ་ཡིན་ཞེས་སོ་དག་པ་ནི་འགུག་པར་མི་བྱའོ། །གསུངས་པ་ཡང། གདུག་པ་ལ་འཇུག་པར་ཆོ་ག་ཐམས་ཅད་ཀྱི་གཙོ་བོ་ལས་སོ་སོར་སྒྲུབ་པར་བྱེད་དོ། །ཞེས་པ་སྐྱེ་བ་བདུན་པ་བདུན་དུ་འཇུག་པ་སྟེ། གསུངས ་པ་ཡང། །སྐྱེ་བ་བདུན་པའི་ཕྱུགས་ཉིད་ཀྱང། །མཁའ་ཡི་སྤྱོད་དངོས་སྟེར་བར་བྱེད། །བཟའ་དང་བཏུང་བ་གང་ཅུང་ཟད། །ཟོས་དང་འཐུངས་པ་རྣམ་དྲུག་པོ། །སྨིན་པ་ལས་ནི་བཅུད་འགྱུར་ཏེ། །དེ་ཚེ་དང་པོའི་སྐྱེ་བའོ། ། ་ཕྱི་ནས་ཁྲག་ཉིད་དུ་འགྱུར་བ། །གཉིས་པར་གསལ་བར་འགྱུར་བ་ཡིན། །གསུམ་པ་རུ་ནི་ཤ་ཉིད་འགྱུར། །བཞི་པར་པགས་པ་ཉིད་དུ་འགྲོ། །ལྔ་པར་རྩ་ཉིད་དུ་ནི་འགྲོ། །དྲུག་པར་རུས་པ་ཉིད་དུ་འགྲོ། ། ་བདུན་པར་རྐང་ཉིད་དུ་འགྲོའོ། །བདུན་དུ་འཇུག་བདེ་ཡིན་ཏེ། ཞེས་སོ། །བསྔགས་པ་ལས་ནི་ཡོན་ཏན་ལས་སོ། །ཕྱུགས་ནི་བྲམ་ཟེའོ། །ཁ་གཡོ་བ་ནིར་སྐྱེས་སོ། །སྒྲ་ཇི་བཞིན་བའོ། །ཁྱི་ནག་མོའི་འོ་མས་སྦྱར། །མ་ཤ་ནག ་པོ་འབྲས་དང་བཅས། །བཅུ་པ་ཞེ་པའམ་བརྒྱད་པའི་མཚན་མོའི་རོའི། བར་དོགས་པ་མེད་པ་བརྒྱ་རྩ་བརྒྱད་དུ་སྒྲུབ་པ་པོས་ཇི་སྲིད་དུ་ཆ་དང་བཅས་པར་བྱས་ནས། །དེ་ནས་ཡི་དགས་ལངས་ཅས?་ནི། །ཅི་བགྱི་ཞེས་ཀྱང་སྨྲ ་བར་བྱེད། །ས་འོག་གནས་པ་དང་རལ་གྲི་ཚར་བཅད་རྗེས་སུ་གཟུང་ལ་སོགས། །རིལ་བུ་མིག་སྨན་གཏེར་རྣམས་སམ། །རྐང་པ་བྱུགས་དང་བཅུད་ཀྱིས་ལེན། །སྒྲུབ་པོའི་ཡིད་ལ་གནས་པ་ནི། །ཅིག་བྱིན་ནས་ནི་ཡི་དགས ་འགྲོ། ཞེས་ཏེ་སྒྲ་ཇི་བཞིན་པའོ། །འོག་དང་སྟེང་དུ་ཕོ་ཉ་འགྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན་ཞེས་པས་ཡོངས་སུ་དག་པའི་རྣལ་འབྱོར་གསུངས་ཏེ་སྒྲ་ཇི་བཞིན་པའོ། །རོ་ལངས་བསྒྲུབ་པའོ། །ད་ནི་བསྐྱེད་པའི ་ཁྱད་པར་གསུངས་པ། བ་ལངས་གནས་དང་སྟེང་ལྡིང་ཉིད། །ལྷག་མ་མི་སྐ་མ་རྩ་དེ་ནས། །དུང་ཆེན་པོ་ཡི་རང་བཞིན་བྱ། །ཡང་ན་རུས་སྦལ་གནས་པའོ། །ཞེས་པ་ནི། བ་ལང་གནས་སྟེང་དུ་ལྡིང་པ་ནི། །རླུང་གི་དཀྱིལ ་འཁོར་རོ། །ལྷག་མ་མེའོ། །མི་སྐམ?་པ་ཆུའོ། །རྩ་ནི་སའོ། །དུང་ཆེན་པོའི་རི་ནི་དང་པོའི་མགོན་པོ་ལས་ཡང་དག་པར་འབྱུང་བའི་ཧེ་རུ་ཀར་བསྒོམ་པར་བྱའོ། །ཞེས་པ་དགོངས་པའོ། །བླ་མ་བཤད་པའི་རྒྱུད་དུ ་ཡང། མངལ་སྐྱེས་ཀྱིས་??་པའི་ང་ངེས་པར་བསྟན་པ་འདི་ལྟ་སྟེ། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །བསྒོམ་པ་ཡོངས་སུ་བརྟག་པར་བྱ། །སྒོང་སྐྱེས་གླུ་ནི་སྤངས་པ་སྟེ། །སྒྲ་དང་སྒྲ་མིན་རྣམ་སྤངས་པ་ཞེས་སོ། །སླར་ཡང་མངལ་སྐྱེས་ཀྱི་ཐ་དད ་པའི་དབྱེ་བ། །གླུ་ཡི་སྒྲ་ལ་སོགས་བཅས་པ། །གཉིད་ལོག་སད་པར་བྱེད་པའི་གླུ། །མཁས་ལ་རྨོངས་པས་རྨད་མི་བྱ། །སེམས་ཅན་དོན་རྒྱུས་རྟོགས་བྱ་བ། །མ་རྟོགས་པ་ནི་རྟོགས་པར་བྱེད། ཅེས་སོ། ཡང་རྡ་ནི་ཕྱོགས་གཞན་དུ་སྟེ ་རུས་སྦལ་གནས་ཞེས་པ་སྒོང་སྐྱེས་ཀྱི་རིམ་པས་མྱུར་དུ་བསྒོམ་པར་བྱའོ། །རྒྱུད་གཞན་དུ་ཡང་སྒོང་སྐྱེས་དང་མངལ་སྐྱེས་སྲིད་པ་བསྐྱེད་པའི་རིམ་པས་རྣམ་པ་གཉིས་ཏེ། ཚངས་པའི་སྒོང་སྒོང་པས་སྐྱེས་པ་བརྗོད་པ་འཇིག་རྟེན་གྱི་ཁམས་འབྱུང ་བའོ། །མངལ་ནི་གཉིས་གཉིས་སྦྱོར་བུད་མེད་ཀྱི་མངལ་ནས་སླར་ཡང་བྱུང་བའོ་ཞེས་སོ། །བླ་མར་ཡང། སྒོད་སྐྱེས་རིམ་པའི་སྦྱོར་བ་ཡིས། །རྣམ་སྒོམ་བྱེད་ལས་བསྒོམ་པར་བྱ། །ལྔ་པོ་འདུས་པ་བསམ་པ་ལས། །སྒོང་སྐྱེས་མཆོས? ་ནི་བསྒོམ་པའི་ཕྱིར། །འཁོར་ལོའི་དབྱེ་པས་དབྱེ་བ་ཡིས། །ཇི་ལྟའི་རྣལ་འབྱོར་རྣམ་སྒོམ་བྱེད། །བསམ་པའི་བྱེ་བྲག་ནི་ལྟ་བས། །ཇི་ལྟར་འདོད་བཞིན་སློམ་བར་བྱེད། །བདག་པོ་ལ་སོགས་དབྱེ་བ་ཡིས། །རིགས་ཀྱི་དབྱེ་བ་རྣམ ་བསྒོམ་བྱེད། །ལྷ་མོ་ཉིད་དབྱེའི་དབྱེ་བ་ཡིས། །བདག་པོ་ལ་སོགས་སྒོམ་པར་བྱེད། །དྲང་བའི་དོན་ཏོ། །ཆ་མོད་ཀླུ་ནེ་སྤངས་པ་ལས། །སྒོད་སྐྱེས་ལ་ཆ་སྤངས་བའོ། །གཉིས་གཉིས་ཐམས་ཅད་རྣམ་པར་གྲོལ། །སྒོང་སྐྱེས ་འགྱུར་བ་མཆོག་ཡིན་ནོ། །རེས་པའི་དོན་ཏོ། །བཤད་པའི་རྒྱུད་ལས། །མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་སུ་མཁས?་སྒྱེས་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་རྣམ་པར་རྒྱལ་མཚན་ཀྱིས་མཚན ་པའོ། །དེར་རཾ་ལས་སྐྱེས་པའི་ཡེའི་དཀྱིལ་འཁོར་ཟུར་གསུམ་པ་ཙན་དམར་པོ་རྡོ་རྗེས་མཚན་པའོ། །བཾ་ལས་སྐྱེས་པའི་ཆུ་དཀྱིལ་འཁོར་ཟློ?་བོ་དཀར་པོའི་འོད་ཟེར་གྱིས་ཕྲེད་བ་ཅན་ནོ། །ལ་ལས་སྐྱེས་པའི་སའི? ་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། རྡོ་རྗེ་མཚན་པ་འོད་སེར་པོ་འཁྲུགས་པའོ། །དེར་སུཾ་ལས་སྐྱེས་པའི་ལྷན་པོ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིར་རང་བཞིན་དབུས་སུ་བྷཾ་ལས་བྱུང་བའི་རྣམ་པར་སྣ་མཛད་དེ་ལས་སྐྱེས་པའི་ཁང་པ་བརྩེགས་པ་གྲུ ་བཞི་བ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་མདུང་གིས་འབུགས་པ་དང། རོ་བསྲེག་པ་དང། རུལ་པའི་དྲི་དང། རྣག་གི་དྲི་དང། བྱིས་བ་ཤི་བ་དང། སྦྲུལ་གྱིས་ཟོས་པ་དང། མི་བཟད་པའི་གཡུལ་དང་ལྷག་མ་ཟ་པ་སྟོ་དུར་ཁྲོད་བརྒྱད ་ཀྱིས་རྣམ་པར་བརྒྱན་པ་བསམས་ནས། །རྣམ་པ་ལྔས་དང་པོ་མགོན་པོ་རྣམ་པར་བསྒོམས་ཏེ། ཞུ་བར་གྱུར་པ་ལ་ལྷ་མོའི་གླུས་རབ་ཏུ་སད་པར་བྱས་པའི་མཁའ་འགྲོ་ལྔ་པོ་འཁོར་དང་བཅས་པ་གཡས་བརྐྱང་དང་གཡོན་བརྐྱང ་གིས་གནས་པའི་ཤེས་རབ་དང། ཐབས་ཀྱི་རྣམ་པར་བསྒོམས་ནས། ཁམས་དང་ཕུང་པོ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་བཅུ་གནས་མངོན་པར་དབང་བསྐུར་ཏེ་བཟླས་པ་ལ་སོགས་པ་བྱའོ། ། ་མངལ་སྐྱེས་སྐུ་ནི་བསྒྲུབ་བྱ་སྟེ། མཁའ་སྤྱོད་ཉིད་དུ་ཐེ་ཚོམ་མེད་ཅེས་གསུངས་སོ། །ཕག་མོས་ལྷན་ཅིག་དཔའ་བོ་ནི། །ཧེ་རུ་ཀའི་དངོས་གྲུབ་སྦྱིན་ཞེས་པས་སངས་རྒྱས་ཉིད་བསྒྲུབ་པ་གསུངས་ཏེ། ལྷན་ཅིག་པ་ནི་དོ་ཉམས་དུ་གྱུར ་བའོ། །ཧེ་རུ་ཀ་ནི་ཤེས་རབ་ཡེ་ཤེས་ཏེ་ཕྱག་རྒྱ་ཆེན་པོའི་དོན་དུ་བསྒོམ་པར་བྱའོ། །འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ནི་དཔའ་བོ་གཅིག་པ་ཡང་ན་སྟེ། བླ་མར་ཡང། དེ་ནས་དཔའ་བློའི་འཁོར་ལོ་ནི། །རང་གི་ཕྱག་?? ་འཁྱུད་པ་བསམ། །རང་རང་གི་ནི་རྣལ་འབྱོར་མ། །སྙིང་གར་སྦས་པ་རྣམ་བསྒོམ་བྱའོ་ཞེས་སོ། །རྣལ་འབྱོར་མ་རྣམས་ཁ་ཅིག་འདོད། །རྣལ་འབྱོར་པ་ཁ་ཅིག་མི་འདོད། །ཧེ་རུ་ཀ་དཔལ་གཅིག་པ་ཡི། །ཁ་དོག་ཇི་བཞིན་ཕག་མོ་ནི། །རྣལ་འབྱོར ་མ་ཡི་བདག་པོར་བསམ། །ཐད་དད་བྱེ་བས་ཕྱེ་བ་ཡི། །ཇི་ལྟར་ཧེ་རུ་ཀ་རྡོ་རྗེ། །དེ་བཞིན་ལྷ་མོ་དབུས་སུ་ནི། །སངས་རྒྱས་མཁའ་འགྲོ་མ་སྦྱོར་བས། རྣལ་འབྱོར་བའི་འཁོར་གྱིས་བསྐོར། །དཔའ་པོ་སྐུ་ཡི་རྡོ་རྗེ་ནི། །བྷ་གྲའི་དབུས་སུ་རྣམ་སྒོམ ་བྱེད། །དེ་བཞིན་འཁོར་ལོ་གསུམ་སྦྱོར་བས། །ཇི་ལྟར་བསམ་གཏན་རིམ་པ་ལས། །ཐ་དད་འཁོར་ལོ་རྣམ་པ་ལྔ། །ཐད་དད་བྱེ་བས་བསྒོམ་པར་བྱ་ཞེས་པ་གསལ་ལོ། །ཕྱག་གཉིས་པ་ལ་སྲོགས་ནས་བརྩམས་ནས་ཇི་སྲིད་ཕྱག་ན་འབུམ ་དུ་??་ཅེས་པ་ལ་སོགས་པའི་སྒྲོ་ལས། །གཅིག?་ལ་སོགས་པ་མཛའ་ལས་པའི་ཞལ་དང་ཕྱག་དང་ཞབས་མང་པོ་དང་དུ་མའི་ཁ་དོག་ཏུ་རྟོགས་པར་བྱའོ། །བཤད་པའི་རྒྱུད་དུ་ཡང། །ཇི་ལྟར་གནས་བརྒྱུད་བའི་རིམ་པ་མངོན་པར ་བརྗོད་པ་འབུམ་པའི་རྗེས་སུ་འབྲངས་ནས་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལེའུ་ར་རྡོ་རྗེ་སེམས་དཔའ་གསུངས་པ་དང། གཞན་ཡང་རྡོ་རྗེ་མཁའ་འགྲོས་མངོན་པར་བརྗོད་པ་གསུངས་ཡོ་ཞེས་སོ། །དེ་ཉིད་དུ་ཇི་ལྟར་བླ་མའི་བཀའ་འདོད་བཞིན། ། ་གནས་ཀྱི་གཞུང་ལུགས་དེ་བཞིན་ནོ། །ཇི་ལྟར་བསམ་པའི་བྱེ་བྲག་གིས། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་བསྒོམ། ཞེས་པ་གསལ་ལོ། །ལུས་དཀར་འཇིགས་བྱེད་རྣམ་པ་སྟེ། མགོ་བོ་ཕྲེད་བས་རྣམ་པར་བརྒྱན། །རྡོ་རྗེ་ཕག་མོ་ལ་གཟིགས ་པ། ??་དེ་ཡིས་ཁ་དོག་མཚོན་ཆ་འཆང། །དཔའ་བོ་ཐོད་པའི་ཕྲེད་པ་ཅན་ཕྱག་རྒྱ་ལཱ་ཡིས་རྣམ་པར་བརྒྱན། །རལ་པའི་ཅོད་པན་དང་དབྱངས་དང། །མདུང་དང་རྡོ་རྗེ་བསྣམས་པའོ། །ཅུང་ཟད་མཆེབ་གཅོགས?་པའི་??། །ཡི་དགས་ཆེན ་པོ་གདན་དུ་བྱས། །རྣལ་འབྱོར་ཆོག་བཞིན་བཤད་ནས། །དུས་ཀུན་དུ་ནི་བསྒོམ་པར་བྱ། །ཞེས་པས་ཕྱག་བཞི་པ་བསྒོམ་པ་གསུངས་སོ། །ཆོ་ག་བཞིན་ཞེས་པ་ནི་བཤད་པའི་རྒྱུད་དུ་གསུངས་པ་འདི་ལྟ་སྟེ། ཟླ་བའི་ཁ་དོག་དང་བུམ? ་པ། །དེ་བཞིན་དམར་པ་འབར་བས་འཁྲུགས། སངས་རྒྱས་ཕྲེང་བས་རྣམ་པར་སྤྲས། །རྒྱན་ཀུན་གྱིས་ནི་བརྒྱན་པའོ། །ཞལ་བཞི་པ་ལ་ཕྱག་བཞི་པ་ཞེས་སོ། །ཀླུའི་བློའི་ཞབས་ཀྱིས་ཀྱང་གསུངས་པ། ཞལ་གཅིག་པ་ལ་ཕྱག་གཉིས ་ནི། །ཡུང་ཙམ་ཉིད་ཀྱིས་རང་གི་ལྷ། །པདྨ་ཟླ་བ་མཉམ་པའི་གདན། །འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ་ཞེས་སོ། །དང་པོའི་མགོན་པོ་དེ་བཞིན་དུ། །ཞལ་གསུམ་ཕྱག་དྲུག་བཞི་པ་སྟེ། སྤྱན་གསུམ་ཐུགས་རྗེ་ཡི་རྗེ?་གནས། ་སྣ་ཚོགས་ཆུ་སྐྱེས་ཟླ་དབུས་གནས། །སྟོང་ཉིད་ཡེ་ཤེས་ཡང་དང། འབྱུང། །རལ་པ་བཅིངས་པ་ཟླ་ཕྱེད་དང། །ཐོད་པའི་ཆོད་པན་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །རྡོ་རྗེ་སྐྱིལ་ཀྲུང་གིས་ལོགས་གནས ་རང་སྣང་རོགས་མའི་ལུས་སྦྱོར་གནས། །ཐུགས་རྗེ་ཆགས་པས་ཤིན་དུ་བདེ། །དཀར་པོ་སྔོན་པོའི་དམར་པོའི་ཞལ། །རྣམ་ཐར་གསུམ་གྱི་རང་བཞིན་སྐྱེས། །རྡོ་རྗེ་དྲིལ་བུ་སྙོམས་འཇུག་པ། །ལྷ་མོའི་ནུ་མ་འཚིར་བར་བྱེད། ་རྡོ་རྗེའི་མདུང་དང་ཐོད་པ་དང། །ཁ་ཊཝཱཾ་ག་དང་མགོ་བོ་འཆང་ཞེས་སོ། །ཕྱག་གཉིས་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ་ཞེས་པ་ནི། །ཁ་སྦྱོར་དུ་ཞལ་བཞི་པ། །ཕྱག་བཅུ་གཉིས་པ་ཡང་ན་ལྷ་རྣམ ་པའོ། །དེ་བཞིན་དུ་ཡང་བླ་མར། དེ་ཡི་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་དཀར་པོའི་ཁ་དོག་ཅན། །དེའི་དབུས་སུ་པདྨ་ཆེ། །ཁ་དོག་སྣ་ཚོགས་འདབ་བརྒྱད་པ། །ཟེ་འབྱུང་གེ་སར་གྱིས་འབྱུང་ས་མ།?་བླ་མའི་རྡོ་རྗེའི་དཀྱིལ་འཁོར? ་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་རིགས་བཅས་སྐྱེས། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་ཞལ་བཞི་ཞི་བ་དང། །རྒོད་དང་དྲག་པོ་རྣམ་པར་གཙིགས། །མཆོག་ཏུ་གཙིགས་པས་འཇིགས་པར་བྱེད། །རྡོ་རྗེ་དྲིལ་བུ་སྙོམས ་འཇུག་པ། །མདུང་དང་དགྲ་སྟ་ཅང་ཏེའུ། །གྲི་གུག་ཐོད་པ་ཁ་ཊཝཱཾ་ག། །ཚངས་པའི་པགས་དགོས་སུ་གྱོན། །ཞགས་པ་ཚངས་པའི་མགོ་བོ་ཉིད། །བཅུ་གཉིས་ཕྱག་གིས་དེ་བཞིན་ནོ། །སེམས་དཔའ་ཨི་སྐྱིལ་ཀྲུང་གིས་གནས་པ། །ཐོང ་པའི་ཅོད་པན་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་དང་དཔེ་བྱད་དང་ལྡན་པས། །ཐུགས་ཀར་ཡེ་ཤེས་དམ་ཚིག་སྟེ། ཅོད་པན་རྡོ་རྗེ་འཛིན་པའོ། །ཇི་ལྟར་ཐབས་བཞིན་ཤེས་རབ་འདྲའོ། །ཕྱག་རྒྱ་ལྔ་ཡིས་བྱིན ་གྱིས་བརླབས། །རིགས་ཀྱི་དབྱེ་བས་ཕྱེ་བ་ཡིན། །རྡོ་རྗེ་དབྱིངས་དབང་ཕྱུག་མ་མཆོག། བདེ་ཆེན་ཐབས་ཀྱི་སྦྱོར་བ་ཡིས། །སྐུ་གཉིས་ཞུ་བར་གྱུར་པ་དང། །དེ་མ་ཐག་ཏུ་བཞེངས་པ་ཡི། །སྐུ་ཡི་མཁའ་འགྲོ་འཁོར་དང་བཅེས་ཞེས ་དཔའ་བོ་རྣལ་འབྱོར་མ་ལྷན་ཅིག་།གཡས་བརྐྱེད་བ་དང་གཡོན་བརྐྱང་གི་གནས། །དཀར་སྣོ་སེར་དང་དམར་པོའི་ཞལ། །རྡོ་རྗེ་དྲིལ་བུས་འཁྱུད་པའི་ཕྱག། སྔར་གྱི་ཞལ་སོགས་རིམ་པ་ཡིས། །ཕྱག་ནི་མཚན་མ་འཛིན་པའོ་ཞེས་སོ། ། ་དེ་བཞིན་དུ་གསུང་གི་འཁོར་ལོ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་རྟོགས་པར་བྱའོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྣལ་འབྱོར་ཆོས་མཆོག་ནི། །སྔགས་པའི་རྣལ་འབྱོར་ཀུན་དུ་མིན། །ཞེས་པ་ནི་ཆེ་བ་གསུངས་པ་སྟེ་སྒྲ་བཞིན ་ནོ། །བསྐྱེད་པའི་བྱེ་བྲག་གི་ཆོ་གའོ།། །།བཟའ་བྱ་ཉ་ཤ་ལ་སོགས་ཀྱིས། །དེ་བཞིན་སྒྲོན་མ་ལྔ་སོགས་ཀྱིས། །མཚན་མ་ལ་ནི་རྟག་ཏུ་བྱ། །སྒྲུབ་པོ་སྟོན་མོའི་དངོས་གྲུབ་ནི་ཞེས་ཏེ། །སྒྲོན་མ་ལ་སོགས་པ་ནི་གཡོས? ་ད་ཧ་ན་རྣམས་ཏེ་དགོངས་པའོ། །དེ་ནས་ཕོ་ཉ་མོ་སྦྱིན་བྱ། །པང་དུ་མགོ་བོ་མངོན་བྱས་ནས། མའོ་སྲིང་མོ་འཕུ་མོ་ཡིས། །དཔལ་བོ་གཉིས་མེད་མཆོད་བྱས་ཏེ། །ཞེས་ཏེ་མགོ་བོ་ནི་ཐོད་པའོ། །ཁང ་པར་སྤྲང་རྩིས་བཀང་པ་ཐོགས་ནས་ཤེས་རབ་མ་ལ་སྦྱིན་པར་བྱའོ། །སྔར་གསུངས་པ་ཡི་ཆོ་ག་ཡི། །བཅིངས་པ་ལེགས་པར་གྲོལ་བར་བྱ། །དེ་ནས་སྔགས་འདིས་འགྲུབ་འགྱུར་ཏེ། །ཇི་སྲིད་སྡུད་གཡེང་ཡོད་པར་དུ། ། ་ཞེས་ཏེ། །འཆིང་བ་ནི་རྗེས་སུ་འབྲེལ་བ་སྟེ་ཤེས་དང་མ་ལའོ། །ལེགས་པར་གྲོལ་བ་ནི་སངས་རྒྱས་པའི་གྲོལ་བའོ། །བུད་མེད་ཐམས་ཅད་རིགས་གཅིག་པར་བགེགས་བྱེད་པ་ཡིན་པ་དང། དེ་རྣམས་ཀྱི་རྟོགས་བྱ་དང་རྟོགས་པ ་ཉིད་ཡོད་པའི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་པོ། །དེ་ནས་ཇི་ལྟར་རང་གིས་ནུས་པ་ལ་གཤེགས་པ་རྣམས་ཀྱིས་དང། གནས་པ་རྣམས་ཀྱིས་ཀྱང་སྤང་བར་བྱ་བ་མ་ཡིན་པ། །རང་གི་བུ་རྣམས་ཀྱིས་རྣམ་ཞིག་ཆགས་པ་གང་ཁོ ་ནས་སེམས་ཅན་རྣམས་ལྕུང་བར་བྱེད་པ་དེ་ཁོ་ནས་རྣལ་འབྱོར་པ་སྲིད་པའི་ཕ་རོལ་ཏུ་འགྲོའོ་ཞེས་སོ། །སྡུད་ཅིང་ཀུན་དུ་གཡེང་བ་ནི་འཁོར་བས་དེ་གསལ་ལོ། །སློབ་དཔོན་ལུས་སུ་གནས་པའི་ཆེས། །སྔགས་པ་རྣམས་ཀྱི ་མཆོད་པ་ལེན། །དཔའ་བོ་རྣམས་ཀྱིས་གདན་ཉིད་དང། །ཕྱག་རྒྱ་དེ་ལ་ཐེ་ཚོམ་མེད། །ཅེས་ཏེ་སློབ་དཔོན་ནི་སྒྲུབ་པ་པའོ། །དེའི་ལུས་ཏེ་བདག་ཁོ་ན་དཔལ་བོ་རྣམས་ཀྱི་སྟན་དང་ཕྱག་རྒྱ་ཡིན་པ་དེའི་ཕྱིར་ཡང་མཆོད་པར་བྱ ་བ་ཉིད་དོ། །དགོངས་པའོ། །སྒྲུབ་པོ་ལེགས་པར་མཉམ་གཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ཇི་སྲིད་ལུས་ཅན་ཐམས་ཅད་ཀྱང། །རྣལ་འབྱོར་ཤེས་པར་མ་གྱུར་པ། །དེ་སྲིད་འཁོར་བར་འཁྱམ་བྱེད་ཅིང། །སྡུགས ་བསྔལ་མྱ་ངན་གྱིས་གཡེངས་འགྱུར་ཞེས་པས་རོལ་པ་གསུངས་ཏེ། བླ་མར་ཡང། རྣལ་འབྱོར་མ་རྣམས་མཉེས་བྱེད་པའི། །བླུ་ལ་མཁས་པས་སྨད་མི་བྱ་ཞེས་སོ། །རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་རང་གི་སྟོང་པ་ཉིད་དང་སྙིང་རྗེ་ཐ་དང་མེད ་པའོ། །ཤེས་པར་བྱེད་པ་མ་ཡིན་པའོ་ཞེས་སོ། །གསུངས་པ་ཡང་རང་གི་སེམས་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་པོ་དགོངས་པའོ། །སྒྲུབ་པོས་དངོས་པོ་ཐམས་ཅད་ཀྱི། །ཕྱག་རྒྱ་ནུས་པས་མཆོད་པར་བྱ། །མཆོད་པས་མཆོད་པར་ལོས ་པ་སྟེ། །བརྙས་པས་ངེས་པར་སྲེག་པར་བྱེད། །ཕྱག་རྒྱ་མཅི་ཡང་ངོ། །དྲང་བའི་དོན་ནོ། །ཕྱག་རྒྱ་མཆོད་པ་ན་དག་ཅིང་གསལ་བསྟོན་ཀའི་དྲི་མ་མེད་པའི་ནམ་མཁར་སྣང་བ་བསྒོམ་པར་བྱའོ། །དངོས་པོ་ཐམས་ཅད་ཀྱིས་ནི་རང་བཞིན་མེད་པའི ་སྲིད་པ་བསྒོམ་པར་བྱེད་པས་སོ། །དེས་པར་སྲེག་པར་བྱེད་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཤེས་པ་ལ་འཇིགས་པ་དང། སྨྱོ་བ་ལ་སོགས་པས་གཟིར་བར་བྱེད་དོ། །ངེས་པའི་དོན་ནོ། །རྣལ་འབྱོར་རྒྱུད་དུ་མི་རྣམས་ཀྱིས། །ཕྱག་རྒྱ་ཆེན ་པོ་དང་པོ་འགྲུབ། །རབ་ཏུ་འབད་པས་མཆོད་པར་བྱ། །ཕྱི་ནས་ར་པའི་ཉིད་ཀུན་དུ་དཔྱད། ཅེས་པས་བསྔགས་པ་གསུངས་སོ། །དང་པོ་འགྲུབ་པ་ནི་ཐོག་མ་མེད་པའི་སྲིད་པར་འགྲུབ་པ་ནི་ཕྱག་རྒྱ་ཆེན ་པོ་དང་ལས་ཀྱི་ཕྱག་རྒྱ་ཐམས་ཅད་རྫོགས་པའོ་དྲང་བའི་དོན་ནོ། །དང་པོ་ནི་ལྷན་ཅིག་སྐྱེས་པ། ངེས་འགྲུབ་པ་ནི་རྫོགས་པའོ། །ཕྱག་རྒྱ་ཆེན་མོ་ནི་ཤེས་རབ་མའོ། །ངེས་པའི་དོན་ནོ། །རྣལ་འབྱོར་རྒྱད་རྣམས་སུ་ནི་འདུས་པ ་ལ་སོགས་པ་རྣམས་སུའོ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །སངས་རྒྱས་གཟུགས་ནི་འཆང་བའི་མཆོག་།ཛམྦུ་ནཱ་དའི་འོད་བཞིན་དུ། །དམན་པའི་དངོས་གྲུབ་ཡང་དག་བསྟེན། ཞེས་སོ། །དཔལ་འདུས་པར་གཟུགས་སྣ་ཚོགས་?? ་སྒྲ་སྣ་ཚོགས་དང། །བསམ་པ་སྣ་ཚོགས་པའི་དོན་ཐོབ་པ་ནི་སངས་རྒྱས་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་གཟུགས་ཙམ་འཆད་པ་དམན་པ་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ། །ཞེས་པའི་དོན ་ནོ། །དེ་ལྟར་མཆོད་པའི་ཚོགས་ཞི་བ་ལ་སོགས་པ་གང་ཡང། །ཉོན་མི་མོངས་པ་ཁོ་ནས་འགྲུབ། །སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད། །ཅེས་ཏེ་མཆོད་པ་ནི་རྡོ་རྗེའི་མཆོད་པ་སྟེ་སྔོན་དུ་འགྲོ་བ་ཅན་གྱི་ལས་ཀྱི་བྱ་བ་དེ་དོན་དུ་གཉེར་བས་སོ་ཞེས་པ་སྒྲ ་ཇི་བཞིན་པའོ། །གསང་བའི་མཆོད་པའི་ཆོ་གའོ།། །།དེ་ནས་འདི་ལས་མཁའ་འགྲོ་མའི་དྲ་བའི་འཁོར་ལོའི་ཆོ་ག་རྒྱས་བཤད། །གང་དུ་ལས་རྣམས་མྱུར་བར་ནི། །སྒྲུབ་པ་པོའི་ཐེ་ཚོམ་མེད། །ཅེས་པས་སྔཌ ་ཀྱི་གཟུགས་བརྙན་གྱི་བསམ་གཏན་གསུངས་ཏེ་རྒྱས་པར་ང་ཡིས་འཆད་པར་བྱེད་ཅེས་རྟོགས་པར་བྱའོ། །འདིར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཆོས་ཀྱི་ཕྱག་རྒྱ་སྔགས་དགོད་པར་རྟོགས་པར་བྱའོ། །དཔའ་བོ་ཀུན་དང ་ཕག་མོ་ནི། །པདྨའི་ལྟེ་བར་ངེས་པར་སྦྱར། །འདབ་མ་བཞི་ལ་མཁའ་འགྲོ་མ། །ཕྱོགས་གྲལ་རྣམས་སུ་བདུད་རྩིའི་སྣོད་ཅེས་ཏེ། །དཔའ་བོ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཧཱུཾ་ཡིག་གོ། །ཕག་མོ་ནི ་སྟེང་གི་ནཱ་དའི་བདག་ཉིད་ཅན་ནོ། །མཁའ་འགྲོ་མ་ནི་བཞི་སྟེ། །དེ་རྣམས་ཀྱི་མིང་གི་དང་པོར་གནས་པའི་ས་བོན་ཡང་ནའོ། །བདུད་རྩིའི་སྣོད་ནི་ཁུ་བ་ལ་སོགས་པས་ཡོངས་སུ་གང་བའི་ཐོད་པ་ཡང་ནའོ། །བླ་མར་ཡང ་ཨོཾ་ཨའོཾ་ཨིཾ་ཨའིཾ་ཨུཾ་ཨའུཾ་ཨེཾ་ཨིཾ་ཨོཾ་ཨཽཾ་ཨཾ་ཨ(རྒྱུད་འགྲེལ་ཐུགས་ཀྱི་འཁོར་ལོ་རྣམས་སུ་ཁ་དོག་དཀར་པོ་སྟེ། འདི་ཀུན་མཆོག་ཏུ་གསང་ཆེན་ཏེ། གང་སུ་ལ་ཡང་བཤད་མི་བྱའོ། །ཞེས་པ་དྲང་བའི་དོན་ནོ། །དཔའ་བོ་ཐམས་ཅད་ནི་ལྷན་ཅིག་ཅེས་པ། ཕག་མོ་ནི་སྟོང་པ་ཉིད། པདྨའི་ལྟེ་བ་ནི་ཆོས་ཀྱི་དབྱིངས ་སུ་ངེས་པར་སྦྱར་བར་བྱ་ནི་དེ་དག་ཟུང་དུ་འཇུག་པའི་མཚན་ཉིད་དུ་ཤེས་པར་བྱའོ། །ངེས་པའི་དོན་ནོ། །འབར་འཕྲེང་རྒྱ་མཚོར་བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོ་སྟེ། །དཔའ་བོའི་དབང་པོ་ཞལ་བཞི་པ། །དཔའ་བོ་དཔའ་མོ་གནས་དེ་བཞི་ན་ཞེས ་པས་དེ་ཁོ་ན་ཉིད་ཀྱི་བསམ་གཏན་གསུངས་ཏེ། །འབར་འཕྲེང་རྒྱ་མཚོ་ནི་འོད་ཟེར་ལྔས་ཡོངས་སུ་དཀྲིས་པའོ། །དེའི་འཁོར་ལོ་ནི་ཕུང་པོ་ལ་སོགས་པ་རྒྱལ་བའི་ཚོགས་ལུས་ཁོ་ནར་བལྟ་བར་བྱའོ། །ནམ་མཁའ་དབྱིངས་ནི་དེ་དངོས་སུ་བྱེད་པའི་ཕྱིར་ཀུན ་ནས་སྒོ་སྟེ་ཀུན་ནས་ཁྱབ་པའོ། །ཡེ་ཤེས་ཀྱི་སྐུ་ནི་ཞལ་བཞི་པ་སྟེ། སྐུ་བཞིའི་བདག་ཉིད་ཅན་ནོ། །དཔའ་བོའི་དབང་པོ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་གཙོ་བོའོ། །དཔའ་བོའི་སྤྱན་ལ་སོགས་པ་རྣམས་ཀྱིས་མཚོན་པ་དཔལ ་བོའི་གནས་ཏེ་རྣམ་པར་དག་པའི་སོ་དང་སེན་མོ་ལ་སོགས་པ་ཐོད་པའི་དུམ་བུ་ལ་སོགས་པ་ཤེས་རབ་དང་བཅས་པ་མཚོན་པའོ། །གསུངས་པ་ཡང། ལུས་ན་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ། ནི་གཅིག་པུའི་ལུས། །སེམས་མོ་སྐྱེས་པ་རྡོ་རྗེའི་རྩེ། ་རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །དཔལ་འདུས་པར་ཡང་གསུངས་པ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ་ཞེས་མཐར་དུག་ཏུ་གདོན་མི་ཟ་བའི ་དོན་ནོ། །འོད་ཟེར་ལྔ་དང་ལྡན་པ་ནི་སྒྱུ་མའི་ལུས་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཅན་གྱི་གཟུགས་སོ། །ཐམས་ཅད་སྟོང་པ་འདི་རང་གི་ལུས་སུ་རབ་ཏུ་གཞུག་པར་བྱ་ཞིང། གཅིག་ཏུ་འདྲེས་པར་གྱུར་པ་ལས་ཉིན་དང་མཚན་མོར་དེ་ལ ་རིམ་པས་བརྟན་པར་གྱུར་བ་ལ་སྲིད་པ་དང་ཞི་བའི་བདག་ཉིད་རྒྱལ་བར་འགྱུར་རོ། །ཞེས་པ་དགོངས་པའོ། །སྔགས་ཀྱི་དེ་ཉིད་བཤད་པ་ལའོ། །ད་ནི་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གསུངས་པ། །སྨིན ་མའི་དབུས་སུ་གཞུག་པར་བྱ། ། བ་དྷཱ་ཏིའི་གནས་དེ་བཞིན། །དཔའ་བོ་འཚོལ་བའི་ཞལ་གྱིས་མེར། །སྦྱར་བྱ་ནམ་ཡང་གཞན་དུ་མིན་ཞེས་བྱ་བ་ལ་སོགས་པས་སོ། །རྒྱུད་དུ་ཡང་སྨིན་དབུས་ཟླ་བ་པདྨའི། །བཅུ་དྲུག་གིས་ནི་དེ་བསྐོར ་བའོ། །དང་པོའི་དབྱངས་ཡིག་ཡང་དགེ་ལྡན། །བསམས་ནས་སྐད་ཅིག་དེ་ལ་འབར་ཞེས་སོ། །ཧཾ་ཨཱ(རྒྱུད་འགྲེལ་ཞེས་པ་འདིའི་དོན་ནོ། །དཔའ་བོའི་ཞབས་འདོད་པ་ལ་ལྟེ་བར་ཉི་མ་དང་ཟླ་བ་ལ་ཐིག་ལེའི་རི་མོས་དབྱངས་ཀྱི་ཡི་གེ་གསུམ་གྱིས་དཀྲིས་ནས། །དཀར་པོ་ཕྱེད་དང། དགའ་བ་ཕྱེད་ཀྱི་མཐར་རོ་ཞེས་པ་དྲང་བའི་དོན་ནོ། །གཞུག་པར་བྱ་ཞེས ་པ་ནི་དཔྲལ་བའི་ཐིག་ལེར་སྲོག་རྩོལ་གྱིས་སྲོག་རབ་ཏུ་གཞུག་པའོ། ། བ་དྷཱུ་ཏཱིའི་གནས་ནི་གཏུམ་མོ་ཅན་དུ་ཞུགས་པ་དེ་ལས་འགྱུར་རོ། །དཔའ་བོ་འཚོལ་བའོ་ཞལ་གྱིས་མེར་སྦྱར་བྱ་གཞན་དུ་མིན་ནི་ཕུང་པོ་ལ་སོགས་པ་རྣམས་སོ། ། ་གཞན་དུ་མིན་ནོ་བ་ལང་ཤ་དང་ཁྲག་བྲེང་སོགས། །བསྲེག་བྱ་ལྔ་དག་རབ་ཏུ་སྦྱིན། །ཕྱི་ནས་སྲེག་ཟའ་བར་བ་ལ། །སྲེག་བླུག་སེ་དགུ་ནི་སྦྱིན་པར་བྱ་ཞེས་པའི་སྲེག་བླུགས་དགུ་ནི་ཡུལ་དང་དབང་པོ་ཟད་པ་ལས་ཕུང་པོ་དང་ཁམས་དག་གོ་། ་དེའི་ཕྱི་ནས་འབར་བ་ལ་ནི་ལ་ལ་ནཱ་དང་རས་ནཱ་གཅིག་ཏུ་སྦྱོར་བ་ལས་སོ། །གསུངས་པ་ཡང་འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པས། ཉེ་བར་བསྟན་པ་དེ་ལས་ལྟེ་བར་བུམ་པ་ཅན་བྱས་ནས་གཡོ་བ ་མེད་པར་བྱའོ་ཞེས་པའོ། །སྲོག་ཟ་ནི་འོད་གསལ་བའི་མེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལུས་དང་ངག་དང་སེམས་རང་བཞིན་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ནོ། །འདི་དག་སྦྱིན་སྲེག་མདོར་བསྟན་པ་སྟེ། དངོས་གྲུབ་ཐམས་ཅད་རབ ་སྒྲུབ་བྱེད། །མཁའ་འགྲོ་མ་གཞན་སྦྱོར་བ་ཡིས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད་ཅེས་པ་འདིས་ཕན་ཡོན་གསུངས་སོ། །སྦྱིན་སྲེག་གི་དེ་ཁོ་ན་ཉིད་དོ། །དགོངས་པའོ། །དེ་བཞིན་དུ་ཡང་ལྟེ་བའི་པདྨའི་ཐབས་ཆེན་པོ་ལ་ལས ་ཀྱི་རླུང་གིས་སྦྱོར་བའི་གཏུམ་མོ་ཤེས་རབ་ཀྱི་མེ་དེ་ལ་ཐེ་རྩོམ་མེད་པར་སྦྱིན་སྲེག་བྱའོ། །དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་གོ། །འདོད་པ་ཐམས་ཅད་བྱེད་པ་ནི། །འཇིག་ལྟར་ལྷ་འཁོར་རྣམས་སུ་མཚོན། །མཆོད་པ་གཉིས་མེད་སྦྱོར་བ་ཡིས། །ལས ་རྣམས་སོ་སོར་ལེགས་སྦྱར་བ། །གྲོང་འདིར་དངོས་བྱེད་པ་ཡི་སྔགས། །དེ་རྣམས་དབྱེ་བ་ང་ཡིས་བཤད། །ཁ་དོག་ཕོ་ཉ་སོགས་གང་སྔགས། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །རྣམ་སྣང ་གིས་ནི་ཕྱེ་བ་ཉིད། །ས་བོན་ཕྲེང་བ་སྤེལ་བ་ནི། །ཧཱུཾ་ཡིག་མཐར་ནི་རབ་ཏུ་གནས། །ཅེས་པ་འདི་རྣམས་ཀྱིས་བཟླས་པ་གཞན་གསུངས་སོ། །ཐམས་ཅད་ཅེས་པ་ཞལ་གཅིག་པ་ལ་སོགས་པའི་སྔགས་སོ། །གཉིས་མེད་སྦྱར་བ་ཡིས་ནི་ཤེས ་རབ་མས། ལྷན་ཅིག་པས་དཔའ་བོའི་སྔགས་དང་སྤེལ་བ་ལ་སོགས་པ་དང་ལྷན་ཅིག་པ་ལས་ཀྱི་རྫས་སུ་འབྲང་བས་སོ། །ཞེས་པ་སྒྲ་ཇི་བཞིན་པའོ། །སྔགས་ནི་ཕྲེང་བའི་སྔགས་རྐང་པ་ཉི་ཤུ་རྩ་བཞི་པའོ། །དབྱེ་བ་ནི་ཡོངས་སུ་ཕྱེ་བ་བཤད ་པར་བྱའོ། །ཁ་དོག་ནི་དཀར་པོ་ལ་སོགས་པའོ། །ཕོ་ཉ་མོ་ལ་སོགས་པ་ནི་རབ་གཏུམ་མ་ལ་སོགས་པ་དང་ལྷན་ཅིག་པའོ། །མདའི་ཤུགས་ནི་རླུང་གི་ཤུགས་ཀྱིས་སོ། །ཡོངས་སུ་འཁོར་ནི་འབབ་པའི་དབང་གིས་མཚོན་པར་བྱའོ།། ་རྣམ་པར་ལྡང་བས་ནི་མ་རུངས་པའི་ལས་རྣམས་སོ། །ས་བོན་ཕྲེང་བ་ནི་ཤེས་རབ་དང་ཐབས་ཀྱིས་སྔགས་ཀྱི་ཕྲེང་བའོ། །ཧཱུཾ་ཡིག་ནི་མཐར་བཟླས་པར་བྱའོ། །ནི་ཡིག་ནི་མ་བརྗོད་པ་བསྡུབ་ལ་སྟེ། དེ་ན་ཨོཾ་ཡིག་དང་པར་དང ་ཕཊ་ཡིག་ལ་སོགས་པ་མཐར་ཤེས་པར་བྱའོ། །སྔོན་པ་ལ་སོགས་པའི་ཁ་དོག་ཀྱང་ངོ། །གསུངས་པ་ཡང་དེ་ལྟར་ཕྲེང་བའི་སྔགས་ཀྱི་རྐང་པ་སོ་སོ་དབུགས་ཀྱི་འཁོར་ལོའི་གྲངས་སོ། །འདིར་བགྲེད་ཕྲེང་མེད་ཅིང་སྔགས ་བརྗོད་པ་མེད་དེ་དབུགས་འཇུག་པ་དང་འབྱུང་བ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་འབྱུང་བ་མེ་ཏོག་གི་ཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས ་བལྟ་བར་བྱའོ། །དེ་ལྟར་ཉིན་ཞག་བརྒྱ་ཕྲག་བཅོ་ལྔ་རྣམས་ཀྱིས་དབུགས་གཡོ་བ་མེད་པ་བུམ་པ་ཅན་གྱི་གནས་སྐབས་སུ་འགྱུར་རོ། །དེ་ནས་མངོན་པར་ཤེས་པ་ལྔར་འགྱུར་རོ། །ཞེས་པར་གོངས་པའོ། །བསྒྲུབ་བྱ་འགོག་པས ་འགྱུར་བ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཁ་སྐྱོར་ཁ་སྦྱོར་ཅན་དངོས་པོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པ། །ཞེས་པས་ཕན་ཡོན་གསུངས་སོ། །འགོག་པས་ནི་དཀྱིལ་འཁོར་བཅུ་པོ་རྣམས་སུའོ། །བསྒྲུབ་པར་བྱ་བ་ནི་རླུང ་བསམས་ནས་སྐད་ཅིག་དེ་ལས་འབར་ཞེས་སོ། །ཁ་སྦྱོར་ཅན་ནི་ཁ་སྦྱོར་མ་ཡིན་པ་ཁ་སྦྱོར་ཅན་དུ་གྱུར་པ་སྟེ། བུ་བ་དང་རྡུལ་དག་གོ་།རྡོ་རྗེ་མཁའ་འགྲོར་ཡང་ཤེས་རབ་ཐབས་ནི་མཉམ་པར་སྦྱོར། །ཁ་སྦྱོར་ཅན་ཞེས་མངོན ་བརྗོད་བྱ། །ལག་པ་དག་གིས་ཀུན་དུ་འཁྱུད། །རྡོ་རྗེ་ལུ་གུ་རྒྱད་དུ་བརྗོད་ཞེས་ཏེ། དགོངས་པའོ། །འདི་རྣམས་རྡོ་རྗེས་དབྱེ་བྱ་ཞིང། །དེ་ནས་བུད་པ་འཁོར་བར་བྱ། །དེ་ལ་ལྕགས་ཀྱུ་འགུགས་བྱེད་ལ། །དེ་བཞིན་གཏུན་ཤིང་སྐྱེད་གྱེར་ལ། །ཟ་ལ་རྡོ་རྗེ་ཁོ ་ནར་བརྗོད། །འཟུགས་ལ་མདའ་ན་ཁོ་ན་དང། །དུས་མན་འཆི་བ་སྐུ་བ་ལ། །ནུ་མར་ཁ་ཊཝཱཾ་ག་སྦྱར་བྱ། །ཞེས་པས་དུས་སུ་འཆིབ་སླུ་བ་གསུངས་སོ། །རྡོ་རྗེ་སྟོ་བ་དབང་གིས་བུད་མེད་ཀྱི་པདྨད་བྱེ་བར་བྱའོ། །བཤད་པའི་རྒྱུད་དུ་ཡང་རྡོ་རྗེས་པདྨ་དབྱེ་བར ་བྱ། །བུང་བ་སྦྲ་རྩིར་འདོད་པ་ཡིན། །འཁོར་བ་གཡོ་བར་བྱ་བའོ། །བདེ་བའི་ཐབས་ཏེ་ཐམས་ཅད་རིག་ཅེས་སོ། །འགུགས་བྱེད་ལ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཤིན་ཏུ་བདེ་བ་ལ་ལྕགས་ཀྱུ་སྟེ་སྡིགས་མཛུབ་ལྕགས་ཀྱུའི་རྣམ་པས་སོ། ། ་བསྐྱོད་པ་ལ་སྟེ་གཏུན་ཤིང་འདིའི་རྡོ་རྗེ་རབ་ཏུ་གཞུགས་པའོ། །ཟ་བ་ལ་སྟེ་བག་ཆགས་རྣམས་ཀྱི་རྡོ་རྗེ་སྟེ་ཁུ་བའོ། །འབུགས་པ་ལ་སྟེ་སྟོང་པ་ཉིད་ཀྱི་མངས་རྣམ་པར་འཇོམས་པར་འགྱུར་རོ། །དེ་ཉིད་ཀྱི་དགོངས་པའོ། །ཁ་ཊཝཱཾངག་ནི་ཤེས་རབ ་མ་ལ་ཁུབས་འགྲོ་བའོ། །བཤད་པའི་རྒྱུད་དུ་ཡང་ཤེས་རབ་ཁ་ཊཝཱཾངག་གཟུགས་ཅན་ཞེས་སོ། །ནུ་མ་ལ་སྦྱར་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བསྟན་པའི་ཆེད་དུ་སྟེ་གསུངས་པ་ཡང། །འདི་ནི་འཆི་ལྟས་སླུ་བ་ལ། །རྣལ་འབྱོར་རྣམས་ཀྱིས་དགའ་ ་བར་འགྱུར་ཞེས་སོ། །དགོངས་པའོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱོར། །སྐུ་གསུང་ཐུགས་ཀྱི་གསང་སྔགས་ནི། །དབང་པོ་གཉིས་ལ་དགོད་པར་བསྒྲགས་ཤེས་པ་ནི་ཚོགས་པ་ལ་སོགས་པའི་མཚོན ་ཚེ་རྣམས་པར་བཞག་པ་ནི་འོད་ཟེར་རོ་ཞེས་སོ། །གནས་ཀྱི་འཇུག་པ་དྲང་བའི་དོན་ནོ། །ཐོད་པ་ནི་ཀཾ་བདེ་བ་སྤྱོད་པར་བྱེད་དོ་ཞེས་པའོ། །རྡོ་རྗེ་མཁའ་འགྲོར་ཡང། །ལྷ་མོ་དུས་འཆི་སླུ་བ་ལ། །ཡན་ལག་ཁ་ཊཝཱངག་དང་སྦྱར། །ཐོད་པའི་མཆོད་ཡོན ་སྣོད་དུ་ནི། ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་ཏེ་ངེས་པའི་དོན་ནོ། །དབང་པོ་གཉིས་མཉམ་པར་སྦྱར་བས་བསྒྲུབ་པར་བྱའོ། །ཞེས་པ་སྒྲ་ཇི་བཞིན་པའོ། །ཕན་ཚུན་རོལ་པའི་གསང་སྔགས་ནི། །གཅིག་ཏུ་མཁའ་འགྲོ ་མ་དང་སྦྱར། །ལྷ་དང་ལྷ་མིན་མིར་བཅས་རྣམས། །འདི་ཡིས་མྱུར་དུ་བསྒྲུབ་པར་བྱ་ཞེས་པ་སྒྲ་ཇི་བཞིན་པའོ། །འཆི་བ་བླུ་བའོ།། །།དེ་ནས་དབང་དུ་བྱེད་པའི་མཆོག་།གཞན་ནི་ཡང་ནི་རབ་འཆང་བྱེད། །ང་ཆར་བྱ་ཟོས་པ་མིན་པ ་ལ། །བཟླས་པའི་མཐར་ནི་སླར་ཡང་སྐྱུག་།བཟའ་དང་བཏུང་བ་རྣམས་ལ་སྦྱར། །འདི་ནི་མཚན་མོ་བདུན་གྱིས་ནི། །ཇི་སྲིད་འཚོ་བར་བུད་མེད་རྣམས། །དབང་དུ་འགྱུར་བར་ཐེ་ཚོམ་མེད་ཅེས་པས་དབང་དུ་བྱ་བ་གསུངས་སོ། །སྐྱུག་བ་ནི་བཟའ་བྱ ་སྐྱུག་བའོ། །དེ་ཉིད་སླར་ཡང་བཀྲུས་ནས་བཟླས་པའི་མཐར་ཉེ་བའི་སྙིང་པོའི་དབང་དུ་བྱ་བའི་ཆོ་ག་ལས་ཇི་ལྟར་གསུངས་པ་དེར་འགྱུར་ཞེས་སོ། སེར་སྐྱའི་མར་ནི་འཐུངས་ནས་སུ། །དེ་ནས་བཟླས་མཐར་སྐྱུག་པར་བྱ། །བདག་གི་ག་རོང་པ་དེ་ཉིད ་ཀྱིས། །བྱུགས་ཏེ་ཁྲོས་པས་བལྟ་བར་བྱ། །གཞོན་ནུ་མ་དེ་མཐོང་བ་ཡིས། །དབང་དུ་འགྱུར་བར་ཐེ་ཚོམ་མེད་ཅེས་པ་གསལ་ལོ། །ཏི་ལ་མར་སཱ་ལུ་བཏགས་པ་ནི། །ལྡན་པས་ལུས་ནི་བསྐུས་ནས་ནི། །སྔགས་བས་སྣམ་མཁུར་བྱས ་ནས་ནི། །བཟའ་བ་ལ་ནི་དེ་སྦྱར་བྱ། །གལ་ཏེ་ལས་འདི་མ་བཏང་ན། །རྟག་ཏུ་མི་མོ་དབང་དུ་འགྱུར། །སྡུམ?་འཁུར་ནི་འཁུར་བའི་བྱེ་བྲག་གོ་།བཟའ་བ་ལ་ལན་བདུན་བཟླས་པ་མ་བཏང་ན་ཇི་སྲིད་འཚོའི་བར་དུའོ། །ཏི་ལ་ནག་རྣམས་ནི ་ཟོས་ནས་སུ། །སྐྱུགས་པ་སྐྱི་ཚེ་དང་ལྷན་ཅིག། རུ་རྟ་བཤང་ལམ་ལས་གྲོལ་བ། །ལག་སྐྱེས་ལྟོ་བའི་སྲིན་བུ་ནི། །རང་གི་ཁྲག་གིས་བཏག་པར་བྱ། །ཁུ་བ་ཉིད་ཀྱིས་སྦྱར་བར་བྱ། །བཟའ་བ་བཏུང་བ་མིག་སྨན་དང། །གོས་པ་ཕྱུག་རས ་སྦྱར་བར་བྱ། །དེ་ལྟར་ཇི་སྲིད་འཚོ་བར་དུ། །དབང་དུ་བྱེད་པར་ཐེ་ཚོམ་མེད་ཅེས་ཏེ། རུ་རྟ་ནི་བཤད་བར་དགོས་སོ། །ལག་སྐྱེས་ནི་མིང་མེད་ཀྱི་སེན་མོའོ། །སྲིན་བུ་ནི་འཤུའོ། །འབྲག་ནི་མིང་མེད་ལས་བྱུང་བསོ། །གསལ་ལོ། །སྡང་བསྔོན་པའི་ལྷ་ཉིད་བཅས? ་ནས་དེ་སྔོན་དུ་འགྲོ་བས་ལས་བྱའོ། །བ་ལངས་ཤ་བསྲེག་སྦྱིན་སྲེག་ལ། ཁྲག་གིས་བསྐུས་ན་ལྷ་རྣམས་དང། མ་མོ་དབང་དུ་འགྱུར་བ་ཡིན། །གལ་ཏེ་མ་འོངས་འཆི་བར་འགྱུར། །སྔགས་པས་སྦྱིན་སྲེག་འདི་ཡིས་ནི། གཞག་བདུན་གྱིས ་ནི་འགྲུབ་བར་འགྱུར། །སྦྱིན་སྲེལ་མཐར་ནི་གཏོར་མ་སྦྱིན། །འགོར་བ་དགུག་བྱ་བརྟུལ་ཞུགས་ཅན་ཞེས་ཏེ། ལྟ་རྣམས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནམ་ལས་ཀྱི་རྗེས་འབྲང་བས་བྱའོ། །ཁྲག་གིས་སྐྱགས་པ་ལའོ། །སྦྱིན ་སྲེག་གི་མཐད་དུ་དབང་དུ་བྱ་བའི་ཆོ་གས་ཇི་སྐད་གསུངས་པ་བཞིན་འགྱུར་རོ་ཞེས་ཨ་སྒྲ་ཇི་བཞིན་བའོ། །དབང་དུ་བྱེད་པའི་ཆོ་གའོ།། །།བརྡ་ནི་མཁའ་འགྲོ་མ་རྣམས་ཀྱི། །ལུས་ཉིད་ཀྱི་ནི་མཚན་ཉིད་དང། སྔགས་པས་རྡབས? ་དབང་མ་ཀློག་ཅིར། །གཡོན་གྱིས་ཀུན་དུ་སྤྱོད་པ་སྤས། །ཞེས་པས་གསང་ཆེན་གསུངས་ཏེ་རྒྱུད་ཀྱི་མཚན་ཉིད་དཔའ་བོའི་དབང་པོའི་ཡན་ལག་གི་དབྱེ་བ་དང་དཔའ་བོའི་དབང་པོ་བུམ་པ་ལ་སོགས་པའི་དབང་བསྐུར་བ་མ་ཡིན ་པའི་བྱིས་པ་རྣམས་རྒྱུང་དུ་སྦས་སོ། །སྒྲ་ཇི་བི་ཞིན་པའོ། །ད་ནི་རྣམ་པ་ལྔས་ཕྱག་དྲུག་པའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིས་འདིར་ཨཱ་ལཱི་ཀཱ་ལི་ལུག་སྡང་མཐུན་པ་དང། །ལུག་བཟློག་པས་ཉིས་འགྱུར ་བྱས་ནས་ཧཱུཾ་ཡིག་ལ་སོགས་པས་བྱིན་གྱིས་བརླབས་པ། །རྡོ་རྗེ་ལ་སོགས་པའི་མཚན་མ་ལས་སྐྱེས་པའི་དཔའ་བ་དཀྱིལ་འཁོར་བ་དང་བཅས་བའི་རང་དམ་ཚིག་སེམས་དཔར་བསྐྱེད་ནས་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་པར ་བྱའོ། །དེ་བཞིན་དུ་མངོན་པར་བརྗོད་པའི་བླ་མར་གསུབས་པ། །སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི། །དབུས་སུ་ཡེ་ཤེས་སེམས་དཔའ་ནི། །དེ་མདོག་ཕྱག་མཚན་བལྟས་ནས་ནི། །ཟླ་བ་རྡོ་རྗེའི་ས་བོན་ཅན་ཞེས་སོ། །དེ་ནས་མགོ ་བོལ་སོགས་པར་དགོད་པར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་གཞུག་པར་བྱའོ། །རང་གི་སྙིང་གའི་ལྕགས་ཀྱུའི་སྦྱོར་བས་དཔའ་བོ་དང་དཔའ་མོའི་ཆོ་གས་རྣམས་ནམ་མཁར་བལྟས་ཡང་དག་པར་མཉེས་པའི་རྗེས་སུ་གསོལ་བ་གདབ་པར་བྱའོ། ། ་ཨོཾ་ཨ་བྷི་ཥིཉྩ་ནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་སོ། །དེ་ནས་ཧེ་རུ་ཀའི་གཟུགས་ཅན་གྱི་སང་རྒྱས་དེ་རྣམས་ཀྱིས། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཞེས་པ་མངོན་པར་དབང་བསྐུར་བར་བྱའོ། །མངོན་པར་དབང་བསྐུར་བའི་ཅོད ་བན་དུ་རང་གི་རིགས་ཀྱི་དབང་པོ་ཧེ་རུ་ཀར་འགྱུར་རོ། །སྙིང་པོའི་འཁོར་ལ་གནས་པ་རྣམས་ཀྱི་རིན་ཆེན་དབང་པོ་ཐུགས་ལ་སོགས་པའི་འཁོར་ལོ་ལ་གནས་པ་རྣམས་ཀྱི་ཐུགས་དང་གསུང་དང་སྐུའི་མཁའ་འགྲོ་དུར་ཁྲོད་ན་གནས་པ་རྣམས ་ཀྱི་དམ་ཚིག་གི་དཔའ་བོ་ཡང་ངོ་ཞེས་བའོ། །ཤེས་རབ་ལ་རྗེས་སུ་ཆགས་པ་དང་ཕྲ་མོའི་རྣལ་འབྱོར་རྣམ་པར་བསྒོམས་ཏེ། དམ་ཚིག་གི་འཁོར་དག་པར་བྱས་ནས་རྡོ་རྗེ་ས་བཟླས་པ་ལ་སོགས་པ་བྱའོ། །དམ་ཚིག་ཀུན་སྤྱོད་ཡང་དག ་ལྡན། །སྔགས་པས་མཉམ་གཞག་བཟླས་བར་བྱ། །སྲོག་གི་རྩོལ་བའི་འཁྲུལ་འཁོར་ནས། །ཕྱག་འཚལ་ཧཱུཾ་ཡིག་བརྗོད་པར་བྱ། །མཛེས་པའི་བཟླས་པའམ། །དག་གི་བཟླས་པ་བྱས་ནས་སྨོན་ལམ་གདབ་པ་དང། གཏོར་མ་སྦྱིན་པར་བྱའོ ་དཔའ་བོའི་ཟེར་གྱིས་བཀུག་པ་དེ་རྣམས་རང་ལ་རབ་ཏུ་བཙུག་ནས་གཤེགས་སུ་གསོལ་བར་བྱའོ། །མངོན་པར་བརྗོད་པ་བླ་མར་ཡང། །མགོན་པོ་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་རྣམས་པར་འགྱུར་བའི་ཞལ། །དམར་པོ་དཀར་བོ་སྔོན ་པོའི་ཞལ། །རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས། །ཕྱག་ན་ཁ་ཊཝཱངྒ་རལ་གྲི། ཅང་ཏེའུ་དང་མགོ་བོའི་ཞེས་སོ། །དེ་ནས་ཕྱག་བཞི་པ་བརྗོད་པར་བྱ་སྟེ་དབང་པོ་འབྲིང་པོ་རྣམས་ཀྱིའོ། །དེ་བཞིན་དུ་ཡང། ཕྱག་བཞི་པ་ལ་ཞལ་བ་བཞི་པ། །སྤྱན་གསུམ་དྲག་པོ ་འཇིགས་པར་བྱེད། །གཡས་བརྐྱང་ཞབས་ཀྱིས་གནས་པ་སྟེ། དུས་མཚན་འཇིགས་བྱེད་མགོ་བོ་མནན། །དཀར་སྔོན་ལྗང་དང་དམར་པོའི་ཞལ། །རྡོ་རྗེ་དང་ནི་དྲིལ་བུ་དང། ཐོད་པ་ཁ་ཊཝཱཾ་ཅད་ཏེའུ་ཅན། །བཅོམ་ལྡན་ཇི་འདྲ་དེ་བཞིན་དུ། །བཅོམ་ལྡན་འདས་མའང ་དེ་འདྲའོ། །ཡང་ན་ཟླ་བ་རྡོ་རྗེའི་རིམ་པས་བསྒོམ་པར་བྱ་སྟེ་དེ་བཞིན་དུ། དེ་ཡིས་དབུས་འགྱུར་སྟོང་པར་ནི། །ཟླ་བ་ཧཱུཾ་གི་ཡི་གེ་མཆོག་།དེ་ཡོངས་འགྱུར་ལས་རྡོ་རྗེ་བཟང། །རྡོ་རྗེ་སེམས་དཔའ་རྣམས་བསྒོམ་བྱ་ཞེས་སོ། །དེ་ནས་ཧོ(རྒྱུད་འགྲེལ་དང་བཅས་པ་ལ། སྔར་གྲུབ་པ་རྣམས་དྲན་པར་བྱའོ། །གཉིས་ཀ་ཀུན་དུ་དགའ་འགྱུར་པས། ཤིན་ཏུ་དགའ་བས་ཞུ་བར་གྱུར། །དེ་ལ་ཐག་ཏུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལས་ཏེ་ཅང་ཏེའུ་གྲག་པའི་སྒྲས་བསྐུ་བ་བར་འགྱུར་ཏོ། །དེ་ནས་ས ་བོན་དང་མཚན་མ་ལས་སྐྱེས་པའི་དཔའ་བོ་བསྒོམ་པར་བྱའོ། །ཞེས་པའོ། །དེ་ནས་ཞལ་གཅིག་ཕྱག་གཉིས་པའི་ཆོག་དབང་པོ་རྟུལ་པོ་རྣམས་ཀྱིས་རང་བྱིན་གྱིས་བརླབས་པས་བསྒོམ་པར་བྱ་སྟེ་ཟླ་བ་དང་ས་བོན་ཞེས་པ་འམ། ཡང་ན་ཡུད ་ཀྱིས་ཏེ། དེ་བཞིན་དུ་བླ་མར་ཡང་ཡུང་ཀྱི་རྣམ་པས་རྫོགས་པ་ཡི། །རྣལ་འབྱོར་རྣལ་འབྱོར་མཆོག་གི་མཆོག་ཅེས་སོ། །རྫོགས་པའི་རིམ་པ་འདི་ཡང་མཁའ་འགྲོ་མ་རྣམས་ཀྱི་བརྡལ་སོགས་པ་སྟེ། གང་གཞན་གྱི་དྲུང་དུ་འདོན་བྱེད་ན། །ངན ་བའི་བདག་ཉིད་རྨོངས་ཅན་དེ། །ཕྱུགས་ཀྱིས་མཆོག་ཡིན་མཁའ་འགྲོ་མ་འམ། །བོ་ཉ་རྣམས་ཀྱིས་ཟོས་གྱུར་ཀྱང། །དེ་དག་ལ་ནི་སྐྱོབ་མི་བྱེད། །སངས་རྒྱས་འཇིག་རྟེན་ལས་ལྟུང་ཞིང། །བླ་མ་འཁུ་བའི་སྡིག་པ་བྱེད། །དམ་ཚིག་སྐྱོང་བར ་མི་བྱེད་དང་བརྡ་ལ་སོགས་རྣམས་རབ་སྦེད་བྱེད། །དེ་འདིར་ང་ནི་རྗེས་སུ་འཛིན། །མཁའ་འགྲོ་མ་ཉིད་ཉིད་དགེ་བའི་ཞལ་ཞེས་ཏེ། །གཞན་གྱི་ནི་དམ་ཚིག་རིག་པ་ལས་གཞན་ནོ། །དྲུང་བུ་འདོ་ནི་པར་བྱེད་པ་ནས་སེམས་པར་བྱེད ་པ་དང་འབྲི་བར་བྱེད་པའོ། །ད་ནི་ཁྱོད་ལ་སྲུང་བར་མི་བྱེད་དོ། །སངས་རྒྱས་འཇིག་རྟེན་ལས་ནི་ཆོས་ཀྱི་དབྱིངས་ལས་སོ། །བླ་མ་ནི་བླ་མའི་དམ་ཚིག་སྟེ། གསལ་ལོ། སྔགས་པས་རྩ་བའི་གསང་སྔགས་ཚིག་།ལན་བདུན་པར་དུ་རྗེས་དྲན་བྱ། །ད ་འདིའི་ཐུགས་ཀར་ཕག་མོ་ནི། །སྲུང་བ་བྱེད་པར་ཐེ་སོམ་མེད། །ཆུ་ཀླུང་ཆུ་གཏེར་ལྟེར་ཀ་དང། །རི་བོ་དང་ནི་བཞི་མདོ་རུང། །དུར་ཁྲོད་ནགས་ཚལ་འཇིགས་རུང་པ། །སེང་གེ་གླང་ཆེན་འཇིགས་བརྒྱད་ལ། དཔའ་བོ་རྣམས་དང་ཕོ་ཉ་མོས། ། ་ལྷན་ཅིག་སྒྲུབ་པོ་རྟག་ཏུ་རོལ། །རི་བོ་ཚང་ཆིང་སྨན་ལྗོངས་དང། །མཚོ་དང་གསང་བའི་ས་ཡི་མཐིལ། །ཞེས་པས་གནས་གསུངས་སོ། །དཔའ་བོ་རྣམས་དང་ཕོ་ཉ་མོས། །ལྷན་ཅིག་མངའ་བདག་རྟག་ཏུ་རོལ། །ཀྱེ་གང་གི་ཕྱིར་དོན་གནག་ལས་རོལ ་པར་བྱེད་པ་དེའི་ཕྱིར། །འདིར་སྒྲུབ་པ་པོ་ཡང་དགའ་བར་བྱེད་དོ། །གསལ་ལོ། །དཔའ་པོ་དང་དཔའ་མོ་རྣམས་ཀྱི་གསང་བའི་གནས་ཀྱི་ཆོ་གའོ།། །།དེ་ནས་གྲུབ་པའི་རྣལ་འབྱོར་ཆེས། །རྣམ་བརྒྱད་སྔགས་ཀྱིས་བཤད་པར་བྱ། །དེ ་ཡེས་མཁའ་འགྲོ་མ་མཐོང་ག་རབ་ཏུ་སྩོལ་འགྱུར་ཐེ་ཚོམ་མེད་ཅེས་བཤད་པར་བརྒྱད་གསུངས་སོ། །དེ་ལྟར་དང་པོ་སྙིང་གར་བཞད་པའི་རྩ་བའི་སྔགས་ལ་སོགས་པ་བཟླས་པར་བྱའོ་ཞེས་པ་སྒྲི་ཇི་བཞིན་པའོ། །ཧ་ཧཱ་ཧི་ཧཱི་ཏུ་ཧཱུ་ཧེ་ཧཻ་འཇིགས ་པར་བྱེད་པའི་བཞད་པ་འདི་རྣམས་ཀྱིས་དེ་རྣམས་རྣམ་པར་འབྱེད་པར་བྱེད་ཅིང་འཁྲུལ་པས་འཇིགས་ཤིང་འབྲོས་པར་བྱེད་དོ། །སྒྲུབ་པ་པོ་ཡང་མཁའ་སྤྱོད་དེ་དངོས་གྲུབ་རྒྱ་ཆེན་པོ་སྟེར་བར་བྱེད་དོ། །བདེ་བ་ཅན་ནི་ཕོ་ཉ་མོ་རྣམས་ཀྱིས་ལྟན ་ཅིག་སྒྲུབ་པོ་རྩེ་བར་བྱེད་དོ་ཞེས་སྔགས་གསུངས་སོ། །དངོས་གྲུབ་ནི་བཅུ་གསུམ་པ་འབྲས་བུའི་བདག་ཉིད་སྟེར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་མངོན་བསྟན་པར་གསུངས་པ། སྟོང་ཉིད་སྙིང་རྗེའི་བདག་ཉིད་སྐུ། །ཡེ་ཤེས་ལྔ་དང་སྐུ་གསུམ་པ། །བཅུ་གསུམ ་འབྲས་བུ་ཐོབ་པ་པོ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ་ཞེས་སོ། །བདེ་བ་ཅན་བཅོས་མ་མ་ཡིན་ལ་རབ་ཏུ་ཞི་བའི་བདེ་བའོ་ཞེས་པ་སྒྲ་ཇི་བཞིན་པའོ། །རྣལ་འབྱོར་མ་རྣམས་མཐོང་བ་དང། བཞད་པ་བརྒྱད་ཀྱི་ཆོ་གའོ།། །།ད་ནི་ཡང་དག་པར ་འཆད་བྱེད། །གང་གིས་མི་རྣམས་དབང་དུ་འགྱུར། །སྔགས་དང་རྣལ་འབྱོར་ཆོ་ག་ལས། །དཔའ་བོའི་ཟླ་བས་བསྒྲུབ་པར་བྱ། །ཞེས་པས་ཕྱི་རོལ་གྱིས་དབང་དུ་བྱ་བ་གསུངས་ཏེ། །མི་རྣམས་ནི་རིགས་ལྔ་པོ་རྣམས་སོ། །རྣལ་འབྱོར་ཆོ་ག་ལས་ནི་ལས ་སོ་སོའི་རྗེས་སུ་མཐུན་པས་སོ། །སྒྲ་ཇི་བཞིན་པའོ། །ཟླ་བས་ནི་སྦྱིན་སྲེག་གིས་སོ། །སྒྲུབ་པ་པོ་ཡང་དཔའ་བོ་ཡང་དཔའ་བོའི་དབང་པོ་ཉི་མ་བདུན་ལ་སོ། །དངོས་གྲུབ་རྒྱ་ཆེན་སྩོལ་བར་བྱེད། །བདག་ཉིད་མཚན་མོ་སྦྱིན་སེག་བྱས། །བརྒྱ་རྩ་བརྒྱད་ལྡན ་ཉིད་ཀྱིས་ནི། །ཐུན་གསུམ་དུ་ནི་བསྒྲུབས་པར་གྱུར་ན། །རྒྱལ་པོ་དབུང་དང་བཅས་ཉིད་ཀྱང། །ཉི་མ་བདུན་གྱིས་དབང་དུ་འགྱུར། །བྱེད་ཀྱིས་བུ་ནི་ཆེན་པོ་སྟེ། །དེ་ཕྱིད་ཀྱིས་ནི་བློན་པོའོ། །ལས་སྒྲུབ་པ་ལ་སྲེག་བླུགས་ནི། །རྒྱལ་ཕྲན་སོ་གཉིས་སྦྱིན ་སྲེག་བྱ། །བྲམ་ཟེ་རྣམས་ལ་འང་ཉི་ཤུ་སྟེ། །ཉི་མ་མདུན་དུ་སྦྱིན་སྲེག་བྱ། །རྒྱལ་རིགས་ཐུན་མོང་པ་ལ་བདུན། །རྗེ་རིགས་རྣམས་ལ་སྦྱིན་སྲེག་ལྔ། །དམངས་ལ་སྦྱིན་སྲེག་གསུམ་བྱའོ། །མཐར་སྐྱེས་དེ་བཞིན་གཅིག་སྦྱར་བྱ། །དེ་ལྟར་དཔའ་བོས ་རིགས་རིམ་ལས། །ཟླ་བ་གཅིག་གིས་བསྒྲུབས་གྱུར་པ། །སྒྲུབ་པོས་གསང་སྔགས་འདི་ཡིས་ནི། །འགྲོ་བ་མཛའ་དག་འགུགས་པོར་བྱེད་ཅེས་ཏེ། །ཕྱེད་ནི་ལྔ་བཅུ་རྩ་བཞིའོ། །བུ་ཆེན་པོ་ནི་རྒྱལ་པོའི་བུའོ། །དེའི་ཕྱིར་གྱིས་ནི་ཉི་ཤུ་རྩ་བདུན ་གྱིས་སོ། །ཐམས་ཅད་དུ་ཐུན་མཚམས་གསུམ་དུ་རྟོགས་པར་བྱ་ཞིང་སྦྱར་བར་བྱའོ། །ཤ་དང་ཉ་དང་ལྡན་པར་ནི་དབང་གི་ཐབས་ཏུའོ། །ལྷ་དམར་པོ་སྦྱོར་པས་སོ་ཞེས་སོ། །ད་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ནས? ་འབྱོར་བརྗོད་པར་བྱ་སྟེ། དཔའ་བོ་གཅིག་པ་འམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱང་རུང་སྟེ། ཞལ་ལ་སོགས་པའི་དབྱེ་བས་ཞི་བ་ལ་སོགས་པའི་ལས་བྱེད་དོ། །གང་གི་ཚེ་ཞི་བ་ལས་སོགས་པ་ལ་སྐུའི་ཞལ་གཙོ་པོར་བྱས་ནས ་དཀར་པོར་འགྱུར་ཏེ་ཟླ་བའི་དཀྱིལ་འཁོར་གྱིས་དབུས་སུ་གནས་པའོ། །དེ་བཞིན་དུ་གསུང་རྡོ་རྗེ་ཞེས་པ་ལ་སོགས་པས་དབང་ལ་སོགས་པ་ལ་འདི་ལྟར་མ་མོའི་གསལ་བའི་པ་དམར་རྣམ་པ་ལྔས་ཝཾ་ཡིག་ལས་སྐྱེས་པའི་ཆུ་སྐྱེས་ཆུ ་སྐྱེས་པས་སྐྱེས་པའི་ལྷ་ཞལ་ཅིག་ཕྱག་གཉིས་པ་དཀར་པོས་སྲུངས་ལ་ཞོན་པ་པདྨ་དཀར་པོ་དང་མི་འཇིགས་པའི་ཕྱོགས་དཀར་པོ་ལ་སོགས་པ་དད་ལྡན་པ་རབ་ཏུ་བཞད་པ་འམ་ལྷ་མོ་ཨུ་ཏཔལ་དཀར་པོའི་ཕྱིག་པ་སྒྲུབ་པར་བྱ་བའི་ཁྱིམ་དུ ་མངག་པར་བྱའོ། །འདི་ལྟར་དབང་དུ་བྱ་བལ་ཧྲི(རྒྱུད་འགྲེལ་སྟེང་འདེད་པའི་དབང་ཕྱུག་བཞིན། །དཔའ་ལྡན་སྐལ་བཟང་པོར་འགྱུར། །དབང་དང་དགུག་དང་རྣམ་པར་སྡང། །དེ་བཞིན་བསད་དང་བསྐྲད་པ་དང། །རྨུགས་དང་རེངས་བ་ཉིད་དང་ནི། །རྨོངས་དང་དེ་བཞིན་བསྐྱོད་པ་དང། ལྐུགས་དང་འོན ་དང་ལོང་བ་ཉིད། །མ་ན་དི་ཉིད་དུ་བྱེད་པ་དང། །ལས་རྣམས་འདི་དག་ཐམས་ཅད་ནི། །སྒྲུབ་པོ་ཉིད་ཀྱིས་འགྲུབ་པར་འགྱུར་ཤེས་པས་ཕན་ཡོན་གསུངས་སོ། །འདོད་པའི་དབང་ཕྱུག་ཅེས་པ་བུང་མེད་སྐལ་པ་བཟང་པོའི་མཛའ་ལས ་པའོ། །དཔལ་འདུས་པར་ཡང་གསུངས་པ་རི་རབ་སུམ་ཅུ་རྩ་དྲུག་གི་།རྡུལ་ཕྲན་ཇི་སྙེད་ཡོད་གྱུར་པ། །དེ་ཡི་བཙུན་མོ་དེ་སྙིང་པ། །ཡོན་ཏན་གནས་ནི་འབྱུང་བར་འགྱུར་ཞེས་སོ། །སྒྲ་ཇི་བཞིན་པའོ། །སྒྲུབ་པ་པོ་རྣམ་པར་རྟོག་པ་མེད་པ། །བློ་དང་ལན་པ ་མཁས་ཤིང་ངེས་པ་ཁ་ཅིག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་དེ་ཁོན་ཉིད་ལྷག་པར་རྟོཊ་པ་ཉིད་ཀྱིས་གདོན་མི་ཟ་བར་སྒྲུབ་པ་བྱེད་དོ་ཞེས་ཐེ་ཚོམ་མེད་དོ། །ཞེས་པ་སྒྲ་ཇི་བཞིན་པའོ། །དབྱེ་བ་བཅོ་བརྒྱད་ཀྱིས་ཐ་དད་པའི་རིགས་ལྔ ་དབང་དུ་བྱ་བའི་ཆོ་གའོ།། །།དེ་ནས་འདི་ལས་རབ་འཆང་བྱེད། །པོ་ཉ་མོ་ཡི་གནས་ཀྱི་མཆོག་།ཡུལ་དང་ཡུལ་དུས་སྐྱེས་འགྱུར་ཏེ། །ཡེ་ཤེས་ལྡན་པ་སྐྱེ་བར་བྱེད་ཅེས་པ་གནས་ལ་སོགས་པའི་ས་བཅུ་གནས་ཉི་ཤུ་རྩ་བཞིའི་དེས ་བར་བསྟན་པ་གསུངས་ཏེ། །དེ་རྣམས་མཁའ་འགྲོ་མ་རུ་བཤད། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་ཡིན། །དངོས་གྲུབ་བརྩོན་པའི་སྒྲུབ་བ་པོས། །ལུགས་ལས་བཟློག་པ་ཡོངས་ཤེས་བྱ། །ཀུ་ལུས་ཏཱ་དང་མྱ་ངམ་དང། །སྲིན་དྷན་ག་ར་གསེར་གླིང། ། ་སཽ་པཱཥྚ་དང་ལྷ་ཡི་ཁྱིམ། །ཡི་དགས་གྲོང་དང་ཁ་བའི་གནས། །ཀཱ་ཉྩི་ལམྦཱ་ཀ་ཡི་ཡུལ། །ཀ་ལིང་ག་དང་ཀོ་ཤ་ལ། །དེ་བཞིན་དགེ་མཚན་གསུམ་ཨོ་ཊེ། ཀཱ་མ་རཱུ་པ་མཱ་ལ་ཝ། ལྷ་མོ་མཁར་དང་དགའ་དབང་ཕྱུག་།གོ་དཱ་བ་རི་ཨར་བུ་དང ་ཨོ་ཏཾ་ཡཱ་ན་ཛཱ་ལར་གྲགས། །པུལླི་ར་མ་ལ་དེ་བཞིན། །ཡུལ་འདི་རྣམས་ཀྱི་བུ་མོ་གང། །དཔའ་བོ་གཉིས་མེད་བསྟན་པ་ཉིད། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་རྫུ་འཕྲུལ་ཆེ་ཞེས་ཏེ། །ལྷའི་ཁྱིམ་ནི་གོང་ཀ ་ནའོ། །ཡི་དགས་གྲོང་ནི་རིན་པོ་ཆེའི་གླིང་ངོ། །ཛཱ་ལར་གྲགས་ནི་ཛཱ་ལན་དྷ་རའོ། །པུལླི་ར་མ་ལ་ཡ་ནི་པུ་རྞཱ་གི་རིའི། །དགོངས་པའོ། །འདི་རྣམས་སུ་ཞེས་པ་ཉེ་བར་མཚོན་པ་ཁྱིམ་ལྔ་ལ་སོགས་པའི་གྲོང་དུ་རྒྱུན་དུའོ། །ཐམས་ཅད་རྡོ་རྗེའི་དའི? ་འཁོར་གཙོ་མོ་སྟེ་དཔལ་ཧེ་རུ་ཀའི་བཙུན་མོའི་ཞེས་པ་སྒྲ་ཇི་བཞིན་པའོ། །ད་ནི་མདོར་བསྡུས་པས་ཐུན་མོང་བའི་མིང་ཉིད་ཀྱིས་རྣམ་པར་འཆད་དེ། །རྣལ་འབྱོར་མར་བཤད་ཀུ་ལུ་ཏཱ་ར། །མྱ་དམ་ཡུལ་དུ་མ་མ་སྟེ། ་དེ་བཞིན་ལཱ་མ་སིན་དྷའི་ཡུལ། །རིགས་ཀྱི་གཙོ་མོ་ནག་རར། །ཞེས་པ་ལ་སོགས་པས་རྣལ་འབྱོར་མའི་མིང་དང་གནས་དང་གངས་ཏེ་རྡོ་རྗེ་རྣལ་འབྱོར་མ་རྣམས་སོ། །དེ་བཞིན་དུ་མྱ་ངམ་གྱི་ཡུལ་ལ་སོགས་པར་རྟོགས་པར་བྱའོ་ཞེས་སོ། །ན ་ག་ར་ནི་སྐྱ་པོའི་བུའོ། །རྡོ་རྗེ་མཁའ་འགོར་ཡང་རོ་ལངས་ཤེས་བྱའི་རིག་མ་ཆེ། །དཔའ་བོ་ཀུན་གྱི་མཆོག་བཏབ་སྟེ། །སྤ་ཞིང་ཁུང་བུར་གནས་བྱེད་མ། །གནས་དེར་གནས་པའི་བཟང་པོ་ནི། །བྱིན་པའི་སྤུ་ཞེས་བྱ་བར་གྲགས། །ཞིང ་སྐྱོང་གཙིགས་པ་ཆེན་པོའོ། །རྒན་བྱང་མ་ཞེས་རྣམ་པར་གྲགས། །ལྷ་མོ་ལམ་ཁར་ཞིང་འཕེལ་གནས་ཤེས་ཏེ། སྒྲ་ཇི་བརྫིན?་པའོ། །གསེར་གླིང་དུ་མི་ཆུ་ཅན་བརྗོད། །སཽ་རཱ་ཥྚ་རུ་རིགས་ཀྱི་ལྷ། །ཁྱིམ་གྱི་ལྷ་རུ་མཁའ་འགྲོ་མ། །ཡི་དགས ་གྲོང་དུ་བུ་མོ་ཅན། །ཁ་བའི་རི་བུ་གཟུགས་ཅན་བཤད་ཀཱཉཅི་ཉིད་བཱུང་བྱིས་བཅས་མ། །ཁྱིམ་གྱི་ལྷ་དང་ལམཔཱག། །ཀ་ལིང་ག་རུ་བརྟལ་ཞུགས་འཛིན། །ཀོ་ཤ་ལ་རུ་ཤ་ཟ་མོ། །དགེ་མཚན་གསུམ་པར་དུམ་སྐྱེས་མ། །ོ་ཊེར་དཔལ ་བཤད། །ོ་ཌི་ཡ་ནར་ཡན་ལག་མ། །ཛཱ་སར་གྲཊ་པར་དྲ་འཐིན་མོའི་མཁར་དཱུང་སྦས་མ་དང། །གཡོ་ཅན་དེ་བཞིན་དགའ་དབང་ཕྱུག་།གོ་དཱ་ཝ་རིར་ཕོ་ཉ་ཆེ། །ར་བུ་ད་རུ་ལུ་སྙིང་བཤད། །ོ་ཌི་ཡ་ནར་ཡན་ལག་མ། །ཛཱ་སར་གྲཊ ་པར་དྲ་འཐིན་མ། །གཏུམ་མོའི་བུ་མོ་ཅིན་གྱི་རིགས། །བུལླི་མ་ལ་ཡར་གནས་ཤེས་སོ། །ལྷ་མོ་མཁར་དཱུང་ཞེས་པའི་འང་ཡིག་གིས་ཕྱོགས་གཞན་དུ་ཐབས་ཀྱང་ངོ། །རྡོ་རྗེ་མཁའ་འགྲོར་ཡང། །ལྷ་མོའི་མཁར་དུ་རྣ་ཉམས་མ། སྟོངས? ་ཆེན་པོ་ཡི་རིགས་ལས་བྱུང། །མདུང་གི་ལག་གི་ལྷ་མོ་སྟེ། རྣལ་འབྱོར་ཀུན་དབང་ཕྱུག་མཆོག་།གནས་དེར་གནས་པའི་དྲག་མོ་ནི། །པ་ཊའི་ཤིང་ལ་ཡང་དག་བརྟེན། །ཞིང་སྐྱོང་ལུས་པོ་ཆེན་པོ་ནི། སྒྱུ་ཅན་མཆོག་གི་དབང་ཕྱུག་གོ་ཞེས་སོ། །དེ ་བཞེ་མ་དྲག་ཏུ་རྒོད་པར་གནས། །རྡུལ་བྲལ་ལྟ་མོ་ཡང་དག་བྱུང། །ཟླ་བའི་གདོང་ཞེས་རྣམ་པར་གྲགས། །རྡོ་རྗེའི་མཚོན་ཆ་འཛིན་པ་སྟེ། །ནགས་དེར་གནས་པའི་ལྷ་མོ་ནི། ཀ་དམ་པ་ལ་རིམ་པས་བརྟེན། །དྲིལ་བུ་ཆེན་པོ་ཞེས་གྲགས་ཏེ། །ཞིང ་སྐྱོང་སྟོབས་ནི་ཆེན་པོའོ། །ཀོ་ལྤ་གི་རིའི་བས་གཉིས་ཆེ། །གཅིག་པའི་སྐྱེ་གནས་ཡང་དག་བྱུང་ཞེས་སོ། །དེ་བཞིན་དུ་ཙ་རི་ཏྲ་ནི་ལག་སྐྱེས་གནས། །གཅིགས་པ་ནུས་པ་ཡང་དག་བྱུང། །ལག་སྐྱེས་གནས་པ་བཤད་པ་ནི། །ཕྱག་རྒྱ་ཤཱཀྟི་འཆང་བ ་མོཊ། ཞིང་དེར་གནས་པའི་དྲིལ་བུ་ཆེ། །ཞིང་སྐྱོང་སྟོབས་ནི་ཆེན་པོའོ། །གྱེན་དུ་སྐྱ་ནི་གདངས་གར་ལྡན། །གདུག་པ་ཐམས་ཅད་འཇིགས་བྱེད་པའོ་ཞེས་པའོ། །སླར་ཡང་བོད་ཀྱི་ཡུལ་དུ་ལྷམ་སྐྱེས་བཤད། །ཆུ་སྲིན་རྒྱལ་མཚན་འཛིན་པའོ ་ཞེས་སོ། །ཞིང་འདི་རྣམས་ཀྱིས་བུ་མོ་གླང། །དཔའ་བོ་རྣམས་ཀྱིས་དངོས་གྲུབ་སྟར། །མཚན་མོ་འདུ་བར་བྱེད་པ་དང། །ཡོངས་སུ་རྒྱུ་ཞིང་རྟག་པ་རུ། །དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད། །མཁའ་སྤྱོད་རྣམས་སུ་རྙེད་དཀའ་བའི། །ལས་རྣམས ་ཐམས་ཅད་སྒྲུབ་པོ་ཡིས། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་ཅེས་ཏེ་སྒྲ་ཇི་བཞིན་པའོ། །ཕྱག་རྒྱ་དྲུག་གིས་ལྷག་པ་ཡི། །གཞན་ཡང་སྟོང་ཕྲག་ཉི་ཤུ་གཅིག་།ལུས་དངུ་ཡུལ་དུ་ཕོ་ཉ་རྣམས། །བརྒྱ་ཕྲག་དགུ་ཡི་རིགས་རྣམས་ནི། ། ་རྐ?་བླུགས་རྣམས་གྲང་སོ་ནི་ཇི་སྙེད་མ། །ཕོ་ཉ་མོ་རྣམས་དེ་རྙེད་ལ་ཤད། །ཉི་ཤེན་བཞིའི་རྣལ་འབྱོར་ཕྱིར་མ། །འཁོར་ལོ་གསུམ་རིགས་གཙོ་མོའོ། །ཞེས་པ་འདི་རྣམས་ཀྱི་བསྡུས་པ་གསུངས་སོ། །ཉི་ཤུ་རྩ་བཞི་པོ་དེ་རྣམས་ཁོ་ན་གཟུང ་སྟེ། དེ་རྣམས་ཀྱང་འཁོར་ལོ་གསུམ་གྱིས་བསྡུས་སོ། །གསུམ་པོ་རྣམས་ཀྱང་གཅིག་གིས་གཅིག་ཀྱང་སྟེ་གཉིས་སུ་མེད་དོ། ཞེས་གསལ་ལོ། །སྤས་པའི་ཡི་གེ་དང། དཀྱིལ་འཁོར་དགོད་པའི་ཆོ་གའོ།། ་ད་ནི་རྣལ་འབྱོར་མའི་གཟུགས་ཀྱི་གྱུ་མ་རྒྱས་པར་འཆད་དེ། །དཔའ་པོ་མེ་ཏོག་ཆུ་འཐུངས་ནས། །དཔའ་བོའི་གསང་སྔགས་རྗེས་དྲན་བྱ། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོ། །རྟག་ཏུ་འཁྲིག་པ་བྱ་བའོ། །ཞེས་པ་ལ་སོགས་པས་མེ་ཏོག་གི་རྡུལ ་ཡང་ནའོ། །དགོངས་པའོ། །མཚོན་མོ་ཤ་ནི་བཟའ་བྱ་ཡང། །སྦྱང་བྱ་རྟོགས་བྱ་བདེ་བ་ཐོབ། །བརྔ་དང་འཁྱུད་པའམ་དེ་ནས་ནི། །རེག་དང་རྒོད་དང་རིགས་ཆེན་མོ་ཞེས་སོ། །བཟའ་བྱ་ཟ་བ་ལ་སོགས་པ་ལ་རྣམ་པ་དྲུག་སྟེ། བླ་མར་ཡང ་བཟའ་བར་བྱ་བའི་དོན་དུ་ནི། །ལན་གསུམ་མངོན་པར་བསྔགས་ནས་བཟའ་ཞེས་སོ། །བདེ་བ་ཐོབ་པ་ཇི་ལྟ་བ་བཞིན་དུ་འགྱུར་བར་མ་ཟང། །མི་རྒས་པའི་རྒྱུར་ཡང་གསོལ་ལོ། །ཕྱག་རྒྱ་ལེགས་པར་མཐོང་ནས་བཞང། བདེན་པས ་ཚངས་པར་སྤྱོད་པ་དང། །འདི་ནི་བཞད་པ་དག་ཏུ་བྱ། །ལྟ་བ་བསྙེམས་པ་གྲགས་ལྡན་མ་ཞེས་པས་སྒེག་པའི་སེམས་དཔའ་གསུངས་སོ། །ཚངས་པར་སྤྱོད་པ་ནི་མི་འཕོ་བའི་ཚུལ་ཁྲིམས་སོ། །ལེགས་པར་བཤད་པ་ནི་འོད་ཅན་འགགས ་པ་པོ་ཆུ་ཤེལ་དུ་བྱའོ། །ལྟ་བ་བསྙེམས་པ་ནི་དགའ་བའི་བསྟན་བཅོས་སུ་ཡང། ཀུ་མུ་དི་ཅན་ལྷན་ཅིག་སྤྱོད་པ་མཐོང་པ་རབ་དགའ་མཛོད་སྤུང་སྨིན་མ་གར་བྱེད་དུས་སུ་ཡང། །དེ་ཡི་རྐང་པ་བཀོད་པ་སྐད་ཅིག་ལ་ནི་མཉམ་དུ ་འཇིག་ཅིད་འཛུག་རྣམས་དྲན་པ་སྨྲ་བར་བྱེད། །དགའ་བས་རྣམ་པར་མྱོས་པ་རྣམ་པར་བརྒྱུ་པ་དེ་དག་རྩོད་པའི་གནས་ནི་བུད་མེད་རྣམ་པར་འགྱུར་བ་ཅིག། ས་ཡི་སྦྲང་གིས་མྱོས་པ་ཐལ་ཆེར་མྱོས་པ་སྤྲོ་བྱེད་གཟུགས་དང་དཔལ་ནི ་གང་ཡིན་དེ་རྣམས་ཉོན། །ལྷ་མོ་ཇི་ལྟར་གནས་པའི་གར་དང་གླུ་དང་མཆི་མ་འཛག་དང་རྒོད་དང་བྱུང་བ་ཟ་བར་བྱེད་ཅེས་གཟུགས་ཀྱི་དབྱིབས་ནི་ཇི་འདྲ་བ། །སྡུག་པ་མཐོང་ནས་བྱེད་པའོ། །རྣམ་པ་སྣ་ཚོགས་སྡུག་པའི་ལས་ཤེས་སོ། །འདོད་པའི་བསྟན་བཅོས ་སུ་ཡང་སྐྲ་ཆས་བཅིངས་པ་གྲོལ་དང་ཟླུམ་པོར་བཀོད་པའི་ཐིག་ལེ་ལུས་འཆང་བ་དང་ནི་མཛའ་ཅིག་ཏུ། མིག་སྨན་ནག་པོ་བྲང་ལ་གཡེར་ཁའི་སྒྲ་ལྡན་རིན་ཆེན་གསེར་སྐུད་ཕྲག་པར་གཅིག་དང་དོ་ཤལ་དང། རིམ་པར་ལག་པ་ཆ་དང་བཅས་པ ་སྤྲང་པ་ཅིག་ཏུ་འཛིན་པའི་འདོད་མ་དེ་རྣམས་རྣམ་གཡེང་བ། །ཞེས་པ་ལ་སོགས་ཀྱང་ནི་མཐོང་ནས་ཅུང་ཟད་སྟན་དང་འགོག་པའི་བརླ་ཡི་གོས་ནི་འཕྲོག་པར་བྱེད། །འཚིམ་འཚག་ཅེས་པ་ནི་དེ་བཞིན་དུ་སྤྱོད་པར་བྱེད་པའི་བསྟན་བཅོས་སུ ་འཇིགས་པ་མེད་ལ་གདོན་མི་ཟ་བར་དུ་སྟེ་འཇིགས་པ་རྒྱས་མི་བྱེད། །ཁྲོས་ཀྱང་གར་བྱེད་འཇུག་ཅིང་དེ་ཡི་སྐད་ཅིག་ཉིད་ལ་རྒོད། །དོ་ཤལ་འཆང་བའི་སྟོབས་མེད་མ་ནི་ཅིར་འགྱུར་ཞེས་ཀྱང་གྲགས། །ཀྱེ་མ་བསོང་ནམས་ལྡན་པའི་མཐར ་གནས་མ་ནི་རྣམ་པར་དཔྱོད་པར་བྱེད། །སྒྲ་ཇི་བཞིན་པའོ། །རྡོ་རྗེ་མི་འགོམ་གཅེར་བུ་དང་ལག་པ་གཡོན་པས་མཆོད་པར་བྱེད། དབུགས་འབྱིན་བུམ་པ་ཅན་དང་དགོད། དེ་བཞིན་ངོ་མཚར་གར་རྣམས་ཀྱིས་ཤེས་ཏེ། །མི་འགོམ་པ་ནི་རང་ཉིད་ཁོ་ནས ་འཁྱུད་པར་བྱེད་པའོ། །དགའ་བའི་བསྟན་བཅོས་སུ་ཡང་ཀུན་ནས་འགྲོགས་པས་རང་ཉིད་འོ་བྱེད་བྱ་བ་དང་ནི་ཆོ་ག་ཤེས་རབ་བྲལ་བས་འཁྱུད་པ་དང། མལ་གྱི་མཐར་ནི་རྐང་པ་ཡིས་ཀྱང་ལམ་དུ་འདོད་པའི་རྣམ་གྲངས་དང་ནི་པུས་མོ་ནི། །ཁྲོས ་པས་གཡོ་ཞིང་ཉུག་པར་བྱེད་པའི་རྗེས་སུ་འགྲོ་བའི་བུད་མེད་དྲན་པས་བརྩེ་བ་ཡིས། །འཕེལ་བ་ལ་གནས་མངོན་པར་དགའ་བའི་སྙིང་གིས་རོལ་པའི་སྟོབས་ཀྱིས་འཇུག་པར་བྱེད་ཤེས་སོ། །དབུགས་འབྱིན་གྱིས་ནི་རིང་དུ་དབུགས ་འབྱིན་པས་སོ། །གར་གྱིས་ནི་གར་རྣམས་ཀྱིས་ཏེ་གསང་བའི་ནོར་བུར་ཐིག་ལེའི་རྒྱུན་ལ་དེའི་གར་གྱིས་མཉེས་པར་བྱའོ། །དེ་ཉིད་ཐམས་ཅད་རོ་གཅིག་དེས་སྔགས་པས་བཀླུག?་ནས་བརླ་ཟུང་གི་བར་དུ་གནས་པར་བྱའོ། ཞེས་སོ།། ་ངོ་མཚར་ནི་ཡ་ཚན་དང་བཅོས་པའི་རྣམ་པ་ཤིན་ཏུ་དགའ་བ་རྣམས་ཀྱིས་སྒྲ་ཡང་བྱེད་དེ་རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང། །དེ་ནས་མཉེས་པའི་ལྷ་མོ་ཆེ། །པདྨ་རྒྱས་པའི་མཱ་མ་ཀཱི། །དམ་དུ་འཁྱུད་པ་བྱས་ནས་ནི། །དབང་པོ་ཀུན་ལ་བྱའོ། །མེ་མཆུ ་དང་པོས་འོ་བྱས་ནས། །ཤིང་ཡིག་གདོན་པར་བྱ་བའོ། །ཞེས་པ་སྒྲ་ཇི་བཞིན་པའོ། །ཧ་ཧཱ་ཧི་ལ་སོགས་པ་བཞད་པ་རྣམ་པ་བརྒྱད་རྣལ་འབྱོར་པའི་སྤྱོད་པ་མཆོག་ཏུ་དགའ་བ་རྡོ་རྗེ་ཕོ་ཉ་མོ་རྣམས་ཐམས་ཅད་ཀྱི་མཚན་ཉིད་འདི་དག་ཏུ་འགྱུར ་རོ་ཞེས་པ་རྣལ་འབྱོར་གྱི་སྤྱོད་པ་གསུངས་བ་ཤིན་དུ་དགའ་བ་ལ་མི་མོའི་སྤྱོད་པ་སྔགས་དང་བསམ་གཏན་ལ་སོགས་པ་ཅན་ཉིད་ཀྱིས་མཆོག་ཏུ་དགའ་བར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་མ་རྣམས་མཉེས་པའི་ཆེད་དུ་འདོད་པའི་བསྟན ་བཅོས་ཤེས་པར་བྱའོ་གསུངས་པ་ཡང། །དཔའ་བོ་རྣམས་ཀྱིས་སླར་ཡང་སྤུ་ལྡང་པ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པ་ཅན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་གསུངས་པ། །གཙོ་མོ་རྣམས་དང་དཔའ་བོ་ནི ་སྤུ་ལྡང་ལྷན་གཅིག་སྐྱེས་བདེ་གང། །རྡོ་རྗེ་འགོམ་པར་མི་བྱའོ། །གཡོན་པས་ཡོངས་སུ་བརྟགས་པ་ཡིན་ཞེས་སོ། །ད་ནི་མྱོས་བྱེད་འབྱུང་བ་བརྗོད་པར་བྱ་སྟེ། རྒྱུད་དུ་གསུངས་པས་བྱང་ཆུབ་ཀྱི་སེམས་དཀར་པོའི་ཕྱོགས་ལ་གཡོན་པའི ་མཐེ་བོ་ནས་ཚེས་གཅིག་ལ་སོགས་པའི་དབྱེ་བས་གཙུག་ཏོར་དུ་འགྲོའོ། །འདི་ལྟ་སྟེ་དང་པྱོའི་ཚེས་ལ་དང་པོའི་སོར་མོའི་ཚིཌ་ལའོ། །དེ་བཞིན་དུ་གཉིས་པ་དང་གསུཾ་པ་ལའོ། །རྐད་བའི་ཚིཌ་དཔུས་མོ་དང། རྐེད་པ་དང་ལག་པའི་སོར་མོའི་ཚིགས་དང་པོ་དང། །ཚིགས ་པར་མ་དང། གསུམ་པའི་ཚིགས་དང། །ལག་པའི་ཚིགས་དང། དཔུང་པའི་ཚིགས་དང། ཕྲག་པ་དང་དཔུང་པའི་ཚིགས་དང། །སྙིང་ག་དང། མགྲིན་པ་དང་དཔྲལ་བ་དང། གཙུག་ཏོར་དུ་གཉིས་པ་ལ་སོགས་པ་རྣམས་སོང་ནས་སླར་ཡང་ནག་པོ་ལ ་དཔྲལ་བ་དང་མགྲིན་པ་ལ་སོགས་པར་ཚེས་གཅིག་ལ་སོགས་པར་འགྲོའོ། །དེ་ལ་ཆེ་རྣམས་ཀྱི་དམར་པོར་སྣང་བ་ཉིད་བསྒོམ་པར་བྱའོ། །མངོན་པར་བརྗོད་པ་བླ་མར་ཡང་གསུངས་པ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདམ་ཧེ་བིདྱ་དཱ་ཛཱི་དྷི་མ་ཧེ་ཏ་ཏོ་པི་ར(རྒྱུད་འགྲེལ་ཡའའ(རྒྱུད་འགྲེལ་གནས་ཀྱི་དབྱེ་བའི་ཆོ་ག་ཤེས་ནས། སྒོམ་པ་རྟག་ཏུ་མངོན་དགའ་བ་ཞེས་པ་ལ་སོགས་པས་ལྟ་བ་གསུངས་སོ། །གནས་ཀྱི་དབྱེ་བའི་ཆོ་ག་ནི་དཔའ་བོ་དང་དཔའ་མོ་དག་གིས་རི་བོ་ལ་སོགས་པའི་གནས་ཏེ་དྲང་བའི་དོན་ནོ། །མགོ་བོ་ལ་སོགས་པ་རྣམ་སུ ་པུ་ཡིག་ལ་སོགས་པ་རྣམས་དགོང་པར་བྱའོ། །དེ་བཞིན་དུ་བླ་མར་ཡང། །པུ་ཛཱ་ཨོཾ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀྭ་ཏི་པྲེ་གྲི་སཽ་སུ་ན་སི་མ་ཀུ། །ཞེས་སོ། བརྔ་ལ་སོགས་པ་ཡང་ཤེས་ནས་སྔགས་དང་བསམ་གཏན་ལ་སོགས་པ་བྱའོ། །སྒྲ་ནི? ་བཞིན་པའོ། །ལམ་གྱི་བཞི་མདོ་འམ་ཁྱིམ་དུ་ཡང། །དཔའ་བོ་གནས་པའི་རི་བོར་ཡང། །མཁའ་འགྲོ་དམ་ཚིག་ལ་གནས་ལ། །རིང་པོ་ནས་ཀྱང་གཟིགས་པར་འགྱུར་ཞེས་པ་སྒྲུབ་པ་དེ་ཁོ་ན་སྔོན་དུ་བྱེད་པ་ཉིད་དོ། །སྒྲ་ཇི་བཞིན་པའོ། མཚན ་མོ་སྐྲ་གྲོལ་གྱུར་ནས་ནི། །མཆོད་པའི་ལས་རྣམས་ཡང་དག་བརྩམ། །མཆོག་གཞན་རབ་ཏུ་བཅུག་པའམ། །ཕྱོགས་བཅིང་བ་ལ་སོགས་པ་ཉིད། །ལྷ་དང་ལྷ་ཡི་ཚོགས་ཀྱིས་ཀྱང། །མ་མཐོང་བར་ཡང་མཆོད་པར་གྱིས་ཤེས་པས་རྡོ་རྗེའི་ཆོད ་པ་གསུངས་ཏེ། །རབ་ཏུ་བཅུག་ནས་ནི་བཀུག་ནས་སོ། །གཞན་ནི་རྒྱན་ལ་སོགས་པ་ཅན་ནོ། །སྐྱེ་བོ་དང་བྲལ་བར་ཕྱོགས་བཅིང་བ་ལ་སོགས་པས་གནས་ལ་སོགས་པ་སྲུང་བ་བྱས་ནས་བུད་མེད་མྱོས་པ་དང་ལྷན་ཅིག་ཉེ ་བར་སྤྱོད་པ་ལྔ་ལ་སོགས་པ་ཉིད་ཀྱིས་མཆོད་པ་བྱས་ནས་དེའི་ཆུ་སྐྱེས་སུ་རྡོ་རྗེ་རབ་ཏུ་གཞུག་གོ། ཀྱང་གི་སྒྲ་ལས་མི་ལ་སོགས་པ་རྣམས་ཀྱིས་ཏ་བྲམ་ཟེ་ལ་སོགས་པ་རྣམས་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མཐོང་བར་བྱ་བ་མ་ཡིན་ནོ། །དང ་གི་སྒྲ་ལས་མཐོང་ཡང་ཁ་ན་མ་ཐོ་བ་མེད་པ་རྣམས་ནི་ཡོན་ཏན་གཞལ་དུ་མེད་པ་དང་ལྡན་པ་ཕྱག་རྒྱ་ཆེན་པོ་གྲུབ་པའོ། །གསུངས་པ་ཡང། གང་ཁྱོད་ཉེས་མེད་ལུས་རྣམས་ཀུན། །ཁ་ནམ་ཐོ་བ་མེད་པས་གཟིགས། །ཤེས་རབ་ཕ་རོལ ་ཕྱིན་པ་ཁྱོད། །རྣམ་པར་མེ་རྟོག་ཁྱོད་ལ་འདུད། །དེ་བཞིན་གཟུགས་མེད་གཟུགས་དང་ལྡན་པའི་མཆོག། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང ་བ་བོ་ཞེས་ས། །མཆོད་པར་གྱིས་ཤེས་པ་ནི་དོན་དམ་པའི་བདེན་པས་ཕྱག་རྒྱ་མ་དང་འགྲོགས་པས་ཟུང་འཇུག་སྒོམ་པར་བྱེད་པའོ། །དེ་ནས་ཉི་ཤུ་རྩ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་ཉི་མ་རྣམས་ཀྱིས་དྲི་མ་མེད་པ་ཉིད་དུ་འགྱུར་རོ ་ཞེས་པ་ངེས་པའོ། །དགོངས་པ། །རྩ་བའི་སྔགས་དང་ཡང་ན་གཞན་ཡང་སྔགས་པས་གྲུབ་པར་འགྱུར་རོ། །གང་ཆེ་མེ་ཏོག་སྙིམ་པ་བཀང། །མཁའ་འགྲོ་ལ་གཏོར་མ་མ་མཐོང་ན་ཞེས་པ་ལ་སོགས་པས་རྩ་བའི་སྔགས་ལ ་སྲོགས་པ་གསུངས་ཏེ། མེ་ཏོག་བཅིགས་ལ་ལྷུང་བ་དེའི་ཚེ་ཕོ་ཉ་མོ་རྣམས་འགྲུབ་པར་བྱེད་དེ་དག་གི་དབང་ཕྱུག་དང་དག་གི་དབང་ཕྱུག་གི་མ་མ་རྣམ་འགུགས་པར་བྱེད་པ་སྟེ་དབང་དུ་བྱང་པར་འགྱུར་རོ། །ལྷ་ལ་སོགས་པའི་གནས་མཛའ་ཡས ་པའི?་གནས་ཤེས་སོ། །འདིར་སྔགས་ནི་བཤད་པའི་རྒྱུད་ལ་གསུངས་པའོ། །དེ་བཞིན་དུ་ཡང་གསུངས་པ། ཨོཾ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཕཊ་ཞེས་སོ། །ཡང་ན་ཨོཾ་ཛཝ་ལ་ཛཝ་ལེ་བྷཡ(རྒྱུད་འགྲེལ་པའི་འོ། །བཛྲ་ཝཱ་རཱ་ཧཱཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ། །སྐར་མའི་རྒྱུ་བ་ཤེས་པར་འགྱུར། །ས་འོག་སོགས་སུ་གང་འགྱུར་དང། །སྙིང་པོ་ཉ་སྙིང་གང་ཡིན་ནི། །བསྒྲུབ་བྱེ་དེ་ནི་མི་མཐོང་ངོ། །ཞེས་ཏེ། རྒྱུ་བ་རྣལ་འབྱོར་མ་རྣམས་ཀྱི་ཤེས་པར་བྱེད་པ་མི ་མཐོ་སྟེ། རྣལ་འབྱོར་པ་དེ་ནམ་མཁའ་ལ་འགྲོ་བའི་ཕྱིར་རོ། །མེའི་གོང་བུ་བཞིན་དུ་ནམ་མཁའ་ལ་མི་སྣང་བར་བྱེད་དོ། །སྒྲ་ཇི་བཞིན་པའོ། །གྲོང་དང་གྲོང་དུ་དེ་བཞིན་དགོན། །གྲོང་ཁྱེར་དང་ནི་བཞི་མདོ་དང། །དཔའ་བོའི་ཁྱིམ་དང་ཤིང་གཅིག་དང། རི་རྩེ ་དང་ནི་མཚན་མ་མཚུངས། །ཤིང་རྩེར་ཁཾ་དོག་དམར་བསམས་ནས། །ཡི་གེ་བདུན་གྱི་བདག་ཉིད་ཅན། །མི་ཕྱེད་མྱུར་དུ་ལྷུང་བར་འགྱུར། །ས་སྤྱོད་རྣམས་ཀྱང་ལྷུང་བར་འགྱུར། །བདག་གི་ལུས་ལ་རྣམ་བཀོད་དེ། །ས་ལ་ཀུ་ཤའི་སྟང་ལ ་ཉལ། །ཡི་གེ་བདུན་གྱི་བདག་ཉིད་ཅན། །ཇི་སྲིད་བརྒྱ་རྩ་བརྒྱད་པར་བཟླས་རྨི་ལམ་དུ་ནི་བྱ་བ་ཀུན། །ཏོན་པར་འགྱུར་ཏེ་ཐེ་ཚོམ་མེད་ཅེས་བྱ་བ་ནི། །རྣལ་འབྱོར་མ་རྣམས་ཨོཾ་ཧྲཱི(རྒྱུད་འགྲེལ་བཟླས་པས་ཐམས་ཅད་བྱེད་དོ། །སྒྲ་ཇི་བཞིན་པའོ། །བུ་མོའི་ལུས་ཀྱིས་ཆོགས་སྔགས་ཀྱིས་བགྲང་ཕྲེང་ལ་མངོན་པར་བསྔགས་པར་བྱའོ། །རལ་གྲི་དང་མར་མེ་དང་མཐེ་བོང་དང། །མེ་ལོང་ལ་བལྟས་པས་པྲ་ཕབ་པ་མཐོང་སྟེ་དགེ་བ་དང ་མི་དགྲེ་བ་གང་ཅུང་ཟད་ཡོད་པ་འདིར་སྟོན་པར་བྱེད་དོ་ཞེས་པས་རྡོ་རྗེའི་སྐར་མའི་མ་སྣང་བ་གསུངས་སོ། །དཔལ་ཀྱེའི་རྡོ་རྗེ་ལ་སོགས་པར་གསུངས་པའི་ཆོགས་ཤེས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ། །དེ་ནས་ཡི་གེ་བདུན་པའི་སྔགས ་རྣམ་བཀོད་འཁོར་ལོའི་དབྱེ་བ་ལས། །ལག་གཡས་ཉི་མའི་དབུས་སུ་ནི། །སྟོང་ཕྲག་གཅིག་ཏུ་མངོན་བསྔགས་ནས། །གང་གིས་ལག་པ་སྟོན་བྱེད་པ། །དེ་ནི་དེས་པར་འགུགས་པར་བྱེད། །འཁོར་ལོ་ཟླ་བའི་དཀྱིལ་འཁོར་དུ། །རྣམ ་བཀོད་ལག་པ་གཡོན་པས་དེ། །བཤེལ་ཀྱི་སྣམ་པའི་འོད་ཟེར་གྱིས། །ཕྱོགས་བཅུར་རྣམ་པར་འབྱེར་བར་བྱེད་ཅེས་པ་ནི་འབྱུང་པོ་ལ་སོགས་པ་འབྲོས་མར་བྱེད་པའོ། །སྒྲ་ཇི་བཞིན་པའོ། །གང་གི་ལག་པ་སྟོན་པར་བྱེད་པ་དེ་ནང་ལ་སོགས ་པས་གཟིར་བ་དེ་རྣམས་ཀྱི་ནར་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དུག་དང་གདོན་དང་རིམས་དང་གཟེར་དང་མཁྲོ་ལ་སོགས་པ་ཡང་འཇོམས་པར་བྱེད་དོ། །ཞེས་པ་སྒྲ་ཇི་བཞིན་པའོ། །བ་ལང་ཤ་ནི་མངར་གསུམ ་བཏགས། །གལ་ཏེ་སྔགས་རིག་གཅེར་བུ་གང། །མཚན་མོ་གསང་བ་རུ་ནི་གནས། །སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱ། །སྔགས་པས་ནང་པར་དུས་སུ་ནི། །གསེར་སྲད་སྟོང་ནི་རྙེད་པར་འགྱུར། །སྦྱིན་སྲེག་སྟོང་ཕྲག་བཅུ་རྣམས ་ཀྱིས། །ཡུལ་འཁོར་དམ་པ་རྙེད་པར་འགྱུར་ཞེས་པས་སྦྱིན་སྲེག་གསུངས་སོ། །མངར་གསུམ་ནི་སྦྲང་རྩི་རང་འོ་མ་དང་ཀ་རའོ། །སྒྲ་ཇི་བཞིན་པའོ། །ཡང་ན་གསང་སྔགས་རྒྱལ་མོ་ཆེ། །གནས་ནི་གང་དུ་བསམ་པར་བྱ། །སྦྱིན་སྲེག་འབུམ ་གྱི་གནས་དེ་དུ། །རྒྱལ་སྲིད་འགྱུར་པ་ཐེ་མཚོམ་མེད་ཅེས་པ་སྒྲ་ཇི་བཞིན་པའོ། །དཀར་པོ་ཡིས་ནི་ཞི་བར་བྱེད། །དམར་པོས་དབང་དུ་འགྱུར་པར་བྱེད། །ནག་པོས་མྱུར་དུ་གསོད་པར་བྱེད། །སེར་པོས་ངེས་པར་གནོན་པར་བྱེད། །ཅེས ་པ་ཁ་དོག་གསུངས་ཏེ་སྒྲ་ཇི་བཞིན་པའོ། །ལག་པ་གཡོན་དང་གཡས་པ་ལ། །ཟླ་ཉི་མུན་པ་ཅན་དང་མེ། །སྤྱི་བོར་བཅིངས་བ་མཐོང་བ་དང། །བྱེད་པར་འགྱུར་ཏེ་གཞན་དུ་མིན། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བ། །མཚོན་ཆ་མྱུར ་དུ་གནོན་པར་བྱེད། །གྲུ་དང་ཤིང་རྟ་འཁྲུལ་འཁོར་དང། །དུང་འགྲོ་ལ་སོགས་པ་ཡི་གཞི་ཞེས་ཏེ། །གཡས་པ་ལ་ནི་ལག་པ་གཡས་བ་ཁུ་ཚུར་བཅིངས་ནས་སྔགས་བཟླས་པས་མི་ལ་སོགས་པའི་འཁྲུལ་འཁོར་ལ་སོགས་པ་གནོན་པར་འགྱུར་རོ། །སྒྲ་ཇི ་བཞིན་པའོ། །ཡང་ན་བྱ་བ་ཐམས་ཅད་ནི། །སྒྲུབ་པར་གྱུར་པ་བསྒྲུབ་པར་བྱ། །དྲི་བཟངས་མེ་ཏོག་འབྲས་བུ་དང། །བདུག་པ་སོ་རྩི་བཟང་པོའི་ཟས། །ཞེས་པ་ནི་གསལ་ལོ། །ལུས་ཀྱིས་སྦྱོར་བ་དང་པོར་འགྱུར། །སྦྱོར་བ་གཉིས་བ་ནུས་པ་སྟེ། །གསུམ་བརྒྱལ ་སྲིད་ལོངས་སྤྱོད་ཉིད། །བཞི་པ་མཐོ་རིས་གནས་པ་ཡིན། །སུམ་ཅུ་རྩ་དྲུག་ཕོ་ཉ་མོ། །དེ་འགྲུབ་འདིར་ནི་ཐེ་ཚོམ་མེད། །ཁམས་གསུམ་རྒྱུ་དང་མི་རྒྱུ་བཅས། །དམོང་འདེབས་རྗེས་འཛིན་བྱེད་པ་ཡིན། །ཞེས་པ་ཕན་ཡོན་ཏེ། འདིར་སྔགས་པའི་ལུས་ཀྱི་ལོངས་སྤྱོད ་ནི་ལུས་མཇེས་པར་འགྱུར་རོ། །བསམ་གཏན་གྲུབ་པ་ལ་ནུས་པ་ཞེས་སོ། །དག་གི་འདྲལ་བ་རྒྱལ་སྲིད་ཅེས་ཏེ་ཡིད་ལ་མངོན་པར་འདོད་པའོ། །བཞི་པ་ནི་བུད་མེད་བཟང་པོའི་བདེ་བའོ། །སྒྲ་ཇི་བཞི་པའོ།། །།ཡང་ན་རྣལ་འབྱོར་མ་དྲུག་སྔགས ་འཁོར་ལོ་ལག་པ་གཡོན་པར་གནས། །གང་གི་ལག་པ་དེ་བསྟན་པ། །དེ་ནི་ངེས་པར་འགུགས་པར་བྱེད། །འཁོར་ལོའི་ཡི་གེ་ལ་སོགས་པ་ནི་དམར་པོར་གསལ་ལོ། །ཙནདན་དམར་བོའི་རྡུལ་དང་ནི། །དེ་བཞིན་སྐྱེ་ཚེ་ལན་ཚྭ་དང། །སྒྲུབ་པར་བྱ་བའི ་རྐང་རྗེས་ཐུལ?། །གཅིག་ཏུ་བྱས་ནས་བཏག་པར་བྱ། །རྣལ་འབྱོར་མ་རྣམས་སྔགས་དང་ནི། ལག་པས་མཉེ་བ་བྱས་ནས་ནི། དེ་ནས་མཚན་མོ་གདོལ་བའི་མེར། །རོ་བསྲེགས་མེ་ལ་ཕྱེ་མ་བསྲེགས། །བསྒྲུབ་བྱར་མངོན་ཕྱོགས་གྱུར་ནས་ནི།། ་སྦྱོར་བ་འདི་ནི་བརྩམ་པར་བྱ། །ཇི་སྲིད་ཅིག་བརྒྱར་སྦྱིན་སྲེག་བྱ། །དེ་སྲིད་ངེས་པར་འགུགས་པར་བྱེད་ཅེས་པ་སྔགས་བརྗོད་པས་བསྒྲུབ་བྱ་ཆ་ཤིང་རྨུགས་པར་གྱུར་པ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པ་ཕྱག་གི་ཞགས་པ་དང་ལྕགས་ཀྱུ ་དང་ལྷ་རྣམས་ཀྱི་འོད་ཟེར་གྱིས་སྙིང་ཕུག་ནས། །དེ་ནས་བུད་མེད་དེའི་སྐྱེ་གནས་ལྕགས་ཀྱུས་ཕུག་ནས་ཞགས་པས་མགྲིན་པ་བཅིངས་ནས་གཅེར་བུར་མངོན་དུ་ཕྱོགས་ནས་ཞབས་ཀྱི་འོག་ཏུ་ལྷུང་བར་གྱུར་པར་བསམ་པར་བྱའོ་ཞེས ་པ་སྒྲ་ཇི་བཞིན་པའོ། །ས་ཡི་མགོན་པོ་བདག་ཉིད་དང། །ནོར་ཡང་དབང་དུ་འགྱུར་བ་ཡིན། །རྡུལ་དེ་ཉིད་ནི་ཡང་དག་བླང། །ལྕགས་ཀྱི་ཕྱེ་མ་རྣམ་པར་བསྲེ། །དུར་ཁྲོད་རས་མས་གཏུམས་ནས་ནི། །ལན་བདུན་བཟླས་ཏེ་བཞི་མདོར་རུ། །སོར་མོ་བརྒྱད་དུ ་ས་བརྐོས་ནས། །དགྲ་ཡི་མིང་དང་ཡང་དག་ལྡན། །གང་གི་མིང་སྨོས་སྤས་པ་དེ། །མྱུང་དུ་བསྒྲུབ་བྱ་དེ་གནོན་གྱུར། །བ་ཡི་འོ་མས་གྲོལ་དོན་དུ། །དེ་ནས་ཕྱི་མ་དེ་བཀྲུ་བྱ་ཞེས་ཏེ། དེ་ཞེས་པ་བསྒྲུབ་བྱའི་རྐང་རྗེས་ཀྱིའོ། །དེ་ལ་གནས་པའི་ཡང་ནའོ། ་སྒྲ་ཇི་བཞིན་པའོ། །ཕྱེ་མ་ངེ་ཉིད་བླང་ནས་ནི། །སྨྱོ་བྱེད་ལྔ་དང་ཡང་དག་ལྡན། །ཡི་དགས་གས་སུ་དེ་གཏུམས་ནས། །དག་ཡི་མིང་ཡང་ཀུན་ཏུ་བྲི། །གཅིག་ཏུ་བྱས་ནས་བརྒྱར་བཟླས་ཏེ་དུར་ཁྲོད་དུ་ནི་དེ་སྤ་བྱ། །བསྒྲུབ་བྱ་འཕྲལ་དུ་སྨྱོ་བར་འགྱུར ་འོ་མས་བཀྲུས་ན་བདེ་བའོ། །ཞེས་ཏེ་རང་གི་གནས་སུ་འགྱུར་བའོ། །ལྔ་ཞེས་པ་ནི་བདུ་ར་ཡི་རྩ་དང། སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའོ། །ཡི་དགས་ནི་ཤི་བའོ། །སྒྲ་ཇི་བཞིན་པའོ། །ཟླ་མཚན་དང་ལྡན་པའི་ཁྲག་གིས་གྲོག་ལ ་མིང་ཀུན་དུ་བྲི་བར་བྱའོ། །སུམ་མདོར་བཟླས་པ་བྱས་ཏེ་མཐེ་བོས་མནན་ན། དབང་དུ་འགྱུར་རོ། །རང་ཞེས་པ་མིང་མེད་མཐེ་བོས་མནན་པའོ། །རྐང་པ་མནན་པར་བྱས་ནས་མིང་མེད་ཀྱིས་བཟླས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། །།དེ་ནས་ལས ་མཆོག་བཤད་པར་བྱ། །ངག་གིས་དངོས་གྲུབ་རབ་བསྒྲུབ་པའོ། །ཀ་ར་བཱི་རའི་མེ་ཏོག་དམར། །བ་ཡི་འོ་མར་ལྡན་པས་ཀྱང། །ཉིན་ཞགས་སོ་སོར་སྔགས་བཟླས་པས། །ཞི་བའི་ལིང་གའི་སྤྱི་བོར་བསྣུན། །ཉི་མ་བདུན་དུ་མཉམས ་གཞག་པས། །བརྒྱ་རྩ་བརྒྱད་པ་ཉིད་ཀྱིས་སོ། །དེ་ནས་ཉི་མ་བརྒྱད་པ་ལ། །མེ་ཏོག་དེ་རྣམས་བླངས་ནས་སུ། །ཆུ་ཀླུང་ཆེན་པོའི་ཆུར་ཞུགས་ནས། དེ་དག་རེ་རེ་དོར་བར་བྱ། །མཐར་གྱིས་ཀྱང་ནི་ཐམས་ཅད་རྣམས། །གསང་སྔགས་བཟླས་ནས་དོར་བར་བྱ། །ཆུ་ཀླུང ་དོར་བའི་མེ་ཏོག་གང། །རྒྱུན་ལས་ལྡོག་ན་སྒྲུབ་པ་པོས། །དེ་ནི་ཆུ་དང་ལྡན་པ་བླང། །སོ་ས་མ་རེག་པ་དེའི་འཐུངས་ན། །སྒྲུབ་པ་པོ་དེའི་དག་གིས་ནི། །དངོས་གྲུབ་འགྱུར་བར་ཐེ་ཚོམ་མེད་ཅེས་ཏེ་སྒྲ་ཇི་བཞིན་པའོ། །ལག་པ་སྐྱེས་གནས་ཕྱག་རྒྱ་བཅིངས། །བརྒྱ ་རྩད་རྒྱད་དུ་བཟླས་པར་བྱ། །སྔགས་པ་བསྒྲུབ་བྱར་མདོན་ཕྱོགས་ནས། །བསྒྲུབ་ཡི་ཡང་ལྟོ་བར་གནས། །བློ་ལྡན་དོ་ཡིད་ལ་གནས་པ། །ཐུན་གསུམ་མཐེ་ཆུང་བསྐྱོད་པར་བྱ། །མཚན་མོ་བདུན་གྱིས་རྒྱལ་པོ་སོགས། །བརྒྱ་བྱིན་སོགས་རྣམས་ངེས ་པར་འགྲུགས། ཞེས་ཏེ་མཐེ་ཆུང་ནི་ལྕེའོ། །དགོངས་པའོ། །ཙནདན་དམར་པོའི་རྡུལ་གྱིས་ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ནས། །ཚ་བ་གསུམ་གྱིས་རྣམ་པར་བྱུགས། །སྦྲ་ཆིལ་གྱིས་ནི་རབ་བྱུག་བྱ། །སྒྲུབ་པོས་དེ་ཡི་གསང་གནས་སུ། །ཟངས ་མའི་ཁབས་ཀྱིས་དེ་ཕུག་ནས། །སེང་ལྡེང་མདག་མེ་དུ་མེད་ལ། །ཉི་མ་བདུན་དུ་ངེས་པར་གདུང། །སྔགས་ཀྱིས་ལན་ཅིག་བཟླས་པ་ཡིས། །བསྒྲུབ་བྱ་མྱུར་དུ་འགུགས་པར་བྱེད། །བསྒྲུབ་བྱའི་མིང་ནི་སྔགས་སྤེལ་བ། གི་ཝང་རོ་ཡི་སེན་རྩི ་ཡིས། །གྲོ་གའི་འདབ་མ་འབྲི་བྱ། །རྒྱལ་པོའི་གནས་དང་སྡེ་ཉིད་བཅས། །སྤྲ་ཚིལ་ཕྱིས་ནི་འདབ་མ་དཀྲི། །སེང་ལྡེང་མེ་ཡིས་གདུང་བར་བྱ། །ཇི་སྲིད་སྤྲ་ཚིལ་མ་ཞུ་བ། །དེ་སྲིད་པར་དུ་གདུང་བར་བྱ། །རྒྱལ་པོ་ངེས་པར་མྱུར་དུ་འགུགས། ། ་བསྒྲུབ་པར་བྱ་བའི་རྐང་རྗེས་རྡུལ། །ཙན་དན་དམར་པོ་དང་བསྲེས་པ། །དུར་ཁྲོད་ཐལ་བ་དང་ལྷག་མ། །གཅིག་ཏུ་བྱས་ནས་སྒྲུབ་པོས་ནི། །སེང་ལྡེང་མདག་མེ་དུ་མེད་ལ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་ན་དེ་ནས་སྦྱིན་སྲོག་བྱ། །ཇི་སྲིད་དུ་ནི ་བསྲེགས་པས་འགྲུབ། །བརྒྱལ་ཞིང་སེམས་དང་བྲལ་བ་དང། །རྣམ་པར་རྨིངས་ཤིང་ཉོན་མོངས་པས། །ཕྱུགས་དང་དེ་བཞིན་ཕོ་ཉ་མོ། །རླུང་གི་ཤུགས་ཀྱིས་འོད་བར་འགྱུར། །ཀ་རཱ་པཱི་རའི་ལྕུག་མ་ནི། རླན?་བཅས་དཔང་པའི ་ཚད་ཅམ་ནི། །བླངས་ནས་དེ་ལ་སྔགས་བྲིས་ཏེ། །ར་བསྲེགས་མེ་རུ་དེ་གཞུག་བྱ། །ཇི་སྲིད་དེ་ནི་མ་ཆོག་པ། །དེ་ནས་མྱུར་པས་བླངས་ནས་ནི། །རིགས་པས་ལན་བདུན་བཟླས་བྱས་ནས། །བསྒྲུབ་བྱའི་མདི་ནས་དེ་བསྐོར་བྱ། །བུད་མེད་མཆོག་གང་རྗེས་དྲན ་ནས། །རླུང་གི་ཤུགས་ཀྱིས་དེ་འགུགས་བྱེད། །གཡོན་གྱི་འཇུག་པས་དེ་སླར་ཡང། །བསྐོར་བས་ཞི་བར་བྱེད་པ་ཡིན། །ཀར་བའི་ར་མར་མེ་ཏོག། རྒྱལ་ལ་གི་ཝང་གིས་བྱུགས་ཏེ། །ཆུ་ཀླུང་ཆེན་པོར་ཞུགས་ནས་ནི། །ལྟེ་བ་ཙམ་དུ་ཆུ་རུ་གནས། །ལག ་པ་ཁ་སྦྱོར་དབུས་གནས་པ། །དེ་ནས་སྟོང་ཕྲག་གཅིག་ཏུ་བཟླས། །ལག་པ་གཉིས་ཀྱིས་ཕྱེ་མར་བརླགས། །ཆུ་ཡིས་ལྷན་ཅིག་བཏུད་པར་བྱ། །རྣལ་འབྱོར་པ་ནི་ཚིག་གྲུབ་པ། །དེ་ནས་དེ་ཡི་དངོས་གྲུབ་འགྱུར། །རྒྱལ་པོ་རྒྱལ་པོའི ་བཙུན་མོ་ཡང། །ཡིད་ཀྱིས་དེས་པར་འགུགས་པར་འགྱུར། །ལྟ་དང་ལྷ་མིན་མིར་བཅས་རྣམས། །ཁྲོས་པའི་ཚིག་གིས་གསོད་པར་བྱེད། །ཚར་བཅད་རྗེས་འཛིན་ལ་སོགས་པ། །ཐམས་ཅད་ཚིག་གིས་ཁྱེད་པ་ཡིན་ཞེས་པ་ལས་སྣ་ཚོཊ ་གསུངས་ཏེ་སྒྲ་ཇི་བཞིན་པའོ། །དེ་ནས་གཞན་ནི་རབ་འཆད་བྱེད། །བུད་མེད་ཀུན་ཏུ་རྨོངས་བྱེད་པ། །ཀ་ར་བཱི་རའི་མེ་ཏོག་ནི། །རིགས་པས་ལན་བདུན་བཟླས་པ་རྣམས། །དེ་རྣམས་ཁ་སྦྱོར་བྱས་ནས་ནི། །སྐྱེ་གནས་དབུས་སུ་ངེས་པར་སྦྱར། ། ་གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡན། །གསང་སྔགས་བརྒྱ་ཕྲག་གཅིག་བཟླས་བྱ། །བསྒྲུབས་པ་དེ་དག་རྣམས་ཀྱི་ནི། །གཅིག་གི་སྒྲུབ་པོས་བླང་ནས་སུ། །དེ་ཡིས་མི་མོ་གང་ལ་བསྣུན། །དེ་ནི་མོད་ལ་དབང་དུ་འགྱུར། ཞེས་ཏེ། རིག་བས ་ཞས་པ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་ཀྱིས་སོ། ཁ་སྦྱོར་བྱས་པ་ནི་མིག་བཙུམས་པའི་དགའ་བ་མེད་པའོ། །དམར་པོ་ནི་ཀར་བཱི་རཱི་མེ་གཏོག་གོ་།གཉིས་མེད་ཅེས་པ་བུད་མེད་དང་སྐྱེས་པའི་དབང་པོ་གཉིས་གཅིག་པ་ཉིད་དེ། །དགོངས་པའོ། །དེ་ནས ་ཡི་གེ་ཧ་ལྔ་ཡི། །ལས་ནི་འཆད་བྱེད་དེ་ཉིད་ལས། །གང་གིས་རྣམ་པར་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་རབ་འཇུག་བྱེད། །ཅེས་པ་སྒྲ་ཇི་བཞིན་པའོ། །ཧཱིཾ་ཧཱིཾ་ཧཱུཾ་ཧ་ཧ(རྒྱུད་འགྲེལ་སྒྲ་ཇི་བཞིན་པའོ། །འདི་དག་དགོད་པར་བྱ་བ་ནི་རྣལ་འབྱོར་པའི་ལག་པ་དག་བརྟན་པར་མཉེ་བར་བྱའོ། །བསྒྲུབ་བྱ་ལ་མངོན་དུ་ཕྱོགས་པར་གྱུར་པས་དེའི་མིང་ནས་བསྐུལ་བ་དང་ལྡན་པས་དེའི་ཁྲག་འགུགས་པར་བྱེད་དེ་དགྲ་བོ་མེད་ལ་འཆིས ་བར་འགྱུར་རོ། །འདི་དག་ནི་ཧ་ཡིག་དབུས་མར་བྱས་ནས་གཞན་གྱི་མིང་དང་ལྡན་པ་བཀོད་པས་ཁ་ནས་ཁྲག་འཛག་པར་བསམ་པར་བྱའོ། །སྡིགས་མཛུབ་དང་མིང་མེད་ཀྱིས་ཐོད་པར་གནས་པའི་ཁྲག་རབ་ཏུ་མཉེ?་བར་བྱ་སྟེ་ཇི་སྲིད་དང ་མས?་བཞིན་པར་འགྱུར་གྱི་བར་དུའོ། །དེ་ནས་སྒྲུབ་བྱ་དེ་རྣམས་འཇིག་གོ་།གཡོན་པའི་མིང་མེད་གྱི་རྩེ་མོ་ནས་མཉེས་ན་དེ་ནས་འཆེའོ། །ཆང་འཐུངས་ནས་གལ་ཏེ་ཁྲོས་པས་མིག་དམར་པོར་གྱུར་པས་བཟླས་པར་བྱ་སྟེ་རྒྱལ་པོར་སྡེ ་རང་རྨ་པུད་ནང་མཉོ?་བན་པ་དང་བཅས་པ་ཡང་མྱུར་དུ་འགུགས་པར་བྱེད་དོ། །མྱོས་བྱེད་ནི་ཆང་ལ་སོགས་པའོ། །དེ་བཞིན་དུ་ཤུན་པ་དང་བུ་རམ་དང་བཅས་པས་སོ། །གང་ཅུང་ཟད་བྱ་བ་དེ་སྦྲང་རྩིས་མཆོག་ཏུ་བཏགས་ནས་ཆུ་རྣམས་ཀྱིས་བྱར་པ་ཡང་མས? ་བས?་ཆད་རྣཾ་པ་གསུཾ་དུ་ཤེས་པར་བྱའོ། །བུ་རཾ་སོ་བ་བཅོས་པའི་ཆང། །མཁས་པས་དྷཱ་ཏཱ་ཀཱི་ལ་གནས། །མཉེ་བྱ་ཟོས་ཤིང་འཐུངས་པ་གང། །དེ་དེ་མྱོས་བྱེད་ཅེས་བཤད་དོ། །སྒྲ་ཇི་བཞིན་པའོ། །དེ་ནས་རྣམ་པ་སྣ་ཚོགས་ཤས། །མཁའ་འགྲོ་མ་ལ ་གཏོར་མ་སྦྱིན། །སྒྲུབ་པོ་དངོས་གྲུབ་ལ་བརྩོན་པས། །གསང་སྔགས་བཟླས་པ་རབ་ཏུ་བྱ་ཞེས་པས་བསྙེན་པ་གསུངས་སོ། །བཟླས་པ་ཞེས་པ་ཉེ་བར་མཚོན་པ་སྟེ་སྦྱིན་སྲེག་ལ་སོགས་པ་འདིས་ཉེ་བར་བསྡུས་སོ། །རི་བོང་ལ་སོགས་པའི་སྦུའི ་སྐུད་པ་ལ་སྟོང་ཕྲག་མངོན་པར་བསྔགས་ནས་གང་གི་མགུལ་པ་ལ་བཅིངས་ན་མི་དེ་དེ་དང་འདྲ་བར་འགྱུར་རོ། །ཀ་རཱ་བཱི་རའི་མེ་ཏོག་ལ། །སྟོང་ཕྲག་གཅིག་ཏུ་མངོན་བསྔགས་ནས། །དེ་ཡིས་སྦྲུམ་མ་ལ་རེག་ན། །མངལ་ནི་གཞན་དུ་འཕོ་བར་འགྱུར ་སྡིགས་མཛུབ་ལ་མངོན་པར་བསྔགས་ཏེ་སྡིགས་མཛུབ་བྱས་ན་དེ་རྣམ་པར་འཇོམས་པར་བྱེད་དོ། །སྒྲུབ་པ་པོའི་གཡོན་པའི་མིང་མེད་ཀྱིས་རེག་ན་འཚོ་བར་བྱེད་དོ། །སྒྲ་ཇི་བཞིན་པའོ།། །།དེ་ནས་འདི་ལས་འབད་པ་ཡིས། ། ་རྡོ་རྗེ་མཁའ་འགྲོའི་སྙིང་པོ་འཆད། །གང་གིས་བསྒྲུབས་པ་ཙམ་གྱིས་ནི། །དངོས་གྲུབ་ཀྱི་ནི་འབྲས་བུ་འབྱུང་ཞེས་པས་ལས་གསུངས་སོ། །མཁའ་འགྲོ་རྣམས་ཀྱིས་རིག་པ་ཆེན་པོ་བཟླས་པར་བྱ་བཞིན་པ་ནི་རྣལ་འབྱོར་པས་འབུམ་བཟླས ་པས་བསྒྲུབས་པས་འབྱུང་པོ་རྣམས་དབང་དུ་བྱེད་དོ་ཞེས་པ་སྔོན་དུ་བསྙེན་པ་གསུངས་པ་ཕག་མོའི་སྔགས་འབུམ་བཟླས་པས་སོ། །ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྟོང་པར ་བསྒོམས་ནས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ། ཨཱ་ལི་ཀཱ་ལིའི་དབུས་སུ་ཡཱཾ་ལས་སྐྱེས་པའི་ཕག་མོ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཕྱག་གཉིས་མ་ཞལ་གཅིག་པ་སྤྱན་གསུམ་པ་མཆེ་བ་གཙིགས ་པ་སྐྱིལ་ཀྲུང་ཕྱེད་པས་གར་བྱེད་བཞིན་པས་གནས་པ་ཤིན་ཏུ་མཛེས་པ་ཕྱོགས་གཡོན་གྱིས་མཐར་སྐྲ་གྲོལ་བ་སྣ་ཚོགས་པདྨ་ལ་རྣམ་པར་བཞུགས་པ་ཞལ་མཆེ་བ་གཙིགས་པ། །ཟླ་བ་ཕྱེད་པས་ཉེ་བར་མཛེས་པ་ཅོད་པ་ནི ་ལ་སོགས་རྡོ་རྗེས་མཚན་པ་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པ་དྲག་པོ་ཐོད་པའི་ཕྲེང་བ་ཅན། །དཔྲལ་བར་རྡོ་རྗེ་ཕྲེང་བ་ཅན། །གཡོན་དུ་ཐོད་པ་ཁྲག་དང་བཅས། །གཡས་སུ་རྡོ་རྗེ་སྡིགས་མཛུབ་བྱེད། །བསྐལ་པའི་མེ་ལྟར་ཀུན་ཏུ་འབར། །ཁྲག་ལ་དགྱེས་ཤིང་འཛག་བོས?། ། ་སྤྱན་དམར་འང་ཟེར་དམར་པོ་སྟེ། །སངས་རྒྱས་ལྔ་ཡིས་རྒྱན་དུ་བྱས། །ཡང་ན་པདྨ་དམར་པོ་ཡི། །དབུས་སུ་སེམས་པའི་སྐྱིལ་ཀྲུང་ཅན། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །རྡོ་རྗེ་དྲིལ་བུ་སྙོམས་པར་འཇུག། ཐབས་ནི ་འཚར་ཞིང་འཛིན་པའོ། །ཡང་ན་གཡས་བརྐྱང་དམར་པོར་བཅས། །སྐྲ་ནི་གྱེན་དུ་བཅིངས་ཤིང་བརྫེས། །འཇིགས་བྱེད་དང་ནི་དུས་མཚན་གནས། །རྒན་བྱང་མར་གནས་ཤིན་ཏུ་རྨུགས། །དེ་ལྟར་ལྷ་མོ་སྣ་ཚོགས་མཚོན། ་སྣ་ཚོགས་དབྱིབས་དང་ཁ་དོག་སྟེ། །སྙིང་ལ་ཡེ་ཤེས་ཏིང་འཛིན་སེམས། །བསམས་ནས་སེམས་ནི་མཚོན་པར་བྱ། །ཇི་ལྟར་འཁོར་ལོ་ལྔ་བདག་ཉིད། །བྷ་གའི་དབུས་སུ་བསྒོམ་པར་བྱ། །དེ་ནས་འཁོར་ལོ་བཞི་བདག་ཉེད། ། ་ད་ལྟར་བུ་སོགས་མཐར་ཐུག་པའོ། །ཡང་ན་ཡུད་ཀྱི་སྦྱོར་བ་ཡིས། །བརྗོད་པའི་ས་བོན་སོགས་དྲན་བྱ། །ས་བོན་འོད་ཟེར་སྤྲོས་པ་ཡིས། །འགྲོ་བའི་དོན་ནི་བསྒྲུབ་པ་དང། །བར་མ་གསལ་བྱེད་ཡེ་ཤེས་དང། རྣམ་ཤེས་མཆོག་གི ་ལུས་ཅན་རྣམས། །ཐུན་མཆམས་བཞི་རུ་བསྒོམས་པ་ལས། །ས་འོག་ས་སྟེང་ཀུན་བལྟ་བྱ། །བདག་པོ་རྣམ་གཉིས་དེ་ཇི་སྲིད། །མཐོང་བར་ས་ལ་རྣམ་པར་སྤྱད། །ངེས་པར་སྤྱོད་པ་འདི་ཡིས་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། གོ་ཆ ་ཆེན་པོས་ཡང་དག་བསྲུང། །འབུམ་ཕྲག་བཟླས་ནས་ལས་བྱའོ། །སྒྲ་ཇི་བཞིན་པའོ། །མི་ཡི་རུས་པའི་ཕུར་པ་སོར་དྲུག་པ་བྱས་ནས། །བརྒྱ་རྩ་བརྒྱད་བཟླས་ཏེ་དགྲའི་སྒོར་གཟུགས་པར་བྱ་སྟེ་དེའི་རིགས་རྒྱུད་ཟད་པར་འགྱུར་རོ། ། ་བ་ལང་གི་ཞིང་དམ་མ་ཧེ་དང་གླང་པོ་ཆེ་དང་རྟའི་ར་བར་སྦྲ་བར་བྱ་སྟེ། གང་དང་གང་གི་རུས་བ་ཕུར་བུ་བྱས་བ་དེའི་རིགས་རྒྱུད་ཉམས་པར་བྱེད་དོ་ཞེས་པའོ། །རིགས་རྒྱུད་ནི་རིགས་སོ། །བརྒྱད་ལྷག་པའི་བརྒྱ་བཟླས་པ་བཅས?། ། ་སྒྲ་ཇི་བཞིན་པའོ། །དེ་ནས་རྒྱལ་པོ་དབང་དུ་བྱ་བར་འདོད་པར་འགྱུར་ན་སྒྲུབ་པ་པོས་སའི་རང་བཞིན་གྱི་གཟུགས་བརྙན་བྱས་ནས་སོར་བརྒྱད་ཀྱིས་རུ་གཞུག་པར་བྱའོ། །ཉི་མ་དང་པོ་ལ་མ་ཏུ་ལུང་གའི་མེ་ཏོག་གསུམ་དང་མེ་ཏོག་བསྲེས་ལ་སྦྱིན ་སྲག་བྱ་ཞིང་ཉིས་འགྱུར་དུ་འཕེལ་བར་བྱའོ། །སྟོང་ཕྲག་བརྒྱད་དེ་ཇི་སྲིད་མི་བདག་དབང་དུ་གྱུར་གྱི་བར་སྦྱིན་སྲེག་བྱའོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས། །རྨུགས་དང་དེ་བཞིན་ཆེངས?་པ་དང། །རྨོངས་དང་སྐེམས་པ་ཉིད་ཀྱང་ནི། །འགྲུན ་འགྱུར་འདིར་ནི་ཐེ་ཚོམ་མེད་ཅེས་ཏེ་ས་ལ་ནི་རྒྱལ་པོའི་སྒྲོ་རུའོ། །མེ་ཏོག་ནི་རྡུལ་ལེ། །དགོངས་པའོ། །ཤ་དང་ལྡན་པའི་སྦྱིན་སྲེག་གིས། །འགྲུབ་པར་གྱུར་ཏེ་གཞན་དུ་མིན། །སྐྱེས་བ་བུད་མེད་དུ་བྱ་བར་འདོད་པས། །སྐྱེས་པའི ་ཞེས་པ་དེ་ཉིད་ཀྱིའོ། །རྐང་པའི་པགས་པ་དང་སེན་མོ་ནི་འདིར་ཆ་མཉམ་པར་བྱའོ། །རྐང་པ་ནི་ལྟོགས་པ་དེ་ཉིད་ཀྱིའོ། །ཀཎ་ཊ་ཀ་རིའི་མེ་ཏོག་དང་འབྲས་བུ་གཉིས་ཆ་མཉམ་པ་བྱས་ལ་རི་བོང་གིས་ཁྲག་གིས་བཏགས་པར་བྱའོ། ། ་ཉི་མ་བཅུ་གཅིག་ཇི་སྲིད་པར་གྲིབ་མས་སྐམ་པར་བྱའོ། །ཉི་མ་བཅུ་གཉིས་པ་ལ་གང་གིས་མགོ་བོར་ཕྱེ་མ་བྱིན་པའི་སྐྱེས་ཡ་དེ་ངེས་པར་བུད་མེད་དུ་འགྱུར་ཏེ་ཡང་དག་པར་འོ་མས་བཀྲུས་པས་གྲོལ་བར་འགྱུར་རོ། །ལྟོགས་པ་ནི་བྱ་རོག ་ཆེན་པོའོ། །བྲག་རྣམས་ཞེས་སྤངས་པ་གསུམ་པའི་དོན་ནོ། །མགོ་ལ་ཞེས་པ་མགོ་ཞེས་ཐོང་པོ། །སྒྲ་ཇི་བཞིན་པའོ། །ཡང་ན་ཁྱི་རུ་བྱ་བར་འདོད་པས་རྒྱལ་གྱིས་ལྕགས་ནི་ལེའི་མགོ་བར་བཞག་ནས་ཞག་བདུན་དུ་སྔགས་སྟོང་ཕྲག་བརྒྱར ་བཟླས་པར་བྱའོ། །ཉི་མ་བརྒྱད་པ་ལ་སླར་ཡང་གུར་ཀུམ་གྱིས་མཉམ་པར་བྱས་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་གང་གི་མགོ་བོར་དེའི་ཐལ་བ་བྱིན་པའི་སྐྱེས་པ་དེ་ཁྱིར་འགྱུར་རོ། །སླར་གསོ་བ་ལ་མཚན་མོ་མཁའ་འགྲོ་མ་རྣམས ་གཏོར་མ་སྦྱིན་པར་བྱའོ་ཞེས་སོ། །རྒྱལ་ནི་སྐར་མ་རྒྱལླ?་ལྕགས་ཀྱི་དྲི་མའོ། །བརྒྱད་ཅེས་པ་བརྒྱད་ལྷག་པའི་སྟོང་ཕྲག་པོ། །བྱིན་ནི་ཁྱིའོ། །སྒྲ་ཇི་བཞིན་པའོ། །རྫས་ཉིད་འདིར་རྫས་མ་ཡིན་པར་བྱ་བར་འདོད་ན་གསེར་ཤིང་གི་འབྲས་བུའི ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གང་གི་ཆེ། །མི་དེའི་རྫས་མ་ཡིན་པར་འགྱུར་རོ། །སླར་གསོ་བ་ལ་ནི་སྔགས་དང་ཨ་རུ་རའི་སྦྱིན་སྲེག་བྱས་ན་དེ་བཞིན་དུ་འགྱུར་རོ། །གསེར་ཤིང་ནི་སྨྱོ་བྱེད་དོ། །ལྟ་སུ་བྱུང་བར་བྱ་བར་འདོད་པས་གང་བྱ་ཆེན ་བོའི་ཚང་གིས་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་འདིར་ལྷས་སུ་བྱུང་བར་འགྱུར་ཏེ་ས་ལའོ། །སླར་གསོ་བ་ལ་ནི་ཕུ?་བ་མའི་སྦྱིན་སྲེག་བྱས་ན་དེས་པར་ལྟས་ངན་ཞི་བར་འགྱུར་རོ། །སྤེལ་ཚིག་གི་དབྱེ་བས་བརྒྱད་ལྷག་པ་རྣམས ་བཟླས་བས་ཞིའོ་ཞེས་བ་སྒྲ་ཇི་བཞིན་པའོ། །ཟླ་བ་གཟས་ཟིན་པ་ན་བྱི་ལའི་སྤུ་རྣམས་རོ་བསྲེགས་པའི་མེར་སྦྱིན་སྲེག་བྱའོ། །གང་གིས་མིང་ནས་སྨོས་པ་སྔགས་ཀྱིས་མི་དེ་བྱི་ལར་འགྱུར་རོ། །ཐལ་བ་མགོ་བོར་བླུགས་པ་དེ་འོ་མས་བཀྲུས་ན་ཞིའོ ་བྱ་རོག་གི་རྒྱས་པས་སྲད་བུ་བྱས་ནས་སྔགས་ཀྱིས་མངོན་པར་བསྔགས་ཏེ་མགུལ་པར་བཅིངས་པའི་མི་དེ་བྱ་རོག་ཏུ་འགྱུར་རོ། །སེམས་ཅན་གང་དང་གང་ཉིད་ཀྱི་སྐུད་པ་མགུལ་པ་ལ་བཅིངས་ཏེ་བརྒྱ་རྩ་བརྒྱད་བཟས་ན་མི་དེ་དེ་དང་འདྲ ་བར་འགྱུར་རོ། །མགུལ་པའི་སྐུང་ཐ་བཀྲོལ་བས་ཀྱང་གྲོལ་བར་འགྱུར་རོ། །རང་གི་སེ་བ་ལ་མངོན་པར་བསྔགས་མས་ཕ་རོལ་གྱིས་སོ་བ་རྣམས་སུ་བཞག་པར་བྱའོ། །སོ་བ་ཕྱེད་ཀྱིས་ཀྱང་བདག་ཉིད་ལ་མངོན་བར་དབང་བསྐུར་ནས་མཚན ་མོ་བདུན་དུ་སྔགས་བཟླས་པ་བྱས་ཏེ་དེ་ནས་སོ་བ་འགུགས་པར་བྱེད་དོ། །རང་གིས་སོབ་ལ་ལན་བདུན་བཟླས་ནས་སོ། །སྒྲ་ཇི་བཞིན་པའོ། །སྣ་ཚོགས་པའི་ལས་རབ་འབྱམས་གྱི་ཆོ་གའོ། །དེ་ནས་གཞན་ནི་རབ་འཆད ་བྱེད། །མཁའ་འགྲོ་མ་ཡི་གནས་ཆེན་པོ། །རིན་ཆེན་ལྔ་ཡི་རང་བཞིན་དགེ། རི་བོ་བཟང་པོས་བྲིས་ནས་ནི། །དེ་ཡི་སྟེང་དུ་རྟག་བཟླས་བྱ། །མཁའ་འགྲོ་མ་ཡི་དྲ་བསྡོམ་ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་གྱི་མཆོད་པ་གསུངས་སོ། ། ་རི་བོ་ནི་སུམ་ལས་སྐྱེས་པའི་ལྷུན་པོའོ། །ལྔ་ཞེས་པ་ནམ་མཁའ་ལ་སོགས་པའི་དབྱིངས་སུ་གནས་པར་བསམ་པར་བྱའོ། །བཤད་པའི་རྒྱུད་དུ་ཡང། །རྟེན་དང་རྟེན་པའི་རང་བཞིན་གྱིས། །བྷཻ་རམྦ་ལ་སོགས་པར་གནས། །བླ་མ་རྒྱུད་རིམས་ཇི་ལྟ་བར། དེ ་ལྟར་ཤེས་ནས་ཆོ་ག་ཤེས་བས་རི་ཡི་མགོ་དང་གེ་སར་དང། །སྣ་ཚོགས་འདབ་མ་འཇམ་པ་ལ། །དེ་ཡིད་བུས་གནས་དཔའ་བོ་ནི། །འདོད་དོན་ཐམས་ཅད་སྒྲུབ་པ་པོ། །ཞེས་པ་དྲང་བའི་དོན་ནོ། །གཙུག་ཏོར་ལ་སོགས་པའི་པདྨ་ནི་ལྔའོ། ་བཟང་པོ་ནི་གསང་བའི་པདྨ་གཅིག་པུའོ། །སྣ་ཚོགས་ཆུ་སྐྱེས་འདབ་མ་བརྒྱད་པ་རྡོ་རྗེ་ནོར་བུར་གནས་པ་ལ་སོགས་པ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་ལ་ཉི་མའི་དཀྱིལ་འཁོར་དུས་ཀྱི་མེའོ། །ུ་མཱ་ར་དང་དེ་རང་དབང་ཕྱུག་ཆེན ་པོ་དག་རྡུལ་དང་ཁུ་པའོ། །འདིར་ཧེ་རུ་ཀ་ནི་ལྷན་ཅིག་སྐྱེས་བའི་དགའ་བའོ། །དེ་དག་འགགས་པ་ནི་གང་བའོ། །རྡོ་རྗེ་ཕག་མོ་ནི་དེ་ལ་སྣང་བ་ཐམས་ཅད་མཁྱེན་པ་ཉིད་དེ་ཟླ་བ་འམ། །ཟླ་བ་ཅན་གྱི་དབྱེ་བ་མེད་པའི་ཆོས་ཅན་མོ་སྒོམ ་པར་བྱེད་པས་སྐྱེ་བོ་ཞེས་པ་ངེས་པའི་དོན་ནོ། །མཁའ་འགྲོ་དེ་བཞིན་ལཱ་མ་དང། དུས་སྐྱེས་མ་དང་གཟུགས་ཅན་མ། །རབ་གཏུམ་ལ་སོགས་ཉི་ཤུ་བཞི། །བྱ་རོག་གདང་སོགས་མ་མོ་བརྒྱད་ཅེས་པ་འདིས་བྱང་ཆུབ་ཀྱི་ཕྱོགས་ཀྱི ་དག་པ་གསུངས་སོ། །ཀུན་སྤྱོད་དུ་ཡང་ལུས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་མཁའ་གྲོ་མའོ། །དེ་བཞིན་དུ་གཞན། ཡང་རྟོགས་པར་བྱའོ། །རྡོ་རྗེ་སེམས་སོགས་དཔའ་བོ་ནི། །ལུགས་ལས་བཟློག་པས་རབ་ཏུ་བསྟན་ཞེས་བས་འཁོར་ལ་ལྔས་བསྡུ? ་བའི་དཀྱིལ་འཁོར་གསུངས་སོ། །མཁའ་འགྲོ་མ་ཉི་ཤུ་བཞི་ཞེས་པ་ལེའུ་བཞི་པར་གསུངས་སོ། །རྣལ་འབྱར་མའི་རྒྱུད་ཉིད་ཀྱི་ཕྱིར་རོ། །དྲང་བའི་དོན་གྱིས་གོ་སླའོ། །ངེས་པའི་དོན་གྱིས་མཁའ་འགྲོ་མ་ལ་སོགས་པ་རྣམས་ལྟེ་བལ་སོགས་པའི ་འཁོར་ལོར་ས་ལ་སོགས་པ་འབབ་པའོ། །རབ་གཏུམ་ལ་སོགས་པ་རྣམས་རྩ་ཉི་ཤུ་རྩ་བཞིའི་སེན་མོ་དང་སོ་ལ་སོགས་པ་འབབ་པའོ། །བྱ་རོག་གདོང་ལ་སོགས་པ་རྣམས་སྒོའི་རྩ་རྣམས་ཏེ། ཁའི་དྲི་མ་ལ་སོགས་པ་འབབ་པའོ། ། ་དཔའ་བོ་རྣམས་ཀྱང་སོ་དང་སེན་མོ་ལ་སོགས་པ་འབབ་པའོ་ཞེས་སོ། །དང་པོར་རྡོ་རྗེ་སེམས་དཔའ་སྟེ། །དེ་ནས་དཔའ་བོ་རྣམ་སྣང་མཛད། །པདྨ་གར་གྱི་དབང་ཕྱུག་ཉིད། །དེ་བཞིན་ཧེ་རུ་ཀ་དཔལ་ཆེ། །ནམ་མཁའ་ཨི་སྙིང་ཕོ་རྟ་མགྲིན ་དང། དེ་བཞིན་རིན་ཆེན་རྡོ་རྗེ་མཆོག། སྟོབས་བོ་ཆེ་ཞེས་བརྒྱད་བོ་ནི། །སྐུ་ཡི་འཁོར་ལོར་གནས་པ་སྟེ། །ལུགས་ལས་བཟློག་པར་གསུངས་པའོ། །མིག་ངན་རྡོ་འཇིགས་བྱེད་ཉིད། །རྡོ་རྗེ་བཟང་དང་ཤིན་ཏུ་བཟང། །རྡོ་རྗེ་ཧཱུཾ ་མཛད་ཉིད་དང་ཡང། །དཔའ་ཆེན་རྡོ་རྗེ་རལ་པ་དང། །མྱུ་གུ་ཅན་ཞེས་བྱ་བ་སྟེ། །བརྒྱད་པོ་གསུང་གི་འཁོར་ལོར་གནས། །རྡོ་རྗེའི་ལུས་དང་རྡོ་རྗེའི་འོད། །འོད་དཔག་མེད་དང་ལྷ་དགྲ་དང། དེ་བཞིན་ཉིད་དུ་མཆེ་རྣམ་གཅིགས། །ཀེང ་རུས་ཀེང་རུས་ཆེན་པོ་མཆོག་།ཐོད་པའི་དུམ་བུ་ཅན་རྣམས་ནི། །དཔའ་བོ་ཉི་ཤུ་རྩ་བཞིར་བཤད། །བརྒྱད་པོ་ཐུགས་ཀྱི་རྡོ་རྗེར་གནས། །དཔའ་བོ་གཅིག་པུའི་དོན་དུ་ནི། །ཇི་སྐད་གསུངས་བཞིན་ཁ་དོག་དབྱིབས། །བསྒོམ་པར་བྱ། ་ཞིང་མཆོད་པར་བྱ་ཞེས་ཏེ་སྒྲ་ཇི་བཞིན་པའོ། །ཉི་ཤུ་བཞིའི་དཔའ་བོ་རྣམས། །དཔའ་མོ་ཆེ་སོགས་ཕོ་ཉ་མོ་ཞེས་པས་ཤེས་རབ་དང་ཐབས་ཉིད་དུ་གསུངས་སོ། །དེ་ལ་གཤིན་རྗེ་སྲེག་མ་ལ་སོགས་པ་ཕོང་བུ་པལ?་རྔ?་མོ ་དང། རང་བྱི་ལའི་གདོང་ཅན་ཞེས་བརྗོད་དོ། །ཕ་ཉ་མོ་སུམ་ཅུ་རྩ་དྲུག་ནི་མཚན་མ་ལ་ཆགས་པ་དང་ཅུང་ཟད་རྒོད་པ་ཡོངས་སུ་འཁྱུད་པ་གཅེར་བུ་ཉིད་དང་སྐྲ་གྲོལ་བ་སྤུ་ལངས་པ་ཡང་ངོ་ཞེས་ཏེ་སྒྲ་ཇི་བཞིན་པའོ། །སྔར་བརྗོད་པའི་ཆོ་ག ་ཡིས། །མཁའ་འགྲོ་མ་ཡི་དྲ་བ་སྦོམ། །དངོས་པོ་ཀུན་གྱིས་མཆོད་པར་བྱ། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན་ཞེས་ཏེ། །སྔར་བརྗོད་པ་ནི་རྩ་བ་དང་བཤད་པའི་རྒྱུད་དུ་བརྗོད་པས་སོ། །རྡོ་རྗེ་མཁའ་འགྲོར་ཡང་ཐོ་རངས་རང་གི་སྙིང་གར་ཟླ་བའི ་དབུས་སུ་ཨ་ཡིག་གིས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས་ནས་དེའི་སྟེང་དུ་ཧཱུཾ་ཡིག་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བྱམས་པའི་སེམས་བྱས་ནས། །ཕྱི་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པའི་ཆོ་གས་མཁའ་འགྲོ་མ་ལ་སོགས ་པའི་གནས་བཀོད་པས་སོ། །དེ་བཞིན་དུ་ཀུན་སྤྱོད་དུ་།མཁའ་འགྲོ་དེ་བཞིན་ལཱ་མ་དང། དུམ་སྐྱེས་མ་དང་གཟུགས་ཅན་མ། །པདྨའི་ཕྱོགས་ཀྱི་གནས་ལ་དགོད། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་མ། །ཞལ་གཅིག་མ་ལ་ཕྱག་གཉིས ་མ། །སྣ་ཚོགས་གཟུགས་ཅན་རྣམ་སྒེག་མ། །ཕྱོགས་བྲལ་གྱིས་ནི་བཞི་པོ་ལ། །ལྔ་ཡིས་གང་བའི་ཐོད་པ་ཉིད། །སུ་ཡིག་ལ་སོགས་ཡང་དག་སྦྱར། །ཡུལ་དང་ཡུལ་དུ་རྣམ་གནས་པ། །དྲངས་པ་འཁོར་ལོའི་སྙིང་པོར་གནས། ། ་རྣལ་འབྱོར་རིག་པས་རྟག་ཏུ་མཆོད་ཅེས་སོ། །ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་དམ་ཚིག་གི་མཁའ་འགྲོ་ལ་སོགས་པ་བསྒོམ་པ་བརྗོད་པར་བྱ་སྟེ་འདི་ལྟ་སྟེ། དཀྱིལ་འཁོར་སྔ་མའི་དབུས་སུ་ནི། །པདྨ་འདབ་བརྒྱད་བྲི ་བར་བྱ། །སྣ་ཚོགས་ཁ་དོག་གེ་སར་ལྡན། །འདོད་པའི་འབྲས་བུ་ཀུན་རབ་སྦྱིན། །དེ་ལས་དབུས་སུ་ཧཱུཾ་ཡིག་ནི། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ། །བཅོམ་ལྡན་ཞལ་བཞི་སྔོ་དང་སེར། །དམར་དང་ལྗང་ཞལ་སྤྱན་གསུམ་པ། །བཅུ ་གཉིས་ཕྱག་སྟེ་གཡས་བརྐྱང་གནས། །འཇིགས་བྱེད་ཆེ་དང་དུས་མཚན་མོ། །ཞབས་ཀྱི་མཐིལ་གྱིས་ཀུན་ཏུ་མནན། །དམ་ཚིག་རྡོ་རྗེ་ཕག་མོས་ཁྱུད། །ཕྱག་གཉིས་རྡོ་རྗེ་དྲིལ་བུའོ། །ཞེས་སོ། །དེ་ནས་གཞན་ནི་རབ་འཆང་བྱེད། །གསུངས་གི་དཀྱིལ ་འཁོར་སྒོམ་པའོ། །དཀྱིལ་འཁོར་སྔ་མའི་དབུས་སུ་ནི། །གསུང་གི་འཁོར་ལོ་ཡོངས་བསྒོམ་བྱ། རྩིབས་བརྒྱད་ཁ་དོག་དམར་པོ་ལ། །པདྨ་སྔ་མ་དེ་བཞིན་ནང། །རྡོ་རྗེ་སེམས་དཔའ་ཡོངས་བསྒྱུར་བས། །གསུང་གི་རྡོ་རྗེ་ཡོངས་སུ་བསྒོམ། །ཞལ་བཞི་ཕྱག ་ནི་བཅུ་གཉིས་པ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །དེ་ནས་མཆོག་སྒྲུབ་པའི་ཆོ་གར་འགྱུར་ཏེ། །པདྨ་འདབ་བརྒྱད་ཡིད་འོང་བ། །ཁ་དོག་སྣ་ཚོགས་ཡིད་འཕྲོག་པར། །ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། །པདྨའི་རྒྱལ་བོ་རྡམ ་པར་བསམ། །ཞལ་བཞི་པ་ཕྱག་བཅུ་གཉིས་པ་རྡོ་རྗེ་ཕག་མོས་འཁྱུད་པ། །ཕྱག་གཉིས་ཀྱི་རྩེ་མོ་ལྔ་གདེངས་པའི་རྡོ་རྗེ་པདྨ་དང་དྲིལ་བུའོ། །ཕྱག་གཞན་གཉིས་ཀྱིས་ཚོགས་བདག་གི་ལྤགས་པའི་ན་བཟའ་འཆང་བ་གཡས་ཀྱི་ཕྱག་རྣམས ་སུ་མདུང་ངར་ལྕགས་ཀྱུ་དང་གྲི་གུག་དང་ཅང་ཏེའུ་གཡོན་རྣམས་ཧཧསུ་ཁ་ཊཝཱཾ་ག་དང་ཞགས་པ་དང་ཚོངས་པའི་མགོ་བོ་དང་སྒྲ་སྟ་རྣམས་སོ། །ཁ་ཊཝཱཾ་ག་མང་མཆོད་ཕྱིར་ཐོགས་ཀྱི་ཚུལ་གྱིས་སྟེང་དུ་རྡོ་རྗེ་རྩེ་མོ་ལྔ་པ་དང། །དྲི་བུ་རབ་ཏུ ་འཆང་བ་བདན་གསུམ་པས་མཚན་པ་དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་འོག་ཏུ་རྡོ་རྗེ་རྩེ་གཅིག་པའོ། །རྒྱུ་མའི་ཐོང་པ་ཕྱག་ཏུ་གནས་པའོ། །སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་ཞལ་ཕག་མོ་དམར་མོས་འཁྱུད་པ?། ། ་དཀྱིལ་འཁོར་ཕྱི་རུ་རྣམ་པ་ལྔའི། །ཡི་དགས་རྣམས་ཀྱིས་དེ་བཞིན་བསྐོར། །ཕྱི་རུ་དུར་ཁྲོད་མི་བཟད་པ། །ཁ་དོག་སྣ་ཚོགས་གི་མཆོ་གི་མཆོག་།ཤིང་མཆོག་སྣ་ཚོགས་ཀྱིས་ཡིད་འོད། །ལྕེ་སྦྱར་བཅས་པས ་ཤིན་དུ་འཇིགས། །བྱ་རོག་འུག་པ་བྱ་དཀར་རྒོད། །ལྕེ་སྦྱད་དེ་བཞིན་རོ་བསྲེགས་དང། །ཀེང་རུས་དང་ནི་མདུང་གིས་ཕུག། འཕྱད་དང་ཕྱེད་ཚིག་པ་དང་མགོ། མགོ་ཐོད་དང་ནི་རྗེ་དར་དང། །མགོ་མེད་ལག་དང་མགོ་བོར་དང། །སྤྲུལ་ནི་སྣ ་ཆོགས་ཡིད་འོང་དང། །མིག་སྣ་དེ་བཞིན་རྔ་བོ་ཆེ། །སེང་གེ་ཕག་དང་སྟག་རྣམས་དང། །ར་དང་ལུག་དང་དེ་བཞིན་དུ། །གླང་ཆེན་རྟ་བོར་བ་འང་དང། །རྔ་མོ་སྣ་ཚོགས་དམ་ཚིག་མཆོག། མྱོས་བྱེད་རྣམ་པ་སྣ་ཚོགས་ཉིད། །དེ་བཞིན ་ཆང་གི་གཏུང་བ་མཆོག། དཔའ་བོ་འདུས་པ་བཟང་མོ་ཡི། །རྣལ་འབྱོར་མ་རྣམས་སྣ་ཚོགས་མཆོག། ཐོད་པ་ཁ་ཊཝཱཾ་ག་འཇིན་ཅིང། །གྲི་གུག་དང་ནི་ཅང་ཏེའུ་མཆོག། ལྷ་ཡི་རོལ་མོ་སྣ་ཚོགས་དང། །བཟའ་དང་བཅའ་བ་རོ་ཡི་མཆོག། རྣམ་པ ་སྣ་ཚོགས་འོ་བྱེད་འཁྱུད། །བཞི་བ་བྱ་བ་ལྔག་བྱ་མཆོག་དམ་པ། །རྣམ་པ་དེ་ལྟའི་དུར་ཁྲོད་དུ། །གནོད་སྦྱིན་རོ་ལངས་སྲིན་པོ་རྣམས་ཞེས་སོ། །ཆ་བརྒྱད་དཀྱིལ་འཁོར་ཡིད་འོང་བ། །འབར་བ་དང་བཅས་ཉི་མ་མཚུངས། །དཀྱིལ་འཁོར ་རྡོ་རྗེ་རིན་ཆེ་ནི་གྱིས། །ཤིན་ཏུ་དགའ་བ་ཐུག་མེད་སྒྲུབ་ཅེས་སོ། །ད་ནི་གནས་བརྗོད་པས་སྒྲུབ་ཐབས་བརྗོད་པར་བྱ་སྟེ། །འདི་ལ་བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་ཡན་ལག་བཞི་གནས་སོ། །རྣལ ་འབྱོར་དང་རྗེས་མུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ། བཞིའོ། །མངོན་པར་བརྗོད་པ་བླ་མར་ཡང། །དེ་ཉིད་ཀྱི་ནི་སྙིང་གར་བསྒོམ། །བསྙེན་པ་རྣལ་འབྱོར་རབ་ཏུ་བརྟག། མཁའ་འགྲོ་མཚོགས་དཀྱིལ་འཁོར ་ཉིད། །ཉེ་བསྙེན་རྗེས་སུ་རྣལ་འབྱོར་གྱིས། །དཔའ་བོའི་ཡན་ལག་དགོད་པ་ཡིས། །རྣལ་འབྱོར་གྱིས་ནི་སྒྲུབ་པ་རྩམ། དག་པའི་བཟླས་པ་གྲུབ་ཆེན་གྱིས། །ཡན་ལག་རྣལ་འབྱོར་ཆེན་པོའོ་ཞེས་སོ། །འདིའི་དོན་འདི་ཡིན་ཏེ། དང་པོའི་མགོན་པོའི་ཡེ་ཤེས ་སེམས་དཔའ་ཨི་ཐུགས་ཀར་གནས་པ་ཏིང་ངེ་འཛིན་སེམས་དཔའ་ལ་དམིགས་པ་རྣལ་འབྱོར་བསྒོམས་ནས་སྤྲལ་བ་རྣམས་ཀྱིས་བླང་བའི་དཔའ་བོ་ཉི་ཤུ་རྩ་བཞིའི་ས་བོན་ཡན་ལག་དགོད་པར་བྱས་ནས་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་བྱང་ཆུབ་ཀྱི ་ཕྱོག་ཀྱི་ཆོས་ཀྱིད་ག་བ་དང་བཟླས་པ་རྣམས་སོ། །གཏོར་མ་སྦྱིན་ནས་བདག་ཉིད་དོ་བགོ་བར་བྱའོ། །འདིར་ཉེ་བར་སྒྲུབ་པའི་ཡན་ལག་ལ་ཇི་ལྟར་གསུངས་པ་ནི་བཅོམ་ལྡན་འདས་ཞལ་གཅིག་པ་ཕྱག་གཉིས་པ་ལ་སོགས་པ་བསྒོམས་ནས་མཁའ་འགྲོ་མའི་ཚོགས ་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་མཚན་མ་བཅུ་གཉིས་ཀྱི་དཀྱིལ་འཁོར་བརྗོད་པར་བྱ་སྟེ་བླ་མར་ཡང་མཁའ་འགྲོ་མ་ནི་རྡོ་རྗེ་ལའོ། །ལཱ་མ་ནི་དྲིལ་བུ་ལའོ། །དུ་མ་སྐྱེས་མ་དང་གཟུགས་ཅན་མ་ནི་གླང་པོ་ཆེའི་པགས་པའི་ཁུ་ཚུར་ལའོ། །དེ་བཞིན་དུ་བྱ ་རོག་གདོང་མ་ལ་སོགས་པ་རྣམས་ནི་མདུང་དང་ལྕགས་གྱུ་དང་ཅང་ཏེའུ་དང་ཁ་ཊཝཱཾ་ག་དང་ཞགས་པ་དང་ཚངས་པའི་མགོ་བོ་དང་དགྲ་སྟ་དང་སྣ་ཚོགས་རྡོ་རྗེ་སྟེ་མཚན་མོ་བརྒྱུད་ལའོ། །སློབ་དཔོན་བྷ་པས་ཀྱང་གསུངས་པ་མཁའ་འགྲོ་མ་བཅུ་པོ ་རྣམས་ནི་བཞི་དང་དྲུག་ནི་དགྲ་སྔ་དང་ཞགས་པ་དང་མདུང་དང་ཁ་ཊཝཱཾ་ག་དང་རྡོ་རྗེ་དང་སྣཾ་ཚོགས་རྡོ་རྗེ་རྣམས་སོ་ཞེས་པའོ། །ཇི་སྲིད་ལྟོག་པའི་སྤྱོད་ཡུལ་དུ་གྱུར་གྱི་བར་དུ་ཕྱིའི་དཀྱིལ་འཁོར་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་མེ་ཏོག་ལ་སོགས་པས ་མཆོད་པར་བྱའོ། །གཡོན་ནས་བསྐོར་བའི་འཇུག་པས་ཕྱག་འཚལ་བ་དང་པོ་མིང་དང་ལྷན་ཅིག་སྭཱ་ཧཱའི་མཛའ་ཡེ་ཤེས་རྒྱས་པའི་དོན་དུའོ། །ཀུན་སྤྱོད་དུ་ཡང་གཉིས་མེད་རྫས་ནི་མེ་ཏོག་སོགས། །མེ་ཏོག་རེ་རེ་ནས་དབུལ་བྱ་ཞེས་སོ། །མངོན ་པར་བརྗོད་པ་བླ་མར་ཡང། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །ས་གཞི་ཀུན་ནས་བྱུག་པར་བྱ། །བཟོད་པའི་ཕ་རོལ་ཕྱིན་མེ་ཏོག། འབད་པས་གཏོར་ཏེ་དབུལ་བར་བྱ། །སྣ་ཚོགས་ཕྱག་བྱ་ཡིད་འོང་གདན། །རྒྱ་ཆེ་ཤིན་ཏུ ་མཉམ་གཞག་པས་ཞེས་སོ། །རྒྱུད་མདོར་བསྟན་པར་ཡང་ཤིང་སྐྱེས་རྡོ་འམ་རས་ལ་ཡང། །གྲུ་བཞི་ཁྲུ་ཡི་ཚད་དུ་ནི། །སྐྲ་དང་སྲོག་ཆགས་ཕྲོ་བརྟགས་ནས། །ས་ལ་དཀྱིལ་འཁོར་བྲི་བར་བྱ་ཞེས་ཏེ་སྒྲ་ཇི་བཞིན་པའོ། །དངོས་པོ་ཀུན་གྱིས་ཞེས་པ ་ནི་མཁའ་སྤྱོད་ལ་སོགས་པ་གཟུགས་ཡོངས་སུ་བསྒྱུར་བ་གནས་པ་རྣམས་སོ། །རྒྱ་ཆེར་བཤད་པ་སུམ་ཅུ་རྩ་དྲུག་པར་ཡང་གྲུབ་འདོད་ཤིན་ཏུ་མཉམ་གཞག་པའི། །རྣལ་འབྱོར་པས་ནི་ཐུན་གསུམ་སྒོམ། །གཏོར་མ་དང་ནི་སྦྱིན་སྲེག་བྱ། །སྒྲུབ ་ཆེན་དུས་ཀྱི་ཁྱད་པར་ལས་ཞེས་སོ། །བསྒོམ་པར་བྱ་ནི་རྣམ་པ་ལྔས་མངོན་པར་བྱང་ཆུབ་བས་སམ། །ཡན་ལག་བཞིས་ཐུན་མཚམས་བཞིར་རོ། །ཡང་ཡིག་ལས་བཟླས་པ་དང་དམ་ཚིག་བཏུང་བ་ཡང་བྱའོ། །དྲང་པའི་དོན་ནོ ་ཐུན་མཚམས་གསུམ་ནི་ཀུན་ཏུ་སྦྱོང་བ་གསུམ་གྱི་ལུས་ཤེས་རབ་དང་ཐབས་སུ་བསྒོམ་པར་བྱའོ། །སྙོམས་པར་འཇུག་པ་ནི་གཅིག་ཏུ་འདྲེས་པའི་དངོས་པོར་བྱའོ། །སྦྱིན་སྲེག་ནི་ཕུང་པོ་རྣམས་སོ། །དུས་ནི་མི་འགྱུར་བའི་བདེ་བ ་ཡིན་ནོ། །ཞེས་པ་ངེས་པའི་དོན་ནོ། །ད་ནི་རྒྱུན་དུ་གསུངས་པའི་མཆོད་པ་བརྗོད་པར་བྱ་སྟེ། སྔ་བར་མ་ལ་ནས་ལངས་ནས་བཤད་པ་དང་ཁ་བཤལ་བ་བྱའོ། །རང་བཞིན་གྱི་ཁ་དག་པའི་དོན་དུ་རིལ་བུ་ཁར་གཞུག་པར་བྱའོ། །བདུན ་དུ་དཀྱིལ་འཁོར་བྱས་ནས་བདུད་རྩི་ལྔ་དང་བཅེས་པའི་བ་བྱུང་གིས་སོ། །ཇི་སྐད་གསུངས་པའི་ཚོགས་མིང་མེད་དང་མཐེ་བོང་ཁ་སྦྱར་བ་དག་གིས་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་ཕག་མོ་དང་ལྷན་ཅིག་པ་མཆོད་པར་བྱའོ། ། ་དེ་ནས་ཤར་དང་བྱང་དང་ནུབ་དང་ལྷོད་གནས་པ་རྣམས་ལའོ། །མེ་དང་བདོན་བྲལ་དང། །རླུང་དབང་དུ་གནས་པ་རྣམས་ལའོ། །ཡང་ན་ཕྱོགས་གསུམ་གཡས་སུ་བསྐོར་པ་དང། །ཕྱོགས་བྲལ་རྣམས་སུ་གཡོན་པས་འཁོར་ལོ་མཛའ་དག་ཡང་དག་པར་ལྡན་པའོ། ་ཡི་གེ་བརྒྱ་པ་བཏོན་ནས་བཏུང་བ་ཙམ་གྱིས་མཇོད་སྤུར་ཕྱག་བྱས་ནས་དཀྱིལ་འཁོར་གྱི་རེ་ཁཱ་དབྱི་བར་བྱའོ། །མཆོད་པའི་ཆོ་ག་མདོར་བསྡུས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཕྱུགས་ཀྱི་ལས་ཀྱི་ཆོ་ག་མཆོག། །གང་གི་རྣམ་པར ་ཤེས་ཙམ་གྱིས། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པས་ཡི་གེ་བདུན་པའི་ལས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །སྔགས་པས་ཆོ་ག་ལྡན་བྱས་ནས། །སཱ་ལི་བཏགས་པ་ལས་བྱུང་ཕྱུགས། བོད་བུ་མི་དང་རུས་སྤལ་དང། །རྔ་མོ་ཅེ་སྦྱང ་རྟ་ལ་སོགས། །ཀུན་དུ་སྣ་ཚོགས་ཕག་དག་ནི། །དངོས་གྲུབ་སྟེར་བའི་ཕྱུགས་སུ་བཤད་ཅེས་ཏེ་ཕྱུགས་ཀྱི་སྐྱེ་བ་བདུན་པ་སོ་སོར་འདུན་པ་ཅན་ནོ། །བོང་བུ་ནི་བོང་བུའོ། །སྣ་ཚོགས་ཕག་ནི་གྲོང་གི་ཕག་པའོ། །སྒྲ་ནི?་བཞིན་པའོ། །དེས་ཟོས་པ་འདིས ་སྐྱེ་བ་བདུན་པ་ཤེས་པ་དང་རྙེད་པར་འགྱུར་རོ། །ཞེས་པ་ཕན་ཡོན་གསུངས་པའོ། །སྒྲ་ཇི་བཞིན་པའོ། །མཚན་ཉིད་ཇི་ལྟར་འགྱུར་བ་དང། །དེ་རྣམས་ལས་ནི་རབ་འཆད་བྱེད། །ཉོན་ཅིག་ལྷ་མོ་སྐལ་བ་ཆེ། །རྣལ་འབྱོར་པ་ཡི་མཉེས་གཤིན་མ། སྐྱེས ་གཅིག་དང་སྐྱེ་བ་གཉིས། །གསུམ་བཞི་ལྔ་དང་སྐྱེ་བ་དྲུག། སྐྱེ་བ་བདུན་དུ་གྱུར་པ་ཡང། །དེ་རྣམས་ཕྱུགས་སུ་ཐེ་ཚོམ་མེད་ཅེས་ཏེ། ཕྱུགས་ནི་པོང་བུ་ལ་སོགས་པ་སྟེ་དྲང་བའི་དོན་ཏོ། །དེ་འགྲོ་བ་མ་ཡིན་པ་ལས་བདུན་ནོ། །ངེས་པའི་དོན་ནོ། ། ་གང་གི་དབུགས་ནི་དྲི་ཞིམ་ཞིང། །མིག་མི་འཛུམ་པར་ངེས་པར་བལྟ། །བདེན་པར་སྨྲ་བའི་མི་དེ་རྣམས། །རྟག་ཏུ་དམ་པའི་ཆོས་ལ་དགའ་། །བདག་གི་སྐྱེ་བ་ཤེས་པ་དང། །རྟག་ཏུ་ལུས་ཀྱི་དྲི་ནི་ཞིམ། །མཚན་ཉིད་དེ་རྣམས་ལྡན་པ་དེ། ། ་སྐྱེ་བ་བདུན་དུ་གྱུར་པའི་ཕྱུགས་ཞེས་སོ། །འདི་རྣམས་བཤད་པའི་རྒྱུད་དུ་གསུངས་པ་ནི་བླ་མར་ཡང། །འདི་འདྲ་རྣལ་འབྱོར་བས་མཚོན་བྱ། །འཆི་བའི་མི་རུང་མི་འཚིག་ཅིང། །སྲོག་ཆགས་གདུག་པ་སྣ་ཚོགས ་ཀྱིས། །ནམ་ཡང་ཟ་བར་མི་འགྱུར་རོ། །སྒྲ་ཇི་བཞིན་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཉེ་སྙིང་འབུམ་དུ་བཟླས་པས་ཀྱང། །ངེ་ཉིད་ཀྱི་ནི་ལག་པར་དབུལ། །སྦྱིན་པ་འདི་ནི་བདག་ལ་སྩོལ་ཞེས་སེ། །དེ་ནི་ཟོས་པ་ཙམ་གྱིས་ཀྱང། ལྷ ་ཡི་གཟུགས་ནི་འཆང་བར་འགྱུར། །སྙིང་གའི་རོ་ཙན་བླངས་ནས། །གང་ལ་ཐིག་ལེ་བྱེད་འགྱུར་བ། །སེམས་ཅན་གང་དང་གང་ཉིད་ཀྱི། །དེ་དང་དེ་ཡི་གཟུགས་འཛིན་འགྱུར། །སྐྲ་འམ་སྤུ་འམ་རྒྱུ་མ་ཡིས། །སྐུད་པ་བྱས་ནས་མགྲིན་པ ་ལ། །བཅིངས་ན་སེམས་གང་ཡིན་དེའི། །མི་དེ་དེ་འདྲར་འབྱུང་བ་ཡིན། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །སྔར་བརྗོད་པ་ཡི་ལས་རྣམས་སྒྲུབ་ཅེས་སོ། །དེས་ན་དེ་ནི་རང་ཤི་བ་ཡིའོ། །རབ་ཏུ་ཟོས་པ་ནི་ཟོས་བའོ། །སྔར་བརྗོད་པ་མངོན་པར ་བརྗོད་པར་གསུངས་པའི་ལས་རྣམས་བྱའོ། །ཞེས་པ་སྒྲ་ཇི་བཞི་པའོ། །མཁས་བཤིང་ལོའི་ཁུ་བ་ནི། །རོ་ཙན་ར་བཅས་བླངས་ནས་སུ། །དཔྲལ་བར་ཐིག་ལེ་བྱས་ན་ནི། །དེ་གཟུགས་འགྱུར་བར་ཐེ་ཚོམ་མེད་ཅེས་ཏེ་ཤིང་ནི་འབྱུང་བོའི ་སྐྲའོ། །སྒྲ་ཇི་བཞིན་པའོ། །ཕྱུགས་རྣམས་ཉིད་ཀྱི་བུ་རྣམས་ནི། །ལག་དང་སྤྱི་བོར་བཅིང་བར་བྱ། །ལྗོན་ཤིང་ཡན་ལག་ལྔ་དང་ལྡན། །མི་ངེ་དེ་ཡི་གཟུགས་སུ་འགྱུར་ཞེས་ཏེ་ལྗོན་ཤིང་ནི་སྐྱེ་བ་བདུན་པའོ། །དེའི་ཡན་ལག་ལྔ་རྣམས་སུའོ། ་དགོངས་པའོ། །རྣལ་འབྱོར་གོམ་ཤིང་བཟླས་པར་ལྡན། །མི་ནི་ནུས་པར་ལྡན་ཡིན་ཡང། །དཀའ་དང་སྡིག་པ་ལ་དགའ་དེ། །དངོས་གྲུབ་ལམ་ནི་འགོག་པ་ཡིན་ཞེས་པས་སྒྲུབ་བ་པོ་གསུངས་སོ། །རྣལ་འབྱོར་ནི་གཉིས་སུ་མེད་པའོ། །གསུངས ་བ་ཡང་ཤེས་རབ་ཐབས་ནི་སྙོམས་ཞུགས་པ། །མི་ཕྱེད་རྡོ་རྗེ་གསུམ་གྱིས་མཚན། །ཤེས་དང་ཤེས་བྱ་རྫོགས་གཅིག་ཉིད། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད། །དགོངས་པའོ། །དཀའ་བ་ནི་དམ་ཚིག་ཉམས་པའོ། །སྡིག་པ་ལ་དགའ་བ་ནི་མི་དགེ་བ་བཅུ ་དང་རྩ་བ་དང་སྤོམ་པོའི་ལྟུང་བ་ལ་སོགས་པ་ལ་རབ་ཏུ་འཇུག་པའོ། །རྩ་བའི་ལྟུང་བ་རྣམས་ཀྱང་གཤིན་རྗེ་བཤེད་ནག་པོའི་རྒྱུད་དུ་གསུངས་པ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས ་སྤུན་རྣམས་ལ། །ཉེས་པ་བརྗོད་དོ་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་དེས་པར་བཏང་མི་བྱ། །བྱང་ཆུབ་སེམས་ན་ངོར་མཾ་བྱ། །རང་གཞན་ཆོས་ལ་སྨད་ཀྱི་མི་བྱ། །ཡོངས་སུམ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི ་བྱ?་བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང། །གདུག་པའི་བྱམས་པ་རྟག་ཏུ་སྤང། །ཆོས་རྣམས་ཉིད་ནི་བསྟན་མི་བྱ། །དང་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད ་མེད་ལ། །སྐྱོན་ཉིད་ཀྱིས་ནི་སུན?་མི་དབྱུང། །ཞེས་སོ། །སྡོམ་པོའི་ལྟུང་བ་ཡང་གྲུབ་པའི་སློབ་དཔོན་པདྨ་མྱུ་གུའི་ཞབས་ཀྱིས། །སྤོམ་པོའི་ལྟུང་བ་སྟོབས་ཉིད་ལས། །རྡོ་རྗེ་བཙུན་མོ་ལ་ཞེན་དང། །སྟོབས་ལས་དེ་ཡི་བྱང་ཆུབ་སེམས། ་དབང་བྱེད་བདུད་རྩིའི་ཆོ་ག་དང། །ཤིན་ཏུ་གསང་བ་མི་སྦེད་ཉིད། །ཚོགས་ཀྱི་འདུས་བར་རྩོད་པ་དང། །དད་པ་ཆེ་ལས་གསང་བའི་ཆོས། །ཕྱིན་ཅི་ལོག་ཏུ་སྟོན་པ་དང། ཉན་ཐོས་ལྷན་ཅིག་ཉིན་ཞག་བདུན། །རྒྱུན་མི་འཆད་པར་འགྲོགས ་པ་དང། །རྣལ་འབྱོར་མི་ཤེས་རྣལ་འབྱོར་རྒྱགས། །དད་པ་མེད་ལ་དམ་ཆོས་སྟོན་ཞེས་སོ། །དེ་ཞེས་པ་རྩ་བའི་ལྟུང་བ་བཅུ་བཞི་དང། །སྦོམ་པོའི་ལྟུང་བ་རྣམ་པ་དགུའོ། །ནི་ནི་གང་གི་ཕྱིར་གྱི་དོན་ཏེ། དངོས་གྲུབ་ཀྱི་ལམ་འགོག་པར་བྱེད་པ་དེའི ་ཕྱིར་སྤང་བར་བྱའོ། །གསུངས་པ་ཡང་དམྱལ་བ་ཡི་དགས་དུད་འགྲོ་རུ། །ཀུན་ནས་ལྟུང་བ་བྱེད་པ་གང། །དེའི་ཕྱིར་ལྟུང་བ་རྣམ་བུ་བཤད། །མཁས་པས་དེ་རྣམས་ཡོངས་སུ་སྤང། །ལྷུང་བ་ལས་སློང་བར་བྱེད་པའི་སྔགས་ཀྱང ་གསུངས་པ། བཤད་པའི་རྒྱུད་དུ་ཡང། ཨོཾ་ཤྲཱི་བུད་དྷ་ཀ་པཱ་ལི་ཀཾ་བུ་ཨཱ་ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་པ་ཧཱུཾ་ཕཊ་སྭཱ་ཧཱ། །ཡང་ན་རང་གི་མིང་བཟླས་པ་ཡང་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་པར་བྱའོ། །འཁོར་ལོ་བྱས་ནས་ཇི་ལྟ་བུའི་རྣལ་འབྱོར་གསུངས་པ་ལས་བླ ་མདམ་པའི་མདུན་དུ་ཕྱག་བྱེས་ནས་ལྟུང་བ་ཐམས་ཅད་ངེས་པར་འདུལ་བར་བྱེད་པའི་གསང་སྔགས་གདོན་པར་བྱའོ། །སླར་ཡང?་བླ་མ་ལ་གསོལ་བཏབ་པས། །དམ་ཚིག་སྡོམ་པ་བླང་བར་བྱའོ། །བདག་ནི་མི་ཤེས་རྨོངས་པ་སྟེ། དམ་ཚིག་ལས ་ནི་འགལ་ཞིང་ཉམས། །བླ་མ་མགོན་བོས་བདག་སྐྱབས་མཛོད། །གཙོ་བོ་རྡོ་རྗེ་འཛིན་པས་ཏེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་འཆི། །ཞེས་པ་ཐེ་ཚོམ་མེད་བྱས་ནས། །ངེས་པར་དངོས་གྲུབ་ཅན་དུ་འགྱུར ་ཞེས་སོ། །བླ་མའི་རྒྱུད་དུ་སླར་ཡང། །ཞི་བར་འགྱུར་ཞིང་སྐལ་བཟངས་ཉིད། །རྣལ་འབྱོར་མ་ཡི་དབང་ཡང་བསྐུར། །ཐུན་བཞིའི་གོ་རིམ་བཞིན་དུ་ནི། །ཕྱི་དང་གསང་བའི་ཆུས་བཀྲུའོ། །ཞེས་སོ། །ལྟུང་བ་ལས་སློང་བར་བྱེད་པའི ་ཆོ་གའོ། །གླང་པོ་རྟ་དང་རུས་སྤྲལ་དང། །རྔ་མོ་ཕག་སོགས་ཅེ་སྤྱང་དང། །བྱ་རོག་འུག་སོགས་བྱ་རྒོད་སོགས། །ཁྲུང་ཁྱུང་བཞད་དང་ཁྲ་རྣམས་དང། །གཟུགས་བཟང་གཟུགས་དན་རྣམས་ཀྱིས་ཀྱང། །ལྟ་ཡི་གཟུགས་སུ་དེ ་འགྱུར་རོ། །རྣལ་འབྱོར་ཆེན་པོ་རང་འདོད་གཟུགས། །སྐྱེ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལས་ཆེ་མཆོག་དངོས་གྲུབ་ནི། །འཇིག་རྟེན་གསུམ་ན་ཡོང་མ་ཡིན། །འཇིག་རྟེན་པ་ཅན་གྱུར་པ་དང། །འོག་མིན་གནས ་ཀྱི་མཐར་ཐུག་པ། །ཕྱག་རྒྱ་དཀྱིལ་འཁོར་བསྒོམ་པའོ་ཞེས་པས་ཕན་ཡོན་གསུངས་སོ། །འོག་མིན་ནི་གཟུགས་ན་སྤྱད་པའི་མཛའ་སྟེ་དེའི་མཐར་ཐུག་པའི་བདག་པོ་ཉིད་དུ་འགྱུར་རོ། །ས་བདུན་གྱི་དབང་ཕྱུག་ཡང་འཇིག་རྟེན་པ་མན་སྒྲུབ་པ ་ཉིད་ལས་སོ། །ཕྱག་རྒྱ་དཀྱིལ་འཁོར་བསྒོམས་པས་ནི་དཀྱིལ་འཁོར་མངོན་སུམ་དུ་བྱས་པས་ཀྱང་འཇིག་རྟེན་པ་ཐམས་ཅད་འགྲུབ་པར་བྱེད་དོ། །ཞེས་པའོ། །བཅོམ་ལྡན་འདས་ཀྱིས་དང་པོ་མཆོག་གི་སངས་རྒྱས་སུ་གསུངས་པ་འདོད ་པང་སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །ཡེ་ཤེས་ཕྱག་རྒྱས་འོག་མིན་གྱི། །གནས་ཀྱི་མཐར་ཐུག་བདག་པོ་ཉིད། །གཟུགས་ཤེས་བྱའོ་ཀུན་མཁྱེན་ཉིད། །རྣལ་འབྱོར་ཆེན་པོའི་ཕྱག་རྒྱ་ཆེ། །མ་ཉམས་བསྒོམས ་བས་བསྒྲུབ་པར་བྱ། །འགྱུར་བ་མེད་པའི་བདེ་བ་ཉིད། །སྐྱེ་བ་འདི་ལས་སངས་རྒྱས་ཉིད་ཅེས་སོ། །དེ་ནས་རྫོགས་པའི་རིམ་པ་ཉིད་ཀྱིས་ཕག་མོ་ཡུད་ཀྱིས་བསམ་པར་བྱའོ། །ཟུང་འཇུག་མཉམ་པར་སྦྱོར་བ་ལས། །སྣང་བ་གསལ་བའི ་ལས་བདེ་པའི། །གོ་འཕང་རྟག་ཏུ་མཐོང་བ་ནི། །དེ་ནི་རྒྱལ་བས་མཆོད་པར་འདོད། །ཉེར་སྤྱོང་ལྔ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །འདིར་ནི་དཔལ་ལྡན་རྡོ་རྗེ་འཆང། །མདོན་སུམ་འགྱུར་ཏེ་ཐེ་ཚོམ་མེད། །དབང་པོའི ་དྲ་ལྟའི་འཇིག་རྟེན་དུ་སེམས་ཅན་ཀུན་དོན་བྱེད་པ་པོ། །རུས་སྤལ་ལུས་ནི་སྐྱོད་པ་ཅི། །བསམ་གྱིས་མི་ཁྱབ་སངས་རྒྱས་ཆོས། །ལུང་ནི་ལྷག་པར་རྟོགས་པས་གྲུབ། །ཕྱི་ཡི་བསྟན་བཅོས་ཀྱིས་མེ་བསྒྲུབས། །དེ་ཉིད་ཕྱིར་ན་འགྲོ ་བའི་མགོན། །བདེ་བ་ཆེལ་ཡང་དག་བརྟེན། །མེད་པའི་ཆོས་ཅན་ལ་ནི་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །ཤེས་རབ་ཐབས་གཉིས་སྙོམས ་འཇུག་པས། །ཆོས་དབྱིངས་ཀུན་ཏུང་མིགས་པ་ལ། །ཐམས་ཅད་སྟོང་པ་རབ་འབྱུང་བ། །ཡེ་ཤེས་དག་པའི་ཡེ་ཤེས་ཉིད། །གང་ངེས་རྫོགས་པའི་བྱང་ཆུབ་ཉིད། །སྐད་ཅིག་གཅིག་ལ་རྙེད་པར་འགྱུར། །བརྒྱ་ཕྲག་བཅོམ་རྒྱན ་དབུགས་རྣམས་ཀྱིས། །འགྱུར་མེད་སྐད་ཅིག་གིས་ཟོས་པས། །བདེ་གཤེགས་ནི་ཀུན་འོད་འགྱུར། །ཟུང་འཇུག་རྣམ་པར་སྒོམ་པ་པོ། །དེ་ལྟར་ཉི་ཁྲིའི་བརྒྱ་གཉིས་བརྒྱས། །རྫོགས་པའི་བདེ་སྟོང་སྐད་ཅིག་གིས། །བཅུ་གཉིས་པ་ནི་དེ་ནས ་འགྲུག། ངེས་པར་སྲས་པོ་ཆེན་པོ་ཡིས། །ཐོག་མ་ཐམ་མེད་ཞི་བ། སོ་སོ་རང་རིག་མི་གཡོ་བ། །ཡང་དག་རྫོགས་པའི་སངས་རྒྱས་ཚུལ། །བདེ་བ་ཆེན་པོ་རང་དོན་ལྡན། །གཞན་དོན་བྱེད་ཕྱིར་སངས་རྒྱས་ཏེ། །རྟག་ཏུ་སྙིང་རྗེ་ཅན་གྱི་སྟོབས། ། ་ཆོས་ཀྱི་དབྱིངས་ལ་རྟག་ཏུ་གནས། །སྐལ་ལྡན་ཆེ་གེ་ཞེས་མཐོང་ངོ། །སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་ལས་ཏེ། །འགྲོ་བ་ནམ་མཁའ་ཨི་མཐར་ཐུག་པར། །སེམས་ཅན་ངོན་ལ་རབ་ཏུ་འཇུག། །མཐོང་བའི་ཡུལ ་ལ་ཁྱབ་པ་ནི། །སྤྲུལ་པའི་ཡེ་ཤེས་སུ་བཤད་དོ། །ལུས་དང་ངག་ཡིད་གསང་བ་ཡི། །ལྷན་སྐྱེས་བསྒོམས་པ་རྣམས་ཀྱིས་ཐོབ། །ཇི་ལྟར་རྒྱལ་བ་སངས་རྒྱས་ཀྱིས། །རྒྱ་བྱིན་གཟུགས་བརྙན་སོགས་བརྗོད་པ། །དགུ་བྱས་ངས ་པར་སྟོན་པ་ནི། །ཆོས་ཀྱི་དབྱིངས་ནི་ངེས་པར་གསུངས། །ཇི་ལྟར་བཻ་ཌཱུར་ས་གཞིག་ཅིང་མ་ལ། ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་བའི་སེམས་གཞི་གཅེད་མ་ལ། །ཐུབ་པའི་དབང་པོ་སྐུ་ཡི་གཟུགས ་བརྙན་འཆར། །ཇི་ལྟར་རྔ་པ་ཆེ་ལས་ནི། །མ་བརྡུངས་པར་ཡང་སྒྲ་འབྱུང་འགྱུར། །དེ་བཞིན་རྒྱལ་བ་བཟོ་མེད་པར། །སྟོན་པར་བྱེད་པ་ཡང་དག་འབྱུང། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆར ་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩེ་རླུང་འགྲོ་དགེ་མདོན་སྤེལ་ཕྱིར། །སངས་རྒྱས་སཕྲིན་ལས་དམ་ཆོས་ཆར་པ་འབེབས། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པ། །གང་ཚེ་སྤྲུལ་པ་རྣམ་པ་དུ་མ་སྟོན། །རྟག་ཏུ་ཉི་བཞིན་ཡེ་ཤེས ་སྣང་བ་སྤྲོ། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་བུའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་འདི་ནི། །བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུ་སྟེ། །བྱ་བ་དང་གཟུགས་མེད་རྟག་པ་མེད། །ས་བཞིན་འགྲོ་བའི་དཀར་པོ་ཡི། །ཆོས་ཀྱི་སྨན་ནི་མ་ལུས་པའི། ། ་རྣམ་པ་ཀུན་ཏུ་གཞིར་གྱུར་པ། །འདི་ནི་སངས་རྒྱས་ས་ཡིན་ནོ། །བརྒྱ་བྱིན་སྔ་བཞིན་སྤྲིན་དང་ཚངས་པ་ཉི་མ་ནོར་བུ་རིན་ཆེན་བཞིན། ཁྲག་ཅ་ལྟ་བུ་ནམ་མཁའ་དང་ནི་ས་གཞི་ལྟ་བུར་དེ་བཞིན་གཤེགས་ཞེས་སོ། །སྐྱེ་བ་བདུན་པའི་གཟུགས་ཡོངས་སུ ་བསྒྱུར་པའི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་ཆོག་བཤད། འཇིག་རྟེན་གསུམ་པོ་དབང་དུ་འགྱུར། གང་གི་ཡང་དག་ཆོག་ཡིས། །མྱུར་དུ་དངོས་གྲུབ་རབ་འཇུག་པ། །བ་ལང་ཤ་དང་ཆང་བསྲེས་ནས། །ལོག་པ་གཡོན ་པས་སྦྱིན་སྲེག་བྱ། །སངས་རྒྱས་ཀྱང་ནི་དབང་འགྱུར་ན། །ཕྲན་ཚོགས་མི་ནི་སྨོས་ཅི་དགོས་ཞེས་ཏེ། ཆར་ནི་བུར་མ་ལས་བྱུང་བ་སྦྲང་རྩི་ལས་བྱུང་བ་དང། རྒུན་འབྲུམ་གྱི་ཤིང་ལས་སྐྱེས་པའི་བཏགས་པ་ལས་བྱུང་བའོ། །སངས་རྒྱས་ནི་མཁས་པའོ། །སྒྲ་ཇི ་བཞིན་པའོ། །ཁ་ཆུ་སོ་ཤིང་དག་དང་ནི། །དེ་བཞིན་རང་གི་ལུས་མཉས་པ། །མིང་དང་མྱོས་བྱེད་སྦྱིན་སྲེག་གིས། །འཇིག་རྟེན་གསུམ་ཡང་དབང་དུ་བྱེད་ཅེས་ཏེ། །ཁ་ཆུ་ནི་སྐྱུག་པའི་མི་ཆལ་མའོ། །མྱོས་བྱེད་ནི་རྩ་བ་བཅུ་པ་ལ་སོགས ་པའི་རྩ་བ་མོའོ། །སྒྲ་ཇི་བཞིན་པའོ། །ཟླ་མཚན་ལྡན་པའི་ཁྲག་དང་ནི། །ཟོས་ནས་སྐྱུགས་པ་དག་དང་ནི། །མི་ཡི་སྐྲ་དང་ལྡན་པ་ཡི། །སྦྱིན་སྲེག་གི་ནི་འགུགས་པར་འགྱུར། །སྒྲ་ཇི་བཞིན་པའོ། །རང་གི་ལུས་ལས་ཟོས་པ་སྐྱུངས ་ནིམ་པའི་ཤིང་ལ་མེ་སྦར་ནས། །མཁས་བས་རང་སྐྲའི་སྦྱིན་སྲེག་བྱ། མོད་པ་མཆོག་ཏུ་སྡང་བར་གྱུར་ཞེས་ཏེ་རང་གི་ལུས་ནི་ཁྱིའོ། །སྐྲ་ནི་སྒྲུབ་བྱ་ཡིའོ། །མཁས་པ་ནི་ལས་རབ་འབྱམ་ཤེས་པའོ། །སྒྲ་ཇི་བཞིན་ནོ ་བའོ། །སྨྱོ་བྱེད་མེ་ལ་བརྒྱད་བརྒྱར་ནི། །ཚ་བའི་ཏེལ་མར་གྱིས་བསྲེས་པས། །བྱ་རོག་གཤོག་པས་སྦྱིན་སྲེག་བྱ། །དེས་པར་འཕྲལ་དུ་སྐྲོད་བར་འགྱུར་རོ། །མཾ་ཡེ་ཤེ་ནི་ཁྲིག་དང་ལྡན། །ར་ཅན་དུག་དང་མཉམ་ལྡན་པ། །མཆོན་མོ་དུར་ཁྲོད ་སྦྱིན་སྲེག་བྱ། །དགྲ་བོ་མྱུར་དུ་གསོད་པར་འགྱུར། །ཞེས་ཏེ་མཆེན་མོ་ནི་ཐུན་ཚོད་གཉིས་པ་ལའོ། །གསུངས་བ་ལ་ཡང་ཞེ་བ་ཅན་ནི་སྲོང་ལ་བྱ། །དེ་ནས་ཐོ་རངས་རྒྱས་པ་ཅན། །ཉི་མ་གུར་དང་མཚན་ཕྱེད་ལ། །དབང་དང་བསྐྲད་པ་ལ་སོགས ་མོ། །དཀོན་མཆོག་གསུམ་ལ་སོགས་པ་ལ། །གནོད་པ་བྱེད་པའི་དགྲ་བོ་ལ་སྟེ་ཉེས་པ་ཕྱུང་དུས་མི་བྱ་སྟེ། དངོས་གྲུབ་ཉམས་པར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །ཅེ་སྦྱང་ཤ་ཡ་སྲེབ་བླུགས་བརྒྱ། །ཡང་དག་སྦྱིན་སྲེག་བྱེད་པའི་མི། །དེ་ནི་ཇི་བྲིང ་འཚོ་བར་དུ། །ལག་ཏུ་དཔལ་འོང་ཐེ་ཆོམ་མེད། །ཅེས་ཏེ་མི་ནི་ཤར་དུ་མངོན་པར་ཕྱོགས་པའོ། །ཡང་དག་པ་ནི་རྒྱས་པ་ཅན་གྱིས་ཚོགས་སོ། །བརྒྱ་ནི་བརྒྱད་ལྷག་པ་དང་བཅས་པའོ། །སྒྲ་ཇི་བཞིན་པའོ། །འགའ་ཞིག་མྱོས་བྱེད་དང ་ལྡན་པའི། །ཤ་ཆེན་དག་གི་སྦྱིན་སྲེག་བྱེད། །སྒྲུབ་པོ་མཆོག་ནི་ཐུན་གསུམ་དུ། །ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར། །ཇི་སྲིང་འཚོ་བར་ས་ཀུན་ལ། །སྤྱོད་པར་འགྱུར་བར་ཐེ་ཚོམ་མེད། །དེ་བཞིན་ཟླ་བ་གསུམ་སྟེང་དུ། །སྐད་ཅིག་ཉིད་ལ ་དབུལ་བ་འཇིག་ཅེས་ཏེ་ཇི་སྲིད་ཅེས་པ་ནི་རྟག་ཏུ་འོ། །སྤྱོད་པར་འགྱུར་ཞེས་པ་ནི་རྣམ་པར་རྒྱས་པ་དང་ལྡན་པར་འགྱུར་རོ། །སྐད་ཅིག་ལས་ནི་སྟོང་ཐོབ་པ་ལའོ། །སྒྲ་ཇི་བཞིན་པའོ། །གསང་སྔགས་དུས་ཀུན་ཟློས་བྱེད་པ། །དེ་ལ་བདུད་ནི ་ཡོད་མ་ཡིན། །ལྷ་རྣམས་ཐམས་ཅད་བསྒོམས་ནུབ?་ནི། །ཐུན་ཚོད་གཉིས་སུ་སྦྱིན་སྲེག་བྱ། །དེ་ལ་མཁའ་འགྲོ་མ་རྒྱལ་སྲིད། །སྣོལ་འགྱུར་འདིར་ནི་ཐེ་ཚོམ་མེད། །རང་གི་ལུས་ནི་འདི་ཉིད་ཀྱིས། །མཁའ་ལ་སྤྱོད་པའི་འགོ་འཕང་ཐོབ། །ཅེས་པ་ནི་ཕན་ཡོད ་གསུངས་བའོ། །དུས་ཀུན་ནི་སྤྱོད་ལམ་བཞི་བོ་ཐམས་ཅད་དུ་བཟླས་པར་བྱ་ཞིང་མཆོད་པར་བྱའོ། །སྔགས་ནི་གང་ལ་ལ་ཞིག་གི། ལྷ་ནི་མཁའ་འགྲོ་ལྔ་ལ་སོགས་པའི་སྔགས་ཏེ་མངོན་བརྗོད་དུ་གསུངས་པ་རྟོགས་པར་བྱའོ། །ོཾ་བཛྲ་ཌཱ་ཀ་དཾ་ཧཱུཾ ་ཕཊ་ཨོཾ་བུདྡྷ་ཌཱ་ཀཱ་ཉ་ཧུཾ་ཕཊ། ཨོཾ་ར་ཏན་ཌཱ་ཀ་ཎཾ་ཧུཾ་ཕཊ། ཨོཾ་པདྨ་ཀ་མཾ་ཏུ་ཕཊ། ཨོཾ་བིར་ཤྭ་ཌཱ་ཀ་མོཾ་ཧུཾ་ཕཊ། ཉེ་བའི་སྙིང་པོ་ལྔ་སྟེ་ཐམས་ཅད་གཅིག་ཁོ་ནའོ་ཞེས་སོ། །རྒྱལ་སྲིད་ནི་འབྱོར་བའོ། །གསུངས་པ་ཡང་མཆོད་ལ་བརྩོན་པས་མཆོད ་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག། མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ་ཅེས་སོ། །རང་གི་ལུས་ནི་མཆོག་ཏུ་བདེ་བ་ལུས་མེད་པ་འོད་གསལ་བའོ། །འདི་ཉིད ་ཀྱིས་ནི་སྐྱེ་བ་འདི་ཉིད་དོ། །མཁའ་སྤྱོད་ནཾ་མཁའ་ལ་འགྲོ་བའོ། །གོ་འཕང་ནི་སངས་རྒྱས་ཉིད་རྟག་པའོ། །གསུངས་པ་ཡང་གོ་འཕང་རྟག་པ་འགྲོ་གསུམ་དུ། །མི་རྟག་གོ་འཕང་ཀུན་ཏུའོ། །ཐོབ་པར་འགྱུར་ནི་ལས་ཀྱི་ལུས་ཅན་ནོ། །སྒྲ ་ཇི་བཞིན་པའོ། །ཅེ་སྦྱང་ཤ་དང་མྱོས་བྱང་ཀྱིས། །ཕྱི་དང་ནང་གི་སྦྱིན་སྲེག་གིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །སྒྲུབ་པས་རྒྱུད་དུ་བརྗོད་པ་ཡི་ཞེས་ཏེ། །ཅེ་སྤྱད་མི་རྟག་གོ་འཕང་ཀུན་དུའོ། །ཐོབ་པར་འགྱུར་ནི་ལས་ཀྱི ་ལུས་ཅན་ནོ། །སྒ་ཇི་བཞིན་པའོ། །ཅེ་སྦྱང་ཤ་དང་མྱོས་བྱེད་ཀྱིས། །ཕྱི་དང་ནང་གི་སྦྱིན་སྲེག་གིས། །སྒྲུབ་པོས་རྒྱུད་དུ་བརྗོད་པ་ཡི། །ལས་རྣམས་ཐམས་ཅད་འསྒྲུབ་པར་བྱ་ཞེས་པ་སྟེ་ཅེ་སྦྱང་ནི་ཅེ་སྦྱད་དོ?་ལས་རྣམས་ཐམས་ཅད་ནི་ཞི་?? ་ཅན་ལ་སོགས་པ་བརྒྱད་དང་དངོས་གྲུབ་ཆེན་པོ་རྣམས་སོ། །སྦྱིན་སྲེག་གིས་ནི་ཐབ་ཏུ་དོང་ལྟ་བར་ཡང་བླུགས་གཟང་ལ་སོགས་པས་དང་ལག་པས་ཀྱང་བསྒྲུབ་པར་བྱའོ་ཞེས་པ་དེས་པའི་དོན་ནོ། །གོ་ཞེས་པ་དབང་པོ་རྣམས་སོ། །ཤ་ནི ་གསུངས་པ་ཡང་མཱཾ་ཞེས་མཱ་མ་ཀིར་རབ་བརྗོད། །ས་ཞེས་རྫོགས་པའི་བྱང་ཆུབ་གསལ། །དགོངས་པའོ། །མྱོས་བྱེད་ནི་ལྷན་ཅིག་སྐྱེས་དགའ་ཨོ། །སོགས་པའི་སྒྲ་ལས་དགའ་པ་གསུམ་པོ་རྒྱུར་གྱུར་པའོ། །སྦྱིན་སྲེག་གིས་ནི་ལྷན་ཅིག་སྐྱེས་པ ་སྟོང་པར་བསྒོམས་པས་སོ། །ནང་གི་ཞེས་བ་ཐམས་ཅད་སྟོང་པ་བདེ་བ་ལའོ། །ཕྱི་དང་ཞེས་པ་ཀུན་རྫོབ་ཀྱི་བདེན་པས་སོ། །ལས་རྣམས་ཐམས་ཅད་ཅེས་པ་འགྲོ་བའི་དོན་བྱེད་པ་སངས་རྒྱས་ཉིད་དོ། །གསུངས་པ་ཡང་སངས་རྒྱས་ཉིད་ནི ་ཡེ་ཤེས་དང་ཐུགས་རྗེ་དང་ནུས་པར་ལྡན་པ་དོན་གཉིས་མཁྱེན་པའོ་ཞེས་ཏེ་ངེས་པའི་དོན་ནོ། །རྒྱུད་དུ་ནི་ཤེས་རབ་དང་ཐབས་དག་གིས་གཞུང་ཡང་དག་པར་སྤེལ་བ་རྣམས་སུ་སྟེ་དེར་རྒྱལ་བས་གསལ་བར་བྱེད་པ་རྣམས་ནི་འདུས ་པ་ཕྱི་མ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་སྟེ་དཔལ་ཧེ་རུ་ཀ་ངོན་པར་འབྱུང་བ་དང། མངོན་པར་བརྗོད་པ་བླ་མ་དང། ནམ་མཁའ་དང་མཉམ་པ་དང། ཀུན་སྤྱོད་དང་རྡོ་རྗེ་མཁའ་འགྲོ ་དང་རི་གི་ཨ་ར་ལླི་དང་རྡོ་རྗེ་ཨ་རལླི་དང་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་དང། རིག་པ་རྒྱ་མཆེ་དང་གསང་བ་རྒྱ་མཚོ་དང། རལ་པ་གྱེན་བརྗེས་ཕྱི་མ་དང། ཁ་སྦྱོར་འབྱུང་བའི་རྒྱུད་རྣམས་སུ་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན ་པའོ། །དེ་ནི་ཐབས་གསུངས་པ། ཞི་ལ་ཐབ་ཁུང་ཟླུམ་པོ་རུ། །སྒྲུབ་པོས་སྦྱིན་སྲེག་བྱ་བ་ཡིན་ཞེས་བྱ་བ་ལ་སོཌ་བ་སོ། །རྡོ་རྗེ་ཨ་རལླི་ཡང་དེས་པར་སྟེན་པ། ཁྲུ་?་གང་བ་ཡི་ཚད་ཙམ་ལ། །སྔགས་པས་ཁུར་ཕྱེད་བརྐོ་བར་བྱ། །མཁས་པས ་ཤིན་ཏུ་དཀར་བ་ཡི། །རྡུལ་ཚོན་ལྡན་པས་ཐབ་ཁུང་བྱ། །དེར་ནི་ཤ་ལ་སོགས་པ་དང། །གསུངས་པའི་སྔགས་ཀྱིས་སྦྱིན་སྲེག་བྱ། །མེ་ནི་རང་གི་ལྷ་ཡི་གཟུགས། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན་ཞེས་སོ། །འདིར་ཐམས་ཅད་དུ་ཐབ་ཁུང་གི་ཕྱེད ་གྱི་ཚད་བརྐོ་བར་བྱའོ། །ཐབ་ཁུང་གི་དྲུག་ཆ་ནི་ཁ་ཁྱེར་ཏེ་ཐབ་ཁུང་གི་རྣམ་པའོ། །ཐབ་ཁུང་གི་བཅུ་གཉིས་ཆ་ནི་མཆུ་སྟེ་ཐད་གར་འབྱུང་བའོ། །གང་གི་ཚེན་རྡུལ་ཚོན་དུ་གྱུར་བ་དེའི་ཚེན་དཔངས་ངེས་པ་མེད་དོ། །སྒྲ་ཇི་བཞིན་པའོ། །རྒྱས་པའི་སྦྱིན ་སྲེག་གྲུ་བཞི་རུ། །གསལ་ལ་གཞུ་ཡི་རྣམ་པ་རུ། །ཟུར་ལྔར་ཡང་དག་བཤད་པ་ལ། །སླར་ཡང་རྣམ་པར་ལྡང་དང་བསྐྲད། །དབང་ལ་ཟུར་གསུམ་པ་ཡི་ཐབ། །དགུག་པ་ལ་ནི་ཟུར་བདུན་དུ། རྨོངས་པའི་སྦྱིན་སྲེག་ཟུར་དྲུག་ཏུ། །རེངས་པ་ལ ་ཡང་ཟུར་བརྒྱད་ལ། ཐབ་ཁུང་མཚན་ཉིད་ཤེས་ནས་ནི། །དེ་ནས་མེ་ལ་སྦྱིན་སྲེག་བྱིན་ཞེས་སོ། །འདིར་ཐམས་ཅད་དུ་མེ་ཏོག་དང་གོས་ལ་སོགས་པ་ལས་ཀྱི་རྗེས་སུ་འབྲངས་པས་དཀར་པོ་ལ་སོགས་པར་ཤེས་པར་བྱའོ། །སྔགས་ནི་མཆོག ་ཏུ་གསང་ཆེན་ལ་ཡང་བརྗོད་པ་ཉིད་མ་ཡིན་པའི་ཕྱིར་འདིར་མི་བརྗོད་དོ། །འདིར་ཞི་བ་ལ་དཀར་པོའི་ཞལ་འཛུམ་པ་དང་བཅས་སྔོན་མ་གཙོ་བོའོ། །ཐུན་མང་པོ་ལའོ། །དཔའ་བོ་གཅིག་པ་ཡང་རུང། རྒྱས་པ་ལ་དཀར་པོ་དང་སར་པོ ་མཚུངས་པ་གཉིས་པ་ལ་འགྱུར་རོ། །དེ་བཞིན་དུ་རེངས་བ་ལ་སེར་པོ་རེངས་པ་གསུམ་པ་ལའོ། །དེ་བཞིན་དུ་རྨོངས་པ་ལ་སེར་པོ་དང་དམར་པོར་འགྱུར་རོ། །དེ་བཞིན་དུ་དགུག་པ་ལ་ཆགས་པ་དང་བཅས་པ་དམར་པོ་ལྔ་བ་ལ་འགྱུར་རོ། །དེ ་བཞིན་དུ་དབང་ལ་དམར་པོ་དང་ནག་པོ་དྲུག་པལླའོ། །དེ་བཞིན་དུ་གསང་བ་ལ་ནག་པོའི་ཞལ་བདུན་པ་ལའོ། །སྐྲོད་པར་བྱེད་པ་ནི་དཀར་པོ་དང་ནག་པོ་བརྒྱད་པ་ལའོ། །བསྒྲུབ་པར་བྱའོ་ཞེས་པ་ཁྲོ་བ་དང་བཅས་པའོ། །ཡང་ན་ཐུན་ཕྱེད་པའི ་དབྱེ་བས་བྱའོ། །ཡང་ན་ཐུན་མཚམས་བཞིའི་དབྱེ་བས་ལས་རྣམས་ཏེ་སྔ་མའི་ཐུན་མཚམས་ལ་ཞི་པའོ། །ཉི་མ་གུང་ལ་རེངས་པའོ། །ནུབ་པར་གྱུར་བ་ལ་དགུག་པའོ། །མཚན་མོ་ཕྱེད་ལ་བསང་བའོ། །སྒྲ་ཇི་བཞིན་པའོ།། ་དཔལ་འབྲས་པ་ལཱ་ཤ་དང་ནི། །ུ་དུ་མྦ་ར་འམ་ཨ་ཤྭ་ཐ་ནི་ཡམ་ཤིང་ངོ། །དེ་ནས་གསང་སྔགས་གྲུབ་པར་འགྱུར་ཞེས་པས་སྲེག་རྫས་གསུངས་སོ། །གསུངས་པ་ཡང་གསང་སྔགས་བཟླས་པས་འགྲུབ་པར་འགྱུར། །ཆོགས་བཅུ་ཆའི་སྦྱིན་སྲེག་ལས ་ཞེས་སོ། །འདིར་ཐམས་ཅད་དུ་དང་པོར་སྔགས་བསྒྲུབ་པའི་ཆེད་དུ་ཡི་གེ་གསུམ་གྱིས་གསང་སྔགས་ཀྱི་བདག་པོ་བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་བསམ་གཏན་དང་བསམ་གཏན་གཞན ་བསྒྲུབ་པའི་ཆེད་དུ་དང་པོར་བསྟན་པར་བྱའོ། །རྣམ་པ་གཞན་དུ་དངོས་གྲུབ་མེད་དོ། །དཔལ་དུས་ཀྱི་འཁོར་ལོའི་ཡང་གསུངས་པ། །སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། ། ་དེ་ཕྱིར་རྒྱལ་པོ་རང་སེམས་དི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་བསྒྲུབ་པར་བྱ་ཞེས་སོ། །དེ་བཞིན་དུ་སྲོག་གི་རླུང་རྡོ་རྗེ་བཟླས་པའཾ་མི་ནང་གི་བཟླས་པས་སོ་སྲོག་རྩོལ་ལ་སོགས་པས་ལས་རབ་འབྱམ་གྱིས་དོན་དུ་དབུ་མར་རབ་ཏུ ་གཞུག་པར་བྱའོ། །སྲོག་གིས་བསྒྲུབས་པ་ལས་རྣམ་པ་གཞན་དུ་ལས་གྲུབ་པ་མེད་དོ། ཞེས་པ་ངེས་པའོ། །གསལ་ལོ་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་འདི་ལས་ཡེ་ཤེས་ཀྱི། །འཁོར་ལོ་དགུག་པ་མཆོག་འཆང་བྱེད། །ཕྱག་རྒྱ་བཅིང་དང་ལག ་པར་དགོད། །དེ་ནས་ཡན་ལག་དགོད་པ་སོགས། །དཔའ་དྲུག་མཉམ་པར་སྦྱོར་བ་ཡིས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་ཞེས་པ་ལ་སོགས་པས་ཡེ་ཤེས་དགུག་པ་ལ་སོགས་པ་མདོར་སྟོན་ཏེ་དམ་ཚིག་སེམས་དཔའ་རྫོགས་ནས་ཡེ་ཤེས་ཀྱི་འཁོར ་ལོ་ཛ(རྒྱུད་འགྲེལ་དོ། །སྤྱི་བོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོཌ་པར་བྱེད་དོ་ཞེས་པའི་དོན་ནོ། །དེ་མེས་ཞུ་བར་གྱུར་ནས་ཐིག་ལེའི་གཟུགས་ཀྱིས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བར་རབ་ཏུ་འཇུག་པར་བྱེད་དོ། །ས་ནི་དེའི་བཅིང་བ་བྱེད་དོ། །ཆུའི་ཁམས་ནི་ལུས ་ལ་བསིལ་བ་ཉིད་དུ་བྱད་དོ། །སླར་ཡང་གནས་དེ་ནས་སེང་དུ་བགྲོད་པའི་དོན་དུ་རྒྱ་མཐུན་པའི་བདེ་བ་ཉིད་དོ། །སྤྱན་མ་ལ་སོགས་པས་རྡོ་རྗེའི་བླུ་རྣམས་ཀྱིས་རབ་ཏུ་རྟོག་པར་བྱེད་དོ། །ལྟེ་བ་ལ་སོགས་པ་ནས་དེ་ལྟ་བུ་ལ་སོགས་པ་རྣམས ་ཀྱིས་བསླངས་ནས་བདེ་བ་ཆེན་པོ་དྲི་མ་མེད་པ་ཉིད་དུ་གྱུར་པས་ཕུང་པོ་ལ་སོགས་པ་སྒྲིབ་པ་མེད་པར་བྱེད་དོ། །དེ་ནས་རྣལ་འབྱོར་པ་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འགྱུར་རོ། །ཞེས་པ་ནེས་པའི་དོན་ནོ། །ཕྱག་རྒྱ་སྟེ་དྲ་བའི ་ཕྱག་རྒྱ་དང་སྡོམ་པ་འཆད་པར་ཕྱེད་དོ། །ཞེས་པ་རྣལ་འབྱོར་རོ། །སྦྲ་ཇི་བཞི་པའོ། །སྡོང་པོ་ལ་ནི་རྡོ་རྗེ་སེམས། །ལྕག་མར་རྣམ་པར་སྣང་མཛད་གནས། །པདྨ་གར་དབང་གུང་མོ་ལ། །ཧེ་རུ་ཀ་ནི་མིང་མེད་གནས། །མཛའ་ལ་ནམ་མཁའ་ཨི་སྙིང་བོ་ཡང། རྟ་མགྲིན་ལག་པའི་མཐིལ་དུའོ། དཔའ་མོ་ཚེ་སོགས་ཕོ་ཉ་མོ། ལག་པ་གཡོན་པར་ང་བཞིན་ཉིད། །ཞེས་ཏེ་ལག་པ་ལ་དགོད་པ་གཞན་རྒྱས་པར་འཆད་དོ། །ལག་པ་གཡས་པ་ལ་སྟེ་སྒྲ་ཇི་བཞིན་པའོ། །མཛུབ་མོ ་ལྕགས་སྒྲོག་ལྟ་བུར་སྦྲེལ། །འོག་ཏུ་མཐེ་བོང་ངེས་པར་སྦྱར། །གུང་མོ་དག་ནི་ཁབ་ལྟར་བྱ། །མིང་མེད་ལ་སོགས་རབ་ཏུ་བརྐྱང། །འབར་བའི་ཕྱག་རྒྱ་མགོར་བཞག་ནས། །རྐང་པ་ཅིག་མནན་གྱེན་དུ་བླཧ། །ཀུན་དུ་བསྐོར་ཞིང་རྣམ ་བསྐོར་བས། །དེ་ནས་ཕེཾ་ཡིག་བསྒྲག་པར་བྱ། །ཡེ་ཤེས་འཁོར་ལོ་མཉམ་བཀུག་ནས། །དམ་ཚིག་འཁོར་ལོ་རབ་གཞུག་བྱ། །ཞེས་པས་ཕྱག་རྒྱ་རྒྱས་པར་བསྟན་ནོ། །དམ་ཚིག་དེ་ཉིད་ནི་རྣལ་འབྱོར་དང་རྗེས་སུ་རྣལ ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གང་ཡང་རུང་བས་རྫོགས་པ་སྟེ་ཕྱི་རོལ་དུ་བྱིས་པ་སྐྱེས་པ་ཙམ་ནི་དམ་ཚིག་གི་འཁོར་ལོ་ཞེས་སུ་བརྗོད་པར་བྱའོ། །དཔའ་དྲུག་མཉམ་པར་སྦྱོར་བ་ཡི། །ཡན་ལག་དྲུག་ཏུ་ཇི་བཞིན ་རིམ་ཞེས་པ་ནི་དང་པོར་ཡན་ལག་དགོད་པ་གསུངས་ཏེ་གསལ་ལོ། །འབྱུང་མོ་དྲུག་མཉམ་སྦྱོར་བ་ཡིས། །གོ་ཆ་གཉིས་པར་བཤད་པ་ཡིན། །ཕག་མོ་ཕོ་ཉ་གཤིན་རྗེ་མ། །དེ་བཞིན་རྨོངས་བྱེད་སྐྱོད་བྱེད་མ། །སྒྲག་བྱེད་གཏུམ་མོ་ཕོ ་ཉ་མོ་??་ཡན་ལག་དྲུག་ཏུ་ཇི་བཞིན་རིམ་ཞེས་པས་གོ་ཆ་གཉིས་པ་གསུངས་ཏེ་གསལ་ལོ། །མཐོཌ་སོགས་ལ་རབ་གཏུམ་སོགས། །ཕོ་ཉ་མོ་ནི་ཉེད་ཤུ་བཞི། །གོ་ཆ་གསུམ་པར་བཤད་པ་ཡིན། །སྒྲུབ་པའི་ཕྱིར་དུ་རྣལ་འབྱོར ་བདག་ཅེས་སོ། །གོ་ཆ་ཞལ་གྱིས་དགོད་པ་གསུངས་པ་རྣལ་འབྱོར་པ་ཆུང་ངུ་དང། འབྲིང་དང། ཆེན་པོ་རྣམས་ཀྱིས་བརྟགས་པ་ཨུ་ཡིག་གིས་རྫོགས་པར་བསྒོམ་པ་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གསོཾ།། ་དེའི་ཕྱིར་ཡན་ལག་བཞིས་ཧེ་རུ་ཀ་བསྒོམ་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ་ཇི་ལྟར་མངལ་དུ་ལུས་རྫོགས་པ་དེ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྙེན་པའི་ཡན་ལག་གོ། དེ་བཞིན་དུ་ལས ་རྒྱལ་པོ་མཆོག་ཉེ་བར་སྒྲུབ་པའོ། །ཐིག་ལེའི་རྣལ་འབྱོར་ནི་སྒྲུབ་པའོ། །ཕྲག་མོའི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ་སྟེ་ངག་དང་ཁུ་བའི་བདེ་བ་རྫོགས་པའོ་ཞེས་སོ། །དེ་ནི་ནང་གི་པུ་ཡིག་ལ་སོགས་པ་ཉི་ཤུ་རྩ་བཞི་པ? ་རྣམས་ཀྱི་ཤེས་རབ་དང་ཐབས་དག་གིས་གནས་ལ་སོགས་པ་རྣམས་ཀྱི་ཡི་གེ་རྣམས་གཞོམ་དུ་མེད་པ་དང་ཟླ་བ་དང་ཐིག་ལེས་བརྒྱན་པ་དག་གི། །དགོད་པ་བརྗོད་པར་བྱ་སྟེ། མགོ་བོར་པུཾ་བརྟག་པ་རྣལ་འབྱོར་པས་དགོང་པར་བྱའོ། །དེ ་བཞིན་དུ་གཙུག་ཏོར་དུ་ཛཱཾ་མོ་རྣ་པ་གཡས་པའི་སྟེང་དུ་ཨོཾ་མོ་མགྲིན་པའི་རྒྱབ་དུ་ཨོཾ་མོ། །རྣ་པ་གཡོན་པའི་སྟེང་དུ་གོཾ་ངོ། །སྨིན་མའི་དབུས་སུ་རཱ་རོ། །མིག་གཉིས་ལེ་དཾ་ནོ། །ཕྲག་པ་དག་ལ་མཱ་མོ་ཞེས་པ་གནས་དང་ཉེ་བའི་གནས་སུའོ། །མཆན་ཁུང ་གཉིས་སུ་ཀཱུ་ངོ། །ནུ་མ་གཉིས་སུ་ཨོཾ་མོ། ལྟེ་བར་ཏྲིཾ་མོ་སྩའི་རྩེ་མོར་ཀོ་ངོ། །ཞེས་པ་ཞིག་དང་ཉེ་བའི་ཞིང་གཉིས་སུའོ། །བ་ལ་ཀཾ་ངོ་མ་གྲིན་པར་ལམ་མོ། །སྙིང་ཀར་ག་ཀར་ག་ངོ་རླིག་པར་ཧཾ་མོ། །འདུན་རྟོག་དང་ཉེ་བའི་འདུན་རྟོག་དག་ལའོ།། ་རྟགས་ལ་བྲ་མོ། །བཤང་ལམ་དུ་གྲིང་ངོ། །བརླ་དག་ལས་སོ། །བྱིན་པ་དག་ལ་སུ་མོ་རྐང་པའི་སོར་མོ་རྣམས་ལ་ནི་མོ་རྐང་པའི་རྒྱབ་དག་ལས་མོ། །རྐང་པའི་མཐེ་བོང་དག་ལ་མཾ་མོ། །པུས་མོ་དག་ལ་ཀུཾ་མོ། །ཞེས་པ་འདུས་པ་ཅན་དང་ཉེ ་བའི་འདུས་པ་ཅན་དང། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དེ་བཞིན་ནོ། །ཞེས་པ་དྲང་བའི་དོན་ནོ། །ཉི་ཤུ་རྩ་བཞི་ནི་ཀུན་སྤྱོད་དུ་ལུས་ཀྱི་ཁམས་ནི་ཉི་ཤུ་བཞི། །དཔའ་བོ་རྣམས་སུ་བརྟགས་པའོ་ཞེས་ཏེ་ངེས་པའི་དོན་ནོ། །མགོ་བོ་ལ་སོགས ་པར་དགོང་པའི་ཆོ་གའོ། །དེ་ནས་དང་ཕ་རོལ་དུ་ཕྱིན་པ་བཅུ་རྣམས་རྣམ་པར་སྤྱད་པར་བྱ་སྟེ་དེ་བཞིན་ཞེས་བྱ་བ་ལ་སོགས་པས་ས་བཅུ་གསུངས་པ་གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། ། ་ཉེ་བའི་ཞིང་ནི་འོད་འཕོར་བཤད། །འདུན་རྟོག་ཤིན་ཏུ་རྒྱལ་དཀའ་བ། །ཉེ་བའི་འདུན་རྟོག་མངོན་གྱུར་ཉིད། །འདུས་པ་ཅན་ཡང་རིང་དུ་སོང། །ཉེ་བའི་འདུས་ཅན་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ས། །ཉེ་བའི་དུར་ཁྲོད ་ཆོས་ཀྱི་སྤྲིན་ཞེས་ཏེ། གནས་ཞེས་པ་ཕྱི་རོལ་དུ་གླིང་བཞིའོ། །ཉེ་བའི་གནས་ནི་ཉེ་བའི་གླིང་བཞི་པོ་རྣམས་སོ། །གཞན་སྔར་གསུངས་པས་ཤེས་པར་བྱའོ། །རབ་ཏུ་དགའ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སའོ། །ཕྱི་རོལ་དུ་ལུས? ་ལ་སྤུ་ལ་སོགས་པ་གཞན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ལུས་ལ་པགས་པ་དང་ཤ་ནི་དྲི་མ་མེད་པའོ། །རོ་དང་ཆུ་རུས་པ་དང་རྐང་རྩ་དང་སྲོག་དུས་ཀྱི་མ་དང་ཨེས་ར་བ་ནི་ཤིང་ལ་སོགས་པ་བྱས་པའི་རྡོ་རྗེ་ ་ང་ཉི་མ་དང ་ཟླ་བཞེས་པའོ། །དེ་ལྟར་སྤུ་དང་སྐྲ་ལ་སོགས་པ་ནས་ཟླ་བའི་མཐར་ཐུག་པ་སྒྲིབ་པ་མེད་པ་རྣམས་ས་བཅུར་གསུངས་པ་རྣམས་སོ། །གསུངས་པ་ཡང་མགོན་པོ་ས་བཅུའི་དབང་ཕྱུག་ནི། །འདི་རྣམས་ཀྱིས་རོལ་གཞན་ནི་གསུངས ་དེ་བཞིན་དུ། །དགོངས་པས་ཕ་རོལ་ཕྱིན་པ་བཅུ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག་ཅེས་ཏེ། །བརྟན་གཡོ་ནི་ཁམས་བཅུང་གསུངས་པ་དེ་ཉིད་སྒྲིབ ་པ་མེད་པ་ལས་དཔལ་ཧེ་རུ་ཀའི་ཡན་ལག་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱོད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་མ་ཡིན་ཞེས་ཏེ ་དགོངས་པའོ། །ཀུན་ནས་ཕྱག་དང་ཞབས་ཀྱི་མཛའ་། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་ཏིང་འཛིན་ན། ཐམས་ཅད་གཡོགས་ཏེ་གནས་པར་བྱེད། །དེ་ནས་དངོས་གྲུབ་བསྒྲུབ་བྱ་བ། །རྣལ་འབྱོར་ལྡན ་པའི་སེམས་ཀྱིས་སོ། །སྒྲུབ་པོ་རྣམས་ལ་ཕན་དོན་དུ། །དེ་ཉིད་འདི་རུ་དཔེར་བརྗོད་དོ་ཞེས་པས་སྒོམ་པ་གསུངས་སོ། །དང་ཞིང་གསལ་བའི་རྣལ་འབྱོར་གྱིས། །གཟི་བརྗིད་གཟུགས་འཆད་བསྒོམ་པར་བྱ་ཞེས་བརྗོད་དོ། ། ་དེ་ཉིད་མི་བླུ་བ་སོགས་པ་དེ། །ཧེ་རུ་ཀ་དཔལ་རབ་ཏུ་བསྟན། །བཤད་པའི་བརྒྱུད་ཀྱིས་རྗེས་འབྲངས་ནས། །བླ་མའི་ཞལ་ལས་རྟོགས་པར་བྱ། །བླ་མ་ཡང། །རང་གི་ལྷག་པའི་ལྷར་དམིགས་ནས། །དེ་ཉིད་གཅིག་པུ་རྣམ་བསམ་བྱ། །ཟླ་དྲུག་ཙམ་ན་ངེས ་པར་ནི། །ལྐུགས་པའི་དངོས་པོར་ཐལ་བར་འགྱུར་ཞེས་ཏེ་དགོངས་པའོ། །ས་ངེས་པར་བསྟན་པའི་ལེའུའོ།། །།དེ་ནས་གཞན་ནི་རབ་འཆད་བྱེད། །འདིར་ནི་དེ་ཉིད་བཅུ་བཞིའོ། །ཞེས་པས་བསྐྱེད་པའི་རིམ་པས་སྒྲུབ་པའི ་ཐབས་ཀྱི་མངོ་གསུངས་སོ། །གཞན་ལས་འད་གསལ་དང་ཟུང་དུ་འཇུག་པ་ལས་སོ། །འདི་ཧེ་རུ་ཀའི་རྒྱུད་དུ་དེ་ཉིད་རྣམས་ནི་དབང་བསྐུར་པ་རྣམས་ཏེ་ཡེ་ཤེས་ཀྱི་ཆེད ་དུའོ། །སྒྲ་ཇི་བཞིན་པའོ། །གདན་དང་ཕྱག་རྒྱ་ཅན་དགོད་པ། །ཤེས་རབ་ཡན་ལག་གདུག་ཕུར་བུ། །ར་བ་དང་ནི་གུར་དགོང་པ། །དེ་བཞིན་རྒྱུ་སོགས་སྟོང་པ་ཉིད། །འཇུག་པ་དང་ནི་སྒྲ་ཙམ་མོ། །ཱ་ལི་ཀཱ་ལི་སོགས་བསྡུས་ལ། །དགུག ་པ་ཡེ་ཤེས་སེམས་པ་ཡིས། །གཅིག་ཏུ་ཤེས་རབ་རྗེས་ཆགས་པ་བདུད་རྩིས་ཆིམ་པར་བྱེད་ཉིད་དང། །འཁོར་ལོ་ཚན་པོ་གཤེགས་སུ་གསོལ། །དེ་ཉིད་རྣམས་ནི་བཅུ་བཞི་སྟེ། །མདོར་བསྡུས་པ་ཉིད་བསྟེན་པ་ཡིན་ཞེས་རྒྱས་པར་བཤེ ་པ་གསུངས་སོ། །གདན་ནི་གནས་ལ་སོགས་པ་ལས་ལ་གསུངས་པའི་ཁྱིམ་དུ་འམ་དགེ་བའི་ཡུལ་དུ་སྔར་གསུངས་པའི་གང་ན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་བསྒྲུབ་པར་བྱའོ། །བུམ་པ་ལ་སོགས་པ་དུན་དུའོ་ཞེས ་བའི་དོན་ནོ། །ཕྱག་རྒྱ་ཅན་ནི་འཁོར་ལོ་ཅན་ལ་སོགས་པ་དེ་རྣམས་དགོད་པའོ། །ཤེས་ར་བ་ནི་ཤིང་ལ་སོགས་པ་བྱས་པའི་རྡོ་རྗེ་དྲིལ་བཱུམ་ཁ་ཌཱཾ་ག་ལ་སོགས་པ་དགོད་པའོ། །བླ་མར་ཡང་རྟག་ཏུ་མཆོག་གི་ཕྱག་རྒྱ་ལྔ་ཅོད་པན ་ཐོགས་པ་ལས་བྱས་པ། །ཐོད་བ་དང་ནི་ཁ་ཊཝཱཾ་འཛིན། །ལུས་ནི་ཐལ་བའི་རྡུལ་དང་ལྡན་ཞེས་སོ། །ཡན་ལག་ནི་དེར་ཕུང་པོ་ལ་སོགས་པ་དགོད་པར་བྱའོ། །དམ་ཚིག་གི་རིལ་བུ་ཁར་གཞུག་པར་བྱའོ། །རང་བཞིན་དག་པའི ་སྔགས་བརྗོད་པའི་དེ་མ་ཐག་ཏུ་གདུག་པ་ལ་ཕུར་བུས་གདབ་པར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་དང་ནང་གི་བདག་ཉིད་ཅན་སྟོང་པར་བལྟས་ནས་ཧཱུཾ་ཡིག་ལས་སྐྱེས་པའི་འོད་ཟེར་གྱིས་གདུག་པ་རྣམས ་བསྲེགས་ནས་བསྐྲད་པར་བྱའོ། །ཡང་ན་གནོད་མཛེས་ལ་སོགས་པས་བུད་བུས་གདབ་པར་བྱའོ། །དེ་ནས་རབ་དང་དེའི་འོད་ཟེར་གྱིས་གུར་དགོད་པ་དང་རྡོ་རྗེའི་ས་གཞི་ཡང་བསྒོམ་པར་བྱའོ་བླ་མར་ཡང་ཕྱོགས་བཅུར་སྲིད་རྩིའི་བར་དུ་ནི ་འོད་ཟེར་ཕྲེང་བ་སྤྲོས་པར་བྱ། །འདེ་ནས་འོད་དེས་བལྟས་ནས་ནི། །ར་བ་གུར་ནི་བདེ་བཞིན་ནོ་ཞེས་སོ། །རྒྱུ་སོགས་སྟོང་པ་ཉིད་ནི་དོན་དམ་པས་བ་སྲུངས་པ་ཚིགས་སུ་བཅད་པས་བསྒོམ་པར་བྱའོ། །བླ་མར་ཡང། ཆོས་ནི་ནམ་མཁའ་ལྟ་བུ་སྟེ། ། ་ཆོས་མིན་ཆོས་ཉིད་ཀྱང་མ་ཡིན། །ནམ་མཁའ་ལྟ་བུར་གོས་པ་མེད། །རང་བཞིན་མེད་ཅིང་གནས་མེད་པའོ་ཞེས་སོ། །དེ་ནས་འཇུག་པ་སྒྲ་ཙམ་ནི་ཡིད་ལས་བྱུང་བའི་མཆོད་པའི་པར་མཆད་པར་སེམས་ཙམ་གྱི་དོན་ལ་གནས་པར ་བྱ་ཞིང་ནཱ་ད་ཙམ་དུ་རྣམ་པར་བརྟག་པར་བྱའོ། །དེ་ནས་སྟོང་པའི་སྔགས་བརྗོད་ནས་བསྒོམ་པར་བྱའོ། །ཱ་ལི་ཀཱ་ལི་ལ་སོགས་བསྡུས་པ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་སྔོན་དུ་འགྲོ་བས་ཁང་པ་བརྩེགས་པ་བསྒོམས་ནས ་རྣམ་པ་ལྔ་ལས་སྐྱེས་པའི་དང་པོའི་མགོན་པོ་རྣམ་པར་བསྒོམས་ཏེ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་ལྷ་མོའི་གླུས་རབ་ཏུ་བས་དཔར་བྱས་ཏེ་སྐུ་ལ་སོགས་པའི་མཁའ་འགྲོའི་གཟུགས་སུ་རྫོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན ་དུ་བསྒོམ་པར་བྱའོ། །རྡོ་རྗེ་མཁའ་འགྲོར་ཡང་གླུར་གསུངས་པ། ཨོཾ་མཧཱ་མུ་ཁ་བཛྲ་ས་ཏྭ་ཛ(རྒྱུད་འགྲེལ་བྱའོ། །དེ་ནས་དབང་བསྐུར་ནི་དབང་བསྐུར་བའི་སྤྱི་བོར་རང་གི་རིགས་ཀྱི་དབང་པོ་བསྒོམ་པར་བྱའོ། །ཧེ་རུ་ཀའི་རྣམ་པ་ལ་ཤེས་རབ་རྗེས་སུ་ཆགས་པ་ནི་རང་གི་དབང་བསྐུར་བའི་ཤེས་རབ་མའི་འདོད་པ་ལྔས་མཆོད་ནས་ཕུང་པོ་ལ་སོགས་པ ་དགོད་པ་བྱས་ཏེ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་གྱིས་རྗེས་སུ་ཆགས་པར་བྱའོ། །བདུད་རྩིས་ཚིམ་བྱེད་ནི་དམ་ཚིག་སྐྱོང་བ་དང་བསྟོད་པ་ལ་སོགས་བྱས་ནས། གཤེགས་སུ་གསོལ་ཞེས་པ་ནི་དེ་དག་བསྡུ་བར་བྱའོ་ཞེས་པ་སྟེ། དྲང་བའོ་དོན་ཏོ། ་གདན་ནི་འདོད་པ་ལྔ་ཉེ་བར་བརྟེན་པར་བྱེད་པའོ། །ཕྱག་རྒྱ་ཅན་དགོད་པ་ནི་སྲོག་ཆགས་གསོད་པ་ལ་སོགས་པའི་སྦྱོར་བའོ། །གདུ་བུ་སྲོག་ཆགས་གསོད་པ་སྤངས་ཞེས་སོ། །ཤེས་རབ་ནི་ཤེས་རབ་ཀྱི་ལྷན་ཅིག་པའོ། །གདུག་པའི་ཕུར ་པ་ནི་སྦྱོར་བ་སྟེ་རྒྱུད་དུ་ཡང། །གདུག་པ་ཐམས་ཅད་འདུལ་བ་ནི། །ནུ་མ་མཆན་ཁུང་གཉིས་འཚིར་བའོ། །ར་བ་གུར་ནི་དགོད་པ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །རྒྱུ་སོགས་སྟོང་པ་ཉིད་ནི་ཤྲཱི་ཡིག་གཉིས་སུ་མེད་པའི་ཡེ་ཤེས་ལྷན་ཅིག ་སྐྱེས་པ་བསྒོམ་པའོ། །འཇུག་པ་སྒྲ་ཙམ་ནི་དཀར་དམར་ཐབས་ཤེས་རབ་སྦྱོར་བ་ལ་ཤིན་ཏུ་དགའ་བའི་སྒྲ་ཐོས་པའོ། །ཱ་ལི་ཀཱ་ལི་སོགས་བསྡུས་པ་ནི་དེ་དག་འགགས་པའོ། །དགུག་པ་ཡེ་ཤེས་སེམས་དཔའ་ཡིས་ནི་ཡེ་ཤེས་འདོད ་པ་དེའི་དགུག་པར་བྱེད་པའོ། །དབང་བསྐུར་ནི་བདེ་བའི་སེམས་དེས་བསིལ་བ་ཉིད་གསང་བར་ངོ་མཚར་བསིལ་བ་ཐོབ་ཅེས་གསུངས་སོ། །ཤེས་རབ་རྗེས་ཆགས་ནི་མི་འཕོ་བའི་བདེ་བ་སེམས་པར་བྱེད་པའོ། །བདུད་རྩིས་ཚིམ་བྱེད་ནི་གནས ་ནས་དཔྲལ་བར་འགྲོ་བའོ། །འཁོར་ལོ་ཆེན་པོ་ནི་ཉི་ཁྲི་བརྒྱད་གཉིས་བརྒྱའི་དབུགས་ཀྱི་ཚོགས་སོ། །དེའི་གཤེགས་སུ་གསོལ་བ་ནི་བདེ་བ་ཆེན་པོའི་གོ་འཕང་སྟེ། དེ་ནས་རྡོ་རྗེ་འཆང་གིས་བཅུ་གཉིས་པའི་འབྱུང་གནས ་ཐོབ་པར་འགྱུར་ཏེ་དུས་གསུམ་ཤེས་པ་ཡང་ངོ། །གསུངས་པ་ཡང་བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག་།རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག། བཅོམ་ལྡན་འདས་ཀྱིས་གསུངས ་??་པའི་ས་རྣམས་ཀྱང་དྲི་མ་མེད་པའི་འོད་དུ་འདི་ལྟ་སྟེ། ཀུན་ཏུ་འོད་དང། བདུད་རྩི་འོད་དང་ནམ་མཁའ་ཨི་འོད་དང། རྡོ་རྗེའི་འོད་དང་རིན་པོ་ཆེའི་འོད་དང། །པདྨའི་འོད་དང། ལས་ཀྱི་འོད་དང། དཔེ་མེད་དང། དེས་པའི་དཔེ་དང། ཤེས་རབ་འོད་བཅུ་བར ་བཞེད་པ་དང། ཐམས་ཅད་མཁྱེན་པའི་འོད་ཀྱི་ས་ཆེན་པོ་དང་སོ་སོར་བདག་ཉིད་རིག་པ་བཅུ་གཉིས་པའོ། །ཞེས་ཏེ་རྣལ་འབྱོར་པ་རྣམས་ཀྱི་དུས་སྦྱོར་འགགས་པ་ལས་གྲུབ་པར་འགྱུར་རོ། །ཞེས་པ་དེས་པའི་དོན་ཏོ། །སློབ་དཔོན ་རྣམས་ཀྱི་བཅུ་པོ་གང། །དཀྱིལ་འཁོར་བྲི་བའི་ལས་རྣམས་སོ། །ཞེས་པས་དེ་ཉིད་བཅུ་གསུངས་ཏེ། །དཀྱིལ་འཁོར་དང་ནི་ཏིང་འཛིན་དང། ཕྱག་རྒྱ་སྟང་སྟབས་འདུག་སྟངས་དང། །གཏོར་མ་སྦྱིན་སྲེག་རབ་གནས་དང། །སྤྱན ་དྲང་གཤེགས་སུ་གསོལ་བའོ། ཞེས་སོ། །རྒྱས་པར་སྟོན་པ་ནི་དེ་ཉིད་བཅུ་རབ་ཏུ་གསལ་བར་ཤིན་ཏུ་རྒྱས་པས་རྟོགས་པར་བྱའོ། །འཁོར་ལོ་འཁྱིལ་པ་མགུལ་རྒྱན་དང། །གདུ་བུ་རེ་བཞིན་འོག་པག་དང། །ཐལ་བས་ལྷན་ཅིག་པ ་དྲུག་པོ། །དཔའ་བོ་རྣམས་ཀྱི་ཕྱག་རྒྱར་བཤད་ཅེས་པས་ཕྱག་རྒྱ་ཅན་རྒྱས་པར་བཤད་དེ་བསལ་ལོ། །ཐལ་བ་སྤངས་པ་ལྔ་པོ་ནི། །མཁའ་འགྲོ་མ་ཡིས་རབ་ཏུ་བསྒྲགས། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །རྡོ་རྗེ་ཐབས་ཀྱི་ངོ་བོ་ཡི་??། །དྲིལ ་བུ་ཤེས་རབ་རང་བཞིན་ལ། །ཞེས་ཏེ་སོགས་གྱི་སྒྲས་མཆོན་ཆ་ལ་སོགས་པའི་དག་པ་གསུངས་སོ། །དེ་བཞིན་གཡས་སུ་ཊ་མ་རུ། །གཡོན་དུ་ཁ་ཊཝཱཾ་ག་བརྗོད་བྱ། །བརྒྱ་བྱེད་མགོ་བོའི་ཕྲེད་བ་ཡིས། །མཁའ་འགྲོ་མ་དང་དཔའ་བོར་མཉམ། །མི? ་ཤེས་གཅོད་བྱེད་གྲི་གུག་སྟེ། བདུད་རྣམས་གསོད་བྱེད་ཐོད་པའོ། །དེར་རྣམས་གཅེར་བུའི་ཉིད་གར་བྱེད། །སྒྲིབ་པ་མེད་པའི་སྟོང་པ་ཉིད། །མྱོས་བྱེད་བཏུད་པ་རྟག་ཏུ་དགའ་། །བདེ་བ་ཆེན་པའི་གོ་འཕངས་གནས། །རྡོ་རྗེའི་གླུ་ནི་གླུ་ཆེན་པ། །ཆོས ་ཀྱི་འཁོར་ལོར་རབ་འཇུག་བྱེད། །དབང་པོ་རྣམས་ནི་འགོག་པ་གང། །གོ་ཀུ་ལ་སོགས་ལྔ་ཟ་བའོ། །ཕུང་པོའི་སྒྲིབ་པ་ཟད་པའི་མིང། །བདུད་རྩི་ལྔ་པོ་ཟ་བའོ། །དུར་ཁྲོད་དུ་ནི་རོལ་བར་གང། །སེམས་ཅན་ལུས་ལ་ཆེན་པོར་གནས། །རྣལ་འབྱོར ་དངོས་གྲུབ་འདོད་པ་ཡིས། །དེ་ལྟར་ཐམས་ཅད་ཡོངས་ཤེས་བྱ་ཞེས་ཏེ། སྒྲ་ཐི?་བཞིན་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོ་གའོ། །རླུང་མེ་ཆུ་དང་ས་གཞིར། །པདྨའི་ཉི་མའི་དཀྱིལ་འཁོར་དུ། །དབུས་སུ་དཀྱིལ་འཁོར་གཙོ་བོར་ཨུ་མ་དབང་ཕྱུག་མཉམ ་མནན་ནས་ཞེས་པ་ལ་སོགས་པས་སྤྲུལ་བའི་སྐུ་རྒྱས་པར་འཆད་དེ་དེའི་ཨུ་མ་དབང་ཕྱུག་ནི་གཡོན་དུ་དབང་ཕྱུག་ཆེན་པོའོ། །གཡས་སུ་དཀར་མོའོ། །བླ་མར་ཡང། དབང་ཕྱུག་ཆེན་པོའི་མགོ་བོ་མཆད?། །ུ་མའི་ནུ་མ་རྒྱས་པ་མནན་ཞོ ་སོན་??་རྡོ་རྗེ་མཁའ་འགྲོར་ཡང་དཀར་པོ་ཞལ་གཅིག་པ་ཕྱག་བཞི་རྣམས་སུ་དགྲས་སྡེ་དང་ཐོང་བ་དང་ཐལ་མོ་སྦྱར་བའོ། །རྒན་བྱང་མ་ནག་མོ་ཞལ་གཅིག་བ་ཕྱ་ན་བཞི་རྣམས་སུ་སྐྱོང་བ་དང་ཁ་ཊི་ཡ་དང་རལ་གྲི་དང་ཅང་ཏེའུ་ཅན་དོ། །?? ་ཇི་བཞིན་པའོ། །ཡེ་ཤེས་འཁོར་ལོའི་པདྨ་འདབ་ལ། །བདུད་རྩི་ཡི་ནི་ཐོད་པ་རྣམས། །ནག་པོ་དམར་པོ་དཀར་པོའི་ལྟ། །འཁོར་ལོ་གསུམ་དུ་རིམ་བཞིན་གནས། །མཁའ་འགྲོ་མ་སོགས་རིམ་ཇི་བཞིན། །བྱ་རོག་གདོང་སོགས་དེ ་བཞིན་ཉིད། །ཕྱོགས་སུ་ཇི་ལྟར་དེ་བཞིན་ཟུར། །སྒྲུབ་བོས་རྟག་ཏུ་ཤེས་པར་བྱ། །ཞེས་ཏེ་ཡེ་ཤེས་འཁོར་ལོ་ནི་སྙིང་པོའི་འདབ་མ་ལའོ། །བདུད་རྩི་ནི་བཤད་བ་དང་གཅིག་དང་ཤ་དང་ཁྲག་བཅུད་རྣམས་ནི་དབང་ལྡན་ལ་སོགས ་པའི་ཕྱོགས་བྲལ་རྣམས་སུའོ། །དེ་ཉིད་དུ་ནག་པོ་ནི་ཐུགས་ཀྱི་འཁོར་ལོ་ལའོ། །དེ་བཞིན་དུ་དམར་པོ་ནི་གསུངས་གི་འཁོར་ལོ་ལའོ། །དཀར་པོ་ནི་སྐུའི་འཁོར་ལོ་ལའོ། །མཁའ་འགྲོ་མ་ལ་སོགས་པ་རྣམས་ནག་མོ་དང་སྔོ་བསངས ་མ་དང་དམར་མོ་དང་སེར་མོ་རྣམས་ཤར་དང་བྱང་ལ་སོགས་ཏེ་བྱ་རོག་གདོད་ལ་སོགས་པ་རྣམས་ཀྱང་ངོ། །ཟུར་དུ་གཤིན་རྗེ་སྲེག་མ་ལ་སོགས་པ་རྣམས་ཀྱང་ངོ། །སྒྲ་ཇི་བཞིན་པའོ། །ཡང་ན་ཞལ་གྱི་ཁ་དོག་གིས་དེ་རྣམས་ཕྱོགས ་བཞིར་བསྐོར་བར་ཤེས་པར་བྱའོ། །ནག་པོ་དམར་པོ་གསེར་དུ་གནང། །ཁ་བ་ཀུན་ད་ཟླ་བ་མཆུངས་ཞེས་གཙོ་བོའི་ཞལ་གྱི་ཁ་དོག་གི་དབྱེ་བས་རྣལ་འབྱོར་མ་དགུ་པོ་དེ་རྣམས་ནག་མོའོ། །གཡས་སུ་དམར་པོ་དགུ་སེར་མོ་རྒྱབ ་ཏུ་གནས་པའོ། །བྱང་དུ་གནས་པ་དཀར་མོའི། །སྒྲ་ཇི་བཞིན་པའོ། །ཀུན་སྤྱོད་དུ་ཡང་གཤིན་རྗེ་སྲེག་མ་སོགས། །གཟུགས་གཉིས་ལྡན་ཞིང་ཡིད་འཕྲོག་མ། །སྒྲ་ཇི་བཞིན་པའོ། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །གོ་འཕང ་མཆོག་ནི་བསྒོམ་པར་བྱ། །སེམས་དཔའ་དཔའ་བོ་ཕོ་ཉ་མོ། །དངོས་པོ་ཀུན་གྱི་རྣལ་འབྱོར་ལྡན་ཞེས་སོ། །ལོངས་སྤྱོད་རྫོགས་པ་གསུངས་པ། གསུང་བ་ཡང་ལོངས་སྤྱོད་རྫོགས་པ་ཉིད་འཁོར་ལོ་སྒྱུར་བ་བཞིན་དུ་སླར ་ཡང་ཁམས་ཐམས་ཅད་དུ་རྫོགས་པར་ལོངས་སྤྱོད་པ་ཉིད་ཐ་དད་མ་ཡིན་པར་ཡོངས་སུ་འཛིན་པའོ་ཞེས་སོ། །དེ་ཡང་མཆོག་གི་དང་པོ་ལ་སོཊ་པར་རྟོཊ་པར་བྱའོ། །སྒྲ་ཇི་བཞིན་པའོ། །ཀླུ་ཡི་དབང་པོ་རུས་པའི་རྒྱ། །སྟག ་ལྤགས་གླང་པོའི་པགས་པ་དང། བདུད་དང་ཉོན་མོངས་སྙོམས་འཇུག་དང། །ཤེས་བྱའི་སྒྲིབ་པ་རྣམས་ཀྱང་ངོ། །ཞེས་པས་ཆོས་གསུངས་སོ། །གསུངས་པ་ཡང་འཁོར་གསུམ་རྣམ་པར་རྟོག་པ་གང། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར ་སྣ་ལ་སོགས་རྣམས་རྟོག་གང། །དེ་ནི་ཉོན་མོངས་སྒྲིབ་པར་འདོད་ཅེས་སོ། །བདུད་ཀྱི་སྒྲིབ་པ་རྣམ་པར་དག་པས་ཀླུའི་དབང་པོའོ། །ཉོན་མོངས་དག་པས་རུས་པའི་ཕྱག་རྒྱའོ། །སྙོམས་འཇུག་དག་པས་སྟག་གི་པགས་པའོ། །ཤེས་བྱ ་ཡོངས་སུ་དག་པས་གླང་པོ་ཆེའི་པགས་པ་ཡང་ངོ། །སྒྲ་ཇི་བཞིན་པའོ། །ུ་མ་དབང་ཕྱུག་ཆེ་དེ་བཞིན། །ཐོད་པ་ཚངས་པའི་མགོ་བོ་དང། །ཐོད་པའི་ཕྲེང་བ་དེ་བཞིན་ཏེ། །ཐལ་བཅས་ཚང་བའི་སྐུད་པ་དང། །མགོ་བོའི་ཕྲེང་བ་ཡང ་དག་ལྡན། །དེ་དག་རྣམ་དག་ཤེས་པར་བྱ། །ཁྲོ་བོའི་དབང་དང་བྱང་ཆུབ་སེམས། །སྒྲིབ་པ་ཅུང་ཟད་དང་ལྡན་ནོ་ཞེས་ཏེ་ཟུང་ཟད་ཅེས་པ་ཉོན་མོངས་པ་བཞི་པའོ། །གསུངས་པ་ཡང། །ཉུང་དུའི་ཡེ་ཤེས་ཀྱིས་བྱས་པ། །ཉོན་མོངས་བཞི ་པོ་ངེས་བསྲེག་མིན། །ཞེས་ཏེ་སྒྲ་ཇི་བཞིན་པའོ། །ུ་མ་དང་དབང་ཕྱུག་ཆེན་པོ་ནི་རྡུལ་དང་ཁུ་བའོ། །རི་གི་ཨལླི་རུ་ཡང། །མགོ་བོ་ཡང་ནི་ཉོན་མོངས་བདུད། །ཐོད་པ་ནམ་མཁའ་རྣམ་དག་པ་ཞེས་སོ། །ཱ་ལི་ཀཱ་ལིའི་དག་པ་སྒྲ་ཇི ་བཞིན་པའོ། །སེམས་ཅན་མོས་པ་སྣ་ཚོགས་པས། །སྤྱོད་པ་སྣ་ཚོགས་ཀུན་ཏུ་གནས། །སྣ་ཚོགས་ཚུལ་གྱི་ཆོ་ག་ཡིས། །སྣ་ཚོགས་པ་ཡི་ཐབས་བསྟན་ནོ། །ཞེས་ཏེ་ལྷག་པར་མོས་པ་ཐ་དད་པ་ཉིད་ཀྱི་སེམས་ཅན་གང་ཡིན་པ ་དེ་ལ་ཐ་དད་པའི་ཚུལ་དང་ཐབས་བསྟན་ནོ། །ལྷག་པར་མོས་པ་སྣ་ཚོགས་པ་ནི་ཉན་ཐོས་ལ་སོགས་པའི་སེམས་སོ། །སྤྱོད་པ་དང་ཚུལ་རྣམ་པ་གསུམ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་འདོད་པ་རྣམས་སོ། །ཐབས་ནི་ལམ་སྒོམ་པར ་བྱེད་པའོ། །དེ་ལ་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་རྟག་པར་སྒོམ་པ་ལ་སོགས་པ་གསུངས་སོ། །དོན་སྨྲ་བ་རྣམས་འས?་ལ་སོགས་བའི་ཟད་པར་སྒོམ་པའོ། །རྣམ་པར་ཤེས་པ་རྣམས་ལ་བརྟགས་པ་ཙམ་ཉིད ་ཀྱི་ཏིང་ངེ་འཛིན་ནོ། །དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུ་དང་འགྱུར་པ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པ་གསུངས་ཏེ་སེམས་ཅན་གྱི་བསམ་པས་སྟོན་པ་རྣམས་ཀྱང་དེ་བཞིན་ཏེ་ཁུར་ཁུར་བའི་གང་ཟག་ཡོད་དེ་རྟག་པར་ཡང་མི་སྨྲ ་མི་རྟག་པར་ཡང་མི་སྨྲའོ། །རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཐ་མའི་ལུས་མཚན་ལ་སོགས་པ་དང་ལྡན་པ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པ་ནི་རྣམ་པ་ཤེས་པ་ཙམ་མོ་ཞེས་སོ། །རྒྱད ་གཞན་དུ་ཡང་སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །ཀུན་རྫོབ་ཀྱིས་སོ། །ཤེས་རབ་ཕ་རོལ་ཕྱིན་བྱེད་མ། །བྱེད་པོ་སངས་རྒྱས་ལུས་ཅན་མིན། །ཞེས་ཏེ་ལྡོག་པས་མྱ་ངན་ལས་འདས་པ་ཉན་ཐོས་དང ་རང་སངས་རྒྱས་རྣམས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་དང། ཐེག་པ་ཆེན་པོ་པ་རྣམས་ཀྱི་ཕུང་པོ་ལྷག་མ་མེད་པའོ། །སྟོང་པ་ཉིད་གཉིས་སུ་མེད་པ་སྨྲ་བ་བོ་རྣམས་ཀྱི་རབ་ཏུ་མི་གནས་པ་ཤིན་ཏུ་གཉིད་ལོག་པ་དང་སད་པ་དང ་བྲལ་བ་བཞི་པ་དང་རྨི་ལམ་ལྟ་བུ་ནི་འབྲས་བུའོ། །ཤེས་རབ་ཀྱི་ཕ་རོལ་དུ་བྱིན་པའི་ཚུལ་དུ་བསྟན་པ་ལ་གང་སེམས་མ་ཡིན་པའོ་ཞེས་གསུངས་བ་ཆོས་ཐམས་ཅད་དངོས་པོ་མ་ཡིན་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་ཞེས ་སོ། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། །ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་བོ་མེད། །དབང་སྐྱེས་བློ ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག། ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཤེས་པ་རྣམ་བཅས་སྐྱེས་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་ཤམ་བུ་དང་མཚུངས། །འགོག་པ་དག ་ནི་ནམ་མཁའ་བཞིན། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡི་རིག། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །སྒྱུ ་བ་རྨི་ལམ་མཐོང་བ་ཡིས། །དམིགས་པ་མེད་པ་རབ་ཏུ་གསལ། །གཟུང་དང་འཛིན་བ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡིས། །ཕ་རོལ་ཕྱིར་རྣམས་དེ་སྐད་སྒྲོགས། །རྣམ་པར་ཤེས་དོན ་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དོ། །གཅིག་དང་དུ་མའི་རང་བཞིན་དང། །བྲལ་ཕྱིར་ནམ་མཁའ་ཨི་པདམོ་བཞིན། །ཡོད་དང་མེད་དང་ཡོད་མེད་དང། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཛའ་བཞི་རྣམ་པར་སྲོལ་བ་ཡི ་དེ་ཉིད་དབུ་མ་པ་ཡི་རིག། དེ་བཞིན་དུ་འང། །བདག་མེད་འབྱུང་བ་ཡོད་ཅིང་དགེ་བ་མི་དགེའི་འབྲས་བུ་ཡོད་དེ་བྱེད་པ་པོ་ཡི་རྣམ་པར་དམན། །འགྲོ་བ་བོ་མེད་པ་ལུས་ཐར་པའི་སླད་དུ་འགྲོ་བ ་ཡོད་ཅིང་འཆིང་བ་ཡོད་དེ་བཅིངས་པ་མེད། །དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད། །འདི་དག་བདག་གི་བདེན་པའི་ཚིག་སྟེ་ལྷ་དང་གདེངས་ཅན་རྣམས་ཀྱི་གདོན་བཅས་ཚིག ་གིས་འཇོམས་མི་འགྱུར། །སྒྲ་ཇི་བཞིན་པའོ། །ཟབ་མོ་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང། །སྨོད་པ་དག་ཏུ་མི་བྱ་སྟེ། ཆོས་ཉིད་བསམ་མི་ཁྱབ་དྲན་བྱ་ཞེས་པས་དག་པའི་སྐུ་གསུངས་སོ། །ཟབ་མོ་ནི་རྟོག་གེའི ་ཡུལ་མ་ཡིན་པའོ། །གང་གིས་འདིར་བདག་ཡུལ་མིན། །བདག་གིས་ཆིས་ཉིད་མི་ཤེས་ཏེ། །དུས་གསུམ་བཞུགས་བའི་རྫོགས་སངས་རྒྱས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །སྒྲུབ་བ་ཀུན་ལས ་རྣམ་པར་གྲོལ། །གང་གིས་ཁམས་གསུམ་རྒྱས་གདབ་པ། །ཁྲོ་བོའི་དབང་དང་བྱང་ཆུབ་སེམས། །དཀྱིལ་འཁོར་ཀུན་གྱི་གཙོ་བོའོ། །ཞེས་ཏེ་བདག་ཉིད་ཆེན་པོ་ནི་སྐུ་ལྔའོ། །རྫོགས་སངས་རྒྱས་ནི་ས་བཅུ་གསུམ་གྱི་དབང་པོའི། །དུས ་གསུམ་བཞུགས་པ་ནི་ཚོགས་གསུམ་མོ། །ཁྲོ་བའི་དབང་པོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའི། །དང་ཡིག་ལས་སྦྱན་མ་ལ་སོགས་པའོ། །ཐམ་ཅད་ནི་མཁའ་འགྲོ་ལྔ་ལ་སོཊ ་པ་རྣམས་ཀྱིས་མཁྱེན་ནོ་ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། །སྐུ་བཞིའི་ཆོ་གའོ། །དེ་ལྟར་གང་ཞིག་སྒོམ་པ་དང། །གསང་སྔགས་བཟླས་པ་བྱེད་པ་ནི། །སྐྱེ་དང་སྐྱེ་བར་ཆོས་ལྡན་པའི། །རྒྱལ་པོའི་གོ་འཕང་འགྱུར་བ་ཡིན། །ཞེས་པས་རྗེས་སུ་འགྲོ་བ ་གསུངས་སོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མཚན་མ་དང་བཅས་པའི་གཟུགས་སམ། །འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡད་ནའོ། །སྒྲ་ཇི་བཞིན་པའོ། །དཔེར་ན་མར་གྱིས་གང་པའི་སྣོད། །མེ་ཡི་དབུས་སུ་ལེགས་བཞག་པ། །དེ་ལ་མར་ནི ་ཞུ་འགྱུར་ཏེ། །སྣོད་ཀྱི་དྲི་མ་གནས་པར་བྱེད་ཅེས་པས་ལས་ཀྱི་ལུས་གཏོང་བ་དོན་དུ་གཉེར་པ་ལ་དཔེ་གསུངས་པ། །དཔེར་ན་མར་མ་མེད་པ་བཞིན་དུ་ལུས་གནས་པ་རྣམ་པར་ཤེས་པ་མེད་པའོ། །དང་པོའི་སངས་རྒྱས་སུ་ཡང། །ཕུང ་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་བའི་གོ་འཕང་འགྲོ་སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན་ཞེས་ཏེ་དགོངས་བའོ། །རྣལ་འབྱོར་པ་རྣམས་འཆི་ཆོ་འམ། །རྣལ་འབྱོ་མ་རྣམས་ཐུགས་དགྱེས་པས། །ལག་ན་མེ་ཏོག་??་ཏོ།? ་ཐོགས། །སྣ་ཚོགས་རྒྱལ་མཚན་ཡང་དག་ལྡན། །སྣ་ཚོགས་རོལ་མོའི་སྒྲ་རྣམས་དང། །སྣ་ཚོགས་གླུ་དང་མཆེད་བ་ཡིས། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད་ཅེས་པ་སྟེ་ཉེ་བ་མཐར་ཕྱིན་པ་གསུངས་སོ ་འམ་གྱི་སྒྲ་ལས་སྐྱེ་བ་འདི་ཉིད་ཁོ་ན་ལའོ། །ཕྱག་རྒྱ་ཆེན་པོ་དང་བཅས་པ་གྲུབ་པའི་དངོས་གྲུབ་ཀྱི་དུས་སུའོ། །དེ་བཞིན་དུ་ཡང་དུས་ཀྱི་འཁོར་ལོར་ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་དེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས ་རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུན་མཁའ་ལ་ནི་མདོན་གུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་ནས་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་མར་ནི ་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར་ཞེས་ཏེ་རྣལ་འབྱོར་མ་རྣམས་གུར་ཀུམ་ལ་སོགས་པའི་ཆར་འབེབས་པར་བྱེད་དོ། །རྣལ་འབྱོར་མའི་རྒྱུད་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་དུ་ཡང་རྡོ་རྗེ་སློབ་མ་རྣམས ་ཀྱིས་བྱེད་དེ་དེའི་ཕྱིར་རོ་ཞེས་སོ། །འདི་རྣམ་རྟོག་ནི་མི་ཤེས་པ་རྣམས་ཀྱི་འཆི་བའོ། །ཞེས་ཕུང་པོ་འདེ?་པ་མཆོག་གི་བདེ་བ་ཞེས་པ་རྗོད་པ་ལའོ། །ཕྱག་རྒྱའི་དངོས་གྲུབ་མཉམ་པ་འདིའོ། ཕྱག་རྒྱའི་དངོས་གྲུབ་ཀྱང་དཔལ་དུས ་ཀྱི་འཁོར་ལོར་གསུངས་པ། །མཆོག་གི་བདེ་པ་ལ་གནས་རྡོ་རྗེ་མ་འཁུམས་ཉིད་ཀྱི་བར་དུ་ཆུ་སྐྱས་ལས་ནི་དབྱུང་མི་བྱ། །གང་ཚེ་འདོད་པ་གྲུབ་པ་དེ་ཡི་ཆ་ན་འདི་ནི་སངས་རྒྱས་བྱིན་གྱིས་བརླབས་པར་རབ་ཏུ་འགྱུར། །རྡོ་རྗེ་ཆུ ་སྐྱེས་དག་ནས་གཞུག་བྱ་རང་གི་རྡོ་རྗེའི་སྙིང་གར་ཡེ་ཤེས་འཁོར་ལོ་རབ་བཅུག་སྟེ། འདི་ཡི་འོད་ཟེར་རྣམས་ཀྱིས་གཉིས་ཀའི་ལུས་ནི་གང་བར་བྱས་ནས་རྣམ་པ་ཐམས་ཅད་ཉིད་དུ་བྱེད་ཅེས་སོ། །འཁྲིད་པར་བྱེད་ནི་དེ་རྣམས་ཀྱིས ་སམ་དེ་རྣམས་ཀྱི་མཁའ་སྤྱོད་གནས་སུ་སྟེ་གཉིས་སུ་མེད་པའི་གོ་འཕངས་སུ་འཁྲིད་པར་བྱེད་དོ། །དགོངས་པའོ། །སངས་རྒྱས་རྣམས་ནི་བྱུང་གྱུར་རམ། །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་ཀྱིས་མི་ཁྱབ་ཆོས་ཉིད ་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡི་ཞེས་པས་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དང་བ་གསུངས་སོ། །སངས་རྒྱས་རྣམས་ནི་སངས་རྒྱས་སྤྲུལ་པ་སྐུ་གསུམ་པོ་རྣམས་སོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཆོས་དང་ལོངས ་སྤྱོད་རྫོགས་སྤྲུལ་པ། དག་པའི་སྐུ་ལས་སྤྲོས་པར་བྱེད་ཅེས་སོ། །སྒྲ་ཇི་བཞིན་པའོ། །ཞེས་པ་དེ་ལྟར་གཞག་ནས་ནི། །འཇིག་རྟེན་པ་ཀུན་སྨད་མི་བྱ། །དེ་རྣམས་རྟོགས་པ་བསམ་མི་ཁྱབ། །སངས་རྒྱས་གར་མཁན་བསམ་མི་ཁྱབ་ཅེས ་ཏོ། །གཞལ་ནས་ནི་དེ་ལྟར་བརྗོད་པའི་རིམ་པས་རྟོགས་པར་བྱས་ནས་སོ། །འཇིག་རྟེན་པ་ཀུན་ནི་ལྷ་རྣམས་སོ། །སྨད་པར་མི་བྱའོ་ཞེས་པ་ནི་གསུངས་པ་ཡང་དག་གང་ལས་དོན་གང་ལ་བསམ་པར་བྱ་བ་ཐམས་ཅད་སྟོད་པར་བགྲོད་བ ་མཐར་ཐུག་པ་ནི་ཐམས་ཅད་འོད་གསལ་བ་མཐར་ཐུག་པའི་ཕྱིར་རོ། །དགོངས་པ་མ་ཡིན་པའོ། །བསམ་གྱིས་མི་ཁྱབ་པ་ནི་རྟོག་གེའི་རྟོགས་བྱ་བ་ཡིན་པའོ། །སངས་རྒྱས་གར་མཁན་ནི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་བའོ། །ཕ་རོལ ་དུ་ཕྱིན་པའི་ཚུལ་དུ་གསུངས་པ་ཡང་སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་བ་དང། སངས་རྒྱས་ཆོས་དང་སངས་རྒྱས་མཛད་པ་སྟེ། འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། དག་པའི་སེམས་ཅན་གྱིས་ཀྱང་བསམ་མི་ཁྱབ། ། ་གསུངས་པ་ཡང། གལ་ཏེ་སངས་རྒྱས་ཁམས་མེད་ན། །ལུས་ཅན་ཀུན་ལ་མྱང་འདས་མེད། །བྱང་ཆུབ་ཀྱང་གསུངས་པ་འཕེལ་འགྲིབ་སྤངས་པའི་ཞེས་པ་ལ་སོགས་པས་འདིར་རོ། །ཆོས་ཀྱང་གསུངས་པ་མི་འཇིགས་པ་ལ་སླའོ? ་པ་རྣམས་ཏེ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དང། །ངེས་པར་འཆིད་བའི་བགེགས་བྱེད་པ་ལ་དང། །ལམ་ཀུན་བཤད་པ་ལ་དད། །འགོགས་པ་ཐོབ་པ་ལ་མི་འཇིགས་པ་རྣམ་པ་བཞིའོ། །འདི་ཡང་ནུབ་པར་གྱུར་པའི་དེ་ཁོ ་ན་ཉིད་ཀྱི་བྱ་བར། རྡོ་རྗེ་ཨརལླིའི་རྒྱུད་དུ་གསུངས་པ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་གོ་འཕང་མཆོག་ཉིད་ཐོབ་ནས་སངས་རྒྱས་ཀྱི་གར་སྟོན་པར་བྱེད་དེ་ཁ་ཅིག་ཏུ་རྫོགས་པར་བྱང་ཆུབ་པར་བྱེད། །ཁ་གཅིག་ཏུ་དཀའ་ ་པ་སྤྱོད་པ་དང། ལྷ་ལས་བབས་བ་དང་མྱ་ངན་ལས་འདས་པ་དང། དེ་བཞིན་དུ་ཁབ་ནས་ངེས་པར་འབྱུང་བ་ཞེས་སོ། །སྦྱ?་ཇི་བཞིན་པའོ། །མདོ་སྡེ་བྱ་བ་སྤྱོད་པ་རྣམས། །རྣལ་འབྱོར་བ་གསང་མཛའ་ཨི་དབྱེ་བ་ལས། སེམས་ཅན་འཇུག་ལ ་ཚུལ་ཁྲིམས་ནི། །དེ་དང་དེ་ལ་རབ་ཏུ་བསྟན། །ཞེས་པས་སྡེ་??་སྟོང་གསུམ་བསྡུས་པ་གསུངས་ཏེ་ཚུལ་ཁྲིམས་ནི་མི་དགེ་བ་སྤོང་བག་མེད་པ་རྣམས་ཀྱི་དོན་དུ་རབ་ཏུ་བསྟན་པའི། །དེ་ལ་མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་ཉན་ཐོས ་ཀྱི་སྡེ་སྣོད་དུའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་གསང་བ་རྣམས་ཞེས་པ་སྟེ་བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྟོག་པ་རྣམས་ཀྱིས་སོ། །ཐེག་པ་ཆེན་པོར་ཡང་ཐུན་མོང་དུ་གསུངས་པ་དང་བྲིས་པ་རྣམས་ལ་གསུངས་པ ་ཡང། རྣམ་པར་གང་དང་གང་དག་གིས། །སེམས་ཅན་རྣམས་ནི་ཡོངས་ཡིན་བྱེད། །རྣམ་པ་དེ་དང་དེ་དག་གིས། །ཆོས་ནི་བསྟན་པར་བྱ་བ་ཡིན་ཞེས་སོ། །རྒྱུད་དེས་ན་དང་པོར་ཡང་དག་པའི་ཡེ་ཤེས་མ་བསྟན་ཏོ། །ཞེས་པ་སྒྲ་ཇི་བཞིན་པའོ། །གལ་ཏེ ་རྒྱུད་གཞན་ཐམས་ཅད་དུ་རྫོགས་པའི་སངས་རྒྱས་ཉིད་མ་གསུངས་ན་དེ་དག་ལ་རིགས་ཤེས་དོགས་པ་ལ་གསུངས་པ། །མངོན་པར་བརྗོད་པ་འབུམ་པ་ཡི། །རྒྱུད་ལས་ཕྱུང་བ་སྙིང་པོ་བསྡུས། །བདུན་བརྒྱའི་གཞུང་གིས་ཡང་དག་རྫོགས། ། ་སངས་རྒྱས་རྟོགས་ཕྱིར་ལྷ་མོ་སྐྱེ། །ཞེས་པས་རྒྱུད་བླ་མར་གསུངས་སོ། །རྒྱུད་ནི་འབྲས་བུའི་རྒྱུད་དོ། །ཕྱུང་བ་ནི་རྩ་བའི་རྒྱུད་ལས་སོ། །སྙིང་པོ་ནི་རྡོ་རྗེ་སྟེ་དབྱིངས་ཐམས་ཅད། ་རྟོགས་པར་བྱེད་པའི་ཡེ་ཤེས་སོ། །བསྡུས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །ལྷ་མོ་ནི་ཀྱེ་རྡོ་རྗེ་ཕག་མོའོ། །གང་དག་གིས་དམ་བཅས་པ་དེ་དང་དེ་རབ་ཏུ་བསྟན་ནོ། །སྐྱེ་བ་འདི་ཁོ་ན་ལ་སངས་རྒྱས་ཉིད་སྦྱིན་པར་བྱེད་པ ་བདེ་བའི་ཐབས་ཀྱི་རྒྱས་མིན་པ། །སངས་རྒྱས་ཀུན་གྱིས་མདོན་པར་མཆོད། །ད་ནི་དེ་ལ་མཆོད་པ་སོགས། །ཡིད་འོད་རྣམ་པར་རྒྱས་པས་གྱིས་ཞེས་སོ། །རྡོ་རྗེ་ཨརལླི་རུ་ཡང། །གང་ཞིག་རྒྱུད་འདི་ཀློག་པར་བྱེད། །གང་ཞིག་དད་པར་བྱེད་པའམ། །གང ་ཞིག་ལྷག་པར་མོས་པར་བྱེད། །སྐྱེ་བོ་གང་ཞིག་མཆོད་པ་འང། །དེ་རྣམས་ཐམས་ཅད་སངས་རྒྱས་འགྱུར། །སྲིད་པའི་ལོངས་སྤྱོད་གནས་ལོངས་སྤྱོད་ཅེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ་འདིར་ཕྱག་རྒྱ ་ཆེན་པོ་གྲུབ་པའོ། །ཕྱག་རྒྱ་ཆེན་པོ་བ་ཡང་བཅས་ཀྱིས་གསུངས་པ། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་བོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུམ ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲེལ་བ་སྣད་བ་ཙམ་ནི་མཁའ་ལ་གནས་པ་ཡིས། །སེམས་དང་སེམས་བྱུང་ལ་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཀྱིས་དེ་ནི་གཅིག་བུའོ། །དགོངས་པའོ། །ཞེས་དཔའ་རྒྱུད ་ཀྱི་རྒྱལ་བོ་རྫོགས་སོ། །ཞེས་པ་ནི་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་ཕྱི་མ་དང་བཅས་པའི་རྒྱུད་མཐར་ཐུག་པའོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། །སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པ་དེ་བཞན ་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུ་འང་གནས་པ་མ་ཡིན་ཅེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུང་ནས། །སྟོང་པར་ལྟ་བྱེད་པ། ། ་དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པ་བསྟན་ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་ནི་མདོ་སྡེ་དང་རྒྱུད་དང། རྟོག་བ་རྣམས་ནི་རྒྱུད་རྣམས་སོ། །རྒྱལ་པོ་ནི་གཉིས་སུ་མེད་པས་པོག་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྫོགས་སོ་ནི ་ཡང་དག་པར་ཐོབ་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཟུང་འཇུག་གི་དེ་ཉིད་དོ་ཞེས་སྒྲ་ཇི་བཞིན་པའོ། །ད་ནི་ཆོས་རྣམས་གང་དག་རྒྱུ་ལ་རབ་ཏུ་འབྱུང། །རྒྱུད་དང་ཞེས་བྱ་བ་ལ་སོགས་པས་རྒྱུད་རབ་ཏུ་གནས་པའི་དོན་དུ་གྲུབ་པའི་མཛའ་ ་གསུངས་སོ། །གསུངས་པ་ཡང་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེའི་མཛའ་བ་དང་རྣལ་འབྱོར་སྤྱོད་པ་དང་དབུ་མ་པའི་གྲུབ་པའི་མཛའ་ཡས་སངས་རྒྱས་རྣམས་ཀྱིས་ཆོས་རྣམ་གང་དག་ལ་སོགས་པའི་ཚིགས་སུ་བཅད་པས་རྒྱས་བཏབ་པོ་ཞེས་སོ། །ཆོས་རྣམས ་གང་དག་རྒྱུ་ལ་རབ་ཏུ་འབྱུང་ནི་ལྔ་དང་བདུན་དུ་རབ་ཏུ་གྲགས་པ་རྣམས་སོ། །མ་རིག་པ་ལ་སོགས་པའི་ལྕགས་སྒྲོག་གིས་བསྔམས་པའི་འཁོར་ལོ་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་ནོ། །དེ་རྣམས་ཉོན་མོངས་བ་དང་ལས་དང་སྡུག ་བསྔལ་ཏ། ཡན་ལག་གསུམ་དང་གཉིས་དང་བདུན་ཀུན་རྫོབ་ཏུ་སྟེ་ཐོག་མ་མེད་པ་ནས་བྱུང་བ་དང་ཐ་མ་དང་ལྡན་པ་སྟེ་མ་རིག་པ་འགགས་པ་ལས་རྣམ་པར་སངས་རྒྱས་པ་ཉིད་དོ་གསུངས་པ་ཡང་མ་རིག་པ་དང་འདུ་བྱེད་དང་རྣམ ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་བ་དང་ཉེ་བར་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་སྟེ་བཅུ་གཉིས་རྣམས་སོ། འདོད་ཆགས་དང་ཞེས་སྡང་དང་གཏི་མུག་གི་བདག་ཉིད་ནི་མ་རིག ་པའོ། འདུ་བྱེད་ནི་སྔོན་གྱིས་ལས་རྣམས་སོ། །རྣམ་པར་ཤེས་པ་ནི་མདུལ?་བུ་འཇུག་པའོ། །མིང་དང་གཟུགས་ནི་ནུར་ནུར་བོ་ལ་སོགས་པ་ལྔའོ། །སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་རྫོགས་པའོ། །རེག་པ་ནི་ཡུལ་དང ་དབང་པོའི་རྣམ་པར་ཤེས་པ་ཕྲད་པའོ། །ཚོར་བ་ནི་བདེ་བ་ལ་སོགས་པའི་བདག་ཉིད་དོ། །སྲེད་པ་ནི་འཁྲིག་པའི་འདོད་ཆགས་སོ། །ཉེ་བར་ལེན་པ་ནི་འདོད་པའི་ཡུལ་འཛིན་པའོ། །སྲིད་པ་ནི་འབྱུང་འགྱུར་གྱི་སྲིད་པ་འབྲས་བུའོ། །ལས་ཀྱིས ་སྐྱེ་པ་ནི་སླར་ཡང་ཕུང་པོ་ཉིད་མཚམས་སྦྱོར་བའོ། །རྒ་ཤི་ནི་བསལ་ལོ། །དང་པོ་བརྒྱད་པ་དག་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །གསུམ་དུ་འདུས་ཕྱིར་བཅུ་གཉིས་ནི། །ཆོས་གསུམ ་གསུམ་ལས་བྱུང་བ་ནི། །གཉིས་གཉིས་གཉིས་ལས་རབ་བྱུང་བ། །བདུན་ཏེ་བདུན་ལས་གསུམ་འབྱུང་ངོ། །སླར་ཡང་དེ་ཉིད་དེ་རྣམས་འཁོར། །སྲིད་པའི་འཁོར་ལོ་རྒྱུ་འབྲས་ཀྱང། །འགྲོ་ཀུན་ཉིད་ཡིན་སེམས་ཅན་གཞན། །འགའ་ ་ཞིག་འདིར་ནི་ཡོད་མ་ཡིན། །སྟོང་པ་ཁོ་ན་སྟོང་པའི་ཆོས། །རབ་ཏུ་འབྱུང་འགྱུར་ཆོས་རྣམས་ལས། །ཁ་ཏོན་མར་མེ་བརྒྱལ་སོགས་ཞེས་སོ། །རྒྱུ་ལ་རབ་ཏུ་འབྱུང་གི་དོན་ནོ། །རྒྱུ་དེ་རྣམས་ནི་དེ་བཞིན་གཤེགས་པས་གསུངས་ཞེས ་པ་ནི་ཇི་ལྟར་ཀུན་ཏུ་རྟོགས་པ་དེ་བཞིན་དུ་གསུངས་བར་བྱེད་དོ་ཞེས་པས་དེའོ། །གཞན་མི་གསུངས་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ནི་རྐྱེན་ནོ། །འཁོར་བར་བརྗོད་པ་དང་ལྡན་པའོ། །དེ་རྣམས་ཀྱང་ནི་འགོག་པ་གང་ཡིན་པ་ཞེས་པ་ནི་ཀྱང་ཡིག་ལས ་སྲིད་པ་རྒྱུ་དང་བཅས་པ་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཡང་རྒྱུད་དང་བཅས་པ་སྟེ་ཡན་ལག་བཅུ་གཉིས་འགོག་པའི་མཚན་ཉིད་ཟུང་དུ་འཇུག་པའི་བདེ་བ་མ་རྟགས་པ་ནམ་མཁའ་ཨི་མེ? ་ཏེག་སེམས་མེད་པ་བེམས་པོ་མ་ཡིན་པའི་གཟུགས་སོ། །དེ་སྐད་གསུང་པའི་ཚུལ་ཅན་དགེ་སྦྱོད་ཆེ་ནི་ཟུང་འཇུག་གསུངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་བརྫུན་མ་གསུངས་པ་ཚངས་པ་ལ་སོགས་པའོ། །སྦྲིན་པར་བྱ་བའི་ཆོས ་རབ་མཆོག་འདི་ནི་ཞེས་པ་ཆོས་ཀྱི་སྦྱིན་པ་ཐར་པ་ཐོབ་པའོ། །སྦྲིན་པའི་བདག་པོ་དང་ལྷན་ཅིག་ཅེས་པ་རྟོགས་པར་སླའོ། །དག་གི་སྐྱོན་ཙམ་དང་བྲལ་མ་ལུས་གོ་འཕང་ནི། །དཔལ་སྡོམ་བདག་གིས་ཉུང་དུར་རྣམ་ཕྱེ་མཛའ་དྲུག་ལྡན། ། ་ཀུན་ཕན་མངལ་བདག་ཅི་ཡིན་རབ་ཏུ་གསལ་བར་བྲིས། །དེ་ཉིད་ཀྱིས་ནི་སེམས་ཅན་ཀུན་ཞི་བདེ་བ་ཐོབ་པར་བྱེད། །གང་དག་ལེགས་པར་གསུངས་པའི་དག། དེ་ཀུན་ནི་བདེ་གཤེགས་པའོ་ཞེས་ཀྱང་གང་ཕྱིར་རྒྱལ་པས་གསུངས། ། ་དེ་ཕྱིར་མཁས་པས་དེ་མི་སྨད། །གང་ཕྱིར་སྟོན་པ་ཅིག་བུར་རྒྱལ་བས་མདོར་བསྟན་པས། །རྣམ་པར་གཡེང་བ་མེད་པའི་ཡིད་རྣམས་ཀྱིས་བཤད་བ། །མཐར་པ་ཐོབ་པའི་ཚོགས་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན ་སྤྱི་བོས་ཡེང། ཨོཾ་ཀེ་ལི་ཀ་ཡི་བློ་གྲོས་ཆེས། །བྱིན་ཞབས་ཟླ་བ་སྔོན་མ་ཅན། །དེ་རྣམས་ཀྱིས་བསྟན་དེ་ཉིད་ནི། འཇིགས་མེད་དགའ་བ་ཅན་ཞེས་ཡུལ། དཔལ་ལྡན་རྣམས་གནོད་གྲོང་ཡིད་དགའ་། །དག་པའི་གནས་ནི་རྒྱལ་བའི་གཞི ་གཟི་བརྗིད་སྟོང་ངང་ཚུལ་ཁྲིམས་བྱུང། །འབྱོར་པའི་དོན་གྱིས་ནོར་སྦྱིན་མཚུངས། །རྒྱལ་ཆེན་ལྷག་པའི་རྒྱལ་པོ་??་ལ། །རྒྱལ་བ་དགའ་བ་ཅན་ཞེས་གྲགས། །བཀད་པ་ཆེན་པོ་བདག་པོ་མཆོག་དེ་ཡི་དཔོན་པོ་མང་ཐོས ་??། །དེ་ཉིད་ཀྱིས་འདིར་རྒྱལ་བས་??། །དེན་མང་འཁོར་ལོ་སྔོ་མ་བ་ལ། །དགའ་བས་ཆོ་ག་བདུན་གྱིས་ནི། །ཚིག་དོར་རྣམ་??་ནི་བརྗོད་བ་ལས། །བསོད་ནམས་དཀར་བ་ཐོབ་པ་གྲང།?་།དེ་ཉིད་ཀྱིས་ནི་ཀྲུང་འཇུག་པའི། །དེ ་ཉིད་མཁས་པའི་འགྲེལ་པ་ཡི། །དཔལ་ནི་སྤྱི་བོར་གནས་པ་དང། །སེམས་ཅན་རྣམས་ཀྱང་བདེ་ཆེན་གྱིས། །བདེ་ལྡན་དངོས་གྲུབ་མཆོག་ཐོབ་གྱུར། །དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ་དཔལ་སྡོམ་པའི་འགྲེལ་པ ་རྫོགས་སོ།། །།དགའ་བྱེད་བདག་པོའི་སློབ་དམ་པ། །དེ་ཉིད་བཞི་བོ་རྟོགས་པ་ལས། །རྟག་པའི་རྡོ་རྗེ་དེ་ཡིས་བྱས། །འཇིག་མེད་དགའ་བྱེད་ཅེས་བྱའོ། །དཔལ་འཁོར་ལོ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས ་བྱ་བ་འདི་ཀུན་ལྡན་གྱི་ལོ་ཆོ་འཕྲུལ་ཆེན་པོ་རྟའི་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ལ་གྷུ་སཾ་བ་ར་ཏནྟྲ་པ་ཏ་ཡ་ཨ་བྷི་སནྟི་།བོད ་