CLOSE WINDOW

N914: yon tan ma lus pa'i gnas zhes bya ba'i 'grel pa
Wyliee-texts based on the ACIP/ALL Input

དགོས་པ་ལྟ་བུའི་འཁྲུལ་པ་ཙམ་པོ་དེ་རྣམ་པར་བསལ་བར་བྱས་ན་ནི། རྡོ་རྗེ་འཛིན་པ་ཉིད་དུ་ཚེ་འདི་ནི་ལ་འགྱུར་བའོ། །དེ་ལྟ་བུར་བྱེད་པ་དེ་ཡོངས་སུ་སྦངས་ནས་རྣལ་འབྱོར་གཞན་ལ་ཡང་དག་པར་གནས་པ་ནི། ཉན་ཐོས་ཀྱི་སྤྱོད་པ་དང། བྱ་བའི་རྒྱུད་ཀྱི་སྤྱོད་པ་ལ་སོཊ ་པར་བཤད་དོ། །དེ་ལྟ་བུའི་དངོས་གྲུབ་འདོད་པ་དེ་ནི་རྣམ་པར་རྨོངས་ཏེ། དེའི་དངོས་གྲུབ་དང་བདེ་བ་ཙམ་དུ་ཡང་མི་འགྱུར་ཏེ། རྒྱལ་སྲིད་དང་བྲལ་བའི་མི་ལྟ་བུའོ། །དེའི་ཕྱིར་ཞེ་ན། དེ་ལ་དང་པ་མེད་པའི་ཕྱིར་ནའོ། །འོ་ན་ཇི་ལྟར་ཞེན། ཕོ་ཉ་རོ་ཆགས་པ ་རྣམས་ཐར་བ། ཞེས་པ་གསུངས་ཏེ། ཆགས་པར་བྱ་བ་ལ་ཆགས་པས་བལྟས་ཏེ། མཐོང་མ་གྲོལ་ཞིང་ཐར་ཏེ། ཕོ་ཉ་མོ་ལ་ཆགས་པས་ཡང་དག་པར་གྲོ་བའོ། །དེའི་ཕྱིར་ན་དེ་ལ་རིམ་པ་བཞིན་དུ་སྤྱང་པར་བྱའོ། །བྷ་ག་ལས་བསྐྱེད་པའི་ཐམས་ཅད་བདེ ་བ་རྣམས་ནི་བདུད་རྩིར་རྟག་ཏུ་ངེས་པའོ། །བསྙེན་བཀུར་ཉིད་ནི་བྱ་བ་མིན་ཞེས་པ་ནི་དེ་ལ་བསྙེན་བཀུར་ལ་སོགས་པའི་དོན་གྱི་བྱ་བ་མ་ཡིན་ཏེ། འཁྱུད་པའི་བདེ་བའི་རོལ་པ་ལ་དགའ་བའི་ཕྱིར་ནའོ། །དེའི་ཕྱིར་ན། ཕོ་ཉ་མེ་རྙེད་པ་ན་རྗེས་སུ་ཆགས་པ་དང ་ལྡན་པས་འཁྱུད་པར་བྱ་བའོ། །གཞན་དུ་ན་ནི་བདེ་བ་ཉིད་དུ་མི་འགྱུར་རོ། །སྐྱེ་གནས་སྨན་ལ་གནས་རྣམས་རང་ཞེས་པ་ནི། །རྡོ་རྗེ་རིགས་ལ་སོགས་པ་རྣམས་སོ། །དང་ཞེས་བྱ་བའི་དངོས་པོས་ནི་དམ་པ་སྟེ་སྐྱེ་གཉིས་མ་བསྡུའོ། །དེ་ལྟ་བུའི་སྐྱོབ་པ ་རྣམས་ནི་མ་དང་སྲིང་མོ་ལྟ་བུ་སྟེ། དེ་དག་ལ་ལྷག་པར་སྡུག་པའི་སེམས་ཀྱིས་རྟག་ཏུ་མཆོད་པར་བྱའོ། །གལ་ཏེ་དེ་དག་ལ་དཀའ་ཐུབ་བྱས་ན་གཙང་སྨེ་དང་བྲལ་བའི་བདག་ཉིད་ཆེན་པོ་ཡིན་ཡང་དེའི་དམན་པའི་སེམས་ཀྱིས་དགའ་ཐུབ་དེས་ཕུན་སུཾ ་ཚོགས་པ་ཟང་པར་འགྱུར་བ་ཧ་ཅང་ཡང་ཆེས་སོ། །གཅིག་ཏུ་ན་ཕོ་ཉ་མོ་མ་ཡིན་པ་འཇིག་རྟེན་གྱི་དུད་མེད་ལ་རྟག་ཏུ་འགྲོ་ན་སྐྱོན་དེ་ལྟ་བུའོ་ཞེས་གསུངས་སོ། །འཁོར་ལོ་གྲུབ་པ་འང་དེ་བཞིན་དུའོ་ཞེས་པ་དེ་ལྟ་བུ་ཡང་ཟང་པར་འགྱུར་བའོ། །དའི ་བདེ་མཆོག་རྩ་རྒྱུད་ཀྱི་འབྲེལ་བ་སློབ་དཔོན་དཔའ་བོས་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ས་མནྟ་གུ་ཎ་ས་ལི་ནཱི་ནཱ་མ་ཊཱི་ཀཱ། བོད་སྐད་དུ། ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ། །དཔལ་བདེ་མཆོག་ལ ་ཕྱག་འཚལ་ལོ། །འཁོར་ལོ་གསུམ་སོགས་ལྡན་པ་ཡི། །བདེ་མཆོག་མགོན་ལ་རབ་བཏུད་ནས། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དེ་ཡི་རྣམ་འགྲེལ་བརྗོད་པར་བྱ། །ཤེས་པའི་ང་རྒྱལ་དག་ཀྱང་མེད། །ཁ་ཅིག་དོན་དུ་བྱས་པ་མིན། །སྣ་ཚོགས ་འདོད་དང་མཐུན་པ་རུ། །བདག་ཉིད་དྲན་པ་ཉིད་ཕྱིར་རོ། །མཆོག་ཏུ་དགའ་བ་བསྐྱེད་བེད་པའི། །དམ་པའི་རང་བཞིན་གསང་བ་ནི། །མདོར་བསྡུས་གདན་ལས་བྱུང་གྱུར་པ། །དེ་འདིར་ཐེ་ཚོམ་མེད་པའོ། །དེ་ལ་དང་པོ་བརྗོད་བྱ་དང་རྗོད་བྱེད་དང། དགོས་པ ་དང། དགོས་པའི་དགོས་པ་རྣམས་མཐོང་ན་རྟོགས་དང་ལྡན་པ་ཆོས་ཀྱི་རྗེས་སུ་འབྲང་བ་ཡང་འཇུག་པར་འགྱུར་རོ། །དེའི་ཕྱིར་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་བ་དང། དགོས་པ་དང་དགོས་པའི་དགོས་པ་བསྟན་པས་དད་པའི་རྗེས་སུ་འབྲང་བ་དང། ་རྟོག་པ་དང་ལྡན་པའི་འཇུག་པ་པོའི་གང་ཟག་འཇུག་པ་པའི་ཡན་ལག་ཏུ་དེ་ཉིད་འདིར་བརྗོད་པར་བྱ་སྟེ། དེ་ནས་དེ་ཕྱིར་ཞེས་པ་ནས་གཟུང་སྟེ་ཅི་སྙེད་དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལེའུ་ལྔ་བཅུ་གཅིག་པའི་བར་གྱི་གཞུང་གི་ཚོགས་ནི ་རྗོད་བྱེད་དོ། །གང་དེས་བརྗོད་བྱ་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་མ་ལུས་པའི་ངོ་བོ་ཉིད་ནི་བརྗོད་པར་བྱ་བའོ། །འདིས་ནི་བརྗོད་བྱ་དང་རྗོད་བྱེད་དང་སྒྲུབ་བྱ་དང་སྒྲུབ་བྱེད་དང། ཐབས་དང་ཐབས་ལས་བྱུང་བ་དང་ཚིག་དང་ཚིག་ནི ་དོན་དང་སྐྱེ་བྱ་དང་སྐྱེད་བྱེད་དང་རྒྱུ་དང་འབྲས་བུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་འབྲེལ་བའི། །དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་དངོས་སུ་སྐྱེད་མར་བྱེད་པ་དང། འདོད་ཆགས། ། ་ལ་སོགས་པ་ཉོན་མོངས་པའི་སྐྱོན་འཇོམས་པར་བྱེད་པ་ནི་དགོས་པའོ། །དེ་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྐྱོན་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པས་བསལ་ཧེ་ཚེགས་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ ་ཤེས་འགྲོ་བས་བསྐྱེད་ནས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པའི་དགོས་པའོ། །བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཚོགས་སྐྱེ་འགྲོ་གཞུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་གསང་བའི་དབང་བསྐུར་བའི་བར་ནི་དགོས ་པ་ཡིན་ནོ་ཞེས་པ་ཁ་ཅིག་གིའོ། །ཕྱིས་ཀྱིས་དུས་སུ་དེའི་འབྲས་བུ་ཐོབ་པ་ནི་དགོས་པའི་དགོས་པའོ། །དེ་ཡང་ངེས་པར་བརྗོད་པ་ནི་བསྟན་བཅོས་ཀྱི་རྗེས་སུ་འབྲང་བའི་སྐྱེས་བུ་ལ་བསྟན་ན་ཉེ་བར་མཁོབ་ཉིད་ཀྱི་ཕྱིར་རོ། །འདིར་ནི་སངས་རྒྱས་ཐང? ་ཀྱི་མཁའ་འགྲོ་མ་དམྱའ?་བོ་དང་དཔའ་མོའི་འཁོར་གྱིས་ཡོངས་སུ་བསྐོར་ནས་སྟོན་པ་པོ་ནི་བཅོམ་ལྡན་འདས་མ་རྟོགས་པར་བྱ་བ་ནི་ཁ་ཅིག་ཟེར་རོ། །གཉཾས་ཀ་ཡང་མགྲིན་གཅིག་གི་གསུང་གིས་སྟོན་པ་པོ་བཅོམ ་ལྡན་འདས་སྟོན་པ་མོ་བཅོམ་ལྡན་འདས་མས་སངས་རྒྱས་མཁའ་འགྲོ་མ་དཔའ་བོ་དང་དཔའ་མོ་ཡིས་རྟོགས་པར་བྱ་བ་ནི་ཁ་ཅིག་གིའོ། །སངས་རྒྱས་མཁའ་འགྲོ་མ་དཔའ་བོ་དང་དཔའ་མོའི་འཁོར་གྱིས་བསྐོར་ནས་སྟོན་པ་པོ་བཅོམ་ལྡན ་འདས་མ་བཅོམ་ལྡན་འདས་ཀྱིས་ཐོགས་པར་བྱ་བ་ནི་གཞན་གྱིའོ། །དེ་ཉིད་ཀྱི་བྱིར་མཆོད་བཞི་རྣལ་འབྱོར་མ་ཞེས་གསུངས་པ་ཉིད་ཀྱི་ཕྱིར་རོ། །དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས ་ལ་དེ་བཞིན་དུ་བོས་པའི་ཕྱིར་རོ། །དེ་ནས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་འདིར་རྒྱུད་ཀྱི་དང་པོ་ཉིད་དུ་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་སྡུད་པ་པོས་ཅིའི་ཕྱིར་བསམ་པར་མ་བྱས་ཞེས་ཁ་ཅིག ་རྩོད་པ་ལ། དེ་ཡོངས་སུ་སྤང་པའི་ཕྱིར་བརྗོད་པ་མི་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་རབ་ཏུ་བསྟན་པའི་དོན་དུ་སྟེ། འདི་ཉིད་ཀྱི་ཕྱིར་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་གསུངས་སོ། །གཞན་ནི་ནམ་མཁའ་དང ་མཉམ་པའི་རྒྱུད་སྟོང་ཕྲག་བརྒྱ་པ་ལས་བཏུད་པ་ཉིད་ཀྱི་ཕྱིར་དེ་ལན་མཁའ་དང་མཉམ་པའི་རྒྱུད་དེ་ཉིད་ཀྱི་དང་བོར་འདི་སྐད་བདག་གིས་ལ་སོགས་པ་བསྟན་པས་རྒྱུད་ཕྱི་མ་འདིར་མ་བསྟན་པ་ཡིན་ནོ། །དེའི་ཕྱིར་རྒྱུད་གཞན་དུ་མི་གསལ ་བའི་དོན་སྟོན་ཚིག་ནི་ཕྱི་མ་ཡིན་ཞེས་བྱའོ། །གཞན་ནི་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་དུ་མེད་པས་བསྟན་བྱ་དང་སྟོན་པ་ཐོ་གཅིག་ཉིད་དུ་བསྟན་པ་ཡིན་ཏེ། སྔགས་དང་སྐུ་ན་བཅོམ་ལྡན་འདས་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཞེས་བྱ ་བ་ལ་སོགས་པའི་ཚིག་གི་ཕྲད་ཀྱི་ཚོགས་འདིས་རྒྱུད་ཕྱི་མ་ཉིད་དུ་ངེས་པ་ཡིན་ནོ། །དེ་ནས་ནི་རྗེས་ཐོགས་ཏེ་ནམ་མཁའ་དང་མཉམ་པའི་རྒྱུད་དེའི་རྗེས་ཐོགས་སུ་འོག་ནས་འབྱུང་བ་འདིའི་དོན་བརྗོད་པ་ནི་དེ་གསལ་བོར་བཤད་པར ་བྱའོ་ཞེས་སྦྱར་རོ། །བརྗོད་བཞིན་པའི་དེ་ནས་ཀྱི་སྒྲ་ནི་རིམ་པ་འམ་རྒྱུའི་དོན་ཏོ། །ཡང་ན་དེ་ནས་ཀྱི་སྒྲའི་ཚིག་ནི་བཀྲ་ཤིས་པའི་དོན་ཏེ། བསྟན་བཅོས་དང་པོར་བཀྲ་ཤིས་བརྗོད་པ་ནི་འཇུག་པ་པོ་རྣམས་བགེགས་མེད་པའི་དོན ་ཡིན་བའམ་ཡང་ན་དབང་དུ་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྔོན་དུ་བསྟན་པའི་རང་བཞིན་ལ་བལྟོས་ནས་བཀྲ་ཤིས་པའི་དོན་ནམ་དབང་དུ་བྱ་བའི་དོན་དུ་དེ་ནས་ཀྱི་སྒྲ་བརྗོད་པའོ། །དེ་ཕྱིར་གྱི་སྒྲ་ནི་བསྟན་བཅོས་སུ་རིམ་པ་འམ ་རྒྱུ་མཚན་གྱི་དོན་གྱི་ཕྱིར་རོ། །འོན་ཀྱང་འོག་ནས་འབྱུང་བའི་ཚིག་བཞི་ཁྱད་པར་དུ་བྱས་པའི་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་ཞེས་གསུངས་ཏེ། དཔལ་གྱི་སྒྲ་ནི་བྷ་གའི་ཚིག་གམ་མཆོད་པའི་ཚིག་གམ་བསོད་ནམས་སམ་ཡེ་ཤེས་ཀྱི་ཚིག་གམ་གསང་བ་གསུམ་གྱི ་ཚིག་གོ། དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕྱག་མོ་གཙོ་བོར་གྱུར་པའི་ཧེ་རུ་ཀ་ན་ཧེ་རུ་ཀ་དཔལ་ལོ། །དེའི་ཡང་དག་སྦྱོར་ནི་དེ་དང་ལྷན་ཅིག་ཏུ་རོ་གཅིག་པའི་ངོ་བོར་འཁྱུད་པ་དང་འོ་བྱེད་པའི་སྦྱོར་བ་ཞེས་པ་ནི་ཀུན་རྫོབ་ཀྱི་ཕྱོགས་སོ། །གཞན་ཡང་ཧེ་རུ་ཀ་དཔལ་ཡང ་དག་སྦྱོར་ནི། གཉིས་མེད་མཚན་མ་མེད་པ་དང། སྨོན་པའི་དངོས་པོ་རྣམ་པར་སྤངས། །སྟོང་ཉིད་མངོན་པར་འདུ་བྱེད་མེད། །གནས་མེད་གནས་པ་མེད་པ་མེད། །གནས་མེད་གནས་པ་མེད་སྤང་རིག་།འདི་ཉིད་རྣལ་འབྱོར་གྱུར་པ་སྟེ། །རྣམ་བཀོད་ཚིག ་ལ་ཡང་དག་གནས། །དཔལ་ལྡན་ཧེ་རུ་ཀ་བརྗོད་པས། །བརྗོད་བྱ་ལ་ནི་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། །རིམ་པ་ཅི་བཞིན་དེ་བཞིན་བརྗོད། །ཅེས་བྱ་བ་ནི་དོན་དམ་པའི་ཕྱོགས་སོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་གདན་ནི་ཤེས་རབ་སྟེ། བདག་གི ་གདན་ནི་ཐབས་བཞིན་ནོ། །འདི་ཉིད་དབྱེར་མེད་གྱུར་པ་ནི། །རྣལ་འབྱོར་གདན་དུ་རྣམ་པར་གནས། །དེ་ཉིད་གདན་ནི་དེ་ལས་བྱུང། །གང་ཞིག་དེ་རྣམས་སྤངས་གྱུར་པའི། །ལྷན་ཅིག་སྐྱེས་ཞེས་བྱ་བ་སྟེ། ངག་གི་སྤྱོད་ཡུལ་ལས་འདས་པའི། ། ་ཞེས་གསུངས་སོ། །ཁྱད་པར་མི་ཞེས་པ་ལ་གསང་བ་ཞེས་གསུངས་ཏེ། གསང་བ་ནི་རྩ་བར་བྱ་བ་སྟེ། འདི་ཀུན་ཉན་ཐོས་ལ་སོགས་པ་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་ན་ནི་ཤེས་རབ་རང་ཐབས་གཉིས་ལྷན། ཅིག་ཏུ་གཅིག་ཏུ་གྱུར་པ ་ལས། བསྒྲུབ་པར་བྱ་བ་གང་ཡིན་བ་དེ་ནི་གསང་བའོ། །ཡང་ན་རྗོ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་གསུམ་ནི་ར་ཧ་ཤྱའོ། །ང་ཞེས་བྱ་བ་རྡོ་རྗེད་བརྗོད། །ཧ་ཞེས་བྱ་བ་པདྨ་སྟེ། །དེ་གཉིས་དག་གིས་བོན་ནི། །ཤྱ་རུ་མངོན་པར་བསྟན་པའོ། །དེ་ལ་ར་ནི་རྡོ་རྗེ ་རྩེ་མོ་དང་འདྲ་བའི་ཕྱིར་རོ། །ད་ནི་ཁྭ་གདོང་མའི་ཕྱིར་དང། ས་དང་ཡ་གཉིས་སྦྱར་བ་ནི་གཉིས་ཀའི་ས་བོན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རམ། །རྟེན་དང་བརྟེན་པ་ཉིད་གཅིག་གི་ངོ་བོའི་ཕྱིར་རོ། །གསང་བའི་སྒྲས་ནི་རྡོ་རྗེ་དང་པདྨ་དང་བྱང་ཆུབ་ཀྱི ་སེམས་སུ་བསྟན་བ་དེ་ཉིད་ཀྱི་ཕྱིར། །ཐུགས་ཀྱི་རྡོ་རྗེའི་ཕྱི་རོལ་ནི། །དབང་པོ་དོན་གྱི་རང་བཞིན་ནོ། །གཟུགས་ལ་སོགས་པར་སྣང་བ་ནི། །སེམས་ཉིད་དེ་ལྟར་སྣང་བའོ། །ཞེས་གསུངས་སོ། །ཡང་ཁྱད་པར་ཅི་ལྟ་བུ་དེ་ཞེས་པ་ལ། །འདོད་པའི་དོན་ཀུན ་སྒྲུབ་བྱེད་པ། ཞེས་གསུངས་ཏེ། ཐམས་ཅད་ཀྱི་འདོད་པ་ནི་མངོན་པར་འདོད་པ་སྟེ། དེ་ཉིད་ནི་དོན་ཏེ་དགོས་པའོ། །དེ་སྒྲུབ་པར་བྱེད་པ་པོ་ནི་བཅོམ་ལྡན་འདས་སོ། །ཡང་ན་ཐམས་ཅད་དུ་འདོད་པ་ནི་ཁྱད་པར་གྱིས་བསྡུ་བའོ། །ཡང་ཅི་ལྟ་བུ་ཞེས་པ ་ལ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ་ཞེས་གསུངས་ཏེ། བསྟན་བྱ་དང་སྟོན་པ་པོ་དབྱེར་མེད་པ་ལ་སོགས་པ་ནི། །གསང་བ་འདུས་པ་ལ་སོགས་པ་བླ་མའི་རྒྱུད་དེ་རྣམས་ཀྱང་དེ་བླ་མར་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ། མཁའ་ ་འགྲོ་མ་ཡི་དྲ་བའི་དྲ་བ་སྡོམ་ཞེས་གསུངས་ཏེ། །མཁའ་འགྲོ་མ་ནི་འཁོར་ལོ་གསུམ་ལ་གནས་པ་ལ་སོགས་པ་ཐམས་ཅད་དོ། །དྲ་བ་ནི་དེའི་ཚོགས་སོ། །སྡོམ་པ་ནི་དེ་བསམས་ཤིང་སྤས་སོ་ཞས་བྱ་བའི་དོན་ཏོ། །མཁའ་ལ་འགྲོ་བ་སྟེ། །ཌི་ལས་ནམ་མཁའ་ལ ་འབྲོ་བ་སྟེ། ཌ་ནི་ལྡན་པའི་དོན་ཏེ། ཡང་ནམ་མཁའ་འགྲོ་རྣམས་དང་ཉེ་བར་ལྡན་པའི་ཚུལ་ཉིད་ཀྱི་ཕྱིར་ཕྱི་རོལ་ཏུ་འགྲོ་བ་འགོག་པ་བྱེད་པ་ཉིད་ཀྱིས་དྲ་པ་ཉིད་སྡོམ་པར་བྱེད་པ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་དྲ་བའི་སྡོམ་པའོ། །དེ་ཉིད་ཇི་ལྟར་བརྗོད་ཅེས་པ ་གསལ་བར་བྱ་བའི་ཕྱིར། མངོན་བསྡུས་པ་སྟེ་ཞེས་གསུངས་ཏེ། །མདོར་བསྡུས་པ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་རྒྱས་པ་ལས་ཡང་དག་པར་བསྡུས་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་རྒྱས་པ་མིན་ཞེས་གསུངས་སོ། །ཡང་ན ་མདོར་བསྡུས་པ་མ་ཡིན་ཏེ་ཅིའི་ཕྱིར་རྒྱས་པ་ཉིད་ཡིན་པའི་ཕྱིར་ཞེས་སྦྱར་རོ། །འདིར་དེའི་བསམ་པ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་ནི་གཞུང་རྒྱས་ལ་འདིར་དོན་རྒྱས་པ་ཉིད་དེ་ཁམས་གསུམ་གྱི་བདག་ཉིད་འཁོར་ལོ་གསུམ་བཤད་པའི ་རང་བཞིན་ཡིན་པའི་ཕྱིར་རོ། །ཁམས་གསུམ་གྱི་བདག་ཉིད་ཡིན་པས་བཅོམ་ལྡན་འདས་ཧེ་རུ་ཀ་དཔལ་ཡང་དག་པར་སྦྱོར་བས་ཞེས་བྱ་བ་ནི། ཁྱད་པར་དུ་བྱ་བའི་ཚིག་གོ་།གསང་བ་ནི་དེ་ཁྱད་པར་དུ་བྱེད་པ་སྟེ། དེ་ཉིད་ཀྱི་འདོད་པའི་ངོན ་ཀུན་སྒྲུབ་བྱེད་པ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ཞེས་བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་བྱེད་པའི་ཚིག་གསུངས་སོ། །འདིས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་གཙོ་པོ་བདག་ཉིད་ཆེ་བ་བསྟན་ནས། དང་པོ་གནས་ཕུན ་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། །གསང་བཞེས་གསུངས་ཏེ། གསང་བའི་སྒྲས་ནི་འཁོར་ལོ་གསུམ་པ་ལ་སོགས་པ་ལ་གནས་པའི་མཁའ་གྲོ་མ་ཤེས་པར་བྱ་སྟེ། དེ་ལ་གསང་བའི་ངོ་བོ་ཉིད་ནི་གསང་བ་སྟེ། རོ་གཅིག་པའི་ངོ་བོ་ཉིད་ཀྱིས་ནམ ་མཁའ་ཨི་ཁམས་ཀུན་ཏུ་སོང་བའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་འདིར་དེའི་གནས་ཉིད་དོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། གཙོ་བོ་གོང་ན་མེད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས ་ཀྱི་གཞི་ཉིད་ཀྱི་ཕྱིར་འདིར་དེའི་དོན་ཏོ། །ཡང་ཅི་ལྟ་བུ་ཞེས་པ་ལ། དགྱེས་པ་ཞེས་གསུངས་ཏེ། བླ་ན་མེད་པའི་མཆོད་པའི་རོལ་པའི་ཐུགས་རྗེས་དགའ་བ་ཉིད་ཀྱི་ཕྱིར་དགྱེས་པའོ། །འདིར་ཏེ་ལྟར་ཡང། ལྷ་ཡི་སྐུ་ཡི་རྣལ་འབྱོར་གྱིས། །རང ་བཞིན་མེད་པའི་དོན་གོམས་ན། །མཉམ་ཉིང་མཆོད་པ་ཆེན་པོ་ནི། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའོ། །ཞེས་གསུངས་སོ། །དེ་ལྟར་འདིར་ཕྱིའི་མཆོད་པ་ཞེས་བྱ་བ་མེད་པས་དེའི་མེད་པ་ཉིད་ཀྱང་མཚན་པ་མ་ཡིན་ནོ། །ཡང་ཅི་ལྟ་བུར་གྱུར?་པ ་ཞེས་པ་ལ། ཐམས་ཅད་བདག་ཉིད་ཞེས་གསུངས་ཏེ། འདིས་ནི་འཁོར་ཕུན་སུམ་ཚོགས་པ་གཞན་མེད་པར་གསུངས་སོ། །ཐམས་ཅད་བདག་ཉིད་ནི་ཁམས་གསུམ་གྱིས་བདག་ཉིད་འཁོར་ལོ་ལ་སོགས་པ་ལ་རྣམ་པར ་གནས་པའི་བདག་ཉིད་ནི་ཕྱི་རོལ་གྱི་བག་ཉིད་དམ་ནང་གི་བདག་ཉིད་དུ་འདྲི་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་གནས་ཞེས་པ་ནི་རྟག་ཏུ་ནི་ཁ་ཅིག་གམ་གང་དུ་ཡང་རྒྱུན་ཆད་པ་མེད་པར་བསྟན་པའོ། །གནས་ཞེས་པ་ནི་ཁམས་གསུམ་རྣམ་ཕར ་གནོད་པ་གཅིག་ཏུ་ཉམས་པ་མེད་པའི་རང་བཞིན་དུ་རྟོག་པར་བྱའོ། །དེ་ནི་བརྗོད་པར་བྱ་བ་ཕུན་སུམ་ཚོགས་པ་སྟོན་ཏེ། མཁའ་འགྲོ་ཀུན་དངོས་ཞེས་པ་ནི། མཁའ་འགྲོའི་སྒྲས་ནི། ཉེ་བར་མཚོན་པ་ཅིམ་སྟེ། མཁའ་འགྲོ་མ་ཐད་ཀྱི ་རང་བཞིན་ཞེས་རྟོགས་པར་བྱ་སྟེ། རང་བཞིན་ལ་མ་ཡ་ཏའི་རྐྱེན་བྱིན་བས་རོ་གཅིག་ཏུ་གྱུར་བ་ཞེས་བྱ་བའི་དོན་ཏོ། །སེམས་དཔའ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ནུས་པ་ཉིད་ཀྱི་ཕྱིར་རམ་བརྩོན་འགྲུས་ཆེན་པོ་ཕུམ་སུམ་ཚོགས་པ་ཉིད ་ཀྱི་ཕྱིར་མཆོག་ཏུ་བསྟན་པའི་ཡོན་ཏན་དང་ལྡན་པས་སེམས་དཔའ་འོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་རམ་སེམས་ཅན་ཐམས་ཅད་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང ་བོ་ལ་སོགས་པ་ཐམས་ཅད་ཀྱིས་མི་བསྐྱོད་པ་ཉིད་ཀྱི་སེམས་དཔའ་ཨི་ཕྱིར་རྡོ་རྗེ་སེམས་དཔའ་ཨོ། །ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཉེ་བར་མཁོ་བ་ཉིད་ཀྱིས་མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་དུ་བརྗོད་དོ། ། ་བླ་ན་མེད་པའི་མཆོད་པར་འོས་པས་མཆོག་གི་བདེ་བ་དང་ཡིད་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་བདེ་བ་ནི་བཅོམ་ལྡན་འདས་ཉིད་དོ། །བདེ་བའི་སྒྲ་སྒྲུབ་པ་ནི་མ་ནིང་གི་རྟགས་ཡིན་ནོ། །འདིས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཚིག་ལ་སོགས་པ་རང ་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །གསང་བ་མཆོག་གི་དགྱེས་པ་ན་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་མཁའ་འགྲོ་ཀུན་དངོས་སེམས་དཔའ་བདེ་བ་མཆོག་ལ་རྟག་ཏུ་གནས་སོ་ཞེས་སྦྱར་རོ། །ཡང་ཁ་ཁས? ་དང་ཕྱག་རྒྱ་དང་འབྲས་བུ་བསྡུས་པའི་ཡན་ལག་རྣམ་པར་ཐར་བ་དང་དགའ་བ་དང་སྐད་ཅིག་དབང་ལ་སོགས་པ་རུ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་མཁའ་འགྲོ་ཀུན་དངོས་སེམས་དཔའ་མཆོག་ཏུ་བདེ་བས་རྟག་ཏུ་བཞུགས་སོ་ཞེས་སྦྱར་རོ། །ཅི་ལྷ ་གཞན་ཁྱད་པར་ཅན་བྱེད་པ་ཡིན་ནམ་ཞེས་དོགས་པ་སྤང་བར་བྱ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ངེས་པར་གཟུང་བའོ། །རང་བྱུང་ནི་བཅོམ་ལྡན་འདས་རང་ཉིད་དེ་གཞན་ལས་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ ་ལྟར་ཡང་སེམས་ཅན་ཀུན་ལ་གང་གིས་སེམས། །བརྟན་པའི་ཕྱིར་ན་སེམས་དབར་བརྗོད། །བསམ་གཏན་ལ་ནི་ཡི་དམ་གྱིས་བརྟན་པར་གྱུར་པས་རྡོ་རྗེའོ། །སེམས་དཔའ་ཨི་བྱིན་བརླབས་སྦྱོར་བ་ཡིས། །ཡང་ན་རྡོ་རྗེ་སེམས་དཔར་འགྱུར། །དེ་ལའང ་ཁ་ཅིག་གང་ཡང་མ་བྱས་བས་ན་རང་བྱུང་དུ་བརྗོད་དོ། །བཅོམ་ལྡན་འདས་ནི་སྐལ་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་རམ། བདུད་བཞི་འཇོམས་པ་ཉིད་ཀྱི་ཕྱིར་རམ། མ་ལུས་པའི་ཉོན་མོངས་པ་འཇོམས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ནོ། །དབང ་ཕྱུག་དང་གཟུགས་བཟང་དང་དཔལ་དང། གྲགས་དང་ཡེ་ཤེས་དང་བརྩོན་འགྲུས་དྲུག་པོ་འདི་དང་ཡང་དག་པར་ལྡན་པས་བཅོམ་ལྡན་དུ་བརྗོད་དེ། འདི་ལ་དེ་ཡོང་པས་བཅོམ་ལྡན་ནོ། །ཡང་ན་ནི་བྷ་ཡི་རྣམ་པར་བྷ་གར་བརྗོད། །ག་ནི་ནམ་མཁའ་ཨི ་ཡི་གེ་སྟེ། །གཉིས་པོ་ཡང་ནི་མཉམ་སྦྱོར་བས། །ཤེས་རབ་ཐབས་དག་བཅོམ་ལྡན་ནོ། ཞེས་བྱ་བ་འམ། དེ་ཡོད་བས་ན་བཅོམ་ལྡན་ནོ། །ཡང་ན་བྷ་ག་ལ་གནས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་དབང་བོ ་འདི་ཉིད་ནི་དཔའ་བོ་སྟེ། དཔའ་བ་ཉིད་དང་ལྡན་པས་གཞན་དང་ལྡན་པ་རྣམ་པར་བཅང་པའི་དོན་ཏོ། །གཞན་དང་ལྡན་པས་རྣམ་པར་གཅོད་པ་ནི་སྲིད་སྒྲུབ་ཁོ་ན་གཞུ་འཛིན་པ་ལྟ་བུའོ། །ཡང་ན་དཔའ་བོ་ཉི་ཤུར་ཙ་བཞིའི་བདག་ཉིད ་ཀ?་ཕྱིར་གཞན་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་དྲ་བའི་སྡོས་བཅོམ་ལྡན་འདས་ཞེས་པའོ། །ཡང་ན་མཁའ་འགྲོ་མའི་རྒྱུད་མཐོ་བར་གྱུར་པ་རྟོགས་པར་དཀའ་བ་ཉིད་ཕྱི་ཕྱིར་རོ། །ད་ནི་སྐྱེད་པའི་རིམ་ཕ་ལ་སོགས་པ་སྒྲས་པ་ལ་ཡང་ཕྱིར ་ཅི་ལོག་དགག་པའི་དོན་དུ་འཁོར་ལོ་གསུམ་ལ་སོགས་པ་དང་ལྡན་པའི་བཅོམ་ལྡན་འདས་དེའི་བསྐྱེད་པའི་རིམ་པ་ལ་སོགས་པའི་གོ་རིམ་པ་སོགས་པ་སྟོན་པ་ནི། སྲིང་པའི་སྒྲ་ཚུལ་ལས་ངེས་འབྱུང་ཞེས་བྱ་བ་ལ་སོགས་པ་ནས་རྒྱུད་ལས་གསུངས་པ་མཉན ་བར་གྱིས་བྱ་བའི་བར་གྱིས་གསུངས་ཏེ། དེ་ཡང་བླ་མའི་མན་ངག་ལས་ཀྱིས་མདོར་སྡུས་ཏེ་བརྗོད་པར་བྱ་སྟེ། དེ་ལ་འདིའི་རིམ་པ་ནི་དང་པོ་རེ་ཞིག་ཡིད་དང་མཐུན་པའི་གནས་སུ་བདུད་རྩི་ལྔའི་རི་ལུ་ཁར་བཅུག་པའི་སྔགས་པས་ཕྱོགས་བཅུ་མངོན ་དུ་བྱས་ཏེ། ཤིན་ཏུ་འཇིགས་པའི་དུར་ཁྲོད་བརྒྱད་དུ་སྤྲུལ་ཏེ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ོཾ་སུཾ་བྷ་ནི་སུཾ་བཏ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧཱུཾ་ཕཊ། ཨོཾ་གྲ་ཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཏོ(རྒྱུད་འགྲེལ་སོགས་པ་ཤར་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །ཧཱུཾ་ལས་རྡོ་རྗེའི་རང་བཞིན་གྱི་ས་བཞིར་བྱིན་གྱིས་བརླབས་ལ། དེའི་འོད་ཀྱི་སྣང་བ་ལས་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་དང། ཕུར་བུ་དང་ཐོ་བ་བསམ་ལ། ཨོཾ་གྷ(རྒྱུད་འགྲེལ་སརྦ་དུཥཏ་ཕཊ་ཀཱི་ལ་ས། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཀཱི་ལ་ཡ་བཛྲ་བཏ་ར་ཨཱཛཱ་པ་ཡ་ཏི་སརྦ་བབྷཱི་ཀཱ་ཡ་བཱཀཅི་ཏྟ་བཛྲ་ཀཱི་ཡ་ཡ་ཧཱུཾ་ཕཊ། ཨཾ་བཛྲ་མུངྒ་ར་བཛ་ཀཱི་ལ་ཡ་ཨཱ་ཀོ་ཏྲ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ལས་ཕུར་བུས་བཏབ་ཅིང་བརྡུང་དོ། །དེ་ནས་རང་གི ་སྙིང་ཀར་ཀཾ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཨ་ལག་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཧཱུཾ་སྣ་ཚོགས་པའི་འོད་ཟེར་འཕྲོ་བ་རྣམ་པར་བསམས་ཏེ། དེ་ནས་བདུན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཅས་སོགས་པ་བལྟན ་ལ། ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་དེ་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་བྱའོ། །དེའི་རྗེས་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུད་དཔལ་ཧེ་རུ་ཀ་ཡིན་ནོ་ཞས་ལན་གསུམ་དུ་བརྗོད་ལ། ཧེ་རུ་ཀ་ཞེས་བྱ་བའི་ཡིག་གེ་གསུམ་བོ། ་རིམ་བཞིན་དུ་སྤྱི་བོ་དང་མགྲིན་པ་དང་སྙིང་ཀར་བསམས་ལ། ཧེ་ནི་ཆོས་ཐམས་ཅད་རྒྱ་དང་བྲལ་བའོ། །དུ་ནི་ཆོས་ཐམས་ཅད་རྣམ་པར་རྟོག་པ་དང་བྲལ་བའོ། །ཀ་ནི་ཆོས་ཐམས་ཅད་གང་དུ་ཡང་མི་གནས་པའོ། །ཞེས་ཆང?་གི་བདག་ཉིད་དང་དེ་བཞིན་དུ ་ཕྱི་རོལ་གྱི་བརྟན་པ་དང་གཡོ་བའི་དོན་ཀུན་ནས་སྣང་བ་མེད་པར་བྱས་ལ། །སྔོན་གྱི་སྨོན་ལམ་གྱི་དབང་ལས། ཨོཾ་ཨཱ(རྒྱུད་འགྲེལ་ལྟེ་བ་ལ་ཧཱུཾ་ངོ། །མེ་ལས་བྱུང་བའི་དེའི་རྣམ་པ་ཅན་གྱི་འོང་ཟེར་གྱིས་སེམས་ཅན་མ་ལུས་པའི་དོན་བྱེད་པ་ལ་གནས་ཤིང་ཁམས་གསུམ་ཁྱབ་པར་བྱ་སྟེ། ནམ་མཁའ་ལ་སྒྲའི་ངོ་བོ་ཉིད་ཀྱིས་ཆོས་སྟོན་ཅིང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས ་རྣམས་གསལ་བར་བྱས་ཤེད་དག་པར་བྱས་ནས་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་བླངས་ཏེ། མཁའ་སྤྱོད་དཔས་སྤྱོད་དང་ས་འོག་ན་གནས་པའི་རང་བཞིན་ཡི་ཡི་གེ་གསུམ་དུ་བཞག་པར་བའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་འོད་ཟེར་གྱིས་རྡོ་རྗེ་གཅིག་ཏུ་བྱས་ལ་ཡང་གཞུག་པར་བྱ་སྟེ། རྡོ་རྗེའི་རྭ་ཡང་རྡོའི་??་པའོ། །རྡོའི་ལྟེ་བ་ཡང་ལྟེབ་ལའོ། ཨཱ་ཡངྷ?་ལའོ་ཧ་ཡང་མགོ་བོ་ལའོ། །མགོ་བོ་ཡང་ཟླ་ཕྱེད་ལའོ། །ཟླ་ཕྱེད་ཡང་ཐིག་ལེའོ། །ཐིག་ལེ་ཡང་ནཱ་དེ་ཙམ་དུ་བཞུག་པར་བྱའོ། །ནཱད་ཙ ་ཡང་མི་དམིགས་པར་བཞག་པར་བྱའོ། །སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པར་བྱ་བའི་དོན་དུ་ཡ་དང་ར་དང་བ་དང་ལ་ལས་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ལ་སོགས་པ་བསྐྱེད་ལ། དེའི་སྟེང་དུ་ཀཾ་ལས་པདྨའི་སྣོད་??་རུས ་སྤལ་ལམ་ཐད་བའོ། །དེའི་སྟེང་དུ་སུམ་ལམ་རི་རབ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལྕོག་བརྒྱད་ཀྱིས་མཛེས་པའོ། །དེའི་སྟེང་དུ་ཨ་ལས་སྣ་ཚོགས་ཀྱི་རྡེའོ། །དེའི་སྟེང་དུ་ཁ་དོག་བཞི་བའི་པདྨ་འདབ་མ་བརྒྱད་པའོ། །དེའི་ལྟེ་བ་ལ་རཾ?་ལས་ཉི་མའི? ་དཀྱིལ་འཁོར་རོ། །དེ་ལ་བཀོད་པའི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་དཀར་ཞིང་དམར་བའི་ཟླ་བའི་དཀྱིལ་འཁོར་བསམ་ལ་ནམ་མཁའ་ཨི་ཕྱོགས་ནས་གོ་རིམ་བཞིན་དུ་ནཱ་ད་ཙམ་ལས་ཧཱུཾ་དུ་བྱས་ཡ། གོང་དུ་བསྟན་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་བ་ལས་བཅོཾ་ལྡན་འདས་ཕྱག་བཅུ་གཉིས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ཉིད་ཀྱིས་ལྷ་མོ་དང་མཉམ་པར་འཁྱུད་པའོ། །ཕྱག་གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་ཁྲག་འཇིག ་པ་གྱོན་ཞིང་བསྣམས་པའོ། །གཡས་ཕྱོགས་ཀྱི་ཕྱག་བཞིས་རྩེ་གསུམ་དང་བེ་ཏ་ལ་དང་དགྲ་སྟ་དང་རྡེའུ་ཆུང་དོ། །གཡོན་གྱི་ཕྱག་བཞིས་རྡོ་རྗེས་མཚན་པའི་ཁ་ཊཝཱཾ་ག་དང་ཐོད་དང་ཞགས་པ་དང་ཚངས་པའི་མགོ་བོ་བསྣམས་པའོ། །ཞལ་བཞི ་ཞལ་དང་བོ་དང་ལུས་ཐམས་ཅད་ནི་སྤྲིན་ནག་གི་འོད་ལྟ་བུའོ། །གཡོན་པ་དང་རྒྱབ་དང་གཡས་པ་ནི་ལྗང་ཁུ་དང་དམར་པོ་དང་སེར་པོའོ། །དབྱངས་དང་གསལ་བྱེད་ཐམས་ཅད་ནི་མཆེ་བཞི་དང་ཆོམས་ཀྱི་སྒྲིགས་དང་ཁྲག་འཛག་པ་དང་ཁ་ཆུ་འཛག ་བ་དང་ལྡན་པའི་འཇིགས་པའི་ཞལ་ལོ། །སྤྱི་བོར་ནོར་བུ་དང་རྣམ་དང་མགུལ་རྒྱན་དང་ལག་གདུབ་དང་མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །རལ་བའི་ཅོད་པན་གྱིས་བརྒྱན་བ་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ ་རྒྱན་ཅན་གཡོན་དུ་ཟླ་ཕྱེད་དབུ་ལ་བྱས་པ། ཐོད་བ་ནི་ཕྲེང་བ་རྩེ་གསུམ་དང་དར་དབྱངས་བཅིངས་པ་རྣ་བའི་དར་དབྱངས་དང་རྡོ་རྗེའི་ཕྲེད་བ་གནས་ཇི་ལྟ་བར་བརྒྱན་པ། སྤྱན་བཅུ་གཉིས་དམར་ཞིང་གཡོ་བ། སྣ་ཚོགས་ཀྱི་དབུར་རྒྱན་གྱིས་བརྒྱན་ཅིང། སྟག ་གི་པགས་པའི་ཤམ་ཐབས་ཅན། བ་སྤུ་རྒྱས་པའི་ཕྲེང་བས་བསྐོར་བའི་ལུས། མགོ་བོའི་ཕྲེང་བས་སྐེད་པ་ལ་བརྒྱན་ཅིང་སྐ་རགས་གཡེར་ཀའི་སྒྲ་དང་ལྡན་པ། ཞབས་གཡས་བརྒྱད་བས་འབྱུང་པོའི་བདག་པོ་དང་དཀར་མོ་མནན་པ། ཉི་མའི་གདན་དང་ཉི ་མའི་རྒྱབ་རྟེན་གྱི་རྒྱན་གྱིས་བརྒྱན་བའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ། དུར་ཁྲོད་རྒྱན་གྱིས་བརྒྱན་པའོ། །གཞན་ཡང་རྡོ་རྗེ་ཕག་མོ་ཕྱག་གཉིས་པ་མགུལ་ནས་འཁྱུད་པའི་ཕྱག་མའི་ཁྲག་དང་རྒྱུ་མས་གང་བས་གཉིས་ཀའི་ཁ་རུ་འབབ་པར་བྱེད་པ ་ནི་གཡོན་པའི་ཕྱག་གོ་།གཡས་པས་གདུག་པ་ཅན་ཐམས་ཅད་ལ་ཕྱོགས་སུ་བསྡིགས་པའི་བསྡིགས་མཛུབ་དང་རྡོ་རྗེའོ། །ཞལ་གཅིག་པ་མདོག་དམར་བ་ཐལ་བ་དང་བྲལ་བའི་ཕྱག་རྒྱ་ལྔས་བརྒྱན་པ་སྤྱན་གསུམ་བ་སྐྲ་གྲོལ་བ་གཅེར་བུ་དུམ་བུས་བརྒྱན ་བའི་སྐར་གས་ཅན་གཡས་པའི་བྱིན་བས་གཡོན་བའི་བརླ་ལ་མཉམ་པར་དཀྲིས་པ། བདག་པོ་དང་བདེ་བ་ཆེན་པོ་སྙིང་རྗེའི་བདག་ཉིད་དོ། །ཕག་གི་ཞལ་བཅོམ་ལྡན་འདས་ཀྱི་མདོག་ཅན་ནམ། ཡང་ན་ཕག་གི་ཞལ་མདོག་དམར་བའོ། །ཡང་ན་ནི ་མདོག་དཀར་བ་ཡང་བསམ་པར་བྱ་སྟེ། དེ་ལྟར་ཡང་བལྟ་ཞིང་རྡོ་རྗེ་ཕག་མོ་ནི། དེ་ཡི་མདོག་དང་མཚོན་ཆ་འཆང། ཞེས་གསུངས་སོ། །གཞན་ཐམས་ཅད་ནི་དཔལ་ཧེ་རུ་ཀ་བཞིན་ནོ། །དེ་ལྟར་བདེ་མཆོག་གི་གཟུགས་སུ་བདག་ཉིད་བསྒོམས་ནས། དེ ་ཡི་རྗེས་སུ་གོ་ཆ་གཉིས་ཀྱིས་བགོ་བར་བྱ་སྟེ། ཨོཾ་ཧ་རྡོ་རྗེ་སེམས་དཔའ་ནི་སྙིང་གར་རོ། །ན་མ(རྒྱུད་འགྲེལ་གཉིས་ལའོ། །ཕར་ཧཾ་རྟ་མགྲིན་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །ོཾ་བཾ་རྡོ་རྗེ་ཕྲག་མོ་ནི་ལྟེ་བར་རོ། །ཧཾ་ཡོ་གཤིན་རྗེ་མོ་སྙིང་གར་རོ། །ཧྲི་མོ་རྨོངས་བྱེད་མ་ནི་ཁ་ལའོ། །ཧྲེ་ཧྲི་སྐྱོད་བྱེད་མ་ནི་མགོ་ལའོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་ནི་སྤྱི ་གཛུག་ཏུའོ། །ཕཊ་ཕཊ་རབ་ཏུ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །མཁའ་འགྲོ་དེ་བཞིན་ལཱ་མ་དང། །དུམ་སྐྱེས་མ་དང་གཟུགས་ཅན་མ་།སྔོ་དང་ལྗང་དང་དེ་བཞིན་དམར། །དཀར་བ་འདབ་མ་རྣམས་སུ་དགོད། །ཞལ་གཅིག་ཕྱག་ནི་བཞི ་པ་སྟེ། །གཡོན་ཀུན་ཁ་ཊཱཾ་ག་ཐོད་པ་དང། །གཡས་ན་རྡེ་ཆུབ་རོ་ལངས་སོ། །གཡས་བརྐྱང་རོ་ཡི་སྟེང་ན་གནས། །ལྷག་མ་རྡོ་རྗེ་ཕག་མོ་མཚུངས། །མཚམས་བཞི་རུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་དོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ ་མདོག་སྔོན་པོ་རྡོ་རྗེའི་ཕྲེད་བས་བརྒྱན་པ་སྟེ། དེ་ལ་ཤར་གྱི་རྩིབས་དུ་ལླིར་མལ་ཡར་ནི་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ། །བྱང་དུ་ཛ་ལན་དྷཱ་རར་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མའོ། །ནུབ་ཕྱོགས་སུ་ཨོཾ་ཌི་ཡ་ནར་ཀེང་རུས་དང་འོད ་ལྡན་མའོ། །ལྷོ་ཕྱོགས་ཨར་བུ་དར། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མོའོ། །མེ་རུ་གོ་དཱ་བ་རཱིར་ལྷ་དགྲ་དང་དཔའ་བོ་བློ་མའོ། །བདེན་བྲལ་དུ་རཱ་མེ་ཤྭ་རི་འོད་དཔག་མེད་དང་མིའུ་ཐུང་མའོ། །རླུང་དུ་དེ་བ་ཀོ་ཊིར་རྡོ་རྗེའི་འོད་དང་ལང་ཀའི་དབང ་ཕྱུག་མའོ། །དབང་ལྡན་དུ་མཱ་ལ་བར་རྡོ་རྗེ་ལུས་དང་ཤིང་གྲིབ་མའོ། །གཉིས་པ་གསུང་གི་འཁཽར་མར་??་པདྨའི་ཕྲེང་བས་མཉམ་པར་བསྐོར་བ་སྟེ། དེའི་ཤར་གྱི་རྩིབས་ལ་ཀཱ་མ་རཱུ་བར་མྱུ་གུ་ཅན་དང་ཨེ་རཱ་བཏིའོ། །བྱང་ཕྱོགས་སུ་ཨོ་ཊེར་རྡོ་རྗེ་རལ ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ཕྱོགས་སུ་ཏྲི་གི་ཀུ་ནེར་དཔའ་བོ་ཆེན་བོ་དང། རླུང་གི་ཤུགས་ཅན་མའོ། །ལྷོ་ཕྱོགས་སུ་ཀོ་ཤ་ལར། །རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །མེ་རུ་ཀ་ལིང་གར་རབ་ཏུ་བཟང་པོ་དང་སྔོ་བསངས་མའོ། །བདན ་བྲལ་དུ་ལམ་པཱ་ཀར། རྡོ་རྗེ་བཟང་པོ་དང་ཤིང་ཏུ་བཟང་མོའོ། །རླུང་དུ་ཀཱ་ཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །དབང་ལྡན་དུ་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མའོ། །གསུམ་པ་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པ་སྟེ། ་དེའི་ཤར་གྱི་རྩིབས་ལ་པྲེ་ཏ་པུར་ཡཱི། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བྱང་ཕྱོགས་སུ་གྲི་ཧ་དེ་བ་ཏཱ་ཡཾ་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །ནུབ་ཕྱོགས་སུ་སཽ་རཱཥྚར་རྟ་མགྲིན་དང་ཆང་འཚོང་མའོ། །ལྟོ་ཕྱོགས་སུ་གསེར་གླིང་དུན་མཁའ་ཨི་སྙིང་པོ ་དཔའ་ཁོར་ལོའི་གོ་ཆ་མའོ། །མེ་རུ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བདེན་བྲལ་དུ་སྲིན་དྷཱར་པདྨ་གར་དབང་དང་སྟོབས་ཆེན་མའོ། །རླུང་དུ་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མའོ། །དབང་ལྡན་དུ་ཀུ་ལུ་ཏཱ་??་རྡོ་རྗེ་སེམས ་དཔའ་དང་བརྩོན་ཆེན་མའོ། །ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཆེན་པོ་རྣམས་ནི་ཞལ་གཅིག་པ་ཕྱག་བཞི་པ་རལ་པའི་དབུ་རྒྱན་ལ་དར་དབྱངས་ཀྱི་མཚན་པ། །འཁྱུང་པའི་ཕྱག་གཉིས་ལ་རྡོ་རྗེ་དང་དྲིལ་བུའོ། །གཡོན་པ་དང་གཡས་ཀྱིས་རྡོ་རྗེས ་མཚན་པའི་ཁ་ཊཝཱཾ་ག་དང་རྡེ་ཆུང་ངོ། །ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པ། །གཡས་བརྐྱང་བའི་ཞབས་ཀྱིས་རོ་ལ་གནས་པ། །ལྷག་མ་ནི་དཔལ་ཧེ་རུ་ཀ་དང་མཚུངས་སོ། །དེ་བཞིན་དུ་རབ་ཏུ་གཏུས་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ ་གཡོན་ན་དང་གཡས་ན་ཐོད་པ་དང་ར་ལངས་ཏེ། ལྷག་མ་ནི་རྡོ་རྗེ་ཕག་མོ་དང་མཚུངས་སོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་དང། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ། །ཁྭ་གདོང་དང་འུག་གདོང་དང་ཕག་གདོང ་དང་ཁྱི་གདོང་ངང་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་ནི། ཕྱག་དང་ཞབས་དང་མདོག་དང་མཚན་མ་དང་ཕྱག་རྒྱ་དང་གདན་དང་དབྱིངས་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པ ་དང་མཚུངས་སོ། །ཁྭ་གདོང་མ་ལ་སོགས་པ་ནི་ཇི་ལྟར་བརྗོད་པའི་གདོང་དུ་འདུག་པ་ནི་ཁྱད་པར་རོ། །གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ནི་མདོག་གཉིས་གཉིས་སུ་བརྟག་པར་བྱང་ནི་མཆོག་གོ། །ཡང་ནམ་མཁའ་འགྲོ་མ ་ལ་སོགས་བ་རྣལ་འབྱོར་མ་བཅུ་གཉིས་དང་དཔའ་བོ་ཉི་ཤུ་རྩ་བཞི་ནི་ཕྱག་གཉིས་པ་སྟེ། དེ་ལ་མཁའ་གྲོ་མ་ལ་སོགས་པ་གཡོན་པ་དང་གཡས་བ་ན་ཁ་ཊཝཱཾ་ག་དང་རྡེ་ཆུང་ངམ། ཐོད་པ་དང་རོ་ལངས་སོ། །དཔའ་བོའི་གཡས་དང་ཅིག་ཤོས་ན་རྡོ་རྗེ་དྲིལ ་བུའོ། །ཡང་ན་ཁ་ཊཝཱཾ་ག་དང་རྡེ་ཆུང་ངོ། །ཐུགས་ཀྱི་རྡོ་རྗེའི་མཐུ་ལས་བྱུང་བའི་ཕྱིར། འཁོར་ལོ་གསུམ་ནི་མདོག་སྦོན་པོར་བརྟག་བར་བྱའོ་ཞེས་ཁ་ཅིག་ཟེར་རོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷའི་རྣལ་འབྱོར་དུ་སྦྱར་བ་ནི ་ལུས་དྲན་པ་ཉེ་བར་བཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི་དུམ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་བཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་བྱ། རྐང་པ་ནི་རབ ་ཏུ་གཏུམ་མོའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དབྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྟན?་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་བ་ནི་སྣ་ཆེན་མའོ། །དད་པའོ་དབང་པོ་ན་བརྟན་བའི་བློ་ཅན་མའོ ་བརྩོན་འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་འོད་ལྡན་མའོ། །ཤེས་རབ་ཀྱི་དབང་པོ་ནི་ཨེ་རཱ་བ་ཏིའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན ་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། ཏིང་ངེ་འཛིན་གྱི་སྟོབས་ནི་ཤྱཱ་མ་དེ་བིའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། ། ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁ་ག་ནའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁཎྜ་དོ་ཧིའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་ནི་ཆང་འཚོང་མའོ། །དྲན་ཕ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོ ་སྒྱུར་མའོ། །ཡང་དག་པའི་དག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་བའི་ལས་ཀྱི་མཛའ་ནི་བྱ་རོག་གི་གདོང་ཅན་མའོ། །ཡང་དག་པའི་འཚོ་བ་ནི་འུག་པའི་གདོར་ཅན་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱིའི་གདོད་ཅན་མའོ། །ཡང་དག་པའི་དྲན ་པ་ནི་ཕག་གི་གདོང་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པར་བྱེད་པ་ནི་གཤིན་རྗེ་བསྟན་མའོ། །དགེ་བའི་ཆོས་སྐྱེས་པ་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །སྡིག་པ་མི་དགེ་བཱི ་ཆོས་སྐྱེས་པ་འཇོམས་པ་ནི་གཤིན་རྗེ་མཆེ་བ་མའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་ནི་གཤིན་རྗ?་འཇོམས་མ་ཞེས་བྱའོ། །ས་བཅུ་རྣམ་པར་དག་པ་ཡི། །གནས་སོགས་རིམ་པའི་རྣལ་འབྱོར་གྱི། །ལུས་ཀྱིས་དཀྱིལ ་འཁོར་མཆོག་གྱུར་པ། །དེ་ནས་ཡང་དག་བཤད་པར་བྱ། །པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀཱ་ལན?་ཧི་པེ་གྲི་སཽ་ཀུ་ནེ་སི?་མ་ཀུ། བིན་པུལླི་ར་མལ་ཡ་སྟེ་མགོ་བོ་ན་རབ་ཏུ་གཏུམ་མོའོ། །ཛཱ་ནི་ཛཱ་ལན་དྷ་ར་ནི་སྤྱི་གཙུག་ཏུ་སྟེ་གཏུམ་པའི་མིག ་ཅན་མ་མའོ། །ོ་ནི་ཨོ་ཌི་ཡཱ་ན་སྟེ་རྣ་བ་གཡས་པར་ནི་འདོ་ལྡན་མའོ། ། ནི་ཨར་བུ་ད་སྟེ་མགོ་རུ་ནི་སྣ་ཆེན་མའོ། །བཞི་པོ་འདི་ནི་གནས་ཏེ་ས་དང་པོ་རབ་ཏུ་དགའ་བའོ། །གོ་ཞི་གོ་ཧཱ་བ་རི་སྟེ་རྣ་བ་གཡོན་པར་ནི་དཔའ་བོའི་བློ་མའོ། །རྣ? ་ནི་རཱ་མེ་ཤྭ་ར་སྟེ། སྨིན་མའི་དབུས་སུ་ནི་མིའུ་ཐུང་མའོ། །དེ་ནི་དེ་བི་ཀོ་ཊི་སྟེ་མིག་ཏུ་ནི་ལང་ཀའི་དབང་ཕྱུག་མའོ། །མཱ་ནི་མཱ་ལ་བ་སྟེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ། །བཞི་པོ་འདི་ནི་ཉེ་བའི་གནས་ཏེ་དྲི་མ་མེད ་པའོ། །དེ་བཞིན?་དུ་ཐུགས་ཀྱི་འཁོར་ལོ་ནི་མཁའ་ལ་སྤྱོད་པའ། །ཀཱ་ནི་ཀཱ་མ་རུ་པ་སྟེ་མཆན་ཁུང་གཉིས་སུ་ཨེ་རཱ་བ་ཏིའོ། །ོ་ནི་ཨོ་ཊེ་སྟེ་ནུ་མ་གཉིས་ལ་འཇིགས་བྱེད་ཆེན་མོའོ། །ཞིང་གཉིས་པོ་འདི་ནི་འོད་བྱེད་པར་ཤེས་པར་བྱའོ། ཏྲི་ནི་ཏྲི ་ཤ་ཀུ་ནི་སྟེ་ལྟེ་བར་ནི་རླུང་གི་ཤུགས་ཅན་མའོ། །ཀོ་ནི་ཀོ་སལ་སྟེ་སྣ་རྩེར་ནི་ཆད་ཐུང་མའོ། །ཉེ་བའི་ཞིང་གཉིས་པོ་འདི་ནི་འོད་འཕྲོ་བའོ། །ཀ་ནི་ཀ་ལིང་ཀ་སྟེ་ཁར་ནི་ལྷ་མོ་སྡེ་བསངས་མའོ། །ལ་ནི་ལམ་པ་ཀ་སྟེ་མགྲིན་པའི་ཕྱོགས་སུ་ནི་ཤིན་ཏུ་བཟང ་མའོ། །མདུན་ས་གཉིས་པོ་འདི་ནི་སྤྱང་དཀའ་པོའོ། །ཀཱ་ནི་ཀཱཉྩི་སྟེ་སྙིང་གར་ནི་རྟ་རྣ་མའོ། །ཧི་ན་ཧི་མཱལ་ཡ་སྟེ་འདོམས་སུ་ནི་ཁྭ་གདོང་མའོ། །ཉེ་བའི་མདུན་ས་འདི་གཉིས་ནི་དུ་བྱེད་བ་སྟེ། གསུང་གི་འཁོར་ལོ་ནི་སལ་སྦྱོད་བའོ། །པྲེ ་ནི་པྲེ་ཏ་བུ་རི་སྟེ་མཚམས་ལ་ནི་འཁོར་ལོའི་ཤུགས་ཅན་མའོ་གྲི་ནི་གྲི་ཧ་དེ་བ་སྟེ་གསང་བར་དུམ་སྐྱེས་མའོ། །འདི་གཉིས་ནི་རིང་དུ་སོང་བའོ། །སཽ་ནི་སཽ་རཱཥྚ་བརླ་གཉིས་ལ་ནི་ཆད་འཚོད་མའོ། །སུ་ནི་སུ་བ་རྞ་དྭཱི་པ་སྟེ། བྱིན་པ་གཉིས་ལ ་ནི་འཁོར་ལོ་གོ་ཆ་མེའོ། །ཉེ་བའི་འདུ་བ་གཉིས་པོ་འདི་ནི་མི་གཡོ་བའོ། །ན་ནི་ནེ་གར་སྟེ་སོར་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ། །ས་ནི་སིནདྷ་སྟེ་རྐད་པའི་བོལ་ལ་ནི་སྟོབས་ཆེན་མའོ། །དུར་ཁྲོད་འདི་གཉིས་ནི་ལགས་པའི་བློ་གྲོས ་སོ། མ་ནི་མ་རུ་སྟེ་མཐེ་བ་ཚན་གཉིས་ལ་ནི་འཁོར་ལོས་སྒྱུར་མའོ། །ཀུ་ནི་ཀུ་ལུས་ཏཱ་སྟེ། པུས་མོ་གཉིས་ལ་ནི་བརྩོན་འགྲུས་ཆེན་མོའོ། །ཉེ་བའི་དུར་ཁྲོད་འདི་ཉིད་ནི་སྤྲིན་ནོ། །སྐུའི་འཁོར་ལོ་ནི་ས་འོག་རྒ་གནས་པའོ། །ད་ནི་པཱ་བོའི ་ཡན་ལག་རྣམ་པར་དག་པ་ལ་སོགས་པ་བརྗོད་པར་བྱ་སྟེ། སོ་དང་སེན་མོ་ནི་ཐོད་པའི་དུམ་བུའོ། །སྐྲ་དང་སྡུ་ནི་ཀེང་རུས་ཆེན་པོའོ། །པགས་པ་དང་དྲི་མ་ནི་ཀང་རུས་སོ། །ཤིན་མཆེ་བ་རྣམ་བར་གཅིགས་པའོ། །ཆུ་རྒྱུས་ནི་དཔའ་ཨོ་ལྷ་དགྲལ་ལོ། །དུས་བཟི་འོད་དཔག་མེད ་དོ། །མཆིན་པ་ནི་རྡོ་རྗེ་འོད་དོ། །སྙིང་ལ་རྡོ་རྗེ་ལུས་སོ། །མཆན་ཁུང་གཉིས་ལ་རྡོ་རྗེ་མྱུ་གུའོ། །མཁྲིས་པ་ལན་རྡོ་རྗེ་རལ་བ་ཅན་ནོ། །བློ་བ་ལ་དཔའ་བོ་ཆེན་པོའོ། །རྒྱུ་མ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང། གཉེ་མ་ལ་དི་རབ་ཏུ་བཟང་པའོ། །བཤད་བ་ལ་ནི་འཇིགས་བྱེད་ཆེན ་པོའོ། །མཚམས་ཀྱི་མཛའ་ལ་ནི་མིག་མི་བཟང་ངོ། །ལུད་པ་ལ་ནི་སྟོབས་པོ་ཆའོ། །རྣག་ལ་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ལ་ནི་རྟ་མགྲིན་ནོ། །རྡུལ་ལ་ནི་ནམ་མཁའ་ཨི་སྙིང་པོའོ། །རྐང་པ་ལ་ནི་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མཆིམ་ལ་ཞི་པདྨ་གར་གྱི་དབང་ཕྱུག་གོ། ་མཆིལ་མ་ལ་ནི་རྣམ་པར་སྣང་མཛད་དོ། །སྦབས་ལ་ནི་རྡོ་རྗེ་སེམས་དཔའ་ཨོ། །གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཚོང་བ་ལ་རྡོ་རྗེ་ཉི་མའོ། །འདུ་ཤེས་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ། འདུ་བྱེད་ལ་ནི་རྡོ་རྗེ་རྒྱལ་པོའི། །རྣམ་པར་ཤེས་པ ་ལ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་དཔལ་ཧེ་རུ་ཀའོ། །མིག་དག་ལ་གཏི་མུག་རྡོའོ། །རྣབ?་དགལ?་ཞེ་སྔར་རྡོའོ། །སྣ་དགལ་གྲག་དོག་རྡོ་རྗེའོ། །ལྕེལ་འདོད་ཆགས་རྡོ་རྗེའོ། །ལུས་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ ་སའི་ཁམས་ལ་ནི་ལྟུང་བར་བྱེད་པའོ། །ཆུའི་ཁམས་ལ་ནི་གསོར་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ལ་ནི་པདྨ་གར་གྱི་དབང་ཕྱུག་གོ་།ནམ་མཁའ་ཨི་ཁམས་ལ་ནི་པདྨའི་དྲ་ཅན་ནོ། །རྩ་བའི་སྔགས་ལ་སོགས་པ་གང ་ཚངས་པའི་སྐུད་པ་སོགས་སུ་བརྟག། དཔའ་བོ་ཉི་ཤུ་རྩ་བཞི་ནི། །ལུས་ཀྱི་ཁམས་ནི་རྣམ་པར་སྤྲུལ། །དཔའ་བོའི་གོ་ཆ་དྲུག་གིས་ནི། །ཕྱག་རྒྱས་ལུས་ལ་རྣམ་པར་བརྒྱན། །རྡོ་རྗེ་ཕག་མོའི་སྔགས་ཀྱིས་ནི། །མགུལ་པར་མགུལ་དོ་དག་གིས་བརྒྱན། ། ་ལྷ་ཡི་སྙིང་པོའི་སྔགས་ཀྱིས་ནི། །བརྒྱ་ཕྱེད་ཕྲེད་བས་རྣམ་པར་བརྒྱན། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །རྣ་བདག་ལ་རྣ་ཆས་མཛེས། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། །པགས་པའི་གོས་ནི་འཛིན་པའི་མཆོག། ་རྣལ་འབྱོར་མ་དྲུག་སྔགས་ཀྱིས་ནི། །སྐེ་རགས་བྱས་པས་རྣམ་པར་བརྒྱན། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མས། །སྔགས་ཀྱི་བཏུང་བའི་ཐོད་པའོ། །རྣམ་པར་སྣང་མཛད་སྔགས་གང་ཡིན། །ཐོང་པའི་ཕྲེད་བས་དབུལ་བྱས། །ཞེས་བྱའོ། །ད་ནི ་སངས་རྒྱས་ལ་སོགས་པ་ཐམས་ཅད་མདུན་དུ་བསམས་ལ་དེ་ལ་ཡང་དག་པར་མཆོད་དེ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་པ་ལས་ཡང་རྣལ་འབྱོར་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པ་ཁྲུས་གསོལ་ལྟར། ། ་དེ་བཞིན་གཤེགས་པ་ཁྱེད་ཀྱིས་བདག། ལྷ་ཡི་ཆུ་ཡིས་དབང་བསྐུར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཡི་གེ་གསུམ་གྱི་ངོ་བོ་ཉིད། །ས་འོག་ས་སྟེངས་བླ་གསུམ། །སྐད་ཅིག ་ལ་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པར་རྣལ་འབྱོར་བདག། སྐད་ཅིག་རྣམ་པས་ཕྱག་རྒྱ་ལྡན། །ཆོས་རྣམས་ཀུན་ནི་སྐད་ཅིག་གིས། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །ོཾ་ཨཱ(རྒྱུད་འགྲེལ་ཨཏྨ་ཀོ་ཧམ། ཨོཾ་བཛྲ་ཤུདྡྷ(རྒྱུད་འགྲེལ་དམ་ཚིག་འཁོར་ལོར་རབ་གཞུག་བྱ། །མཛུབ་མ་མདུང་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་རབ་སྦྱར་ལ། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་ལ། །རིམ་དང་རིམ་ལས་བཟློག་པས་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བླཧ། ། ་གྱེན་དུ་ཕཊ་ཀྱི་སྒྲ་སྒྲོགས་ཤིང། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་དགུག་གོ། ཨོཾ་མོ་ག་ཤུདྷ(རྒྱུད་འགྲེལ་རྒྱ་སྦྱིན་པ་ནི། གཡོན་པ་དང་གཡས་པའི་ལག་པ་གཉིས་བསྐོར་བའི་མཁའ་འགྲོ་མའི་བདེ་བ་དམ་པ་ཞེས་བྱའོ། །ོཾ་ན་མོ་བྷ་ག་ཝ་ཏི་བཱ་རེ་ཤཱ་ཡ། མཧཱ་ཀལྤ་ཨགནི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏཀྲ?་ཊཱཾ་ཡ། དཾཥྚརཱ་ཀ་རཱ་ལོ་གྲ་བྷཱ་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཝཱཾ་གདྷ་རི་ཎི། བྱཱགྷྲ་ཛི་ནཱམྦ་ར་དྷ་ར་ཡ། མ་ཧཱ་དྷཱུམྦཝཱནདྷ་ཀཱ་ར་ཝ་པུཥཱ་ཡ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནདྷ་བནདྷ། ཏྭ་ས་ཡ་ཏྲཱ་??་ཡ། ཀྵོ་བྷ་ཡ་ཀོཥ་བྷ་ཡ། ཧྲོཾ་ཧྲོཾ། ཧྲ(རྒྱུད་འགྲེལ་བྷཀྵ་བྷཀྵ། བ་ས་དུ་དྷི་ར། ཨམཏྲ་མཱ་ལ་ཨ་བ་ལཾ། བི་ནི། གྲིཧྞ་གྲིཧྞ། སབཏ་པཱ་ཏ་ལ་ག་ཏ་བྷུ་ཛཾ་གཾ། སརྤ་པཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌཌཧཡ་ཨཱ་ཀཌཌཧཡ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྐྵྨཾ?་ཀྵྣཾ?་ཧཾ་ཧཾ། ཧིཾ་ཧི། ཧུཾ་ཧུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ། བསྡུས ་ནས་དཔལ་ཧེ་རུ་ཀའི་རིག་པའི་རྒྱལ་པོའི་རྩ་བའི་སྔགས་སོ། །ོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལྤ་ཨགྱེ་སཾ་ནི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མ་ཀུཊཏཀ་ཊཱ་ཡ་ཧཱུཾ་ཧཱཾ་ཕཊ། ཨོཾ་དཾ་ཥ་ཀ་དཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ ་པ་ཧུཾ་ཉཱུཾ་ཕཊ། ཨོཾ་པ་ད་ཤུ་བཱ་ཤོདྱཱ་ཏ་ཤཱུ་ལ་ཁཊཱཾ?་ག་བྷ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བྱ་གྷྲ་ཇི་ནཱམྦ་ར་བྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷཱུམྦཱནབྷ་ཀཱ་ར་ཝ་པུ་ལཱ་??་ཧུཾ་ཧཱུཾ་ཕཊ་ཨོཾ་ན་མོ་བྷཱ་ག་ཝ་ཏེ་ཝི་རོ་ཤཱ་ཡ། མཧཱ་ཀ་ལྦཱགནི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏཀ་ཊཱ་ཡ། དཾཥ?་ཀ ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎི། བྱཱགྷྲ་ཇི་ནཱམྦ་ར་དྷ་ར་ཡ། མཧཱ་དྷཱུམྦྷནདྷ་ཀཱ་ར་ཝ་བུ་ཥཱ་ཡ། ཧུཾ་ཧཱུཾ་ཕཊ། ཐ་དད་དང་བསྡུས་པའི་དཔལ་ཧེ་རུ་ཀའི་མཆོད་པའི་སྔགས་སོ། །ོཾ་ན་ནམིཏ? ་བྷ་ག་ཝ་ཏེ་ཝིའེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁནད་ཀ་པཱཱིུ་ནཱི་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སྤཱ་ཤཱི་སོ་ནི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་ཀུ་ཊཱིཏཀ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚརཱ་ཀར་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་པ་ཧུཾ་ཧཱུཾ་ཕཊ། ཨོཾ་བི་ཀ་ཊ་པཾ་རྟ་ཧུཾ་ཧཱུཾ ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་ར་བཻ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པྲ་བྷཱ་ཨ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱུམ་དྷཱུཾ་མྦྷཱ་ཊབྷ་ཀ་ར་ཝ་བུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ་ཨོཾ་བཛྲ་དེ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཾ་ཀུ་རེ་ག་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀ་ལྤཱ་གནི་སཾ་ན་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཛཊ་ལ་ཧུཾ་ཧཱུཾ་ཕན་ཨ་བཛྲ་ཛ་ཊཱ་མ་ཀུ་ཊ་ཀ་ཏ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སཱི་ར་ཧུཾ་ཧཱུཾ་ཕཊ། ཨོཾ་དཾ་ཥྚཱ་ཀ་ར་ལོ་གྲ་བྷཱ་ཤ་ཎ་མུ་ཁཱ་ཡ ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱུཾ་ཀ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་ར་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷཱ་དྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བྷ་དྲ་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷཱ་ཛི་ནཱི་བར་དྷ་ར་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བྷཻ་ར ་བཱ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷུ་མྦཌ་ཨནདྷ། ཀཱ་ར་བ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཾ་རུ་པཱ་ཀྵ་ཧུཾ་ཧཱུམ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་པ་ཨ་གནི་སཾ་ནི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་རཏན་བཛྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛཊ ་མ་ཀུ་ཊཏཀ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲི་བ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚར་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཱ་ཤ་ག་རྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་བྱའི ་ཏ་ཤུ་ལ་ཁ་ཊཝཱཾ་ག་དྷཱ་ར་ཎཾ་ཧུཾ་ཧཱུཾ་ཕཊ། ཨོཾ་པདྨ་ན་རྟེ་ཤྭ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱཾ་གྷྲ་ཛི་ནཱཾ་བ་ར་དྷ་ར་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བེ་རོ་ཙ་ན་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུ་མཐནདྷ་ཀཱ་ར་པ་པུ་ཥྵ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སཏྭ་ཧུཾ་ཧཱུཾ་ཕཊ། བྱེ་བྲག་ཏུ་དཔའ་བོའི་སྙིང་པོ ་དང་ཉེ་བའི་སྙིང་པོའོ། །ོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ། མ་ཧཱ་ཀ་ཝ་ཨ་གནི་སི་ནི་བྷཱ་ལ། ཛ་ཊཱ་མུ་ཀུ་ཊོཏཀ་ཊ་ཡ། དཾཥྚཝ་ཀ་རཱ་ལོ་གྲ་བྷི་ཥ་ན་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་ར་ལ། པར་ཤུ་པ་ཤོ་དྱཱ་ཏ་ཤུ་ལ་ཁ་ཊཝཱཾ་ག་དྷཱ་རི་ཎི། བྱཱ་གྷྲཱ་ཇི་ན་ཨམ་པ་ར་དྷ་ར ་ཡ།?་མཧཱ་དྷུ་མྦྷཱ་ནདྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་ཀ་པཱ་ལི། མཧཱ་ཀཾ་ཀ་ལ་བི་ཀཊ་དཾ་ཥྚ་ཊ་སུ་ར་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་བྱའི་ཏ་ཤུ་ལ་རི་ཀ་བཛྲ་ཛ་ཊི་མ་ཧཱ་བྷཻ་ར་བ་བཛྲ་ཧཱུཾ་ཀ་ར་སུ་བད་དྲ་བཛྲ་བྷ་དྲ་མ་ཧཱ་བྷཻ་ར་བ་བཾ་རཱུ་པ་ཀྵ་མ་ཧཱ་པ་ལ་རཏན་བཛྲ ་བཛྲ་ཧེ་རུ་ཀ་པདྨ་ནར་ཏེ་ཤྭ་ར་བཻ་རོ་ཙ་ན་བཛྲ་སཏྭ་ཧུཾ་ཧཱུཾ་ཕཊ། དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོ་བསྡུས་པའོ། །ོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜ་ཨཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནཆ་བནྟ་ཧུཾ་ཧཱུཾ་ཕཊ། ་ཨོཾ་བྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྭ་ས་ཡ་ཏྭཱ་ས་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་པ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་བཾ་ར་མ་ཏཱ་ཡོ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་རྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ(རྒྱུད་འགྲེལ་རེ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪེ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨེ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ། ཏ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧ་བྷེ་ར་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧུམ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོམ ་བྷ་ཀྵ་བྷ་ཀཱ་བ་ས་རུ་དྷ་རི་ཨནྟྲ་མཱ་ལཱ་བ་ལམཔཱ་ནཻ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ། སབཏ་བཱ་ཏཱ་ལ་ག་ཏཱ་བྷུ་ཛཾ་གཾ་སརྦཾ་བཱ་ཏ་ཛས་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བཱི་ལ་ཧུཾ་ཧཱུཾ་ཕཊ། །ོཾ་ཨཱ་གཌཌཧཡ་ཨཱ་ཀཱ་ཙབྷཡ་ཧུཾ་ཧཱུཾ་ཕཊ། ཨོཾ ་སུ་བཱ་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཏུ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀ་དཎྞ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྙཾ་ཛྙཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཅེ་ཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཏ། ཨོཾ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏཽན? ་རི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙ་ཀྲ་བ་རྨམི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལཾ་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བཱིར་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ཙ་ལི་ཙ་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙ་ཀྲ་བརྟ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ་ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཱི་ར་ཡ་ཧུཾ་ཧཱུཾ་ཕཏ། དཔའ་བོ་དང་དཔའ་མོའི་སྙིང་པོའོ། །ཉེ་བའི་སྙིང་པོ་ཐ་དད་དུ་བྱས་པའོ། །ོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནདྷ་བནབྷ། ཏྲ་ཝ་ཡ་ཏྲ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲ(རྒྱུད་འགྲེལ་ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་སུ་རི་དྷ་རཱི་ཨནྟྲ་ཏྲ་མཱ་ལཱ་བ་མ་མཱི་ནི། གྲི་ཧྞ་གྲི་ཧྞ། སབཏ་པཱ་ཏཱ་ལ་ག་ཏ་བྷུ་ཛ་གཾ་སརྦཾ་པཱ། །ཧ་ཛ་ཡ་ཧ་ཛ་ཡ། ཨཱ་ཀདྡྷ་ཨཱ་ཀ་ཌཌད་ཧྲིཾ་ཧྲིཾ། ཙཛྙཾ་ཙཛྙ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱུཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀཾ་ལཾ་ཀཾ་ལཾ། སིཾ་ལིཾ་སི་ལི། ་ཧི་ཙི་ལི་ཧི་ཙི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ་ཕཊ། ཨེ་བ་ཙ་ཎྜེ། ཙཎྜ་ཨལཀྵི། བྲ་བྷཱ་བ་ཏི། སཧཱ་ནཱ་སེ། བཱི་མར་ཏི། ཁ་ཐ་རི། ལཾ་ཀེ་ཤྭ་རི། དྲུ་མཙལ་ཡེ། ཨེ་རཱ་བ་ཏཱི། མ་ཧཱ་བྷེ་རོ་བཻ། བཱ་ཨུཾ་བ་གེ། སུ་ར་བྷ་ལཥྵི་ཤྱ་ས་དེ་བི་ཡེ། ཏ་ཡ་ཀ་རྟྟེ། བཱ་གཱ་ན་ནེ། ཙ་ཀ ་བེ་གེ། ཁ་ཎྜ་རོ་ཧི། ཤཽ་ཎ་ཌི་ནི། ཙ་ཀྲ་བརྨམི་ཎི། སུ་བཱོ་རེ། མཧཱ་བ་ལེ། ཙཀྲ་བརྟི་ནི། མ་ཧཱ་བཱི་ར་ཡ་ཧུཾ་ཧཱུཾ་ཕཊ། དཔའ་ལོའི་སྙིང་པོ་དང་ཉེ་བའི་སྙིང་པོ་བསྡུས་པའོ། །ོཾ་སརྦ་བུབདྷ་ཌ་ཀ་ནཱི་ཡེ་བཛྲེ་ཝ་རྩ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཏྭ། སོ་སོ་དང ་བསྡུས་པའི་སངས་རྒྱས་མཁའ་འགྲོ་མའི་སྟིང་པོའོ། །ོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་ཎྜ་རོ་ཧྭེ་ཧུཾ་ཧཱུཾ་ཕཊ། ཨོཾ་རུ་པཾ་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀླ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ ་སུ་ཀ་རྱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཌཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་མ་ད་ཥཏི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མངཥྚི་ཎི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་མ་མ་བཱ་མི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནི་ལཱ་མེ་ཁ་ཎྜ་རོ་ཧེ་རཱུ་པི་ནི་ཀཱ་ཀཱ་སྱེ་ཡུ་དུ་ཀཱ་སྱེ། ཤྭཱ་ན་སྱེ། སཱུ་ཀ་རཱ་སྱེ། ཡ་མ་རྗེ ་ཌཱི་ཨ་མ་དཱུ་ཏི། ཡ་མ་དཾ་ཥྚཾ་ཎི་ཡ་མ་མ་ཐཱ་ནཱི་ཧཱུཾ་ཧུཾ་ཕཊ། སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་སོ་སོ་དང་བསྡུས་པའི་སྙིང་པོའོ། །ོཾ་བཛྲ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཏུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་ཧྲཱི(རྒྱུད་འགྲེལ་སོ་ལོ་དང་བསྡུས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ོཾ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སཏྭ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ(རྒྱུད་འགྲེལ་བཛྲ་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧོ(རྒྱུད་འགྲེལ་ཧ་ཧུ་བོ་ཥ་ཊ་ཧེ་ཧུཾ་ཧཱུཾ་ཧོ་ཕཊ། ཧཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་སརྠ་བཻ་རོ་ཙ་ན་པདྨ་ནར་ཏེ་ཤྭ་ར་ཤྭི་བཛྲ་ཧེ་རུ་ཀ་ཨཱ་ཀཱ་ཤ་ག་རྦྷ་ཧཱ་ཡ་གྲི་བ་ཚུ་ཧཱུཾ་ཕཊ། གོ་ཆའི་སྙིང་པོ་དང། ཉེ་བའི་སྙིང་པོ་བདུས་པའོ། །ོ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙེ་ནཱི་ཡེ ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཨོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་མི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་མོཾ་ཧུཾ་ཧཱུཾ་ཕཊ། ཨོཾ་མོ་ཧ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྭེཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སཾ་ཙཾ་ལ་ནཱ་ཡེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏྲཱ་ས་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཨོཾ་ཧུཾ་ཧཱུཾ་ཕཊ། དཔའ་མོའི་གོ་ཆ་དྲུག་གི་སོ་སོར་བྱས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ོཾ་ཨོཾ་བཾ་ཧཱཾ་ཨོཾ་ཧྲོཾ་མོཾ་ཧེཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བ་རོ་ཙ་ནི་ཡ་མི་ནི་མོ་ཧ་ནི་ས་ཙ་ལ་ནི་ཡན་ཏྭཱ་ས་ནི་ཙ་ཅི་ཀེ་ཧུཾ་ཧཱུཾ ་ཕཊ། དཔའ་པོ་དྲུག་གིས་བསྡུས་པའི་སྙིང་པོ་དང། ཉེ་བའི་སྙིང་པོའོ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གི་ཧྞ་གྲ་ཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲཧྞཱི་པ་ཡ་གྲཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་བཱཾ་བ་ཏེ་ཧུཾ་ཧཱུཾ་ཕཊ། བསྡུས་པའི ་ཕྱོགས་བཅིང་བ་དང་རྫ་རྔའི་ཕྱོགས་བཅིང་བའི་སྔགས་སོ། །ོཾ་ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཏཱ་ཏཱ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། དཔལ་ཧེ་རུ་ཀ་དང་རྣལ་འབྱོར་མའི་བཞད་པ་རྣམ་པར་བརྒྱད་ཀྱི ་སྔགས་སོ། །ོཾ་ཏ་ཧི་ཧོ་ཧ་ཧཱུཾ་ཧཱུཾ་ཕཊ། རྣམ་པ་ལྔའི་སྔགས་ཏེ་དཔལ་ཧེ་རུ་ཀའི་སྙིང་པོ་དང་འདྲའོ། །དེ་ནས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བས་དཀྲིས་པའི་གཇོམ?་དུ་མེད་པ་ལྟ་བར་ཟླ་བའི་དཀྱིལ་འཁོར་ལ་གནས་ལ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ། །དེའི ་སྡེ་སུ་ཕྱག་རྒྱ་དང་སྔགས་ཀྱི་མཆོད་པ་བྱས་ལ། མཐེབ་ཆེན་དང་མཛུབ་མོ་དང་གུང་མོ་སྲིན་ལག་དང་ཆུང་དུ་དང་སེན་མོ་དང་ལག་པའི་མཐིལ་དང་རྒྱབ་དུ་དཔལ་བོ་དྲུག་དང་དཔའ་མོ་དྲུག་གི་གོ་ཆ་དང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་བསྒོམས་ལ། དེ་ནས ་རྡོ་རྗེ་སེམས་དཔའ་དང་དཔལ་ཧེ་རུ་ཀ་གཉིས་ཀྱི་གོ་ཆས་མཚན་ཉིད་དང་ལྡན་པའི་ཕྲེང་བ་གཟུང་ལ། གོ་ཆ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། ཁྲོ་བོའི་ཚིག་གམ་རྡོ་རྗེའི་ཆིག་གིས་...་ཇི་ལྟར་འདོད་པར་སྔགས་བཟླས་པར་བྱའོ། ། ་ཨོཾ་ཨཱ(རྒྱུད་འགྲེལ་ཡཀྵ་རཱཀྵ་ས་བྷུ་ཏ་པྲེ་ཏ་པེ་ཤཱ་ཅོ་ནམ་དཱ་བསྨར་བཛྲ་ཌཱ་ཀ་ཌཱ་ཀཱི་ནྱ་ང་ཡ་ཨི་མཾ་པ་ལཾ། གྲི་ཧྞ་གྲིཏཔ་ས་མ་ཡ། རཀྵ་རཀྵནྟུ། མ་མ་སརྦ་སིདྷི་མམེ། པྲ་ཡཙྪ་ནྟུ། ཡ་ཐེ་བེ། ཡ་ཐཥྚཾ། བྷུཉྫ་ཐ་པི་པ་ཐོ། ཛི་གཏྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རྟ ་ཡ་སཚུ་ཁཾ་བི་བྲདྡྷི་ཡེ་ས་ཧ་ཡི་ཀཱ་བྷ་བནྟུ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །ལུས་རྟས་པར་བྱེད་པའི་ཚོགས་བདག་ཉིད་ཙེམ་པར་བྱས་ལ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྡོ་པར་བྱའོ། །དེ་ལྟར་བདག་ཉིད་རྣམ་བསམས་ནས། ཚམ་རྡམ ་སྔགས་ཀྱིས་བསྲུང་བར་བྱ། །ཚངས་པར་སྤྱོད་པ་རྟག་གྱུར་ནས། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །དེ་ལྟར་རྣམ་བསམས་རྣལ་འབྱོར་བདག། འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག?། བློ་ལྡག ་རྣལ་འབྱོར་ཆེན་པོས་སྤྱོད། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །ལ་ལར་སྨྱོན་པ་བཞིན་དུ་སྤྱོད། །རྣམ་པར་མི་རྟོག་བདག་ཉིད་སེཾས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །ཅེས་བྱ་བ་འདི་ནི་ཕྱི་དང་ནང་དུ་འབྲེལ་བའི་རིམ་པའོ། །རྟོག་པ་ཐམས ་ཅད་རྣམ་པར་སྤངས། །དཔལ་བོ་སེངྒེ་བཞིན་དུ་སྤྱོད། །ཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་སོ་བ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་ལྡ་རྣམ་པར་བསྒོམ། །ཡི་དགེ་གོ་འཆང་མཆོག་གྱུར་པ། །ཇེ་ཡི ་དབུས་ནས་བསམས་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ཡི་ལུས་ལས་འདས་པ་སྟེ། །སེམས་ཅན་ཉིད་ཀྱང་མི་བསྒོམས་མོ། །བསམ་གྱིས་ཁྱབ་དེ་སེམས་པ་ཡི། །སེམས་ཉིད་ཀྱང་ནི་མི་རྟོག ་གོ་།དེ་ལ་སེམས་ཤིང་བསམ་བྱས་ན། །རྡོ་རྗེས་གཟུངས་ནི་ཐོབ་པར་འགྱུར། །ཁ་ཊཝཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །མཚན་མོ་ཤེས་རབ་མ་རུ་བརྗོད། །སྤྲུལ་པ་ལས་བྱུང་དཔ་པོ་ནི། །དྲུག་བཅུ? ་ཀྱི་སྤྲུལ་བོད་དག་བའི་ཆོས་ཀྱིས་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ཚོགས་སྟོང་པའོ། །རུ་ནི་ཚོགས་དང་སྟོང་པ་སྟ།ེ་།ཀ་ནི་གང་དུ་འང་མི་གནས་པའོ། །ཞེས་བྱ་བ་ནི་རྫོཊ་པའི་རིམ་པའོ། ། ་འདིར་ཁྱད་པར་ཡོད་པ་རྣམས་ནི་མ་བྲིས་ཏེ། བླ་མ་ལ་མི་ལྟོས་པ་དང། གདམ་དག་ཆེན་པོ་བསྲུང་བའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་སྔོན་དུ་སོང་བས་བླ་མ་མཉེས་པར་བྱས་ལ། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྗེས་སུ་འབྲང་བར་རྟོག་པར ་བྱའོ། །ལས་ཡེ་འབྱུང་ཞེས་བྱ་བ་དཔལ་བདེ་མཆོག་འཁོར་ལོའི་རྒྱུད་འདིར་ནི་དེ་ཇི་ལྟར་གསུངས་པ། སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་སྟོན་ཏེ། རྣམ་ཤེས་ཀྱི་སྦྱོར་བ་ཡང་དེ་བཞིན་དུ་ཉོན་ཅིག་ཅེས ་སྦྱོར་རོ། །དེ་ལ་ཁྱད་པར་ཇི་ལྟ་བུ་ཞེས་པ་ལ། སྲིད་པ་སྒྲ་ཚུལ་ལས་ངེས་འབྱུང་ཞེས་གསུངས་ཏེ། ངེས་པར་འབྱུང་བ་ནི་ཁྱད་པར་ཅན་གྱི་ངོ་བོ་ཉིད་དུ་བྱུང་སྟེ། གང་ལས་ཤེ་ན། དེའི་གཟུགས་ལས་མར་མེ་འབར་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི ་རྒྱུན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡང་ཇི་ལྟ་བུར་གྱུར་པ་ཞེས་པ་ལ་སྲིད་པ་ཞེས་བྱའོ། །གཞན་ཡང་ཁྱད་པར་ཅི་ལྟ་བུ་ཞེས་པ་ལ། ཙན་དན་ལ་སོགས་པ་སྤྱོད་པའི་སྤྱོད་ཡུལ་ཞེས་བྱའོ། །ཡང་མི་ལྟ་བུར་གྱུར་པ་ཞེས་པ་ལ། ཐོག་མ་དབུས ་མཐར་ཡང་དག་གནས་ཞེས་གསུངས་ཏེ། ཐུགས་དང་གསུངས་དང་སྐུའི་འཁོར་ལོར་ཡང་དག་པར་གནས་པ་ཞེས་བྱའོ། །ཡང་ཅི་ལྟར་གྱུར་པ་ཞེས་པ་ལ། འཇིག་རྟེན་གསུམ་དུ་རྙེད་དཀའ་བཞེས་གསུངས་ཏེ། ལྷ་དང་མི་དང་ཀླུ་རྣམས་ཀྱིས ་སྡུག་བསྔལ་གྱིས་ཐོབ་པར་བྱ་བ་ཞེས་པའི་དོན་དུ། གཞན་ཡང་ཅི་ལྟ་བུར་གྱུར་པ་ཞེས་པ་ལ། ཤེས་རབ་ཐབས་ཀྱི་སྦྱོར་ཅི་བཞིན་དེ་བཞིན་སྔགས་བཟླས་བསམ་རྫོགས་ལྡན། ཞེས་གསུངས་ཏེ་རྣལ་འབྱོར་མའི་སྦྱོར་བ་འདུས་པ་ལས། ་སྔགས་དང་ལྷ་དང་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་གོམས་པར་བྱའོ་ཞེས་སྦྱར་རོ། །ཡང་ན་སྲིད་ཞེས་བྱ་བ་ལ་སོགས་པ་ལ། ཁྱད་པར་ཅན་གྱི་ངོ་བོ་ཉིད་ཀྱིས་བྱུང་བ་ནི། མར་མེ་འབར་བ་ལྟ་བུའི། བྱང་ཆུབ་ཀྱི་སེམས ་ཀྱི་རྒྱུན་གྱི་རང་བཞིན་ལས་སྲིད་ཅིང་ཙན་དན་ལ་སོགས་པ་སྤྱོད་པའི་སྤྱོད་ཡུལ་ལྷ་དང་མི་དང་ཀླུ་ལ་སོགས་པ་སྡུག་བསྔལ་གྱི་ཐོབ་པར་བྱ་སྟ།ེ་ཐུགས་དང་གསུང་དང་སྐུའི་འཁོར་ལོ་ཡང་དག་པར་གནས་པའི་རྣལ་འབྱོར་མའི ་སྤྱོར་བ་འདུས་པ་ལས་སྔགས་དང་ལྷ་དང་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་གོམས་པ་དང་འབྲེལ་པ་དཔལ་འཁྲོ་ལོ་བདེ་མཆོག་འདིར་ཇི་ལྟ་བ་བཞིན་དུ་ངས་པའི་ཡང་དག་པའི་བྱང་ཆུབ་ཀྱི་ཡེ་ཤེས་དང། རྣམ་པར་ཤེས་པར ་སྦྱོར་བ་ཉིད་ཀྱང་དེ་བཞིན་དུ་ཉོན་ཅིག་ཅེས་སྦྱར་བར་བྱའོ། །ཡང་ན་སྲིད་པ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ཞེས་པ་ནི་ནཱ་ངའི་ངོ་བོ་ཉིད་ཀྱི་སྒྲས་ནི་ཐུན་མོང་ལས་ལྷག་པར་བྱེད་པ་སྟེ་ལྔ་པའི་སྒྲ་རུ་སྟོན་ཏེ། དབང་པོ་གཉིས་མཉམ་པར ་སྦྱོར་བ་ལས་སྲིད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནམ་མཁའ་ཨི་ཕྱོགས་ན་གནས་པ་ལས་འབྱུང་ངོ་ཞེས་བྱའོ། །གང་གི་ཕྱིར་ངོས་པར་འབྱུང་ཞེས་པ་ལས། མང་པོའི་ཚིག་གིས་བདག་ཉིད་ནཱ་ད་ལས་འཁོར་ལོ་གསུམ་ལ་གནས་པའི ་དཔའ་བོ་དང་རྣལ་འབྱོར་མ་ངེས་པར་འབྱུང་ཞེས་བྱ་བར་ཤེས་པར་བྱ་བའི་དོན་ཏོ། །ཅི་ལྟ་བུར་གྱུར་པ་ནི་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། དམ་ཚིག་ནི་རྣམ་པ་གཉིས་ཏེ་བསྲུང་བར་བྱ་བ་དང། བཟའ་བར་བྱ་བའོ། །དེ་གཉིས་ཀྱི་སྤྱོད ་པ་ནི་དེ་ལ་འཇུག་ཅིང་སྤྱོད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་སྤྱོད་ཅིང་ཡུལ་དུ་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་བརྗོད་དོ། །ཡང་ན་ནི་དམ་ཚིག་ནི་ལྷ་མོ་རྣམས། །དེའི་སྤྱོད་པ་ནི་སྤྱོད་ཡུལ་ཏེ་དཔའ་བོ་ཞེས་བྱའོ། །གང་ཡིན་པ་དེ་ལྟར་རྒྱུད ་དེར་གསུངས་པའི་ཆོ་གའི་ཡེ་ཤེས་ཉོན་ཅིག་ཅེས་སྦྱར་རོ། །ཐོག་འབབ་པའི་གནས་སྐབས་སུ་ཨས་ཞེས་བྱ་བ་ནི་བརྗོད་པའི་དོན་དེ་ཉིད་དོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་པ་ནི་ས་འོག་དང་ས་སྟེང་དང་ས་བླ་རྣམས་གང་ཡིན་པའི ་འཇིག་རྟེན་དུ་དཔའ་བོ་དང་སློབ་དཔོན་ལ་སོགས་པ་རྣམས་རྙེ་པར་དཀའ་བའོ། །ཡང་ན་ནི་འཇིག་རྟེན་གསུམ་དུ་འཁོར་ལོ་གསུམ་ལ་གནས་པའི་ལྷ་མོ་རྣམས་རྙེད་པར་དཀའ་བའོ། །དཔའ་བོ་དད་དཔའ་མོ་རྣམས་དང་ཆོ་གའི་ཡེ་ཤེས ་ཀྱར་རྙེད་པར་དཀའ་ཨོ་ཞེས་སྦྱར་རོ། །དེ་ལ་འདིའི་དགོངས་པ་ནི་སློབ་དཔོན་དང་རྣལ་འབྱོར་དང་རྣལ་འབྱོར་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དཔའ་མོ་ལ་སོགས་པའི་ལྷ་རྣམས་འཇིག་རྟེན་གསུམ་ན་གནས་པ་ལས་གཞན་དུ་དཔལ ་བདེ་མཆོག་འཁོར་ལོ་གཙོ་བོ་སྡུག་བསྔལ་གྱིས་རྙེད་པའི་ཆོ་གའི་ཡེ་ཤེས་འདི་ཉིད་དཔལ་བདེ་མཆོག་འཁོར་ལོར་དེ་བཞིན་དུ་ཉོན་ཅིག་ཅེས་བྱ་བའི་བར་རོ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཅི་བཞིན། ཞེས་པ་ནི་ཐབས་ནི་རྡོ་རྗེའོ། །ཤེས་རབ་ནི་རྡོ་རྗེ་ཕག་མོ ་ལ་སོགས་པ་མཁའ་འགྲོ་མ་ཀུན་ནོ། །སྦྱོར་བ་ནི་བཅོམ་ལྡན་འདས་ལ་སོགས་པ་དཔའ་བོ་ཀུན་དེ་རྣམས་ཀྱི་ཡང་དག་པར་སྦྱོར་བ་གང་ཡིན་པ་དེ་ནི་ཆོ་གའི་ཡེ་ཤེས་ནི་དེ་བཞིན་ནོ། །ཅི་བཞིན་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་སྔགས་ཀྱི་བཟླས་པ་དང ་བསམ་གཏན་དང་ལྡན་པ་དེ་བཞིན་ཞེས་བྱ་བའི་དོན་ཏོ། །སྦྱོར་ཉིད་ཅེས་པ་ནི་གཅིག་ཏུ་དེ་ལྟར་གྱུར་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་སྦྱོར་བ་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་དུ་ཇི་ལྟར་གསུངས་པ་དེ་ཐམས་ཅད་འདི་རི་ཡང་ཉོན་ཅིག ་ཅེས་ཡ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྙེད་པར་དཀའ་བ་ཞས་བརྗོད་དོ། །སོགས་པའི་སྒྲས་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ཕྱི་རོལ་གྱི་སྨན་ལ་སོགས་པ་ཉེ་བར་མཁོ་བ་ལ་སོགས་པ་བསྡུས་པའི་སྦྱོར་བའི་སྒྲས་ནི་དབང་དུ་བྱ་བ་ལ་སོགས་པ་ལྷག ་པར་བྱེད་པའི་སོ་སོའི་སྦྱོར་བ་ཡང་སྟན་པ་ཡིན་ནོ། །ང་ནི་བསྲུབ་བ་དང་སྲུབ་པར་བྱེད་པའི་མཐར་འབབ་པའི་གནས་སྐབས་སུ་མཆོད་པའི་ཆོ་ག་ནི་དབུགས་འབྱིན་པར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་མར་གྱུར་པས་ན་བར་མ་ཞེས ་བྱ་བ་སྟེ་བཅོམ་ལྡན་འདས་མའི་པདྨ་ཞེས་བརྗོད་དོ། །དེ་ལ་མཆོག་ཏུ་གྱུར་པའི་དབུགས་འབྱིན་པ་ནི་ལྗགས་ཀྱིས་བཀུག་པའོ། །ངེས་ཅིར་འགྱུར་ཞེ་ན། དྲིའི་ཆུ་དང་བཅས་པའི་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་དང་བཅས་ཞེས ་བྱ་བའི་དོན་ཏོ། །གཞན་ཡང་བར་མ་ཞེས་བྱ་བ་ལ་སོགས་པ་ལ་དབུས་སུ་གྱུར་བས་ན་བར་མ་སྟེ་བཅོམ་ལྡན་འདས་མའི་པདྨ་ཞེས་བརྗོད་དོ། །དེ་ཉིད་ནི་མཆོག་སྟེ་དེ་ལ་དབུགས་ཞས་པའི་དོན་ཏོ། །ཡང་ན་ནི་པར་མ་ཞེས་བྱ་བ་ལ་སོགས་པའི་དོན ་གཞན་དུ་སྟོན་ཏོ། །ལྷག་མ་ནི་བསྟན་པའི་དོན་ཉིད་དོ། །རྣལ་འབྱོར་དུས་ན་ཁྱད་པར་དུ་ཞེས་པ་ནི། འབབ་པའི་མཛའ་ཨི་དུས་སོ། །ཁྱད་པར་དུ་ཞེས་པ་ནི། རྡོ་རྗེ་དང་པདྨ་བསྐྱོད་པའི་ཁྱད་པར་དེ་ཡིས་ཞེས་པའི་བར་རོ། །རིགས་ལྡན་ཞེས་པ་ནི་རྒྱུད་ཀྱི་དམ་ཚིག་གི་བརྡ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོའི་ངོ་བོ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་ལ་མཆོད་པ་ནི་མཆོད་པར་བྱ་སྟ།ེ་ཇི་ལྟར་སེམས་དགའ་བདེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕ་ཉ་ཞེས་པ་ནི་ཅི་སྲིད་ནི་གང་གིས་ཕྱིར་གྱི་དོན་ཏེ། གང་གི་ཕྱིར ་ཕོ་ཉ་ལྷན་ཅིག་སྐྱེས་པའི་དངོས་གྲུབ་མཆོག་དང། འབྲིང་དང་ཐ་མ་དེ་ཡིས་ནས་དུ་ཆུད་པས་འདོད་པའི་དོན་གྱི་དངོས་གྲུབ་བསྒོམ་པར་བྱའོ། །དེ་ལ་འདིའི་དོན་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་ཕག་མོའི་ངོ་བོ་ཉིད་ལས་ཀྱི་ཕྱག་རྒྱ་རྣམས་འཁོར་ལོ ་གསུམ་ལ་གནས་པ་དེ་ཀུན་ཡིད་ནང་དུ་ཆུད་པ་ནི་དེ་ཀུན་ཐུགས་དགྱེས་པའི་བསམ་པས་དངོས་གྲུབ་ཏུ་བྱེད་ཅེས་བྱའོ། །རང་རྫས་ཐིག་ལེས་སངས་རྒྱས་དང་ཞེས་བྱ་བ་ལ། སྔོན་དུ་བསྟན་པའི་ལས་ཀྱི་ཕྱག་རྒྱ་ལ་འདོད་ཆགས་ཆེན་པོའི ་ཐིག་ལེས་དེ་འབའ་ཞིག་ནི་མ་ཡིན་ཏེ། ལྷ་སུམ་ཅུ་རྩ་བདུན་རྣམས་དང་ཕུང་པོ་ལྔའི་སངས་རྒྱས་ཀྱི་རང་བཞིན་དང་སྐྱེ་མཆེད་དྲུག་བྱང་ཆུབ་སེམས་དཔའ་ཨི་རང་བཞིན་བསྒོམ་པར་བྱའོ་ཞེས་བྱའོ། །དེ་ལ་འདིའི་དགོངས་པ་ནི་བདག་ཉིད་དཔལ ་ཧེ་རུ་ཀར་བྱས་ནས། ལས་ཀྱི་ཕྱག་རྒྱ་རྡོ་རྗེའི་ཕག་མོའི་ངོ་བོ་ཉིད་ལ་བསྒོམ་པར་བྱ་བ་ནི་དེའི་སྦྱོར་བ་ལ་སྙོམས་པར་ཞུགས་ནས། དེའི་ས་བོན་ཀུན་དང་བན་དུ་ཀའི་གཟུགས་ཀྱིས་གསང་བ་སྟེ། དེ་ལྟར་གསང་བའི་དཀྱིལ་འཁོར་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱའོ་ཞེས་བྱ་བའོ། །མཐོང་བ་དང་ནི་ཞེས་པ་ནི་ཇི་སྙེད་གཟུང་བའི་ཁྱད་པར་གཞན་ནི་བསྙེན་བཀུར་གཞན་མི་དགོས་ཏེ་མཐོང་བའི་ཐོས་པ་འམ་དྲན་པས་ཀྱང་དོ། ། ་དེ་ལྟར་ཁྱད་པར་ཅན་གྱི་རྣལ་འབྱོར་པས་སྡིག་པ་ཀུན་ལས་སེམས་ཅན་གྲོལ་ཞེས་བྱའོ། །དེ་ལྟར་འདི་ལ་ཐེ་ཚོམ་མེད་ཅེས་པ་ནི། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་ཉིད་ཅེས་བྱ་བར་བརྗོད་དོ། །ཡང་ན་དེ་ལྟ་བུ་ཁྱད་པར་ཅན་གྱི་ལས་ཀྱིས་ཕྱག་རྒྱ་ཡེ་ཤེས ་ཕྱག་རྒྱའི་ངོ་བོ་ངོ་བོ་ཉིད་རྡོ་རྗེ་ཕག་མོ་གཟུང་བའི་བྱེ་བྲག་ཡོངས་སུ་སྤངས་ཏེ། མཐོང་བ་དང་རེག་པ་དང་ཐོས་པ་འམ་དྲན་བས་ཀྱང་རྣལ་འབྱོར་པའམ་སེམས་ཅན་གྱི་བྱེ་བྲག་གཞན་ཡང་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །འདི་ལྟར ་དེ་ལ་ཐེ་ཚོམ་མེད་ཅེས་པའི་བར་ལྷག་མ་ནི་སོང་བའི་དོན་ཉིད་དོ། །རྣལ་འབྱོར་བ་ཉིད་ཅེས་པ་ལ་སོགས་པ་ནི་གོ་སླའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། འགྲུབ་པ་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སེགས་པ་གསང་བའི་སྡགས་ཀྱི ་བཟླས་པ་དང། བསམ་གཏན་དང། ཕྱི་དང། གསང་བ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ལ་གོམ་པས་ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་གཉིས་གོམས་ནས་བྱ་བའི་དོན་ཏོ། །ཡང་ན་ནི་གཞུང་གཞན་ཏེ་དམ་ཚིག་ཅེས་པ་ནི། དམ་ཚིག་ནི ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཁྱད་པར་ཅན་ནམ། །དམ་ཚིག་ལག་གདུང་ལ་སོགས་པའི་ཁྱད་པར་རྟག་ཏུ་བསྐྱང་ངོ་ཞེས་བྱ་བའི་དོན་ཏོ། །སྲུང་པ་ནི་གདུག་པ་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཙན་དན་ལ་སོགས་པའི་ཐ་སྙད་དོ། །དམ ་ཚིག་སྒྲ་ནི་བསྲུང་བར་བྱ་བའི་རིགས་ཏེ། །བ་ཅིག་ཏུ་བཞང་གང་དུ་གྱུར་པའི་གྱུར་པའི་ཕྱིར་རོ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས་ཞེས་པ་ནི་ཐམས་ཅད་དུ་སྔགས་དང་ལྷ་ལ་སོགས་པའི་ཡིད་ཀྱིས་སྒྲུབ་པ་པོ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་བྱ ་བའི་དོན་ཏོ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དང། དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར་ཞེས་པ་ནི་དམ་ཚིག་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་མ་ལུས་པའི་ཡུལ་ལ་གང་གི་ཕྱིར་དེ་རྣམས་རྣལ་འབྱོར་པ་དང་རྣལ་འབྱོར་མས་སྡགས ་དང་དཀྱིལ་འཁོར་ལ་སོགས་པའི་མཆན་ཉིད་ངོ་བོ་ཉིད་ཙམ་ཡང་གཞན་ལ་ཡང་རིག་པར་མི་བྱའོ་ཞེས་བྱ་བའོ། །ཡན་ན་དེ་དང་འབྲེལ་བའི་དམ་ཚིག་སྒྲུབ་པ་པོས་དེ་ཡང་རིག་པར་བྱས་ན་དངོས་གྲུབ་ཀུན་ཏུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། ། ་ད་ནི་བདུད་རྩི་རྣམ་པ་ལྔ་སྟོན་ཏེ། སྒྲང་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲང་རྩི་ནི་ག་པུར་དང། དམར་ནི་རང་བྱུང་གི་མེ་ཏོག་གོ། །ག་བུར་དང་བཅས་པ་ནི་སཱ་ལི་དང་བཅས་པའོ། །ཡང་བཁྲག་དང། །བླ་རྩི་དང། ཙན་དན་ནི་གཞི་མ་ཉམ ་དང། དམར་ནི་ཙན་དང་དང། ཙན་དན་དམར་པོ་དང་ཡང་སྦྱར་རོ་ཞས་བྱ་བའི་དོན་ཏོ། །ཚོགས་ཀྱི་ནང་ཞེས་པ་ནི་འཁོར་ལོ་གསུམ་གྱི་དབུས་སོ། །ཡང་ན་ནི་རྣལ་འབྱོར་ཅིག་འཛིན་པའི་དམ་ཚིག་བ་ཚོགས་པའི་ནང་དུ་རབ་ཏུ་གནས ་ཤིང་རྗེས་སུ་གནས་ཞེས་པའི་དོན་ཏོ། །ནིའི་སྒྲ་ནི་གཞན་དང་ལྡན་པ་རྣམ་པར་གཙོང་པའོ། །ཐམས་ཅད་རྡོ་རྗེ་མཚན་མ་ནི་སངས་རྒྱས་བཅོམ་ལྡན་འདས་དེའི་རྟགས་ནི་དེའི་མཚན་མ་སྟེ། ཡང་དམ་ཚིག་གི་སྒྲས་པདྨའི་སྣོད་དོ། །དུང་ཆེན་པོ་ཇི་སྲིང ་དུ་འཛིན་པ་ཞེས་པ་ནི་རྡོ་རྗེ་ཀུན་མཚན་མཚན་མ་མཛིན་ཏེ། འདིས་ནི་བདུད་རྩི་ལྔའི་ཁྱད་པར་རོ། །རྡོ་རྗེ་མཐེ་བོང་སྲིན་ལག་སྦྱར། །གོ་ཆ་ལ་སོགས་པ་བཀོད་པས་མི་ཕྱེད་པའི་གཡོན་པའི་ལག་པའི་མཐེ་བོང་དང་སྲིན་ལག་གཉིས་ཀྱིས་བཅང ་མ་ནི་ལོངས་སྤྱད་པར་བྱའོ། །ཡང་ན་གཞུང་ནི་གཞན་ཏེ། རྣལ་འབྱོར་རིག་པས་ཞེས་པ་ནི་རྟག་ཏུ་སྔགས་དང་ལྷའི་རྩལ་འབྱོར་འཆང་བའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །ཞི་བའི་བཏུང་བཞིན་ཞེས་བྱ་བའི་དོན་ནི་ཞེ་བའི་བཏུང་བ་ནི་ཆང་གི ་བཏུང་བ་བཞིན་དུ་པེ་ཉིང་ཚིག་ཏུ་བརྗོད་པར་རིགས་ཏེ། འོན་ཀྱང་བྲམ་ཟེ་རྣམས་ཀྱིས་མཆོད་སྦྱིན་བྱེད་པའི་དུས་སུ་ཤིན་ཏུ་དག་བྱེད་དུ་གྱུར་པའི་བཏུང་བའི་ཁྱད་པར་ཅན་དུ་བྲམ་ཟེ་རྣམས་ཀྱིས་འཛིན་ཏེ་དེ་ལྟ་བུ་ཞེས་བྱ་བའི ་དོན་ཏོ། །དེ་ལ་འདིའི་དགོངས་པ་ནི་གྲོངས་ལས་འདོས་ཤིང་དོན་མེད་པ་ཉིད་གྱི་ཕྱིར་རོ། །ཞི་བའི་བཏུང་བ་དང་འདྲ་བར་བྱས་ནས་ཇི་ལྟར་ནུས་པར་བདུད་རྩི་རྣམ་པ་ལྔ་དང་དམ་ཚིག་གིས་རྫེས་ལ་སོགས་པ་ཁྱད་པར་གཞན་པ་རྒྱལ་སྐྱེས ་པས་སྨོང་བ་ལ་སོགས་པ་ཡོངས་སུ་སྤངས་ཏེ། བདུད་རྙིའི་བཏུང་བ་ལྟ་བུར་ཡོངས་སུ་བརྟགས་མ་རྟག་པའི་དངོས་གྲུབ་ཐོབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདི་ཡིས་ཀྱང་ཐོབ་བོ། །མཆོད་བཞི་ཞེས་པ་ལ། མཆོད་བཞིན་ཕྱི་དང་གསང་བ ་དང། ཡིད་ཀྱི་རང་བཞིན་དང་ངེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཡང་ན་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་དང། ཆོས་དང་ལས་ཀྱི་ཕྱག་རྒྱ་བཞི་མཆོད་པ་བཞིའོ། །དེ་བཞིན་རྣལ་འབྱོར་མ་ཞེས་པ་དང། དབང་ཉིད་སྙོམས་པར་འཇུག་པའི ་ཞེས་པ་ནི། དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་ལས་བྱ་བའི་ཁྱད་པར་རམ། དཔའ་བོ་ཞེས་པ་དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་རྣམས་དང་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དེ་བཞིན་དུ་བདེ་བའི ་ཚིག་གོ། །དེ་ཉིད་འཛིན་ནི་ཐབས་དང་ཐབས་ལས་བྱུང་བའི་རྣལ་འབྱོར་འཆང་བའོ། །ཡང་ན་ནི་དེ་ཉིད་ནི་གཞན་མ་ཡིན་པ་ཉིད་དམ། འཁོར་ལོ་གསུམ་ལ་གནས་པ་དང་ལྷན་གཅིག་ཏུ་རོ་གཅིག་ཏུ་རོ་གཅིག་པ་འཆང་བའོ། །ལྷ་དང་མིའི་བདེ ་བ་བསྡུས་ལ་གཅིག་ཏུ་བྱ་པས་ནི་རྡོ་རྗེ་ནི་བཅོམ་ལྡན་འདས་ཏེ། དེ་འཛིན་པ་ནི་རྡོ་རྗེ་འཆང་གི་རྣལ་འབྱོར་པའོ། །བཅུ་དྲུག་ཆར་ཡང་མི་ཕོད་དེ་ཞེས་པ་ནི། དེ་ལྟ་བུར་གྱུར་པའི་རྣལ་འབྱོར་བ་ནི་བཅུ་དྲུག་གི་ཆའི་གཅིག་ཆ་ཙིམ་ཡང་རྣལ ་འབྱོར་གཞན་འཆང་བསམ་མི་འཕོད་མི་ཐོབ་པ་ཞེས་བྱ་བའི་དོན་ཏེ། །ཡང་ན་ནི་རྡོ་རྗེ་ཆེ་ཞེས་བྱ་བའི་གཞུང་གཞན་ཡང་ཡོད་དེ་དོན་དེ་ཉིད་དོ། །ལྷག་མ་ནི་གསལ་བར་བྱས་པའི་ཕྱིར་རོ། །རི་སུལ་ཚང་ཚིང་ཕུག་རྣམས་སཾ་ཞེས་པ་ནི་རིའི་ཕུག་ལ་སོགས ་པའི་ཕྱོགས་སུའོ། །ཆུ་བོ་ཆེན་པོའི་དོགས་དག་ཏུ་ཞེས་པ་ནི་རྒྱ་མཚོ་ཆེན་པོའི་འགྲེམ་ལ་སོགས་པའོ། །གདོད་ནས་གྲུབ་པའི་དུར་ཁྲོད་དུ་ཞེས་པ་ནི། །གཅིག་ནས་གཅིག་ཏུ་མཆོག་ཏུ་རབ་ཏུ་གྲགས་པའི་དུར་ཁྲོད་དུའོ། །དེར་ནི་དཀྱིལ་འཁོར་བྲི་བར ་བྱ་ཞེས་པ་ནི། འདིར་དེ་ལྟ་བུ་ལ་སོགས་བའི་གནས་སུ། འོག་ནས་འབྱུང་བ་འདི་ཉིད་ཀྱི་དཔལ་བདེ་མཆོག་འཁོར་ལོ་བྲི་བར་བྱའོ། །ཞེས་བྱ་བའི་དོན་ཏོ། དཔལ་ཧེ་རུ་ཀའི་མདོན་པར་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ནི་རྫོགས་ཞེས ་བྱ་བའི་དོན་ཏེ། དཔལ་ཧེ་རུ་ཀ་བརྗོད་པར་བྱེད་པའི་གཞུང་གིས་ཚོགས་ལས་དཀྱིལ་འཁོར་ལ་འཇུག་པའི་ལེའུ་འི་འགྲེལ་པ་སྟེ་དང་པོའོ།། །།དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྒྱུད་ལ་ཟློས་པའི་སྐྱོན་མེད་པའི ་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་ཡང་སྟོན་ཏོ། །བར་འདི་ན་བྷ་བ་བའི་དཀྱིལ་འཁོར་གྱི་ཆོ་ག་ཡོད་དེ་ལོགས་ན་ཡོད་དོ། །ཡང་ན་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུས་ན་དཀྱིལ་འཁོར་བྱེད་པའི་གནས་ཉེ་བར་དམིགས་ཕ་ནས་གཟུང་ནས། ་བླ་མ་ལ་མཆོད་པ་དང། བསྙེན་བཀུར་བྱ་བའི་བར་དཀྱིལ་འཁོར་དང་དབང་བསྐུར་བ་ནི་ལེའུའི་དོན་ཏོ། ཞེས་གསུངས་སོ། །དེ་ལ་ཞེས་པ་ནི་རི་སུལ་དང་ཚང་ཚིང་ལ་སོགས་པའི་གནས་རྣམས་སུའོ། །ཆུ་དང་ལྕི་བཞེས་པ་ནི་ཆུ་རུ་གཏོགས་པའི་ལྕི་པ ་པ་ནི་ཆུ་དང་ལྕི་བ་སྟེ། དེ་ཡིས་དཀྱིལ་འཁོར་གྱིས་གཞི་བྱུག་པར་བྱའོ་ཞེས་སྦྱར་རོ། །དུར་ཁྲོད་དང་ཆུ་ཡི་དོགས་དང་དགོན་པ་དང་རི་སུལ་དང་རྫིད་བུའི་དོགས་དང་གདུད་ཡོད་པའི་མཆོད་རྟེན་དང་ཤིང་གཅིག་གི་དྲུང་དང་ཚོད་དུས་དང་གྲོང་ཁྱེར་དང ་ཚོང་དུས་ཀྱི་རྣམ་པའི་ཁང་པ་དང་གར་དང་གླུ་རྟག་ཏུ་བྱེད་པའི་གནས་དང་ཡང་ན་ནི་གནས་དང་ཉེ་བའི་གནས་དང། ཞིང་དང་ཉེ་བའི་ཞིང་དང། འདུན་ས་དང་ཉེ་བའི་འདུན་ས་དང། འདུ་བ་དང་ཉེ་བའི་འདུ་བ་དང། དུར ་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་ས་བཅུར་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དུར་ཁྲོང་དུ་ནི་ཀུན་སྤྱོད་ཅིང་ཞེས་པ་བསྟན་པའི་རི་སུལ་དང་ཚང་ཆིང་ལ་སོགས་པ་རྣམས་གང་དུ་དཀྱིལ་འཁོར་བྲི་བདེར་དུར་ཁྲོད་ཆེན་པོའི་རྣམ་པར་བསྒོམ ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་བསྲེབས་སོལ་བཅེས་བྱ་ལ་སོགས་པ་ལ། རྡུལ་ཚོན་ང་འདུ་བྱ་བ་སྟོན་པ་སྟེ། ལྷག་མ་ནི་གོ་སླའོ། །སློབ་དགོན་མཚན་ཉིད་ཐམས་ཅད་ལྡན་ཞེས་པ་ནི། སློབ་དཔོན་མཚན་ཉིད་མ་ལུས་པ་དང་ཉེ་བར་ལྡན་པ་ཅེས ་པའི་དོན་ཏོ། །ཡང་དག་ཤེས་ཤིང་ཞས་པ་ནི། ཡང་དག་པ་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་བློ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་ནུས་པ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་པ་ཞེས་པ་ནི་རྒྱུད་མ་ལུས་པའི་དོན་རིགས་པའོ། །ཡང་ན་ནི་བསྡུ་བས ་ཚིག་གི་དོན་གཅིག་ཉིད་དེ། ཡང་དག་པ་མེད་ལུས་པའི་དེ་ཉིད་ཅེས་པ་སྟེ། ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའི་མ་ལུས་པའི་དེ་ཉིད་ཀྱི་དོན་དེ་ཡིས་ཤེས་པ་ལ་ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ནི་རྡོ་རྗེ ་དང་པདྨ་དང་བསྐྱོད་པ་དང་ཡང་དག་པར་ལྡན་པས་གསང་བའི་དབང་སྟེར་བར་ནུས་པ་ཞེས་བྱ་བའི་དོན་ཏོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས་ཞེས་པ་ནི། སྔོན་དུ་བསྙེན་པ་མང་དུ་སོང་བའོ། །ཁྲོ་བ་མེད་པ་ཞེས་པ་ནི་ཁྲོ་བ་ལ ་སོགས་པ་ཡང་དག་པར་སྤངས་པ་ཞེས་བྱ་བའི་དོན་ཏོ། །གཙང་ཞིང་ཞེས་པ་ནི་འོག་ནས་འབྱུང་བའི་གཙང་སྦྲ་ཡོངས་སུ་སྐྱོང་བ་བོ་ཞེས་པའི་དོན་ཏོ། །མཁས་པ་ནི་སྙོམས་ལས་མེད་པའོ། །སྤྱོད་ཤེས་ཡེ་ཤེས་ཕ་རོལ་འགྲོ་ཞེས་པ་ནི ་སྦྱོར་བ་ནི་ཐབས་དང་ཤེས་རབ་ལ་སོགས་པ་ཡང་དག་པའི་དམ་པའི་ཆོས་ཀྱི་ངོ་བོ་ཉིད་དེ་ཉིད་ཀྱིས་ཡི་ཤེས་ཏེ། དེའི་ངོ་བོ་ཉིད་ཀྱི་ཕ་རོལ་ཏུ་འགྲོ་བ་ནི་སྐད་ཅིག་ལ་མངོན་དུ་བྱེད་ཅེས་པའི་དོན་ཏོ། །ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཡན་ལག་ཏུ ་བྱས་པའི་རྟགས་བསྡུས་པ་གང་ཡིན་པས་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བའི་རིག་པས་ཕྱག་རྒྱ་དགན་ལྡན་པས་ནི་ཕྱག་རྒྱ་ཆེན་པོ་སྟོན་ཏེ། ལྷག་མ་ནི་གོ་སླའོ། །དུ་མ་གཅིག་སྤྱི་བོར་བརྒྱན་བད་བཞེས་པ་ནི། །འདིས་ནི་འབྲལ་བའི ་སྟེང་གི་ཐོད་པའི་ཕྲེ་རབ་ཏགས་པའོ། །ཡང་ན་ནི་དུ་མ་བུ་མང་པོའི་པདྨའི་སྣོད་ཀྱང་བསྟན་ནོ། །རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ལ་སོགས་པ་མུགས་ལས་བཟློག་པ་དང་ལུགས་སུ། འབྱུང་བའི་སྦྱོར་བས་བསྟན་ལ་བླ་མའི་མན་དག་གི་དོ། ་རིམ་བཞིན་དུ། བློ་དང་ལྡན་པས་ཡོངས་སུ་རྫོགས་པར་བཤད་པར་བྱའོ། །རུས་པའི་ཕྲེང་བ་རྣམ་པར་ཕྲེང་བ་རྣམ་པར་འཕྱིར་ཞེས་བྱ་བ་འདིས་ནི་རུས་པའི་ཕྲེང་བ་ནི་བརྒྱ་ཕྱད་པའི་ཐོད་པའི་ཕྲེང་པས་ཡི་གེ་ལྡན་པ་ཅུའི་ངོ་བོ་ཉིད་འཕྱང་བ་སྟེ་ཐོད་པའི་ཕྲེང་བ་ཞེས་པའི་དོན ་ཏོ། །ཁ་ཊའཝཾ་ག་ནི་ལག་ན་གནས་ཞེས་པ་ནི་ཁ་ཊའཝཾ་ག་ལག་ན་གནས་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། དེ་ཉིད་ཀྱི་ཕྱིར་བདག་ཉིད་ཧེ་རུ་ཀར་བྱས་ནས་ཞེས་བརྗོད་དོ། །དཔལ་ཧེ་རུ་ཀ་དྲན་པར་བྱ་ཞེས་པ་ནི། དཀྱིལ་འཁོར་ལ་བཀོད་པའི་དཔལ་ཧེ་རུ་ཀའི་གཟུཌ ་ཉིད་ལ་སྦྱད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འཁོར་ལོ་འདིའི་སྙིང་ཁར་དགོད་ཅེས་གསུངས་སོ། །འཁོར་ལོ་ཞེས་པ་ནི་དམ་པའི་ཆོས་ཀྱིས་དོན་ལ་སོགས་པའི་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་འཁོར་ལོ་བྲི་བར་བྱ་བ་སྟེ། འཁོར་ལོ་འདི ་ཡིས་ཕྲོ་བར་བྱ་བའམ་འཁོར་ལོ་འདི་ནི་འཁོར་ལོ་སྟེ། དཔལ་ཧེ་རུ་ཀ་དང་བཅས་པའི་འོག་ནས་འབྱུང་བའི་དཀྱིལ་འཁོར་སྙིང་གའི་དབུས་སུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དོ་ལྟར་བདག་ཉིད་གོ་བགོས་ནས། རབ་རྣམས་ཀྱི་ཕྱོགས་སུ་དགོད་ཅེས ་པ་ལ། རང་གི་ལུས་ལ་གོ་བགོ་བར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་དམ་ཚིག་བརྗོད་པའི་རྗེས་སུ་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་གིར་བ་དགོད་པར་བྱའོ། །གཞལ་ཡང། ཁང་ལ་སོགས་པ་ཡོངས་སུ་རྫོགས་པའི་དུས་སུ་རྡོ་རྗེའི ་ར་བ་དང་པདྨའི་ར་བ་དང། འཁོར་ལོའི་རབ་དགོད་པར་བྱའོ་ཞེས་དགོང་སོ། །དེ་ལྟར་བདག་ཉིད་གོ་དགོས་ནས། འོག་ཏུ་མཆོག་ཆ་དགོད་པར་བྱ་ཞེས་པ་ནི་འོག་གི་མཐར་ཐུག་པར་རྡོ་རྗེའི་ས་གཞི་བརྟག་པར་བྱའོ་ཞེས་པའི་དོན་ཏོ། །འཁོར་ལོ་བདག་ཉིད ་མཚོན་མ་རྣམས། །སྟེང་དུ་མདའི་དྲ་བ་ཞེས་པ་ནི། མདའི་དྲ་བ་ནི་རྡོ་རྗེའི་གུར་སྟེང་དུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །ཡང་བདག་ཉིད་ཅེས་པ་ནི། ཡེ་ཤེས་སེམས་དཔའ་འཇུག་པའི་དུས་སུ་གཞལ་ཡས་ཁར་གི་ནང་དུ་བྱས་ནས་ར་བ་ལ་སོགས་པ ་ཉེ་བར་བརྟག་པར་བྱའོ་ཞེས་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་སྡགས་པས་དཀྱིལ་འཁོར་འབྲི་བ་ལ་འཇིགས་པ་མེད་པར་བསྟན་ཏོ། །སྔགས་དང་ཕྱག་རྣམས་བརྒྱན་ནས་ཞེས་པ་ལ། ལེགས་པར་བསླབ་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང ་བཅས་པ་ཞེས་པའི་དོན་ཏོ། །བྲི་བར་བྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ཐིག་སྐུད་སྟོན་ཏེ། ལྷག་མ་ནི་གོ་སླའོ། །མདངས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་རྒྱས་པར ་བྱེད་དེ། མདངས་དང་གཟི་བརྗིད་ངེ་རབ་ཏུ་འབར་བ་ཞེས་པའི་དོན་ཏོ། །ལྷག་མ་ནི་ཇི་ལྟའི་དོན་ཉིད་དོ། །སྨིན་མ་བཟང་པོ་རྡོ་རྗེའི་འབྱེས་ཞེས་པ་ནི་རྡོ་རྗེ་ལྟ་བུར་ཡང་དག་བྱེད་པའི་ཐུན་མོང་དུ་སྨིན་མ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ལྟ་བུའི་སྨིན་མ་འབྱེས་ཞེས ་པའི་དོན་ཏོ། །ཡང་ན་ནི་དཔལ་བའི་སྟེང་དུ་རྡོ་རྗེའི་ཕྲེང་བའི་མཐར་སྨིན་མ་ཡོད་པ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་རྟོགས་སླ་ཞིང་གསུངས་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལ་འཁྱུད་པའི་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་རྡོ་རྗེ་ཕག་མོ་ཤིན་ཏུ་མི ་ཟད་བར་གསལ་བར་བྱེད་དོ། །རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས་ཞེས་པ་ནི། ཁ་ཅིག་ན་རེ་དབང་ཕྱུག་ཆེན་པོ་ལ་མངོན་པར་ཕྱོགས་པའོ་ཟེར་ཏེ་དེ་ནི་འདིར་རྗེས་སུ་མཐུན་པ་མ་ཡིན་ཏེ་གནས་སྐབས་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཕག་མོའི་ཕྱག་རྒྱ་ཆེན་པོའི་སྟོན་པའི ་སྐབས་ཡིན་པའི་ཕྱིར་རོ། །དེ་ལ་འདིའི་དོན་ནི་འཇིགས་བྱེད་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། དེ་ལ་མངོན་དུ་ཕྱོགས་པ་ནི་སྐྱུ་དང་གསུང་དང་ཐུགས་ཀྱིས་འཁྱུད་པའོ། །ལའི་སྒྲས་ནི་དེ་ཉིད་ཀྱི་དོན་ངེས་པར་གཟུང་བའོ། །ལྷག་མིན་གོ་སླའོ། །དེ་ལ་བུམ་པ་ཞེས ་བྱ་བ་ལ་སོགས་པས་ནི། བུམ་པའི་མཚན་ཉིད་ཕྱོགས་གཅིག་ཉེ་བར་མཚོན་པ་ཙམ་སྟོན་ཏེ། ནག་པོ་མེད་པ་དང་ལྟོ་བ་ཆེ་ཞིང་འཕྱང་བ་དང་སྐེ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །མུ་ཏིག་ཅེས་བྱ་བ་ལ་སོགས་པ་ནི་རིན་པོ་ཆེ་སྣ་ལྔ་སྟོན་པའོ། ། ་ཟངས་མེ་ཞེས་པས་ནི་བུམ་ལ་སོགས་པའི་ཁྱོད་པར་རོ། །ལྷག་མ་ནི་གོ་སླའོ། །མ་རྙེད་ན་བུམ་པ་དགུའོ། །རྙེད་ན་བུམ་པ་ཉི་ཤུ་རྩ་ལྔ་དང་ལཱ་མ་ལ་སོགས་པའི་བུམ་པ་བཞི་དང་ཁྭ་གདོང་མ་ལ་སོགས་པའི་བུམ་པ་བརྒྱད་དང་ལས་ཐམས་ཅད་པ་དང ་རྣམ་བར་རྒྱལ་པའི་བུམ་པའོ། །ཡང་ན་བསྡུས་ན་ནི་བཞི་བཅུ་ཐམ་པ་ཡིན་ནོ། །ལྷག་མ་ནི་གསལ་ལོ། །བརྒྱན་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྙེད་པའི་རིན་པོ་ཆེས་དཀྱིལ་འཁོར་ལ་ཇི་ལྟར་མཛེས་པར་འགྲམ་པར་བྱའོ་ཞེས་འདིའི་དོན་ཏོ། ། ་གྲོང་མཆོག་ཡིད་འོང་མཆོད་གནས་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཅེས་པ་ནི་གོ་སླའོ། །བདག་ཉིད་ཀུན་ནས་སྒོ་ཡིས་ནི། དྲི་ཡི་ཆུ་ཡིས་ལེགས་པར་ག་དང། ཅེས་པ་ནི་སྡགས་ཀྱིས་གཙང་བར་བྱས་པའི་དྲི་དང་བཅས་པ་གཏོར་བ་སྟེ། རྡོ་རྗེའི ་ཅུས་ཡང་དག་པར་གཏོར་རོ་ཞེས་བྱ་བ་ཡི་དོན་ཏོ། །བདག་ཉིད་ཀུན་ནས་སྒོ་ཡིས་ནི་ཞེས་བྱ་བ་ཁྱད་པར་དུ་བྱེད་དེ། །དཔལ་ཧེ་རུ་ཀའི་བདག་ཉིད་གང་ཡིན་པའི་བཅོམ་ལྡན་འདས་ཀྱི་ཞལ་བཞི་ཉིད་ཡིན་པའི་ཕྱིར་རོ། །མར་མེ་བརྒྱ་ནི་དབུལ ་བར་བྱ་ཞེས་བྱ་བ་ནི་དོན་ཅི་ལ་བ་ཉིད་དོ། །ཡང་ན་རྣམ་པ་སྣ་ཚོགས་པའི་བདག་ཉིད་ཀྱི་ཁྱད་པར་དུ་བརྗོད་དོ། །གཞན་ན་སྒྲོན་མ་ལྔ་གང་ཡིན་པས་རྡ་མོ་དང་རྟ་ལ་སོགས་པའི་ཤ་ཡང་གཟུང་བ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་ཨི ་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད་ཅེས་པ་ནི་ཐུགས་ཀྱི་འཁོར་ལོའི་མཁའ་གྲོ་མ་ཐམས་ཅད་དགོད་པར་བྱ་བ་སྟེ། སེམས་ནི་ནམ་མཁའ་ལ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ས་སྟེངས་མཁའ་འགྲོ་མ་གང་ལན། དཀྱིལ་འཁོར ་ཀུན་ཏུ་དགོད་པར་བྱ། ཞེས་པ་ནི་ཐམས་ཅད་དུ་དཀྱིལ་འཁོར་ལ་ཐམས་ཅད་དཀྱིས་སམ། ས་སྟེང་གི་འཁོར་ལོ་གང་བ་དེ་ལ་སྤྱོད་པ་ཡང་དགོད་པར་བྱ་བ་སྟེ། གསུང་གི་འཁོར་ལོ་ནི་དབུས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་ས་འོག་མཁའ་ ་འགྲོ་མ། །དེ་ནི་ས་འོག་རྣམས་སུ་དགོད། །ཅེས་པ་ནི་ས་འོག་ན་གནས་པ་ཡང་སྟོབས་ཀྱིས་སྐུའི་འཁོར་ལོ་དགོད་པར་བྱ་ཞེས་རྟོགས་པར་བྱའོ། །མ་མོ་ཐམས་ཅད་ཕྱོགས་དང་ནི། ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། ཞེས་པ་ནི་ཁག་དོང ་མ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་དགོད་པར་བསྟན་པའོ། །དྲི་དང་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པར་ནམས་པ་ལྡའི་ཆོ་ག་སྟོན་ནོ། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང་ཞེས་པ་ནི་སྔོན་དུ་བསྟན་པ་ཉིད་ཀྱི་ཕྱིར། །འདིར་ནི་མཆོད་པ་རྣམ་པ་ལྔའི ་བ་བསྐང་བའི་དོན་དུ་གསུངས་པའོ། །མཆོད་བྱ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་ཀྱི་ཕྱིར་མ་བཤད་པ་ཡིན་ནོ། །རབ་མཉམ་གཞག་ཅེས་པ་ནི་ཐམས་ཅད་དུ་མཆོད་པའི་ཆོ་ག་རྣམ་པར་དག་པ་རྡོ་རྗེ་ཡིན་ནོ་ཞེས་པའི་དོན་ཏོ། །དཔལ ་ཧེ་རུ་ཀ་མངོན་པར་བརྗོད་པའི་འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་གཉིས་པའི་འགྲེལ་བའོ།། །།དེ་ནས་ཞེས་པ་ནི་མངོན་དུ་བསྟན་པ་ཉིད་ཀྱི་ཕྱིར་གོ་སླའོ། །དང་པོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་ནི་རིགས་གཅིག་ཏུ ་བསྟན་པས་དཀྱིལ་འཁོར་དང་ཉེ་བའི་སློབ་དཔོན་རྣམས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཅི་ནུས་པས་ནི་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་མཆོད་པ་སྟོན་པའོ། །དྲིལ་དབྱངས་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གཙོ་བོའི་བྱ་བ་བརྗོད ་པའོ། །རྡ་བརྡུད་ཞེས་བྱ་བ་ལ་སོགས་པས་ནི་རྡེའུ་ཆུང་ལ་སོགས་པའི་བརྡུང་བའི་ཆོ་ག་བསྟན་ཏོ། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ་ཞེས་བྱ་བ་ལ་སོགས་པ་ནས་བསྟན་པར་ཞེས་པའི་པར་གྱིས་དེ་ནས་རྒྱུད་གཞན་ལས་རབ་ཏུ་གྲགས་པའི་ཆོ་གས་དབང ་ཐམས་ཅད་རྫོགས་པར་བྱ་སྟེ། གསང་བའི་དབང་གི་ཆོ་ག་བཅོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ནས་སློབ་དཔོན་ལེགས་པར་ནི་ཞེས་པ་ནི་བདག་ཉིད་དཔལ་ཧ་རུ་ཀའི་རྣལ་འབྱོར་བརྟན་པར་བྱས་ལ། དེ་ཡང་རྡོ་རྗེའི་ཕག་མོ་རྣལ་འབྱོར་དུ་སྤྲུལ་ཏེ། གོ་ཆ་ཆེན་པོ་ལ་སོགས་པས ་གོ་བགོས་ལ་སློབ་མ་རྣམས་ཀྱང་དེ་བཞིན་དུ་བྱའོ། །མཉམ་པར་བཞག་སྟེ་ཕྱག་རྒྱ་མཆོད་ཅེས་བྱ་བ་ལ་སོགས་པས་ནི་དབང་བ་སྐུར་བ་སྟོན་ཏེ། ཕྱག་རྒྱ་ནི་ཕྱི་རོལ་གྱི་ཡན་ལག་ཅན་ཏེ་སྔགས་དང་རྒྱུད་ལེགས་པར་བསླབས་ཤིང། བསྲུང་པར་བྱ་བ ་དང་བཟའ་བར་བྱ་བའི་དམ་ཚིག་གི་དམ་ཚིག་དང་ལྡུན་བཞེས་པའི་དོན་ཏོ། །དེ་ནས་ཉི་མ་གཉིས་པ་ལ་ཡང་དཀྱིལ་འཁོར་མཆོད་ཅིང་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་དཀྱིལ་འཁོར་དང་ཉེ་བའམ། །ཡོལ་བས་བར་བཅད་པར་ཤིང་ཁྲི ་ལ་སོགས་པ་ལེགས་པའི་སྟན་ལ་རབ་ཏུ་བཞག་སྟེ། །གསང་བའི་དབང་བརྩམས་པར་བྱའོ། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་ལ་ཐིག་ལེ་བྱ་བ་ཡིན། ཞེས་པ་ནི་གང་གི་ཚེ་སྔོན་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་ཕྱི་རོལ་གྱི་ཡན་ལག ་མེ་ཏོག་དང་ལྡན་པར་གྱུར་པ་ཡིན་ན། དེའི་ཚེ་དེ་དང་ལྷན་ཅིག་ཏུ་རྗེས་སུ་ཆགས་པའི་རིམས་པས་ཇི་ལྟར་དགའ་བར་འགྱུར་བ་དེ་ལྟར་རྡོ་རྗེ་དང་པདྨ་བསྐྱོད་པ་ལ་སོགས་པའི་བྱ་བ་སྦྱོར་ཐབས་ཀྱིས་གནས་སྐབས་སུ་སློབ་མའི་གདོང་བཅིངས་ལ་སྙིང་པོ་དང ་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་བརྗོད་ཅིང། །མགོ་ཕོ་དང་དབྲལ་བ་དང། མིག་གཉིས་དང། ཁ་དང། མགྲིན་པ་དང། སྙིང་ག་སྟེ་གནས་བདུན་དུ་རྡོ་རྗེ་དང་པདྨ་ལས་བྱུང་བའི་དབང་བསྐུར་བ་སྦྱིན་ནོ། །སློབ་མས་ཀྱང་ཁ ་རུ་བྱིན་བདེ་བདུད་རྩི་བཞིན་དུ་མྱོང་བར་བྱའོ། །དེ་ནས་གདོང་ཕྱེ་དཀྱིལ་འཁོར་བསྟན། །གང་གིས་ལྷ་ཡི་གནས་གང་ཡིན། །ཞེས་པ་ནི་གསང་བའི་དབང་གི་གནས་དེ་དང་དེ་བསྟན་པར་བྱའོ། །དབང་བསྐུར་བའི་དུས་སུ་ཕྱི་རོལ་གྱི་ཡན་ལག་ཅན་བསྟན ་པར་བྱ་བ་ནི་དོན་དམ་པའི་དོན་ནོ། །ཡང་དག་ཅེས་པ་ནི་རྟོག་པ་མེད་པའི་སེམས་སོ། །དེ་ནས་སློབ་མས་ཀྱང་ཡང་དེ་བཞིན་དུ་བརྩམ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ནས་སློབ་དཔོན་མཉམ་གཞག་ལ། །རབ་ཏུ་གདུང་པ་བྱས་ནས་ནི། །གཡོན་ནས ་བརྩམས་པའི་རིམ་པ་ཡིས། །དེ་ལ་སྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཅི་བཞིན་ཆོ་གས་ཕྱག་བྱའོ། །ཞེས་པ་ནི་ཇི་ལྟར་བླ་མས་སློབ་མ་ལ་གསང་བའི་དབང་བྱིན་པ་དེ་ལྟ་བུའི་ཆོ་གས་བརྩམས་ཏེ། སློབ་མས་བླ་མ་ལ་ཕྱག ་བྱས་ནས་དེ་ཉིད་དང་ལྷན་ཅིག་ཏུ་ཞེས་དགོངས་སོ། །ལྷག་མ་ནི་གོ་སླའོ། །རྩེས་དང་ལྟ་བ་ཞེས་བྱ་བས་ནི་གསང་བའི་དབང་བསྟན་ཏོ། །ལག་གཅངས་འཁྱུད་དང་ཞེས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་ཏོ། །གཉིས་གཉིས ་སྦྲོང་ཅེས་བྱ་བས་ནི་དཔང་བཞི་པ་གསལ་བར་བྱ་པའོ། །སློང་དཔོན་གྱི་དབང་དམ། ཡང་ན་ནི་བུམ་པའི་དབང་དང། དབང་གཞན་གྱི་ཁྱད་པར་ཡང་བསྟན་པའོ། །འདི་རྣམས་ཀྱི་དོན་བདག་གིས་བཤད་པ་ནི་བླ་མའི་མན་ངག ་དྲན་པར་བྱ་བའི་དོན་དུ་དབང་བསྐུར་བ་ལེགས་པར་རྟོགས་པར་བྱས་པའོ། །བཤད་དང་མ་བཤད་གང་ཅི་འང་རུང། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས་ཞེས་པ་ནི་ཐབས་གཞན་གྱིས་མ་བཤད་ཅིང་མ་བསྟན་ཏེ། མཆོག་དང ་འབྲིང་དང་ཐ་མའི་སློབ་མ་ལ་སོགས་པའི་ངོ་བོ་ཉིད་ལ་བཤད་ཅིང་སྟན་པ་གང་ཅུང་ཟད་ཡིན་པ་དེ་ཡིན་པ་དེ་ཡང་ཐམས་ཅད་དཔལ་ཧེ་རུ་ཀ་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་གྱི་ངོ་བོ་ཉིད་ཀྱི་ཕྱིར། དཔལ་ཧེ་རུ་ཀ་ལ་རྣམ་པར་གནས་ཞེས་པའི་དོན ་ཏོ། །དེ་ལྟར་ཡང་དགོས?་པོ་ཀུན་གྱི་ས་བོན་དེ། །དངོས་གྲུབ་ཀུན་གྱིས་མཆོག་གི་དོན། །སངས་རྒྱས་ཀུན་གྱི་ཆེད་བྱེད་གནས། །བདེ་བ་ཅན་དུ་མངོན་པར་བརྗོད། །ཅེས་གསུངས་སོ། །འདིས་ནི་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་གྱི་ངོ ་བོ་གཉིད་མཆོག་དང་འཕྲེང་དང་ཐ་མའི་དངོས་གྲུབ་ལ་སོགས་པ་ལ་རོལ་བའི་ངོ་བོ་ཉིད་ཀྱི་ཕྱིར་གྱི་དོན་ཏོ། །ཡང་ན་ནི་བཤད་དང་མ་བཤད་གང་ཅི་འང་རུང། དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་ཕྱག་རྒྱ་འཆང་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོ་རུ ་བསྐྱེད་དེ། དེའི་ལྷན་ཅིག་སྐྱེས་པ་མངོན་དམ་པའི་ས་བོན་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་ཡང་རྣམ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་ངེ་ལ་ཡང་གནས་པ ་ཉིད་ཀྱི་ཕྱིར། བཤད་པ་དང་མ་བཤད་པ་གང་ཅུང་ཟད་དེ་ཐམས་ཅད་དཔལ་ཧེ་རུ་ཀ་ལ་རྣམ་པར་གནས་སོ། །ཞེས་པའི་དོན་ཏོ། །དེ་ལྟར་དེའི་ངོ་ཉིད་འཆན་རྣལ་འབྱོར་དང་རྣལ་འབྱོར་མ་བལྟ་བར་བྱ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི ་ཕན་ཡོན་དང་དབང་བསྐུར་བའི་ཆོ་གའི་ལེའུ་གསུམ་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་དེའི་ཕྱིར་ཏེ་རྒྱུའི་དོན་ནམ། རྗེས་ཐོགས་ཏེ་མཁའ་འགྲོ་མ་ལ་རྣམ་པར་རོལ་པ་སྟེ་ས་སྟེང་དང་ས་བླ་དང་ས ་འོག་གསུམ་ཁྱབ་པ་སྟེ་འཁོར་ལོ་གསུམ་ལ་གནས་པའི་དོན་ཏོ། །མཁའ་འགྲོ་མ་ལ་སོགས་པ་སོ་སོའི་མིང་ནི་བརྩོན་ཆེན་མ་ཞེས་བྱ་བ་ལ་སོགས་པས་སྟོན་ཅིང་གསལ་པོར་བྱེད་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་འདི་དག་སྔོན་ཉིད་ནས་གྲུབ ་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཞེས་བརྗོད་དོ། །རང་མིང་བརྗོད་པའི་སྔགས་ལ་ནི་ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་ཉི་ཤུ་རྩ་བཞི་དང། དཔའ་བོ་རྣམས་དང། མཁའ་འགྲོ་མ་ལ་སོགས་པ་བཞི་དང། ཁྭ ་གདོང་མ་ལ་སོགས་པ་བརྒྱད་ཀྱི་རང་གི་མིང་བརྗོད་པའི་མགོར་ཨོཾ་དང་མཐར་ཧུཾ་ཧཱུཾ་ཕཊ་སྦྱར་བས་སྡགས་ཅུར་འགྱུར་རོ། །དེ་ལྟར་ཡང་ཨོཾ་ནི་ཐམས་ཅད་གསལ་བྱེད་ཡིན་ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་མཆོག་གཙོ་འདི ་མཐོང་ན། །གཞན་དག་སྙིང་པོ་མེད་རྩཝར་མཚུངས་ཞེས་པ་ནི་འདིར་དཔལ་ཧེ་རུ་ཀའི་རྣལ་འབྱོར་མཆོག་ཏུ་བླ་སྟེ། གཞན་ནི་རྩཝ་དང་འདྲའོ། །རྩཝ་དང་འདྲ་བ་སྟེ། སྙིང་པོ་མེད་ཅེས་བྱ་བའི་དོན་ཏོ། །གྲུབ་གསོལ་ཞེས་བྱ་བ་ལ་སོགས་པ་གཅིག་ཏུ ་ནུས་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པའི་མཐུ་སྟོན་ཏོ། །དམ་པའི་ཆོས་ཀྱི་དོན་ལ་སོགས་པའི་རྗེས་སུ་འབྲང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གྲུབ་པ་གསོལ་པའི་ཕྱིར་འདོད་པ་ཐམས་ཅད་བྱེད་པ་སྟེ། མངོན་པར་འདོད་པའི་དོན་སྟེར་བར་ནུས་སོ་ཞེས ་པའི་དོན་ཏོ། །དཔའ་བོ་ཉིད་འགྱུར་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དང་འདྲ་བར་གཞན་གནོན་པར་འགྱུར་རོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན་ཞེས་པ་ནི། དཀྱིལ་འཁོར་གྱི་ཁང་པར་བྲིས་པའི་དཀྱིལ ་འཁོར་མཐོང་ནས་དབང་བསྐུར་བའི་ཆོ་ག་ཡོངས་སུ་རྫོགས་པ་ཙམ་གྱིས་ཇི་ལྟར་གསུངས་པ་འདིའི་ཡོན་ཏན་ནི་གྲུབ་པའི་རྣལ་འབྱོར་པར་འགྱུར་རོ། །དེ་ཤེས་རྟག་ཏུ་སྒོམ་པ་ནི་ཞེས་པ་ནི་སྒོམ་པ་དང་བཟླས་པ་དང་ལྡན་ན་སྨོས ་ཀྱང་ཅི་དགོས་ཞེས་བྱའོ། །དེ་ལ་ཆེ་བ་བདག་ཉིད་རབ་ཏུ་བསྟན་པའི་ཕྱིར་དེ་ཤེས་ཤིང་རྟག་ཏུ་སྒོམ་པས་དངོས་གྲུབ་ཀྱི་འབྲས་བུར་སྟོན་པ་ནི་དངོས་གྲུབ་དེ་བཞིན་གཤེགས་པ་གསུངས་ཞེས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཕྱིན ་ཅི་མ་ལོག་པའི་དོན་སྟོན་པའི་ཕྱིར་ཚད་མའི་སྐྱེས་བུ་ཉིད་དུ་སྟོན་ཏོ། །འདི་ཉིད་ཀྱི་ཕྱིར་དེ་ཅེས་བྱ་བ་ལ་སོགས་པས་ཨོཾ་ཐམས་ཅད་གསལ་བར་བྱེད་པ་འདི་སྔོན་ནས་ངེས་པར་གྲུབ་པ་སྟེ། སྔགས་དང་ལྟ་ཉིད་དབྱེར་མེད་པའི་རིགས་པས་མཁའ་འགྲོས ་ཉི་ཤུ་རྩ་བཞིའི་རང་གི་མིང་བརྗོད་པའི་སྔགས་ཨོཾ་དང་པོ་དང་ཧཱུཾ་དང་ཕཊ་མཐར་སྦྱར་བ་སྟེ་སྔགས་དྲུག་ཅུ་པོ་འདིས་འདོད་པ་ཐམས་ཅད་འགྲུབ་པས་གྲུབ་གསོལ་འདོད་པ་ཐམས་ཅད་སྟེར་བ་སྟེ། ཇི་ལྟར་མངོན་པར་འདོད་པའི་མཆོག་གང་གི ་ཕྱིར་སྟེར་བ་ཉིད་ཀྱིས་རྣལ་འབྱོར་མཆོག་ཏུ་ཤེས་པར་བྱས་ལ་འདི་ཉིད་དུ་བལྟ་བའོ། །དེའི་ཕྱིར་གཞན་སྙིང་པོ་མེད་པའི་རྩཝ་དང་མཚུང་སྟེ། གཞན་དུ་ན་རྩཝ་དང་མཚུངས་པ་སྟེ། སྙིང་པོ་མེད་པས་རོ་མེད་ཅེས་བྱ་བའི་དོན་ཏོ། །དཔའ་བོ་ཉིད་གྱུར་ཞེས་བྱ་བ་ལ ་སོགས་པ་འདིས་ནི་དཀྱིལ་འཁོར་ཁང་པར་དཀྱིལ་འཁོར་བྲིས་པ་མཐོང་ཞིང་དབང་སྔོན་དུ་སོང་བས་དཀྱིལ་འཁོར་གྱི་ཁང་པར་དཀྱིལ་འཁོར་བྲི་བའི་སྔགས་པ་མཆོག་ཏུ་བལྟ་བ་འམ་ཤེས་པར་བྱ་སྟེ། འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ ་དང་འདྲ་བར་གཞན་གནོན་པའམ། འདོད་པའི་དོན་ཀུན་སྦྱིན་པ་སྟེ། ཇི་ལྟར་མངོན་པར་འདོད་པའི་དོན་སྟེར་བར་ནུས་པའོ། །གྲུབ་པ་ནི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པར་འགྱུར་པའོ། །ཡང་བཟླས་པ་དང་བསམ་གཏན་ལ་སོགས ་པ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ལྷག་མ་ནི་བརྗོད་པའི་དོན་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ཆོ་གའི་ལེའུ་བཞི་པའི་འགྲེལ་པའོ།། །།དེ་ནས་ཞེས ་བྱ་བ་ལ་སོགས་པ་ལ། དེ་ནས་ནི་སོང་བའི་དོན་ཉིད་དོ། །མི་རིགས་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་ཏེ། ཞི་པ་ནི་དགེ་བའི་དོན་ཏོ། །ཐམས་ཅད་ཆོས་འབྱུང་ནི་མ་ལུས་པའི་ཆོས་སྐྱེས་པར་བྱེད་པའོ། །སྣ?་ཚོཊ ་པའི་འགྲོ་བའི་ངོ་བོ་ཉིད་དོ། །སྣ་ཚོགས་པའི་རིམ་པས་ལྟེ་བ་ལ་བྲི་བ་ནི་གསེར་གྱིས་བྲིའོ། །ཆོས་ཀུན་གཅིག་དུ་བསྡུས་པ་ནི་རང་གི་རྒྱུད་དུ་བསྡུས་པའི་མཁའ་འགྲོ་མ་དང་མཁའ་འགྲོ་ལ་སོགས་པ་རྣམས ་ཀྱི་སྔགས་ནི་སྔགས་པ་རྣལ་འབྱོར་པས་ཕྱིས་བྲི་བར་བྱའོ། །འདི་ཡང་སྔོན་གྱི་ལེའུའི་དོན་ཉིད་དོ་ཞེས་པའི་དོན་ཏོ། །ཡང་ན་མི་ཤིགས་ནི་ཨོཾ་དང་པོ་ཧུཾ་ཧཱུཾ་ཕཊ། མཐར་སྦྱར་བའི་ཨཱ་ལི་དང་ཀཱ་ལིའི་སྔགས་ནི་དགེ་བའོ། ་ཐམས་ཅད་ཆོས་འབྱུང་ནི་སྣ་ཚོགས་ལྟེ་བ་ལ་ཆོ་གས་སྔགས་པས་བྲི་བ་སྟེ། དེ་ཆོས་ཀུན་གཅིག་ཏུ་བསྡུས་པའོ། །དེའི་རྗེས་སུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་ཡི་གེའི་ཚིག་བཏུ་བར་བྱའོ་ཞེས་པའི་དོན་ནམ། ཡང་ན་ཨོཾ་ཉིད ་ཀྱིས་མི་ཤིགས་པ་ལ་སོགས་པ་ཁྱད་པར་དུ་བྱེད་དེ། ཐམས་ཅད་ཀྱི་དོན་ནི་དོན་དེ་ཉིད་དོ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ་ཞེས་པ་ལ་སོགས་པ་ལ། དེ་ནས་གཞན་ཡང་སྔགས་ཀྱི་ཡི་གེའི་ཚིག་ཡིན་པ་འདིས་བཅོམ?་ལྡན་འདས་དཔལ་ཧེ་རུ ་ཀའི་རྩ་བའི་སྔགས་བཏུ་བའི་ཆོ་ག་སྟོན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ནས་ཞེས་གསུངས་སོ། །དབྱངས་དང་གསལ་བྱེད་དག་མཉམ་པ་ནི་འདྲ་བའོ། །སྡེ་མཚན་ལ་ཐིམ་པར་བྱ་བ་ནི་སྡེ་དེར་རིལ་པོར་བྱས་པའོ། །བཞི་བཞི་རུ་ནི་ཤེས་བྱས་ལ ་ནི་བཞི་དང་བཞི་རུ་ཞེས་པར་བྱ་བའོ། །ཐུབ་པ་ནི་སྡེ་མཚན་བདུན་དུ་གང་གྱུར་པ་དེ་ལྟར་བྱས་ལ་གོ་བཟློག་པ་དང་གོ་རིམ་གྱིས་སྔགས་ཀྱི་ཡི་གེའི་ཚིག་བརྒྱད་ཡང་བརྒྱད་པར་བྱ་བ་ནི་བཏུ་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ ་ནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན་ཞེས་གསུངས་ཏེ། འདིར་འདིའི་དགོངས་པ་ནི་དང་པོར་སྔགས་ཀྱི་བཞི་བཞེར་ཤེས་པར་བྱས་ལ། སྡེ་མཚན་བདུན་དང་འབྲེལ་པའི་གསལ་བྱེད་ཀྱི་ཡི་གེ་སྡེ་མཆེན ་བདུན་ཡོངས་སུ་གྱུར་པ་ལས་བཏུས་ལ་ཕྱིས་ནི་དབྱངས་ཀྱི་ཡི་གེ་ཁྱད་བར་དུ་དེ་ཉིད་དུ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་དཔའ་བོ་བཏུ་བར་བྱ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་བྱ་དང་སྟོན་པ་པོ་དག་སྐུ་གཅིག་ཉིད་ཀྱི་ཕྱིར་རོ། །དཔའ་བོའི་སྒྲས་ནི ་སྔགས་མངོན་པར་བརྗོད་དེ། དེ་ཉིད་ཀྱི་སྔགས་བཏུ་བར་བྱའོ་ཞེས་པའི་དོན་ཏོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ཞེས་པ་ནི་སྔགས་དེ་ཉིད་ཀྱི་མཐུ་བསྟན་པའོ། །བཞི་པའི་ལྔ་པ་གང་ཡིན་དང་ཞེས་པ་ནི་ནའོ། །ལྔ་པ་ཡི་ཡང་ལྔ་པ་ནི་མའོ། །ལྔ་པ་ཡིན་ནི་བཞི་ཕ ་དང་ནི་ལྷའོ། །དང་པོའི་གསུམ་པ་གང་ཡིན་ནོ་གའོ། །དེ་བཞིན་ཉི་ཤུ་རྩ་དགུ་བ་ནི་བའོ། །བཞི་པའི་དང་པོ་གང་ཡིན་དང་ནི་ཏའོ། །མཐར་གནས་པ་ཡི་བཞི་པ་དང་ནི་ཝའོ། །དེ་ཉིད་ཀྱི་ནི་གཉིས་པ་དང་ནི་རའོ། །སུམ་ཅུ་པ་ནི་ཡང་དག་བླང་ནི་ཤའོ། །ཉི་ཤུ་རྩ ་དྲུག་པ་ཉིད་དང་ནི་ཡའོ། །དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་རང་ནི་མའོ། །དེ་ནས་སུམ་ཅུ་རྩ་གསུམ་པ་ནི་ཧའོ། །དང་པོའི་དང་པོ་ཉིད་དག་དང་ནི་ཀའོ། །མཐར་གནས་པ་ཡི་གསུམ་པ་ནི་ལའོ། །དང་པོ་ཡི་ནི་སུམ་པ་ཉིད་ནི་གའོ། །སུམ་ཅུ་རྩ་གཉིས་ཡང་དེ་བཞིན ་ནིས་འོ། །བཞི་པ་ཡི་ནི་ལྔ་པ་ནི་ནའོ། །ལྔ་བའི་བཞི་པ་ནི་བྷའོ། །མཐར་གནས་རྣམས་ཀྱི་དང་པོ་ནི་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་གང་ཡིན་དང་ནི་ཊའོ། །ལྔ་པ་ཡི་ཡང་ལྔ་པ་དང་ནི་མའོ། །དང་པོའི་དང་པོ་ནི་ཀའོ། །དེ་བཞིན་བཅུ ་གཅིག་པ་ཉིད་དང་ནི་ཊའོ། །དེ་བཞིན་མཁས་པས་བཅུ་དྲུག་པ་ནི་ཏའོ། །གསུམ་པའི་དང་པོ་གང་ཡིན་དང་ནི་ཊའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ་ནི་ཡའོ། །བཞི་པའི་གསུམ་པ་གང་ཡིན་པ་ནི་དའོ། །དྲོད་རྣམས་ཀྱི་ནི་གཉིས་པ་ནི་ཥའོ། དང་པོའི་དང་པོ་ནི ་ཀའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་བརྒྱད་པ་ཡང་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །ལྔ་པ་ཡི་ཡང་བཞི་པ་ནི་བྷའོ། །དེ་བཞིན་སུམ་ཅུ་རྩ་གཅིག་པ་ནི་ཥའོ། །ལྔ་པ་ཡི་ཡང་བཞི་པ་ནི་བྷའོ། །གཉིས་ཕ་ཡི་ཡང་གསུམ ་བ་ནི་ཛའོ། །ལྔ་བའི་བཞི་བ་ནི་བྷའོ། །དྲོད་རྣམས་ཀྱི་ནི་གསུཾ་བ་ནི་སའོ། །དེ་བཞིན་ཉིད་ཤུ་རྩ་བདུན་པ་ནི་རའོ། །མཐར་གནས་ཀྱི་ནི་དང་པོ་ཉིད་ནི་ཡའོ། །ཡང་ནི་ཉི་ཤུ་རྩ་གཅིག་ནི་པའོ། །མཐར་གནས་པ་ཡི་གཉིས་པ་ནི་རའོ། །ཡང་ནི་སུམ་ཅུ ་པ་དེ་བཞིན་ནི་ཤའོ། །ལྔ་པ་གང་ཡིན་དང་པོ་ཞེས་པ་ནི་པའོ། །ུཥྨ་རྣམས་ཀྱི་དང་པོ་ཉིད་ནི་ཤའོ། །དེ་བཞིན་ཡི་གེ་དྱ་ཉིད་དང་ནི་དྱའོ། །བཞི་པའི་དང་པོ་གང་ཡིན་དང་ནི་ཏའོ། །དྲོད་རྣམས་ཀྱི་ནི་དང་པོ་ནི་ཤའོ། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ་ནི་ལའོ། ། ་དང་པོའི་གཉིས་པ་གང་ཡིན་ནོ་ཁའོ། །གསུམ་པའི་དང་པོ་ཉིད་དག་ནི་ཊའོ། །དང་པོའི་གསུམ་པ་གང་ཡིན་དང་ནི་གའོ། །བཞི་པ་ཡི་ཡང་བཞི་པ་ནི་དྷའོ། །མཐར་གནས་རྣམས་ཀྱི་གཉིས་པ་ནི་རའོ། །གསུམ་པ་ཡི་ཡང་ལྔ་པ་ནི་ཎའོ། །ཡི ་གེ་བྱ་ནི་དཔའ་བོར་བརྗོད་ཅེས་པ་ནི་རང་གི་གཟུགས་བརྗོད་པའོ། །དང་པོ་ཡི་ཡང་བཞི་པ་ནི་གྷའོ། །དེ་བཞིན་བརྒྱད་པ་ཉིད་དག་པ་ནི་ཛའོ། །བཞི་པའི་ལྔ་པ་གང་ཡིན་ནི་ནའོ། །ལྔ་པ་ཡི་ཡང་ལྔ་བ་ནི་མའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། ། ་བཞི་པ་ཡི་ནི་བཞི་པདྷའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ཉི་ཤུ་རྩ་ལྔ་ཡང་དག་བླང་ནི་མའོ། །སུམ་ཅུ་རྩ་གསུམ་ཉིད་དག་དང་ནི་ཧའོ། །བཞིན་པའི་བཞི་པ་ནི་དྷའོ། །ལྔ་པ་ཡི་ནི་ལྔ་པ་ནི་མའོ། ། ་བཞི་པའི་ལྔ་པ་དང་ནི་ནའོ། །དང་པོ་ཡི་ཡང་དང་པོ་ནི་ཀའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ་ནི་རའོ། །མཐར་གནས་པ་ཡི་བཞི་པ་ནི་ཝའོ། །དེ་བཞིན་ཉི་ཤུ་རྩ་གཅིག་པ་ནི་པའོ། །དྲོད་རྣམས་ཀྱི་ནི་གཉིས་པ་ནི་ཥའོ། །དེ་བཞིན་ཉི་ཤུ་དྲུག ་པ་ནི་ཡའོ། །ཀ་ར། ཀུ་རུ་ཀུ་རུ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲ(རྒྱུད་འགྲེལ་གཾ་སརྦ་བཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཊཌཧཡ་ཨཱ་ཊཌཧཡ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། རིགས་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་ནི་སྔགས་ཀྱི་ཡི་གེ་རྣམས་སམ། ཡང་ན་སྔགས ་དང་ལྷའི་གཟུགས་དག་གཅིག་པའི་ཕྱིར། རིག་པ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་རྣམས་ཏེ། དེའི་རྒྱལ་པོ་ནི་རིག་པའི་རྒྱལ་པོ་སྟེ། དཔལ་ཧེ་རུ་ཀ་དཔའ་བོ་དེའི་སྔགས་ཏེ། སྙན་གསན་ཉིད་ཀྱི་དོན་ཏོ། གལ་ཏེ་འོན ་ཀྱང་རིག་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་དེ་རྣམས་ཀྱི་རྒྱལ་པོ་ནི་དཔའ་བོ་གང་ཡིན་པ་སྟེ། དེ་རིགས་གཅིག་པ་ཉིད་ཀྱིས་རིག་པའི་རྒྱལ་པོའི་སྔགས་ནི་འདི་སྟེ་སྦས་ནས་བྱ་སླིང?་གསུངས་པའོ། །ཐམས་ཅད་ཉིད་དུ་ཧེ་རུ་ཀ་འབའ་ ་ཞིག་གི་མ་ཡིན་ཞིང་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་བཅོ་བརྒྱད་འབའ་ཞིག་གི་ནི་མ་ཡིན་ནོ། །གལ་ཏེ་འདི་རྣམས་ལས་གཞན་དུ་སྙིང་པོ་དང་ཉེ་བའི་སྙིང་པོ་གསལ་བར་བྱས་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། མཁའ་ ་འགྲོ་མའི་དྲ་བའི་སྡོམ་པ་ཆེན་པོར་མགོ་རྩོམ་པའི་ལེའུ་ཉིད་དུ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ལེའུར་ཤེས་པར་བྱ་ལ། དཔལ་ཧེ་རུ་ཀའི་སྔགས་ནི་གཞན་སྙིང་པོ་མེད་པའི་རྩཝ་དང་མཚུངས་པ་ལས་འདི་སྟོན་པ་ཉིད་ཀྱི་ཕྱིར་རོ། །ཡང ་གསང་སྔགས་ཐམས་ཅད་ཡོངས་དོར་བའོ་ཞེས་ལེའུ་ཉི་ཤུ་རྩ་དྲུག་པ་ལས་གསུངས་པ་ཉིད་ཀྱི་ཕྱིར་དང། ཡང་ན་ནི་དེ་ནས་དོན་ཀུན་འདོད་པ་ཡིས། །བརྒྱ་རྩ་བརྒྱད་པོ་སྦྱར་བྱ་སྟེ། ཞེས་ལེའུ་ཉི་ཤུ་རྩ་ལྔ་པ་ལས་གསུངས་པའི་ཕྱིར་དང། ་ཡང་ན་ནི་ལེའུ་ལྔ་པ་འདི་ཉིད་ལས། ན་མོ་བྷ་གབ་ཏེ་ཝི་རེ་ཤཱ་ཡ། །མཧཱ་ཀཝཔཱགནི་སི་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོདཀ་ཏཱ་ཡ། དཾ་ཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། སཧ་སྲ་བྷུ་ཛབྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་དྷ་རི་ཎེ། ་བྱགྲཧྲ་ཛི་ནཱམཝ་ར་དྷ་རཱ་ཡ། མ་ཧཱ་དྷཱ་མཝརའནྡྲཱ་ཀཱ་ར་ཝ་པུ་ཥཱ་ཡ། ཞེས་གསུངས་པ་ཉིད་ཀྱི་ཕྱིར་ཡང་དཔལ་ཧེ་རུ་ཀ་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཚིག་ནི་འདི་སྟེ། །དཔའ་འོ་དང་དཔའ་མོ་འབའ་ཞིག་ནི་མ་ཡིན་ཏེ་གལ་ཏེ་དེ་ལྟ་ནི་ཡང་འགལ་བའི་ཕྱིར་རོ། ། ་ཕན་ཚུན་སྦྱོར་བའི་གསང་སྔགས་ནམ་མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་ལེའུ་སུམ་ཅུ་རྩ་བདུན་པ་ལས་གསུངས་པའི་ཕྱིར་རོ། །ཡང་ན་འདིར་སྔགས་གཅིག་གསལ་བར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ལེའུ་ཉི་ཤུ་རྩ་ལྔ་པར་གསུངས་པ་ནི ་འདི་ཡིན་ནོ་ཞེ་ན། འདིར་དེ་ལྟ་ན་ནི་ཐུག་པ་མེད་པའི་རྩོད་པར་འགྱུར་རོ། །རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་བཅོ་བརྒྱད་རྣམས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོར་ཐལ་བའི་རྩོད་པ་ཡང་ལེའུ་བརྒྱད་པ་ལས་རྡོ་རྗེ་ཕག་མོའི་སྙིང་པོ་དང་ཉེ ་པའི་སྙིང་པོ་དངོས་སུ་སྟོན་པའི་ཕྱིར་རོ། །གཤིན་རྗེ་མོ་ལ་སོགས་པའི་གཟུགས་ཀྱིས་མཁའ་འགྲོ་མ་ལ་སོགས་པའི་སྙིང་པོ་གང་ཡིན་པ་ཡང་སྔོན་དུ་བསྟན་པའི་ལེའུ་བཞི་པའི་རྗེས་སུ་འབྲངས་ཏེ་གསུངས་པ་འམ། ཡང་ན་ནི་ཉེ་བའི ་སྙིང་པོར་གསུངས་སོ། །ཡང་ནམ་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་ལས་ཚོགས་གང་ཡིན་པ་ལེའུ་བཞི་བ་ཅུ་རྩ་བདུན་པ་ལས་སྟོན་པའི་ཕྱིར་རོ། །དེ་ལྟར་སྡོན་གྱི་རྗེས་སུ་འབྲངས་ཏེ་ཉེ་བའི་སྙིང་པོ་གང་ཡིན་པར་ཡང་རབ་ཏུ་གནས་སོ་ཞེས ་བྱ་བ་ནི་བདེན་པའོ། །གལ་ཏེ་དེ་ལྟར་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་བརྗོད་པའི་དགོང་པ་ལ་སོགས་པ་སྔོན་གྱི་ལེའུ་རྣལ་འབྱོར་མ་གཙོ་བོར་བྱས་པའམ། དཔའ་བོ་ཉིད་དུ་ཡང་བསྟན་པའི ་ཕྱིར་རྒྱུད་འདིར་དཔའ་བོ་དང། རྣལ་འབྱོར་མ་རྣམས་ལྡན་པ་ཉིད་ཀྱིས། གཅིག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་སུ་གནས་པ་ངེས་སྔོན་བཞིན་དུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཉེ་བའི་སྙིང་པོའི་སྔགས་རྣམས་ནི་གཅིག་ཉིད་དོ། ། ་འདི་ནི་དཔའ་བོ་རྣམས་ཀྱི་སྙིང་པོའི་སྔགས་ཀྱང་གཅིག་ཉིད་ཡང་ན་དཔའ་བོ་རྣམས་ཀྱི་སྙིང་པོའི་སྔགས་ཀྱང་གཅིག་ཉིད་དོ་ཞེས་པ་ནི། །རིགས་པ་མ་ཡིན་ནོ། །ན་མོ་བྷ་ག་བ་ཏེ་ཝཱིང་ཤཱ་ཡ་ཞེས་བྱ་བ་ལ་སོགས་པ་ཉིད་དུ་གསངས་པའི ་ཕྱིར་རོ། །དེ་ནི་རིག་པ་མ་ཡིན་ཏེ་དོན་གྱི་རྗེས་སུ་འབྲང་བར་བྱའི་ངོ་བོ་ཉིད་ཀྱི་རྒྱུད་ནི་སྒྲ་དང་སྒྲ་མ་ཡིན་པ་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། བདེན་ཏེ་འོན་ཀྱང་ལེའུ་བརྒྱད་པ་དཔལ་ཧ་རུ་ཀ་རྡོ་རྗེ་ཕག་མོར་འདུས་ཤིང་སྦྱོར་བ་ཡང་སོ་སོའི་ངོ་བོ་ཉིད ་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བསྟན་པའོ། །ལེའུ་སྔོན་མར་ཡང་དཔའ་བོ་རྣལ་འབྱོར་མ་རྣམས་དང་བདེ་མཆོག་གི་རྣལ་འབྱོར་གྱིས་ཀྱང་བདེ་མཆོག་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཉེ་བའི་སྙིང་པོ་གསུངས་པའོ། །ལེའུ་འདིར་ནི ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱང་གཉིས་སུ་མེད་པའི་སྦྱོར་བས་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྙིང་པོའི་སྔགས་བརྗོད་པའོ། །དེ་ལྟར་ཐ་སྙད་དུ་གཙོ་བོའི་རྗེས་སུ་འབྲང་བའི་དིགས་བསོ། །དེ་ལ་རེ་ཞིག་འདི་ཐམས་ཅད་དཔའ་བོ་དང་དཔའ་མོ ་རྩ་བཞིའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཉིད་དུ་འོན་ཀྱང་ཇི་ལྟར་སྟོན་ནོ་ཞེས་རྩོད་ན་དོན་ཕྱོགས་སྔ་མའི་རྗེས་སུ་སྔོན་དུ་བསྟན་པའི་ལེའུ་བཞི་པར་དཔའ་བོ་དང་རྣལ་འབྱོར་མ་རྣམས་རིགས་གསལ་བར་བྱ་བའི་ངོ་བོ་ཉིད་ཀྱིས་ལྷ་རྣམས ་ཀྱི་མིང་གིས་མཚན་མ་དང་བཅས་པར་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་གསལ་བར་བྱས་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་དཔའ་བོ་དང་དཔའ་མོའི་ལྷ་རྣམས་མིང་གི་བརྡར་བྱས་པ་མེད་པའི་སྙིང་པོའི་སྔགས་རྣམས་སྙིང་པོའི་ཉིད་དུ ་གསལ་བར་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཛཱ་ལན་དྷ་ངའི་ཞབས་ཀྱིས་ཀྱང་ཐམས་ཅད་དུ་སྒྲུབ་པ་ལ་སྙིང་པོའི་སྔགས་རྣམས་ཀྱང་ངོ། །གཞན་དུ་ན་འདིར་ལྷ་རྣམས་ཀྱི་སྙིང་པོའི་སྔགས་ནི་འདིའོ་ཞེས་ངེས་པར་བྱ་བར ་མི་ནུས་ཏེ། སྙིང་པོའི་སྔགས་ཀྱིས་མིང་བརྡར་བྱས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་སྙིང་པོའི་སྔགས་ལ་ཉེ་བ་ཉིད་ཀྱི་ཕྱིར་ཉེ་བའི་སྙིང་པོའི་སྔགས་སུ་བསྒྲུབ་པས་ལེན་དུ་སྨྲ་བལ་ཕུལ་དུ་བྱུང་བའི་ལན་སྟོན་པ་ནི་ལྷ་རྣམས་བརྡར་བྱས་པ་དང་བྲལ ་བའི་རིགས་གསལ་བའི་ངོ་བོ་ཉིད་ཀྱི་ལྷ་རྣམས་མིང་གིས་མཚན་མ་དང་བཅས་པའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚོགས་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཕུལ་དུ་བྱུང་བའི་ངོ་བོ་ཉིད་ཀྱིས་དེ་ཡོངས་སུ་སྤོང་བའི་རྩོད་པ་སྨྲ་བ་རྣམས་ནི ་རིགས་པ་མ་ཡིན་ཏེ། ལེའུ་དྲུག་པ་ལས་གསལ་བའི་ངོ་བོ་ཉིད་ཀྱིས་དཔའ་བོ་དྲུག་མཉམ་པར་སྦྱོར་བའི་ཡི་གེ་རེ་རེར་ཡང་དག་པར་བསྟན་པའི་ཕྱིར་རོ། །གལ་ཏེ་ཡང་ན་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་དཔའ་བོ་དྲུག་གི་གོ་ཆའི་ལ ་སོགས་པ་གསུངས་པ་ཉིད་ཀྱི་ཕྱིར་ཡང་ངོ། །གོ་ཆའི་སྔགས་ཉེ་བའི་སྙིང་པོར་ཐལ་བར་འབྱུང་བའི་ཕྱིར་དང་དེར་ཐལ་བས་སྙིང་པོ་མེད་པར་འགྱུར་རོ། །དེ་ལ་ལན་བརྗོད་པ་ནི་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་འདིར་དེ་ཉིད་ལེའུ་འདི་ཉིད་དུ། ཨོཾ་ན་མ: ་སྭཱ་ཧཱ་བཽ་ཥཊ་ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོ་?་ཤེས་པར་བྱ། །ཞེས་དངོས་སུ་སྙིང་པོའི་ངོ་བོ་ཉིང་གང་ཡིན་པ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ལེའུ་བརྒྱད་པ་ཉིད་ལས་གོ་ཆའི་སྔགས་ཀྱི་ཚིག་ནི་ཉེ་བའི་སྙིང ་པོ་ཉིད་ངོ། །བ་དང་ཡོ་དང་མོ་དང་ཧྲི་དང་ཧཱུཾ་དང་ཕཊ་མཐར་ཡང་དག་བརྗོད། །རྣལ་འབྱོར་མ་དྲུག་རབ་ཏུ་གྲགས་ཞེས་བསྟན་པའི་ཕྱིར་རོ། །འདི་ཡང་གོ་ཆའི་སྔགས་ཀྱི་ཚིག་ནི་སྙིང་པོའི་སྔགས་ཉིད་དུ་གྲུབ་པོ། །དཔལ་ཧེ་རུ་ཀ ་མངོན་པར་བརྗོད་པ་ལས་ཕྱིན་ཅི་ལོག་ཧུ་རྣལ་འབྱོར་མ་དྲུག་གི་སྙིང་པོའི་སྔགས་བཏུ་བ་ལ། སོགས་པ་སྙིང་པོ་གང་ཡིན་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་རགས་གཅིག་པ་ཉིད་ཀྱི་ལེའུ་བཞི་བཅུ་རྩ་བརྒྱད་པ་ལས། ཨོཾ་སརྦ་བུདཏ:?་ཀི་ནཱི་ཡེ་བཛྲཾ? ་བྲྞ་ནཱི་ཡེ་ཤེས་བྱ་བ་ལ་སོགས་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་ན་སྔགས་འདི་བཀླག་པས་གྲུབ་པ་སྟེ། ལས་རྣམས་ཀུན་བྱེད་དགེ་བ་ཡིན། མཁའ་འགྲོ་མ་རྣལ་འབྱོར་རྣམས་དང། ཁཎྜ་རོ་ཧ་ལྔ་མ་ལ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། ་སྔགས་ནི་འདི་ཉིད་ཡིན་པར་བཤད། ཅེས་རིགས་གཅིག་ཏུ་བཤད་པའི་ངོ་བོ་ཉིད་ཀྱིས་གསལ་བར་བསྟན་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ལེའུ་སུམ་ཅུ་རྩ་བརྒྱད་པ་ལས། དེ་ནས་ཡང་དག་བཤད་བྱ་བ། མཁའ་གོ་ཀུན་སྙིང་དགེ་བ་ཡི ་སྙིང་པོ་རྣལ་འབྱོར་མ་ཀུན་གྱི། ཞེས་རབ་ཏུ་གྲུབ་པ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ཉིད་དུ་རབ་ཏུ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ལེའུ་བརྒྱད་པ་ལས། གསལ་པོའི་ངོ་བོ་ཉིད་དུ་དཔའ་ཧེ་རུ་ཀའི་སྙིང་པོའི་སྔགས་ཀྱི་ཚིག་དེས ་པར་ཉེ་བའི་སྙིང་པོ་གང་ཡིན་པ་ཐོབ་པ་ལས་རིག་པའི་རྒྱལ་པོའི་སྙིང་པོ་ཡིན་པ་དགག་པའི་དོན་དུའོ། གལ་ཏེ་ཡང་ན་ཉུང་བ་དང་མང་བའི་ཡི་གེ་ལ་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་ཏུ་དེས་པས་ཡི་གེ་མར་པོའི་དོན་ཉིད་ཀྱིས་ངེ ་སྙིང་པོ་ཉིད་དུ་ཐཾ་ཅད་མི་འཐོབ་པ་ལས་ཉེ་བའི་སྙིང་པོ་ཐོབ་པར་འགྱུར་བའམ། རིགས་པའི་གྱ་འཔྲོ?་སྙིང་པོ་ཞེས་བྱ་བའི་ཆོ་གའི་དོན་དུའོ། །ཡང་ན་ནི་ཡི་གེ་མང་པོའི་སྔགས་ཀྱི་ཚིག་ཀྱང་སྙིང་པོར་འགྱུར་བས། རིག་པའི་རྒྱལ་པོ་ཡང་བསྒྲུབ་པར་བྱ་བའི་དོན ་དུའོ། །ེ་མ་འདིར་སྙིང་པོའི་སྔགས་ཀྱིས་བྱང་བར་གྱི་མཐུ་བསྟན་པའི་དོན་དུ་རིག་པའི་རྒྱལ་པོའི་སྙིང་པོ་ཞེས་བྱའོ། །གང་ཉེ་བའི་སྙིང་པོ་དང་སྙིང་པོའི་སྔཌ་དག་ངོ་བོ་ཉིད་དུ་མཚུངས་པར་བསྒྲུབ་པར་བྱ་བའི་དོན་དུ་རིགས་པའི་རྒྱལ་པོའི ་སྙིང་པོ་ཉིད་དུ་ཐམས་ཅད་དུ་བྱའོ། །གལ་ཏེ་རེ་ཞིག་འདི་ཐམས་ཅད་འདིར་བསྡུས་པས་མཆོད་པ་དང་བསྙེན་བཀུར་སྔོན་དུ་སོང་བ་ལས་ཧེ་རུ་ཀ་དཔའ་བོ་དང་རྣལ་འབྱོར་མའི་སྙིང་པོ་གསལ་བར་བསྟན་པ་ཡིན་ནོ་ཞེ་ན། དཔལ་ལྡན ་ཁྲག་འཐུད་སྔགས་ཤེས་ན་ཞེས་བྱ་བ་ལ་སོགས་པ་ཡང་མི་མཐུན་པ་དང་འདི་ཐམས་ཅད་ཉིད་མཐུན་པ་མ་ཡིན་ནོ། །དཔལ་ཧེ་རུ་ཀ་ཉེ་བར་མཆོད་པ་སྟེ། དེ་རེ་ཞིག་ཞོག་གིས་འཁོར་ལོ་གསུམ་ལ་གནས་པའི་དཔའ་བོ་དང་དཔའ་མོ་བཞི་བཅུ ་རྩ་བརྒྱད་དང་མཁའ་འགྲོ་མ་བཅོ་བརྒྱད་གང་ཡང་ཐ་དང་བའི་གཟུགས་ཀྱི་འདིར་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བསྟན་པའོ། །གལ་ཏེ་དེ་ལྟར་ཡང་མཆོད་པ་དང་བསྙེན་བཀུར་སྔོན་དུ་འགྲོ་བ་ལས་རྩ་བའི་སྔགས་འདི་བསྡུས་པས། དེའི ་རྩ་བའི་སྔགས་ཉིད་ཡན་ལག་དང་ཉིད་ལག་ཐམས་ཅད་ཅིའི་ཕྱིར་ཡིན་ཞེ་ན། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་པ་བཅོམ་ལྡན་འདས་ལ་འདི་ཉིད་ཀྱི་ཕྱིར་བརྗོད་པའོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་དེ་ཡང་འཁོར་ལོ ་གསུམ་ལ་གནས་པའི་ཕྱིར་བཅོམ་ལྡན་འདས་ལས་གཞན་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མའི་དྲ་བའི་སྡོམ་བཅོམ་ལྡན་འདས་སོ། །འདི་ཉིད་ཀྱི་ཕྱིར་རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་བསྟན་བྱ་དང་སྟོན་པ་པོ ་དག་དབྱེར་མེད་པའི་ཕྱིར་རོ། །དེ་མ་ལུས་པས་ཁྱད་པར་དུ་བྱེད་དོ། །དེས་ཁྱད་པར་ཅན་གྱི་སྔགས་སུ་གྲུབ་ཅིང་གནས་སོ། །གོང་དུ་ཡང་གསུངས་ཏེ། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་འདིས་འཁོར་ལོ་གནས་པ་ཉིད་ཀྱི ་ཕྱིར་བཅོམ་ལྡན་འདས་ལས་གཞན་མ་ཡིན་པ་ཉིད་དུ་བརྗོད་དོ། །འདི་ཉིད་ཀྱི་ཕྱིར་མཁའ་འགྲོ་མཱི་དྲ་བའི་སྡོམ་བཅོམ་ལྡན་འདས་སོ། །འདི་ཉིད་ཀྱི་ཕྱིར་རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་བསྟན་བྱ་དང་སྟོན་པ་པོ་དག་དབྱེར་མེད ་པའི་ཕྱིར་མ་ལུས་པས་ཁྱད་པར་དུ་བྱེད་པའོ། །དེས་ནི་ཁྱད་པར་ཅན་གྱི་རྩ་བའི་སྔགས་སུ་རིགས་ཏེ། འདིར་ཡང་དེ་ཉིད་གསང་སྔགས་ཐམས་ཅད་ཡོངས་བསྒྲུབ་བྱ་ཞེས་པ་ལ་སོགས་པ་གསུངས་སོ། །སྔགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སྔགས ་ཐམས་ཅད་དོ། །དེ་རྣམས་ཀྱི་སྒྲུབ་པ་ནི་དགུའི་ངོ་བོ་ཉིད་ཀྱི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གཞུང་གཞན་ལས་སྒྲུབ་པ་ཐམས་ཅད་སྤངས་པའོ་ཞེས་ཏེ། བརྗོད་པ་ཙམ་གྱིས་འགྲུབ་པོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་ལེའུ་ལྔ་པའི་འགྲེལ་པའོ།། །།གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གཞན་ནི་གོ་སླའོ། །མཆོག་ནི་ཕུལ་དུ་བྱུང་བ་སྟེ། །ཡི་གེ་ཉི་ཤུ་རྩ་གཉིས ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྙིང་པོ་གསང་བའོ། །ཡི་གེ་བདུན་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྙིང་པོ་དང་ཉེ་པས་ཉེ་བའི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །འདིའི་དགོངས་པ་ནི་ཐ་དད་དུ་དཔལ་ཧེ་རུ་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོ་འདི་ཡིན་ནོ། ་ཡང་ན་ཐ་དད་ཉིད་ཀྱིས་གང་ཡང་ལྷ་དྲུག་ཅུ་རྩ་དྲུག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བསྟན་པའོ། །དེ་ལྟར་ཡང་བསྡུ་ན་སྔགས་དང་ལྷ་རྣམས་ཀྱི་ཁྱད་པར་དུ་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གཙོ་བོ་ཉིད་ཡིན་པའི་ཕྱིར་ན ་མ་ལུས་པའི་སྙིང་པོ་དང་ཉེ་བའི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །ཡ་ཚོགས་ཞེས་བྱ་བ་ལ་སོགས་པས་གོ་ཆར་གྱུར་པའི་སྙིང་པོར་བརྗོད་དེ། ཡ་ཚོགས་བརྒྱད་པའི་ས་བོན་ནི་ཧའོ། །དེ་བཞིན་གུག་ཀྱེང་བཅུ་གཉིས་ཞེས་པ་ནི་མ་ནི་སྤངས་པའི་གུག ་ཀྱེང་བཅུ་གཉིས་ཀྱིས་མཛེས་པར་བྱ་བ་སྟེ། ལྟའི་ས་བོན་དགོད་པར་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧ(རྒྱུད་འགྲེལ་གཉིས་པ་དོར་བའོ། །ཡན་ལག་དྲུག་ནི་ཧེ་རུ་ཀ་ཞེས་པ་ནི་དཔའ་བོ་དང་རྣལ་འབྱོར་མ་གཟུགས་གཅིག་ཉིད་ཀྱི་ཕྱིར་ཧེ་རུ་ཀའི་ཡན་ལག་དྲུག་ནི་སྙིང་ག་ལ་སོགས་པའི་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར། དེ་ལྟར་རང་གི ་བདག་ཉིད་ནི། དཔའ་བོ་ཀུན་དང་མཉམ་སྦྱོར་བའོ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ཞེས་གསུངས་སོ། །དཔའ་བོ་དྲུག་དང་མཉམ་སྦྱོར་བ། ཞེས་པ་ནི་རྟེན་དང་བརྟེན་པ་དབྱེར་མེད་པས་བཏགས་པའམ་དོན་དམ་པར་དཔའ་བོ་དྲུག་དང་ཡང་དག་པར་སྦྱོར ་བ་ཉིད་དོ། །ཡང་ན་དཔའ་བོ་དྲུག་དང་ཡང་དག་སྦྱོར་ཞེས་པའི་གཞུང་གཞན་ནི། དཔའ་བོ་དྲུག་རྣམས་དང་མཉམ་པར་སྦྱོར་བ་ནི་འདུ་བའི་ཁྱད་པར་གང་ཡིན་པ་དེ་ནི་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་ཞེས་བྱའོ། །དཔའ་བོ་དྲུག་དང་མཉམ་པར་སྦྱོར ་བ་འདི་རྣམས་ནི་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་སྟེ། ཨོཾ་ལ་སོགས་པའི་ཡི་གེ་རེ་རེ་ཡང་དག་པར་གནས་པའོ། །དངོས་སུ་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་པ་དང་སྔོན་དུ་དཔའ་བོ་དྲུག་སྟེ། ཨོཾ་དང་ན་མ(རྒྱུད་འགྲེལ་བར་བྱ། ཞེས་པའི་དོན་ཏོ། །དེ་ལྟར་ཡང་ཨོཾ་ན་མ(རྒྱུད་འགྲེལ་སྔོན་གྱི་རྗེས་སུ་འཇུག་པའོ། །དེས་ནི་སོ་སོ་དང་བསྡུས་པའི་དཔའ་བོ་དྲུག་གི་གོ་ཆའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་སྒྲུབ་པ་པོས་ཤེས་པར་བྱ་བའི་དོན་ཏོ། །ལྷག་མ་ནི་སྒྲུབ་ཐབས་ཀྱི་རིམ་པས་གོ་བར་བྱའོ། །འདིར་དགོངས་པ་ནི་སྙིང ་ག་དང་མགོ་དང་སྤྱི་གཙུག་དང་ཕྲག་ཕ་གཉིས་དང་མིག་གཉིས་དང་ཡན་ལག་ཀུན་ལ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྣམས་སུ་སྔགས་ཡོངས་སུ་གྱུར་བ་ལས་དཔའ་བོ་དྲུག་འབའ་ཞིག་གམ། །སྔགས་བསྒོམ་པར་བྱའོ། །འདིར་ཁྱད ་པར་ནི་འདི་ཡོད་དེ། སྙིང་ག་དང་མགོ་བོ་དང་སྤྱི་གཙུག་དང་བྲག་པ་གཉིས་དང། མིག་གཉིས་དང་ལྟེ་བ་ཁ་ཡོངས་སུ་སྤངས་ཏེ། རྣ་བ་གཡས་པ་དང་རྣ་བ་གཡོན་པ་དང། སྨིན་མའི་དབུས་དང། མཆན་ཁུང་གཉིས་དང། ནུ་མ་གཉིས་དང། སྣ་རྩེ་དང། ་མགྲིན་པ་དང། རྡོ་རྗེ་གནས་ཀྱི་སྟེང་དང། མཆེན་མོ་དང། གསང་བ་དང། བརླ་གཉིས་དང། བྱིན་པ་གཉིས་དང། ཡན་ལག་ཐམས་ཅད་ལ་བསྲུང་བའི་གཟུགས་ཀྱིས་རྟ་འགྲིན་ནམ། དེའི་སྔགས་བསྒོམ་པར་བྱའོ་ཞེས་བྱའོ། །དེ་མ་ཡིན་ན་ནི་གཏུམ་མོ ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆ་ཉིད་དུ་བྱའོ། །འདིར་གདམས་དག་ལས་དཔྲལ་བའི་མཐར་ཐུག་པ་ནི་ཡན་ལག་ཐམས་ཅད་ལ་བརྗོད་དོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལས་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ཆོ་གའི ་ལེའུ་དྲུག་པའི་འགྲེལ་པའོ།། །།དེ་ནས་དབྱངས་ཡིག་བཅུ་གསུམ་པ། །ཡི་གེ་གཉིས་པར་ཡང་དག་སྦྱར། ཞེས་པ་ནི་སྡོན་དུ་བཏུམ་པའི་རྩ་བའི་སྔགས་ཀྱི་ཚིག་གི་གསལ་བྱེད་ཀྱི་ཡི་གེ་གཉིས་པ་ལ། དེ་ལྟར་དབྱངས་ཡིག་ཨོ་དང ་སྦྱར་རོ་ཞེས་པའི་དོན་ཏོ། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། །ཡི་གེ་དྲུག་པ་བརྒྱན་པར་བྱ་ཞེས་པ་ནི་དེ་ལྟར་ཡི་གེ་དྲུག་པ་ལ་ཨེས་བརྒྱན་པའོ། །དབྱངས་ཀྱི་བདུན་པ་ཉིད་ཀྱང་ཡི་གེ་བཞི་པར་ཡང་དག་སྦྱར། ཞེས་པ་ནི་ཡི་གེ་བདུན་པ་ལ ་ཨུས་བརྒྱན་པའོ། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པས་ཡི་གེ་བརྒྱད་པ་སྦྱར། ཞེས་པ་ནི་ཡི་གེ་བརྒྱད་པ་ལ་ཨེས་བརྒྱན་པའོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ་པ་བརྒྱན་པར་བྱ། ཞེས་པ་ནི་དགུ་བ་ལ་ཨཱས ་བརྒྱན་པའོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར་ཞེས་པ་ནི། །བཅུ་གཉིས་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་ཉི་ཤུ་གཅིག་པ་བཟུང། །མཁས་པ་ཡིས་ནི་བཅུ་བཞི་པ། །ཡི་གེ་གཉིས་པར་ཡང་དག་ལྡན། །ཞེས་པ་ནི་བཅུ ་བཞི་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་ཉི་ཤུ་པ་དང་ལྡན། །དབྱངས་ཀྱི་ཡི་གེ་གསུམ་པ་ཉིད། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །ཞེས་པ་ནི་བཅོ་ལྔ་པ་ལ་ཡིས་བརྒྱན་པའོ། །དབྱངས་ཡིག་བཅོ་ལྔར་ཡང་དག་ལྡན། །ཡི་གེ ་བཅུ་དྲུག་པར་མཛེས་བྱ། ཞེས་པ་ནི་བཅུ་དྲུག་པ་ལ་ཨཾ་གིས་བརྒྱན་པའོ། །དབྱངས་ཡིག་གསུམ་དང་ལྡན་པ་ཡི། །ཡི་གེ་བཅུ་བདུན་པ་རུ་འདོད། ཅེས་པ་ནི། བཅུ་བདུན་པ་ལ་ཨིས་བརྒྱན་པའོ། །དབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་བཅོ་བརྒྱད ་པ་རུ་སྦྱར། ཞེས་པ་ནི་བཅོ་བརྒྱད་པ་ལ་ཨཱས་བརྒྱན་པའོ། །དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར་སྦྱར། །ཞེས་པ་ནི་ཉི་ཤུ་གཅིག་པ་ལ་ཨཱས་བརྒྱན་པའོ། །དབྱངས་ཡིག་གི་ནི་ལྔ་པ་ཉིད། །ཡི་གེ་ཉི་ཤུ་གསུམ་པར་སྦྱར། ཞེས ་པ་ནི་ཉི་ཤུ་གསུམ་པ་ལ་ཨུས་བརྒྱན་པའོ། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར། ཞེས་པ་ནི་ཉི་ཤུ་བཞི་པ་ལ་ཨོས་བརྒྱན་པའོ། །སྡེ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར། །ཞེས་པ་ནི་ཡི་གེ ་ཉི་ཤུ་ལྔ་པའི་འོག་གི་ཆ་ལ་ཀ་བླངས་ཏེ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པའི། །ཡི་གེ་ཉི་ཤུ་དྲུག་པར་སྦྱར། །ཞེས་པ་ནི་ཉི་ཤུ་དྲུག་པ་ལ་ཨཱས་བརྒྱན་པའོ། །ཉི་ཤུ་བརྒྱད་པ་ཉིད་དག་ནི། །ཡི་གེ ་བཅོ་ལྔ་པར་སྦྱར་བྱ། ཞེས་པ་ནི། ཡི་གེ་ཉི་ཤུ་རྩ་བརྒྱད་པ་ལ་ཨཾ་གིས་བརྒྱན་པའོ། །གསུམ་པའི་དང་པོར་ཡང་དག་ལྡན། །འོག་གི་ཆ་ནི་མེ་དང་བཅས། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཡི་གེ་ཉི་ཤུ་རྩ་དགུར་འགྱུར ་ཞེས་པ་ནི་ཡི་གེ་ཉི་ཤུ་རྩ་དགུའི་འོག་གི་ཆ་ལ་གོ་རིམ་བཞིན་དུ་ཊ་ལས་ར་སྦྱར་བ་དེ་ལ་ཨཱ་གདགས་ཞེས་པའི་དོན་ཏོ། །ཡི་གེ་སུམ་ཅུ་རྩ་གཅིག་པ། །དབྱངས་ཡིག་གཉིས་པར་ཡང་དག་སྦྱར། །ཞེས་པ་ནི་སུམ་ཅུ་རྩ་གཅིག ་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་སུམ་ཅུ་རྩ་གཉིས་པ། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར་ཞེས་པ་ནི། སུམ་ཅུ་གཉིས་པ་ཨོས་བརྒྱན་པའོ། །ཡི་གེ་སུམ་ཅུ་རྩ་གསུམ་པ། །ཉེ་མར་ཡང་དག་ལྡན་པར་བྱ། ཞེས་པ་ནི་ཡི་གེ་སུམ་ཅུ་རྩ་གསུམ་ལ་རས ་བརྒྱན་ཞེས་པའི་དོན་ཏོ། །ཕྱི་མོ་བཞི་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞིར་ལྡན་པ་འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་ཞེས་པ་ནི་སུམ་ཅུ་བཞི་པ་ལ་ཨིས་བརྒྱན་པའོ། །ཕྱི་མོ་ལྔ་པ་ཉིད་དག་ནི། །སུམ་ཅུ་བདུན་པར་ཡང་དག་ལྡན། །མཁའ་འགྲོ་མ་རྣམས ་སྒྲུབ་བྱེད་ཡིན། ཞེས་པ་ནི་སུམ་ཅུ་བདུན་པ་ལ་ལུས་བརྒྱན་པའོ། །སུམ་ཅུ་བརྒྱད་པ་ཉིད་དག་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་པ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། ཅེས་པ་ནི་སུམ་ཅུ་བརྒྱད་པ་ལ་ཨཱས་བརྒྱན ་པའོ། །བཞི་བཅུ་རྩ་གཉིས་པ་ཉིད་ནི། མེ་དང་འོག་ཏུ་བསྒྲུབ་པར་བྱ། ཞེས་པ་ནི་བཞི་བཅུ་རྩ་གཉིས་པ་ལ་འོག་གི་ཆར་ར་གདགས་པའོ། །བཞི་བཅུ་གསུམ་པ་ཉིད་དག་ནི། །དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། །ཞེས་པ་ནི་བཞི་བཅུ་གསུམ་པ ་ལ་ཨུས་བརྒྱན་པའོ། །ཡི་གེ་བཞི་བཅུ་ལྔ་པ་ནི། །དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། །ཞེས་པ་ནི་བཞི་བཅུ་ལྔ་པ་ལ་ཨཱས་བརྒྱན་པའོ། །དབྱངས་ཡིག་ལྔ་པ་ཉིད་དག་ཀྱང། །བཞི་བཅུ་དྲུག་པར་ཡང་དག་ལྡན། །དཔའ་བོ་ཐམས་ཅད་རབ ་མཆོག་ཡིན། ཞེས་པ་ནི་བཞི་བཅུ་དྲུག་པ་ལ་ཨུས་བརྒྱན་པའོ། །བཞི་བཅུ་རྩ་བདུན་པ་ཉིད་ནི་དབྱངས་ཡིག་གཉིས་པ་དང་སྦྱར་བ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་འདོད། །ཞེས་པ་ནི་བཞི་བཅུ་རྩ་བདུན་པ་ཨཱས་བརྒྱན་པའོ། །དེ་བཞིན་ལྔ་བཅུ ་རྩ་གཅིག་པ། །དབྱངས་ཡིག་ལྔ་པ་ཉིད་དག་གིས་།མཛེས་པ་མཆོག་ནི་ཡིན་པར་འདོད། །ཅེས་པ་ནི་ལྔ་བཅུ་རྩ་གཅིག་པ་ལ་ཨུས་བརྒྱན་པའོ། །ལྔ་བཅུ་རྩ་གཉིས་པ་ཉིད་ནི་དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད ་སྒྲུབ་བྱེད་པ། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཅེས་པ་ནི་ལྔ་བཅུ་རྩ་གཉིས་པ་ལ་ཨཱས་བརྒྱན་པའོ། །དེ་བཞིན་ལྔ་བཅུ་རྩ་གསུམ་པ། །དབྱངས་ཡི་གེ་བཅུ་གསུམ་པ་དང་སྦྱར། ཞེས་པ་ནི་ལྔ་བཅུ་རྩ་གསུམ་པ་ལ ་ཨོས་བརྒྱན་པའོ། །ཡི་གེ་ལྔ་བཅུ་རྩ་བཞི་བླང། །ལྔ་བཅུ་རྩ་དྲུག་ཡི་གེ་ལ། དབྱངས་ཀྱི་ཡི་གེ་དྲུག་པས་བརྒྱན། །དགྲ་རྣམས་ངེས་པར་གསོང་བྱེད་ཡིན། །ཞེས་པ་ནི་ཡི་གེ་ལྔ་བཅུ་རྩ་བཞི་བཏུས་པ་ནི་རྒྱུད་ལས་ཟློས་པའི་སྐྱོན་མེད་པའི་ཕྱིར་རོ། ། ་ལྔ་བཅུ་རྩ་དྲུག་པ་ལས་ཨའུས་བརྒྱན་པའོ། ཨནྟ་སྙ?་ཡི་བཞི་པ་དང། །དབྱངས་ཡིག་གཉིས་པར་སྦྱར་བྱ། ཞེས་པ་ནི་ལྔ་བཅུ་རྩ་དྲུག་པ་ལ་ཨཱས་བརྒྱན་པའོ། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཡི་གེ་ལྔ ་བཅུ་རྩ་དགུར་འགྱུར། ཞེས་པ་ནི་ལྔ་བཅུ་རྩ་དགུ་པ་ལ་ཨཾ་བརྒྱན་པའོ། །ཡི་གེ་དྲུག་ཅུ་རྩ་གཅིག་ནི། །དབྱངས་ཡིག་གཉིས་པ་དག་ཀྱང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། ཅེས་པ་ནི། དྲུག་ཅུ་རྩ་གཅིག་པ་ལ་ཨཱས་བརྒྱན་པའོ། ་དེ་བཞིན་དྲུག་ཅུ་རྩ་གཉིས་པ་།དབྱངས་ཡིག་བཞི་པར་སྦྱར་བ་ནི། །མཁའ་འགྲོ་མ་ཡི་མཆོག་ཏུ་འདོད། ཅེས་པ་ནི་དྲུག་ཅུ་རྩ་གཉིས་པ་ལ་ཨིས་བརྒྱན་པའོ། །ཡི་གེ་དྲུག་བཅུ་རྩ་གསུམ་པ། །དབྱངས་ཡིག་བཅུ་གཅིག་དག་དང་ལྡན། ། ་མཛེས་པ་ཡིག་ཀུན་མཆོག་ཡིན། །ཞེས་པ་ནི་དྲུག་ཅུ་རྩ་གསུམ་པ་ལ་ཨེས་བརྒྱན་པའོ། །དྲུག་ཅུ་རྩ་ལྔ་པ་ཉིད་ཀྱི་རྡོ་རྗེ་སེམས་དཔས་བྱེད་བ་དག་།གྲུག་སྦྱིན་ཐར་པ་སྦྱིན་ཆེན་པོ། །ཞེས་པ་ནི་དྲུག་ཅུ་རྩ་ལྔ་པ་ལ་རས་བརྒྱན་པའོ། །ཡི་གེ་དྲུག ་ཅུ་རྩ་དྲུག་པ། །དབྱངས་ཡིག་གསུམ་པ་དང་སྦྱར་བ། །བྱ་བ་ཀུན་ལ་གྲུབ་བཞིན་པར། །དེ་ལྟར་དེ་བཞིན་གཤེགས་པས་གསུངས་ཞེས་པ་ནི་དྲུག་ཅུ་རྩ་དྲུག་པ་ལ་ཨིས་བརྒྱན་པའོ། །ཡི་གེ་དྲུག་ཅུ་རྩ་བདུན་པ། །ཡི་གེ་གཉིས་པར ་ཡང་དག་ལྡན། །རྣལ་འབྱོར་མ་ཡི་དགོད་པ་ཀུན། །འདི་ཉིད་བྱེད་པར་ཐེ་ཚེམས་མེད། །ཅེས་པ་ནི་དྲུག་ཅུ་རྩ་བདུན་པ་ལ་ཨས་བརྒྱན་པའོ། །དྲུག་ཅུ་བརྒྱད་པ་ཉིད་དག་ལ། འདིར་ནི་ཡི་གེ་བ་སྦྱར་བ། འོག་གི་ཚར་ནི་བརྟག་པར་བྱ། །དྲུག་ཅུ་རྩ་བརྒྱད་པ ་ལ?་བ་སྦྱར་བའོ། །ཡི་གེ་བདུན་ཅུ་རྩ་གཅིག་པ། །ཡི་གེ་གཉིས་པར་ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཅེས་པ་ནི་བདུན་ཅུ་རྩ་གཅིག་པ་ལ་ཨཱས་བརྒྱན་པའོ། །བདུན་ཅུ་རྩ་བཞི་པ་ཉིད་ནི། །དབྱངས་ཡིག ་གཉིས་པར་སྦྱར་བ་ནི། །གདོད་ནས་གྲུབ་པ་ཡིན་པར་ནི། །དེ་བཞིན་གཤེགས་པའི་ཞལ་ནས་གསུངས་ཞེས་པ་ནི་བདུན་ཅུ་རྩ་བཞི་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་བདུན་ཅུ་རྩ་ལྔ་ཉིད། །མ་མོ་དྲུག་པ་དང་ལྡན་པ། །འདི་ནི་རྣལ་འབྱོར་མཆོ་ག་ཡིན ་ཏེ། །དགོས་པ་ཀུན་ལ་དམ་པ་ཡིན། །ཞེས་པ་ནི་བདུན་ཅུ་རྩ་ལྔ་པ་ལ་ཨའུས་བརྒྱན་པའོ། །བདུན་ཅུ་རྩ་དྲུག་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཞིང། །འོག་ཏུ་མེང?་ལྡན་པ་ལས། དེ་ལ་ཡི་གེ་བ་སྦྱར་བ། གཞན་དག་མཛེས་པ་ཡོད་པ་མ་ཡིན། ཞེས ་པ་ནིར་བདུན་ཅུ་རྩ་དྲུག་པ་ལ་ཨཱ་དང་ར་དང་བས་བརྒྱན་པའོ། །ཡི་གེ་བདུན་ཅུ་རྩ་བདུན་པ། །དེ་བཞིན་དྷ་ངང་སྦྱར་བར་བྱ། །མཁའ་འགྲོ་མ་ཡིས་མཛེས་པར་འདོད། །ཅེས་པ་ནི། བདུན་ཅུ་རྩ་བདུན་པ་ལ་དྷ་སྦྱར་བའོ། །བདུན་ཅུ་རྩ་བརྒྱད་པ་ཉིད་ནི ་དབྱངས་ཡིག་གཉིས་པ་དག་དང་སྦྱར། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །ཅེས་པ་ནི་བདུན་ཅུ་རྩ་བརྒྱད་པ་ལ་ཨཱས་བརྒྱན་པའོ། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ། །བཞི་པའི་མཛའ་ཡིས་རྣམ་པར་ཕྱེ། །གདོད་ནས་གྲུབ་པ་འདི་ཡིན་ཏེ། །དངོས ་གྲུབ་ཀུན་ལ་འཇུག་བྱེད་པའོ་ཞེས་པ་ནི། བརྒྱད་ཅུ་རྩ་གཅིག་པ་ལ་ཨའུས་བརྒྱན་པའོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། །དེ་བཞིན་དབྱངས་ཡི་གེ་གཉིས་པར་སྦྱར། །ཞེས་པ་ནི་བརྒྱད་ཅུ་རྩ་གཉིས་པ་ལ་ཨཱ་སྦྱར་བའོ། །འདི་ནི་རྩ་བའི ་སྔགས་སུ་ཞེས་བྱ་བ་ལ་སོགས་པ་ལ། རྩ་བ་ནི་གཙོ་བོ་སྟེ་སྦས་པའི་སྔགས་སོ། །ཁྱད་པར་དུ་རྩ་བའི་སྔགས་ལ་གནས་པས། །བི་དུ་སྐད་ཀྱི་དབྱིངས་ལས་དོན་མང་བའི་ཕྱིར་མཆོག་ཏུ་བྱེད་པས་ན ་གཙོ་བོ་སྟེ་དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་རྣམས་ཞེས་པའི་དོན་ཏོ། །ཁྱད་པར་ཅི་ལྟ་བུ་ཞེས་པ་ལ་གནས་པ་ཡིན་ཞིང་དངོས་གྲུབ་ཐམས་ཅད་ཀྱི་གཞི་སྟེ་དཔལ་ཁྲག་འཐུང་ལ་སོགས་དཔའ་བོ་ཞེས་བྱའོ། །ཡང་ཇི་ལྟ་བུའི་དངོས་གྲུབ་ཀྱི་ཁྱད་དུ ་གྱུར་པ་ཞེས་པ་ལ། །མཁའ་འགྲོ་མ་ཡི་སྙིང་འཇོམས་ཡིན། ཞེས་གསུངས་ཏེ། འདི་བརྗོད་པ་ཙམ་གྱིས་མཁའ་འགྲོ་མ་ཀུན་འཇིགས་པར་བྱེད་ཅིང་དེ་དང་སྙོམས་པར་འཇུག་པའོ། །གང་གི་ཕྱིར་མཁའ་འགྲོ་མའི་སྙིང་འཇོམས་པས་དཔལ ་ཧེ་རུ་ཀ་ལྷ་ཉིད་བརྗོད་པས་གྲུབ་པ་སྟེ། དཔལ་ཧེ་རུ་ཀ་རོལ་པ་ལ་སོགས་པའི་གཟུགས་རིག་པའི་རྒྱལ་པོའི་སྔགས་བརྗོད་པས་གྲུབ་པ་དོན་ཡོད་པ་བཟླས་པ་ཙམ་གྱིས་དངོས་གྲུབ་སྦྱིན་ཞེས་པའི་དོན་ཏོ། །ོཾ་ནི་དང་པོར་སྦྱར་བར་བྱ། །ཧུཾ་ཧཱུཾ་ཕཊ་ནི ་མཐར་སྦྱར་བ། ཞེས་པ་ནི་ཤིན་ཏུ་རྫོགས་པའི་འབྲས་བུ་སྟེ། ཨོཾ་དང་པོ་ཧུཾ་ཧཱུཾ་ཕཊ་མཐར་སྦྱར་བ་ནི་འཕྲེང་བའི་སྔགས་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྔགས་བཏུ་བའི་ལེའུ་བདུན་པའི་འགྲེལ་བའོ།། །། ་དེ་ནས་ཞེས་པ་ནི་གོ་སླའོ། །རང་གི་བདག་ཉིད་ཀྱི། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ་མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་པ་ནི་དཔལ་ཧེ་རུ་ཀའི་བདག་ཉིད་ཀྱི་ཡང་སྙིང་པོ་དང་ཉེ་བའི་སྙིང་བའི་སྔཌ་འཁོར་ལོ་གསུམ་ལ་སོགས་པ་ལ་རྣམ་པར་གནས་པའི ་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་རང་བཞིན་ཞེས་པའི་དོན་ཏོ། །སྭཱཧཱ་ལ་སོགས་པས་གོ་རིམ་བཟློག་ནས་བསྟེན་པའི་སྙིང་པོ་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པ་འདི་དང་གོ་རིམ་ནི་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱཧཱ ་ཞེས་བྱའོ། །རིག་པའི་རྒྱལ་པོའི་སྙིང་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་འདིས་ནི་སྔགས་ཀྱི་བདག་ཉིད་ཆེ་བར་བསྟན་ནོ་ཞེས་པའི་དོན་ཏོ། །ཊ་ཕ་ལ་སོགས་པ་ཡང་དེ་བཞིན་དུ་གོ་རིམ་བཟློག་པ་ནི། ཨོཾ་ཧྲཱི་ཧྲཱཾ་ཕཊ་ཅེས་བྱའོ། །ཡི་གེ་རཾ? ་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲཱིཾ་ཉིད་དང། ཧཱུཾ་དང་ཕཊ་ཅེས་བཅས་པ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་གྲགས་པ་ནི། རྟེན་དང་བརྟེན་པའི་ངོ་བོ་ཉིད་དམ་དོན་དམ་པར་རོ། །བཾ་དང་ཡོཾ་དང་མོཾ་དང་ཧྲཱིཾ་དང་ཧཱུཾ་དང་ཕཊ་མཛའ་སྟེ་མཛའ་ཉིད་དུ་མཉམ་པར་བརྗོད་པ་གང་ཡིན་པ ་ཨོཾ་ལ་སོགས་པ་ཡི་གེ་དྲུག་པོ་སྟེ། སྙིང་པོའི་སྔགས་དང་ལྷ་དང་དབྱེར་མེད་པ་ལ་ཉེ་བར་བཏགས་ཏེ་རྣལ་འབྱོར་མ་ནི་དྲུག་ཏུ་བསྟན་ཞེས་པའི་དོན་ཏོ། །ོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་འདིར་ཉེ་བའི་སྙིང་པོ་གང་ཡིན་པ་དངོས་སུ་བསྟན་པའོ། །ཡང ་ན་སྔོན་གྱི་རྗེས་སུ་འབྲང་བས་རྣལ་འབྱོར་མ་དྲུག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་ཀྱི་ཚིག་ཏུ་གཟུང་བའོ། །ཡང་གཟུགས་དགོང་པ་ནི་སྒྲུབ་ཐབས་གསུངས་པའི་རིམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཡི་རིག་པ་ཆེ། །མ་བྱུང་འབྱུང་བར ་མི་འགྱུར་རོ། །ཞེས་པ་འདིས་ནི་སྔགས་ཀྱི་ཆེ་བའི་བདག་ཉིད་བསྟན་པའོ། །ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ་།ས་ཡི་དཀྱིལ་འཁོར་མཆོག་ཏུ་བརྗོད། །ཅེས་པ་ནི ་སྔགས་རྒྱུད་རྣམས་ནས་རིན་པོ་ཆེ་བཞི་སྟེ། སྔགས་བཞི་ལ་རིན་པོ་ཆེ་བཞི་ཞེས་བྱའོ། །སོགས་པས་ནི་ཅི་ལྟ་བ་ཉིད་ཀྱི་དོན་དུ་བཟུང་ངོ། །དེ་ནས་འདིའི་དོན་ནི་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་ཕྲེང་བས་སྔགས་ཉིད་དང་སྙིང་པོ་དང་ཉེ་བའི་སྙིང ་པོའི་རྣམས་སམ། །དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་སོ། །སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་ཚིག་རྐང་བཞི་ཡིན་པ་འམ། ཕྱོགས་བཅིངས་བའི་སྔགས་ཀྱི་ཚིག་རྐང་བཞི་ཡིན་པར་བསྟན་པའོ། ། ་སྔགས་ནི་ཚིག་རྐང་བཞི་འབྱོར་པའི་ཕྱིར་རོ། །ཧ་ལྔ་ཡང་དཔལ་ཧེ་རུ་ཀའི་སྙིང་པོ་དང་འདྲ་བ་ཉིད་ཀྱི་ཕྱིར་ཅི་ལྟ་བའི་སྒྲའི་རྐྱེན་བསྟན་པ་ལས་དོན་གྱི་སྟོབས་ཀྱིས་དཔགས་ལ་གོ་བར་བྱའོ་ཞེས་པའི་དོན་ཏོ། །ཁྱད་པར་རིག ་པའི་རྒྱལ་པོ་དང་རྩ་བའི་སྔགས་ནི་བཞི་བཞིའི་ཚིག་ནི་རིན་པོ་ཆེར་གྱུར་པ་གང་ཡིན་པ་ནི་རྣལ་འབྱོར་པའི་གང་འདོད་པ་དེ་ཐམས་ཅད་བྱེད་དོ། །འདི་ཉིད་ཀྱི་ཕྱིར་དགའ་བ་བསྐྱེད་པས་རིན་པོ་ཆེའི་ངོ་བོ་ཉིད་ཀྱི་སྔགས་ཏེ། ཡིད་བཞིན་ནོར་བུ་རིན ་པོ་ཆེའི་ཕྲེང་བ་ལྟ་བུ་འདིས་འདོད་པའི་དོན་སྦྱིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རིག་པའི་རྒྱལ་པོའི་ལས་ཀྱི་མཆོག་ཅེས་བྱ་བ་སྟེ། དེའི་སྟོབས་ཀྱིས་རིག་པའི་རྒྱལ་པོ་ཞེས་བརྗོད་དོ། །ཕྲེང་བའི་སྔགས་སུ་མངོན་པར་བརྗོད ་པ་ལ་རྩ་བའི་སྔགས་སོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལས་ཕྱིན་ཅི་ལོག་གི་རྣལ་འབྱོར་མ་དྲུག་གིས་བསྡུ་བའི་ཆོ་གའི་ལེའུ་བརྒྱད་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ནི ་གོ་སླའོ། །བཤད་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེ་ཅི་ཞེས་པ་ལ་ལས་ཀྱི་ཚོགས་སྣ་ཚོགས་པའི་མཐུ་ལ་སོགས་པ་དང། མཆོག་ཏུ་གྱུར་པའི་གཙོ་བོའི་རྩ་བའི་སྔགས་དང། རིག་པའི་རྒྱལ་པོའི་སྔགས་ཅི་ལྟ་བ་བཞིན་དུ་ཅི་ལྟ་བའི་ངོ་བོ ་ཉིད་ཀྱི་སྔོན་དུ་འགྲོ་བས་རིམ་པ་བཞིན་དུ་ཞེས་པའི་དོན་ཏོ། །འཇིག་རྟེན་གསུམ་ཞེས་པ་ནི་གོ་སླའོ། །སྐྱེ་གནས་ཐམས་ཅད་ཅེས་པ་ནི། ཡང་དངོས་གྲུབ་ཀྱི་ཚིག་ནི་རྒྱུད་ཐམས་ཅད་དུ་ཟློས་པའི་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ། །སྤྲིན་རྣམས ་འཐོར་བར་བྱེད་ཅེས་པ་ནི་དང་པོ་ནི་དོན་ཇི་ལྟ་བ་ཉིད་དུ་གཟུང་ངོ། །དེའི་རྗེས་སུ་འདིའི་དོན་ནི་རྡོ་རྗེ་པདྨ་མཉམ་པར་སྦྱོར་བའི་གནས་སྐབས་སུ་མཁའ་འགྲོ་མ་རྣམས་དབང་དུ་བྱེད་པའོ། །ཆར་འབེབས་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི ་ཆུའི་རྒྱུན་འབེབས་པར་བྱེད་པའོ། །ཟློག་པར་བྱེད་པ་ནི་གནས་པར་བྱེད་པའོ། །རྒྱ་མཚོ་སྐེམས་པར་བྱེད་པ་ནི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཡན་ལག་གིས་གནས་པ་ནི་དེ་སྐེམས་པ་སྟེ་ཞི་བའི་གནས་སྐབས་སུ་བྱེད་པའོ། །ཆུ་བོ་རྒྱུན་ཕྱོགས་ལས་བཟློག ་ནས་འབབ་བར་སྟོན་པ་ནི་བྱང་ཆུབ་ཀྱི་སེམས་འགོག་པའོ། །དབང་པོ་ཟློག་པར་བྱེད་པ་ནི་ཁྲོས་པ་བརྒྱུད་པའི་དབང་པོ་འཆིང་བར་བྱེད་པའོ། །ས་གཡོ་བར་བྱེད་པ་ཞེས་པ་ནི། སེམས་ཅན་ཆེ་བ་ལས་ཀྱང་ཆེ་བར་གྱུར་པ་སྐྱོད་པར་བྱེད་པའོ། །ཤིང་ལས ་འཛེགས་ཏེ་གང་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་པ་ནི་རིག་པ་ནི་སྡོང་པོ་སྟེ། དེ་ཡོད་པས་ནམ་མཁའ་ལ་འགོར་བར་འགྱུར་རོ། །སྔགས་ཐམས་ཅད་ཀྱི་ནུས་པ་འཕྲོག་པར་བྱེད་པ་ནི་འཇིག་རྟེན་གསུམ་ན་གང་ཅུང་ཟད་གནས་པའི་གསང་བར་བརྗོད་པ་དེ ་ཐམས་ཅད་འཁྲུལ་འཁོར་ལ་ཞོན་ནས་དེ་ལྟར་བརྗོད་པའོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ། །ཞེས་པ་ནི་རིག་པ་འཛིན་པ་ལ་སོགས་པ་ཐམས་ཅད་དང་འབྲེལ་པ་གང་ཡིན་པ་དེ་ཐམས་ཅད་འཕྲོག་པ་སྟེ་ལེན་པའོ། །ཁྲག་འདྲེན་པར ་བྱེད་པ་ཞེས་པ་ནི་སྲུང་བ་མང་པོ་དང་ལྡན་པའི་རྒྱལ་པོ་དང་འབྲེལ་པ་ཡིན་ཡང་འགུགས་པའོ། །སླར་གཏོད་བར་བྱེད་པ་ནི་རང་གི་གནས་སུ་འཇོག་པའོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ། །ཞེས་པ་ནི་མ་ལུས་པའི་སེམས་ཅན་གྱི་དོན་བྱ་བའི ་ཕྱིར་རང་གི་ལུས་ཐབས་དང་ཤེས་རབ་དང་ལྡན་པ་ལས་དེའི་རྣམ་པ་ཅན་གྱིས་མ་ལུས་པའི་ནམ་མཁའ་ཁྱབ་པར་སྔགས་དང་ལྷ་སྤྲོ་བའོ། །འདོད་ན་སྣང་བར་བྱེད་ཅིང་འདོད་ན་མི་སྣང་བར་བྱེད་དོ་ཞེས་པ་ནི། །ལྷ་མོ་རྣམས་ཇི་ལྟར་འདོད་པ་ཞེས ་པའི་དོན་ཏོ། །ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ། ཞེས་པ་ནི། ཁང་བཟང་ནི་པདྨ་སྟེ་སངས་རྒྱས་ཐམས་ཅད་མཉམ་པ་བསྟེན་པའི་ཕྱིར་རོ། །སྡོད་པོ་ནི་རྡོ་རྗེ་སྟེ་རྡོ་རྗེ་ནི་སྐྱེས་བུ་ཉིད་ཀྱི་ཕྱིར་རོ། །རྩེ་མོ་ནི་ལྷ་མོ་རྣམས་ཀྱི ་པདྨའི་ཟེ་འབྲུ་སྟེ། ཐ་མ་དང་འབྲིང་དང་རབ་རྣམས་ལ་འདོད་པས་རྡོ་རྗེ་པདྨ་གཉིས་བསྐྱོད་པས་བལྟོས་པ་མེད་པས་བརྡུངས་ཞེས་པའི་དོན་ཏོ། །དུག་བདུད་རྩིར་བྱེད་ངོ་ཞེས་པ་ནི་དུག་བདུད་རྩི་དང་འདྲ་བར་བསྟེ་ནོ་ཞེས ་པའི་དོན་ཏོ། །བདུད་རྩི་ཡང་དུག་ཏུ་བྱེད་དོ་ཞེས་པ་ནི་བདུད་རྩི་དང་འདྲ་བའི་ཡུལ་ཡང་དུག་བཞིན་དུ་སྤྱོད་པའོ། །ཤིན་ཏུ་ཆོགས་པར་མི་བྱེད་ཅེས་པའི་དོན་ཏོ། །ཟླ་བ་ཆུར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་འོ་མ་བཞིན་དུ་འཐུང་བར་བྱེད་དོ། །ཆུ་ཟླ་བར་བྱེད་དོ་ཞེས་པ ་ནི་ཆུ་ཟླ་བ་དང་འདྲ་བར་སློད་པ་སྟེ། དེ་བཞིན་དུ་ཟླ་བའི་བཏུང་བ་བཞིན་དུ་མྱོང་བར་བྱེད་ཅེས་པའི་དོན་ཏོ། །དྲི་ཐམས་ཅད་འཕྲོག་པར་བྱེད་དོ། ཞེས་པ་ནི། བདུད་རྩི་རྣམ་པ་ལྔའི་དྲི་འཕྲོག་པའོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ་ཞེས་པ་ནི ་དེའི་དྲི་གཞན་བྲམ་ཟེ་ལ་སོགས་པའི་ཟས་ལ་འཕོ་བར་བྱེད་དོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་ལེགས་པར་བསྟེན་པའི་དོན་གསལ་བར་བྱེད་པ་ནི། ནམ་མཁའ་ལྡེང་གི་གདོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལྡིང་གི་རྒྱལ ་པོའི་གདོང་བཞིན་དུ་འགྲོ་བ་བྱིན་པར་བྱེད་ཅེས་པ་ནི། ནམ་མཁའ་ལ་འགྲོ་འདོད་པའི་བྱ་ཁྱུད་ནི་གཤོག་པ་གཉིས་སྐྱོད་པར་བྱེད་དོ། །གང་ཇི་ལྟ་བུ་ཞི་བའི་འདུས་པ་ལ་བུད་མེད་རྣམས་དང་གང་མཉམ་པར་སྦྱོར་བ་ནི་ཁས་བྱང་ཆུབ་ཀྱི་སེམས་བླངས་ཏེ་ལྷ ་མོའི་ཞལ་དུ་སྤྱིན་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་གཞུང་གཞན་ཏེ་གདོང་གཙོ་བོར་གྱུར་བ་ནི་བྱ་ཁུང་གི་གདོང་སྟེ་བྱ་རྣམས་ལས་བྱ་ཁྱུད་གི་གདོང་སྟེ་གཙོ་བོར་གྱུར་བའི་ཕྱིར་རོ། །དེས་ཁྱད་པར་ཅན་གྱི་ཆོ་གས་འགྲོ་བ་རྟོགས་པར་གནས་པར ་བྱེད་པ་ནི་གནས་པ་སྟེ། ཇི་ལྟར་འགྲོ་འདོད་པའི་བྱ་ཁྱུད་གཤོག་པ་གཉིས་སྐྱོད་པར་བྱེད་དོ། །དེ་ལྟ་བུར་ཞི་བའི་འདུས་པ་ལྷ་མོ་རྣམས་དང་གང་མཉམ་པར་སྤྱོད་ཅིང་གདོང་གིས་སྦྲང་རྩི་བླངས་ནས་ལྟ་མོའི་ཁ་རུ་སྟེར་རོ་ཞེས་པའི་དོན་ཏོ། །མིའི ་མཆོག་ཅེས་པ་ནི་མི་གང་དེ་ལྟར་སྤྱོད་པ་ནི་དེ་འཇིག་རྟེན་གསུམ་གྱི་གཙོ་བོ་ཞེས་པའི་དོན་ཏོ། །འདིས་ནི་བྱ་ཁྱུད་གི་གདོང་དང་འགྲོ་བ་འབྱིན་པས་ཞེས་པའི་གཞུང་གཞན་ནི་གོ་སླའོ། །དེའི་ལག་པའི་མཐིལ་ན་ཡོང་བའི་དཔལ་གང་གིས ་ཀྱང་འཕྲོག་པར་མི་ནུས་ཞེས་པ་ནི། དེ་ལྟར་གྱུར་བའི་རྣལ་འབྱོར་པ་འདོད་ཅིང་སྦྲུལ་བ་ལ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་དཔག་པར་མི་ནུས་ཞེས་པའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནས་གཟུང་སྟེ་དོན་ཇི་ལྟ་བ་དེ་ལྟར་ཕུལ་དུ་བྱུང་བ་ཉིད་དུ་ཉེ་བར་གནས་པའི་ཕྱིར་རོ། ། ་དུར་ཁྲོད་ཀྱི་སོལ་བ་ཞེས་པའི་དོན་གྱིས་གདམས་ངག་བརྗོད་པར་བྱ་སྟེ། བ་རུ་རའི་སྡོང་པོའི་ལྷོ་ཕྱོགས་ཀྱི་ཡལ་ག་གཏུམ་མོའོ་སྟ་རི་ལ་སོགས་པས་བཅད་ནས་ནག་པོའི་ཕྱོགས་ཀྱི་བཅུ་བཞིའི་ནུབ་མོ་དུར་ཁྲོད་དུ་བསྲེགས་ལ་བོང་བུའི་ཆུས་མེ་བསད་ལ། ་དོའི་སོལ་བ་དང་ཐལ་བར་བྱས་ལ། གང་དེ་ལྟར་མཆོག་ཏུ་ཁྱད་པར་ཅན་གྱི་སོལ་བས་ཕྱིས་ཀྱི་དུས་སུ་རྒྱུད་ལས་གསུངས་པའི་ཆོག་བྱས་ན་དེའི་འབྲས་བུ་བཟློག་པར་མི་ནུས་སོ། ། ཏི་མུཀྟའི་ལྕུག་མ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདིའི་མན་ངག ་གི་སྔགས་འབུམ་ཕྲག་གཅིག་བཟླས་པའི་སྔགས་པས་ཟླ་བ་གཟས་གཟུང་བའི་དུས་སུ་ཨ་ཏི་མུཀྟའི་རྩ་བར་ཁྲི་བཅས་ལ་དེའི་སྟེང་དུ་བསྡད་ལ་བསྲུང་བ་ལ་སོགས་པ་དམིགས་ལ་གཞོ་ནུ་མས་བཀལ་བའི་སྐུད་པ་དམར་པོ་བྱས་ལ། ནུབ་ཕྱོགས་ཀྱི ་ཆར་སོན་པའི་ཡལ་ག་དེ་ལ་སྐུད་པས་དཀྲིས་ཏེ། ཕྱོགས་གཅིག་ཏུ་སྐྲ་གྲོལ་བའི་སྔགས་པས་བཟས་གཟུང་བ་ནས་བརྩམས་ཏེ་བཏང་གི་བར་དུ་དེའི་ཡལ་ག་ལ་ག་པ་གཡོན་པས་བཟུང་ལ་རྒྱུན་ཆད་མེད་པར་བཟླས་པར་བྱའོ། །ཕྱིས་ཀྱི་དུས་སུ་མཚོན ་ཆས་བཅད་ལ་ཇི་ལྟར་གསུངས་པའི་ཆོ་ག་བཞིན་བྱ་སྟེ། རྩེ་མོ་དང་རྩ་བས་ཉེ་བར་མཚོན་པ་སྟེ། རྩེ་མོས་ནི་འོང་བའོ། །རྩ་བས་ནི་ཕྱིར་འགྲོ་བའོ། །ལྷག་མས་ནི་སོང་བའི་དོན་ཉིད་དོ། །ཟས་སྐོམ་ལ་སོགས་རོ་ཡིས་ནི་ཞེས་བྱ་བ་ལ་སོཌ་བས་སྒྲུབ་པ་པོ་རྙེད་པར་སླ ་བ་ཐཾ་ཅད་པར་བརྗོད་པའོ། །དབལ་ཧེ་དུ་ཀ་མངོན་པར་བརྗོད་པའི་རྩ་བའི་སྔགས་ཀྱི་ལས་ཚོགས་ཀྱི་ཆོ་གའི་ལེའུ་དགུ་པའི་འགྲེལ་བའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པའི ་སྐུ་གསུམ་གྱི་རྣམ་གཞག་སྟོན་ཏེ། དེ་ལ་འདིའི་མན་ངག་ནི་ཧཱུཾ་གཅིག་ལས་རྫོགས་པའི་འཁོར་ལོ་གསུམ་ལ་སོགས་པར་གནས་པའི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །མང་པོ་ཀུན་ལུས་ལ་གཅིག་ཏུ་བསྡུས་ཏེ་གོ་ཆ་ཐམས་ཅད་ལ་སོགས་པས་གོ ་བགོས་ནས་བཟླས་པའི་གནས་སྐབས་ཐམས་ཅད་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་རྗེས་སུ་སྙིང་གར་པདྨ་དང་ཟླ་བ་ལ་ཨཱ་ལི་དང་ཀཱ་ལི་སྒྲོ་བ་དང་བསྡུ་བ་ལ་སོགས་པའི་གནས་སྐབས་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །རིམ་དང་རིམ་མིན་མ་ཡིན་པས། ། ་ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང། །སྤྲུལ་པ་ཐོབ་པར་གདོན་མི་ཟ་ཞེས་བྱ་བ་འདིས་ནི་ལྷག་མ་རྣམས་གོ་སླའོ། །གསང་སྔགས་འདིའི་ཞེས་བྱ་བ་ལ་སོགས་པ་ལ། །གསང་སྔགས་འདི་ནི་རྩ་བའི་ཉེ་བའི་སྙིང་པོའི་སྔགས་སོ། །སྙིང་པོ་ནི་སྙིང་པོའི་གསང་སྔགས ་ཏེ། དེ་ཡང་སྙིང་པོ་ལས་ཀྱང་སྙིང་པོའི་ལས་ཀྱི་ཆོ་ག་ཞེས་པའི་དོན་ཏོ། །སྙིང་པོ་གསང་བའི་སྔགས་ཀྱི་སྒྲུབ་པ་པོ་ནི་དཔལ་ཧེ་རུ་ཀ་ཉིད་སྒྲུབ་པ་པོ་ཉིན་ཅིག་བཤད་པར་བྱ་བ་སྟེ། ང་སྡོ་རྗེ་བག་མོས་སམ། གསང་བའི་སྒྲུབ་པ་པོ་ཡང་ང་ཉིད་ཡིན་གྱི་ཞེས ་སྤྱད་དོ། ལྟག་མ་ནི་ཇི་ལྟ་བའི་དོན་ཉེད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྐུ་གསུམ་དང་གྲུབ་པའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་བཅུ་པའི་འགྲེལ་པའོ།། །།དེ་ནས་གཞན་ཡང་རབ་བཤད་བྱ། ཞེས་བྱ་བ་ལ་སོགས་པ་ནི་གོ ་སླའོ། །བདེན་པར་སྨྲ་བ་དང་ཡུན་རིང་པོར་མིག་མི་འཛུམ་པ་ཞེས་པ་ནི། ཁ་ཅིག་མིག་ཡུན་རིང་པོར་གདངས་པ་ལ་ཟེར་ཏེ། གཞན་ནི་མྱུར་དུ་འཛུམ་པ་ལ་འདོད་དོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་སྐྱེ་བ་བདུན ་པའི་མཚན་ཉིད་ཆོ་གའི་ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།དེ་ནས་ཉེ་བའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྕགས་གསུམ་ཞེས་པ་ནི་གསེར་དང་དངུལ་དང་ཟངས་མའོ། །མིའི་ཐོད་པར་ཤ་མེད་པར་བྱས་ལ་ཞེས་པ་ནི་མིའི་ཐོད་པ་ལེ་སོགས ་པ་དྲི་མ་མེད་བ་བླངས་པ་གང་ཡིན་པ་དེ་ལྟར་བྱས་ལ་སྔོན་དུ་བསྙེན་པ་བྱས་ལ་སྔགས་པས་སྐད་ཅིག་གིས་རྡོ་རྗེ་དྲག་པོའི་རྣལ་འབྱོར་དང་ལྡན་པས་ཧཱུཾ་བརྗོད་པ་གཉིས་ཀྱིས་རང་གི་སྣ་བུག་གཡས་པའི་ནང་ནས་དུམ་སྐྱེས་མ་མཚོན་ཆ་ཐོགས་པ་ཕྱུང་ལ་གང་གི་མིད ་བྱས་པའི་གནས་ལྔ་སྟེ། བཤང་ལམ་དང་རྡོ་རྗེ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་མགོ་བོར་ཟུག་ནས་ཁྲག་གི་རྒྱུན་གྱིས་ཐོད་པ་ཡོངས་སུ་གང་བར་བསྒོམ་ཞིང་སྡིགས་མཛུབ་ཀྱི་རྩེ་མོས་མཉེས་ན། བྲག་འགུགས་པའོ། །ཡང་དགོས་པའི་དོན་དུ ་སྐྱེ་བོ་ལ་གཡོན་པས་དལ་བུས་ཞི་བའི་ངོ་བོ་ཉིད་ཀྱིས་མཉེས་ཤིང་སྒྲུབ་བྱ་དེ་ཉིད་ཀྱི་ལུས་ཡོངས་སུ་གང་བར་བསྒོམ་ན་སོས་པར་འགྱུར་རོ་ཞེས་པ་ནི་གདམས་ངག་བོ། །མངོན་པར་བསྔགས་ལ་ཞེས་པ་ནི་གསལ་ལོ། །འོ་མ་འམ་ཆང་གིས་ཐོང་པ ་བཀང་བས་ཞི་བར་འགྱུར་རོ། །གི་ཝང་ཞེས་བྱ་བ་ལ་སོགས་པ་ལས་གྱི་ཚོགས་ཀྱི་ཁྱད་པར་གསུངས་པ་ཐམས་ཅད་ནི་ངོན་ཅི་ལ་བ་ཉིད་དེ། རྣལ་འབྱོར་པ་ནུས་པ་སྐྱེས་པས་སོ། །གླ་ཏེ་ནུས་པ་སྐྱེས་པ་མ་ཡིན་ན་དེའི་ཚེ་ཡི་གེའི་གྲངས་ཀྱི་འབུམ་བཟླས ་ལ་ཐམས་ཅད་ཀྱི་ཆོ་ག་བྱའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་བཅུ་གཉིས་པའི་འགྲེལ་བའོ།། །།དེ་ནས་གོ་ཆའི་ལས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། གོ་ཆ་རིགས་གཅིག་ཏུ་བསྟན ་པས་དཔའ་བོ་དང་རྣལ་འབྱོར་མ་ཀུན་ཟིན་ཡང་མདོར་བསྡུས་ནས་འདི་རུ་དེ་གོ་ཆའི་སྔགས་ཀྱི་ཚིག་གི་ལས་ཀྱི་ཚོགས་ཡིན་པ་ནི་འདིར་རིགས་པའོ། །རྣལ་འབྱོར་མ་དྲུག་གི་ལས་ནི་ཚིག་སྒྲུབ་པ་དང་དགུག་པའི་ཆོ་གའི་ལེའུར་རྣལ་འབྱོར ་དྲུག་གི་གོ་ཆའི་ཚིག་གི་ལས་ཀྱི་ཚོགས་འག?་ནས་སྟོན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དཔའ་བོ་དྲག་གི་གོ་ཆའི་སྙིང་པོའི་ཆིག་གི་ལས་ཚོགས་ནི་འདི་ཡིན་ནོ། །ཞེས་པའི་དོན་ཏོ། ལྷག་མ་ནི་གསལ་བ་ཉིད་དོ། །སྐར་མ་རྒྱལ་གྱི ་སྦྱོར་བ་ཞེས་པ་ནི། རྒྱལ་གསུམ་གཟུང་ངོ་ཞེས་པའི་དོན་ཏོ། །གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀུ?་མངོན་པར་བརྗོད་པའི་གོ་ཆའི་སྔགས་ཀྱི་སྦྱོར་བའི་ཆོ་ག་ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།སྒྲུབ་པ་དེ་ནི་བཤད་པར་བྱ་ཞེས་བྱ་བ ་ལ་སོགས་པ་ནི་གོ་སླའོ། །རང་གི་ཁྲག་ལ་ལན་གསུམ་བཟླས། །དེ་འདིར་ཡང་ནི་ཁ་རུ་བཱ་ཞུག་ཅེས་བྱའོ། །ཕྱི་རོལ་མ་ལུས་པའི་རྣལ་འབྱོར་མ་ལ་སོགས་པ་མངོན་པར་འདོད་པའི་རྣལ་འབྱོར་དམིགས་ནས་ཕྱུགས་ལ་བལྟ་བར་བྱ་སྟེ། དེ་ལྟར ་ཡང་བོང་བུའི་རྣལ་འབྱོར་ལྷག་པར་དབང་པར་བསྟན་ཏེ། དེ་ལ་འདིའི་གདམས་ངག་གི་རིམ་པ་ནི་རི་ལྟར་དབང་གི་དོན་གྱི་དཀྱིལ་འཁོར་བཞིན་དུ་ཕྱི་རོལ་ཁོར་ཡུག་ཆེན་པོའི་བར་བྲིའོ། །དེ་ལ་པདྨ་འདབ་མ་བརྒྱད་པའི་གེ་སར་གྱི་དབུས་སུ་ཨཱ་ལཾ་ཀཱ ་ལིས་བསྐོར་བའི་ཧཱུཾ་ངོ། །ཕྱོགས་བཞིའི་འདབ་མ་ལ་གཉིས་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །མཚམས་བཞིའི་འདབ་མ་ལ་ཐོད་པ་ཁྲག་གིས་གང་བཞིའོ། །རྩིབས་ཉི་ཤུ་རྩ་བཞི་རྣམས་སུ་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉི་ཤུ་བཙ ་བཞིའི་སྔགས་སོ། །རྩ་བའི་ཐིག་ནང་དུ་ཁྲ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་སོ། །རྩ་བའི་ཐིག་གི་སྟེང་གི་སྒོ་བཞིའི་ནང་དུ་གནོད་མཛེས་ཀྱི་སྔགས་གོ་རིམ་ཇི་ལྟ་བ་བཞིན་དུ་ཚིག་བཞིའོ། །ར་བ་གཉིས་ལ་ནི་རྩ་བའི་སྔགས་སོ། །ར་བའི་ཕྱི ་རོལ་དང་སྒོའི་སྟེང་དང་སྒོ་ཁྱུད་བརྒྱད་དང་མཚམས་རྣམས་སུ་གཉིས་ཀའི་གོ་ཆའི་སྔགས་སོ། །ཁོར་ཡུག་ལ་ནི་བཅོམ་ལྡན་འདས་མའི་རྩ་བའི་སྔགས་སོ། །དེ་བཞིན་དུ་དཔའ་པོ་འོད་ཟེར་གྱི་རྣམ་པས་པུལ་ལི་ར་མ་ལ་ཡ་ལ་སོགས་པའི་གོ་ཆ་ཆེན ་བོའི་ས་བོན་གྱིས་བསྐོར་བའོ། །འཁོར་ལོ་དའི་དབུས་སུ་སཱ་ལུ་ཁུར་བའི་རང་བཞིན་གྱི་བོང་བུའི་གཟུགས་བྱས་ལ་བཞག་སྟེ། དེ་ཡང་རྒྱ་སྐྱེགས་དང་མར་ནག་གིས་བྱུག་ལ་ཁ་ནས་ཁྲག་འཛག་པའི་བོང་བུའི་རྣལ་འབྱོར་དུ་དམིགས་ལ་གྲཝ་བཞིར་མར་མེ ་སྤར་ཏེ་མདོར་པར་འདོད་པའི་སྔགས་ཀྱིས་འདིས་སྔོན་བཞིན་དུ་བྱས་ལ་ཡི་དམ་ལ་དགའ་བས་སྔགས་བཟླས་ན་གང་དང་གང་དུ་ཡང་གྱུར་པའི་རང་བཞིན་དེ་དང་དེ་མཐོང་བ་ནི་གདམས་ངག་གོ་།དེའི་གཏོར་མ་ཞེས་པ་ནི་བཟའ་ཞེས་པའི་དོན་ཏོ། །ལྷག་མ་ནག? ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བོང་བུའི་རྣལ་འབྱོར་གྱིས་དཔལ་ཧེ་རུ་ཀར་བྱེད་པའི་ཆོ་གའི་ལེའུ་བཅུ་བཞི་པའི་འགྲེལ་བའོ།། །།དེ་ནས་སྡོམ་པ་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་འདིས་ནི་ཡི་གེའི་བརྡ་སྟོན་ཏེ། དེ་ཡང་ཇི་ལྟ ་བ་ཉིད་དེ་འོན་ཀྱང་ཌི་ཏ་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པ་ནི་གནས་སྐབས་ཀྱི་ཚིག་ཏུ་ཤེས་པར་བྱའོ། །ལཱ་མ་ཡང་དེ་བཞིན་ཞེས་པ་ནི་ལཱ་མའི་རིགས་སུ་གྱུར་པ་ནི་ང་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་གཞན་ལ་ཡང་ངོ། །བྱིན་པ་གཉིས་ཞེས་པ་ནི ་ཕྱེད་དང་ལྷན་ཅིག་ཏུ་སྦྱོར་བར་འདོད་པའོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡི་གེའི་བརྡའི་ཆོ་གའི་ལེའུ་བཅོ་ལྔ་བའི་འགྲེལ་པའོ།། །།དེ་ནས་ཞེ་བྱ་བ་ནི་གོ་སླའོ། །བཟའ་དང་བཟའ་མིན་ཞེས་བྱ་བ་ལ ་སོགས་པ་ནི་འཆད་པར་འགྱུར་བའི་ངོ་བོ་ཡིན་པས་གོ་སླའོ། །བཟའ་དང་བཟའ་མིན་རབ་སྦྱིན་བྱ་ཞེས་པ་ནི། །རང་གི་དམ་ཚིག་དང་གཞན་གྱི་དམ་ཚིག་མི་སྤྱད་པར་ལྷ་མོ་རྣམས་ཀྱི་འདོད་པ་ལ་འཇུག་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཀྱི་དོན་ཡང ་གསལ་བར་བྱ་བའི་ཕྱིར་གསུངས་ཏེ། མཆོག་གི་ཕུལ་དུ་བྱུང་པཱི་དམ་ཚིག་ནི་མཆོག་གིས་ཏེ་མཆོག་གི་དམ་ཚིག་འདི་ལ་གནས་པའོ། །མཆོག་གི་དམ་ཚིག་ལ་གནས་པ་འདི་ཉིད་ཀྱི་ཕྱིར་ཡིད་ཤེས་པར་བྱེད་པ་ཡིད་དང་རྗེས་སུ་མཐུན་པ་ལ་བཟའ་བྱ ་དང་བཟའ་བྱ་མ་ཡིན་པ་རབ་ཏུ་སྦྱིན་ནོ་ཞེས་བྱའོ། །དེ་ཉིད་ཀྱིས་རྗེས་སུ་མཐུན་པར་གསལ་བར་བྱས་པའོ། །ཡང་ན་གཞན་གྱི་རྗོད་བྱེད་དེ། དེའི་བརྗོད་བྱ་སྟོན་པའོ། །དེ་ནས་བཟའ་དང་བཟའ་མིན་པ། །མདོར་བསྡུས་ནས ་ནི་རབ་བཤད་བྱ། ཞེས་བྱ་བ་ལ་སོགས་པའི་མཆོག་གི་དམ་ཚིག་ནི་རྣལ་འབྱོར་གྱི་རྗེས་སུ་མཐུན་པར་གནས་པའོ། །བཟའ་བྱ་དང་བཟའ་བྱ་མ་ཡིན་པའི་རང་གི་དམ་ཚིག་དང་གཞན་གྱི་དི་ཆེ་གི་བཟའ་བཟུང་བས་འདི་ཆེས་པར་བྱེད་ཅིང་ཡིད་དང་རྗེས་སུ ་མཐུན་པའི་བཟའ་བས་སྙན་གྲགས་ཆེན་པོ་བསྐྱེད་པའི་ཕྱིར་རབ་ཏུ་སྦྱིན་པ་ལ་འཇུག་པར་བྱའོ། །དེའི་བསྡུས་པ་སྟེ་མདོར་བསྡུས་པ་ཕུལ་དུ་གྱུར་བ་བརྗོད་པར་བྱའོ་ཞེས་སྦྱར་རོ། །ཁ་དོག་ཁྱད་པར་གསང་བ་གང་ཞེས་བྱ་བ་ལ་སོགས ་པ་གང་རང་དང་གཞན་གྱི་དམ་ཚིག་ལ་སོགས་པ་མཚོན་ཅིང་སྟོན་ཏེ་འདི་ཐམས་ཅད་ནི་གོ་སླའོ། །དེའི་རིགས་ལས་བྱུང་ཞེས་པ་ནི། བདེ་བར་གཤེགས་པའི་བསྟན་པ་དང་རབ་ཏུ་འབྲེལ་ཞེས་པའི་དོན་ཏོ། །དྲག་པོ་རྗེས་སུ་འགྲོ་བ་ཞེས་བྱ་བ ་ནི་དཔལ་ཧེ་རུ་ཀའི་རིགས་ལས་ཡང་དག་བར་བྱུང་ཞེས་པའི་དོན་ཏོ། །དཔའ་མོའི་བློ་མ་ནི་དཔའ་བོ་ལྷར་གྲལ་འཁྱུད་པ་སྟེ་རྡོ་རྗེའི་རིགས་ལས་བྱུང་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་རིགས་རྗེས་སུ་འགྲོ་ཞེས་པ་ནི་རྣམ་པར་སྣང་མཛད ་ཀྱི་རིགས་ལས་བྱུང་ཞེས་པའི་དོན་ཏོ། །ཡང་དེ་བཞིན་དུ་དེ་ལྟར་བདུན་པོ་ངས་བཤད་དོ་ཞེས་བྱ་བ་ལ་སོགས་པ་དེ་སྒྲུབ་པ་པོའི་རྣལ་འབྱོར་པས་རིགས་ཆེན་པོའི་རིགས་ཆེན་པོའི་རིགས་པའི་ཡི་གེ་དང་ཁ་དོག་ཀྱང་དྲུག་ཡིན་ནོ། །རིགས་ཆེན་པོ་སྒྲུབ་པ་པོའི ་རིག་པའི་ལྷ་མོ་དང་ལྷན་ཅིག་ཏུ་གྱུར་བ་དེ་ལྟར་ཡི་གེའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་ཉམས་པ་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཁ་དོག་དྲུག་ཏུ་འགྱུར་ཞེས་པ་ནི་རྣམ་པ་དྲུག་ཡིན་ཞེས་པའི་དོན་ཏོ། །ཡང་ན་བརྗོད་པར་གྱུར་པ་གཞན་ཡིན་ན་ནི། ་གསལ་བའི་དོན་ཏོ། །ཕྱག་རྒྱ་འཆིང་བ་ལ་སོགས་པས་ཡོངས་སུ་གསལ་བ་ཉིད་ཀྱི་དོན་ནོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པོའི་རྣལ་འབྱོར་བདུན་གྱི་མཚན་ཉིད་བརྟགས་པའི་ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།དེ་ནས་བྱོར?་རྙེད་? ་དཀའ་ཞེས་བྱ་བ་ལ་སོགས་པ་ལ་རྙེད་པར་དགའ་བ་ནི་རྣལ་འབྱོར་མ་སྟེ། འཁོར་ལོ་གསུམ་ལ་གནས་པའི་རྣལ་འབྱོར་དང་དེ་བཞིན་དུ་དེའི་རིགས་ལས་བྱུང་བའི་གཟུགས་ཅན་མ་ཡང་བདུད་རྩི་རྣམ་པ་ལྔ་ལས་བྱུང་བའི་ཕྱིར་བདུད་རྩི་ལྔ་ལ་གོམས་ན ་རྙེད་པར་སླའོ་ཞེས་པའི་དོན་ཏོ། །དེ་གང་ཞེས་པ་ལ་མཁའ་འགྲོ་མ་ཞེས་གསུངས་ཏེ། མཁའ་འགྲོ་མ་ལ་སོགས་པ་བདུན་དང་གཟུགས་ཅན་མ་ལ་སོགས་པ་བདུན་རིམ་དང་མི་མ་ཡིན་པས་མ་ལུས་པའི་ངོ་བོ་གཅིག་གི་ངོ་བོ་ཉིད་གང་ཡིན་པས་མཚན་མ་བསྟན ་པ་གང་གིས་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་འགྲུབ་པར་འགྱུར་བའོ། །གང་ཅུང་ཟད་མ་བརྗོད་པ་དེ་བརྗོད་པར་བྱ་བ་བྷ་ལིང་གེ་ཞེས་པ་ནི་བྷ་ལིང་གེ་བྱིས་པ་དང་བཅས་ཤིང་སྐྲ་གྲོལ་བ་ལ་སོགས་པ་རང་གི་མཚན་ཉིད་གསལ་བར་བྱེད་ཅེས་པའི་དོན་ཏོ། ། ་ཨེ་ཧི་ཀའི་ལྷ་མོ་ཞེས་པ་ནི་འདི་སྔགས་ཀྱི་རྣམ་པས་སེམས་ཤིན་ཏུ་རྣམ་པར་གཡེངས་བའི་ངོ་བོ་ཉིད་ཀྱིས་རོལ་ཞེས་དགོངས་སོ། །ཕྱིས་ནི་ཁྱད་པར་གྱིས་བསྡུ་བས། །གཤིན་རྗེ་ཨེ་ཧི་ཀི་ལྷ་མོ། །མཁའ་འགྲོ་རྨོངས་བྱེད་འཇིགས་བྱེད་མ། །ལྔ ་མ་སྐྲག་བྱེད་ཡོངས་བསྒྱུར་མ། ཕྱིར་མི་ལྡོག་དང་དུམ་སྐྱེས་མ། འདོད་མ་འོ་བྱེད་བྷ་ལིང་བཅས། ཕག་མོ་ཀུན་སྤྱོད་གཟུཌ་མ་དང། །གཇུགས་ཅན་རོ་བྱ་དག་ཏུ་ཁྱེད་པར། དུམ་སྐྱེས་ཉིད་དང་ཙཎྜི་ཀ། མཚན་ཉིད་འདི་དག་གཅིག་པའི་མདོ་མ་ཟད་པ་ལ་ཧེ་རུ་ཀ་མངོན་པར་བརྗོད་པའི ་མཁའ་འགྲོ་མ་རྣམས་ཀྱི་གཟུགས་ཡོངས་སུ་བརྗེ་བ་དང་མཚན་མའི་གོ་ཆའི་ཚོ་གའི་ལེའུ་ཅུ་བདུན་པའི་འགྲེལ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ་ལ་སོགས་པ་འདིས་འདིར་མཚན་ཉིད་ཀྱི་ཁྱད་བར་སྟོན་ཏེ། དེ་ལྟ་བུའི་མཚན ་ཉིད་དང་ལྡན་པའི་རྣལ་འབྱོར་མ་རྣམས་ནི་སྒྲུབ་པ་པོའི་སྒྲུབ་པ་པོའི་བསྒྲུབ་བྱ་ཡིན་ཞེས་པའི་དོན་ཏོ། །གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མེད་ན་པར་བརྗེད་པའི་མཁའ་འགྲོ་རྣམས་ཀྱི་མདོག་དང་མེ་ཚོན་ཉིད་དང་རྟག་ཀྱི་ཆོ་གའི་ལེའུ ་བཅོ་བརྒྱད་པའི་འགྲེལ་པའོ།། །།དེ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་དས་ལཱ་མའི་རིགས་ལས་བྱུང་བ་འབའ་ཞིག་གི་པུད་མེད་རྣམས་ཀྱི་མཚན་ཉིད་སྟོན་པའོ། །ཞན་ནི་གོ་སླའོ། །རིལ་བ་སྤྱི་བླུགས ་དག་ལ་མཆོད་ཅེས་པ་ནི། རིལ་བ་སྤྱི་བླུགས་ཀྱི་རྣམ་པར་ལག་པས་བསྟན་ཞེས་པའི་དོན་ཏོ། །གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་རྣམས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པའི་ཚིག་?་ལེའུ་བཅུ་དགུ་པའི ་འགྲེལ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གིས་སྤུན་དང་སྲིད་མོ་རུ་ཞེས་པ་ནི་རང་གི་དམ་ཚིག་ཅན་དང་རང་གི་དམ་ཚིགས་རྣ??་ཤེས་པའི་དོན་ཏོ། །གསོང་པར་སྨྲ་བ་ནི་ཕྱག་འཚལ་བའོ། །གསོང་པོར ་སྨྲ་བའི་ལན་ནི་ལན་དུ་ཕྱག་འཚལ་ཞེས་པའི་དོན་ཏོ། །གང་ཞིག་མཁའ་ལྡིང་སྟོན་པ་ནི་ཞེས་པ་ནི་འཁོར་ལོའི་རྣམ་པས་གཤོག་པ་གཉིས་དཔུང་པ་གཉིས་གྱིས་སོ་སོར་སྟོན་ཞེས་པའི་དོན་ཏོ། །དེ་པཊཊི་ས་བསྟན་བྱ་ཞེས་པ་ནི་གོས་འཆིང་པའི་ཚུལ་གྱིས ་དཔྲལ་བའི་མཛའ་རུ་ལག་པ་གཉིས་དེ་ལ་བསྟན་ནོ་ཞེས་དགོངས་པའོ། །དཀྱིལ་འཁོར་ཞེས་པ་ནི་དམ་ཚིག་པ་རྣམས་འདུ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་ཀུན་གྱི་ལག་པའི་ཕྱག་རྒྱ་བརྡར་བྱས་པའི་ཆེ་གའི ་ལེའུ་ཉི་ཤུ་པའི་འགྲེལ་པའོ།། །།དེ་ནས་ཡན་ལག་ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ་ནས་བསྟན་པར་བྱ་ཞེས་བྱ་བའི་བར་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མཞོད་ར་བརྗོད་པའི་ཡན་ལག་གི་ཕྱག་ཕྱའི་མཚན་ཉིད་བསྟན་པ་ལ་སོགས ་པའི་ལེའུ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཇི་ལྟ་བའི་དོན་ཉིད་དོ། ལེགས་པར་འོངས་ཞེས་པ་ནི་སྟོན་པའོ། ལེགས་འོངས་ལན་ནི་ལན་དུ་སྟོན་པ་ཞེས་པའི་དོན་ཏོ། །གསང་བ་བཞེས་པ་ནི་བསང ་བའི་རྣལ་འབྱོར་མ་ཞེས་དགོངས་སོ། །བསྟན་པར་བྱ་བ་ནི་སྡིག་མཛུབ་ཏུ་མངོན་པར་བརྗོད་པས་པཊཊི་ས་བསྟན་པར་བྱ་སྟེ། དེ་བཞིན་དུ་དཔྲལ་བའི་རྩ་བར་གོས་འཆིང་བལྟ་བུའི་ལག་པ་གཉིས་སྟོན་པའོ། །ཡང་དེར་རྩེ་གསུམ་རབ་ཅུ་སྟོན་པ་ཞེ་པའི་དོན་??་མཚམས ་ཀྱི་མཛའ་ཞེས་པ་ནི་མགོའི་དབུས་སུ་གཏོགས་པའོ། དཔལ་ཧེ་རུ་ཀ་མདོན་པར་བརྗོད་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་ཕྱག་རྒྱའི་ལེའུ་ཉི་ཤུ་གཉིས་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཁའ་འགྲོ་མ་རྣམས་ཀྱི་ཁྱད ་བར་གྱི་བརྡ་སྟོན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྗེས་འཆགས་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་ཆགས་པའི་དམ་ཚིག་ཅན་མ་གང་ཡིན་པ་སྒྲུབ་པ་པོའི་ཕྱི་རོལ་གྱི་ཡན་ལག་གི་ལྷ་མོ་ནི། །དངོས་པོ་ཐམས་ཅད་ཀྱིས་བརྩེ་བ་མཆོག་གི ་དབང་དུ་གྱུར་པའི་སྐྱེས་བུ་ཆེན་པོ་སྣ་ཚོགས་པའི་དཔའ་བོའི་སེམས་ཅན་རྣལ་འབྱོར་པ་ཉིད་ཀྱིས་གཞི་སྟེ་མ་ལུས་པ་དེའི་ལོངས་སྤྱོད་དུ་འགྱུར་བའོ། །རྒྱལ་པོ་གཞན་མེད་པར་ས་བཞི་ནི་གཞིར་བྱ་བའོ། །རྣལ་འབྱོར་མའི་སྡོམ་པ་མཆོད་ཅེས ་པ་ནི་རྣལ་འབྱོར་མ་རང་གིས་སྔགས་ཐམས་ཅད་ལེགས་པར་བསླབས་པའི་ལས་ཀྱི་ཕྱག་རྒྱ་སྟེ་ལྷ་མོ་དེ་གཞི་ཉིད་དུ་བྱས་ལ་སྡོམ་པ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ། །མཆོད་ནི་མཆོད་པར་བྱ་ཞེས་པའི་དོན་ཏོ། །གོ་བཟློག་པའི་ལྟ་པ་ནི་ཞེས ་པ་ནི་གོ་སླའོ། །རྒྱལ་མཚན་མདུང་འདྲ་རྟག་ཏུ་འབྱུང་ཞེས་པ་ནི་རྒྱལ་མཚན་ནི་རྟགས་ཏེ་དེ་ལ་གང་གིས་ནུས་པ་དང་ལྡན་པ་ནི་བསྡུ་བའོ། །ཁ་སྦྱོར་མེ་ལོང་ཡིན་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་མེ་ལོང་ལ་བལྟ་བ་དེ་ཡིས་རྒྱལ་མཚན་གྱི་ནུས་པ་ཤེས ་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་མའི་མཚན་མ་དང་ཕྱག་རྒྱའི་མཚན་ཉིད་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའི་འགྲེལ་པའོ།། །། ་དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་རྣམ་པ་བཞིའི་མཚན་ཉིད་ཅན་གྱི་བདའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བཞི་པའི་འགྲེལ་པ་བརྗོད་པའི་དོན ་ཏོ།། །།དེ་ནས་ཞེས་པའི་དོན་བརྗོད་ནས་དོན་ཀུན་འདོད་པའི་ཞེས་པའི་ཞེས་བ་ནི་དོན་ཡང་ཡིན་ལ་ཀུན་ཡང་ཡིན་པས་དོན་ཀུན་ཏེ་དེ་ལ་འདོད་པ་ནི་མངོན་པར་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ་ཞེས་པའི་དོན་ཏོ། །འམ་ཀུན་ཉིད་ལ་འདོད་པ་ནི ་དེ་ལ་མངོན་པར་འདོད་པ་བསྐྱེད་པ་ཉིད་ཀྱི་ཕྱིར་འདོད་པའི་དོན་ཀུན་དེ་ཉིད་གང་ཡིན་པ་ནི་བཅོམ་ལྡན་འདས་ཏེ་འདོད་པའི་དོན་ཀུན་ནོ་ཞེས་པའི་དོན་ཏོ། །སྤ་བྱ་ནི་སྤ་བར་བྱ་བ་ནི། སྔགས་བསྡུས་པའི་སྒོ་ནས་བརྒྱད་བརྒྱད་ཀྱི་ཚིག་གི་སྔགས ་དང་སྔགས་ཀྱི་ཚིག་གི་ཁྱད་པར་སྦྱར་ཞིང་བྱས་པའོ། །མོས་པ་དམན་པའི་སེམས་ཅན་ནི་དངོས་པོ་ཀུན་ལ་ལྷག་པར་མོས་པ་གང་ཡིན་པའི་སེམས་ཅན་དེ་ནི་དེ་བཞིན་ཏེ། དེ་ལ་མུ་སྟེགས་ངན་པའི་དོན་གྱི་ལམ་གྱི་ཁྱད་པར་གང་ཡིན་པ་དེ་ནི ་མུ་སྟིགས་དན་པ་རྣམས་ཀྱིས་མི་ཤེས་པས་སྨོད་པའི་སེམས་གང་ཡིན་པ་དེ་ནི་དེ་བཞིན་དུ་བརྗོད་ཅེས་པའི་དོན་ཏོ། །གལ་ཏེ་ཁྱད་པར་ཉིད་ཀྱིས་ཇི་ལྟ་བུའི་དོན་དུ་བསྟན་ཏོ། །དེའི་ཕྱིར་རྩ་བ་ལ་སྨོད་པ་བསྲུང་བའི་དོན་དུ་འབད་པར ་བྱའོ། །དེ་ལ་སྔགས་འདི་རྣམས་གསལ་བོར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བསྒོམ་པར་བྱའོ། །སྔོན་གྱི་ཕྱེད་དང་ཕྱིས་ཀྱིས་ཕྱེད་ཀྱང་དཔའ་བོ་དང་རྣལ་འབྱོར་མས་བསྒོམ་མོ་ཞེས་པའི་དོན་ནོ། །དཔའ་བོ་ཡང་ཡིན་ལ་རྣལ ་འབྱོར་མ་ཡང་ཡིན་པས་དཔའ་བོ་དང་རྣལ་འབྱོར་མའི་ངོ་བོ་ཉིད་དེ། །དཔའ་བོ་དང་རྣལ་འབྱོར་མ་ཉིད་དེས་གསུངས་པའི་སྔགས་འདི་གསལ་པོར་བྱས་སོ། །ཞེས་པ་ནི་མི་མཐུན་པ་མ་ཡིན་ཟེར་ཏེ་ཁ་ཅིག་ཏུ་ཡང་མཐུན་པ་ཉིད་ཀྱི་དོན་ཏོ། །ལྷག་མ ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྩ་བའི་སྔགས་མ་ལུས་པ་སྤས་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་ལྔ་པའི་འགྲེལ་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་རིམ་དང་རིམ་བཟློག་པ་ཞེས་པ་ནི ་ཡི་དམ་རིམ་པ་དང་རིམ་པ་མ་ཡིན་པས་ཕོ་ཉ་རྣམས་ཡང་དག་པར་གནས་པ་སྔོན་བརྩོན་ཆེན་མ་ལ་སོགས་པ་རིམ་པ་མ་ཡིན་པར་བསྟན་པ་དེ་རིམ་པ་བཞིན་དུ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་འོག་དང་སྟོང་དུ་རྟག་ཏུ་སྟེར་ཞེས ་བྱ་སྟེ། འོག་རྣམ་པར་གནས་པ་སྟེང་དུ་བཀོད་པ་དེས་བདག་གི་ཕོ་ཉ་མོ་ཀུན་འགྲོ་སྟེ། དངོས་གྲུབ་སྦྱིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཕོ་ཉ་མོ་དེ་ཀུན་གྲུབ་སྟེར་ཞེས་པ་ནི་མཐོང་བ་དང་རེག་པས་ཕོ་ཉ་མོས་དངོས་གྲུབ་ཀུན་སྟེར་བར་འགྱུར་ན། བསྒྲུབས ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། །ཙུམ་པ་ན་དང་རྟག་པར་འཁྱུད། །རྣལ་འབྱོར་གནས་ནི་ཁྱད་པར་ཉིད། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་པ་ནི་འདིའི་དོན་ནི་ཞིང་དང་ཉེ་བའི་ཞིང ་ལ་སོགས་པ་རྣལ་འབྱོར་གྱི་གནས་དེ་ལ་རྣམ་པར་གནས་པའི་ཕོ་ཉ་ནི་དངོས་གྲུབ་སྟེར་ཏེ། ཙུམ་པ་ན་དང་འཁྱུད་པ་གཉིས་པོའི་རྣཾ་བའི་ཁྱད་པར་འདིས་ཞེས་པའི་དོན་ཏེ། ཀུན་ལ་སྦྱིན་བྱའི་ཞེས་པ་ནི་དམ་ཚིག་ཅན་མ་མཐོང་ནས་བཟའ་བ་དང་སྟོན་མོ་དང་ཙཱ་རུ་དང་བརྡ་ལ ་སོགས་པ་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །མ་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་དང་སྔགས་བསླབས་པར་གྱུར་ན་དེའི་ཚེ་སྔགས་ལ་སོགས་པ་ཉེ་དུ་ཡིན་པར་མི་སྤྱད་ཅིང་སྦྱིན་པར་བྱ་ཞེས་པའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་གང་ལ ་སྔགས་བྱིན་པ་དེ་ནི་རུང་བ་ཡིན་ཏེ་གཞན་དུ་མ་ཡིན་ཞེས་པའི་དོན་ཏོ། །དམ་ཚིག་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པས་གང་གིས་ཚེ་སྦྱད་པར་བྱ་བ་དེ་སྟོན་པའོ། །སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་པ ་འམ་བུད་མེད་རྣལ་འབྱོར་མས་མཐོང་ན་གཡོན་གྱི་ཆ་རུ་བྱས་ནས་འགྲོ་བའོ། །རིང་ཡང་ཤེས་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རིང་ཡང་ཁྱིམ་མ་མ་ཞིང་དུ་གཡོན་པའི་སྦྱོད་པས་བྱ་ཞེས་པའི་དོན་ཏོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད་ཅེས་པ་ནི་དཔལ ་ཧེ་རུ་ཀའི་རྣལ་འབྱོར་ལས་མཆོག་ཏུ་གྱུར་པའི་རྣལ་འབྱོར་གཞན་མེད་ཅེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན་ཞེས་བྱ་སྟེ། དེའི་རྣལ་འབྱོར་འཆང་བའི་སློབ་དཔོན་ནི་རྣལ་འབྱོར་མ་ཀུན་གྱི་མའི་གནས་ཞེས་བྱ་བའི ་དོན་ཏོ། །རྒྱུད་འདི་རུ་ནི་སྒྲུབ་པ་པོ་ལེགས་པར་གྱུར་པ་ཉིད་ཡིན་ནོ་ཞེས་པ་ནི་གོ་སླའོ། །ཁྭ་གདོང་ལ་སོགས་འདི་དག་ནི། །མོས་དང་དད་པ་འཕེལ་བྱེད་པ་ཞེས་པ་ནི་དངོས་གྲུབ་རྣམས་ཀྱི་རྒྱུན་ནི་བརྒྱད་པོ་འདི་ཡིན་ནོ་ཞེས་པའི་དོན་ཏོ། །དང ་པོ་ནི་སྔོན་དུ་བསྟན་པའི་གཡོན་པ་ལ་སོགས་པའི་དམ་ཚིགས་སྐྱོད་པའོ། །ལྷ་གཞན་དག་དང་ཀུན་སྦྱོར་བའོ། །འདོད་ལ་ཆགས་པར་གྱུར་པ་ནི་ཞེས་པ་ནི་འདོད་པ་ནི་རྣཾ་རྟོག་པས་འདོད་ཅིང་ཡིད་ལ་འདོད་པ་སྟེ་ལྷ་གཞན་ལ་ཡང་དག་པར་སྦྱོར་བར ་བྱེད་བའོ་ཆགས་པ་ནི་ཆགས་ཞེས་པའི་དོན་ཏོ། །འདིའི་ཕྱིར་གཞན་གྱི་རྣལ་འབྱོར་སྤང་བར་བྱ་པ་ནི་གཉིས་པའོ། །རྨད་དུ་བྱུང་བའི་ངང་དང་གཞན་གྱི་ཆ་སྤང་བ་ནི་གསུམ་པའོ། །ཐོགས་པ་མེད་པ་ཞེས་པ་ནི་གང་གིས་ཀྱང་གཞོམ་དུ་མི་ནུས་པ་སྟེ་བཞི ་པའོ། །དམ་ཚིག་སྦྱད་པར་སྤྱོད་པ་རང་ཞེས་པ་ནི་དམ་ཚིག་ནི་ལྷ་མོ་སེ་དེ་ལ་སྤྱོད་པ་ནི་འདོད་པ་སྟེ་དེ་ལ་སེམས་ཀྱི་བྱ་བས་གང་དམ་ཚིག་ལ་སྤྱོད་པ་ནི་ལྔ་པའོ། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར་ཞེས་པ་ནི་རྡོ་རྗེ་དང་པདྨ་བསྲུབས་པའི་དུས ་སུ་དབང་ཕྱུག་དང་བྲལ་བ་ཉིད་དུ་མི་བྱའོ། །དེ་ཇི་ལྟ་བུ་སྙམ་ན་དབང་ཕྱུག་ཉིད་དུ་བྱའོ་ཞེས་པའི་དོན་ཏོ་འདི་ནི་དྲུག་པའོ། །ཚངས་པར་སྤྱོད་པ་དེ་ལྟ་བུ་འཆང་བའི་བྱང་ཆུབ་ཀྱི་སེམས་ལེན་པའི་དུས་སུ་ཚངས་པ་ཉིད་དུ་སྤྱད་དོ་ཞེས་པའི་དོན་ཏོ། ་འདི་ནི་བདུན་པའོ། །ཁྲོ་མེད་རྒྱུན་གྱིས་ཀུན་ཏུ་སྤྱོད་ཅས་པ་ནི་བྱང་ཆུབ་ཀྱི་སེམས་ལེན་པའི་དུས་སུ་བཙོག་པའི་འདུ་ཤེས་མི་བྱ་བ་སྟེ་བརྒྱུད་དོ། །དམ་ཚིག་གི་སྤྱོད་པ་མཆོག་ཕུལ་དུ་བྱུང་བ་ལ་གནས་པར་བྱ་བ་སྟེ། སྒྲུབ་པ་ནི་ཞེས་བྱ་བར་སྦྱར ་རོ། །གཞུང་གཞན་ལ་ཡང་ལྷག་མའི་བློ་དོན་ནི་འདི་ཉིད་དོ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ་ཞེས་པ་ནི་གསང་བ་འདི་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་དུ་མངོན་པར་འབྲེལ་བ་སྟེ་ཡང་དག་པའི་སྔགས་ཀྱི་དོན་དུ་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྒྱུ་མེད་པར་ནི ་སྨད་མི་བྱ་ཞེས་གསུངས་ཏེ་རྒྱུ་ནི་ཚད་མ་སྟེ་དེས་སྨད་པར་མི་བྱ་ཞེས་པའི་དོན་ཏོ། །ཡང་ཅི་བྱ་ཞེས་པ་ལ་དང་པ་ཉིད་ཀྱིས་བླང་བྱ་ཡིན་ཞེས་གསུངས་ཏེ། མིག་དང་ལག་པས་མ་ཡིན་ཞེས་པ་འདི་ཉིད་ཀྱི་དོན་ཏོ། །བློ་ལྡན་མཐེའུ་ཆུང་བསྐྱོད ་པར་ནི་ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་གི་ལྷ་མོ་ལ་མཆོད་པའི་དུས་སུ་ལྷའི་རྣལ་འབྱོར་དང་ལྡན་པས་བྱ་ཞེས་པའི་དོན་ཏོ། །ཡང་ན་སྔགས་དང་རྒྱུད་ལེགས་པར་བསླབས་པ་གལ་ཏེ་མ་རྙེད་ན་གཞན་ཡང་ལྷའི་རང་བཞིན་དུ་བྱས་ལ་མཆོད ་པར་བྱའོ། །ཕོ་ཉ་མོ་རྣམས་ཡང་དག་གནས་ཞེས་པ་ནི་དེ་ལྟར་དེའི་དུས་སུ་བློ་དང་ལྡན་པའི་རྣལ་འབྱོར་བ་ལ་ཕོ་ཉ་ཐམས་ཅད་དགའ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །མཉེས་བྱེད་རྣམ་པར་དག་པ་དང། གསལ ་བྱེད་ཡོན་ཏན་ལྡན་པའི་མི་ཞེས་པ་ནི་ཡོན་ཏན་དང་ལྡན་པའི་མི་ནི་རྣམ་པ་གསུམ་དུ་ཞེས་པར་བྱ་སྟེ། མཉེས་བྱེད་ཅེས་པ་ནི་ནུས་པ་མ་སྐྱེས་པའོ། །རྣམ་པར་དག་པ་ནི་ནུས་པ་སྐྱེས་པའོ། །གསལ་བྱེད་ཅེས་པ་ནི་དབུས་མར་གསལ ་བ་སྟེ། ནུས་བཅུང་ཟད་སྐྱེས་ཤིང་བསྟན་བཅོས་ཀྱི་དོན་རིག་པའོ། །ཡང་ན་མཉེས་བྱེད་ཅེས་པོ་ནི་སྔགས་དང་རྣལ་འབྱོར་ལ་གོམས་ཤིང་མཉེས་པར་བྱེད་པའོ། །ཡོན་ཏན་དང་ལྡན་པའི་མི་བསྟན་བཅོས་ཀྱི་དོན ་རིག་པ་ནི་གསལ་བྱེད་དེ། སྒྲོན་མ་དང་འདྲ་བས་སེམས་ཅན་གྱི་ངོན་གྱི་བྱ་བ་ནུས་པའོ། །དཔལ་ཧེ་རུ་ཀ་མདོན་པར་བརྗོད་པའི་སློབ་མ་བརྟག་པའི་སྡོམ་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་དྲུག་པའི་འགྲོལ་པའོ།། །།དེ་ནས་ཞེས་པ་ནི ་གོ་སླའོ། །རྣལ་འབྱོར་བརྟུལ་ཞུགས་དཔའ་བོ་ཡི། །རྣལ་འབྱོར་མ་ཀུན་སྒྲུབ་བྱེད་པ། །མཚན་ཉིད་ཁྱད་པར་ཤེས་བྱས་ནས། །མྱུར་དུ་དངོས་གྲུབ་རབ་འཇུག་བྱེད། །ཅེས་པ་ནི་སྒྲུབ་པ་བོ་སྤྱོད་པའི་བརྟུལ་ཞུགས་ཀྱིས་དཔའ་བོས་རྣལ ་འབྱོར་མ་རྣམས་ཀྱི་མཚན་གྱི་ཁྱད་པར་ཤེས་པར་བྱས་ན་རྣལ་འབྱོར་མ་རྣམས་ལས་མྱུར་དུ་དངོས་གྲུབ་འཐོབ་པོ་ཞེས་པའི་དོན་ཏོ། །ཡུལ་དང་ཡུལ་དུ་དེ་རབ་སོང། །ཕོ་ཉའི་གཟུགས་སུ་མཚོན་པ་ཡིན། ཞེས་པ་ནི་དེ་ལྟར་རྣལ་འབྱོར་པ་རྣམ ་པ་གསུམ་གྱིས་གཟུགས་དང་མཚན་ཉིད་ཕུན་སུམ་ཚོགས་པའི་ཕོ་ཉ་ཡུལ་དང་ཡུལ་དུ་རྣམ་པར་མཐོང་ཞེས་པའི་དོན་ཏོ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་ཞེས་པ་ནི་ཕོ་ཉ་དང་རལ་གྲིའི་སོ་གཉིས་མཐུན་པར་མཉེས་པ་དཀའ་ཞེས་པའི་དོན་ཏོ། ། ་དག་བྱེད་ཅེས་བྱ་བ་ལ་སོགས་པ་ལ་དག་པར་བྱེད་ཅིང་བསོད་ནམས་འཕེལ་ནས་སྒྲུབ་པ་པོས་དངོས་གྲུབ་འཐོབ་སྟེ། དབྱེར་མེད་པ་ཐོབ་ནས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་ཅེས་པའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན ་པ་ལ་སོགས་པར་བརྗོད་པ་ལས་ཁྲོལ་བའོ། །སྒྲུབ་པ་གཉིས་ཞེས་པ་ནི་སྒྲུབ་པ་པོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གྲུབ་ཅེས་པའི་དོན་ཏོ། །གཉིས་ཀྱི་ཚེ་ག་ལ་སྤྱོད་པ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན་ཞེས་པ་ནི་གཅིག ་བུ་ཉིད་དཔལ་ཧེ་ཀའི་རྣལ་འབྱོར་ལྷག་པར་སྟོན་པའོ། །གཞུང་གཞན་ཡང་འདིའི་དོན་ཏོ། །ཡང་ན་ཁ་ཅིག་དངོས་གྲུབ་ལ་སྤྱོད་བཞིན་བས་དེ་གཅིག་ཉིད་ཁོ་ནའི་རྣལ་འབྱོར་མཆོག་སྟེ། དེའི་ཕོ་ཉའི་རྣལ་འབྱོར་མ་དེས་རབ་བསྐུལ་བ་སྟེ། དངོས་གྲུབ་སྒྲུབས ་བར་རྩོམ་ཞེས་སྦྱར་རོ། །བླ་མ་བརྒྱུད་རིམས་གྱི་ཐོབ་པའི། །དབང་བསྐུར་བུ་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད་ཅེས་པ་ནི་བླ་མ་བརྒྱུད་པའི་རིམ་པས་སྲོག་གིས་དབང་བསྐུར་ཞིང་གང་གི་ཚ་ལེགས་པར་སྦྱར་བར་གྱུར་བ་ཡིན་པ ་དེའི་ཚེ་རྣལ་འབྱོར་པའི་ངེས་པར་ཕོ་ཉ་ཡང་དག་བརྗོད་ཅེས་པའི་དོན་ཏོ། །ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་དང་ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་དང་ཡང་དག་པར་སྦྱོར་བཱི་དང་ཚུལ་ཅན་ཞེས་པའི་དོན་ཏོ། །ཡང་དག་རྫོགས་ཞེས་པ་ནི་གལ་ཏེ་ཡོངས་སུ་རྫོགས ་པར་གྱུར་པའོ། །ཡེ་ཤེས་རྒྱུ་སྐྱེས་ཞེས་པ་ནི། །ཡེ་ཤེས་ཕུལ་དུ་བྱུང་བའི་བར་གྱི་རྒྱུ་ནི་བྱེད་པ་སྟེ་དཔལ་རྡོ་རྗེ་དྲག་པོ་དེ་ལས་སྐྱེས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ནང་བར་ལངས་ནི་མཛའ་རུ་དམ་ཚིག་ལས་ལངས་ཏེ། སེམས་ཀྱི་བདག་ཉིད་ཕྱག་རྒྱ་ཆེན ་པོའི་རྣལ་འབྱོར་དང་ལྡན་པས་གཟུགས་ཀྱི་བྱ་བ་ཀུན་བྱས་ཏེ་ལུས་པོ་དཔའ་བོ་དྲུག་གི་གོ་ཆས་གོ་བགོས་ལ། ལུས་ལ་ཤིན་ཏུ་མཚོན་ཆ་ནི། །ལུས་ལ་གནས་པར་ཀུན་གྱིས་སྤྱད་ཅེས་པ་ནི་ལུས་ཐམས་ཅད་མཚོན་ཆའི་དྲ་བས་རབ་ཏུ་བྱ་བ་པར་བྱའོ ་ཞེས་པའི་དོན་ཏོ། །དག་བྱེད་བྱས་པའི་ལུས་དང་ནི། །རྟག་སྔགས་ནི་བརྗོད་པར་བྱ། ཞེས་པ་ནི་རྟག་ཏུ་སྲུང་བའི་ཆོ་ག་ཉིད་སྔགས་པ་ཉིད་ཀྱི་བྱ་སྟེ། དེ་ནེས་སྔགས་བརྗོད་པར་བྱའོ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང། ཞེས་པ ་ནི་རྣལ་འབྱོར་ཏིང་ངེ་འཛིན་གྱི་གནས་ཀྱི་ཡན་ལག་བསྟན་པ་དེ་བཞིན་དུ་གོ་ཆ་ཡང་བྱའོ་ཞེས་པའི་དོན་ཏོ། །མཚོན་ཆ་རྣམས་ནི་བགོམ་མི་བྱ་ཞེས་པ་ནི། །དེ་ལྟར་ཇི་ལྟར་བརྗོད་པའི་གོ་ཆ་ལ་སོགས་པ་ལས་འདའ་བར་མི་བྱའོ་ཞེས་པའི་དོན་ཏོ། ་ཡང་ན་མཚོན་ནི་གོས་དང་འདྲ་བའི་ཕོ་ཉ་ལ་བགོམ་པར་མི་བྱའོ། །ཡང་ན་མཚོན་ཆ་ནི་རང་དང་གཞན་གྱི་མཚན་མ་ལ་མི་བགོམ་བའོ། །དམ་ཚིག་དང་སྔན་པའི་མི་ལ་དུས་ཐམས་ཅད་དུ་ཁྲོ་བར་མི་བྱའོ་ཞེས་བྱ ་བའི་དོན་ཏོ། །མངོན་པར་བརྩོན་ལས་འདའ་མི་བྱ་ཞེས་པ་ནི་རྒྱུད་འདི་ལ་མངོན་པར་བརྩོན་པ་ལས་འདའ་བར་མི་བྱའོ་ཞེད་པའི་དོན་ཏོ། །དེ་དང་ལྷན་ཅིག་བདེ་བ་བྱ་ཞེས་པ་ནི་དམ་ཚིག་དང་ལྡན་མ་རྣམས་དང་ཇི་ལྟར་འོས་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ན་བདེ ་བའི་ལས་ཀྱི་ཕྱག་རྒྱ་ཆེན་པོ་འམ་དངོས་ཀྱི་ཐབ་སུ་བྱའོ་ཞེས་པའི་དོན་ཏོ། །དེའི་དོན་དུ་བཞི་བ་བྱས་ལ་མངོན་པར་རྟགས་པའི་རྣལ་འབྱོར་དང་ལྡན་པས་ཡང་ཉིན་དང་མཚན་མོ་ཐུན་བཞི་རུ་བྱའོ་ཞེས་དགོངས་སོ། །དམ་ཚིག་སྤྱད་པ་ཞེས་པ ་ནི་དམ་ཚིག་ནི་ལྷ་མོ་སྟེ། དེ་ལ་སྤྱོད་པའོ། །ཡང་ན་དམ་ཚིག་གི་སྤྱོད་པ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །དེ་ནས་འཁྲུལ་པའི་བྱ་བ་ལས་གྲོལ་ཏེ་ངེས་པ་ཉིད་དུ་འཁྲུལ་པ་ལས་རྣལ་འབྱོར་པའི་བྱ་བ་ལས་གྲོས་ཏེ་ཇི་ལྟར་འདོད ་པ་བཞིན་དུ་ཐར་བར་འགྱུར་རོ་ཞེས་པའི་དོན་ཏོ། །མཚན་མོ་རྟག་པར་ནམ་མཁའ་ཨི་གོས་ཞེས་པའི་དོན་ནི་འདི་ཉིད་དེ་གནག་དང་དམར་བར་རྟག་གྱུར་བྱ་ཞེས་པ་སྟེ། ནུབ་མོར་སྤྱོད་བཞིན་པ་ཡིན་ཞེས་དགོངས་སོ། །སྲོག་ཆགས་ཡན་ལག ་ལས་བྱུང་གྱོན་ཞེས་པ་ནི་པགས་པའི་གོས་བགོས་པ་ཡིན་ནོ་ཞེས་པའི་དོན་ཏོ། །བདེ་བ་ནི་གཡོན་མར་བརྗོད་དཔའ་བོའི་བཞིའོ། །བདེ་ཐོབ་ནི་དགའ་བའི་བདེ་བ་བྱའོ་ཞེས་དགོངས་སོ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས ་གཙང་ཞེས་པ་ནི་མཆོད་ཕྱིར་ཐོགས་པ་ལ་སོགས་པ་ཐོས་པ་དང་དྲན་པས་བྱས་པའི་གཙང་སྦྲ་ནི་ཡོངས་སུ་སྤངས་ཏེ། དཔལ་ཧེ་རུ་ཀའི་བྱིན་གྱིས་བརླབས་ཀྱིས་འཇིག་ཏེན་དང་འཇིག་རྟེན་ལས་འདས་པའི་གཙང་སྦྲལ་སྤྱད་དོ་ཞེས ་པའི་དོན་ཏོ། །ཕྱག་རྒྱ་ལྔ་ཞེས་པ་ནི་མགུལ་བརྒྱན་དང་ལག་གདུབ་དང་སྤྱི་བོའི་ནོར་བུ་དང་རྣ་བརྒྱན་དང་ཚངས་པའི་སྐུད་པས་ཐམས་ཅད་དུ་བརྒྱན་པ་ཡིན་ནོ་ཞེས་པའི་དོན་ཏོ། །རིཌ་དང་རིཌ་མིན་ངོར་མི་བལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤང་ཞེས་པ་ནི། རིགས ་དང་རིགས་མ་ཡིན་པ་དག་གི་སྒོ་ནས་དཔྱད་ཅིང་དེ་ལ་སྨོས་པ་ཡོངས་སུ་སྤང་ངོ་ཞེས་པའི་དོན་ཏོ། །རལ་པ་བཅིངས་པ་ལ་སོགས་པ་འཇིག་རྟེན་པའི་སྤྱོད་བ་སྤང་བར་བྱའོ་ཞེས་པའི་དོན་ཏོ། །ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དབས་ཧེ་རུ་ཀ་མངོན་པར ་བརྗོད་པའི་སྤྱོད་པའི་བརྟུལ་ཞུགས་དང་མཆོད་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བདུན་པའི་འགྲེལ་པའོ།། །།མཆོད་དང་བཅས་ཉིད་རྣམ་དག་ཡོད་ཅེས་པ་ནི་མངོན་པར་བརྗོད་པའི་མཆོད་པ་དང་ལྡན་ཅིག་ཏུ་གནས་པ་ནི་དེ་ལ་མཆོད་པ་སྟེ། བླན ་མེད་པ་མཆོག་གི་མཆོད་པ་བྱས་པའི་དོན་ཉིད་ཡི་ཕྱིར་རྒྱས་པར་ཡོད་པའོ། །ཡང་ན་དེ་ནས་མཆོད་པ་རྣམས་ངག་བདག་ཅེས་པ་གཞུང་གཞན་གྱི་དོན་ཏེ། མྱ་ངན་འདས་པར་དེས་འགྲོ་ཉིད་ཅེས་པ་ནི་མྱ་ངན་ལས་འདས་པར་དེས་པའི་འགྲོ་བ་ནི་མཆོག་གི ་བདེ་བའི་གནས་སྐྲབས་ཀྱི་དགའ་བ་ཞེས་པའི་དྲོན་ཏོ། །དཔའ་བོ་བཟང་བོ་ཡོན་ཏན་ཡོངས་སུ་རྫོགས་པ་ལ་མཆོད་པར་བྱའོ། །ཡང་དེ་ཉིད་ཀྱིས་བདག་ཉིད་སངས་རྒྱས་ཐམས་ཅད་ལ་སོགས་པ་ལ་མཆོད་པའི་རྣལ་འབྱོར་པས་ཞེས་པའི་དོན་ཏོ། །འདིས ་ནི་མཆོད་པ་འདི་ཡིས་བདག་ཉིད་ལ་མཆོད་པས་རྣལ་འབྱོར་པ་དེས་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་དཔའ་བོ་རྣམས་དང་རྣལ་འབྱོར་མ་བརྟན་པ་ལ་སོགས་པ་གཡོ་བ་དང་དོན་ཐམས་ཅད་མཆོད་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྤུན ་དང་ལྡུག་པ་མཆོད་པ་དང་ཞེས་པ་ནི་དཀྱིལ་འཁོར་གཅིག་ལ་སོགས་པར་རབ་ཏུ་ཞུགས་པ་གང་ཡིན་པ་མཐུན་མོང་གི་རྣལ་འབྱོར་ལ་སྤྱོད་པ་དེ་དེ་ཉིད་དང་ལྷན་གཅིག་ཏུ་ཟླ་བའི་འདུས་པ་ལ་ཡང་དག་པར་གནས་སོ། །ཟླ་བའི་བཏུང་པ་ལ་སོགས ་པའི་དམ་ཚིག་མི་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བྱ། །སྔགས་དང་དེ་བཞིན་ཕྱག་རྒྱ་དང། ཡེ་ཤེས་དེར་ནི་བསྟན་མི་བྱ་ཞེས་པ་ནི། །གལ་ཏེ་འཇིག་རྟེན ་འདིའི་སྤུན་དང་བུལ་སོགས་པ་ཉིད་དང་ལྷན་ཅིག་ཏུ་གང་ཕྱག་རྒྱ་ཆེན་པོ་ལ་སོཌ་པའི་ཡེ་ཤེས་རྒྱུད་ལས་གསུངས་པ་ཉིད་བསྟན་བར་མི་བྱའོ་ཞེས་པའི་དོན་ཏོ། །ལྷད་འཇུག་ཅིང་ཐམས་ཅད་ལ་སྨོད་པ་མ་ཡིན་པ་དང་ཙཱ་རུའི་བཟའ་བ་དང་བཏུང་བ་རྣམ་པ་སྣ་ཚོག་པ་དམ་ཚིག་གི་སྤྱོད་པ་རྟག་ཏུ་བྱའོ། །གདུག་བཅན་ཐམས་ཅད་མནན་ཅིང་སྨད་ནས་ཙཱ་རུའི་བཟའ་བ་དང་བཏུང་པ་དག་བྱེད་ཀྱི་དམ་ཚིག་སྤྱོད་པར་བྱ་ཞིང་རྟག་ཏུ་སྤྱད་ཅེས་པའི་དོན་ཏོ། །འདིས་ཙཱ་རུའི་བཟའ་བས་དམ་ཚིག་གི་སྤྱོད་པ ་བྱས་པ་ཡིན་ཏེ་དེས་དག་པར་བྱས་པའི་རྣལ་འབྱོར་བ་ཡིན་ནོ་ཞེས་བའི་དོན་ཏོ། །ཡང་ན་གཞུང་གཞིན་དུ་ཡང་ཡིན་པའི་དོན་དེ་ཉིད་ཅེས་པའི་དོན་ཏོ། །གསང་སྔགས་སུ་ལའང་སྤྱིན་མི་བྱ་ཞེས་པ་ནི་གོ་སླའོ། །ཕོ་ཉ་མོ་ཞེན་རྟག་ཐར་བཞེས་པ་ནི། བདེ ་བ་བྱེད་པའི་གནས་བསྐབས་སུ་ཕྱི་རོལ་གྱི་ཡན་ལག་ལ་གོ་ཆ་ཀུན་ལ་སོགས་པས་བགོ་བགོ་བར་བྱའོ་ཞེས་པའི་དོན་ཏོ། །མདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ་ཞེས་པ་ནི་གང་ཡང་ཤིན་ཏུ་ལེགས་བར་བསླབས་ཤིང་སྐལ་བ་དང་ལྡན་པའི་བཟང་པོའི་ཡན ་ལགས་དེར་འདུས་བྱས་ལ་ལོངས་སྤྱོད་བར་བྱའོ་ཞེས་པའི་དོན་ཏོ། །སྐྱེ་གནས་དམན་ལ་མི་གནས་ལ། །བསྙེན་བཀུར་ཉིད་ནི་བྱ་བ་མིན་ཞེས་པ་ལ། །སྐྱེ་གནས་དམན་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་མི་བཟུང་བའོ། །འོན་ཀྱང་མཆོག་གི ་རྣལ་འབྱོར་གྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལ་གུས་པར་མི་བྱའོ། །ཡང་ན་སྐྱེ་གནས་དམན་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་ལྔ་ལས་བྱུང་བ་དེ་བཞིན་གཤེགས་པའི་བརྡའི་ཚིག་གི་རྣམ་པར་གནས་པའི་ཕྱི་རོལ་གྱི་ཡན་ལག་སྐྱེ ་གནས་དམན་པ་རེ་ལ་མ་རིག་པས་བརྟགས་པས་ཆེ་བ་ཉིད་ཀྱི་ཕྱིར་དོ་ལ་གུས་པར་མི་བྱའོ་ཞེས་པའི་དོན་ཏོ། །འདིས་ནི་ཕྱི་རོལ་གྱི་ཡན་ལག་རིག་དང་ལྡན་པ་འམ་རིགས་ངན་པ་ཡང་གལ་ཏེ་ཕོ་ཉའི་མཚན་ཉིད་ཕུན་སུམ་ཚོགས་པར་མ་གྱུར་ན་དེ་སྐྱེ་གནས་དམན ་བ་ཞེས་བརྗོད་དེ། དེ་ལ་གུས་པར་མི་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །མཆོག་དང་ཐ་མ་ལྷན་ཅིག་འགུགས་ཞེས་པ་ནི་ཟླ་བ་འགུགས་པའི་ཆོ་གལ་རྣམ་པར་རྟོག་པ་མི་བྱའོ། །དེ་ལྟར་རྫས་ནི་ངེས་པ་ཡིན་ཞེས་པ་ནི་དོན་དམ་པ་ཉིད་དུ་ངེས་པ་ཞེས ་པའི་དོན་ཏོ། །གཡོན་ནས་སྤྱོད་ཅེས་བྱ་བ་ལ་སོགས་བ་ནི་ཇི་ལྟ་བའི་དོན་ཉིད་དོ། །སྒྲུབ་པ་པོ་ནི་མཆོད་དུ་བྱེད་ཅེས་པ་ནི་དམ་ཚིག་གི་སྤྱོད་པས་གཅིག་ཏུ་ཙཱ་རུའི་བཟང་བ་ལ་གཅིག་ཏུ་བྱེད་པའི་སྔགས་བ་མྱུར་དུ་དངོས་གྲུབ་འཐེབ་ཅེས་པའི་དོན་ཏོ། ། ་ལྷག་མ་ནི་ཇི་ལྟ་བའི་དོན་ཉིད་དོ། །བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པ་གང་ཞིག་བསྟན་པ་ལྔ་མང་དུ་གནོད་པའི་སེམས་ཅན་དེ་རྣམས་ཉམས་པར་བྱ་བའི་དོན་དུ་ཉ་བར་བསྟན་པའོ། །དེ་ལ་འདིའི་རིམ་པ་ནི་སྦྱིན་སྲེག་ཏུ་བྱ་བའི་ཆོ་གས་ཐབས་ཁུང་གྲུ་གསུམ ་བྱས་ལ་མི་བཟད་པའི་སྦྱིན་སྲེག་ལ་ཉེ་བར་མཁོ་བའི་རྫས་དེ་རུ་གསུངས་པའི་ཆོ་གས་ཚ་བའི་མར་ལ་སོགས་པས་མེ་རབ་ཏུ་སྦར་ལ་དུམ་སྐྱེས་མ་གཡས་པའི་སྣ་བུག་ནས་རབ་ཏུ་བཅུག་སྟེ་བཤང་བའི་ལམ་ནས་ཕྱིར་ཕྱུང་བར་བསམས་ལ། དེ་ཡིས་རྡོ་རྗེ་ལྕཌ ་གྱུ་དང་གྲི་གུག་གཟུང་སྟེ་གཅེར་བུར་གྱུར་པ་སེམས་འཁྲུགས་པར་གྱུར་པའི་བསྒྲུབ་བྱ་བཀུག་སྟེ་དེ་ཉིད་དུ་དུམ་བུ་དུམ་བུར་བྱས་པར་བསམས་ལ། ཕྱུགས་ཀྱི་ཤ་ལ་སོགས་པ་ཇི་ལྟར་གསུངས་པའི་ཤ་སྙེད་པ་བསྒྲུབ་བྱའི་ཤའོ་ཞེས་རྣམ་པར་བསམས་ལ་ཁྲོ་བ་དང ་བཅས་པར་ང་རྒྱལ་གྱིས་ཆེ་གེ་མོ་སོད་ཅིག་ཅེས་རྩ་བའི་སྔགས་ཀྱིས་བྱིན་སྲེག་བྱའོ། །སྣ་ཚོགས་ཤེས་པས་ནི་རྨ་བྱ་འོམ་ཁྱིམ་བྱ་གཟུང་བའོ། །དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། །སྔཌ་དང་ཕྱག་རྒྱར་ཡང་དག་ལྡན། ཞེས་པ་ནི་སྔགས་ཕྱག་རྒྱའི ་རང་བཞིན་སྔགས་དང་རྒྱུད་ལེགས་པར་བསླབས་པའི་ཕྱི་རོལ་གྱི་ཡན་ལག་དང་ལྡན་པ་ནི་བཅས་པ་གང་ཡིན་པ་སྟེ་དེ་ལ་སྟོན་མོ་བྱེད་པའི་དཔའ་བོ་ནི་རབ་ཏུ་སྔགས་པ་ཡིན་ནོ་ཞེས་དགོངས་སོ། །མྱ་ངན་འདས་ཞེས་པ་ནི་བྱང ་ཆུབ་ཀྱི་སེམས་ཞེས་དགོངས་པའོ། །ལྷག་མ་ནི་གོ་སླའོ། །དེ་ལ་ཕོ་ཉའི་ལྷ་མོ་མཆོག་ཏུ་ཕུལ་དུ་བྱུང་བ་ལ་བརྩོན་པ་ནི་སྙོམས་ལས་མེད་པ་དང་ལྷན་ཅིག་ཏུ་ལྡན་པ་སྟེ་འདོད་ཆགས་དང་བྲལ་བའི་ཡིད་དེ་ལྟར་གྱུར་པའི་ལྷ་མོ་ཡིན་པ་ནི་དངོས ་གྲུབ་རུང་བ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །མཆགས་དགའ་བས་ཡང་དག་སྦྱོར་ཞེས་པ་ནི་རང་བཞིན་གྱི་གཟུགས་ཀྱིས་དགའ་བའི་སྦྱོར་བ་དམིགས་པར་མི་བྱའོ་ཞེས་པའི་དོན་ཏོ། །གཞུང་གཞན་ཡང་དོན་གཞན་མ་ཡིན་ནོ། །རྣལ་འབྱོར ་ཏིང་ངེ་འཛིན་གྱི་ཟས་ཟ་བར་བྱ་སྟེ། དེ་དག་གི་ཆར་འབྱེད་པ་ནི་སྣོད་མ་ཡིན་པའོ། །ཡང་ན་ནི་རྣལ་འབྱོར་སྡོམ་པའི་རྫས་དང་ཡང་དག་པར་ལྡན་པ་དག་ལ་ཆར་མི་བྱའོ་ཞེས་པའོ། །ཕྱི་རོལ་ཁྱད་པར་ལ་ཆགས་པ་ལ་རྣལ་འབྱོར་གྱི་དོན་ཉིད་པོ ་ཉའི་དོན་ནོ། །འདིའི་ཕྱིར་གསུངས་པ་ནོར་སྦྱིན་མཚུངས་ཞེས་པ་ནི་བླ་མའི་མན་ངག་ལ་དགའ་ཞིང་ཞེས་བྱ་སྟེ། བླ་མ་བརྒྱུད་པའི་རིམ་པ་ཉམས་པར་མི་བྱེད་པ་དེའི་དོན་དུ་ནོར་སྦྱིན་དང་མཚུངས་ཞེས་བྱའོ། །དེ་ལྟར་ཇི་ལྟར་བའི་དོན་ལ་སྤྱོད་ན་དཔལ ་ཧེ་རུ་ཀ་དང་མཚུངས་པ་ཡིན་ནོ། །དཔལ་ཧེ་རུ་ཀ་མངོན་བར་བརྗོད་པའི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་དང་རིགས་གཅིག་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བརྒྱད་པའི་འགྲེལ་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། ་སྦྱུན་ནམ་ཕ་ནི་དཔལ་ཧེ་རུ་ཀ་བདག་པོ་ཉིད་དུ་སྐད་ཅིག་གིས་མཐོང་སྟེ། བདག་པོ་ཉིད་སྐད་ཅིག་གིས་མཐོང་ངོ་ཞེས་པའི་དོན་ཏོ། །ལྕེ་སྦོམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་དངོས་གྲུབ་རྣམས་ཀྱི་སྤྱིའི་ཐུན་མོང་གི་རྒྱུ་ཡིན་ནོ། ་ཞེས་པའི་དོན་ཏོ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་མོ་སོགས་གོ་འཕང་བཅས། །ཤེས་པ་ནི་རྒྱུན་མི་འཆང་པར་རྣལ་འབྱོར་ལ་གོམས་ཤང་ཕོ་ཉ་དང་ཡང་དག་པར་ལྡན་པའོ། །སོགས་པའི་སྒྲས་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི ་སྡོམ་པས་མི?་གནས་པའི་སྔགས་པའོ། །དེ་ནས་བསྟན་པ་གཙོར་བྱས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྤྱོད་དང་གྲོལ་པའི་འབྲས་བུ་སྟེར་བའོ། །ལྷག་མ་ནི་གོ་སླའོ། །ཤིན་ཏུ་སྦྱོར་བས་རྟོགས་པར་བྱ་ཞེས་པ་ནི། བསམ་གཏན་ལ་ཉེ་བར་དམིགས་པའི ་རྣལ་འབྱོར་བ་བདག་ཉིད་ཐམས་ཅད་ཀྱིས་དྲོད་ཀྱི་བྱ་བ་ཉེ་བར་མཚོན་པ་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་ལ་དོན་གོ་བར་བྱའོ། །ཡང་ན་དྲོད་ཀྱི་བྱ་བ་མངོན་པར་བརྩོན་བ་ནི་མཆོག་གོ། །གང་ཞིག་སྡང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། ། ་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཕོ་ཉའི་མཚན་ཉིད་དང་ནུས་པའི་གནས་སྐབས་ཆོ་གའི་ལེའུ་ཉི་ཤུ་དགུ་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླ་བས་གནོད་མཛེས་ཀྱི་སྔགས་བཏུ་བའོ། །དེ་ནས་རྫ་རྔ ་བཅིང་བྱས་ཏེ་ཞེས་པ་ནི་རྫ་རྔའི་རྣམ་པར་མིག་བཞི་བཅུ་རྩ་དགུ་དང་ལྡན་པ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རེ་མིག་ལས་ནི་གསུམ་པ་བླང་ཞེས་པ་ནི་ལྷེ་བའི་རེ་མིག་བཞི་ལས་ལྟོས་ནས་བརྗོད་པ་སྟེ། དེ་རྱང་དྲོད་རྣམས ་ཀྱི་གསུམ་པ་ས་སྟེ་འདི་ཉིད་ཀྱི་ཕྱིར། རིམ་བཞིན་འབྱུང་དང་རིམ་མིན་པས། དབྱངས་དང་ཡི་གེ་སྒྲུབ་པ་པོས་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ནི་རི་མི་གསུམ་ཅུ་གཉིས་པ་བླང། །ལྔ་པ་ཡིས་ནི་ཁྱད་པར་བྱ་ཞེས་པའི་གཟུང་གཞན་གྱིས ་ཀྱང་ཀ་ནས་གཟུང་སྟེ་ས་ཉིད་གཟུང་བའོ། །ལྔ་པ་ཡིས་ནི་ཞེས་པ་ནི་དང་པོའི་དབྱངས་ཀྱི་རེ་མིག་གི། ཨུ་ཞེས་སྦྱར་རོ། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང་ཞེས་པ་ནི། ཀ་ནས་བརྩམས་ཏེ་མ་གཟུང་བའོ། །ཉི་ཤུ་རྩ་བཞི་པ་ཡིས་ཕྱེད་ཅེས་པ ་དེ་ཉིད་ཀྱིས་ཨ་ནས་གོ་རིམ་མ་ཡིན་པར་བྷ་སྟེ། དབྱེ་བ་ནི་འོག་གི་ཆ་དང་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་རེའུ་མིག་གསུམ་ཅུ་དྲུག་པ་བླང་ཞེས་པ་ནི་ཨ་ནས་བརྩམས་ཏེ་ན་གཟུང་བའོ། །གསུམ་པ་ཡིས་ནི་ཞེས ་བ་ནི་དེ་བཞིན་དུ་ཨིའོ། །སུམ་ཅུ་གཉིས་པ་ཞེས་པ་ནི་སའོ། །རེ་མིག་ལྔ་པ་ཞེས་པ་ནི་ཨུའོ། །ཉི་ཤུ་རྩ་ལྔ་པ་ཞེས་པ་ནི་མའོ། །ཉི་ཤུ་བཞི་པ་ཞེས་པ་ནི་བྷའོ། །དེ་བཞིན་སུམ་ཅུ་གསུམ་པ་ནི་ཧའོ། །རེ་མིག་བཅོ་ལྔ་པ་ཡིས་མཆོད་ནི་ཨོཾ་གིས ་བརྒྱན་པའོ། །ལྔ་པ་ཞེས་པ་ནི་ཨུའོ། །རེའུ་མིག་ཉི་ཤུ་རྩ་གྱིས་པ་ནི་ཕའོ། །རེ་མིག་ཉི་ཤུ་རྩ་བདུན་པ་ཞེས་པ་ནི་ཊའོ། །སྔགས་འདི་ནི་དང་པོའི་ཚིག་རྐང་ངོ། །རེ་མིག་བཅུ་དགུ་པ་ཞེས་པ་ནི་གའོ། །མེའི་བུ་ཞེས་པ་ནི་རའོ། །རེ་མིག་གསུམ ་བ་ཞེས་པ་ནི་ཨིའོ། །ཡ་མཚན་བརྒྱད་པའི་ས་བོན་ནི་ཧའོ། །ཡང་ན་ནི་ཡ་མཚན་ཞེས་པ་ཧའི་མིང་ངོ། །རེ་མི་གསུམ་ཅུ་རྩ་དྲུག་ལྡན་ཞེས་པ་ནི་ནའོ། །སླར་ཡང་ཡི་གེ་དེ་དག་ཉིད་ཅེས་པ་ནི་གོ་སླའོ། །རེ་མིག་ཐམས་ཅད་ཀྱི་བདག་པོ་ཉིད་དུ ་གྱུར་པའི་ཕྱིར་རང་འབྱུང་ཞེས་པ་ནི་ཧའོ། །རེ་མིག་ལས་ནི་ལྔ་པར་སྦྱར་ཞེས་པ་ནི་ཨུའོ། །སྤྱི་བོར་ཐིག་ལེ་ཡང་དག་བརྒྱན་ཞེས་པ་ནི་ཨོཾ་ངོ། །དོན་ཀུན་སྒྲུབ་བྱེད་བྱ་བ་ཡི། །ཚིག་ནི་གཉིས་པ་ཡིན་པར་བཤད། །རེ་མིག་བཅུ་དགུ་པ་ཉིད་ལ། ་ཞེས་པ་ནི་གའོ། །ཉི་ཤུ་རྩ་བདུན་པ་ཡིས་དབྱེ་ཞེས་པ་ནི་རའོ། །གསུམ་པ་དག་དང་ཡང་དག་ལྡན་ཞེས་པ་ནི་ཨིའོ། །སུམ་ཅུ་གསུམ་པ་ལེགས་བླངས་ཏེ། ཞེས་པ་ནི་ཧའོ། །རེ་མིག་གིས་ནི་གཉིས་པར་སྦྱར་ཞེས་པ་ནི་ཨཱ་འོ། །ཉི་ཤུ་པ་དང་ཡང ་དག་ལྡན་ཞེས་པ་ནི་ནའོ། །དེ་བཞིན་ཉི་ཤུ་གཅིག་པ་ཉིད་ཅེས་པ་ནི་པའོ། །དེ་བཞིན་ཉི་ཤུ་དྲུག་དང་ལྡན་ཞེས་པ་ནི་ཡའོ། །ལན་གཉིས་པ་ཟླས་པའི་ཚིག་ཏུ་ནི་ཞེས་པ་ནི་གོ་སླའོ། །དེ་ནས་གོ་རིམ་བཟློག་པས་གཟུང། །རེ་མིག་ལས་ན་ནང་པོ་ཉིད ་ཅེས་པ་ནི་ཧའོ། །བཞི་པའི་མཛའ་དང་ཡང་དག་ལྡན་ཞེས་པ་ནི་ཨུའོ། །དེ་བཞིན་བཅོ་ལྔ་པ་དང་ཡང་དག་ལྡན་ཞེས་པ་ནི། ཆོས་དོན་འདོད་དང་ཐར་པ་ཡི། །ཚིག་ནི་གསུམ་པ་ཡིན་པར་བཤད། །རེ་མིག་གཉིས་པའི་ས་བོན་དང། ཞེས་པ་ནི་ཨཱའོ། །རེ་མིག ་སུམ་ཅུ་དྲུག་པ་ཉིད་ཅེས་པ་ནི་ཎའོ། །དེ་བཞིན་ཉི་ཤུ་དྲུག་པ་དང་ཞེས་པ་ནི་ཡའོ། །སུམ་ཅུ་གསུམ་པ་ཡང་དག་ལྡན་ཞེས་པ་ནི་ཧའོ། །རེ་མིག་བཅུ་གསུམ་པའི་ར་ལྡན་ཞེས་པ་ནི་ཨོའོ། །རེ་མིག་ལས་ནི་བཅུ་པ་ཉིད། །གོ་རིམ་བཟློག་པས་སྒྲུབ་པོས་བླང་ཞེས ་པ་ནི་བྷའོ། །རེ་མིག་ལས་ནི་བཅུ་དགུ་པ་ཞེས་པ་ནི་གའོ། །དེ་བཞིན་དུ་རེ་མིག་ཉི་ཤུ་གསུམ་པ་ལ་ཞེས་པ་ནི་པའོ། །གཉིས་པ་ཡིས་ནི་ཡང་དག་ལྡན་ཞེས་པ་ནི་ཨཱའོ། །སྟེང་དུ་ཐིག་ལེས་བརྒྱན་པར་བྱ་ཞེས་པ་ནི་ཨོཾ་ངོ། །དེ་ནས་ཆུ་ཡིས་ས་བོན ་གཟུང་ཞེས་པ་ནི་པའོ། །བརྒྱད་པ་ཡང་ནི་དེ་བཞིན་ཏེ་ཞེས་པ་ནི་ཛའོ། །མེ་ཡིས་བུ་ཡིས་ཁྱད་པར་དབྱེ། ཞེས་པ་ནི་རའོ། །ཡི་གེ་ཧཱུཾ་གིས་མཛའ་རུ་སྦྱར། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁྲོ་བོ་བཞི་དང་ཡང་དག་ལྡན་ཞེས་པ་ནི་སྔགས་ཀྱི་ཚིག་རྐང ་བ་བཞི་བརྗོད་པས། མ་སྨོས་པའི་ཁྲོ་བོའི་རྒྱལ་པོ་བཞི་ཡང་གཟུང་བའོ། །སྐུ་བྲཡད་དང་ནི་བཅས་པ་རུ། ཞེས་བ་ནི། ཁྲོ་བོའི་རྒྱལ་པོ་བརྒྱད་དང་ཡང་དག་པར་ལྡན་པའི་སྔགས་ཞེས་པའི་དོན་ཏོ། །ཡང་ན་རྣམ་པར་སྣང་མཛད་ལ་སོགས་པ་དང། ཡང ་ན་བརྒྱད་ཀྱི་སྒྲས་ཁྭ་གདོང་ལ་སོགས་པ་གཟུང་བའོ། །འདི་ནི་རྙེད་པ་ཙམ་གྱིས་ནི། །བརྟག་མི་དགོས་པར་འཆིང་བར་འགྱུར། །ཞེས་པ་ནི། སྔགས་འདིས་སྐྱེ་གནས་ཀྱིས་ཡང་དག་པར་བསྡུས་པ་སྟེ་འཆི་བར་བྱེད་པ་སྟེ། ལྷག་མ་ནི་གོ་སླའོ། །དཔལ ་ཧེ་རུ་ཀ་མངོན་པ་རྦརྗོད་པའི་རྫ་རྔ་བཅིངས་པའི་སྔགས་བཏུ་བའི་ཆོ་གའི་སུམ་ཅུ་པའི་འགྲེལ་བའོ།། །།དེ་ནས་ཞེས་པ་ནི་གོ་སླའོ། །ཤ་ཆེན་ཞེས་པ་ནི་གཟི་བརྗིད་ཆེན་པོས་སྔོན་བཞིན་དུ་སྦྱིན་སྲེག་བྱས་ན་ཇི་ལྟ་བར ་འགྱུར་བའོ། །དེ་ལྟ་བུ་མ་ཡིན་པ་ཁྱི་དང་ཕག་མའི་ཤས་ཀྱང་སྦྱིན་སྲེག་བྱས་ན་འཇིག་བྱེད་མི་བཟང་པར་འགྱུར་རོ་ཞེ་པའི་དོན་ཏོ། །ཟངས་ཀྱི་གཙུག་བུད་ཅན་ནི་ཁྱིམ་བྱའོ། །ལྷག་མ་ནི་གོ་སླའོ། །དུང་དང་ཞེས་བྱ་བ་ལ་སོགས་པ་ལ། དུང ་དང་ཉ་ཕྱིས་མུ་ཏིག་སྟེ། གསུམ་ཆར་རྒྱུ་ལས་བྱུང་ཡིན་ན། ཞེས་པ་ནི་གསུམ་གྱི་རྒྱུ་ཡང་ཤ་ཡིན་པར་དབྱེར་མེད་པའོ། །ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི་ཞེས་པ་ནི་དཔལ་ཧེ་རུ་ཀ་དང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཐོད་པ་བསྔགས་པར་བྱེད་པའི།། ་ཐོད་པའི་སྣོད་སྒྲུབ་པར་བྱེད་དེ། །དུང་དང་ཉ་ཕྱིས་དང་མུ་ཏིག་རྣམ་པ་གསུམ་པོ་འདི་རྒྱུ་ལས་བྱུང་བར་གྱུར་པ་རྣམས་ཀྱིས་ཆོས་ཀྱི་ཡེ་ཤེས་ཀྱི་ལུས་ཐོག་མ་དང་བར་མ་དང་ཐ་མ་དང་བྲལ་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་དང་དཔའ་བོ་དང ་དཔའ་མོ་རྣམས་ཀྱི་ཐོད་པ་དང་དུང་ཆེན་པོ་ལ་སོགས་པའི་མཚན་མར་གསལ་བར་བྱེད་ཅིང་སྒྲུབ་པར་བྱེད་ཅེས་པའི་དོན་ཧོ། །འདི་ཉིད་ཀྱི་ཕྱིར། །དཔའ་བོ་ཐོད་པའི་ཕྲེད་བ་འཆང། །ཟླ་བ་ཕྱེད་པའི་རྒྱན་དུ་བྱས་ཞེས་གསུངས། །དཔའ་བོ་དཔལ ་འབྱུང་ཡིན་པར་བཤད། །ཅེས་པ་ནི་དཔའ་བོ་ཐོད་པའི་དུམ་བུ་ནས་རྡོ་རྗེ་སེམས་དཔའ་ཨི་བར་གྱི་དཔའ་བོ་རྣམས་ཐུགས་ཀྱི་རྡོ་རྗེ་ལས་བྱུང་བར་བཤད་ཅིང་བསྟན་ཞེས་པའི་དོན་ནོ། །བརྡ་ནི་ལྔ་པོ་བསྟན་པ་དག། ཅེས་པ་ནི་འདིར་བརྡའི་སྒྲས་ནི ་དབྱེར་མེད་པ་ལ་བརྟགས་པ་སྟེ། རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་ལྔ་བསྟན་པ་སྟེ། རལ་པའི་དབུ་རྒྱན་གྱིས་བརྒྱན་པ་ལ་ཐོད་པ་རྣམ་པ་ལྔ་རུ་ལྷ་མོ་ལྔ་བལྟ་ཞིང་བསྒོམ་པར་བྱའོ། ཞེས་པའི་དོན་ཏོ། །སྒྲུབ་པ་པོ་ཡིས་ལག་གཡོན ་གྱིས། ཞེས་པ་ནི་གང་བཅུང་ཟད་དམ་ཚིག་གི་བཟའ་བ་དང་སྟོན་མོ་ཤ་ལ་སོགས་པ་ཡང་རང་གང་གི་དམ་ཚིག་པས་སྦྱིན་བཞིན་པ་བླད་བར་བྱ་པས་དེའི་ཕྱིར་སྒྲུབ་པ་པོ་ལག་པ་གཡོན་པས་བྱ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ ་སླའོ། །རྡོ་རྗེ་སེམས་དཔའ་མཐེ་བོར་བཞུགས་ཞེས་བྱ་བ་ལ་སོགས་པས་ལག་པའི་མཆེད་པ་སྟོན་ཏེ། མཐེ་བོ་སྟེ་མཐེ་བ་ཆེན་ལ་རྡོ་རྗེ་སེམས་དཔའ་གནས་པའོ་ཞེས་བྱ་བ་ནི་ཀུན་ལ་སྦྱར་རོ། །མཛུ་བ་མོ་ནི་སྡིག་མཛུབ་སྟེ་རྣམ་པར་སྣང་མཛད་དོ། །སྦོམ་པོ་ནི་གུང ་མོ་སྟེ་པདྨ་གར་གྱི་དབང་ཕྱུག་གོ། མིང་མེད་ནི་སྲིན་ལག་སྟེ་དཔའ་བོ་ནི་རུ་ཀའོ། །ཐ་མ་ནི་མཐེའུ་ཆུང་སྟེ་ཐ་མ་ཞེས་པས་དེ་ཉིད་ཁྱད་པར་དུ་བྱེད་དེ་དེ་ལ་ནམ་མཁའ་ཨི་སྙིང་པོ་སྟེ་རྡོ་རྗེ་ཉི་མའོ། །སེན་མོའི་ངོས་ལ་ཞེས་པ་ནི་སོར་མི་ཐམས་ཅད་ཀྱི་སེན་མོ་ངོས་ལག་ནས ་པ་ནི་རྟ་མགྲིན་ནོ། །འདི་དག་དཔའ་བོ་ཐམས་ཅད་ཀྱི། །གཡོན་པ་ལ་བྱུང་རྒྱུ་ཡིན་ནོ། །ཞེས་པ་ནི་འདི་རྣམས་ཀྱི་རྒྱུ་དང་རྟེན་ནི་ལག་པ་གཡོན་པའོ། །ལག་མཐིལ་དུ་ཁ་དོག་བཞི་པའི་པདྨ་འདབ་མ་ལྔ་པ་བསམས་ཏེ། ཟེ་འབྲུ་ལ་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོའོ། ་མདུན་དུ་གཤིན་རྗེ་མའོ། །བྱང་དུ་རྨོངས་བྱེད་མའོ། །གཡས་སུ་སྐྲོང་བྱེད་མའོ། །སྒྲ་བྱེད་མ་དང་གཏུམ་མོ་ནི་སྙོམས་པར་འཇུག་པར་འདོད་པའོ་ཞེས་བྱའོ། །མཚུངས་པར་བདག་ཉིད་འཁོར་ལོ་སྡོམ་པ་མཚན་མ་དང་མདོག་འདྲ་བ་གཉིས་པོ་ནུབ་དང ་དབང་ལྡན་གྱི་མཚམས་དག་ཏུ་སྐག་བྱེད་མ་དང་གཏུམ་མོའོ། །འདྲ་བར་བསྒོམ་ཞེས་པའི་དོན་དོ། །རྒྱབ་ཏུ་དེས་པར་བྱ་།ཞེས་པ་ནི་གཞན་ན་རེ་ལག་མཐལ་དུ་ས་བོན་སྔགས་སམ་རྡོ་རྗེ་ཕག་མོ་དེ་འདིས་བསྟན་ནས་དེ་ལྟར་ཡང་ལག་པའི་ཕྱི་རོལ་དུ་།མེ ་ལོང་གི་ནང་དུ་གཟུགས་བརྙན་མཐོང་བའི་གཟུགས་བརྙན་བཞིན་དུ་ངེས་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ན་རྒྱབ་ཏུ་མཁའ་འགྲོ་མ་ཀུན་ནི། །ལག་པར་བཀོད་པ་དེ་ཉིད་དོ། །ཞེས་པ་ནི་གཞན་གྱིས་ཏེ། འདི་ཉིད་ཀྱི་ཕྱིར་མཀས་པས ་རྒྱབ་ཏུ་གཤེགས་སུ་གསོལ་ཞེས་གསུངས་སོ། །དེ་ལྟར་ཆོ་གའི་བྱ་བ་འདིས་མཛའ་བ་ཐམས་ཅད་འདུས་པ་ན་རྣལ་འབྱོར་པས་སྔགས་བཟླ་ཞིང་དཔའ་བོ་མཆོག་གིས་བརྡ་རྣམ་པ་ལྔ་བསྟན་པར་བྱའོ། །སྒྲུབ་པ་པོས་ཡང་ལྔ་གཟུང་བ་དེ་ནི་ལག་པའི་མཚོར། ་པའི་གནས་སྐབས་ཀྱི་བརྡ་རྣམ་པ་ལྔ་སྟེ། དྲི་ཆེན་དང་ནི་དྲི་ཆུ་ལ་སོགས་པ་ལྔ་གཟུང་བའོ། །སྤྱན་མ་ལ་སོགས་པ་གཟུང་བས་གཟུགས་ཅན་མ་ལ་སོགས་པ་བཞི་གཟུང་བའོ། །ཙུམ་བི་ཀེ་ནི་རྡོ་རྗེ་ཕག་མོའོ། །དེ་བཞིན ་ཕ་རོལ་ཕྱིན་པ་ཉིད་ནི་སྟོང་པ་ཉིད་ནམ་མཁའ་ཨི་རང་བཞིན་ཞེས་བྱ་སྟེ། དེ་ཡིས་ཁྱད་པར་དུ་བྱེད་པ་ནི་གོ་སླའོ། །དཔའ་བོས་བརྡ་དང་བརྡ་བྱའོ་ཞེས་པ་ནི་ལག་པའི་མཆོད་པ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་རྣམ་པར་དག་བ་རྣལ་འབྱོར་མ་དྲུག་གི་རྣམ་པས ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དུད་ཆེན་པོ་དང་ལེགས་པའི་རྫས་ལ་སོས་པས་དཔའ་བོ་དང་དཔལ་ཧེ་རུ་ཀ་ལ་བརྡ་བྱ་བ་སྟེ་མཆོད་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཙ་རུ་སྦྱར་བར་བྱ། ཞེས་པ་ནི་མཆོག་བཟའ་བར་བྱ་བའོ། །དེ་ལྟར་བྱས ་པས་དཔའ་བོ་ཀུན་དང་རྣལ་འབྱོར་མ་ཀུན་ཡང་དག་པར་སྦྱོར་བའི་དྲ་བཱི་སྡོམ་པར་འགྱུར་ཞེས་པའི་དོན་ནམ་དེ་ལྟར་གཞུང་གཞན་ཡང་ངོ། །དཔལ་ཧེ་རུ་ཀ་མངོ་པར་བརྗོད་པའི་བཟའ་བ་དང་སྦྱིན་སྲེག་དང་གཏོར་མའི་བྱ་བ་ལ་ལག་པའི་བརྡ ་ཆོ་གའི་ལེའུ་སུམ་ཅུ་རྩ་གཅིག་པའི་འགྲེལ་པའོ། །།དེ་ནས་གཞན་ཡང་ཞེས་པ་ནི་གོ་སླའོ། །ཕྱུགས་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོས་སྔོན་དུ་བསྟན་པའི་ཆོ་གས་ཕྱུགས་དགུག་པར་བྱའོ་ཞེས་པའི་དོན་ཏོ། །ཕྱུགས ་གང་ཞེས་པ་ལ། སྡེར་མོ་ནི་བྱི་ལ་དང་རི་བོད་ལ་སོགས་པའོ། ལྔ་ནི་རུས་སྤལ་དང་རྔ་མོ་དང་ཁྱི་དང་ཅེ་སྦྱང་དང་རྟ་དང་ལྔ་སྟེ། དེ་ལྟར་ཕྱུགས་སྡེར་མོ་ཅན་གྱི་རིགས་ཏེ། མི་ལ་སོགས་པ་ཇི་བཞི་ནོ། །འདིས་ནི་ཕྱུགས་འདི་རྣམས་དངོས་གྲུབ ་སྒྲུབ་པའི་ཡན་ལག་ཏུ་དངོས་གྲུབ་བཅུ་རྣམས་ཀྱི་ཐུན་མོང་ཉིད་དང་གཞན་གྱི་ཡང་འདི་དག་སྟོབས་དང་ལྡན་ཞེས་པའི་དོན་ཏོ། །རིགས་རྣམས་ལ་ནི་རིགས་ཅན་ཕྱུགས་ཞེས་པ་ནི་རིགས་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དུང ་དམངས་རིགས་རྣམས་ཀྱི་ནང་ནས་སྔགས་པའི་ཕྱུགས་ཞེས་པ་ནི་དཔའ་བོ་མང་པོ་ལས་ཕུལ་དུ་བྱུང་བའི་དཔའ་བོ་དེ་ནི་ཕྱུགས་ཏེ་ཧེ་རུ་ཀར་བྱེད་པས་ཁྱད་པར་དུ་བསྟན་པ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །བྱོལ་སོར་རྣམས་ལས་རུས་སྤལ་?? ་ཞེས་པ་ནི་བྱོལ་སོང་གི་སྐྱེ་གནས་ལས་གྱུར་པའི་རུས་སྤལ་ནི་བྱོལ་སོང་གི་ཕྱུགས་ཞེས་བྱ་སྟེ། བྱོལ་སོང་གི་ཕྱུགས་ནི་ནོར་བུ་ཡོད་པའི་སྤྲུལ་གྱི་རང་བཞིན་ནོ། །ལྷ་རྣམས་ཀྱི་གདོང་འགུལ་?་ནི་སྔགས་ལ་སོགས་པའི་གཙོ་བོ་རྣམས་ཀྱི་ཚངས་པ་དང་ཁྱབ་འཇུག ་དང་དབང་ཕྱུག་ཆེན་པོ་རྣམས་འགུལ་བར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་ཕྱུགས་ལྔ་པོ་རྣམས་ཀྱི་སྒྲོན་མས་ཕྱི་དང་ནང་གི་སྦྱིན་སྲེག་གིས་ཚངས་པ་ལ་སོགས་པ་དབང་ཕྱུག་གི་བར་རྣམས་གཙོ་བོར་གྱུར་པ་དཔལ་ཧེ་རུ་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་པས ་མདོར་བསྡུས་ནས་དེས་པར་དབང་དུ་བྱ་བ་བསྒྲུབ་པར་བྱ་བ་འགྲུབ་ཅེས་པའི་དོན་ཏོ། །ལྷག་མགོ་སླའོ། །བྱ་རོག་ལ་སོགས་པ་ཆུའི་སྟེང་ན་འགྲོ་བའི་བར་གྱི་བྱའི་ཁྱད་པར་གྱིས་བཟའ་བ་དང་སྦྱིན་སྲེག་དང་གཏོར་མ་བྱའོ་ཞེས་སྦྱོར། །འདིས་ནི་དངོས་གྲུབ་ཏུ་འགྱུར་ཏེ། ་འདོད་པའི་གཟུགས་འཛིན་པ་ལ་ཐེ་ཚོམ་མེད་དོ་ཞེས་པའི་དོན་ཏེ། །ད་ནི་ཡི་དགས་ཆེན་པོ་སྒྲུབ་པའི་ཐབས་སྟོན་ཏེ། ནག་པོ་ཞེས་བྱ་བ་ལ་སོགས་པས་དང་པོ་རེ་ཞིག་གནོད་མཛེས་ཀྱི་སྔགས་མ་རྩ་བའི་སྔགས་ཀྱི་?་བསྙེན་པ་བྱས་ཏེ་མཚན་མ་རྙེད་པའི ་སྔགས་པས་མ་གོང་ཅིང་མཉམས་པའི་རེ་འདུས་བྱས་ལ་དུར་ཁྲོད་དུ་ཁྱེར་ལ་ནམ་ཕྱེད་ན་ཁྱི་ནག་པོའི་འོ་མ་དང་ནག་པོ་རྒྱལ་པོའི་ཤ་དང། ནག་པོའི་ཕྱོགས་ལ་སྟོབས་པོ་ཆེས་འབྲས་ནག་པོ་དང་ལྡན་པས་སྦྱིན་སྲེག་བྱའོ། །མཛེས་པ་མེད་པར་རེ་ཡི་ཁར། ་ཞེས་པ་ནི་གང་ཡང་དངོས་སུ་ལྷའི་རྣལ་འབྱོར་བྱས་པའི་སྔགས་བས་ཀྱང། །ར་བ་ལ་སོས་པ་གསུམ་དང་གུར་དང་གོ་ཆ་ཆེན་པོ་ལ་སོགས་པ་སྲུང་བའི་ཆོ་ག་བྱས་ཤིང་བསྲུངས་བས་དོགས་པར་མི་འགྱུར་རོ། །དེ་ལྷ་ན་ཡང་དབྱེར་མི་ཕྱེད་པ་དང་ཚ?་གཅོད ་བའི་ཕྱིར་རྡོ་རྗེའི་རབ་ལ་སོགས་པ་བསྲུང་བའི་འཁོར་ལོ་བྱས་ཏེ་ཤིན་ཏུ་ལུས་བསྟན་པར་བྱ་བའི་ཕྱིར་རོ། །ཞེས་པའི་དོན་ཏོ། །ཡང་ན་ཡི་དགས་ཆེན་པོའི་གདོད་འགྱུར་བའི་མཆེ་བ་ལ་སོགས་པས་ཆེར་འཇིགས་པར ་བྱེད་པའི་གཟུགས་མཐོང་ཡང་འཇིགས་པར་མི་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །འོག་དང་སྟེང་གྲུབ་རྟག་ཏུ་སྟེར་ཞེས་པ་ནི་འོག་དང་སྟེང་དང། དབུས་སུ་གནས་པ་ལ་སོགས་པའི་འཁོར་ལོ་ལ་གནས་པའི་ཕོ་ཉ་གྲུབ་པའི་རྣལ་འབྱོར་མ ་རྣམས་གང་གིས་མཐོང་བ་ཉིད་ཀྱིས་དངོས་གྲུབ་ཀུན་ཏུ་འགྱུར་རོ། །དེ་རྣམས་ཀྱིས་རང་གི་གནས་སུ་ཁྱེར་ཞིང་འགྲོ་བའམ། ཐབས་སྟོན་ནོ་ཞེས་པའི་དོན་ཏོ། །ལྕི་བའི་ཐལ་བ་ཞེས་པ་ནི་ཐལ་བའི་ཁྱད་པར་རོ། །མགོ་བོ་སྐམ་ཞེས་པ་ནི་དུམ་བུ་མེད ་པའི་མིའི་མགོ་སྐམ་པོ་བླངས་ནས་བདེ་བ་ཆེན་པོ་བྱེད་དོ། །རུས་སྤལ་ནི་ཐོད་པའོ། །ཕྱག་བཞི་པ་དང་ཞེས་བྱ་བ་ལ་སོགས་པ་འདིས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་སྟོན་པའོ། །འདི་ཐམས་ཅད་ནི་སྒྲུབ་པའི་ཐབས ་སུ་སྔོན་དུ་རྒྱས་པར་བྱས་པའི་དོན་ཉིད་དོ། །རྡོ་རྗེ་ཕག་མོ་དེ་ཡི་ནི། །སྐུ་མདོག་མཚོན་ཆ་འཆང། ཞེས་པ་ནི་དེའི་མདོག་གང་ཡིན་པ་དེ་ནི་དེའི་མདོག་སྟེ། དེའི་མདོག་དང་མཚོན་ཆ་འཆང་བཞེ་བྱའོ། །གང་གི་ཕྱིར་ཁྱད་པར་གྱི་བསྡུ་བའོ། །ཕྱག ་རྒྱ་ཡིས་ནི་ལུས་ལ་བརྒྱན། །ཞེས་པ་ནི་ཕྱག་རྒྱ་ལྔ་ལ་སོགས་པས་སྐུ་ལ་བརྒྱན་ཞེས་པའི་དོན་ཏོ། །ཡི་དགས་ཆེན་པོ་གང་ན་དུ་བྱས་ཞེས་པ་ནི་འབྱུང་པོའི་བདག་པོ་མནན་པའོ། །སྔགས་ཀྱི་ལྷ་ནི་ཤེས་ནས་བསྒོམ། །ཞེས་པ་ནི་རྣལ ་འབྱོར་ཆེན་པོ་དམིགས་པ་དད་ལྡན་པ་དང། ཕྲེང་བའི་སྔགས་མ་གཏོགས་པར་ཞེས་པའི་དོན་ཏོ། །ཡང་ན་གཞུང་གཞན་ཏེ། དེ་ཐམས་ཅད་གོ་སླ་བའི་དོན་ཏོ། །ལྷག་མ་ནི་རྟོགས་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བྱོལ ་སོང་ཕྱུགས་དང་རོ་ལངས་སྒྲུབ་པ་དང་བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་གཉིས་པའི་འགྲེལ་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །མེད་པར་གྱུར་ཀྱང་ལྔ་པོ་ནི། །བཟའ་བ་ཉིད་དུ་བྱ་བ་ཡིན ་ཞེས་པ་ནི་གལ་ཏེ་བདུད་རྩི་རྣམ་པ་ལྔ་མ་རྙེད་ན་གང་ཅུང་ཟད་བཟའ་བ་དེ་ཐམས་ཅད་བདུད་རྩི་ལྔ་ཉིད་དུ་བརྟགས་ལ་བཟའ་ཨོ་ཞེས་དགོངས་སོ། །ནུབ་མོ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དེ་ནས་ཕོ་ཉ་རབ་སྦྱང་ཞིང། རང་གིས་འཁྱུད་ཅིང་མགོར ་ཕྱས་ལ། །དཔའ་བོ་གཉིས་མེད་མཆོད་པར་བྱ། །ཞེས་བྱ་བ་ནི་ཕོ་ཉ་ཞེས་པ་ནི་ཕོ་ཉའི་མཚན་ཉིད་ཕུན་སུམ་ཚོས་པ་ལ་འཁྱུད་པར་བྱ་སྟེ། སློབ་མས་གཡོན་པའི་བརླའི་དབུས་སུ་མགོ་བོ་བྱས་ལ། དཔའ་བོ་གཉིས་མེད་མཆོད་པ་སྟེ། ཧེ་རུ ་ཀ་གཉིས་མེད་དུ་མཆོད་པའོ། །དེའི་ཕྱིར་ཡང་སྦྱིན་པར་བྱའོ་ཞེས་སྦྱར་རོ། །མ་འམ་ཡང་ན་སྲིད་མོ་འམ་ཞེས་བྱ་བ་ལ་སོས་པ་གོ་སླའོ། །དེ་ནས་སྔགས་ནི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་བ་ཡོད་པར་དུ། ཞེས་པ་ནི། གྲངས་མེད་པ་སྟེ ་སྐལ་བ་དང་ལྡན་པ་དང། བསྐལ་བའི་མཐར་ཇི་སྙེད་དུ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་རྣམས་ཀྱི་སྟན་ཉིད་དང་ཞེས་པ་ནི་ཕྱག་རྒྱའི་ལྷ་མོའོ། །གཞུང་གཞན་ནི་གོ་སླའོ། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །གླུ ་དང་གར་ལ་སོགས་པ་བྱ། ཞེས་པ་ནི་ཐ་མལ་པའི་གཟུགས་མ་ཡིན་པས་གླུ་དང་བརྡུངས་བ་ལ་སོགས་པ་སྒྲུབ་པ་པོས་རབ་ཏུ་སྦྱར་བར་ཤེས་པར་བྱའོ། །དེ་སྲིད་འཁོར་བར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་གྱ་ཆེན་པོ་དང་པོར ་འགྲུབ། །སྐྱོས་བུ་རྣལ་འབྱོར་རྒྱུད་རྣམས་སུ། །དེ་བཞིན་རབ་ཏུ་འབད་པ་ཡིས། །ཀུན་ནས་དང་བར་མཆོད་པར་བྱ། ཞེས་པ་ནི་དང་པོར་གྲུས་པ་ནི་དངོས་གྲུབ་སྒྲུབ་པར་རབ་ཏུ་གྲགས་པ་ནི་རིན་པོ་ཆེའི་རིགས་སུ་གྱུར་པར་འབྱུང་བའི་ཕྱག་གྱ་ཇི་ལྟར་རྣང ་འབྱོར་གྱི་རྒྱུད་དཔལ་གསང་བ་འདུས་པ་ལ་སོགས་པ་རྣམས་སུ་སྐྱེས་བུ་རྣལ་འབྱོར་པས་དབེན་པ་ཡིད་དུ་འོངས་བཱི་སའི་ཕྱོགས་སུ་འབད་པས་མཆོད་པར་བྱའོ། །དེ་བཞིན་ནི་ཡང་གི་དོན་ཏེ། འདི་ཉིད་ཀྱི་དོན་གསལ་བར་བྱ་བའི ་ཕྱིར་གསུངས་པ། དང་པོར་གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཕུན་སུམ་ཚོགས་པའི་མ་འམ་སྲིང་མོ་ལ་སོགས་པ་བླངས་ལ་ཚོགས་ཐམས་ཅད་བསྡུས་པའི་ས་བཅུ་ལ་སོགས་པ་དབེན་ཞིང་དགའ་བར་དཔལ་འཁོར་ལོ་སྡོམ་པ་འདི་ཉིད་ཀྱི ་དཀྱིལ་འཁོར་བྲིས་ལ་རང་གི་རིགས་ཀྱི་ལྷའི་གཟུགས་སུ་བདག་ཉིད་བསམ་ལ་ཉི་མ་ནུབ་པའི་དུས་ནས་བཟུང་སྟེ། མ་ལུས་པའི་ནུབ་མོའི་བར་དུ་རབ་ཏུ་འབད་པས་དེ་བཞིན་དུ་མཆོད་པར་བྱ་ཞེས་པའི་དོན་ཏོ། །ཐར་འདོད་བརྟེན་པའི་དཔའ་བོས ་སྤྱད། །ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཀུན་ཏུ་དང་བ་བན་དུ་ཀའི་གཟུགས་ཀྱི་ཁྱད་པར་གྱི་དམ་ཚིག་སྤྱད་པར་བྱ་ཞེས་པའི་དོན་ཏོ། །གཞུང་གཞན་ཡང་འདིའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི ་གསང་བའི་མཆོད་པ་དང་བསྙེན་བཀུར་གྱི་ཆོ་གའི་ལེའུ་སུམ་ཅུ་རྩ་གསུམ་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ནི་གོ་སླའོ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨའི་ལྟེ་བར་མཆོག་རབ་སྦྱར། ཞེས་པ་ནི་ཆ ་ནི་ཡན་ལག་དང་ཉིད་ལག་སྟེ། དེ་ཡང་ཐུན་མོང་མ་ཡིན་པ་ཞེས་བྱ་སྟེ། ཆ་དེ་ལ་དཔའ་བོའི་རིགས་ལ་བལྟོས་ནས་ཅིག་གི་ཚིག་ཏུ་བསྟན་པའོ། །མཆོག་ནི་འབད་པས་གསང་བའི་གནས་སོ། གཞུང་གཞན་ནི་གོ་སླའོ།། ་ཨ་བདྷཱུ་ཏཱི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་བཞག་ཅེས་པ་ནི་དཔྲལ་བར་རྡོ་རྗེ་ཕྲེང་བའི་འོད་ལས་ཨ་བ་བྷུའི་ཏཱི་ལས་ཡོངས་སུ་རྫོགས་པའི་གནས་ནི་ཨ་བ་དྷཱུ་ཏཱི་ཞེས་བྱ་བ་མི་བཟད་པའི་སྤྱན་མིག་དབུས་ཏེ། སྨིན་མའི་དབུས ་དཔྲལ་བའི་སྟེང་དུ་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །དཔའ་བོ་འཆོལ་པ་ཞེས་པ་ལ་སོགས་པས་ལས་ཐམས་ཅད་པའི་སྦྱིན་སྲེག་སྟོན་ཏེ། དཔའ་བོ་དཔལ་ཧེ་རུ་ཀ་འཚོལ་བར་བྱས་ཏེ་ཆགས་ཤིང་ཁྲོ་བའི་གནས་སྐབས་སུ་གང་ཅུང་ཟད་དམ ་ཚིག་།ལ་སོགས་པ་དེ་ཐམས་ཅད་སྲེག་བླུགས་བྱས་ལ། །སྦྱིན་སྲེག་བྱ་ཞེས་པའི་དོན་ཏོ། །གཞུང་གཞན་ནི་གོ་སླའོ། །ཡང་ན་དང་པོ་རེ་ཞིག་ཁྲོ་བོའི་ང་རྒྱལ་དང་བཅས་པའི་བདག་ཉིད་ཇི་ལྟར་རྙེད་པའི་ཤས་ཚིམ་བར་བྱས་ལ། དེ་ནས ་གཞན་གྱི་དམ་ཚིག་གི་ཞེས་དགོངས་སོ། །ཕྱུགས་ཀྱི་ཤ་དང་ཁྲག?་བཅས་བས། །འབད་པས་སྲེག་བྱ་ལྔ་དག་བྱ། ཞེས་པ་ནི་ཕྱུགས་ཀྱི་ཤས་ཁྲག་ལ་སྤགས་ལ་མྱུར་དུ་སྦྱིན་སྲེག་ལྔ་བྱས་ནས་ངེས་པ་ཉིད་དུ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། ། ་དེ་ནས་འབར་འཕྲེང་རྒྱ་མཚོ་ནི་ཞེས་པ་ནི། རབ་ཏུ་གྱུར་པའི་མེ་འབར་བ་ལ་སྲེག་བྱའི་ཤིང་ལ་སོགས་པ་གོ་རིམ་ཇི་བཞིན་དུ་ལས་དང་རྗེས་སུ་མཐུན་པས་མེ་ལ་དབུལ་ལོ་ཞེས་པའི་དོན་ཏོ། །དེ་ལྟར་མེ་ལྷའི་ཞལ་དུ་སྦྱིན་སྲེག་བྱས་ནས་འཁོར་ལོ་གསུཾ ་དང་ལྡན་པའི་ལྷ་རྣམས་ལ་སྦྱིན་སྲེག་བྱ་བའི་ཆོ་ག་སྟོན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་སྒོའི་འཁོར་ལོ་བལྟ། ཞེས་པ་ནི་ཐབ་ཁུང་གི་ནང་དུ་ཇི་ལྟ་བཞིན་དུ་འཁོར་ལོ་གསུམ་གྱི་གཞལ་ཡས་ཁང་པ་དང་རབ་ལ་སོགས་པ་དང་བཅས ་པ་རང་མདོག་ཕྱུག་དས་ཕྱོག་རྒྱ་ལ་སོགས་པ་དང་ལྡན་པ་བསམ་པར་བྱ་བ་སྟེ། དེའི་ཕྱོགས་གཅིག་སྟོན་པར་འདོད་ནས་གསུངས་པ་ནི། ཞལ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། དུ་མ་སྐྱེས་མ་ནི་སཕྱི་རོལ་སྦྱིན་ཞེས་པའི་རྒྱབ་ཀྱི་འདབ་མ་ལ ་གནས་པའི་འདུམ་སྐྱེས་མ་དེ་བཞིན་དུ་བཞག་ལ་ལས་དང་རྗེས་སུ་མཐུན་པའི་གཟུགས་ཀྱིས་རང་གི་ལུས་ལས་ཕྱིར་ཕྱུང་སྟེ། གཞན་དུམ་སྐྱེས་མ་ཕྱི་རོལ་དུ་སྦྱར་བ་སྟེ། ལས་ཐམས་ཅད་བསྒྲུབ་པར་བྱ་བའི་དོན་གྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་ཉིད ་ཀྱི་ཕྱིར་རང་གི་ལུས་ལས་ཁྱད་པར་བསྟན། །འཁོར་ལོ་དབུས་སུ་བལྟ་བར་བྱ། ཞེས་གསུངས་སོ། །འདིས་ནི་འཁོར་ལོ་རྣམ་པ་ཇི་བཞིན་བྱ། ཞེས་པ་ནི་ཐབས་ཁུང་འདི་ནི་འཁོར་ལོ་གསུམ་གྱི་རྣམ་པར་བྱའོ། །ཇི ་བཞིན་ནི་ཞི་བ་ལ་སོགས་པའི་ཆོ་གའི་གོ་རིམ་ཞེས་བྱའོ། །རིག་པའི་རྒྱ་མཚོ་ཞེས་པ་ནི་རིག་པའི་རྒྱ་མཚོའི་རྒྱུད་ཆེན་པོར་དཔའ་བོས་ཡོངས་སུ་བསྡུས་ནས་ཇི་ལྟར་བཤད་པའོ། །ཉན་པ་པོ་ལ་གསལ་བར་བྱ་ཞེས་པའི་དོན་ཏོ། །ཡང ་ན་ནི་རིག་པའི་རྒྱ་མཚོ་ལས་གང་ཡོངས་སུ་བཤད་པ་དེ་འདིར་མདོར་བསྡུས་ནས་བྱས་པ་སྟེ། དེར་ནི་རྒྱས་པ་ཞེས་བྱ་བར་དགོང་སོ། །ལྷག་མིན་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་གཉིས་སུ་མེད་པའི་ཕོ་ཉ་དང་སྦྱིན ་སྲེག་དང་དགུག་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་བཞི་བའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོས་པ་ལ། ཇི་ལྟ་བའི་གོ་རིམ་དང་རྗེས་སུ་མཐུན་པའི་སྔགས་ཀྱི་བཟླས་པ་དང་བསམ་གཏན་གྱི་ཆོ་ག་སྟོན་ཏེ། གཉིས་མེད ་ཀྱི་སྦྱོར་བ་ཉིད་ནི་མཆོད་པ་སྟེ། མཆོད་པ་གཉིས་མེད་ཀྱི་སྦྱོར་བ་དེའི་བདག་ཉིད་ཀྱི་སེམས་གང་ཡིན་པ་དེ་ནི་དེ་བཞིན་ཏེ། དེས་སོ་སོའི་ལས་སྣ་ཚོགས་པའི་ལས་རྣམས་ལ་སྦྱར་ཞིང་ངེས་པར་ལྡན་ཞིང་ཡོད་པ་ནི་ཇི་ལྷ་བའི་གོ་རིམ་མཚོད ་ཅིང་ལས་མཆྒོ་གཙོ་བོར་འགྱུར་རོ་ཞེས་པའི་དོན་ཏོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཕྱེ་བ་ནི་ལས་ཀྱི་མཛའ་གང་ཡིན་པར་ཕྱེ་ན་དངོས་གྲུབ་བྱེད་པའི་ལས་འགྱུར་བའོ། །ཁ་དོག ་ཕོ་ཉ་ལ་སོགས་ནི། དེ་རྣམས་ཀྱི་ཁ་དོག་དེ་ནི་སྔགས་སོ། །མདའི་ཤུགས་བཞིན་ཡོངས་སུ་འཁོར་བ་ནི་གོ་རིམ་བཞིན་དུ་འཁོར་བ་ཞེས་པའི་དོན་ཏོ། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། ཞེས་པ་ནི་གང་གཾ་ཚེ་གདུག་པའི་ཆོ་ག་ཡིན་པ་དེའི ་ཚེ་ལེགས་པར་བསྒྲིལ་བའི་ཐག་པ་དང་འདྲ་བར་ཕན་ཚུན་བྱས་པ་ནི་དུས་གཅིག་ཏུ་གཉིས་ཀའི་ཞལ་ནས་ཕྱིར་བྱུང་ཞིང་ཟོ་ཆུན་འཁོར་བའི་རྣམ་པར་བསམ་པར་བྱ་སྟེ། དཔའ་བོས་ཞེས་བྱའོ། །སྔགས་ཀྱི་ཡི་གེ་ནི་འཇུག་པ་ཡིས་ནི་ཕྱེ་བ་ཉིད་ཅེས་པ་ནི་? ་བའི་ཚོག་ལ་སྔགས་ཀྱི་ཡི་གེ་ཞལ་གྱི་ནང་དུ་ཞུགས་ཏེ། ལྕགས་སྒྲོག་གི་ཕྲེང་བའི་གཟུགས་རྡོ་རྗེའི་ལམ་ནས་ཕྱིར་བྱུང་སྟེ། ཡང་པདྨའི་ལམ་ནས་ལྷ་མོའི་ལྷོ་བར་ཞུགས་ཏེ། དེ་ནས་ལྷ་མོའི་ཞལ་ནས་རང་གི་ཞལ་གྱི་རིམ་པ་ཞེས་བྱའོ། །གདུག་པའི་ཚེ ་ག་ལ་ནི་རང་གི་ཞལ་ལྷ་མོའི་ཞལ་གྱི་རིམ་པ་སོ་ཞེས་བྱ་བ་ནི་ཁྱད་པར་རོ། །ཞི་བ་ལ་ནི་ལྷོད་པ་སྟེ། ཞི་བ་ལ་ས་བོན་གྱི་ཕྲེང་བ་ལྷོད་ཅིང་དྲག་ཅིང་རྩུབ་པ་མ་ཡིན་པའི་ཡི་གེའི་ཕྲེང་བ་བཅན་ཕན་ཆུན་དུ་བཀྲིས་པ་ཞེས་པའི་དོན་ཏོ། །ཧཱུཾ་གི་མཛའ་རུ་གནས་ལ ་ཡིན་ཞེས་བའི་དོན་ནི་དང་པོ་དང་ཐ་མ་དང་བར་དུ་ཧཱུཾ་གིས་འགོག་པ་ནི་གདུག་པའི་སྔགས་ལ་འདི་ཉིད་བརྗོད་པས་སྒྲུབ་བྱ་འགོག་པར་འགྱུར་རོ། །གོ་མ་པ་གཅིག་ཀྱང་མི་འགྲོ་ཞེས་པའི་གཞུང་གཞན་ཡང་འདི་ཉིད་ཀྱི་དོན་ནོ། །ཁ་སྦྱར་སྦྱར་བར ་གྱུར་པ་དང། ཞེས་པ་ནི་ལུང་བསྟན་པ་ལ་སོགས་པའི་སྔགས་བསྟན་པའི་རིམ་པས་ཨོཾ་དང་པོ་དང་ཨོཾ་ཐ་མ་ནི་ཨོཾ་ལྷས་སྦྱིན་སྭཱ་ཧཱ་ཡེ་ཞེས་པའི་དོན་ཏོ། །རྡོ་རྗེ་སུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་ཆེ་བ་ཉིད་དང་ནི་ཞེས་པ་ནི་ཁ་སྦྱར་ནི་ལས་ཐམས་ཅད་པ ་ཉིད་ཀྱི་ཕྱིར་རོ། །བདག་གི་ཚེ་གདུག་པའི་ལས་དང་ལྡན་ན་ངེའི་ཚེ་རྡོ་རྗེ་ཞེས་པ་ནི་ཧཱུཾ་གིས་དབྱེ་བར་བྱའོ། །དེ་བཞིན། སྒྲོ་ཡི་ཆུན་པོས་བསྐོར་ཞེས་པ་ནི་དེ་བཞིན་དུ་བར་ཆད་མེད་པར་བཟླ་བར་བྱའོ་ཞེས་པའི་དོན་ཏོ། །ལྕགས་གྱུ་ཉིད་ཀྱིས་དགུག ་?་དང། ཞེས་པ་ནི་གང་གི་ཚེད་གུག་པར་མངོན་པར་འདོད་པ་དེའི་ཚེ། །ལོ་མ་བཀོད་པ་ལྟ་བུར་སྔགས་དང་སྤེལ་ཏེ་ལྕགས་ཀྱུ་གཟུང་བའི་དུ་མ་སྐྱེས་མས་འགུག་པར་བྱའོ་ཞེས་པའི་དོན་ཏོ། གཏུན་ཤིང་གིས་ནི་དཀྲུག་པ་དང་ཞེས་པ་ནི་གང ་གི་ཚེ་དབུང་ལ་སོགས་པ་མངོན་པར་དཀྲུག་པར་འདོད་པ་དེའི་ཚེ་དུ་མ་སྐྱེས་མ་གཏུན་ཤིང་ལག་པར་གཟུང་བས་དབུད་ཐམས་ཅད་དཀྲུག་པར་བྱའོ། །རྡོ་རྗེ་ཁ་ཡིས་བཟའ་བར་བཤད་ཅེས་པ་ནི་རྡོ་རྗེ་གཟུང་བ་ལ་ཆེ་གེ་མོ་ཟོ་ཞིག ་ཅེས་བྱས་ན་གདུག་པའི་ཆོ་ག་ལ་ནི་ཟ་བར་འགྱུར་རོ། །དབུ་ཅིང་?་འདར་སྦྱར་བྱ་ཞེས་པའོ། །དུམ་སྐྱེས་མ་མངའ་ལག་ན་ཐོགས་པས་དབུག་པར་བྱ་ཞིང་འདར་བར་ཡང་ངོ། །འཆི་བདག་བླུ་བ་ནི་འཆི་བའི་དུ་སུ་དུམ་སྐྱེས་མ་ལག་པ་གཡོན་པར་ཁ་ཊཝཾ་ག ་གཟུང་བས་འཆི་བ་ལས་རྒྱལ་བར་བྱའོ། །མཚོན་ཆའི་ཁྱད་པར་འདི་ཐམས་ཅད་ཀྱིས་དུམ་སྐྱེས་མ་ཁྱད་པར་དུ་བྱས་པའོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཐོད་པར་མཆོད་ཡོན་སྦྱིན་པའོ། །ཞལ་དུ་མཚན་ཆ་དེས་པར་སྦྱར། །ཞེས་པ་ནི་སྔགས་ཀྱི་ཡི ་གེའི་ཕྲེང་བའི་སྔགས་བཞིན་དུ་སྦྱར་བར་བྱའོ། །ཞེས་པའི་དོན་ཏོ། །གཞུང་གཞན་དུ་ཡོད་པ་ནི་དོན་ཡང་གཞན་ཏེ་གོ་སླབ་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་གཉིས་སུ་མེད་པའི་ལས་དང་དུས་མ་ཡིན་པར་འཆི་བའི་འཆི་བདག་བླུ་བའི་ཆོ ་གའི་ལེའུ་སུམ་ཅུ་རྩ་ལྔ་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཞེས་པ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ནི་མཆོད་ཨ་ཆེན་པོ་སྟེ། སྔགས་ཀྱི་མཆོད་པར་གྲགས་ཤིང་བསྟན་པའོ། །འདིས་ནི་མྱུར་དུ ་དངོས་གྲུབ་ཀྱི་རྒྱུ་ཉིད་དེ་མཆོག་སྟེར་བའོ། །འདིས་ནི་ཕྱག་གྱའི་མཆོད་པ་ལ་ཐེ་ཚོམ་མེད་ཅིང་སོམ་ཉི་མི་བྱའོ་ཞེས་པའི་དོན་ཏོ། །འདི་ཉིད་ཀྱི་རྟོག་སླ་བར་བརྗོད་དོ། །མཚན་ཉིད་ལ་ནི་སྔགས་སྦྱར་བ། །མཁའ་འགྲོ་དཔའ་བོ་གཉིས་མེད་པས། །བློ་ལྡན ་མཁའ་འགྲོ་མ་དང་སྦྱོར། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་ཕྱག་རྒྱ་རེངས་པར་བྱེད་པའི་ལས་སོ། །གཞན་གྱི་ཕྱག་རྒྱ་རེངས་པ་དང་ཁ་ན་མ་ཐོ་བ་མེད་པའི་ཟས་ལས་བརྩམས་པར་བྱ་སྟེ། སྔགས་པས་མཁའ་འགྲོ་མ་སྦྱོར་བ། །སྙིང་པོ་རྣམས་ཀྱིས ་དེ་བཞིན་བྱ། ཞེས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་སྔགས་ཀྱི་དེ་བཞིན་དུ་ཆོ་ག་བྱའོ། །དཔའ་བོ་མཆོད་པའི་ཆོ་ག་ཤེས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །ཞེས་པ་ནི་འདིར་གསུངས་པའི་ཆོགས་དཔའ་བོ་ལ་མཆོད་པ་བྱས་ལ་ཕྱིས་ནི་ལས་ཡང་དག ་པར་བརྩམས་པར་བྱའོ། །ནམ་དབྱེར་དགའ་སྔགས་པ་ནི། །ཕྱིན་ཅི་མ་ལོག་ངེས་པར་སྦྱར། །ཞེས་པ་ནི་དེ་ལ་ལས་དང་རྗེས་སུ་མཐུན་པས་ཐ་དད་པར་བྱས་པ་ཉིད་ཀྱི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ལས་དང་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་དོན ་བསྟན་པར་བྱ་བའི་ཕྱིར། ཚད་གཅོད་པ་དང་ཞེས་གསུངས་སོ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་བའི་ལམ་དུ་སྦྱར་བར་བྱ། །ཞེས་པ་ནི་དེ་ཉིད་ལས་ཀྱི་ཚོགས་རྣམས་དབྱེ་བས་ཕྱེ་བ་ནི་ཐ་དད་དུ་བྱས་ནས་སྔགས་རྩའི་ལམ་སྟེ། རྡོ་རྗེ་དང་པདྨའི་ལམ་དུ་སྦྱར ་བ་ནི་ལྡན་པར་བསྟན་ནོ་ཞེས་སྦྱར་རོ། །སྦྱོར་བ་འདིའི་དོན་རྣམས་ལ། །འདི་ཡིས་རབ་ཏུ་བསྒྲུབ་བྱ་སྟེ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པ་འང་མྱུར་དུ་སྒྲུབ། །ཅས་པ་ནི་རྣལ་འབྱོར་གྱི་དོན་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དོན་དུ་གང་རབ་ཏུ་སྒྲུབ་པ ་ཕུལ་དུ་བྱུང་བར་བསྟན་པའི་སྒྲུབ་ཐབས་འདིས་ནི་དེ་ལ་ལྷ་དང་ལྷ་མ་ཡིན་དང་མི་ཡང་ཆར?་བཅད་པ་དང་རྗེས་སུ་གཟུང་བའི་ངོ་བོ་ཉིད་ཀྱིས་ནི་མྱུར་དུ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །གཞན་ལ་སོགས་བསྨོས་ཀྱང་ཅིང་གོས་ཞེས་དགོངས་སོ། །དཔལ་ཧེ་རུ ་ཀ་མངོན་པར་བརྗོད་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་དུ་ཕྱུང་བའི་ཆོ་གའི་ལའུ་སུམ་ཅུ་རྩ་དྲུག་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་དུ་བྱ་བ་ལ་སོགས་པའི་སྦྱོར་བ་སྟོན་ཏེ། གཟུགས་ན་ལུས་ཏེ་དག་ན ་པར་གནས་པ་གང་ཡིན་པའི་འཁྲུལ་འཁོར་ལ་སོགས་པས་སྐྱེ་འགྲོ་དབང་དུ་བྱེད་པ་ལ་སོགས་པ་དེ་བཤད་པར་བྱའོ་ཞེས་སྦྱར་རོ། །གལ་ཏེ་ཇི་ལྟ་བའི་དོན་ནི་འདིའི་དོན་ནོ། །ཕན་སུན་སྦྱར་བའི་གསང་སྔགས་ནི་ཞེས་པ་ནི་གཉིས་ཀའི་རྩ་བའི ་སྔགས་གཅིག་ཏུ་བྱ་བའོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་པ་ནི་དེ་ཉིད་ཀྱི་དོན་གསལ་པར་བྱས་པའོ། །དེ་ལ་འདིའི་རིམ་པ་ནི་གང་ཟོས་ནས་བཟླས་པའི་མཐར་སྐྱུགས་པ་ལན་བརྒྱར་བཀྲུས་ལ་ཡན་ལག་བརྒྱད་ཀྱི་དྲི་མ ་དང་བཅེས་པའམ་ཡང་ན་ཡན་ལག་ལྔའི་དེ་མའོ། །སྒོ་དགུ་ལས་བྱུང་བའི་རྫས་དང་བསྲེགས་པའི་ག་བུར་དང་བསྲེས་ལ་གཉིས་ཀའི་རྩ་བའི་སྔགས་ཀྱིས་ཞག་བདུན་དུ་མཐུན་མཚམས་བཞིར་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཕྱིས་ནི་བཟའ་བ ་དང་བཏུང་བ་ལ་སྦྱར་ན་ཇི་སྐད་གསུངས་བ་བཞིན་དུ་འགྱུར་ཏེ་ཐེ་ཚོམ་མེད་དོ་ཞེས་པའི་དོན་ཏོ། །སེར་སྐྱ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་བཞིན་དུ་གལ་ཏེ་ལས་ནི་མི་གཏོང་ན་ཞེས་པ་ནི་གལ་ཏེ་འདི་ལ་སྨན་ཡང་མི་བཏང་པར་བྱ་བ་སྟེ། གང་གི་ཆོ་བཟའ་ ་བ་ལ་སོགས་པ་ལ་ཡང་ཞེས་དགོངས་སོ། །བྱུག་པ་ནི་འཐུངས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གསལ་པོར་སྔགས་ཀྱིས་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབས་པ་ནི་མཆོག་ཏུ་ལྷག་པར་ཤེས་པར་བྱའོ། །བ་ལང་ཤ་བསྲེག་སྦྱིན་སྲེག་དང་ཞེས་པ་ལ་བ ་ལང་གི་ཤ་དེའི་ཁྲག་གེས་བསྐུས་པ་དབང་དུ་བྱ་བའི་ཐབ་ཁུང་དམ་ལས་ཐམས་ཅད་པའི་ཐབ་ཁུང་དུ་གང་གི་མིང་ནས་སྨོས་ཏེ་ཞག་བདུན་དུ་ཐུན་མཚམས་བཞིར་སྔོན་དུ་གསུངས་པ་བཞིན་དུ་སྦྱིན་སྲེག་བརྒྱ་བྱའོ། །དེའི་མདུན་དུ་ཤ་ཞེས ་བྱ་བ་ལ་སོགས་པ་ནི་འདིས་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་ཡང་དབང་དུ་འགྱུར་བསྟེ། དཔའ་བོ་ལ་སོགས་པ་ཐམས་ཅད་??་པར་དབང་དུ་འགྱུར་རོ་ཞེས་དགོངས་སོ། །གལ་ཏེ་ཇི་ལྟར་གསུངས་པ་བཞིན་དུ་མི་འགྱུར་རམ་སྙམ་ན་ཐེ་ཚོམ ་མེད་ཅེས་བྱའོ། །ཤ་ནི་དེའི་མདུན་དུ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་གསུངས་པའི་མདོག་དམར་བའི་ལྷའི་གཟུགས་སུ་བདག་ཉིད་བསམས་ལ། དགུག་པའི་ཐབ་ཁུད་དམ་ལས་ཐམས་ཅད་པའི་ཐབ་ཁུང་དུ། དེའི་མདུན་ནི་དཔལ་ཧེ་རུ་ཀའི ་མདུན་ནམ་དེའི་སྒྲས་བདག་ཉིད་ཁ་རུ་ཕྱུགས་ཀྱི་ཤེས་གང་གི་མིང་དང་ཐུན་མཚམས་བཞི་རུ་གསུངས་པའི་སྦྱིན་སྲེག་བརྒྱ་བྱའོ། །མཁས་པ་ཞེས་པ་ནི་པཎྜི་ཏ་ཞེས་པའི་དོན་ཏོ། །སྦྱིན་སྲེག་མཐར་ཞེས་པ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་?? ་གི་བདག་ཉིད་ཀྱི་དབང་དུ་བྱས་པ་ལྷག་བྱེད་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་བདུན་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དཔའ་བོ་ཡན་ལག་དབྱེ་བ་ནི་ཞེས་པ་ནི་དཔའ་བོ་རྣམས་ཀྱི་ཡན་ལག་གི་དབྱེ་བ་ནི་མདོག་དང ་ཞལ་དང་ཕྱག་རྒྱ་མཚོན་ཆ་ལ་སོགས་པའོ། །དཔའ་བོ་དབང་ཕྱུག་ནི། དགོངས་ཤིང། ཞེས་པ་ནི་དམ་ཚིག་གི་སྤྱོད་པ་ལས་འདས་པ་ལ་བཅོམ་ལྡན་འདས་ཀྱིས་མི་གཟིགས་སོ་ཞེས་པའི་དོན་ཏོ། །མི་གདོན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བའི་དོན་ཉིད ་དོ། །བྲམ་ཟེ་གསོད་པ་ཞེས་པ་ནི་དེ་བཞིན་གཤེགས་པ་གསོད་པ་པོ་ཡིན་ཏེ། ཡང་དེ་ལ་ཐེ་ཚོམ་མི་བྱའོ། །ལྷག་མིན་གོ་སླའོ། །ཡང་དག་རབ་སྦྱིན་ཉིད་རིག་ཅིང་ཞེས་པ་ནི་དེ་ནས་ཁམས་གསུམ་གྱི་བདེ་པ་གང་ཡིན་པ་དེ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་པའི ་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་གང་ལེགས་པར་སྐྱེས་བའི་སྲོག་ཆགས་རྣལ་འབྱོར་བ་གསོད་ནམས་མཐོང་བ་དེའི་རྒྱུས་བརྟག་པར་དཔའ་པོ་ཆེན་པོ་ཉིད་དཔལ་ཧེ་རུ་ཀ་རྒྱལ་པོ་རོལ་པ་དང་ལྡན་པའོ། །དེ་རྣམས་ཀྱི་སྙིང་ལ་གནས་པ་ནི་དཔའ་བོ ་དང་རྣལ་འབྱོར་མའི་གཉིས་སུ་མེད་པ་ལ་གནས་པ་ལ་ཇེ་ཚོམ་མེད་དོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་མའི་གནས་དད་གསང་བའི་དཔའ་བོའི་གཉིས་སུ་མེད་པ་ལ་དམིགས་པའི་ཆོ་གའི་ལེའུ་སུམ་ཅུ་རྩ་བརྒྱད་པའི་འགྲེལ ་བའོ།། །།དེ་ནས་མདའ་ཡི་རྣལ་འབྱོར་ཆེ། ཞེས་པ་ནི་མངའ་ནི་ཚོགས་པ་སྟེ་བཞད་པ་རྣམ་པ་བཞི་དགོད་པར་བྱའོ། །དཔའ་བོ་རྩ་བའི་སྔགས་ཀྱི་རྣམ་པ་བཞི་ནི་ཀི་ལི་ཀི་ལི། ཙི་ལི་ཙི་ལི། སི་ལི་སི་ལི། དྷི་ལི་དྷི་ལི། ཞེས་པ་དང་མཁའ་འགྲོ་མཱི ་རྩ་བའི་སྔགས་ཀྱི་ཧ་ཧཱ། ཧེ་ཧེ། ཧོ་ཧཽ། ཧུཾ་ཧཱུཾ། ཞེས་པའི་ཚིག་གཞན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཧ་ཧཱ་ཞེས་དགོད་པ་སྟོན་པའི་སྔགས་ཀྱི་ཆོ་གའི་ལེའུ་སུམ་ཅུ་རྩ་དགུ་པའི་འགྲེལ་པའོ།། །།དེ་ནས་ད ་ནི་ཞེས་བྱ་བ་ལ་སོགས་པས་མཐུས་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་སྟོན་ཏེ??་ལ་སོཌ་པ་ཉ་དང་ཤ་ལ་སོཊ་པ་ལྡན་པ་ཞེང་ནི་སྒྲོན་མ་ནི་ཐུན་མོངས་གི་ཤ་ལ་སོགས་པར་བལྟ་ཞེས་བརྗོད་པའོ། །འདི་ནི་སྦྱིན་སྲེག་སྟེ། དེལ་ཡང་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི ་སྦྱིན་སྲེག་དང་ལུས་ཀྱི་སྦྱིན་སྲེག་གོ། །འདི་ཉིད་ཀྱི་ཕྱིར་ཤ་དང་ཉེ་དང་ལྡན་པར་ནི་ཞེས་གསུངས་སོ། །གནས་སྐབས་ཐམས་ཅད་དུ་དགའ་ཞིང་བདེ་བར་གནས་པའི་དཔའ་བོའི་གཙོ་བོ་དཔལ་ཧེ་རུ་ཀའི་སྒྲུབ་པ་པོ་ལ་བྱིན་ན། རྒྱ་ཆེ་བས་སེམས་དགྱེས ་ཤིང་དགའ་བས་འགྲུབ་པོ་ཞེས་སྦྱར་རོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ་ཞེས་པ་ནི་མཚན་མོ་ངེས་པར་ལུས་ལ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །བརྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རིགས ་ལྔ་དབང་དུ་བྱ་བ་དང། ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཐབས་ཀྱི་ཚེ་གའི་ལེའུ་བཞི་བཅུ་པའི་འགྲེལ་པའོ།། །།དེ་ནས་ཞེས་པ་ནི་རྗེས་ཐོགས་སུ་ལས་ཀྱི་མཆོག་གཙོ་བོ་སྒྲུབ་པ་པོ་གད་གིས་ཤེས་ན་མཐུན་རྫོགས་པར་འགྱུར་བ ་དེ་བརྗོད་དོ་ཞེས་སྦྱར་རོ། །བཅུ་གཉིས་ནི་དབང་དང་དགུག་པ་གཉིས་གཅིག་།བསད་པ་དང་བསྐྲད་པ་གཉིས་གཅིག་ཏུ་བྱས་པ་ལ་བལྟོས་ནས་བརྗོད་པའོ། །ཤར་དང་བྱད་གི་གནས་ཞེས་པ་ནི་གནས་ལ་སོགས་པ་ཐམས་ཅད་ཀྱི་གནས་ནམ་མཁའ་ ་འགྲོ་མས་ཀྱང་ཐམས་ཅད་ཁྱབ་པོ་ཞེས་པའི་དོན་ཏོ། །འདིས་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་གནས་གསལ་བར་བྱས་པས་མཁའ་འགྲོ་མ་ཡེ་ཤེས་དང་ལྡན་པའོ། །རང་སྐྱེ་གནས་ཡུལ་དང་ཡུལ་དུ་མངོན་པར་སྐྱེས་ཞེས་པ་ནི་བསྟན ་བའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་གཙོ་བོ་སྟེ། །དེ་ནི་མཁའ་འགྲོ་མ་རུ་བཤད་ཅེས་པ་ནི། རྡོ་རྗེ་དཀྱིལ་འཁོར་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རོ། །དེའི་གཙོ་བོ་ནི་བདག་པོ་ཞེས་པའི་དོན་ཏོ། །ཀུ་ལུ་ཏཱ་དང་དགོན་པ་དང་ཞེས་པ་ནི་དགོན་པ་ནི ་མྱ་ངན་གྱི་ས་གཞིའོ། །དགོན་བ་དང་རཱ་མེ་ཤྭར་དང་པུལླིར་མ་ལ་ཡ་ནི་རང་ངེས་པར་གནས་ཀུན་གྱི་གཙོ་ཉིད་ཀྱི་ཕྱིར་རོ། །དེ་ནི་གདམས་དག་གི་གོ་བར་བྱའོ། །པུལླིར་མེ་ལ་ཡ་ནས་བརྩམས་ཏེ་གོ་རིམ་བཟློག་པས་ཡུལ་ཐམས་ཅད་གཟུང་དོ། ། ་ཡུལ་འདི་དག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་མ་དྲུག་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏུ་མོའི་བར་མ་མོ་དྲུག་དང་ཁྭ་གདོད་མ་ལ་སོགས་པའོ། །ལཱ་མ་ནི་ལཱ་མའི་རིགས་སོ། །དྲག་པོའི་རྣལ་འབྱོར་མ་རིགས་ཀྱི་གཙོ་མོའི་མཁཱ ་འགྲོ་མ་ལ་སོགས་པ་རིག་བཞིའི་ལྷ་སྟེ། རབ་ཏུ་གཏུམ་མོ་ལ་སོགས་པ་འཁོར་ལོ་གསུམ་ལ་གནས་པའོ། །ནག་པོ་ཆེན་པོ་ནི་འཇིགས་བྱེད་ཆེན་པོའོ། །གཞུང་གཞན་ནི་གོ་སླའོ། །མཁའ་འགྲོ་མ་ཞེས་པ་ནི་ལྷན་ཅིག་གི་དོན་གྱིས ་གསུམ་པའོ། །ཇི་ལྟ་བུར་གྱུར་བ་ནི་བཅས་པའི་གཟུགས་ཅན་མ་སྟེ་གཟུགས་ཅན་མ་དང་བཅས་ཞེས་བྱའོ། །གཟུགས་ཅན་མ་ཞེས་པ་ནི་གཞན་གཟུགས་ཅན་མ་དང་འོ་བྱེད་མ་དང་ས་བི་ལི་ཀ་ལ་སོགས་པ་ཐ་དད་པར་གྱུར་བ་ནི་གཟུགས ་ཅན་མ་དང་བཅས་པ་ཞེས་བལྟ་བར་བྱའོ། །གཞན་ཐམས་ཅད་ནི་གོ་སླའོ། །པཉྩ?་ལ་ཞེས་པ་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་ལས་གཞན་ཉིད་ཀྱིས་འགྲུབ་པའི་གནས་ཀྱི་ཡུལ་ལོ། །དེ་ལྟར་ལ་སོགས་པ་ནི་ཉེ་བར་མཚོན་པ ་ཙམ་སྟེ་ཡང་བརྗོད་པ་ནི་གསེར་གླིང་ན་སྟོང་ཕྲག་ཉི་ཤུ་རྩ་གཅིག་གྲུབ་བའི་རྣལ་འབྱོར་མགོ་རིམ་དང་གོ་རིམ་མ་ཡིན་པཱི་གཟུགས་ཀྱིས་ཐམས་ཅད་དུ་འཁོར་རོ། །འཁོར་ལོ་གསུམ་ལ་གནས་པ་ཡང་པུལླིར་མ་ལ་ཡ་ལ་སོགས་པའི་གནས་སུ་རབ་ཏུ་གཏུམ ་མོ་ལ་སོགས་པ་ཇི་ལྟར་གོ་རིམ་མ་ཡིན་པར་སྦྱར་བར་བྱའོ། །གཞན་ཡང་ལྷག་མའི་སྤྱོད་པ་ནི། ཧེ་རུ་ཀ་དང་རྣལ་འབྱོར་མ། །བསྲུབ་པ་ཆེན་པོར་སྦྱོར་བར་གནས། ཞེས་པ་ནི་དཔལ་ཧེ་རུ་ཀ་དང་བསྲུབ་པ་ཆེན་པོར་རུང ་པའོ། །དེའི་ཞེས་པ་ནི་དམིགས་ཀྱིས་དགར་བའི་དྲུག་པའོ། །དཀྱིལ་འཁོར་གཙོ་མོ་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་འདིས་ཁྱབ་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལ་ཞེས་སྦྱར་རོ། །ཡང་ན ་རྒྱུ་དང་མི་རྒྱུ་འགྲོ་ཞེས་པ་སྟེ། རྒྱུ་བ་དང་མི་རྒྱུ་བའི་སའི་དཀྱིལ་འཁོར་གང་བའམ། རང་བཞིན་གྱི་གཟུགས་བསྲུབ་པ་དང་བསྲུབ་པར་རུང་བ་ཕྱི་རོལ་གྱི་ཡན་ལག་ཀྱང་ངོ། །འོན་ཀྱང་གཞན་གྱིས་སྤྱོད་ན་དེ་ཡང་གཞན་གྱི་རྩི་ཚོཊ་ཀྱིས་མི་རིཊ་པོའ། །དེ་ནི་ཆོག་གི་སྤྱོད ་པའོ། །འདི་ནི་དང་པོ་ལ་གསུམ་པར་བལྟ་བར་བྱའོ། །དེ་དང་ལྷན་ཅིག་ཏུ་གཅེད་བུར་རྟག་ཏུ་མཚན་མོ་ཞེས་སྦྱར་རོ། །ལྷག་མ་ནི་བརྗོད་པའི་དོན་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡི་གེ་ཉི་ཤུ་རྩ་བཞིའི་སྦས་པའི་དཀྱིལ་འཁོར ་དགོད་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་གཅིག་པའི་འགྲེལ་པའོ།། །།དེ་ནས་དཔའ་བོ་ཞེས་པ་ནི་གོ་སླའོ། །མེ་ཏོག་ཆུ་ཞེས་པ་ནི་མེ་ཏོག་དང་ལྡན་པ་འཕྲལ་དུ་བྱུང་བའི་མེ་ཏོག་གི་བཅུད་ཅེས་པའི་དོན་ཏོ། །སྔགས་འདི་ཞེས ་པ་ནི་བཞད་པའི་སྔགས་སོ། །གཞན་ནི་རྩ་བའི་སྔགས་སམ་ཡི་གེ་བདུན་པའི་སྔགས་སུ་སྟོན་ནོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་སྦྱིན་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པ་སྦྱིན་པའོ། །རེག་དང་ལྷན་ཅིག་??་མོ་ཆེ། ཞེས་པ་ནི་རྡོ་རྗེ་ཕག ་མོའོ། །བདེན་པས་ཚངས་པར་སྤྱོད་པ་ནི་དབུས་ལས་གཞན་དུ་དང་པོ་དང་ཐ་མར་གསོང་པོར་སྨྲ་བ་སྟེ། དང་པོ་དང་བར་དང་ཐ་མར་རང་གི་བདག་ཉིད་ལ་དེ་ཡིས་དེ་ལྟར་ཕྱག་རྒྱའི་རོལ་པ་གཙོ་བོས་བཞད་པས་དགྱེས་པར་བྱེད་དོ ་དེ་བཞིན་དུ་ཕྱག་རྒྱ་རྣམས་དབང་དུ་བྱ་བར་སྟོན་ནོ། །བལྟ་བའི་བསྙེམས་པ་ཞེས་པ་ནི་བལྟ་བ་རྟོགས་པའི་བསྙེམས་པའི་བདག་ཉིད་གང་ཡིན་པ་དེ་ནི་བལྟ་བའི་བསྙེམས་པ་སྟེ། དེ་ལྟར་ཁྱད་པར་ཅན་གྱི་ཕྱི་རོལ་གྱི་ཡན་ལག་དང་སྙན ་གྲགས་སུ་འགྱུར་བའོ། །བཞུང་གཞན་ནི་གོ་སླའོ། །བྱ་ཞེས་པ་འདིས་ནི་བཞད་པ་དེ་ཉེ་བར་མཚོན་པ་སྟེ་ཀུན་ཏུ་བདེ་བ་ཆེན་པོའི་བདེ་བས་ནུབ་མོ་དང་ཉིན་མོ་སྤྱད་པར་བྱ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་ལས་ཀྱི་ཞེས་བྱ་བ་ལ་སོགས་པས ་སྒྲུབ་པ་བོ་མཐོང་ན་གྲུབ་པའི་ལྷ་མོ་སྔོན་མ་བྱུང་བའི་གཟུགས་ཀྱི་བྱ་བ་བྱེད་དོ། །དེའི་ལས་དང་ལས་ཀྱི་ཡན་ཡང་སྟོན་པའོ། །ལྷ་མོའི་བྱ་བ་ནི་རྡོ་རྗེ་ལ་ནི་བསྒོམ་མི་བྱེད་ཅེས་པ་ལ་སོགས་པའོ། །སྒྲུབ་པ་པོའི་བྱ་བ་ནི་དབུགས་འབྱིན་ཞེས ་པ་ལ་སོགས་པས་བྱེད་པའི་དོན་ཏོ། །སྡུད་དང་ཞེས་པ་ནི་གར་གྱི་ཁྱད་པར་རོ། །སྣ་ཚོགས་ནི་གང་སྣ་ཚོགས་ཀྱི་དབང་ཕྱུག་ཡང་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་ལས་ནི་འདི་ཉིད་ཀྱི་སྔོན་དུ་བསྟན་པའི་རིམ་པས་སོ། །གཞུང་གཞན་ནི་གོ་སླ ་འོ། །ཕྱག་རྒྱ་སྔགས་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ནོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྒོད་པའི་སྔགས་རྣལ་འབྱོར་མའི་གབྲུགས?་སྤྲུལ་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་གཉིས་པའི་འགྲེལ་པའོ།། །།དེ་ནས་བལྟ་བ ་བཤད་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གོ་སླའོ། བཞི་མངོན་པ་ནི་གནོད་མཛེས་ཀྱི་སྔགས་སོ། །གཞུང་གཞན་གྱི་ཡང་སྔགས་ནི་འདིའོ། །གྱིས་ཞེས་བྱ་བ་ལ་སོགས་པས་འདི་རྣམས་ཀྱི་མཆོད་པ་ནི་ཤིན་ཏུ་སྦ་བར་བྱ་བ་ཉིད་དུ་སྟོན་པའོ། ། ་མེ་ཏོག་ཅེས་བྱ་བ་ལ་སོ་སད་པ་ནི་སྒྲུབ་པ་པོའི་མཐུ་ཐམས་ཅད་ཀྱི་མཚན་མ་སྟོན་ཏེ། གང་གིས་སྔགས་ཀྱིས་མངོན་པར་སྔགས་པའི་མེ་ཏོག་ནམ་མཁའ་ལ་གཏོར་ཏེ། དེ་ལ་མེ་ཏོག་གཅིག་ཙམ་ཡང་ས་ལ་མི་ལྟུང་ན་དེའི་ཆོ་དེ་ཉིད་བྱེད་པའི ་ནུས་པ་རྒྱས་པའོ། །ལྷ་དང་མི་ལ་སོཌ་པས་ཀྱང་མི་རིག་གོ་།གཞུང་གཞན་ཡང་འདིའི་དོན་ནོ། །ཤིང་ཞེས་བྱ་བ་ལ་སོགས་པས་ཡི་གེ་བདུན་པའི་སྔགས་སྔོན་དུ་བསྙེན་པ་རྣམ་པ་མང་པོའི་ཆོགས་བསྟན་བའོ། །རང ་གི་ལུས་ལ་རྣམ་བཀོད་དེ། ཞེས་པ་ནི་སྤྱི་བོ་དང་དཔྲལ་བ་དང་མིག་གཉིས་རང་ཁ་དང་ཕྲག་པ་དང་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་མདོག་དཀར་བའི་ཡི་གེ་བདུན་གྱི་བདག་ཉིད་དགོད་པར་བྱའོ། །ལྷག་མ་ནི་གོ་སླའོ། །དུས་མ་ནི་འཆི་དང་བཅོམ་པ་དང་ཉམས ་ཞེས་པ་ནི་ཚེ་འཕེལ་བ་དང་འཆི་བ་ཉམས་པ་སྟེ། སེམས་ཅན་ཉམས་ཤིང་འཆི་བ་ཡང་ཞེས་པའི་དོན་ཏོ། །རལ་གྲི་ཞེས་བྱ་བ་ལ་སོགས་པས་ནི་པྲ་རྟོག་པའི་ཆོས་སྟོན་ནོ། །ཉི་མའི་དབུས་སུ་བསམ་ཞེས་བྱ་བ་ལ་སོགས་པས་ནི་བསྒྲུབ་བྱའི ་ནད་ཉེ་བར་ཞི་བར་སྟོན་ཏེ། ཡི་གེ་བདུན་པ་བཏུས་པ་འམ་བརྒྱ་བཟླས་བའམ་དངོས་སུ་བཀོད་པའོ། །དེ་ལ་ཉི་མའི་དབུས་སུ་ནང་ཀྱིས་གཟུང་བའི་བསྒྲུབ་བྱ་ཡང་དག་པར་བཞག་ནས་རྣམ་པ་སྟོང་དུ་བཟླ་ཞིང་དེའི་ལུས་དག་པ་ཤེལ ་ལྟ་བུར་དྲི་མ་མེད་པར་བསམས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་བ་ལ་ཐེ་ཚོམ་མེད་དེ་འདི་ནི་གདམས་ངག་གོ། ཡང་དཔེར་གཟུང་ན་མཐེ་བོད་གི་ཕྱེད་ཙམ་གྱི་ཤེལ་ལྟ་བུ་དྲི་མ་མེད་པ་འོད་འབར་བའི་རྣམ་པར་ཤེས་པ་དམིགས་ནས ་སོས་བར་འགྱུར་རོ། །ཟླ་བའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལྔ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ལ་རེ་མིག་ལྔ་བྱེད་པས་རེ་མིག་དགུར་འགྱུར་རོ། །དེ་ལ་འདིའི་དགོད་བ་ནི་གཡོན་པའི་ལག་པར་ཟླ་བ་དང་འཁོར་ལོ་ལ་གོ་རིམ་ཡིན་བ ་དང་གོར་ནི་གྱིས་རེ་མིག་དགུར་དགོད་པར་བྱའོ། །དྲུག་པའི་ཕཊ་ནི་མཚམས་ཀྱི་ཆ་རུ་ཞེས་བྱའོ། །འདི་ས་ནི་གཡོ་བ་དང་མི་གཡོ་བའི་དུག་གིས་གཟུང་བ་དེའི་སྤྱི་བོར་བཀོད་པ་དེ་ཉིད་ལས་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་ཁྱབ་ནས ་དུག་མེད་པར་བསམས་པར་བྱའོ། །དེས་ནི་སོས་པར་འགྱུར་རོ། །དེ་ལྟར་རིམས་ལ་སོགས་པ་ཡང་སེལ་ལོ། །སྔགས་པ་རང་ཉིད་ཀྱི་བཟའ་བ་དང་སྟོན་མོ་ལ་སོགས་པ་ཆོ་ག་འདིས་ལོངས་སྤྱད་པར་བྱ་བ་ནི་གདམས་དག་གོ། ཕྱུགས་ཀྱི་ཤ་དང་མངར ་གསུམ་བཏགས། ཞེས་བྱ་བ་ནི་གོ་སླའོ། །ལུས་ཀྱི་སྦྱོར་བ་དང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་རང་ཉིད་ནི་བདུད་རྩིས་རྒྱས་པའི་དཀྱིལ་འཁོར་ལ་སྦྲུལ་བའི་སྐུ་སྔོན་དུ་འགྲོ་བས་ཆོས་ཀྱི་སྐུའི་ངོ་བོ་ཉིད་སྔགས་ཀྱི་ཡི་གེ་བལྟས་ལ་དེ་དག་གཏོཊ ་པའི་ཡིད་ཀྱིས་སྔོན་དུ་བསྟོན་པའི་ཆུ་ལ་སོགས་པར་བཟླས་པ་བྱའོ། །ལུས་ཀྱི་སྦྱོར་བ་དང་པོའོ། །ཉེ་བའི་སྙིང?་པོ་ལ་སོགས་པའི་སྔགས་འབུམ་ལ་སོགས་པ་བཟླས་པའི་རིམ་པས་ཡོངས་སུ་བརྟག་པར་བྱ་བ་ནི་གཉིས་པའོ། །ཡིད་ཀྱི ་ནུས་པས་དེ་བཞིན་དུ་བྱིན་ནས་ལས་ཀྱི་རྗེས་སུ་འབྲད་སྟ་ཕྱི་རོལ་ཏུ་སྤྱད་བར་བྱའོ། །གསུམ་པ་དག་ནི་དག་ཉིད་ཀྱིས་ཞེས་བྱའོ། །ཡང་ན་གཞུང་གཞན་ལ་སོགས་པ་ནི་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་དང་ལྡན་བའི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པའི ་ལག་པ་གཡེན་པར་ཡང་འདི་ཉིད་ཀྱི་དཔའ་བོའི་སྔགས་བསམས་ལ། དེར་གཏོགས་པའི་ཡིད་ཀྱིས་ཤིང་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དེ་ལས་བཟླས་པར་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སྲའོ། །དཔལ་ཧེ་རུ་ཀ་མངོན ་པར་བརྗོད་བཱི་སྙིང་པོ་ད་ཉེ་བཱི་སྙིང་བཱོ་ལཱ་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་གསུམ་པའི་འགྲལ་པའོ།། །།དེ་ནས་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དུར་ཁྲོད་ཀྱི་རས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རོའི་གོས་སོ། །བའི་འོ་མ་ནི་བ ་རང་ཉིད་ཀྱིའོ་མའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཡི་གེ་བདུན་དང་རྣལ་འབྱོར་མ་དྲུག་གི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་བཞི་པའི་འགྲེལ་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི་ཞེས་བྱ་བ་ལ་སོགས་པ་ལ་སྣ ་ཚོགས་པའི་དངོས་གྲུབ་སྟོན་ཏེ། རྟ་གསོད་མེ་ཏོག་དག་གིས་ནི། ཞེས་པ་ནི་རྟ་གསོད་ནི་ཀ་ར་བཱི་རའོ། །གཞན་ནི་གོ་སླའོ། །སྐྱེ་གནས་རྒྱ་ནི་བཅིངས་ནས་སུ། ཞེས་པ་ནི་ཕྱི་རོལ་གྱི་ཡན་ལག་གཅན་དང་ཁ་སྦྱོར་དུ་བྱའོ། །གཞུང ་གཞན་གྱི་ཚིག་ནི་རྟོགས་སླའོ། །ལྷག་མ་ནི་གོ་སླའོ། །སྤྲ་ཆིལ་གྱིས་ནི་རབ་ཏུ་བྱུགས། ཞེས་པ་ནི། སྤྲ་ཆིལ་ལ་གཟུགས་བརྙན་བྱས་པ་ཙན་དན་དམར་པོའི་ཕྱེ་མ་དང་ཚ་བ་གསུམ་གྱིས་བྱུག་པར་བྱ་ཞེས་སྦྱར་རོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད ་པའི་རྣལ་འབྱོར་མ་དྲུག་གི་ཚིག་གྲུབ་པ་དང། དགུག་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་ལྔ་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །ཧ་རྣམ་པ་ལྔ་ལག་པར་མཉེ་ཞིང་བསྐྱལ་ཆིག་དང་བཅས་པ་ནི་གདམས་ངག ་སྟེ། འདིར་དེའི་ཡང་གདམས་ངག་ནི་རྟག་ཏུ་རྣལ་འབྱོར་མའི་དཀྱིལ་འཁོར་གཉིས་བྲིས་པའི་སྦྱོར་བས་ཧ་རྣམས་པ་ལྔ་ལག་པའི་དབུས་སུ་དབང་ལྡན་ནས་གོ་རིམ་མ་ཡིན་པས་བྲི་བར་བྱའོ། །གང་གི་རྐང་རྗེས་ཀྱི་རྡུལ་དང་དུག་དང་ཁྲག་དང ་སྐེ་ཚེ་ལག་པ་གཉིས་ཀྱི་མཐིལ་དུ་བྱུགས་ཏེ། དེའི་སྟེང་དུ་ལྡོང་རོས་དང་ཐོད་ལེ་ཀོར་ལ་སོགས་པ་ཀ་བི་ཏཱི་སྒྱུ་གུས་ཧ་རྣམ་པ་ལྔ་བྲིས་ལ་སྦྱིན་སྲེག་བྱ་དེ་ལྟར་བྲི་བར་རྟོག་པའོ། །བྱ་བ་འདིར་དེ་བཞིན་དུ་བལྟས་ལ། སེང་ལྡེད་གི་སོལ་བ་འམ ་རོ་བསྲེགས་པའི་སོལ་བས་ལག་པ་གཉིས་མཉེ་ཞིང་བསྐུལ་ཚིག་དང་བཅས་པས་སྦྱིན་སྲེག་བྱས་ན་ཁ་ནས་ཁྲག་སྐྱུག་ནས་དེ་མ་ཐག་ཏུ་དགྲ་བོ་འཆི་བར་འགྱུར་རོ་ཞེས་པའི་དོན་ཏོ། །རང་གི་ཁྲག་ནི་ཐོད་གནས་པ་དང། ཞེས་པ་ནི་དེ་ལྟར ་ཐེ་ཚོམ་མེད་པ་ཉིད་དོ། །བྱི་ལ་སོགས་པའི་ཤ་མཁའ་འགྲོ་མ་རྣམས་ལ་ཤིན་ཏུ་བསྔགས་པར་སྟོན་ཏེ་བྱི་ལ་ལ་སོགས་པས་སོ། །དཔའ་བོ་ཞེས་པ་ནི་ཡི་གེ་བདུན་པའི་སྔགས་སོ། །ཡི་གེ་རེ་རེ་ཞེས་པ་ནི་ཡི་གེའི་གྲངས་ཀྱིས་འབུམ ་བཟླས་པ་བྱའོ་ཞེས་པའི་དོན་ཏོ། །ཡང་ན་ཇི་ལྟ་བའི་དོན་དུ་བྱས་པ་སྟེ། དེ་ལ་ཡང་འབུམ་ཕྲག་ལྔ་ཞེས་པ་ནི་མངལ་འཕོ་བ་སྟེ། ཇི་སྲིད་དུ་ཁུ་ཚུར་མ་བཀྲོལ་གྱི་བར་དུའོ། །ལྷག་མ་ནི་བརྗོད་པའི་དོན་ཉིད་དོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི ་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་དྲུག་པའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉིན་ཞག་དང་པོ་ལ་ཞེས་པ་ནི་དང་པོ་ལ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱ་ཞིང་ཕྱིས་ནི་སྟོང་ཕྲག་བརྒྱད་བྱའོ ་ཞེས་སྦྱར་རོ། །ལྷག་མ་ནི་གོ་སླའོ། །ཀ་ཀ་ན་འདིའི་འབྲས་བུ་ཞེས་པ་ནི་གཎྜོ་ལིའི་འབྲས་བུའོ། །ཁྱིར་བྱ་བར་འདོད་ན་ནི་ཞེས་པ་ནི་རོའི་མེ་ཏོག་དང་སོ་ཏོག་གོ། །མགོ་བོ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པའི་སྲེ་མོའི་ཐོད་པའི་ནང་དུ་གཏོགས་པར ་ལྕགས་ཀྱི་སོ་ཏོག་གུར་ཀུམ་དང་ལྷན་ཅིག་ཕྱེ་མར་བྱས་ཇི་ལྟར་གསུངས་པའི་རྗེས་སུ་གནས་པ་ནི་གདམས་ངག་གོ། བྱ་ཆེན་པོའི་གནས་ཞེས་པ་ནི་འུག་པའི་ཚད་དོ། །ཅེས་སྤྱད་གི་མགོ་འམ་འབྲས་སོ་བ་འམ་ཀུ་ཤ་དང་བྲི་ཧ་ཏིའོ། །དཔལ་ཧེ་རུ་ཀ ་མངོན་པར་བརྗོད་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཐམས་ཅད་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་བདུན་པའི་འབྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོའི་སྔགས་སྟོན་ཏེ ་བཟང་པོ་བྲིས་ནས་མཆོད་པར་བྱ་ཞེས་པ་ནི་རླུང་དང་མེད་དང་ཆུ་དང་ས་དང་རུས་སྦལ་དང་སྣ་ཚོགས་ཀྱི་རྡོ་རྗེ་དང་སྣ་ཚོགས་ཀྱི་པདྨའི་སྟེང་དུ་རི་བདུན་གྱིས་ཡོངས་སུ་བསྐོར་བའི་རི་རབ་བསམས་ལ། དེའི་སྟེང་དུ་འཁོར་ལོ་གསུམ་ལ་སོགས་པའི་རིམ ་པ་དེས་པར་རྫོགས་པ་བསྟན་པའོ། །དཔའ་བོ་རྣམས་ཀྱི་དཔའ་ཉིད་ནི་ཞེས་པ་ནི་གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པའོ། །དཔལ་ཧེ་རུ་ཀ་རྒྱལ་པོ་ཞེས་པའི་དོན་ཏོ། །ཧ་ཧཱ། ཧེ་ཧཻ་ཞེས་པ་ནི་འཁོར་ལོ་གསུམ་གྱི་ལྷ་རྣམས་ཀྱི་ང ་རྒྱལ་གྱི་སྔགས་ཆེན་པོ་ཧ་ཧཱའི་བཞད་པ་བསྟན་པའོ། །དཔའ་བོ་ཉི་ཤུ་རྩ་བཞིའོ། །མཁའ་འགྲོ་མའི་སྡོམ་ཞེས་པ་ནི་གོ་རིམ་མ་ཡིན་པས་བསྟན་པའི་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པ་དང་མྦར ་འགྲོ་མ་རྣམས་ནམ་མཁའ་ལ་འགྲོ་བ་དང་མཁའ་འགྲོ་མ་རྣམས་ཀྱི་ཕྱོགས་བསྒོམ་པ་ཞེས་པའི་དོན་ཏོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །འགྲོ་བ་འདི་དག་ཐམས་ཅད་ཁྱབ། ཅེས་པ་ནི་དཔའ་བོ་ཉི་ཤུ་རྩ་བཞི་ཞེས་རྟོགས་པར་བྱའོ། །དཔའ་བོ ་རྣམས་དང་མཁའ་འགྲོ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྱ་བ་ཀུན་ལ་སྒྲུབ་པ་པོས་ཞེས་པ་ནི་ཞི་བ་དང་རྒྱས་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་ལ་འཁོར་ལོ་གསུམ་དང་ལྡན་པའི་སྔགས་པས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། འདི ་ཉིད་ཀྱི་ཕྱིར་འཁོར་ལོ་བདག་ཉིད་རྟག་ཏུ་སྒོམ་པར་བྱ་ཞེས་གསུངས་སོ། །གཞུང་གཞན་ཡང་འདིའི་དོན་ནོ། །ལྷག་མ་ནི་གོ་སླའོ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ་པ་ཞེས་པ་ནི་སྙིང་པོའི་སྔགས་སམ་ཇི་ལྟར་འདོད་པའི་སྔགས་བཟླའོ ་ཞེས་བྱའོ། །འཁོར་ལོ་ཆེན་པོ་ཞེས་པ་ནི་འཁོར་ལོ་ཆེན་པོ་ནི་ཚོགས་ཏེ་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འཁོར་ལོ་གསུམ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་ཡང་ན་འཁོར་ལོ་ཆེན་པོ་ཞེས་ཁྱད་པར་དུ་བྱས་པའི་བསྡུས ་པས་འཁོར་ལོ་གསུམ་ཉིད་གཟུང་བའོ། །ཡང་ངེས་པར་གཟུང་བས་སྔོན་གྱི་ཚིག་ཁྱད་པར་བགྱི་བསྡུ་བའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཐམས་ཅད་ཀྱི་ལས་ཀྱི་ཆོ་གའི་ལེའུ་བཞི་བཅུ་རྩ་བརྒྱད་པཱི ་འགྲེལ་པའོ།། །།ང་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྔོན་དུ་བསྟན་པའི་ཕྱུགས་ཀྱི་སྒྲུབ་པའི་ཆོ་ག་ཁ་མ་སྐོངས་པ་སྟོན་ཏེ། དཔལ་ཧེ་རུ་ཀར་བྱ་བ་གསལ་བར་བྱ་བ་ཡན་ལག་ལྔ་ནི་ཐོད་པས་མནན་པ་དང་རོ་དང་འཁྱུད་པ ་ལ་སོགས་པ་འདིས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་བསྒྲུབ་བྱ་སྐྱེ་བ་བདུན་པའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་བཞི་བཅུ་དགུ་པའི་འགྲེལ་བ་དེ་ཐམས་ཅད་ཉིད་གཞན་ཡང་བསྟན་ཏོ་ཞེས་པའི་དོན་ཏོ། །དེ་ནས་ཞེས་པ་ནི་གོ་སླའོ། །བ ་ལང་གི་ཤ་ཞེས་བྱ་བ་ལ་སོགས་པ་དབང་དུ་བྱ་བའི་ཆོ་ག་སྔོན་དུ་བསྟན་པའི་ཆོགས་བྱའོ། །ཁ་ཆུ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཆུ་ནི་མཆི་ལམ་འོ། །ཟོས་ནས་རློན་པའི་ཟས་ནི་ཟོས་ནས་སྐྱུག་པའོ། །རང་ཉིད་མཆོག་ཏུ་མཆོད། ཅེས་པ་ནི་ཐམས ་ཅད་ཉིད་དུ་གཉིད་སད་པ་དང་གནས་པ་དང་འདུག་པ་ངང་ལྷག་མ་དང་བཅས་པ་ཟ་བ་དང་བྱ་བ་བྱེད་པ་དང་འཁྲིགས་པ་ལ་སོགས་པ་འཁོར་ལོ་དང་ལྡན་པའི་སྔགས་པས་སྔགས་བཟླས་པར་བྱ་བ་སྟེ་དུས་ངེས་པ་ཡོངས་ཡིན་ཞེས་པའི་དོན ་ཏོ། །སྲག་བླུགས་བརྒྱ་ཞེས་པ་ནི་ཨརྒའི་ཡམ་ཤིང་ལ་སོགས་པ་རྒྱས་པའི་ཆོ་གས་སྲེག་བླུགས་བརྒྱ་ཇི་སྙད་ཟླ་བ་གཅིག་ཏུ་སྦྱིན་སྲེག་བྱའོ། །དེའི་ཚེ་དབུལ་བ་ཐམས་ཅད་ཉམས་པར་སྟོན་པའོ། །ཤ་ཆེན་དག་གིས་ཞེས་བྱ་བ་ལ་སོགས ་བ་ནི་གོ་སླུའོ། །ལྷ་རྣམས་ཀུན་ལས་རྒྱལ་འགྱུར་ཏེ། ཞེས་པ་ནི་གལ་ཏེ་ནུས་པ་སྐྱེ་པའི་སྔགས་པས་ཐུན་གཉིས་སུ་མཉམ་པར་བཞག་པའི་སྔགས་པས་སྦྱིན་སྲེག་བྱས་ན་དེའི་ཚེ་ལྷ་ཐམས་ཅད་དང་མཉམ་པར་འགྱུར་རོ། །བརྩོན་འགྲུས་ཆེན ་པོ་ལ་སོགས་པ་ཐམས་ཅད་དུ་གཉིས་ཀར་ཡང་སྦྱིན་སྲེག་བྱ་ཞེས་པའི་དོན་ཏོ། །བིལ་བ་ཞེས་བྱ་བ་ལ་སོགས་པས་སྔོན་བཞིན་དུ་རྒྱས་པའི་ཆོ་གས་རྟོགས་པར་བྱའོ། །ཕྱུགས་ཀྱི་ཤ་ཞེས་བྱ་བ་ལ་སོགས་པ་ན་གོ་སླའོ། །ཡང་དང་ཡང་དུ ་གོ་ཡུའི་སྦྱིན་སྲེག་བྱ་བ་ནི་སྲེག་རྫས་གཞན་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བར་བསྟན་པའོ། །བརྟུལ་ཞུགས་གཙང་སྦྲ་མེད་ན་ཡང། །བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར། ཞེས་པ་ནི་གང་ཡང་བརྟུལ་ཞུགས་ཀྱང་མེད་ཕྱི་རོལ་གྱི་གཙང་སྦྲ་ཡང ་མེད་ཀྱང། དེ་ལྟར་ན་ཡང་འདིས་སྤྱད་བཞིན་པས་རྣལ་འབྱོར་པས་ཁྱད་པར་ཅན་གྱི་ལྷའི་བཀས་དངོས་གྲུབ་འཐོབ་བོ་ཞེས་སོ་པའི་དོན་ཏོ། །འདིས་ནི་དཔལ་མཆོག་གཙོ་བོའི་བདག་ཉིད་ཆེ་བར་བསྟན་ཏོ། །ལྷག་པའི་ཚེར་འགྱུར་ཞེས ་པ་ནི་ལྷག་པའི་ཚེ་ནི་འཆིབ་ཡང་ཚེ་དང་ལྡན་པར་འགྱུར་བའོ། །ཀུས་མན་ཏ་ཞེས་པ་ལ་སོགས་པ་ནི་ཀུས་མན་ཏའི་ས་བོན་དང་མུད་གདང་མ་ཤ་དང་གཙོ་མའི་ས་བོན་དང་སྦྲང་རྩིའི་ཚིགས་མ་སྟེ་སྤྲ་ཚིལ་དང་སྐེ་ཚེ་དང་འདི་ཐམས་ཅད་མཉམ་པོར་བྱས ་ལ་གང་གི་མིང་ནས་གཟུང་སྟེ་སྙིང་པོའི་སྔགས་ལ་སོགས་བསྐུལ་ཚིག་གིས་ཁྱིམ་གྱི་ཕྱོགས་གཅིག་ཏུ་བྱུག་པར་བྱའོ། །ཇི་ལྟར་གསུངས་པ་བཞིན་དུ་འགྱུར་རོ། །གཞུག་གཞན་ལས་ཁྱིམ་གྱིས་འདབ་མའི་ལོ་མ་ཞེས་པ་ནི་ཁྱིམ་ལ་འཆང་བའི་དུད ་པའོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་དབང་དང་གནས་ལ་སོགས་པ་བསྟན་པའི་ཆོ་གའི་ལེའུ་ལྔ་བཅུ་པའི་འགྲེལ་པའོ།། །།དེ་ནས་ཞེས་པ་ལ་སོགས་པ་ནི་གློ་སླའོ། །གོས་ནི་ཞེས་པ་ནི་གཅེར་བུའི ་གཟུགས་སོ། །ཕྱག་རྒྱ་ལྔ་སོགས་ཞེས་པ་ནི། མགོ་བའི་ནོར་བུ་དང། རྣ་ཆ་དང། མགུལ་རྒྱན་དང། ལག་གདུབ་དང། མཆོད་ཕྱིར་ཐོགས་བ་དང་ཐལ་བའོ། །ཤེས་རབ་ཡན་ལག་ཅེས་པ་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ཡན་ལག་དང ་ལུས་ཀྱི་བརྔ་རྣམས་མཁའ་འགྲོ་མའི་ལུས་ཀྱི་མཚན་ཉིད་དང་དཔའ་བོའི་ཡན་ལག་གི་བྱེ་བྲག་དང་གཡོན་པའི་སྤྱོད་པ་དང་གཙང་སྦྲ་དང་དམ་ཚིག་གི་སྤྱོད་པ་དང་བཞད་པ་དང་གར་ལ་སོགས་པའི་ཕྱག་རྒྱ་དང་ཚོགས་ཀྱི་རིམ་པ་ཞེས་པའི ་དོན་ཏོ། །གཞུང་གཞན་ནི་ཤེས་རབ་ཡན་ལག་རྡོ་རྗེ་ནི་ཕུར་བུ་དང་ར་བ་དང་གུར་ལ་སོགས་པའོ། །ཤེས་རབ་ཀྱི་ཡན་ལག་ཉིད་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཕུར་བུ་ཞེས་པ་ནི་རྡོ་རྗེ་ཕུར་བུ་དགུ་དང་རྡོ་རྗེ་གདུང་བའི་ཐོ་བ་ཡང་དོ། ་དྲ་བ་ཞེས་པ་ནི་རྡོ་རྗེ་གུར་དང་རབ་དང་ས་གཞི་ཡང་ངོ། །རིམ་པ་ཡིན་པར་གོ་བར་བྱའོ། །ཱ་ལི་ཀཱ་ལི་ཞེས་པ་ནི་ཨཱ་ལི་ནི་ཨ་ལ་སོགས་པའོ། །ཀཱ་ལི་ནི་ཀ་ལ་སོགས་པའོ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། ཞེས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད ་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱེད་པ་མེད་པའོ། །སྟོང་པ་ཉིད་དང་སྨོན་པ་མེད་པ་ནི་རུ་སྟེ་དེའི་ཕྱིར་བརྗོད་པའི་དོན་ཉིད་ནི་རུའོ། །ཀ་ནི་གང་དུ་མི་གནས་པའོ། །ཤྲཱི་ནི་གཉིས་སུ་མེད་པའི་དོན་ནོ། །སྔོན་དུ་འཇུག་པ་ལ་ནཱ་ད་ལ་སོཊ ་པའི་བར་རོ། །ཇི་སྲིད་བསྡུས་པའི་སྦྱོར་བ་ཞེས་པ་ནི་སྲིད་པ་ཞེས་པ་ནས་བཟུང་སྟེ། འཁོར་ལོ་གསུམ་གྱི་ལྷ་ཉེ་བར་བསྡུའོ་ཞེས་པའི་བར་རོ། །བདུད་རྩིས་ཆམ་བྱེད་ཅེས་པ་ནི་རྒྱས་པ་དང་ཞི་བའི་ཚགས་སྔོན་དུ་གསུངས་པའི་བཀོད་པའི་གོ་ཆ ་ལ་སོགས་པ་ལག་པ་གཡོན་པ་སྤྱི་བོར་བཞག་སྟེ་འབར་བར་དམིགས་པའོ། །ཇི་ལྟར་གཡོན་པའི་ལག་པར་བཀོད་པའི་བདུད་རྩི་དཀྱིལ་འཁོར་དང་ལྡན་པའི་ཡི་གེ་བདུན་པ་ཟླ་བའི་དཀྱིལ་འཁོར་དང་བཅས་པ་ཡི་གེ་བདུན་པ་རྣལ ་འབྱོར་མ་དག་གི་གོ་ཆ་དང་རྣལ་འབྱོར་བདུད་རྩིའི་དཀྱིལ་འཁོར་ལ་བཀོད་པའི་ཧ་ལྔ་མགོ་བོ་དང་དབྲལ་བ་དང་མིག་གཉིས་དང་ཁ་དང་མགྲིན་པ་དང་སྙིད་གར་བདུད་རྩིའི་དཀྱིལ་འཁོར་ལ་ཡི་གེ་བདུན་པ་དེ་བཞིན་དུ་བདུད་རྩིས ་ཚིམ་ཞིང་སྤྱི་བོ་ནས་དབབ་པར་བྱའོ། །དེ་ནས་སྦར་བ་དང་བསྲོ་བའི་སྔགས་ཀྱིས་ཡོངས་སུ་རྫོགས་པར་བྱས་པ་གང་ཡིན་པའི་བདུད་རྩི་ལ་སོགས་པ་བཟའ་བ་བཀོད་པའོ། །གོ་ཆའི་སྔགས་ལ་སོགས་པ་ལག་གཡོན་པར་བཀོད་དེ ་ཐམས་ཅད་ཀྱང་བཟའ་བའོ། །གཡོན་པའི་བདུད་རྩིས་ཚིམ་པའི་བྱེད་བའི་ཁྱད་པར་ནི་གང་མས་དག་གི་དོན་ནོ། །མྱ་ངན་འདས་ཞེས་པ་ནི་མྱ་ངན་འདས་ནི་ཕྱག་རྒྱ་ཆེན་པོའི་བདེ་བ་ཆེན་པོའི་རྣམ་པའི་ངོ་བོ་ཉིད་མྱ་ངན་ལས ་འདས་པ་ཐམས་ཅད་དུ་ཉོན་མོངས་པའི་སྡོམ་པར་རྟག་ཏུ་གནས་པ་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོ་ཉིད་རྟག་པ་དང་ཆད་པ་དང་དབུ་མ་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ངོ་བོ་ཉིད་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཁ ་ཅིག་གིས་རྙེད་པར་དཀའ་བ་ལྷ་རྫས་ཀྱི་རིག་པ་མཆོག་གི་ངོ་བོ་ཉིད་བླ་མ་དམ་པ་ཡོངས་སུ་མཉེས་པ་ལས་ཤེས་པར་བྱ་བ་དཔའ་བ་དང་རྣལ་འབྱོར་མ་རྣམས་ཀྱིས་སོ། །ལག་པའི་མཆོད་པ་ཞེས་པ་ནི་དེ་ཉིད་ལག་པས་དཀྱིལ་འཁོར ་འཁོར་ལོའི་རྣམ་པ་གཡོན་པའི་ལག་པ་ལ་གསང་བ་དང་ཅིག་ཤོས་ཀྱི་མཆོད་བས་མཆོད་པར་བྱའོ། །དེ་ལྟར་གཡོན་པ་དང་གཡས་པའི་ལག་པ་གཉིས་བསྐོར་བས་མཁའ་འགྲོ་མའི་བདེ་པ་དམ་པའོ། །དབང་བསྐུར་བ་ཞེས ་པ་ནི་ཕྱིར་མི་ལྡོག་པ་དང། ཆུ་དང་དབུ་རྒྱན་དང། རྡོ་རྗེ་དང། བདག་པོ་དང་མིང་དང། བརྟུལ་ལ་ཞུགས་དང། ལུང་བསྟན་བ་དང། དབུགས་དབྱུང་བ་དང། ཆོས་བཤད་པ་དང། གསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པ་དང ་བཅུ་བཞིའོ། །གོ་ཆ་ཆེན་པོ་ཞེས་པ་ནི། པུལླིར་མའ་ཡ་ལ་སོགས་བའི་ས་ཆེན་པོ་དང་ལྟའི་འཁོར་ལོ་དང་སྲུང་བའི་འཁོར་ལོ་ཞེས་པའི་དོན་ཏེ། །ཡང་ན་བུ་ལ་སོགས་བས་ས་ཆེན་པོར་སྔགས་ཀྱི་དཀྱིལ་འཁོར་དག་སྲུང་བའི་འཁོར ་ལོ་དང་ཏེ་ལ་བུལླིར་མ་ཡ་ལ་སོགས་པའི་དོན་ཏོ། །སྔགས་རྣམས་ཞེས་པ་ནི་ཨཱ་ལི་ཀཱ་ལི་ལ་སོགས་པའི་དོན་ཏོ་ཞེས་བྱ་བ་སྟེ་བཅུ་བཞིའོ། །ལྷག་མ་ནི་གོ་སླའོ། །མཐོ་རིས་ལོངས་སྤྱོད་ཅེས་པ་ནི་འཁོར་ལོ་གསུམ་ལ་གནས ་པའི་ལོངས་སྤྱོད་གང་ཡིན་ནོ། །ལྷག་མ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་རྩ་གཅིག་བའི་འགྲེལ་བའོ།། །།དཔལ་ལྡན་བདེ་མཆོག་ཊཱི་ཀཱུ ་རྗོད་བྱེད་རྗེས་མ་འབྲངས། །རྣལ་འབྱོར་བླ་མེད་རྒྱུད་དང་བརྗོད་བྱའི་རྗེས་འབྲད་མཆོག་ཟབ་ཅིང་རྒྱ་ཆེའི་ངོ་བོ་དངོས་གྲུབ་རང་བཞིན་ཏེ། །དཔའ་བོ་དཔའ་མོ་དབང་ཕྱུག་མ་ལུས་ཡོན་ཏན་གནས། །གཅིག་ཏུ་ཐམས་ཅད་བསྡུས་པ་མཐུན་པར་འདོད་པ་བྲིས། །དཔལ ་ལྡན་དཔའ་བོ་རྡོ་རྗེ་བྱས། །སྦྱོད་དང་གྲོལ་བའི་འབྲས་སྟེར་བའི། །མཆོག་སྦྱིན་འདི་ནི་བྲིས་པ་ལས། །བདག་གིས་བསོད་ནམས་གད་བསགས་པ། །དེ་ཡིས་འཇིག་རྟེན་མ་ལུས་ཀུན། །མྱུར་དུ་བདེ་མཆོག་ཐོད་པར་ཤག། མ་ལུས་པའི་ཡོན་ཏན་??་ཀྱི་གནས ་ཞེས་བྱ་བ་དཔལ་བདེ་མཆོ་ག་འཁོར་ལོའི་རྣམ་འགྲེལ་སློབ་དཔོན་ཆེན་པོ་དཔའ་པོ་རྡོ་རྗེས་མཛད་བརྫོགས་སོ།། །།ཁས་པ་བ་རི་ལོ་ཙ་བ་དགེ་སློང་རིན་ཆེན་གྲེགས་པ་དང། །པཎྚི་ཏ་ཆོས་སྐྱོང་གིས་བསྒྱུར་ཅིང་ཞུས་སོ།། །། ་