| Wylie | e-texts based on the ACIP/ALL Input |
ལ་ཕབ་པའོ།། །།*། །(བདེ་མཆོག་རྩ་རྒྱུད་ཀྱི་བཀའ་འབྲེལ་སློབ་དཔོན་ལམ་ཀ་རྒྱལ་བ་བཟང་པོས་མཛད་པ་ཤལོ་ཀ་བདུན་བརྒྱབ་བཞུགས་སོ།། །།)་*། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སཾ་བ་ར་མཱུ་ལ་ཏནྟ་པཉྩི་ཀཱ། བོད་སྐད་དུ། དཔལ ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག་།དངོས་ཀུན ་འཇིག་པ་འཇིགས་མཛད་པ། །དངོས་པོ་ཀུན་ནི་མི་སྣང་ཞིང། །དངོས་པོ་ཀུན་ནི་གྲིལ་གནོན་པ། མཁའ་མཚངས་དོན་དང་དྲི་མེད་མཁའ་། །དཔལ་ཆེན་དེ་ལ་ཕྱག་འཚལ་ཏེ། །བདེ་མཆོག་འཁོར་ལོའི་རྒྱུད་ཀྱི་ནི། །དཀའ་འགྲེལ་བདག་གིས་བྲི་བར་བྱ། ། ་རྒྱུད་འདི་དང་པོ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་སྡུད་པ་པོས་གླེང་བ་བསླང་པ་ཡིན་ཞེས་དང་པོར་བརྒལ་བ་ལ། དེའི་ལན་གདབ་པའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པར་རབ་ཆུ་བསྟན་པ་ཡིན་ནོ། ། ་ཞེས་ཟེར་ཏེ། ངེ་ཉིད་ཀྱི་ཕྱིར་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ཞེས་སྨོས་པ་ཡིན་ནོ། །གཞན་དག་ནི་ནམ་མཁའ་དང་མཉམ་པའི་རྩ་བའི་རྒྱུད་སྟོང་ཕྲག་བརྒྱ་པ་ལས་བཏུས་པ་ཡིན་པས་རྩ་བའི་རྒྱུད་ལས་འདི་སྐད་ཅེས་བྱ་བ་ལ་སོགས་པ་དང་པོར ་སྨོས་པ་ཡིན་ལ། །འདི་ནི་དེའི་རྒྱུར་ཕྱི་མ་ཡིན་པས་མ་སྨོས་པ་ཡིན་ནོ། །དེ་ནི་རྒྱུད་གཞན་དང་འདྲེས་པར་འགྱུར་བའི་དོན་གྱི་བྱེ་བྲག་འབྱེད་པའི་ཕྱིར་བླ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །གཞན་དག་ནི་བསྟན་དུ་མེད་པའི་ཆོས་ཉིད་ཀྱིས་བསྟན་པར་བྱ་བ་དང་སྟོན ་པ་པོ་གཅིག་ཏུ་བསྟན་པ་ཡིན་ཏེ། །རྒྱུད་འདི་ལ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དང་འཔོར་རེ་ཞིག་བརྗོད་པ་དང། བརྗོད་པར་བྱ་བ་དང། འབྲེལ་པ་དང། དགོས་པ་དང། དགོས་པའི་དགོས་པ་ཡོད་པར་མཐོད་ནས་ཆོས་ཀྱི ་རྗེས་སུ་འབྲང་ཞིང་རྟོག་པ་སྔོན་དུ་གཏོད་པ་རྣམས་ཀྱང་འཇུག་པར་འགྱུར་ཏེ། །དེ་བས་ན་དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། དཔལ་ཧེ་རུ་ཀ་མདོན་པར་བརྗོད་པ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གཞུང་བཀོད་པས་བཤད་པ་ཡིན་ཏེ། དེ་ལ་བརྗོད ་པར་བྱེད་པ་ནི་འཁོར་ལོ་བདེ་མཆོག་ཅས་བྱ་བའོ། །དེས་གང་བརྗོད་པར་བྱ་བ་དཔལ་ཧེ་རུ་ཀ་དང། རྡོ་རྗེ་ཕག་མོ་ལ་སོགས་པའི་རྒྱུད་ཀྱི་ལུས་ནི་བརྗོད་པར་བྱ་བ་ཡིན་ལ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་ངའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །ཞེས་ལ་ལ་དག་འདོང་ལ ་གཞན་དག་ནི་ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ནི་འབྲེལ་བ་ཡིན་ནོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ལ་གདུལ་བྱའི་སྐྱེ་བོ་འཇུག་པར་མཛད་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ནས་གསང་བའི་དབང་བསྐུར་བའི་བར་ནི་དགོས་པ ་ཡིན་ལ། དེའི་འོག་ཏུ་དུས་ཕྱིས་དེས་འབྲས་བུ་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཕྲད་ཀྱི་ཚོགས་ཀྱིས་རྒྱུད་ཕྱི་མ་ཉིད་དུ་ངེས་པར་བྱེད་པ་ཡིན་ནོ། །དེ་ཡང་དེ་ནས་ཞེས་བྱ་བས་ནི་དེ་མ་ཐག་བ་སྟེ། ནམ་མཁའ་དང ་མཉམ་པའི་རྒྱུད་ཀྱི་རྗེས་ཐོགས་ཉིད་ལའོ་གནས་བཤད་པ་འདི་བཤད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་རིམ་པ་དང་རྒྱུའི་དོན་ཏེ། དེའི་འོག་ཏུ་ཞེས་གསལ་བ་ཉིད་དུ་སྨྲས་པའོ། །དེ་ནས་ཀྱི་སྒྲ་སྨོས་པ་ནི་བཀྲ་ཤིས་པའི་དོན་ཏེ། བཀྲ་ཤིས་པ་ལ ་སོགས་པ་བསྟན་བཅོས་ཀྱི་དང་པོར་ཚིག་ཏུ་བརྗོད་པ་ནི་ཉན་པ་པོ་རྣམས་ཀྱི་བགེགས་བསལ་བར་བྱ་བ་ཡིན་པའམ། དབར་དུ་བྱེད་པའི་དོན་ཡིན་ནོ། །དེ་བས་ན་སྔ་མའི་རང་བཞིན་ལ་བལྟོས་ནས། །བཀྲ་ཤིས་པའམ་དབང་བྱེད་ཡིན། །སྨྲས་ཡིན་དེ་ནས་ངེ་ཕྱིར་སྒྲོ། ། ་བསྟན་བཅོས་གོ་རིམ་རྒྱུ་ཡིན་ནོ་ཞེས་སོ། །འོ་ན་བཤད་པ་དེ་ཅི་ཞིག་ཡིན་ཞེ་ན། གསང་བ་ཞེས་བྱ་བ་གསུངས་ཏེ། གསང་བ་ནི་སྦ་བར་བྱ་བ་སྟེ། ཉན་ཐོས་ལ་སོགས་པ་གཞན་དག་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཡང་ན་ཐབས་དང་ཤེས་རབ་གཅིག་ཏུ་བྱས ་པས་བསྒྲུབས་པར་བྱ་བ་གང་ཡིན་པ་དེ་ནི་གསང་བའོ། །ཡང་ན་རྡོ་རྗེ་དང་པདྨ་དང་བྱང་ཆུབ་ཀྱི་སེམས་ངེ་གསུམ་པོ་འདི་དག་ནི་གསང་བ་སྟེ། ར་ནི་རྡོ་རྗེ་ཞེས་བྱར་བཤར། །ཡི་གེ་ཉ་ནི་པདྨར་བཤད། །དེ་དག་གཉིས་ཀྱི་ས་བོན་ནི། །སྱ་ཞེས་བྱ་བར་བཤད་པ་ཡིན་ཞེས ་གསུངས་པ་ཡིན་ཏེ། ཡི་གེར་ནི་རྡོ་རྗེ་རྩེ་མོ་འདྲ་བའི་ཕྱིར་རོ། །ཧ་ནི་འདབ་ཆགས་ཀྱི་མཆུ་འདྲ་བའི་ཕྱིར་རོ། །ས་དང་ཡ་ཀུན་ཏུ་སྦྱོར་བ་ནི་གཉི་གའི་ས་བོན་གྱི་གཟུགས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་སྱན?་དུ་སྲ་བ་ན་ཞེས་བྱ་བའི་ཡི་གེའི་ཐ་མ་གཟུང་བའི་ཕྱིར་ཏེ། ་དེ་ནི་དོན་དམ་པའོ། །ཇི་ལྟར་བཤད་པར་བྱ་བ་གསལ་བར་བསྟན་པ་ནི་མངོན་བསྡུས་པ་སྟེ་ཞེས་གསུངས་པ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས་ནི་ཤིན་ཏུ་རྒྱས་པར་སྨོས་པ་ཡིན་ནོ་ཞེས་བྱ་བ་དེ་དགོངས་སོ། །དོན་དེ་ཉིད་གསམ་པར་བསྟན་པ་ནི་རྒྱས་པ་མིན ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཡང་ན་མདོར་བསྡུས་པ་མ་ཡིན་གྱི་རྒྱས་པ་ཞེས་བྱ་བར་སྦྱར་རོ། །འདིར་དགོས་པ་ནི་འདི་ཡིན་ཏེ། ནམ་མཁའ་དང་མཉམ་པའི་རྒྱུད་ནི་གཞུང་རྒྱས་པ་ཡིན་ལ། འདིར་ནི་དོན་རྒྱས་པ་ཡིན་ན་ཞེས་བྱ་བ་སྟེ། ཁམས་གསུམ་པའི ་བདག་ཉིད་དུ་འཁོར་ལོ་གསུམ་བཤད་པར་བྱ་བ་ཡིན་ནོ། །ད་ནི་ཚིག་བཞིས་གསང་བ་ཉིད་ཀྱི། བྱང་པར་བསྡན་པར་བྱ་ཨོ་ཉིད་ཀྱི་ཆེན་པོ་ཨི་མཆེད་པའི་ཚིག་གོ་།ཧེ་རུ་ཀ་ཞེས་བྱ་བ་ནི་རྒྱུད་འདིར་བཅོམ་ལྡན་འདས་བག་ཕོའི་མཚན་ཏེ། དཔྲལ་གཙོ། ་བོར་གྱུར་པའི་ཧེ་རུ་ཀ་ནི་དཔལ་ཧེ་རུ་ཀའོ། །དེའི་ཡང་དག་སྦྱོར་བ་ནི་བཅོམ་ལྡན་འདས་ཡུམ་རྡོ་རྗེ་ཕག་མོ་དང་ལྷན་ཅིག་རོ་གཅིག་པའི་ཚུལ་གྱིས་ཀུན་ཏུ་འཁྱུད་པའི། །ཁམས་གསུམ་པའི་བདག་ཉིད་དུ་བཅོམ་ལྡན་འདས་ཧེ་རུ་ཀ་ཞེས་བྱ་བ་ཡི་གེ་གསུམ་གྱིས་སྟོན་པ་ཉིད་ཡིན་ནོ ་ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའོ། །ཆོས་ཐམས་ཅད་ན་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་གང་ན་ཡང་མི་གནས་པའོ། །ཞེས་པ་ནི་མི་དམིགས་པའི་ཡི་གེ་གསུམ་གྱི་བདག་ཉིད་ཡིན་ནོ། །ཡང་ན་དཔལ་ཧེ་རུ་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བའི་ཚིག་ཡིན་ལ། གསང ་བཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པའི་ཚིག་ཡིན་ཏེ། དེ་ཉིད་ཀྱིས་ནི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་གསུངས་པ་ཡིན་ཏེ། ཐམས་ཅད་ཀྱི་འདོད་ནི་འདོད་པ་ཀུན་ཏེ་དེ་ཉིད་ནི་དོན་དེ་དགོས་པའོ། །དེའི་སྒྲུབ་པར་བྱེད་པ་ནི་བཅོམ ་ལྡན་འདས་ཏེ་དེ་བསན་དེའོ། །ཡང་ན་འདོད་པ་ཡིན་པ་ཀུན་ཡང་ཡིན་པས་འདོད་པ་ཀུན་ནོ་ཞེས་བྱེ་བྲག་ཏུ་མཚམས་སྦྱར་བར་བྱའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། ཞེས་བྱ་བ་ལ་བསྟན་པར་བྱ་བ་དང་སྟོན་པ་པོ་ཁྱད་པར་མེད་པ་ཡིན་པས་རྒྱུད་ཕྱི་མ་འདུས་པ་ལ་སོགས་པ་ཡིན ་གྱི། དེ་ལས་ཀྱང་གོང་མར་གྱུར་པ་སྟེ། མཁའ་འགོར་མ་ཡིན་དྲ་བའི་སྡོམ་ཞེས་བྱ་བ་ལ། མཁའ་འགྲོ་མ་ནི་འཁོར་ལོ་གསུམ་ལ་གནས་པ་རྣམས་སོ། །དེའི་དྲ་བ་ཞེས་བྱ་བ་ནི་ཚོགས་སོ། །དེའི་སྡོམ་པ་ནི་བསྒྲིབས་ཤིང་སྦས་པ་ཞེས་བྱ་བའི་དོན་ཏོ། །མཁའ་ ་ཨའི་ཡོན་ཏན་དང་ལྡན་པས་ན་སེམས་དཔའ་ཨོ།འའགྲོ་ཞིང་རྒྱུ་པ་ཞེས་བྱ་བའི་དོན་ཏོ། །ཡང་ནམ་མཁའ་འགྲོ་མ་རྣམས་ནི་ནམ་མཁའ་ལ་རྒྱུ་བའི་ངང་ཚུལ་ཅན་ཡིན་པའི་མ་ཕྱི་རོལ་ཏུ་འགྲོ་བ་ལས་བཟློག་པས་དྲ་བ་ལྟར་འདིར་སྡོམ་པ་ཡིན་པས་མཁའ་འགྲོ་མའི་དྲ་པའི ་སྡོམ་པ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་དེ་བརྗོད་བྱར་སྦྱར་རོ། །ད་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བདག་པོ་ཉིད་ཀྱི་ཆེན་པོ་ཡིན་པར་བསྟན་ཅིང་དང་པོར་འདིའི་གནས་བསྟན་པ་ནི་གསང་བ་ཞེས་བྱ་བ་ཡིན་ཏེ། གསང་བའི་སྒྲ་ནི་འདིར་འཁོར་ལོ་གསུམ་ལ་གནས་པའི་མཁས ་འགྲོ་མ་ཐམས་ཅད་ཡིན་པར་བསྟན་པ་སྟེ། གསང་ཞིང་བཟང་བའི་གསུང་བ་དེར་རོ་གཅིག་ཅིང་ཚུལ་གཅིག་པ་ཉིད་ཀྱིས་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པ་སྟེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་བཞུགས་གནས ་སོ། དེ་ཇི་ལྟ་བུ་ཞེ་ན། མཆོག་གི་ཞེས་བྱ་བ་གསུངས་པ་ཡིན་ཏེ། མཆོག་ནི་དམ་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གཞི་ཡིན་པས་ན་གཙོ་བོ་དང། བླ་མ་དང། བླ་ན་མེད་པ་ཡིན་ནོ། །གཞན་ཡང་ཇི་ལྟར་ཞེ་ན། འགྱེས་པ་ཞེས་བྱ་བ་གསུངས་བཏ? ་??་བླ་ན་མེད་པའི་མཆོད་པའི་རོལ་པའི་བྱ་བ་ལ་ཉམས་དགའ་བ་བཉིད་ཡིན་པའི་ཕྱིར་དགྱེས་པའོ། །ད་ནི་འཁོར་ཕུན་སུམ་ཚོགས་པ་གཞན་མ་ཡན་པར་གསུངས་པ་ནི་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བ་ནི་གསུངས་པ་ཡིན་ཏེ། ཁམས་གསུམ་པ་ཐམས ་ཅད་ཀྱི་ཆད་གཉིས་ཅན་འཁོར་ལོ་གསུམ་དུ་བཞུགས་པའི་བདག་ཉིད་ཀྱི་སྐུ་འམ་རང་བཞིན་གྱི་ངོ་བོའོ། །དེར་རྟག་ཏུ་ཞེས་བྱ་བ་གང་དུ་ནམ་ལང་མ་བྲལ་བའི་ངོ་བོ་ཉིད་དུ་སྟོན་ཏོ། །བཞུགས་ཞེས་བྱ་བ་ནི་ཁམས་གསུམ་གཅིག་པ་ཉིད་ཀྱིས་མི་འཇིགས་པའི་རང་བཞིན ་ཉིད་དུ་བསྟན་པ་ཡིན་ནོ། །ད་ནི་སྔོན་པ་ཕུན་སུམ་ཚོགས་པ་ཉིད་བསྟན་པའི་ཕྱིར། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་གསུངས་པ་ཡིན་ཏེ། མཁའ་འགྲོའི་སྒྲ་ནི་ཉེ་བར་མཚོན་བ་ཙམ་ཡིན་ཏེ། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་དངོས་པོ ་ཡིན་པར་ཤེས་པར་བྱ་སྟེ། རང་བཞིན་ནམ་རྒྱུད་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ། གཅིག་ཏུ་འདྲེས་པར་གྱུར་པ་ཞེས་ཡ་བའི་དོན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པས་ན་སེམས་དཔའ་ཡིན་པའམ། མཆོག་ཏུ་བརྟན་པའི་ཡོན་ཏན་དང་ལྡན་པས་ན་སེམས་དཔའ་ཨོ ་མི་ཕྱེད་པས་ན་རྡོ་རྗེ་སྟེ། རྡོ་རྗེ་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འམ། ལྷ་ཆེན་པོ་དང། ཁྱབ་འཇུག་དང་ཚངས་པ་ལ་སོགས་པས་མི་བསྐྱོད་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཡང་ན ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རམ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐབས་དང་ལྡན་པ་ཉིད་ཀྱིས་ཁྱད་པར་འཕགས་པའོ། །བླ་ན་མེད་པའི་མཆོད་པར་འོས་ཤིང་མཆོག་ཏུ་བདེ་བའི་བདེ་བ་ནི་ཡིད་བདེ་བའི་ངོ་བོ་ཡིན་པས་ན་མཆོག་ཏུ་བདེ་བ་ནི ་བཅོམ་ལྡན་འདས་ཉིད་དེ། བདེ་བའི་སྒྲར་བརྗོད་དོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ་ཅི་འདི་དག་ལྷ་དང་གཞན་གྱི་ཁྱད་པར་ཡིན་ནམ་ཞེས་རྟོག་པར་བྱེད་པ་ལ། དེ་གསལ་བར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །རང་ཉིད་འཁྲུངས་པས་ན་རང་བྱུང་སྟེ། གཞན་ལས་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སེམས་ཅན་ཀུན་གྱི་སེམས་གང་ནི། །བསྟན་པའི་ཕྱིར་ན་སེམས་དཔར་བཤད། །མཉམ་པར་བཞག་པས་ཏིང་འཛིན་ཏེ། ངེས་པ་ལས ་ནི་རྡོ་རྗེར་གྱུར། །སེམས་དཔར་བྱིན་རླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔའ་འགྱུར། ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། །དེ་ཡང་གང་གིས་ཀྱང་མ་བྱས་པས་ན་རང་བྱུང་ཞེས་བཤད་དོ། །སྐལ་པ་ཕུན་སུམ་ཚོགས་པས་ན་བཅོམ་ལྡན་ནོ། །ཡང་ན་བདུད་བཞི ་ལ་སོགས་པ་བཅོམ་པས་ན་བཅོམ་ལྡན་ཞེས་བྱ་བ་འམ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཅོམ་པས་ན་བཅོམ་ལྡན་ནོ། །ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་ཏེ། དེ་ཡང་དབང་ཕྱུག་དང་ནི་གཟུགས་བཟང་དང། དཔལ ་དང་གྲགས་དང་ཡེ་ཤེས་དང། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། ཞེས་སྨོས་པ་ཡིན་ནོ། །དཔའ་བོ་ཞེས་བྱ་བ་ནི་དཔའ་བོ་འདི་ཞེས་སྦྱར་ཏེ། དཔའ་བོ་ཉིད་ལ་སྦྱར་བ་གཞན་དང་ལྡན་པ་རྣམ་པར་བཅད་པའི་དོན་ཡིན་ཏེ། དཔེར་ན་སྲིད ་སྒྲུབ་ཉིད་གཞུ་འཛིན་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཡང་ན་དཔའ་བོ་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་ཡིན་པས་ན་གཞན་མ་ཡིན་པ་ཉིད་དུ་གསུངས་ཏེ། དེ་ཉིད་ཀྱིས་ནམ་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས་བྱ་སྟེ། བཅོམ་ལྡན་འདས་སོ། །ད་ནི་འཁོར ་ལོ་མཉམ་པའི་བཅོམ་ལྡན་འདས་དེའི་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། །སྒྲ་ཡི་ཚུལ་ལ་ངེས་འབྱུང་ཞིང་ཞེས་བྱ་བ་ནས། རྒྱུད་ལས་གསུངས་པ་མཉན་པར་གྱིས། ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། དེ་ཡང་བླ་མའི་མན་ངག་ལས་མདོར་བསྡུས་ནས་བསྟན་པར ་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ནོ། །དང་པོར་རེ་ཞིག་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་ལ་བདུད་རྩི་ལྔའི་དྲིལ་བུ་ཁར་བཅུག་སྟེ། སྔགས་པ་ལྷོ་ཕྱོགས་སུ་མངོན་པར་ལྟས་ཏེ། ཤིན་ཏུ་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་ས་གཞི་སྤྲུལ་ལ། སེམས་ཅན་ཐམས ་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་དཔལ་ཧེ་རུ་ཀར་གྱུར་པར་བྱའོ། །ཞེས་ལན་གསུམ་བརྗོད་ལ། སྐད་ཅིག་གིས་ཡི་གེ་ཧཱུཾ་ལས་བསྐྱེད་པ་འཆད་པར་འགྱུར་བའི་རང་གི་ལྷ་མོ་དང་ཡང་དག་པར་ལྡན་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་སྤྲུལ་ཏེ། ཨཱ་ལི་དང་ཀཱ་ལི་ལན ་གསུམ་བརྗོད་ལ་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ། སྤྱི་བོ་དང། ལྐོག་མ་དང། སྙིང་གར་རིམ་པ་བཞིན་བཀོད་དེ། ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའོ་ཞེས་བྱ་བ་དང། ཆོས་ཐམས་ཅད་ནི་རྟོག་པ་དང་བྲལ་བའོ་ཞེས་བྱ་བ་དང། ཆོས་ཐམས་ཅད་ནི་གང་ན་ཡང་མི་གནས་སོ་ཞེས ་བྱ་པར་རང་གི་བདག་ཉིད་དང། དེ་བཞིན་དུ་ཕྱི་རོལ་གྱི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་མི་སྣང་བར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཨོཾ་ཨཱ(རྒྱུད་འགྲེལ་ཡོངས་སུ་གྱུར་པ་ལས་རྡོ་རྗེ། རྡོ་རྗེ་དེའི་ལྟེ་བར་ཧཱུཾ་གནས་པ་ལས་བྱུང་བའི་ཡི་གེའི་འོད་ཟེར་དེ་ལྟ་བུས་ཁོར་ཡུག་གི་མཐར་ཐུག་པའི་བར་གྱི་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་འཇུག་པའི་ལྕགས་ཀྱུའི་རྣམ་པ་ཅན ་འོད་ཟེར་རྣམས་ཀྱིས་སླང་ཡང་ཡི་གེ་གསུམ་པོ་དེར་ཞུགས་ལ། ཨོཾ་ཡང་ཨཱ(རྒྱུད་འགྲེལ་ལའོ། །མགོ་བོ་ཡང་ཟླ་བ་བྱེད་པའི་རྣམ་པ་ལའོ། །དེ་ཡང་ཐིག་ལེར་རོ། །ཐིག་ལེ་ཡང་སྒྲ་ལའོ། །སྒྲ་ཡང་སྒྲ་ཙམ་ལ་ཞུགས་ལ། སྒྲ་ཙམ་གྱི་དམིགས་པ་ཡང་སྤངས་པར་བཞག་ལ། སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པར་བྱ་བའི་ཕྱིར། ཡ་ར་བ་ལ་ལས་རླུང་དང ་མེ་དང། ཆུ་དང། གསེར་གྱི་དཀྱིལ་འཁོར་ལ་སོགས་པ་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཀ་ལས་རུས་སྤལ་ལམ་ཐོད་པའོ། །དེའི་སྟེང་དུ་ཨ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་སུཾ་ལས་རི་རབ་ཟུར་བཞི་པ། རིན་པོ་ཆེ་བཞིའི་རང ་བཞིན་ཅན། དེའི་སྟེང་དུ་ཡང་པདྨའི་ལྟེ་བ་ལ་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བསམས་ལ། ནམ་མཁའ་ཨི་ཕྱོགས་སུ་གནས་པའི་སྒྲ་ཙམ་ལས་ཡི་གེ་ཧཱུཾ་རིམ་བཞིན་དུ་ཟླ་བའི་དཀྱིལ་འཁོར་ལ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་དང་ཡང་དག་པར་ལྡན་པ། ཕྱག་བཅུ་གཉིས་པ། དང་པོའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས་ལྷ་མོ་ལ་ཡང་དག་པར་འཁྱུད་པ། ཕྱག་གཉིས་ཀྱིས་གླང་པོའི་པགས་པ་ཁྲག་འཛག་པའི་གོས་རྒྱབ་ཏུ་འཛིན ་པར་མཛད་པ་གཡས་ཀྱི་གསུམ་པ་དང། བཞི་པ་དང། ལྔ་པ་དང། དྲུག་པ་ན་རྩེ་གསུམ་པ་དང། སྒྲ་སྟ་དང། གྲི་གུག་དང། ཌཱ་མ་རུ་བསྣམས་པ། གཡོན་གྱི་བཞིན་ཁ་ཊཝཾ་ག་དང། ཐོད་པ་དང། ཞགས་པ་དང། ཚངས་པའི་མགོ་བོ་བསྣམས་པ་ཕྱག་རྒྱ་དྲུག་དང ་ལྡན་པ། རལ་པའི་ཅོད་པན་གྱི་བརྒྱན་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། གཡོན་ཕྱོགས་སུ་ཟླ་བ་ཕྱེད་པའི་བྱེ་བྲག་དང་ལྡན་པ། ཐོད་པ་ལྔས་མཆོག་ཏུ་མཛེས་པ། རྡོ་རྗེའི་ཕྲེང་བ་ཅན། སྤྱན་གསུམ་པ། ཞལ་དང་པོ་དང། སྐུ་མདོག་ཐམས་ཅད ་ཆར་སྤྲིན་གྱི་མདོག་ཅན། ཞལ་གཡོན་ལྗང་གུ་ཞལ་རྒྱབ་དམར་པོ། ཞལ་གཡས་པ་སེར་པོ། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་མི་མགོའི་ཕྲེང་བའི་མཆོད་ཕྱིར་ཐོགས་མངའ་བ། སྟག་གི་པགས་པ་འཕྲལ་དུ་བཤུས་པའི་ཤམ་ཐབས་བསྣབས་པ། གཡས་རྐྱང ་བས་འབྱུང་པོའི་བདག་པོ་མནན་པ། པདྨའི་ལྟེ་བ་ལ་བཞུགས་པའོ། །འདབ་མ་ལ་གནས་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་ཞིང་འཁོར་ལོ་གསུམ་གྱི་དབུས་ན་བཞུགས་པ། རྡོ་རྗེ་ཕག་མོ་ནི་ཐལ་བ་མེད་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྟེ། རུས་པའི་སྐ་རགས་ལ་སོགས ་པས་བརྒྱན་པ་གཅེར་བུ་སྐྲ་གྲོལ་བའོ། །རྡོ་རྗེ་ཐོགས་པའི་ཕྱག་གཡས་པ་གྱེན་དུ་བརྐྱང་བས་མགུལ་ནས་འཁྱུད་པ། མིའི་ཁྲག་གིས་གང་བའི་རྒྱུ་མ་འཆང་བ། ཞལ་གཉིས་པ་ཕྱག་གཡོན་པ་ན་ཀ་པཱ་ལ་བསྣམས་པ། གཡོན་བརྐྱང་པར་བཞུགས་པའོ། །ཁྱད་པར ་གཞན་དག་ནི་རྒྱ་ཆེར་གཞན་དག་ལས་ཤེས་པར་བྱའོ། །ངས་འབྱུང་བ་ཞེས་བྱ་བ་ནི། སྒྲའི་ཚུལ་ལས་བྱུང་པ་དང་གཞི་མཐུན་པས་ལྔ་པའི་ཚིག་གིས་བསྟན་པས་དབང་གཉིས་ཀྱིས་སྦྱོར་བ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ནམ་མཁའ་ཨི་ཕྱོགས་ལ་གནས་པའི་སྒྲ ་ལས་གང་གི་ཕྱིར་ངས་འབྱུང་ཞིང་ཞེས་བྱ་བའི་ཚིག་མང་པོ་སྨོས་པ་ནི་སྒྲ་གཅིག་ལས་འཁོར་ལོ་གསུམ་དང་ལྡན་པའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་འབྱུང་བ་ཡིན་ནོ་ཞེས་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་སྤྱོད་པའི་སྤྱོད་ཡུལ ་ཡིན་ཞེས་གསུངས་ཏེ། དམ་ཚིག་ནི་རྣམ་པ་གཉིས་ཏེ། བསྲུང་བར་བྱ་བ་དང། བཟའ་བར་བྱ་བའོ། །དེ་དག་གིས་སྤྱོད་པ་ནི་ཀུན་ཏུ་སྤྱོད་པར་འཇུག་པའོ། །དེ་ཉིད་ནི་སྤྱོད་ཡུལ་ཏེ། ཡུལ་དུ་གྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་དམེ་ཚིག་ནི་ལྷ་མོ་རྣམས་ཏེ་དེ ་རྣམས་ཀྱི་སྤྱོད་པ་ཡིན་ལ། དེའི་ཡུལ་ནི་སྤྱོད་ཡུལ་ཏེ་དཔའ་བོ་རྣམས་སོ། །གང་གི་ཕྱིར་དེ་ཉིད་ཀྱིས་ན། སྦྱོར་ཉིད་ཚེ་གའི་ཡེ་ཤེས་ནི། རྒྱུད་ལས་གསུངས་བ་མཉན་པར་གྱིས། ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་བྱ་བ་ནི་དོན ་ཇི་བཞིན་ཉིད་དེ། མཐོ་རིས་དང། མི་ཡུལ་དང། ས་འོག་རྣམས་སུ་ཞེས་བྱ་བའི་བར་དུའོ། །ཡང་ན་འཇིག་རྟེན་གསུམ་པོ་དག་ན་དཔའ་བོ་ལ་སོགས་པའི་འཇིག་རྟེན་གང་ཡིན་པ་དེ་རྣམས་ཀྱི་ཡེ་ཤེས་ཞེས་བྱ་བར་སྦྱར་རོ། །ཐོག་མ་དབུས་མཐར་ཡང་དག ་གནས་ཞེས་བྱ་བ་ནི། ཐུགས་དང་གསུང་དང། སྐུ་ལ་རྣམ་པར་གནས་པའམ། ཡང་ན་ལྷ་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་ཆོ་གའི་ཡེ་ཤེས་གསུངས་པ་ཡིན་ནོ། །ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བ་ཞེས་བྱ་བ་ལ། ཤེས་རབ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ ་ཐམས་ཅད་དོ། །ཐབས་ནི་བཅོམ་ལྡན་འདས་ལ་སོགས་པའི་དཔའ་བོ་ཐམས་ཅད་དེ། དེ་དང་ལྷན་ཅིག་ཏུ་ཀུན་ཏུ་སྦྱོར་བའི་ཆོ་གའི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་བཞིན་ཞེས་བྱ་བ་ལ་ཇི་ལྟར་སྔགས་བཟླས་པ་དང་བསམ་གཏན་ལ་སོགས་པ་དང ་ལྡན་པ་དེ་བཞིན་དུའོ། །སྦྱོར་ཉིད་ཅེས་བྱ་བ་ནི་དེ་ལྟ་བུའི་ཆོ་གའི་ཡེ་ཤེས་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ་འབྱོར་པ་ཡང་སྟོན་ཏེ། ཇི་ལྟར་ནམ་མཁའ་དང་མཉམ་པའི་རྒྱུད་ལས་གསུངས་པ་དེ་ཐམས་ཅད་རྒྱུད་འདིར་མཉན་པར་གྱིས་ཞེས་སྦྱར་རོ། །དེ་ཉིད་ཀྱིས་ན ་རྙེད་པར་དཀའ་ཞེས་གསུངས་པ་ཡིན་ནོ། །སོགས་པའི་སྒྲས་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང། ཕྱི་རོལ་གྱི་སྨན་ལ་སོགས་པའི་ཡོ་བྱང་རྣམས་བསྡུའོ། །སྦྱོར་བའི་སྒྲས་ནི་དབང་དུ་བྱ་བ་ལ་སོགས་པའི་དབང་དུ་བྱས་མས་སོ་སོའི་སྦྱོར་བ་གསུངས་པ་དེ་ཡིན ་པར་བཤད་དོ། །མཉན་པར་གྱིས་ཞེས་བྱ་བ་ནི་ལ་ལ་དག་བཅོམ་ལྡན་འདས་ཉིད་ཀྱིས་ཡུམ་རྗེས་བཙུན་མ་ལ་གསུངས་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་གཉི་ག་གསུང་གཅིག་ཏུ་འདི་ལྟར་གཅིག་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་བཅོམ་ལྡན ་འདས་མ་ལུམ་ནི་བཅོམ་ལྡན་འདས་ལ་སྟོན་པར་མཛད་པ་ཡིན་ཏེ། དེ་ཉིད་ཀྱིས་ན་མཆོད་པ་བཞི་པོས་བཅོམ་ལྡན་དཔའ་བོ་ཆེན་པོ་ཞེས་བོས་པ་ཡིན་ནོ། །ད་ནི་སྲུབ་པ་དང་བསྲུབ་པའི་རིམ་པའི་མཐར་ཐུག་པ་འབྱིན་པའི་གནས་སྐབས་སུ་བླ་ན་མེད ་པའི་མཆོད་པའི་ཆོག་བསྟན་པའི་ཕྱིར། དབུགས་འབྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་མ་ཞེས་བྱ་བ་ནི་པདྨ་ལ་བྱ་ལ། དབུག་འབྱིན་པའི་མཆོག་ནི་རོ་འཛིན་འཇོག་པའོ། །དེ་ཇི་ལྟ་བུ་ཞེ་ན། དྲི་ཆུ་དང་བཅས་པས་ཀྱང་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་དང་བཅས་པས ་སམ་ཞེས་བྱ་བའི་དོན་ཏོ། །དུས་སུ་ཞེས་བྱ་བ་ནི་འབྱུང་བའི་གནས་སྐབས་ཀྱི་དུས་སོ། །ཁྱད་པར་དུ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་འདུས་པའི་ཁྱད་པར་འདི་ཞེས་བྱ་བའི་བར་དུའོ། །རིགས་ལྡན་ཞེས་བྱ་བ་ནི་རྒྱུད་ཀྱི་དམ་ཚིག་གི་སྐད་དེ། རྡོ་རྗེ་ཕག་མོའི་རང་བཞིན་ཅན་གྱི་ཕྱིའི་ལྷ་མོ་ལ ་མཆོད་པ་བྱ་སྟེ། ཇི་ལྟར་ཡང་དག་པར་མགུ་བ་བསྐྱེད་པར་འགྱུར་བ་དེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། ཕོ་ཉར་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །དེ་བས་ཡིད་ནང་ཆུད་པ་ཡིས། །འདོད་པའི་དངོས་གྲུབ ་སྒྲུབ་པ་བྱ་ཞེས་བྱ་བ་ཡིན་ནོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། སྤྱིའི་ལྷ་མོ་འཁོར་ལོ་གསུམ་མངོན་སུམ་དུ་གནས་པ་ལ་ཐམས་ཅད་ཀྱིས་ཀུན་ཏུ་དགའ་བའི་ཡིད་དུ་བྱས་པ་ཡིན་ནོ། །རང་རྫས་ཐིག་ལེ་ཞེས་བྱ་བ་ནས། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར་ཞེས་བྱ་བའི ་བར་དུ་དོན་སྒྲ་ཇི་བཞིན་པ་ཉིད་ཡིན་པས་གོ་སླབ་ཁོ་ན་ཡིན་ནོ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྒྲུབ་པ་པོས་རྣལ་འབྱོར་ལ་ཡིད་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ལྷ་མོ་སྟེ། རྟག་ཏུ་བསྐྱང་བར་བྱ་བ་ནི་འཚོ་བ་མེད་པས ་ན་དུས་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར་ཞེས་བྱ་བ་ལ། དམ་ཚིག་གི་སྒྲ་ནི་བསྲུང་བར་བྱ་བ་དང། བཟའ་བར་བྱ་བ་སྟེ་ཉམས་པས་སོ། །དམ་ཚིག་གི་ལྷ་མོ་རྣམས་དང། དེའི་རྗེས་སུ ་འགྲོ་བའི་རྣལ་འབྱོར་མ་རྣམས་ཏེ་ཉམས་པས་སོ། །དབང་བསྐུར་བ་ནི་ཉེ་བར་མཚོན་པ་ཙམ་མོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་སྦྲང་རྩི་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལྔ་གསུངས་པ་ཡིན་ཏེ། སྦྲང་རྩི་ནི་ས་བོན་ནོ། །མཚལ་ནི་ཁྲག་གོ་།ག་བུར་བཅས་ནི་ཆ་ཆན ་དང་བཅས་པའོ། །ཡང་དམར་ཞེས་སྨོས་པ་ནི་གཅི་བའོ། །ཙན་དན་ནི་བཤད་པ་སྟེ། ཡང་ཙན་དན་དམར་པོ་ཞེས་ཟླས་དབྱེ་བའོ། །དེ་དག་དང་སྦྱར་བ་ཞེས་མཚམས་སྦྱར་བའོ། །ཚོགས་ཀྱི་ནང་དུ་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་དབུས་སུ་ལཾ?། ། ་ཡང་ན་སྦྱོར་བ་གཅིག་འཛིན་པའི་དབུས་སུའོ། །བཞུགས་པ་ནི་ཉམས་སུ་ཞེན་པ་ཞེས་བྱ་བའི་དོན་ཏོ་ནི་ཞེས་བྱ་བ་ནི་སྦྱོར་བ་གཞན་རྣམ་པར་བཅས་པའོ། །ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཐམས་ཅད་རྡོ་རྗེ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་རྣམས་ཀྱི་མཚན་མིན ་མཚན་མར་གྱུར་པའི་དམ་ཚིག་གོ་།མཚན་མའི་སྒྲ་ནི་པདྨའི་སྣོད་དེ་དུང་ཆེན་པོ་ཞེས་བྱ་བའི་བར་རོ། །དེ་འཛིན་པས་ན་ཐམས་ཅད་རྡོ་རྗེའི་མཚན་མ་འཛིན་ཞེས་བྱའོ། །འདི་དག་ནི་བདུད་རྩི་ལྔའི་ཁྱད་པར་རོ། །སྤོམ་པོ་མཛའ་དག་རྩེ་སྦྱར་བས་ཞེས་བྱ་བ་ནི་མཐེ་བོ་དང་སྲིན་ལག་ངག ་གིས་མྱང་བར་བྱ་བའོ། ཞེས་སྦྱར་རོ། །རྣལ་འབྱོར་རིག་པ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ཞེས་བྱ་བའི་དོན་ཏོ། །ཞི་བའི་བཏུང་བ་ཞེས་བྱ་བ་ནི་ཞི་བའི་བཏུང་བ་ལས་འདི་དམན་པ་མ་ཡིན་ཏེ། དེ་ལྟར་མོད་ཀྱི་ཇི་ལྟར་བྲམ་ཟེ་དག་མཆོད་སྦྱིན་གྱི་དུས་སུ ་ཤིན་ཏུ་དག་བྱེད་དུ་བཏུང་བ་དེ་ལ་ལེན་པར་བྱེད་དེ། རྣལ་འབྱོར་རིག་པ་ཞེས་བྱ་བར་དགོངས་ཏེ། དེ་ལྟ་བུའི་སྔགས་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །རྟག་པ་ཞེས་བྱ་བ་ནི་གོ་སླ་བ་ཉིད་དོ། །མཆོད་པ་བཞི་ཞེས་བྱ་བ་ནི། ཕྱི་དང་གསང་བ་དང། ཡིད་དང་ནང་གི་བདག ་ཉིད་ཅན་གྱི་མཆོད་པའོ། །ཡང་ན་ཕྱག་རྒྱ་ཆེན་པོ་དང། དམ་ཚིག་གི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། ལས་ཀྱི་ཕྱག་རྒྱ་སྟེ། བཞི་བོ་དེ་དག་གིས་མཆོད་པ་ནི་མཆོད་པ་བཞིའོ། །དེ་བཞིན་དུ་དབང་གཉིས་སྙོམ་པར་འཇུག་པ་ཡི། ཞེས་བྱ་བ་ནི་མཉམ་པ་ཉིད་དུ་གྱུར་པའོ། ། ་དཔའ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པའོ། །དེ་ཉིད་འཛིན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པའོ། །ཡང་ན་དེ་ཁོ་ན་ཉིད་ནི་གཞན་མ་ཡིན་པ་ཉིད་དོ། །དེ་ནས་འཁོར་ལོ་གསུམ་འཛིན་པ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་རོ་གཅིག་པ་འཛིན་པས་ལྟང་བའི?་བདེ ་བ་གཅིག་ཏུ་བསྡུ་བ་བྱས་པས་སོ། །རྡོ་རྗེ་ནི་བཅོམ་ལྡན་འདས་ཏེ། དེ་འཛིན་པར་མཛད་པས་ན་རྡོ་འཛིན་རྣལ་འབྱོར་སྤྱོད་པའོ། །བཅུ་དྲུག་ཆར་ཡང་མི་འཕོད་དོ། །ཞེས་བྱ་བ་དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ཀྱི་བདེ་བའི་ཆ་གཅིག་ཀྱང་རྣལ་འབྱོར་གཞན་འཛིན་པ་དག་གིས་ཆར་ཡང་ཡི? ་ཕོད་ཅིང་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་དང་པོའོ།། །།ད་ནི་དཀྱིལ་འཁོར་བྲི་བའི་གནས་བསྟན་པའི་ཕྱིར། དེ་ལ་ལྕི་བ་མ་ལྷུང་བས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་ཞེས་བྱ་བ་ནི་གང་དུ་དཀྱིལ ་འཁོར་འདྲི་བདེར་དུར་ཁྲོད་ཆེན་པོ་ལྟ་བུར་བསྒོམ་པར་བྱའོ། །རོ་བསྲེགས་སོལ་བ་ཞེས་བྱ་བ་ལ་སོགས་པས་ནི་ཚོན་གྱི་བྱ་བ་གསུངས་པ་ཡིན་ནོ། །མཚན་ཉིད་ཐམས་ཅད་ལྡན་ཞེས་བྱ་བ་ནི་སློབ་དཔོན་གྱི་མཚན་ཉིད་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཡང་དག་ཤེས་ཤིང ་ཞེས་བྱ་བ་ནི་སོ་སོར་སྣང་བ་སྐྱེས་བར་གྱུར་པའོ། །རྒྱུད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་མཛའ་དག་ལ་མཁས་པའོ། །ཡང་ན་རྡོ་རྗེ་དང་པདྨ་འདུས་པར་ལྡན་པའི་གསང་བའི་དབང་བསྐུར་བའི་དུས་དང་ལྡན་པའོ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས་ཞེས་བྱ་བ་ནི་སྔོན་དུ ་བསྙེན་པ་བྱས་པ་དང། ཁྲོ་བ་མེད་བ་ཞེས་བྱ་བ་ལ་སོགས་པའི་སློབ་དཔོན་གྱི་མཚན་ཉིད་བཤད་པ་དང་ལྡན་པའོ། །ཐོད་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡན་ལག་ཏུ་བྱ་བའི་རྟགས་ནི་སྤྱིའི་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བའི་ཚུལ་གྱིས་ནི་ཕྱག་རྒྱ་དྲུག་དང་ལྡན་པའི་ཕྱག་རྒྱ ་ཆེན་བོར་སྟོན་ཏོ། །དུམ་གཅིག་སྤྱི་བོར་བརྒྱན་པ་དང་ཞེས་བྱ་བ་འདིས་ནི་ཐོད་པའི་ཕྲེང་བ་ཡོད་བར་སྟོན་ཏོ། །འདི་ཉིད་ཀྱིས་ན་དུམ་བུ་གཅིག་པའི་ཐོད་པ་མཆོག་ཉིད་དུ་བཤད་དོ། །རྒྱུད་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ལ་སོགས་པ་འཁྲུག་པའི་ཚུལ་གྱིས ་སྟོན་ལ། དེ་ནི་བླ་མའི་མན་ངག་གིས་གོ་རིམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་སྤྱད་པར་བྱའོ། །དེ་ཉིད་ཀྱིས་ན་བློ་དང་ལྡན་པ་བདག་ཉིད་དཔལ་ཧེ་རུ་ཀར་བྱས་ནས་གསུངས་པ་ཡིན་ལ་དེའི་འོག་ཏུ་ནི་དཔལ་ལྡན་ཧེ་རུ་ཀ་དྲན་བྱ་ཞེས་བྱ་བ་ནི་དཀྱིལ་འཁོར་རྣམས་པར ་དགོད་པ་ཀུན་ཏུ་སྤྱད་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་འཁོར་ལོ་འདི་ནི་སྙིང་གར་དགོད་ཅེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་ཉིད་གོ་བགོས་ནས་ཞེས་བྱ་བ་ནི་རང་གི་ལུས་ལ་འདི་ལྟར་གོ་བགོའོ། །ར་བ་རྣམས་ནི་ཕྱོགས་སུ་གང ་ཅེས་བྱ་བ་ནི། ཨཱ་ལི་ཀཱ་ལིའི་དམ་ཚིག་བརྗོད་པའི་རྗེས་ཐོགས་ལ། ཞེ་སྡང་གི་ར་བ་དང། འདོད་ཆགས་ཀྱི་ར་པ་དང། གཏི་མུག་གི་ར་བ་རྣམས་དགོད་པར་བྱའོ། །ཕྱིས་ཁང་པ་བརྩེགས་པ་ལ་སོགས་པ་རྫོགས་པའི་དུས་ནི་རྡོ་རྗེའི་རབ་དང། པདྨའི་ར་བ་དང། འཁོར ་ལོའི་རབ་དགོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་གོ་བགོས་པར་གྱུར་ནས། །འོག་ཏུ་འང་མཚོན་ཆ་དགོད་པར་བྱ་ཞེས་བྱ་བ་ལ། ས་འོག་གི་མཐར་ཐུག་གིས་བར་དུ་ས་བཞི་རྡོ་རྗེ་རང་བཞིན་དུ་བརྟན་པར་བྱའོ། །འཁོར་ལོའི་བདག་ཉིད་མཚོན་ཆ་མཉམ་ཞེས ་བྱ་བ་ནི་འཁོར་ལོར་གནས་པ་དང། དེ་བཞིན་དུ་བདག་ཉིད་མཚོན་ཆའི་དྲ་བས་གོ་བགོ་བར་བྱའོ། །སྟེང་དུ་མདའི་དྲ་བ་ཞེས་བྱ་བ་ལ། མངའ་ཨི་དྲ་བ་ནི་རྡོ་རྗེའི་སྟེང་དུ་སྟེ། དེ་ལྟ་བུའི་མདའི་དྲ་བ་སྟེང་དུ་དགོད་པར་བྱའོ། །ཡང་བདག་ཉིད་ཅེས་བྱ་བ་ནི་ཡེ་ཤེས་སེམས ་དཔའ་བཞུགས་པའི་འོག་ཏུ་གཞལ་ཡས་ཁད་ནང་དུ་བཞག་ལ་དྲ་བ་ལ་སོགས་གཉེ་བར་བསྟན་པར་བྱའོ་ཞེས་བྱ་བར་དགོངས་སོ།། །།དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བྲི་བ་ལ་སྔགས་པ་འཇིགས་པ་མེད་པ་ཉིད་དུ་སྟོན ་ཏོ། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས་ཞེས་བྱ་བ་ནི། ལེགས་པར་བསླབས་ཤིང་མཁས་པའི་ཕྱིའི་ལྷ་མོ་དང། ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །དངོས་གྲུབ་བཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་ནི་དཀྱིལ་འཁོར་གྱི་ཐིག་གདབ ་པ་ལ་སྤྱད་པར་བྱའོ་ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་མ་ཡི་དྲ་བ་མཆོག་ཅེས་བྱ་བ་ནི་འཁོར་ལོ་གསུམ་ལ་གནས་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །མཆོད་ཅེས་བྱ་བ་ནི་མཆོད་པ་བྱ་བ་འམ་སྦྱིན་པར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟར་བ ་ཉིད་ཡིན་ནོ། །མདངས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་རྒྱས་པར་བསྟན་ཏེ། མདངས་དང་ལྡན་ཞེས་བྱ་བ་ནི་གཟི་བརྗིད་དང་བཅས་ཤིང་ཤིན་ཏུ་འབར་བ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་དོན་ཇི་ལྟ་བ་ཉིད་དོ། །སྨིན་མ་བཟད་པོ་རྡོ་རྗེ ་དབྱེས་ཞེས་བྱ་བ་ལ། སྨིན་མ་བཟང་ཞིང་མཉམ་པ་ནི་སྨིན་མ་བཟང་པོ་སྟེ། དེ་རྡོ་རྗེ་ལྟར་དབྱེས་པ་གང་ལ་མདའ་བ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བར་སྦྱར་རོ། །ཡང་ན་དཔྲལ་པའི་རྡོ་རྗེ་ཕྲེང་བའི་མཐར་ཐུག་པའི་བར་དུ་སྨིན་མ་དབྱེས་ཤིང་གྱེས་པ་མངའ་བ་ཞེས་བྱ་བའི་དོན་ཏོ། ། ་བརྒྱ་ཕྲེང་བས་རྣམ་པར་བརྒྱན་ཞེས་པ་ནི་མིའི་ཐོད་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །དེའི་མདུན་ནས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཕག་མོ་གསལ་བར་བསྟན་པ་ཡིན་ནོ། །རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས་ཞེས་བྱ་བ་ནི ་དབང་ཕྱུག་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱའོ་ཞེས་ལ་ལ་དག་འདོད་མོད་ཀྱི། དེ་ནི་མི་རིགས་པ་ཉིད་ཡིན་ཏེ། དེའི་སྐབས་མ་ཡིན་པའི་ཕྱིར་དང་རྡོ་རྗེ་ཕག་མོའི་ཕྱག་རྒྱ་ཆེན་པོའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེབས་ན་དོན་ནི་འདི་ཡིན་ཏེ། འཇིགས་བྱེད ་ཆེན་པོ་ནི་བཅོམ་ལྡན་འདས་ཏེ། དེ་ལ་མངོན་པར་ཕྱོགས་པའི་སྐུ་དང། གསུང་དང། ཐུགས་ཀུན་ཏུ་འཁྱུད་པར་མཛད་པའོ། །ལྷག་མ་རྣམས་ནི་གོ་སླའོ། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་ནི་ཞེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པ་ཡང་མཆོད་པར་བྱའོ་ཞེས་བྱ་བའི ་བར་དུའོ། །དེ་ནས་བུམ་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་བུམ་པ་གཟུང་བའི་མཚན་ཉིད་ཕྱོགས་གཅིག་ཉེ་བར་མཚོན་བཙམ་ཞིག་སྟོན་པ་ཡིན་ཏེ། རྩ་བ་ནག་བོ་མེད་ཅིང་ལྟོ་བ་ཆེ་བ། མཆུ་འབྱུང་པ། སྐེ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །མུ་ཏིག་ཅེས་བྱ་བ་ལ ་སོགས་པ་ནི་རིན་པོ་ཆེ་སྣ་ལྔ་སྟོན་པ་ཡིན་ནོ། །ཟངས་མ་སྟེ་ཞེས་བྱ་བ་ནི་བུམ་པའི་ཁྱད་པར་རོ། །ལྷག་མ་ནི་གོ་སླའོ། །བུམ་པ་མ་རྙེད་ན་ནི་དགུར་བྱ་ལ། རྙེད་ན་ནི་བུམ་པ་གསུམ་ཅུ་རྩ་བདུན་བྱ་སྟེ། ལཱ་མ་ལ་སོགས་པའི་བུམ་པ་བཞི་དང། ཁྭ་གདོང་མ་ལ་སོགས་པའི་བུཾ ་པ་བརྒྱད་དང། ལས་ཐམས་ཅད་པ་དང། རྣམ་པར་རྒྱལ་པའི་བུམ་པ་སྟེ་ལྷ་ཐམས་ཅད་ལ་རེ་རེ་བས་སུམ་ཅུ་རྩ་དགུར་འགྱུར་རོ། །གསེར་དང་ཞེས་བྱ་བ་ལ་སོགས་པས་ཅི་རྙེད་པའི་རིན་པོ་ཆེ་ལ་སོགས་པས་དཀྱིལ་འཁོར་ཅི་མཛེས་སུ་བྱ་བའི་དོན ་ཏོ། །གྲོང་མཆོག་ཡིད་འོང་མཆོད་ན་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། ཅེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་གོ་སླའོ། །བདག་ཉིད་ཀུན་ནས་སྒོའི་ཞལ་ལ་ནི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཁྱད་པར་ཏེ། དཔལ་ཧེ་རུ་ཀའི་རང་གི་བདག་ཉིད་དུ་བྱ་བ་ནི་བཅོམ་ལྡན་འདས་ནི་ཞལ་བཞི་པ ་ཡིན་པའི་ཕྱིར་རོ། །དྲི་ཆུ་ཡིས་ནི་ལེགས་པར་གང་བ་ཅེས་བྱ་བ་ནི་སྔགས་ཀྱིས་དག་ཅིང་དྲི་དང་བཅས་པའི་རྡོ་རྗེའི་ཆུས་བདག་ཉིད་ལ་ལེགས་པར་གཏོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མར་མེ་བརྒྱ་ནི་དབུལ་བར་བྱ་ནི་སྒྲ་ཇི་བཞིན་པ་ཉིད་དམ། ཡང་ན་རྣམ་པ་སྣ་ཚོགས་པའི ་དཔའ་བོའི་ཁྱད་པར་བྱ་ལ་སྟེ། གཞན་དག་ལས་མར་མེ་ལྔ་ཞེས་བྱ་བ་དཔའ་བོ་ལྔ་ལ་བྱ་བའི་ཕྱིར་རོ། །ནམ་མཁའ་ཨི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོང་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ལ་གནས་པ་ཞེས་བྱ་བའི་དོན་ཏེ། སེམས་ནི་ནམ་མཁའ་ལ ་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་ཏུ་དགོད་པར་བྱ་ཞེས་བྱ་བ་ནིས་སྟེང་ནི་སའི་དཀྱིལ་འཁོར་ཏེ། དེ་ལ་སྤྱོད་པ་རྣམས་དཀྱིལ་འཁོར་ཀུན་ཏུ་ཞེས་བྱ་བ་རྣམས་ཐམས་ཅད་དུ་གསུང་གི་འཁོར་ལོ་གང་ཡིན་པ་དགོང ་བར་བྱའོ། །གསུང་གི་འཁོར་ལོ་ནི་བར་ན་གནས་པའི་ཕྱིར་རོ། །ཡང་སའི་འོག་ན་གནས་པ་རྣམས་ནི་དོན་གྱི་དབང་གིས་སྐུའི་དཀྱིལ་འཁོར་ལ་དགོད་པར་བྱའོ་ཞེས་ཤེས་པར་བྱའོ། །མ་མོ་ཐམས་ཅད་ཕྱོགས་དང་ནི། ཞེས་བྱ་བ་ནི་སྒོ་བཞི་པོ་དག་ཏུ། ཁྭ་གདོད་མ་དང། འུག ་གདོང་མ་དང། །བྱི་གདོང་མ་དང། ཕག་གདོང་མ་སྟེ། བཞི་པོ་ཕྱོགས་སུ་རིམ་པ་བཞིན་དགོད་པ་དང། མཚམས་རྣམས་སུ་གཤིན་རྗེ་སྲེག་མ་དང། གཤིན་རྗེ་ཕོ་ཉ་མ་དང། གཤིན་རྗེ་མཆེ་བ་མ་དང། གཤིན་རྗེ་འཇོམས་མ་སྟེ། བཞི་པོ་རིམ་པ་བཞིན ་དུ་དགོད་དོ། །གལ་ཏེ་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་མཆོད་པ་རྣམ་པ་ལྔ་སྟོན་ཏེ། མར་མེ་བརྒྱ་ཡང་དབུལ་བྱ་ཞིང་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཤད་ལ། དྲི་དང་མེ་ཏོག་ཅེས་བྱ་བ་ནི་མཆོད་པ་རྣམ་པ་ལྔ་ཁ་བསྐང་བའི་དོན་དུ་གསུངས་པ་ཡིན་ནོ། །དཔལ ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་ཉིད་ཡིན་པའི་ཕྱིར་རྣམ་པར་མ་ཕྱེའོ། །རབ་མཉམ་བཞག་སྟེ་ཞེས་བྱ་བ་ནི་མཆོད་པའི་ཆོ་ག་ཐམས་ཅད་ལ་རྣམ་པར་དག་པར་ཤེས་པའི་བར་དུའོ། །ལེའུ་གཉིས་པའོ།། །དེ་ནས་ཞེས་བྱ་བ་ལ་སོགས ་པ་ལ། སློབ་དཔོན་ཞེས་བྱ་བ་ནི་དཀྱིལ་འཁོར་དང་ཉེ་བ་གང་དག་ཡིན་པ་དེ་ཐམས་ཅད་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །ཅི་ནུས་པས་ནི་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་མཆོད་པ་སྟོན་ཏོ། །དྲིལ་བུ་ལ་སོགས་པས་ཞེས་བྱ་བས་ནི་གཙོ་བོ་ལས་གཞན་པའི་སློབ་དཔོན་རྣམས ་ཀྱིས་བྱ་བའི་ལས་གསུངས་པ་ཡིན་ནོ། །རྔ་བརྡུང་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པའི་ཆོ་ག་ཉི་ཤུ་གསུངས་པ་ཡིན་ནོ། །དེའི་རིགས་ནི་བསྟན་པར་བྱ་ཞེས་བྱ་བའི་བར་དུ་གོ་སླའོ། །དེའི་རྗེས་ཐོགས་ལས་རྒྱུད་གཞན་ལས་རབ་ཏུ་གྲགས་པའི་ཚོགས་དབང ་བསྐུར་བ་ཐམས་ཅད་རྫོགས་པར་བྱས་ན། དེ་ནི་གསང་བའི་དབང་བསྐུར་བའི་ཆོ་ག་གཙོ་བོ་ཉིད་ཡིན་པའི་ཕྱིར་མཆོད་པ་བྱ་དགོས་པས་དེ་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་གསང་བའི་དབང་བསྐུར་བ་སྟོན་པ་ཡིན་ནོ། །རབ་མཉམ་གཞག་ཅེས་བྱ་བ་ནི ་བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱ་བ་དང། དེ་ཡང་རྡོ་རྗེ་ཕག་མོའི་སྦྱོར་བར་བསྐྱེད་ལ་གོ་ཆ་ཆེན་པོ་ལ་སོགས་པ་གོ་པ་གོ་བ་དང། སློབ་མ་ཡང་དེ་བཞིན་དུ་བྱས་ལ། ཉི་མ་གཉིས་པ་ལ་སླར་ཡང་དཀྱིལ་འཁོར་ལེགས་པར་མཆོད་དེ། བྱིན་གྱིས་བརླབ ་པ་ལ་སོགས་པ་ལེགས་པར་བྱས་ནས། དཀྱིལ་འཁོར་གྱི་དབུས་སམ་དཀྱིལ་འཁོར་ལ་ཉེ་བར་ཁྲི་ལ་སོགས་པ་འམ་སྟན་བདེ་བ་ལ་གནས་ལ་གསང་བའི་དབང་བསྐུར་བརྩམ་པར་བྱའོ། །ཕྱག་རྒྱ་མཆོག་ཅེས་བྱ་བ་ནི་ཕྱི་རོལ་གྱི་བུད་མེད་སྔགས་ཀྱི་རྒྱུད་ལེགས ་པར་བསླབས་པ། བཟའ་བར་བྱ་བ་དང། བསྲུང་བར་བྱ་བ་ལ་སོགས་པའི་དམ་ཚིག་དང་ལྡན་པ། ལྷའི་ཏིང་ངེ་འཛིན་ལ་ལེགས་པར་གནས་ཤིང་སྦྱོར་བ་གཅིག་པ་ལ་བྱའི། གཞན་དག་ལ་ནི་མ་ཡིན་ནོ། །མཆབ?་ཆེན་??་གསུམ་བཟླས་པ ་ཡིས། དེ་ལ་ཐིག་ལེ་བྱ་བ་ཡིན་ཞེས་བྱ་བ་ནི་སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་ཕྱིའི་ལྷ་མོ་མེ་ཏོག་དང་ལྡན་པ་དེ་དང་ལྷན་ཅིག་བང་སྱ་མ་ན་ལ་སོགས་པའི་རིམ་གྱིས་ཇི་ལྟར་དགའ་བ་བསྐྱེད་པར་གྱུར་བདེ་ལྟར་རྡོ་རྗེ་དང་པདྨར་འདུས་པའི་རིམ་གྱིས་འབྱུང ་བའི་གནས་སྐབས་སུ་སློབ་མ་གདོང་གཡོགས་པ་ལ། སྙིང་བོ་དང་ཉེ་བའི་སྙིང་པོ་དང་ཕྲད་པའི་སྔགས་བརྗོད་པར་བྱས་ལ། སྤྱི་བོ་དང། དཔྲལ་བ་དང། མིག་གཉིས་དང། ཁ་དང། ལྐོག་མ་དང། སྙིང་གར་གནས་པའི་རྡོ་རྗེ་དང་པདྨས་དབང་བསྐུར་བར་བྱ་ཞིང། ་སློབ་མས་ཀྱང་བདུད་རྩི་བཞིན་དུ་ལོངས་སྤྱད་པར་བྱའོ། །དེ་ནས་དེའི་འོག་ཏུ་གདོད་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་གང་གི་ལྷའི་གནས་གང་ཡིན་པ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་གནས་སོ། །དེར་དེ་བསྟན་པར་བྱ་ཞེས ་བྱ་བ་ནི་དབང་བསྐུར་བར་རབ་ཏུ་ནུས་པའི་ཕྱིའི་ལྷ་མོ་བསྟན་པར་བྱའོ། །ཡང་དག་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡིད་ཀྱིས་སོ། །དེ་ནས་སློབ་མས་དེ་བཞིན་དུ་བརྩམ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནས་སློབ་མ་རབ་མཉམ་གཞག། རབ་ཏུ་བཏུད་པར ་བྱས་ནས་ནི། །གཡོན་ནས་བརྩམས་པའི་རིམ་པ་ཡིས། །དེ་ནས་སྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཇི་བཞིན་ཆོགས་བྱའོ་ཞེས་བྱ་བ་ཡིན་ཏེ། ཇི་ལྟར་བླ་མས་སློབ་མ་ལ་གསང་བའི་དབང་བསྐུར་བྱིན་པ་དེ་འདྲ་བའི་ཆོ་གས་སློབ་མས་བླ ་མའི་ཕྱིར་དེ་ཉིད་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཡིན་པའི་ཕྱིར་གོ་སླའོ། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས་ཤེས་བྱ་བ་ནི་དཔལ་ཧེ་རུ་ཀའི་སྦྱོར་བ་འཛིན་པའི་རྣལ་འབྱོར་པ་ལ་ཞེས་བྱ་བའི་དོན་ཏོ། ། ་ལེའུ་གསུམ་པའོ།། །།དེ་ནས་རྣལ་འབྱོར་མ་རྣམས་ནི། །ས་ལ་རྣམ་པར་རོལ་པ་སྟེ། ཞེས་བྱ་བ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་རྣམས་ཀྱི་སོ་སོའི་མཚན་བསྟན་པའི་ཕྱིར་གསུངས་པ་ནི་བརྩོན་ཆེན་ཞེས་བྱ་བ་ལ་སོགས་པས་རིམ་པ་ལས་བཟློག ་སྟེ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་ལ་རང་གི་མིང་བརྗོད་པའི་སྔགས་ཞེས་བྱ་བ་ལ་སོགས་པས་མཁའ་འགྲོ་མ་དང་དཔའ་ཨོ་ཉི་ཤུ་རྩ་བཞི་དང་མཁའ་འགྲོ་མ་བཞི་དང་ཁྭ་གདོང་མོ་ལ་སོཊ་པ་བརྒྱད་ཀྱི་རང་རང་གི་མཚན་བརྗོད་པ་ལ་ཐ་མར་ཧཱུཾ་ཧཱུཾ་ཕཊ་ཅེས་སྦྱར་ན་སྔགས་དྲུག་ཅུར་འགྱུར་རོ། ། ་ཡི་གེ་ཨོཾ་ནི་ཐམས་ཅད་གསལ་བར་བྱེད་པ་ཡིན་པར་བསྟན་པའི་ཕྱིར་རོ། །རྣལ་འབྱོར་མཆོག་ནི་འདི་མཐོང་ན། །གཞན་དག་སྙིང་པོ་མེད་རྩཝར་མཚུངས་ཞེས་བྱ་བ་ནི་ཤྲཱི་བཛྲ་ཧེ་རུ་ཀའི་རྣལ་འབྱོར་འདི་མཐོང་ན་གཞན་ནི་རྩཝའི་ཁྱད་པར་ལྟ་བུ་སྟེ། སྲིན་བུས་ཟོས་པའི་རྩཝ་སྙིང ་པོ་མེད་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །གྲུབ་ཅེས་བྱ་བ་ལ་སོགས་པ་ནི་ད་ལྟར་རྫོགས་པའི་རྣལ་འབྱོར་པའི་མཐུ་རྣམས་སྟོན་པ་ཡིན་ནོ། །གྲུབ་པ་ཉིད་ཀྱིས་ན་འདོད་པ་ཐམས་ཅད་བྱེད་པ་ཡིན་ཞེས་བྱ་བ་ཡིན་ཏེ། མངོན་པར་འདོད་པ་ནི་དོན་རྫོགས་པར་བྱེད་པའི ་ནུས་པ་དང་ལྡན་པར་འགྱུར་བའོ། །དཔའ་བོ་ཉིད་འགྱུར་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་དབུས་སུ་ཆུད་པའི་དཔའ་བོ་སྟེ། ཕ་རོལ་གནོན་པར་གྱུར་པ་ཡིན་ལ། །གྲུབ་པ་ནི་ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཁང་པ་བྲིས་པའི ་དཀྱིལ་འཁོར་མཐོང་བ་སྟེ། དབང་བསྐུར་བའི་ཆོ་ག་རྫོགས་པ་ཙམ་གྱིས་ཇི་སྐད་བསྟན་པའི་ཡོན་ཏན་འགྲུབ་པར་འགྱུར་ན། བཟླས་པ་དང་བསྒོམ་པ་ལ་སོགས་པ་ལ་རྟག་ཏུ་གོམས་པར་བྱེད་པའི་དབང་གིས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཆེ་བ་ཉིད་བསྟན་པའི་ཕྱིར་གསུངས་པ་ནི ་དེ་ཤེས་རྟག་ཏུ་བསྒོམ་པ་ནི་ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་ཅེས་བྱ་བ་ནི་དེའི་འགྲས་བུ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པས་གསུངས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ནི་ཕྱིན་ཅི་མ་ལོག་པ་གསུང་བ་ཡིན་པས་འདིར་ཚད་མ་ཉིད་དུ་གསུངས་པ་ཡིན་ནོ། ། ་ལེའུ་བཞི་པའོ།། །།ད་ནི་འདིར་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། ཞེས་བྱ་བ་འདིས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྩ་བའི་སྔགས་བཏུ་བའི་ཆོ་ག་བསྟན་པ་ཡིན་ནོ། །ཱ་ལི་ཀཱ་ལིས་མཉམ་སྦྱར་ནས་ཞེས་བྱ་བས་ནི་དབྱངས་ཀྱི་ཡི་གེ་སྟེ། ་སྡེ་ཚན་རྣམས་ཀྱང་མི་མཉམ་པ་མེད་ཅིང་མཚང་བ་མེད་པར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྡེ་ཚན་ལ་ནི་བསྒྱུར་བར་བྱ་ཞེས་བྱ་བ་ནི་དང་བོར་རེ་ཞིག་སྔགས་ཀྱི་གསལ་བྱེད་ཀྱི་ཡི་གེ་རྣམ་བཏུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བཞི་བཞི་རུ་ནི་ཤེས་བྱ་ལ་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་རྐང ་པ་བརྒྱད་དུ་འགྱུར་བའོ། །ཐུབ་པ་མཆོག་གི་རེ་མིག་ལས། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་བྱ་བ་ནི་སྟོན་པ་པོ་དང་བསྟན་པའི་ཚུལ་གཅིག་པས་དཔའ་བོའི་སྒྲས་ནི་སྔགས་ལ་བྱ་བར་བཤད་དོ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ་ནི་སྔགས་ཀྱི་མཐུ་བསྟན་པར་ཡིན་ནོ། ། ་བཞི་པའི་ལྷལ?་གང་ཡིན་དང་ཞེས་བྱ་བ་ནི་ཡི་གེ་ན་ལ་བྱའོ། །ལྔ་པ་ཡི་ནི་ལྔ་པ་དང། ཞེས་བྱ་བ་ནི་མའོ། །ལྔ་པ་ཡི་ནི་བཞི་པ་དང་ཞེས་བྱ་བ་ནི་བྷའོ། །དང་པོའི་གསུམ་པ་གང་ཡིན་དང་ཞེས་བྱ་བ་ནི་གའོ། །དེ་བཞིན་ཉི་ཤུ་རྩ་དགུ་པ་ཞེས་བྱ་བ་ནི་ཝའོ། །བཞི་པའི་དང་པོ་གང ་ཡིན་པ་ཞེས་བྱ་བ་ནི་ཏའོ། །མཐར་གནས་པ་ཡི་བཞི་པ་དང་ཞེས་བྱ་བ་ནི་ཝ་ཉིད་དོ། །དེ་ཉིད་ཀྱི་ནི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་ཤའོ། །ཉི་ཤུ་རྩ་དྲུག་བ་ནི་ཡའོ། །བརྒྱ་ཕྱེད་ཕྱེད་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཧའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པ་ཡི ་གསུམ་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་བཞི་པ་ནི་བྷའོ། །མཐར་གནས་པ་ཡི་དང་པོ་གང་ཞེས་བྱ་བ་ནི་ཡའོ། །གཉིས་པའི་གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ནི་ཊའོ། །ལྔ་པའི་ལྔ ་བ་ནི་མའོ། །དང་པོའི་དང་པོ་ནི་ཀའོ། །དེ་བཞིན་བཅུ་གཅིག་པ་ཉིད་དང་ཞེས་བྱ་བ་ནི་ཊའོ། །བཅུ་དྲུག་པ་དང་ཞེས་བྱ་བ་ནི་ཏའོ། །གསུམ་པའི་དང་པོ་ནིཊ་ཉིད་དོ། །ཉི་ཤུ་རྩ་དྲུག་བ་ནི་ཡའོ། །བཞི་པའི་གསུམ་པ་ནི་དའོ། །ུཥྨའི་གཉིས་པ་ནི་ཁའོ། །དང་པོའི་དང་པོ་ནི་ཀའོ ་ཉི་ཤུ་རྩ་བདུན་པ་ནི་རའོ། །ཉི་ཤུ་རྩ་བརྒྱད་པ་ནིལ་རོ། །དང་པོའི་གསུམ་པ་ནི་གའོ། །ལྔ་པའི་བཞི་པ་ནི་བྷའོ། །སུམ་ཅུ་རྩ་གཅིག་པ་ནི་ཁའོ། །བཅོ་ལྔ་པ་ནི་ཎའོ། །ཉི་ཤུ་རྩ་ལྔ་པ་ནི་མའོ། །དང་པོའི་གཉིས་པ་ནི་ཁའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །སུམ་ཅུ་རྩ་གཉིས་པ ་ནི་སའོ། །ུཤམའི་ཐ་མ་ནི་ཧའོ། །སུམ་ཅུ་རྩ་གཉིས་པ་ཉིད་ནི་ཡང་ས་ཉིད་དོ། །ལྔ་པའི་བཞི་པ་ནི་བྷ་ཉིད་དོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་ནི་བྷའོ། །ུཤམའི་གསུམ་ཕ་ནི་སའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །ནྟ་སྠའི་དང་པོ་ནི་ཡའོ། །ཉི་ཤུ ་རྩ་གཅིག་པ་ནི་པའོ། །ནྟ་སྠའི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་ཤའོ། །ལྔ་པའི་དང་པོ་ནི་པའོ། །ུཤམའི་དང་པོ་ནི་ཤའོ། །དེ་བཞིན་ཡི་གེ་དྱཱ་ཉིད་དང་ཞེས་བྱ་བ་ནི་རང་གི་གཟུགས་ཉིད་བསྟན་པས་བཅོམ་ལྡན་འདས་མའི་ཆོས་ཀྱི་ཕྱག་རྒྱའི་ས་བོན་གསུངས ་པ་ཡིན་ནོ། །བཞི་པའི་དང་པོ་ནི་ཏའོ། །ུཤམའི་དང་པོ་ནི་ཤའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་ནི་ཁའོ། །གསུམ་པའི་དང་པོའི་ནི་ཊའོ། །དང་པོའི་གསུམ་པ་ནི་གའོ། །བཞི་པའི་བཞི་པ་ནི་དྷའོ། །ནྟ་སྠའི་གཉིས་བར་འོ། །གསུམ་པའི་ལྔ་བ ་ནི་ནའོ། །ཡི་གེ་བྱཱ་རང་གི་གཟུགས་སུ་བརྗོད་པ་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ས་བོན་དུ་བསྟན་ཏོ། །དང་པོའི་བཞི་པ་ནི་གྷའོ། །ཡི་གེ་བརྒྱད་པ་ནི་ཛའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་ལྔ་པ་ནི་མའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །བཞི ་པའི་བཞི་པ་ནི་དྷའོ། །ཉི་ཤུ་རྩ་བདུན་པ་ནི་ཕའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །ཉི་ཤུ་རྩ་ལྔ་པ་ནི་མའོ། །སུམ་རྩ་གསུམ་པ་ནི་ཧའོ། །བཞི་པའི་བཞི་པ་ནི་དྷའོ། །ལྔ་བའི་ལྔ་པ་ནི་མའོ། །བཞི་པའི་ལྔ་བ་ནི་ནའོ། །དངོ་པོའི་དང་པོན་ཀི་ལོ། ཉི་ཤུ་རྩ་བདུན་པ་ནི་རའོ། །ནྟ ་སྠའི། །བཞི་པ་ནི་ཝའོ། །ཉི་ཤུ་རྩ་གཅིག་པ་ནི་པའོ། །ུ་ཤམའི་གཉིས་པ་ནི་ཁའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ་ཞེས་བྱ་བ་ནི་ཡི་གེ་ཡའོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་རིན་པ་ནི་འཁོར་ལོ་གསུམ་ལ་གནས་པའི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་ཀྱི་རྒྱལ ་པོ་ཡིན་པས་ན་རིགས་པའི་རྒྱལ་པོ་སྟེ། དེའི་གསང་སྔགས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་ཐམས་ཅད་སྤང་བའོ། །ཞེས་བྱ་བ་ནི་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་བར་ཟང་དོ། །ལེའུ་ལྔ ་པའོ།། །།འཚོགས་བརྒྱད་པའི་ས་བོན་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆར་གྱུར་པའི་དཔའ་བོ་དྲུག་གི་སྙིང་པོ་བཏུ་བ་ཡིན་ཏེ། ཡའི་ཚོགས་ལས་བརྒྱད་པའི་ས་བོན་ནི་ཧའོ། །གུག་ཀྱེད་བཅུ་གཉིས་ཞེས་བྱ་བ་ནི་མནིད་བཏོན་པའི་གུག་ཀྱེད་བཅུ ་གཉིས་རྣམ་པར་མཛེས་པར་བྱས་པའི་ས་བོན་ཧ་དགོད་པའོ། །ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ། ཧཾ་ཧ(རྒྱུད་འགྲེལ་ལག་དྲུག་ནི་ཧེ་རུ་ཀ་ཞེས་བྱ་བ་སྟེ། ཧེ་རུ་ཀ་ཡན་ལག་དྲུག་པ་ཞེས་བྱ་བའི་དོན་ཏེ། རྟན་དང་བརྟེན་པ་པོ་དབྱེར་མེད་པའི་ཚུལ་གྱིས་སམ། །དོན་དམ་པ་ཉིད་དུའོ། །དཔའ་བོ་དྲུག་དང་མཉམ་སྦྱོར་བ་ཞེས་བྱ་བ་ནི་དཔའ་བོ་དྲུག་དང་མཉམ་པར་སྦྱོར་བ་ནི་ཡི་གེ་ཨོཾ་ལ་སོགས ་པའོ། །ཡི་གེ་གཅིག་ཏུ་ཡང་དག་གནས་ཞེས་བྱ་བ་ནི་ཡི་གེ་ཧའི་གོང་དུ་ཡི་གེ་ཨོཾ་བཞེག་གོ་ཞས་བྱ་བའི་དོན་ཏོ། །སྔགས་དེ་དག་ཀྱང་གང་ཞེ་ན། དེའི་ཕྱིར་གསུངས་པ་ནི། ཨོཾ་ན་མ(རྒྱུད་འགྲེལ་བྱ་ཞེས་བྱ་བ་ཡིན་ཏེ། །སྒྲུབ་པ་པོས་དེ་ལྟར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །དང་པོའི་སྙིང་གཉིད་དུ་སྟེ་ཞེས་བྱ་བ་ནི། ཨོཾ་ཏ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ་སྙིང་གའོ། །གཉིས་པ་སྤྱི་བོར་ཤེས་པར་བྱ་ཞེས་བྱ་བ་ནི་ན་མ(རྒྱུད་འགྲེལ་སྤྱི་བོར་རོ་།གསུམ་པ་སྤྱ་གཙུག་དག་ཏུ་སྦྱར་ཞེས་བྱ་བ་ནི་སྭཱ་ཧཱ་ཧུ་ཞེས་བྱ་བའི་འདི་ནི་པདྨ་གར་གྱི་དབང་ཕྱུག་སྟེ་སྤྱི་གཙུག་ཏུའོ། །བཞི་པ་གོ་ཆར་གྱུར་པ་ཡིན་ཞེས་བྱ་བ་ནི། བཽ་ཥཊ་ཧེ་ཞེས་བྱ་བ་ནི་ཕྲག་པ་གཉིས་དཔལ་ཧེ་རུ་སྟེ་གོ་ཆའི་ཚུལ་ཡིན་པར་ཤེས་པར ་བྱའོ། །ལྔ་པ་མི་གཏུ་གྱུར་པ་ཡིན་ཞེས་བྱ་བ་ནི་ཧཱུཾ་ཧཱུཾ་ཧོ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མ་སྟེ་མིག་གཉིས་ལའོ། །དྲུག་པ་མཚོན་ཆ་ཞེས་བྱར་འདོད་ཅེས་བྱ་བ་ནི་ཕཊ་ཧཾ་ཞེས་བྱ་བ་འདི་ནི་རྟ་མགྲིན་ཏེ། ཡན་ལག་ཐམས་ཅད་ལ་མཚོན་ཆར་བྱའོ། །ལེའུ་དྲུག་པའོ།། །། ་བཅུ་གསུམ་པ་ནི་ཡི་གེ་ཨོ་དང་སྦྱར་བའོ། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། ཡི་གེ་དྲུག་པ་བརྒྱན་པར་བྱ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་དྲུག་པ་ཨེ་དང་སྦྱར་བར་བྱའོ། །དབྱངས་ཀྱི་བཞི་བ་ཉིད་དང་ནི། །ཡི་གེ་བདུན་པ་ཉིད་དུ་སྦྱར་ཞེས་བྱ་བ་ནི་སྔགས ་ཀྱི་ཡི་གེ་བདུན་པ་ཨི་དང་སྦྱར་བར་བྱའོ། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པ་ཡིས་ནི་བརྒྱད་པར་སྦྱར་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་བརྒྱད་པ་ཨེ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ ་པ་བརྒྱན་པར་བྱ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་དགུ་པ་ཨཱ་དང་སྦྱར་ཞེས་བྱ་བའི་དོན་ཏོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར་ཞེས་བྱ་བ་ནི་ཡི་གེ་བཅུ་གཉིས་པ་ཧ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་ལྡན་པ ་ནི། ཡི་གེ་ཉི་ཤུ་གཅིག་པ་གཟུང། །ཡི་གེ་བཅུ་བཞི་པ་ཞེས་བྱ་བ་ནི་ཡི་གེ་བཅུ་བཞི་པ་ཡི་གེ་ལ་དང་སྦྱར་ལ། ཡི་གེ་དེ་ཉིད་ཨ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཉི་ཤུ་པ་བླངས་པ་དབྱངས་ཀྱི་ཡི་གེ་ལས་གསུམ་པ་དང་ལྡན་པའོ། །ཡི་གེ ་བཅོ་ལྔ་པ་ན་དང་སྦྱར་ན། ཡི་གེ་གསུམ་པ་དབྱངས་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་བཅོ་ལྔར་ཡང་དག་ལྡན། །བཅུ་དྲུག་བཞེས་བྱ་བ་ནི་ཡི་གེ་བཅུ་དྲུག་པ་དང་ཨཾ་དུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གསུཾ ་པ་ལྡན་པ་ཡི། །ཡི་གེ་བཅུ་བདུན་པ་རུ་འདོད་ཅེས་བྱ་བ་ནི་ཡི་གེ་བཅུ་བདུན་པ་ནི་ཡི་གེ་གསུམ་པ་ཨི་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་ཉིད་དང་ནི། །ཡི་གེ་བཅོ་བརྒྱད་པ་རུ་སྦྱར་ཞེས་བྱ་བ་ནི་གོ་སླབ་ཉིད་ཡིན་ནོ། ། ་དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར་སྦྱར། །ལྔ་པའི་ལྔ་པ་ཉིད་དང་ནི། །ཡི་གེ་ཉི་ཤུ་གསུམ་པར་སྦྱར། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར་ཞེས་བྱ་བ་འདི་དག་ཐམས་ཅད་ནི་གོ་སླའོ། །སྔོ ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར་ཞེས་བྱ་བ་ལ། །ཡི་གེ་ཉི་ཤུ་ལྔ་པའི་རྩ་བར་??་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་ཉི་ཤུ་རྩ་དྲུག་འགྱུར་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་གཉིས་པ་དང་སྦྱར་བར་བྱའོ ་ཞེས་བྱ་བའི་དོན་ཏོ། །ཉི་ཤུ་བརྒྱད་པ་ཉིད་དག་ནི། །ཡི་གེ་བཅཝོ་ལྔ་པ་དང་སྦྱར་ཞེས་བྱ་བ་ནི་ཡི་གེ་དང་ངར་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་དང་པོར་ཡང་དག་ལྡན། །འོག་གི་ཆ་ནི་མེད་དང་བཅས་ཞེས་བྱ་བ་ནི་ཡི་གེ་ཊའི་འོག་ཏུ་ར་བཏགས་པ་སྦྱར་བར ་བྱའོ། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར་ཞེས་བྱ་བ་ནི་ཊ་དེ་ཡི་གེ་ཨཱ་དང་སྦྱར་བར་བྱའོ། །ཡི་གེ་ཉི་ཤུ་རྩ་དགུ་པ་ཞེས་བྱ་བ་ནི་ཥའི་འོག་ཏུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླ་བ་ཉིད་ཡིན་ནོ། །ཉི་མ་ཞེས་བྱ་བ་ནི་རའི་མིང་ཉིད་ཡིན་ནོ། ། ་ལྷག་མ་ནི་དེ་ཉིད་དུ་གོ་སླའོ། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན་ཞེས་བྱ་བ་ནི་སྔགས་འདི་བཟླས་པ་ཙམ་གྱིས་ཐམས་ཅད་འཇིགས་པར་བྱེད་ཅིང་མཁའ་འགྲོ་མ་ལ་སོགས་པ་སྐྲག་པར་བྱེད་པ་ཡིན་ནོ། །ོཾ་ནི་དང་པོ་སྦྱར་བར་བྱ། །ཧཱུཾ་ཧཱུཾ་ཕཊ་ནི་མཐར ་སྦྱར་བ་ཞེས་བྱ་བ་ནི་གོ་སླ་བ་ཉིད་དོ། །ལེའུ་བདུན་པའོ།། །།དེ་ནས་རང་གི་བདག་ཉིད་ཀྱི། །དབང་པོ་ཐམས་ཅད་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །འཁོར་ལོ་བདེ་མཆོག་ཡིན་པར་འདོད་ཅེས་བྱ་བ་ནི་དཔལ་ཧེ ་རུ་ཀ་ཉིད་ཅན་གྱི་སྔགས་འཁོར་ལོ་གསུམ་དུ་རྣམ་པར་གནས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཧ་ཞེས་བྱ་བ་ལ་སོགས་པ་ནི་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའི་གོ་རིམ་བཟློག་པའི་ཚུལ་དུ་ཉེ་བར་གནས་པ ་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀིནཱི་ཛཱ་ལ་སཾ་བ་ར་སྭཱཧཱ། ཞེས་བྱ་བས་ཤེས་བར་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་གང་དག་ཡིན་པའི་སྙིང་པོ་ཡང་གོ་བཟློག་པའི་ཚུལ་གྱིས་གསུངས་པ་ཡིན་ཏེ། དེ་བས་ན་ཨོཾ་ཧམ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ་ཅེས་བྱ་བར་ཡིན ་པར་ཤེས་པར་བྱའོ། །ཡི་གེ་བཾ་ཞེས་བྱ་བ་ལ་སོགས་པའི་དོན་འདི་ཡིན་ཏེ། བཾ་གྱི་དང་པོར་ནི་ཨོཾ་སྦྱར་བར་བྱ་ལ། ཡོཾ་གི་དང་པོར་ནི་ཡི་གེ་ཧཾ་ངོ། །མོཾ་གྱི་དང་པོར་ནི་ཡི་གེ་ཧྲིཾ་དོ། །ཧྲིཾ་གི་དང་པོར་ནི་ཧྲེཾ་ངོ། །ཧཱུཾ་གི་དང་པོ་ནི་ཧཱུཾ་དོ། །ཕཊ་ཀྱི་དང་བོར ་ནི་ཡི་གེ་ཕཊ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་དོ། །ོཾ་བཾ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བའོ། །ཧཾ་ཡོཾ་ནི་ཡ་མི་ནི་སྟེ་སྙིང་གར་རོ། །ཧྲིཾ་མོཾ་ནི་རྨོངས་བྱེད་མ་སྟེ་ཁར་རོ། །ཧྲེཾ་ཧྲིཾ་ནི་གཡོ་བྱེད་མ་སྟེ་མགོ་བོར་རོ། །ཧུཾ་ཧཱུཾ་ནི་སྐྲ་བྱེད་མ་སྟེ་སྤྱི་གཙུག་ཏུའོ། །ཕཊ་ཕཊ་ནི་གཏུམ་མོ་སྟེ། ཡན ་ལག་ཐམས་ཅད་ལ་མཚན་ཆའི་ཚུལ་ཏེ་རྣལ་འབྱོར་རྣལ་འབྱོར་མ་དྲུག་གི་སྙིང་པོའོ། །ོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། །བཅོམ་ལྡན་འདས་ཡུམ་གྱི་ཉེ་བའི་སྙིང་པོའོ། །མཁའ་འགྲོ་མ་ཡི་རིག་པ་ཆེ། མ་བྱུང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་སྔགས ་ཀྱི་བདག་ཉིད་ཀྱི་ཆེ་བ་གསུངས་པ་ཡིན་ནོ། །ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ་ཞེས་བྱ་བ་ལས་ནི་དཀྱིལ་འཁོར་ཏེ། །རང་དང་གཞན་གྱིས་བཤད་པའི ་རྒྱུད་ཀྱི་སྔགས་སོ། །རིན་ཆེན་བཞི་ནི་སྔགས་བཞི་ཉིད་རིན་ཆེན་ནོ། །བཅོམ་ལྡན་འདས་དང་བཅོས་མའི་ཕྲེད་བའི་སྔགས་དང་སྙིང་པོ་དང་ཉེ་བའི་སྙིང་པོ་དང་གོ་ཆའི་སྔགས་སོ། །རྒྱུད་དུ་ཐམས་ཅད་རྨོངས་པར་བྱ་བའི་དོན་དུ་ཇི་ལྟར་ཡང་རུང་བར་བྱས་སོ། །དེ ་དོན་གྱིས་དབང་གིས་ཤེས་པར་བྱའོ། །ཡང་ན་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གོ་།ཡང་ན་གཞན་ཉིད་ཀྱི་དོན་ཏེ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སྨོས་པ་ནི་གཉུག་མ་ཉིད་དེ། མཁས་པས་ནི་བྱང་ཞིང་གསལ་བ་སྟེ། ནུས་པ་དང་ལྡན་ཞེས་བྱ་བའི ་བར་དུའོ། །རྣལ་འབྱོར་མར་བསྟན་པ་དེ་ཐམས་ཅད་བྱེད་པའོ། །དེ་ཉིད་ཀྱིས་ན་རིན་ཆེན་ཏེ། རིན་པོ་ཆེ་ལྟ་བུར་གྱུར་པའི་སྔགས་ཀྱི་ཕྲེང་བ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་མངོན་པར་འདོད་པ་སྟེར་བར་བྱེད་པ ་ལྟར་བཅོམ་ལྡན་འདས་དང། ཡུམ་གྱི་སྔགས་ཀྱི་ཕྲེང་བ་ཡང་དེ་དང་འདྲའོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ཉིད་ཀྱིས་ནམ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་དེའི་ནུས་མཐུ་གསུངས་པ་ཡིན་ནོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ནི་ཕྲེང་བའི ་སྔགས་ཀྱི་མིང་སྟེ་རྩ་བའི་སྔགས་ལ་བྱའོ། །ལེའུ་བརྒྱད་པའོ།། །།དེ་ནས་རྩ་བའི་སྔགས་ཀྱི་ནི། །ལས་མཆོག་གོ་རིམ་ཇི་བཞིན་དུ་ཞེས་བྱ་བ་ནི་དང་པོར་བསྟན་པའི་སྔགས་གང་ཡིན་པ་དེའི་ལས་ཀྱི་སྦྱོར་བ་དེ་ནི་བཤད་པར་བྱའོ་ཞེས ་བྱ་བར་སྦྱར་རོ། །འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྷ་ཐམས་ཅད་ཀྱི་སྐྱེ་གནས་ཞེས་བྱ་བ་ནི་དངོས་གསལ་བར་བྱ་བའི་ཕྱིར་ཡང་སྨོས་པ་ཡིན་གྱི། རྒྱུད་ཐམས་ཅད་ལ་ཚིག་ཟློས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །སྤྲིན་རྣམས ་འཐོར་བར་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དང་པོར་སྒྲ་ཇི་བཞིན་པར་གཟུང་བར་བྱའོ། དེའི་འོག་ཏུ་འདི་ཡིན་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་འདུས་པའི་སྐབས་སུ་སྤྲིན་རྣམ་པར་མཐོར་བར་བྱེད་པ་ནི་མཁའ་འགྲོ་རྣམས་དབང་དུ་བྱེད་པའོ། །ཆར ་འབེབས་པར་བྱེད་དོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སོ། །ཟློག་པར་བྱེད་དོ་ཞེས་བྱ་བ་ནི་འཇིག་པར་བྱེད་པ་སྟེ་ཕྱག་རྒྱ་དང་ལྷན་ཅིག་གནས་པའོ། །རྒྱ་མཚོ་སྐེམས་པར་བྱེད་དོ། །ཞེས་བྱ་བ་ནི་ངལ་བའི་གནས་སུ་བྱེད་པའོ། །ཆུ ་བོ་རྒྱུན་ཕྱོགས་སུ་བཟློག་སྟེ་འབབ་པར་སྟོན་ཏོ་ཞེས་བྱ་བ་ནི་ཅུང་ཟད་འབྱུང་བ་འཇོག་པར་བྱེད་པའོ། །དབང་པོ་བཟློག་པར་བྱེད་དོ་ཞེས་བྱ་བ་ནི་ཁྲོས་ན་གཞན་གྱི་དབང་པོ་མི་སྡོད་པར་བྱེད་དོ། །ས་གཡོ་བར་བྱེད་པ་ནི་ཐམས་ཅད་ཆོས་འབྱུང་བའི ་ང་རྒྱལ་དུ་བྱ་བས་བསྐྱོད་པའོ། །ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་བྱ་བ་ནི་རིག་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོ་བར་བྱེད་པའོ། །སྔགས་ཐམས་ཅད་འཕྲོག་པར་བྱེད་པ་དང་ཞེས་བྱ་བ་ནི་ཁམས་གསུམ་ན་གང་ཅུང་ཟད་རང་གི ་ཁྱིམ་ན་གསང་བ་བཤད་པ་དེ་ཐམས་ཅད་འཁྲུལ་འཁོར་ལ་གནས་བཞིན་དུ་ཐོས་སོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ་ཞེས་བྱ་བ་ལ། དངོས་གྲུབ་ཐམས་ཅད་ནི་རིག་པ་འཛིན་པ་དང་འབྲེལ་པ་སྟེ། དེ་རྣམས་འཕྲོག་ནས་བསྡུད་པར་བྱེད་པའོ། །ཁྲག ་འདྲེན་པར་བྱེད་པ་དང་ཞེས་བྱ་བ་ནི་སྲུང་བ་དཔག་ཏུ་མེད་པ་དང་ལྡན་པའི་རྒྱལ་པོ་ཡང་འགུགས་པར་བྱེད་དོ། །སླར་ཡང་གཏོད་པར་བྱེད་དོ་ཞེས་བྱ་བ་ནི། སླར་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ། །གཟུགས་བརྒྱ་སྟོང་ཕྲག་དུ་མ་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན ་མ་ལུས་པའི་དོན་བྱ་བའི་ཕྱིར་རང་གི་ལུས་ཐབས་དང་ཤེས་རབ་དང་ལྡན་པ་ལས་རྣམ་པ་དེ་ལྟ་བུས་ནམ་མཁའ་མ་ལུས་པར་ཁྱབ་པར་བྱེད་པ་འབྱིན་པར་བྱེད་དོ། །འདོད་ན་སྣང་བར་བྱེད་ཅིང་འདོད་ན་མི་སྣང་བར་བྱེད་དོ་ཞེས་བྱ་བ་ལ། ལྷ་མོ་རྣམས་ཀྱི་འདོད་པས ་ཞེས་བྱ་བའི་དོན་ཏོ། །ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་བྱ་བ་ལ། །ཁང་བཟང་ནི་པདྨ་སྟེ་སངས་རྒྱས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །ཤིང་ནི་རྡོ་རྗེ་སྟེ་སྐྱེས་བུའི་ཚུལ་ཆེན་པོ་ཡིན་པའི་ཕྱིར་རོ། །རྩེ་མོ་རྣམས་ནི ་པདྨའི་སྣ་རྩེ་སྟེ། །ཆུང་ངུ་དང་བར་མ་དང་ཆེན་པོ་ཙམ་གྱིས་རྡོ་རྗེ་པདྨ་འདུས་པ་ཉིད་དུ་བྱེད་ཅེས་བྱ་བའི་དོན་ཏོ། །དུག་བདུད་རྩིར་བྱེད་དོ་ཞེས་བྱ་བ་ནི་དུག་བདུད་རྩི་ལྟར་སྟོན་པར་བྱེད་དོ། །བདུད་རྩི་ཡང་དུག་ཏུ་བྱེད་དོ་ཞེས་བྱ་བ་ནི་བདུད་རྩི་དང་འདྲ ་བའི་ཡུལ་རྣམས་ལ་ཡང་དུག་དང་འདྲ་བར་བྱེད་པ་སྟེ། ཐ་མལ་པའི་གཟུགས་ཀྱིས་སྤྱོད་ཅིང་ཆགས་པར་མི་བྱེད་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཆུར་བྱེད་པ་དང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འོ་མ་ལྟར་འཐུང་བའོ། །ཆུ་ཟླ་བར་བྱེད་དོ་ཞེས་བྱ་བ ་ནི་ཆུ་བྱང་ཆུབ་ཀྱི་སེམས་སུ་བྱས་པའི་ཕྱིར་ཞི་བའི་བཏུང་བ་བཞིན་མྱང་བར་བྱེད་ཅེས་བྱ་བའི་དོན་ཏོ། །དྲི་ཐམས་ཅད་འཕྲོག་པར་བྱེད་ཅེས་བྱ་བ་ནི། བདུད་རྩི་ལྔ་པོ་དེའི་དྲི་རྣམས་འཕྲོག་པར་བྱེད་པའོ། །གང་དུ་འདོད་པ་དེར་འཕོ ་བར་བྱེད་དོ་ཞེས་བྱ་བ་ནི་དྲི་དེ་གཞན་དག་ཏུ་བྲམ་ཟེ་ལ་སོགས་པའི་ཟས་ལ་འཕོ་བར་བྱེད་དོ། །ད་ནི་སྔར་གྱི་དོན་ཉིད་གསལ་བར་བྱ་བའི་ཕྱིར། །ནམ་མཁའ་ལྡིང་གི་གདོང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོང་གིས་ནམ་མཁའ་ལྡིང་གི་རྒྱལ་པོ་འདྲ་བར ་འགྲོ་ཞིང་སོང་བའོ། །འབྱིན་པར་བྱེད་ཅིང་ཞེས་བྱ་བ་ནི་ནམ་མཁའ་ལྡིང་འགྲོ་བར་བྱེད་པ་ནི་གཤོག་པ་གཉིས་སྐྱོང་བར་བྱེད་ལ། དེ་བཞིན་དུ་ཞི་བའི་འདུས་པས་ལྷ་མོ་དང་ཀུན་ཏུ་སྤྱོད་པ་སྟེ། ཁས་བྱང་ཆུབ་ཀྱི་སེམས་བླངས་ནས་ལྷ་མོའི་ཁར་སྦྱིན་པར་བྱའོ་ཞེས ་བྱ་བའི་དོན་ཏོ། །མི་མཆོག་ཅེས་བྱ་བ་ནི་མི་མཆོག་གང་འདི་ལྟར་སྤྱོད་པ་དེ་ནི་འཇིག་རྟེན་གསུམ་ན་མཆོག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་འཕྲོག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་ལྟ་བུའི་རྣལ་འབྱོར ་པ་ལ་བཞེང་པ་ཙམ་ལ་རག་ལས་བའི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་གཞོམ་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ལྟ་བུ་ནི་ཞེས་བྱ་བ་ལ་སོགས་པའི་དོན་ཇི་ལྟ་བྲ་ཉིད་དེ། །རབ་ཀྱི་མཐར་ཐུག་པ་ཁོ་ན་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཀྱི་སོལ་བྲལ ་ཞེས་བྱ་བ་ལ། འདིར་མན་ངག་བརྗོད་པར་བྱ་སྟེ། བ་རུ་རའི་ཤིང་གི་འོག་སུ་བཏོགས་པའི་ཡལ་ག་སྨེ་ཤ་ཅན་གྱི་སྟ་རི་ལ་སོགས་པས་བཅད་ལ་མར་གྱི་དོའི་བཅུ་བཞི་ཡ་མཚན་མ་བསྲེགས་ཏེ། བུང་བུའི་གཅིན་གྱིས་བསང་ལ་སོལ་བ་དེ་དག་གི་ཐལ་བ ་བླངས་ཉེ་ལེགས་པར་བཞག་ནས་དེའི་འོག་ཏུ་སྔགས་གོང་མའི་ཆོ་ག་བཞིན་དུ་བྱས་ན་དེའི་འབྲས་བུ་མི་བཟློག་པ་ཉིད་དུ་འགྱུར་རོ། ། ཏི་མུག་ཏའི་ལྕུག་མ་ལ་ཞེས་བྱ་བ་ལ་འདིར་མན་ངག་འདི་ཡིན་ཏེ། ཟླ་བ་གཟས་ཟིན་པའི་ཚེ་སྔགས་འབྱུང་བ་ཟླས ་པའི་སྔགས་པས་ཨ་ཏི་མུ་ཀ་ཏ་ཀའི་སྟེང་དུ་འདུག་ལ་བསྲུང་བ་ལ་སོགས་པ་བྱས་ཏེ། བུ་མོ་གཙང་མས་བཀའ་བའ་ཨི་སྲད་བུ་དམར་པོ་བྱ་སྟེ། ནུབ་ཕྱོགས་སུ་བཏོགས་པའི་ཡལ་ག་སྲང་བུ་དེ་ཡིས་དཀྲིས་ལ་ཕྱོགས་གཅིག་ཏུ་སྔགས་པ་གཅེར་བུ་སྐྲ་གྲོལ ་བས་ཟླ་བ་གཟས་ཟིན་པ་ནས་བརྩམས་ཏེ། བཏང་བའི་བར་དུ་ཡན་ལག་དེ་ལག་པ་གཡོན་པས་བཟུང་ལ་སྔགས་རྒྱུན་མི་འཆད་པ་བཟླ་བར་བྱའོ། །དེའི་འོག་ཏུ་མཚོན་གྱིས་བཅད་ལ་ཇི་སྐད་དུ་བཤད་པའི་ཆོ་ག་བྱའོ། །རྩེ་མོ་དང་རྩ་བ་ཤེས་པར ་བྱས་ན་གང་རྩེ་མོ་དེ་ནི་འོང་བར་འགྱུར་ལ། རྩ་བ་ནི་ལྡོག་པར་འགྱུར་རོ། །ལྷག་མ་ནི་དོན་ཇི་ལྟ་བ་ཉིད་དོ། །ཟས་དང་སྐོམ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོས་རྙེད་པ་སླ་བ་ཉིད་ཐམས་ཅད་དུ་གསུངས་པའོ། །ལེའུ་དགུ་པའོ།། །། ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་སྐུ་གསུམ་ལ་གནས་པ་ཉིད་བཤད་དོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཧཱུཾ་གཅིག་པུ་ལས་བསྐྱེད་པའི་འཁོར་ལོ་གསུམ་ལ་གནས་པའི་སྐབས་ནི་ཆོས་ཀྱི་སྐུའོ། །ཐམས་ཅད་སྐུ་གཅིག་པུ་ལ་གནས་པ་ཉེ་བར་བསྡུས ་ཏེ། གོ་ཆ་ཆེན་པོའི་གོ་བགོས་ནས་བཟླས་པའི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་འོག་ཏུ་སྙིང་གའི་པདྨའི་ཟླ་བ་ལ་ཨཱ་ལི་ཀཱ་ལིའི་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་གནས་སྐབས་ནི་སྤྲུལ་པའི་སྐུའོ། །ཡེ་ཤེས་ལོངས་སྤྱོད་ཐོབ་བར་འགྱུར ་ཞེས་བྱ་བ་ལ། །ཡེ་ཤེས་ཀྱི་ལོངས་སྤྱོད་ནི་ཉེ་བར་ལོངས་སྤྱོད་པ་སྟེ། དེ་ཐོབ་པར་འགྱུར་བའོ། །དེ་ཡང་དཔལ་ཧེ་རུ་ཀ་དང་འདྲ་བར་འགྱུར་བའི་བར་དུའོ། །ལྷག་མ་རྣམས་ནི་གོ་སླའོ། །གསང་སྔགས་འདི་ཞེས་བྱ་བ་ལ་སོགས་པས་ནི་སྙིང་པོའི ་སྦྱོར་བ་སྟོན་ཏོ། །དེ་ལ་སྙིང་པོ་ནི་གཅེས་པ་ལ་བྱའོ། །ལྷག་མ་རྣམས་ནི་དོན་ཇི་ལྟ་བ་ཉིད་དོ། །ལེའུ་བཅུ་པའོ།། །།སྐྱེས་བུ་གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་ཕྱུགས་ཀྱི་མཚེན་ཉིད་སྟོན་པ་ཡིན་ནོ། །བདེན་པར་སྨྲ་བ་དང་མིག་མི ་འཛུམ་པ་ཞེས་བྱ་བ་ནི་གཞན་དག་གི་ཁུ་བ་མྱུར་དུ་འབྱུང་བར་མི་འགྱུར་རོ་ཞེས་ཟེར་རོ། །མིག་ཡུན་རིང་པོར་གདངས་པ་ནི་མྱུར་དུ་མིག་འཛུམ་པར་མི་འགྱུར་རོ་ཞེས་ཟེར་རོ། །གཞན་ནི་གོ་སླའོ། །ལེའུ་བཅུ་གཅིག་པའོ།། །། ་མི་རོའི་རྐང་མཐིལ་གྱི་ཞེས་བྱ་བ་ལ་སོགས་པ་ནི་མི་སྣང་བའི་སྦྱོར་བའི་དུས་སུ་རིལ་བུ་བྱ་བ་སྟོན་པ་ཡིན་ནོ། །ལྕགས་གསུམ་ཞེས་བྱ་བ་ནི། གསེར་དང། དངུལ་དང། ཟངས་ལ་སོགས་པའོ། །མཛུབ་མོའི་རྩེ་མོ་དང་ཞེས་བྱ་བ་ལ་སོགས་པས་ནི་ཁྲག ་འདྲེན་པ་གསུངས་པ་ཡིན་ནོ། །དེའི་རིམ་པ་ནི་འདི་ཡིན་ཏེ་མིའི་ཐོད་པ་བླངས་ལ་སྔགས་པས་སྔོན་དུ་བསྙེན་པ་བྱས་ལ་སྐང་ཅིག་གིས་རྡོ་རྗེ་དྲག་པོའི་སྦྱོར་བས་ཡི་གེ་ཧཱུཾ་ཟློས་པ་ཉིད་དང། རང་གི་སྣ་བུག་གཡས་པ་ནས་ཁཎྜ་རོ་ཧ་ལག་ན་མཚོན་ཐོགས་པ་ཕྱུང ་ལ། །དེས་གང་གི་མིང་གིས་རྨོངས་པའི་གནས་ལྔའི་རྩ་སྦུབས་སུ་བཅུག་པ་དེའི་ཁྲག་གི་རྒྱུན་གྱིས་ཐོད་པ་ཡོངས་སུ་གང་བར་བསྒོམ་མོ། །ཡང་གསོ་ཞིང་འཚོ་བར་བྱ་བའི་ཕྱིར་གཡོན་པའི་མཛུབ་མོ་དེ་ཉིད་འཇམ་ཞིང་ཞི་བའི་གཟུགས་ཀྱིས་བསྒྲུབ་པར་བྱ་བ་དེ ་ཉིད་ཡོངས་སུ་གང་བར་བསྒོམས་ན་བདེ་བར་གནས་པར་འགྱུར་རོ། །མངོན་པར་བཟླས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཀླད་གཟེར་དུ་བྱ་བ་ཉིད་དེ་གསལ་བ་ཉིད་དོ་ཐོད་པའོ་མས་བཀང་ན་ཞེས་བྱ་བ་ནི་གནས་སྐབས་ཏེའོ་མ་འམ་ཆད་གིས་བཀང་བའོ། །གི་ཝང་ནི་གཙོ ་ཆེ་སྨོས་དག་སྟེ། སྦྱོར་བའི་ཕྲེང་བའི་ཁྱད་པར་ཐམས་ཅད་དོན་ཇི་ལྟ་བ་བཞིན་ནོ། །འདི་དག་ནི་རྣལ་འབྱོར་པས་ནུས་པ་ཐོབ་པར་གྱུར་པ་ཡིན་ནོ། །གང་གི་ནུས་པ་ཐོབ་པར་མ་གྱུར་པ་དེའི་ཚེ་ཤིན་ཏུ་མཉམ་པར་བཞག་པས་ཡི་གེ་རེ་རེ་ཞིང་བཟླས་བརྗོད་འབུམ ་བྱས་ཤིང་ཆོག་དང་རྗེས་སུ་མཐུན་པར་ཁཎྜ་རོ་ཧ་དེར་བཞག་ལ་ཡིད་ཀྱི་མཉམ་པར་བཞག་པ་བྱས་ལ་ཆོ་ག་ཐམས་ཅད་བྱའོ། །ལེའུ་གཅུ་གཉིས་པའོ། །རང་གི་ཁྲག་ལ་ལན་གསུམ་བཟླས་ནས་ཁར་བཅུག་ལ་ཕྱིར་ཕྱུང་སྟེ ་ཐིག་ལེ་བྱས་ན་ཁྲག་འདྲེན་པར་བྱེད་དོ། །ལེའུ་བཅུ་གསུམ་པའོ།། །།རྣལ་འབྱོར་མ་ནི་མ་མའི་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདོད་པའི་སྦྱོར་བ་ལ་དམིགས་པས་ཕྱུགས་ལ་བལྟ་བ་ཡིན་མོད་ཀྱི་འོན་ཀྱང་ཐུང་བུའི་སྦྱོར་བའི? ་རྣལ་འབྱོར་ལྷག་པར་གསུངས་པ་ཡིན་ནོ། །དེ་ལ་མན་ངག་གི་རིམ་པ་ནི་འདི་ཡིན་ཏེ། ཇི་ལྟར་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་རབ་ཟླུམ་པོར་བསྐོར་བ་དེ་ལྟར་བླང་བར་བྱའོ། །དེ་ལ་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་དབུས་སུ་ཨཱ་ལི་ཀཱ་ལི་ཡོངས་སུ ་གྱུར་པའི་ཡི་གེ་ཧཱུཾ་དང་ཕྱོགས་ཀྱི་འདབ་མ་བཞི་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀ་དང། མཚམས་ཀྱི་འདབ་མ་བཞི་ལ་ཁྲག་གིས་ཐོད་པ་ཡོངས་སུ་གང་བ་དང་རྩིབས་ཉི་ཤུ་བཞི་ལ་ཁཎྜ་ཀ་པཱ་ལ་ལ་སོཌ་པཱི་སྔགས་བཞི་བཅུ་རྩ་བརྒྱད་དང། རྩ་བའི་ཐིག་གི་ནང་དུ ་ཁྭ་གདོང་མ་ལ་སོགས་པ་བརྒྱད་ཀྱི་སྔགས་དང། རྩ་བའི་ཐིག་གི་སྟེང་སྒོ་བཞིའི་གནས་སུ་གནོད་མཛེས་ཀྱི་ཆིག་བཞི་པོ་རིམ་བཞིན་བྱ་བ་དང། ར་བའི་ཕྱོགས་གཉིས་སུ་རྩ་བའི་སྔགས་སོ། །ར་བའི་ཕྱི་རོལ་དང་སྒོའི་སྟེང་དང། ཕྱི་རོལ་གྱི་སྒོ་ཁྱུད་ལ ་མཚམས་བརྒྱད་དུ་གོ་ཆའི་སྔགས་གཉིས་པོ་དང། ར་བ་ཟླུམ་པོ་ལ་བཅོམ་ལྡན་འདས་ཡུམ་གྱི་རྩ་བའི་སྔགས་དང། དེའི་ཕྱི་རོལ་དང་འོད་ཟེར་ལྟ་བུ་པུ་ལླི་ར་མ་ལ་ཡ་ལ་སོགས་པ་གོ་ཆ་ཆེན་པོའི་ས་བོན་གྱིས་བསྐོར་ལ། འཁོར་ལོ་དེའི་དབུས་སུ ་འབྲས་ཕྱེ་ལ་བྱས་པའི་བོང་བུའི་གཟུགས་བརྙན་བྱས་པ་བཞག་སྟེ། ཏིལ་མང་དང་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་ལ། ཁ་ནས་ཁྲག་འཛག་པའི་བོང་བུའི་སྦྱོར་བ་རྒྱུད་ལས་བཤད་བའི་རིམ་གྱིས་དམིགས་ལ་མཚམས་བཞིར་མར་མེ་སྦར་ཏེ། འདི ་ལས་བཤད་པའི་མངོན་པར་འདོད་པའི་སྔགས་ཀྱིས་སྔོན་དུ་བསྙེན་པ་བྱས་ནས་སྔགས་རྒྱུན་མི་འཆད་པར་ཟློས་ཤིང་གཟུགས་བརྙན་ལ་བལྟས་ན་དེར་སྣང་བར་འགྱུར་ཏེ་འདི་ནི་མན་ངག་གོ་།དེའི་རིམ་པའི་གཏོར་མ་བྱས་ཞེས་བྱ་བ་ལ། བཟའ་བར་བྱ་ཞེས ་བྱ་བའི་དོན་ཏོ། །ལེའུ་བཅུ་གཞི་པའོ།། །།ད་ནི་དེ་ནས་སྡོམ་པ་ཐམས་ཅད་ལ། ཞེས་བྱ་བ་ལ་སོགས་པས་ཡི་གེའི་བརྡ་སྟོན་པ་ཡིན་ཏེ། དེ་ནི་དོན་ཇི་ལྟ་བ་བཞིན་ནོ། །དེ་ལགས་དང་ཌི་ཞེས་བྱ་བ་ནི ་སྐབས་ཀྱིས་རྗོད་བྱེད་ཡིན་པར་ཤེས་པར་བྱའོ། །ལཱ་མ་ཡིན་ཞེས་བྱ་བ་ནི། ང་ནི་ལཱ་མའི་རིགས་ལས་བྱུང་བ་ཡིན་ཞེས་བྱ་བར་དགོངས་སོ། །བྱིན་པ་ཞེས་བྱ་བ་ནི་ཁྱེད་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་འདོད་དོ་ཞེས་པའོ། །ལེའུ་བཅོ ་ལྔ་པའོ།། །།དམ་ཚིག་མཆོག་ནི་དམ་ཚིག་དམ་པའོ། །ཡིད་ནི་རབ་ཏུ་དགའ་བྱེད་པ། །དམ་པ་རྣམས་ལ་སྦྱིན་པར་བྱ་ཞེས་བྱ་བ་ནི་རང་གི་དམ་ཚིག་དང་གཞན་གྱི་དམ་ཚིག་བརྟགས་ལ། ལྷ་མོ་རྣམས་ཀྱི་འདོད་པའི་རྗེས་སུ་འཇུག་པར ་བྱའོ། ཞེས་དགོངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་རྣམས་ཀྱི་རང་གི་དམ་ཚིག་དང། གཞན་གྱི་དམ་ཚིག་གི་མཚན་ཉིད་སྟོན་ཏེ། འདི་དག་ཐམས་ཅད་ནི་གོ་སླའོ། །དེའི་རིགས་ལས་བྱུང་བ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་བསྟན་པ་ལ ་ཞུགས་པ་ཞེས་བྱ་བའི་དོན་ནོ། །དཔའ་བོའི་བཟང་རྗེས་འགྲོ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །དཔའ་བོའི་བློ་ནི་ལྷ་གྲངས་དང་ཡང་དག་པར་སྦྱར་བའོ། །དེ་ནི་རྡོ་རྗེའི་རིགས་བྱུང་ཡིན་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་རིགས ་ལས་བྱུང་བའོ། །དེ་བཞིན་གཤེགས་རིགས་རྗེས་འགྲོ་ཡིན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བའོ། །དེ་ལྟར་བདུན་པོ་ངས་བཤད་པས་ཞེས་བྱ་བ་ལ་སོགས་པས་ནི་འདི་དག་དང་ལྡན་པའི་སྒྲུབ་པ་པོ་ལ་འོས་པ་ཉིད་དུ་གསུངས ་པ་ཡིན་ནོ། །རིགས་ཀྱི་རིགས་པའི་ཡི་གེ་ཡང། རིགས་ནི་དྲུག་ཏུ་གྱུར་པ་ཡིན་ཞེས་བྱ་བ་ནི་རིག་དེ་སྒྲུབ་པ་པོའི་རིག་མ་ཞེས་བྱ་བ་སྟེ། ལྷ་མོ་གྲོགས་སུ་གྱུར་པ་དེ་ཉིད་ནི་ཡི་གེ་ཉིད་དུ་བརྟགས་པ་ཡིན་ཏེ། མི་འཇིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ངག་རིགས་སུ་གྱུར་བ་ནི? ་ཞེས་བྱ་བ་ནི་ཁ་དོག་དྲུག་འབྱུང་བ་ཡིན་ཞེས་བྱ་བ་ལ་རྣམ་པ་དྲུག་ཏུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་རིགས་དྲུག་གི་མཚན་ཉིད་ཡིན་ཏེ། གོ་སླ་བ་ཉིད་ཡིན་ནོ། །ལེའུ་བཅུ་དྲུག་པའོ།། །། ་དེ་ནས་རྙེད་དཀའ་རྣལ་འབྱོར་མ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མ་རྣམས་ཀྱི་རྙེད་པར་དཀའ་བའོ། །བདུད་རྩི་ལྔ་རྣམས་ཡང་དག་བྱུང་ཞེས་བྱ་བ་ནི་བདུད་རྩི་ལྔ་ལ་གོམས་པས་རྙེད་པར་སླ་བར ་འགྱུར་རོ་ཞེས་དགོངས་སོ། །ཡ་མི་ནི་ལ་སོགས་པ་བདུན་དང། གཟུགས་ཅན་མ་ལ་སོགས་པ་བདུན་གྱི་སྐུ་ལ་སོགས་པའི་མཚན་ཉིད་སྤྱི་དང་ཁྱད་པར་བཤད་པ་ཡིན་ཏེ། གང་གིས་ཤེས་པ་ཙམ་གྱིས་དེ་སྒྲུབ་པ་པོའི་བསྒྲུབ་པར་བྱ་བར་འགྱུར་བའོ། ། ་འདི་དག་གི་རིགས་ཀྱི་ཕྱག་རྒྱ་ནི་ཐོད་པ་ལ་སོགས་པ་ལྔའི་ནི་རེ་རེ་མ་ཡིན་ཞིང་ཇི་ལྟར་འདོད་པ་ཉིད་དོ། །འཁོར་ལོ་ནི་སོ་ལེའོ། །རྡོ་རྗེ་ནི་སྐྲག་བྱེད་མའོ། །ལེའུ་བཅུ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་ཀྱི་ཁྱད ་པར་གཞན་དག་སྟོན་ཏེ་དེ་དག་ལྡན་པའི་རྣལ་འབྱོར་མ་ནི་སྒྲུབ་པ་པོའི་བསྒྲུབ་པར་བྱ་བར་འགྱུར་རོ། །ལེའུ་བཅོ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤང་བྱ་བ། སྒྲུབ་པ་པོ་ཡི་ལཱ་མ་ནི། ཞེས་བྱ་བ་ལ་སོགས་པ་ནི། ལཱམ་འབའ་ ་ཞིག་གི་མཚན་ཉིད་སྟོན་པ་ཡིན་ནོ། །ལེའུ་བཅུ་དགུ་པའོ།། །།ད་ནི་ཡན་ལག་གི་བརྡ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། ནམ་མཁའ་ལྡིང་སྟོན་པ་ནི་ཞེས་བྱ་བ་གཤོག་པ་ལྟ་བུར་ཀྱོག་པོར་བྱས་ལ། ལག ་དར་གཉིས་བཏེག་ནས་སོ། །བསྐྱོད་པ་ནི་གཡོ་བ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དམ་ཚིག་ཅན་འདུག་པ་ཞེས་བྱ་བའི་དོན་ཏོ། །ལེའུ་ཉི་ཤུ་པའོ།། །།དེར་ས་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་དག་ཕྱག་རྒྱའི ་ལན་སྟོན་པར་ཤེས་པར་བྱའོ། །ལེའུ་ཉི་ཤུ་གཅིག་པའོ།། །།གུང་མོ་ཞེས་བྱ་བ་ནི་གུང་མོའི་སོར་ཚིགས་སོ། །པ་ཏི་ས་ནི་དཔྲལ་བའི་སྟེང་དུ་པ་ཏིས་ལྟ་བུའོ། །མདུང་ཞེས་བྱ་བ་ནི་མཐར་བཅུར་མཐོ?? ་བོས་མནན་ལ་སོར་མོ་ལྷག་མ་རྣམས་མདུང་རྩེ་ལྟ་བུར་བསྟན་པའོ། །མཚམས་ནི་མགོ་བའི་དབུས་ཀྱི་ཆའོ། །གསང་བ་ནི་རྣལ་འབྱོར་མའོ། །ལེའུ་ཉི་ཤུ་གཉིས་པའོ།། །ད་ནི་དེ་ནས་ལ་སོགས་པས་མཁའ་འགྲོ་མ་རྣམས་ཀྱི ་དཀའ་བའི་བརྡ་སྟོན་པ་ཡིན་ཏེ། དམ་ཚིག་ཅན་གང་རྗེས་ཆགས་པ་ཞེས་བྱ་བ་ནི་སྒྲུབ་པ་པོ་གང་རལ་གྲིས་ཕྱི་རོལ་གྱི་ཡན་ལག་གི་དངོས་པོའི་ལྷ་མོ་ལ་ཐམས་ཅད་དུ་བརྩེ་བས་ན་གཞན་གྱི་དབང་དུ་མ་གྱུར་ཅིང་སྐྱེས་བུ་གཞན་མི་ཤེས་པ་ནི་དཔའ་བོ་དེའི ་རྣལ་འབྱོར་མ་ཡིན་ནོ། །ས་ནི་ས་བཞི་སྟེ། དེའི་ལོངས་སྤྱོད་མ་ལུས་པར་འགྱུར་ཞིང་རྒྱལ་པོ་ལ་སོགས་པ་གཞན་དག་ནི་མ་ཡིན་ནོ། །གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་མ་ཡི་སྡོམ་པ་བཆོད་ཅེས་བྱ་བ་ལ། ས་ནི་རང་གི་རྒྱུད་དང ་སྔགས་ལེགས་པར་བསླབ་ཤིང་བྱ་བ་ལ་སོགས་པའི་སྟོན་དང་ལྡན་པའི་ལྷ་མོ་བཞིར་བྱས་ལ་རྣལ་འབྱོར་མའི་སྡོམ་པ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་མཆོད་པར་བྱའོ་ཞེས་པར་སྟོན། རྒྱལ་མཚན་ལ་ཞེན་རྟག་ཏུ་འགྱུར་ཞེས་བྱ་བ་ནི་རྒྱལ་མཚན་གྱི་མཚན་མ་སྟེ། དེའི ་ནུས་པ་གང་ཡིན་པའི་ཞེས་བྱ་བར་སྦྱར་རོ། །མེ་ལོང་ཡིན་ལ་ཤེས་པར་བྱ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་མེ་ལོང་བརྟགས་པས་དེའི་རྒྱལ་མཚན་གྱི་ནུས་པ་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཏོན་ཏོ། །ལེའུ་ཉི་ཤུ་གསུམ་པའོ། །ད་ནི ་དེ་ནས་ཞེས་བྱ་བ་ལ་སོགས་པས་གྲོ་ཏང་བིས་ཚོགས?་པའི་ཡི་གེ་དུ་མའི་བརྡ་སྟོན་ཏེ། སྡེ་ཚན་བཞིའི་མཚན་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་མ་དང། ལྭ་མ་དང། བརྡའི་མཚན་ཉིད་བསྟན་པའོ། །ལེའུ་ཉི་ཤུ་བཞི་པའོ།། །།རྩ་བའི་སྔགས་ཀྱི་གསང ་བའི་ཆོ་ག་བསྟན་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ། །ལེའུ་ཉི་ཤུ་ལྔ་པའོ།། །།རིམ་དང་རིམ་མིན་ལས་བཟློག་པའི། །ཕོ་ཉ་རྣམས་ནི་ཡང་དག་གནས་ཞེས་བྱ་བ་ནི་སྔར་བརྩོན་ཆེན་མ་ལ་སོགས་པ་གོ་བཟློག་སྟེ་བསྟན་པའི་གོ་རིམ ་བཞིན་དུ་རྣམ་པར་བཀོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་འོག་དང་སྟེང་གྲུབ་རྟག་ཏུ་སྟེར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འོག་ཏུ་གནས་པ་རྣམས་སྟེང་དུ་རྣམ་པར་བཀོད་པ་དེའི་ཚེ་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། ་ཕོ་ཉ་དེ་མོ་གྲུབ་ཀུན་སྟེར་ཞེས་བྱ་བ་ནི་ཕོ་ཉ་དེ་མཐོང་བ་དང་ཐོས་པ་ལས་ཀྱང་དངོས་གྲུབ་སྩོལ་བར་འགྱུར་ན། བསྒྲུབས་ན་ལྷ་མོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ། །མཐོང་དང་དེ་བཞིན་རེག་པ་དང། བཙུམ་པ་ན་དང་རྟག་ཏུ་འཁྱུད། །རྣལ་འབྱོར་གནས ་ནི་ཁྱད་པར་ཉིད། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །འདི་ཡི་དོན་ནི་འདི་ཡིན་ཏེ། །ཇི་སྲིད་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣལ་འབྱོར་གྱིས་གནས་དེ་ན་གནས་པའི་ཕོ་ཉ་མོ་རྣམས་ལ་ཙུམ་པ་ན་དང། །རྟགས ་པར་པ་ཁྱུད་པའི་རྣམ་པ་གཉིས་ཀྱིས་ཞེས་བྱ་བའི་དོན་ཏོ། །བདེན་ཅན་ཀུན་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་དམ་ཚིག་དང་ལྡན་པ་མཐོང་ནས་བཟའ་བ་དང། བཅའ་བ་དང། ལྷ་བཤེས་ལ་སོགས་པའི་བརྡ་རྣམས་བསྟན་པར་བྱའོ། །མ་དང་ཞེས ་བྱ་བ་ལ་སོགས་པ་ལ། གང་ཚེ་སྔགས་དང་རྒྱུད་ལེགས་པར་ཡོབས་པ་སྣོད་དུ་རུང་བར་མཐོང་ནས་ལེགས་པར་རྟོག་པར་བྱའོ། །དེའི་ཚེ་མ་ལོབས་པ་ལ་གཉེན་གྱི་འདུ་ཤེས་བཟློག་པར་བྱའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། གང་ལ་སྔགས་བྱིན་པ ་དེ་སྣོད་དང་ལྡན་པར་འགྱུར་བ་ཡིན་གྱི། གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་པས་གང་ཞིག་སྤྱོད་པ་བྱ་བ་སྟོན་ཏོ། །སྐྱེས་པའམ་ཞེས་བྱ་བ་ལ་སོགས་པའམ། སྐྱེས་པའམ་བུད་མེད་རྣལ་འབྱོར ་མ་མཐོང་ནས་གཡོན་པའི་ཆ་ཡིས་དབང་དུ་བྱས་ཏེ་འགྲོ་བར་བྱའོ། །ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་ལ། ཁྱིམ་མམ་ཞིང་དུ་གནས་པ་ཤིན་ཏུ་རིང་པོ་ན་གནས་པ་ཡང་ཤེས་པར་བྱས་ལ་གཡོན་ནས་སྤྱད་པར་??་ཞེས་བྱ ་པའི་དོན་ཏོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད་ཅེས་བྱ་བ་ནི་ཧེ་རུ་ཀའི་རྣལ་འབྱོར་ལས་མཆོག་ཏུ་གྱུར་པའི་རྣལ་འབྱོར་གཞན་དག་མེད་དོ་ཞེས་བྱ་བའི་དོན་ཏེ། །དེ་ཉིད་ཀྱིས་ན་སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན་ཞེས་བྱ་བ་སྟེ། རྣལ་འབྱོར་དེ་འཛིན་པའི ་སློབ་དཔོན་ནི་ཐམས་ཅད་དུ་འགྲོ་བའི་མ་མོ་གནས་སུ་གྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདི་རུ་ནི་སྒྲུབ་པ་པོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པ་རྣམས་བརྙས་པར་མི་བྱ་བའོ་ཞེས ་བྱ་བ་ལ་སོགས་པར་སྦྱར་རོ། །ཕོ་ཉ་མོ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། མོས་དང་དད་པ་འཕེལ་བྱེད་པ་ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་རྣམས་ཀྱི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཞེན། སྔར་བཤད་པའི་གཡོན་ནས་སྦྱོད་པ་ལ ་སོགས་པའི་དམ་ཚིག་བསྲུང་བ་ནི་དད་བོའོ། །ལྷ་མོ་གཞན་དང་སྦྱོར་བ་ཡི། །འདོད་པ་རྣམ་པར་རྨོངས་འགྱུར་བཞེས་བྱ་བ་ནི་གང་འདོད་པ་ལ་ཆགས་ཤིང་རྣམ་པར་རྟོག་པ་དང་ལྡན་པའི་འདོད་པས་ལྷ་མོ་གཞན་དང་ཀུན་ཏུ་སྦྱོར་བར་བྱེད་པ་དེ ་ནི་འདོད་པ་ལ་ཆགས་ཤིང་རྨོངས་པ་སྟེ། དེ་བས་ན་གཞན་དང་སྦྱོར་བ་སྤངས་པ་ནི་གཉིས་པ་ཡིན་ནོ། །བདག་དང་གཞན་གྱི་ཆར་འབྱེད་པ་མེད་པ་དེ་ནི་གསུམ་པའོ། །ཐོགས་པ་མེད་པ་ནི་བཞི་བའོ། །དམ་ཚིག་སྤྱོད་པ་སྤྱད་པ་དང་ཞེས་བྱ་བ་ནི་དམ ་ཚིག་ནི་ལྷ་མོ་རྣམས་སོ། །དེ་ཀུན་ཏུ་སྤྱོད་པ་ནི་འདོད་པ་རྣམས་སོ། །དེ་སྤྱད་པ་ནི་བྱ་བ་སྟེ། དེ་དག་གང་ཡིན་པ་དེ་ནི་དམ་ཚིག་སྤྱོད་པ་སྤྱད་པ་དང་ཞེས་བྱ་བ་སྟེ་ལྔ་པའོ། བུད་མེད་དབང་ཕྱུག་ཀུན་ཏུ་སྦྱོར་ཞེས་བྱ་བ་ནི་གཉིས་སུ་མེད་པ་ཤིན་ཏུ་སྦྱོར ་བས་རྡོ་རྗེ་དང་པདྨ་ཤིན་ཏུ་འདུས་པའི་དུས་སུ་དབང་ཕྱུག་མ་ཉིད་ཡིན་ཞིང། དབང་ཕྱུག་མ་དང་བྲལ་བར་མི་བྱའི། འོན་ཀྱང་དབང་ཕྱུག་ཉིད་དུ་བྱའོ་ཞེས་བྱ་བའི་དོན་དེ་དྲུག་པའོ། །ཚངས་པར་སྤྱོད་པ་དེ་བཞིན་བཞི་ཞེས་བྱ་བ་ནི་བཞི་པོ་བྱང་ཆུབ་ཀྱི ་སེམས་འཛག་པའི་དུས་སུ་ཚངས་པར་སྤྱོད་པ་སྤྱད་པ་ཞེས་བྱ་བ་སྟེ་བདུན་པའོ། །ཁྲོ་མེད་རྒྱུན་གྱིས་ཀུན་ཏུ་སྤྱང་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལེན་པའི་དུས་སུ་སྡང་བར་མི་བྱེད་པ་སྟེ། དེ་ལྟར་ན་དམ་ཚིག་བརྒྱད་དེ། འདི་དག་སྒྲུབ་པ་པོས་མཆོག་དང ་གཙོ་བོར་ཤེས་པར་བྱའོ་ཞེས་སྦྱར་རོ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ་ཞེས་བྱ་བ་ནི་གསང་བའི་རྒྱུད་འདི་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་པ་སྟེ། དེ་ཉིད་ཀྱིས་ན་གསང་བ་ཡིན་པས་དགོངས་པ་རྒྱུད་གཞན་དུ་མི་བཤད་དོ། །དེ་བས་ན་རྒྱུ་ཡིས་གཞོམ་པར་མི་བྱའོ ་ཞེས་བྱ་བ་ཡིན་ཏེ། རྒྱུ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཚད་མ་རྣམས་ཀྱིས་གཞོམ་མི་བྱ་བ་སྟེ་ཞེས་བྱ་བ་སྨད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ཅི་ཞིག་བྱ་ཞེ་ན། དད་པ་ཉིད་ཀྱིས་བླང་བྱ་ཡིན་ཞེས་བྱ་བ་ཡིན་ནོ། །མིག་དང་ཞེས་བྱ་བ་ནི་དོན ་དེ་ཉིད་སྟོན་ཏོ། །མཐེའུ་ཆུང་གིས་བསྐྱོད་ཅེས་བྱ་བ་ནི་དུས་སུ་ལྷ་མོའི་མཆོད་པའི་དུས་སུ་ལྷ་མོའི་སྦྱོར་བ་དང་ལྡན། ཞེས་བྱ་བའི་དོན་ཏོ། །ཡང་ན་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པ་མ་རྙེད་ན་ནི་ཅིག་ཤོས་ཐ་མ་པ་མ་ཡིན་པར་བྱས་ལ་མཆོད་པར ་བྱའོ། །ཕོ་ཉ་མོ་རྣམས་ཡང་དག་གནས་ཞེས་བྱ་བ་ནི། །དེ་ལྟར་དུས་དེའི་ཚེ་བློ་དང་ལྡན་པ་ཞེས་བྱ་བ་ཕོ་ཉ་མོ་ཐམས་ཅད་དགའ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཉེས་བྱེད་རྣམ་པར་དག་པ་དང། །གསལ་བྱེད་ཡོན་ཏན་ལྡན་པའི་མིའོ་ཞེས་བྱ་བ ་ནི་ཡོན་ཏན་དང་ལྡན་པའི་མི་སྟེ་རྣལ་འབྱོར་མའི་ཁྱད་པར་གསུམ་དུ་འགྱུར་ཏེ། མཉེས་བྱེད་ཅེས་བྱ་བ་ནི་སྤོབས་པ་བསྐྱེད་པའོ། །རྣམ་པར་དག་པ་ཞེས་བྱ་བ་ནི་ནུས་པ་སྐྱེས་པའོ། །གསལ་བྱེད་ཅེས་བྱ་བ་ནི་འཕྲལ་དུ་གསལ་བར་བྱེད་ཅིང་ཅུང་ཟད་ནུས་པ ་པ་སྐྱེས་པ་ལ་རང་དང་གཞན་གསལ་བར་བྱེད་པའོ། །སྦོབས་པ་སྐྱེས་པས་བསྟན་བཅོས་དང་མི་འགལ་བའོ། །ཡང་ན་མཉེས་བྱེད་ནི་སྔགས་ཀྱི་སྦྱོར་བལ་གོམས་པས་ལྷ་རྣམས་མཉེས་པར་བྱེད་པའོ། །ཡོན་ཏན་དང་ལྡན ་པ་ནི་བསྟན་བཅོས་ཀྱི་དོན་ཤེས་པའོ། །གསལ་བྱེད་ནི་སྒྲོན་མ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་བྱེད་ནུས་པའོ། །ལེའུ་ཉི་ཤུ་དྲུག་པའོ།། །།ཡུལ་དང་ཡུལ་དེ་རབ་སོང་བ། །ཕོ་ཉའི་གཟུགས་སུ་མཚོན་པ་ཡིན་ཞེས ་བྱ་བ་ལ་རྣལ་འབྱོར་པ་གསུམ་པོ་དེ་དག་ཀྱང་གཟུགས་དང་མཚན་ཉིད་ཕུན་སུམ་ཆོགས་པའི་ཕོ་ཉ་ཡུལ་དག་ཏུ་སྡང?་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་ཞེས་བྱ་བ་ནི་ཕོ་ཉ་མོ་རལ་གྲིའི་སོ་ལྟར་རྟག་ཏུ་མཉེས་པར་དཀའ་བ་ཡིན་ནོ ་ཞེས་བྱ་བའི་དོན་ཏོ། །དག་བྱེད་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ་ཅེས་བྱ་བ་ནི་དེ་རྣམས་སྒྲུབ་པ་པོས་ཐོབ་ནས་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །གཞན་དག་ནི་གོ་སླའོ། །སྒྲུབ་པ་པོའི་ཕོ ་ཉ་གཉིས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཆོ་ག་ལས་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་སྦྱོར་བ་གཅིག་པ་ཉིད་ཡིན་ནོ་ཞེས་ལྷག ་པར་བསྟན་པ་ཡིན་ནོ། །ཡང་ན་དངོས་གྲུབ་ལ་སྤྱོད་པས་ན་ལ་ལ་ཞིག་གི་དེ་ཉིད་གཅིག་བུ་རྣལ་འབྱོར་གྱི་མཆོག་ཡིན་ཏེ། དེའི་ཚེ་ཕོ་ཉ་མོ་རྣལ་འབྱོར་མ་རབ་ཏུ་བསྐུལ་བ་ཡིན་ཞིང་དངོས་གྲུབ་སྒྲུབ་པ་དང་ཉེ་བར་འགྱུར་ཞེས་སྦྱར་རོ། །བླ་མ ་བརྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བ་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད་ཅེས་བྱ་བ་ནི་སློབ་དཔོན་བརྒྱུད་པའི་རིམ་པ་ལས་དབང་བསྐུར་བ་ཐོབ་པ་ལས་སྔགས་དང་ལེགས་པར་ལྡན་པར་གང་གི་ཚེ་སྒྲུབ་པ ་དེའི་ཚེ་ཕོ་ཉ་མོ་རྣམས་སུ་ཡང་དག་པར་བཤད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་དང། ཞེས་བྱ་བ་ནི་ཕྱིའི་རྣལ་འབྱོར་མ་དང་ཡང་དག་པར་སྦྱོར་བའི་དང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །ཡང་དག་རྫོགས་ཞེས་བྱ་བ ་ནི་དེ་ཚེ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཡེ་ཤེས་རྒྱུ་སྐྱེས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རབ་ཀྱི་མཐར་ཐུག་པའི་རྒྱུ་དང་བྱེད་པ་ཅན་ཡིན་ཏེ། དཔལ་ཧེ་རུ་ཀ་ནི་དེ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་བདག་ཉིད་ནང་པར་ལངས ་ཞེས་བྱ་ལ། སེམས་ཀྱི་བདག་ཉིད་ནི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་ལྡན་པ་མཆེན་མོའི་མཐར་མལ་ནས་ལངས་པའོ། །གཟུགས་ཀྱི་བྱ་བ་ཀུན་བྱས་ཏེ་ཞེས་བྱ་བ་ནི་ལུས་ལ་དཔའ་བོ་དྲུག་གི་གོ་ཆ་ལ་སོགས་པ་གོ་བསྐོན་པའོ། །ལུས་ལ་ཤིན་ཏུ ་མཚོན་ཆ་ནི། །ལུས་ལ་གནས་པས་ཀུན་ཏུ་སྤྱད་ཅེས་བྱ་བ་ནི་ལུས་ཐམས་ཅད་ལ་མཚོན་ཆའི་དྲ་བས་གཡོག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དག་བྱེད་བྱས་པའི་ལུས་ལ་ནི། རྟག?་ཏུ་སྔགས་འདི་བརྗོད་པར་བྱ། ཞེས་བྱ་བ་ནི་དེ་ལྟར་རྟག་ཏུ་སྲུང ་བའི་ཆོ་ག་བྱས་པའི་སྔགས་པས་སྔགས་བཟླས་པར་བྱའོ། །རྣལ་འབྱོར་གནས་རྣམས་རེས་སྟོན་ཅིང་ཞེས་བྱ་བ་ནི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །གནས་ནི་བུད་མེད་དེ། དེ་བསྟན་ཅིང་དེ་ལྟར་གོ་ཆ་བགོས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །མཚོན ་ཆ་རྣམས་ནི་འགོམ་མི་བྱ་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་བཤད་པའི་མཚོན་ཆ་ལ་སོགས་པ་ལས་འདའ་བར་མི་བྱའོ། །ཡང་ན་མཚོན་ཆ་ལྟར་མཚོན་དུ་གྱུར་པའི་ཕོ་ཉ་མོ་ཡིན་ཏེ། དེ་བགོམ་པར་མི་བྱའོ། །ཡང་ན་མཚོན་ནི་རང་དང་གཞན་གྱི་མཚོན་ཆ ་རྣམས་སོ། །དམ་ཚིག་ཅན་ལ་ཁྲོ་མི་བྱ་ཞེས་བྱ་བ་ནི། །རྣམ་པ་ཐམས་ཅད་དུ་ཁྲོ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །མངོན་པ་བརྩོན་པས་འདའ་མི་བྱ་ཞེས་བྱ་བ་ནི་རྒྱུད་འདིར་རམ་གཞན་དག་ཏུ་མངོན་པར་བརྩོན་པ་དེ་ལས་འདའ་བར་མི ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དང་ལྷན་ཅིག་ཙཱ་རུ་བྱ་ཞེས་བྱ་བ་ནི་དམ་ཚིག་ཅན་རྣམས་དང་ལྷན་ཅིག་ཏུ་ལོངས་སྤྱོད་གཅིག་ཏུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྒོ་ནི་ཐབས་ཏེ། ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཐབས ་བྱའོ་ཞེས་བྱ་བའི་དོན་ཏོ། །བདེ་བཞེས་བྱ་བ་ནི་གཞུང་གཞན་ནོ། །བདག་གི་དོན་དུ་ཐུན་བཞི་ཞེས་བྱ་བ་ནི་རྟག་ཏུ་རྣལ་འབྱོར་དང་ལྡན་ཡང་ཉིན་དང་མཚན་དུ་ཐུན་བཞིད་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་སྤྱོད་པ་ཞེས་བྱ་བ་ལ། དམ་ཚིག་ནི་ལྷ་མོ ་སྟེ་དེ་དང་ཀུན་ཏུ་སྤྱོད་པའོ། །ཡང་ན་དམ་ཚིག་ནི་བསྲུང་བར་བྱ་བ་དང། བཟའ་བར་བྱ་བ་སྟེ་སྤྱད་པའོ། །དེས་འཁོར་ཅི་དགར་གྲོལ་བར་འགྱུར་ཞེས་བྱ་བ་ནི་ངེས་པར་འདི་ལྟར་འཁོར་བའི་རྣལ་འབྱོར་བ་ནི་ཡུལ་དང་ཞིང་དུ་འཁོར་ཞིང ་བསྒོམ་པའི་རྣལ་འབྱོར་པ་དེ་ཅི་དགར་གྲོལ་བར་གྱུར་ཏེ། ཅི་དགར་འདོད་པས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གནག་ལ་དགའ་བར་རྟག་ཏུ་བྱ། ཞེས་བྱ་བ་ནི་མཚན་མོ་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྲོག་ཆགས་ཡན ་ལག་ལས་བྱུང་གྱོན་ཞེས་བྱ་བ་ནི་པགས་པའི་གོས་བགོས་ཞེས་བྱ་བའི་དོན་ཏོ། །བདེ་བ་འདོད་པས་བདེ་ཐོབ་འགྱུར་ཞེས་བྱ་བ་ལ། བདེ་བ་འདོད་པ་སྟེ་ཐར་པ་འདོད་པས་བདེ་བ་ཐོབ་པར་འགྱུར་བ་སྟེ་བསྐྱོད་པས་བདེ་བར་བྱ་བའོ། ། ་མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་གཙང་ཞེས་བྱ་བ་ནི་མཆོད་ཕྱིར་ཐོགས་ལ་སོགས་པ་རིག་བྱེད་དང་ཆོས་ཀྱི་བསྟན་བཅོས་ལས?་བྱུང་བའི་གཙང་སྤྲ་ཡོངས་སུ་སྤང་བའོ། །ཤྲཱི་ཧེ་རུ་ཀ་བྱིན་གྱིས་བརླབ་ཅེས་བྱ་བ་ནི་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཙང་སྦྲལ?་སྤྱད་པར་བྱའོ། །ཕྱག་རྒྱ་ལྔ་ནི་མགུལ་རྒྱན་དང་གདུ་བུ་དང་སྤྱི་པོའི་ནོར་བུ་དང། རྣ་བརྒྱན་དང། མཆོད་ཕྱིར་ཐོགས་ཏེ་ལྔའོ། །དུས་ཀུན་ཏུ་ཞེས་བྱ་བ་ནི་དེ་དང་མི་འབྲལ་བར་བྱའོ། ། ་རིགས་དང་རིགས་མིན་དོར་མི་བལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤང་ཞེས་བྱ་བ་ནི་རིགས་དང་རིགས་མ་ཡིན་པའི་ངོ་བོ་ལ་རྣམ་པར་དཔྱད་པར་མི་བྱ་ཞིང། ཡང་དང་ཡང་སྤྱི་གཙུག་བཅིང་བསྟེ། རལ་པ་བཅིང་པ་ལ་སོགས་པ་མི་བྱ་བ་དང། ་སོགས་པའི་སྒྲས་ནི་འཇིག་རྟེན་པའི་སྤྱོད་པ་གཞན་དག་ཡོངས་སུ་སྤང་བར་སྟོན་ཏོ། །པོ་ཉ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་ཉི་ཤུ་བདུན་པའོ།། །།དེ་ནས་མཆོད་པ་རྣམ་དག་བདག་ཅེས་བྱ་བ་ནི་སྔར་བཤད་པ་དང ་ལྷན་ཅིག་གནས་ཤིང་ཡང་དག་པར་མཆོད་པ་སྟེ། བླ་ན་མེད་པའི་མཆོད་པའི་མཆོག་གི་དོན་བྱེད་པའི་ཕྱིར་རྣམ་པར་དག་པའོ། །མྱ་ངན་འདས་པར་དེས་འགྲོ་ཉིད་ཅེས་བྱ་བ་ནི་མཆོག་ཏུ་དགའ་བའི་ཤིན་ཏུ་བདེ་པའི་གནས་སྐབས་ཀྱི་རྗེས་ཐོགས་ལ ་དཔའ་བོ་ཉིད་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྤུན་དང་སྡུག་པ་མཆོད་པ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་གཅིག་ལ་སོགས་པར་ཞུགས་པའི་རྣལ་འབྱོར་པ་ལྷན་ཅིག་སྤྱོད་པ་རྣམས་ཏེ། དེ་དག་དང་ཡང་ལྷན་ཅིག་ཞི་བ་འདུས་པས ་གནས་པར་བྱའོ། །སྤྱན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་མིན་ཞེས་བྱ་བ་ནི། འཇིག་རྟེན་པའི་སྤུན་དང་བུ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡེ་ཤེས་དད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང། སྔགས་དང་ཕྱག་རྒྱ ་དག་ཀྱང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྤྱོད་བྱར་འགྱུར་ཞེས་བྱ་བ་ནི་ཟས་ལ་སྤྱོད་པས་དམ་ཚིག་སྤྱོད་པ་བྱས་པར་འགྱུར་ཏེ། དེས་ཡིས་དག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། ་གསང་སྔགས་སུ་ལའང་སྦྱིན་མི་བྱ་ཞེས་བྱ་བ་ནི་སྒྲ?་ཇི་བཞིན་པ་ཉིད་ཡིན་ནོ། །ཕོ་ཉ་མོ་ཞེན་རྟག་ཐར་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་གནས་སྐབས་སུ་ཕྱི་རོལ་གྱི་རྣལ་འབྱོར་པ་ལ་གོ་ཆ་ཆེན་པོ་ལ་སོགས་པས་གོ་བསྐོན་པར་བྱའོ་ཞེས་བྱ་བའི་དོན ་ཏོ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ་བ་ཞེས་བྱ་བ་ནི་གལ་ཏེ་ཤིན་ཏུ་ལེགས་པར་བསླབས་པ་མེད་ན་སྐལ་པ་བཟང་པོར་གྱུར་པ་དེ་ལེགས་པར་སྦྱངས་ལ་ལོངས་སྤྱད་པར་བྱའོ། །སྐྱེ་གནས་དམན་ལ་དགའ་ ་གནས་པ། །བསྙེན་བཀུར་ཉིད་ནི་བྱ་བ་མིན་ཞེས་བྱ་བ་ལ་སྐྱེ་གནས་ནི་བྲམ་ཟེ་ལ་སོགས་པའི་རིགས་ཏེ་དེ་གཟུང་བར་མེ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་མཆོག་གི་སྣོད་མ་ཡིན་པས་འུ་ལ་རིགས་ཏེ་དེ་ལ་གུས་པར་མི་བྱའོ་ཞེས་བྱ་བའི་དོན ་ཏོ། །མ་དང་ཞེས་བྱ་བ་ལ་སོགས་པ་ལ་།གང་ཡང་དག་པའི་སྦྱོར་བས་རྗེས་སུ་མཐུན་པར་བྱའོ། །གཞན་དུ་དེ་དག་དཀའ་ཐུབ་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཆོག་དང་ཐ་མ་ལྷན་ཅིག་འགུཊ་ཞེས་བྱ་བ?་ཞི་བའི་འགུཊ་པས་ཟས་ལ ་སྤྱོད་ན་དཾ་ཚིག་གི་སྤྱོད་པ་བྱས་པ་འགྱུར་ཞིང་དེ་ལས་དག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་མི་བྱའོ། །དེ་ལྟར་རྫས་ནི་རྣམ་ངེས་ཡིན་ཞེས་བྱ་བ་ནི་དོན་དམ་པ་ཉིད་ཀྱིས་ངེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཞེས ་བྱ་བ་ལ་སོགས་པ་དོན་།ཇི་ལྟ་བ་ཉིད་དོ། །ལྷན་ཅིག་ཟས་ལ་སྤྱོད་པར་བྱེད་ཅེས་བྱ་བ་ནི་དམ་ཚིག་སྤྱོད་པ་རྣམས་དང། ཟས་ལྷན་ཅིག་སྦྱོང་ན་སྔགས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག ་མ་ནི་དོན་ཇི་ལྟ་བ་ཉིད་དོ། །བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ལ་ཤིན་ཏུ་གནོད་པར་བྱེད་པ་གཞན་དག་རྣམ་པར་གཞིག་པ་སྟོན་ཏོ། །དེའི་རིམ་པ་ནི་འདི་ཡིན་ཏེ། སྦྱིན་སྲེག་གི་ཐལ་བ་ལས་བྱུང་བའི་ཐལ་བས་མེ་ཐབ་གྲུ་གསུམ ་པ་བྱས་ལ། དྲག་པོའི་སྦྱིན་སྲེག་གི་ཡོ་བྱད་ཀྱི་རྫས་དང། དེ་ལས་བཤད་པའི་ཆོ་ག་ཡུང་མར་ཚ་བ་ལ་སོགས་པ་དང་སྦྱར་ནས་ཁཎྜ་རོ་ཧ་གཡས་པའི་སྣ་བུག་ནས་ཞུགས་ཏེ་བཤད་བ་ནས་བྱུང་བར་བསམས་ལ། རྡོ་རྗེ་ལྕགས་ཀྱུ་དང་གྲི ་གུག་ལག་ན་ཐོགས་པས་བསྒྲུབ་པར་བྱ་བ་གཅེར་བུ་རྣམ་པར་མྱོས་པར་གྱུར་པ་བཀུག་པ་དེ་ཉིད་དུམ་བུར་དུམ་བུར་གཏུབས་པར་བསམས་ལ། བ་ལང་ཤ་ལ་སོགས་པ་ཇི་ལྟར་བརྗོད་པ་ཇི་ལྟར་རྙེད་པའི་ཤ་བསྒྲུབ་པར་བྱ་བ་དེའི་ཤ་ཡིན་པར་བསམས་ལ། ། ་ཁྲོ་བོ་ཆེན་པོ་དང་ལྡན་པའི་ང་རྒྱལ་གྱིས་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བ་དང་སྤེལ་བའི་རྩ་བའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །སྣ་ཚོགས་པ་ཞེས་བྱ་བ་ནི་རྨ་བྱ་འམ། ཁྱིམ་བྱ་ལ་སོགས་པ་གཟུང་ངོ། །དེ་བཞིན་དཔའ་བོ་རྣམས་ཀྱི་ཟས། །སྔགས་དང་ཕྱག་རྒྱར ་ལྡན་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱའི་རང་བཞིན་གྱི་སྔགས་དང། རྒྱུད་ལེགས་པར་བསླབས་པས་ཕྱི་རོལ་གྱི་བུད་མེད་དང་ཡང་དག་པར་ལྡན་ཞིང་བཅས་པའི་ཟས་དེ་ནི་དཔའ་བོ་རྣམས་ཀྱི་རབ་ཏུ་བསྔགས་པར་འགྱུར་རོ་ཞེས་དགོངས་སོ། །སྤྲུལ་པ ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་གནས་སྐབས་སོ། །གཞན་དག་ནི་གོ་སླའོ། །དེའི་ཕོ་ཉ་ནི་ལྷ་མོའོ། །བཟང་པོ་ནི་མཆོག་གོ། བརྩོན་པ་ནི་ལེ་ལོ་མེད་པའོ། །ལྷན་ཅིག་ལྡན་པ་ནི་གཞན་དུ་མི་འགྲོ་བའོ། །དེ་ལྟ་བུ་ནི་དངོས་གྲུབ་ཀྱི་སྐལ ་བ་ཅན་དུ་འགྱུར་རོ། །མ་ཆགས་དགའ་བའི་ལོངས་སྤྱོད་རྫོགས་ཞེས་བྱ་བ་ནི་ཐ་མལ་པའི་གཟུགས་ཀྱིས་དགའ་བའི་ཀུན་ཏུ་སྦྱོར་བའི་ཉོན་མོངས་པར་དམིགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྫས་ཀྱི་རྣམ་འབྱེད་ཉིད་ཅེས་བྱ་བ་ལ། ་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །རྫས་ནི་བསྲུང་བར་བྱ་བའོ། །དེའི་རྣམ་པར་འབྱེད་པ་ནི་བྱེ་བྲག་འབྱེད་པའོ། །ཡང་ན་རྣལ་འབྱོར་ནི་འབྲེལ་པའོ། །རྫས་ནི་འབྲེལ་པ་ཅན་ཏེ། དེའི་རྣམ་པར་དབྱེ་བ་ཉིད་དོ། །མ་ཡིན་ཞེས་བྱ་བ་ནི་ཚིག་གི ་ལྷག་མའོ། །བླ་མའི་མན་ངག་ལ་དགའ་ཞིང་ཞེས་བྱ་བ་ནི་བླ་མ་ལས་བརྒྱུད་པའི་རིམ་པ་མ་ཉམས་པས་སོ། །དེའི་དོན་ནི་མཆོག་ཏུ་མཚུངས་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་གསུངས་པའི་དོན་ལ་སྤྱོད་པ་ནི་དཔལ་ཧེ་རུ་ཀ་དང་མཚུངས་པར་འགྱུར་བའོ། ། ་ལེའུ་ཉི་ཤུ་བརྒྱད་པའོ།། །།སྤུན་ནི་དཔའ་བོ་རྣམས་སོ། །པ་ནི་ཤྲཱི་ཧེ་རུ་ཀའོ། །བདག་པོ་ཉིད་དུ་སྐད་ཅིག་མཐོང་ཞེས་བྱ་བ་ནི་བདག་པོ་ཁོ་ནར་སྐད་ཅིག་གིས་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ལྕེ་སྒོམ ་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པའི་དངོས་གྲུབ་ཐམས་ཅད་ཀྱི་སྤྱི་ཐུན་མོང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དྲན་པ་དང་ནི་ཡང་དག་ལྡན་ཞེས་བྱ་བ་ནི་བདུད་རྩི་ལྔའི་མཚན་ཉིད་དང་ལྡན་པའོ། །ཕོ་ཉ་ལ་སོགས་གནས་དང་བཅས་ཞེས་བྱ་བ་ནི ་རྒྱུན་མི་འཆད་པར་བསླབས་པས་ཕོ་ཉ་དང་ལྡན་པའོ། །སོགས་པའི་སྒྲས་ནི་སྲུང་བར་བྱ་བ་དང། བཟའ་བར་བྱ་བ་བསྡུ་བའོ། །གནས་དང་བཅས་པ་ནི་སྔགས་དེའི་སྔགས་པ་དང་བཅས་པའོ། །མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །སྤྱོད ་དང་གྲོལ་བའི་འབྲས་རབ་སྟེར་ཞེས་བྱ་བ་ནི་མཁའ་འགྲོ་མའི་གཙོ་བོ་ཉི་ཤུ་རྩ་བཞི་ན་སྤྱོད་པ་དང་གྲོལ་བའི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ། །ལྷག་མ་རྣམས་ནི་གོ་སླའོ། །ཇི་སྲིད་དྲོ་བ་ཞེས་བྱ་བ་ལ་སོཊ ་པ་ནི་མཚོན་པ་སྟེ། ཏིང་ངེ་འཛིན་ལ་རྣམ་པ་ཐམས་ཅད་དུ་ཤིན་ཏུ་དམིགས་པའི་སྦྱོར་བས་མཚན་ཉིད་ཇི་ལྟ་བ་བཞིན་དུ་དྲོད་དང། རྩེ་མོ་དང། བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཇི་ལྟ་བ་བཞིན་དུ་འབྱུང་བར་རྟོགས་པར་བྱ་སྟེ། ་དྲོ་བར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་སོ། །འདོད་བ་བའི་དོན་ཀུན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་ཉི་ཤུ་དགུ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གནོད་མཛེས་ཀྱི་སྔགས་བཏུ་བ་སྟོན་ཏེ། དེ་ནས་རྗེ ་རྔའི་བཅིང་བྱ་སྟེ། ཞེས་བྱ་བས་རྫ་རྔ་ལྔ་བུའི་དབྱིབས་ལས་རེའུ་མིག་བཞི་བཅུ་རྩ་དགུར་བྱའོ་ཞེས་བྱ་བའི་དོན་ཏོ། །རེའུ་མིག་གསུམ་པ་ནི་ནང་གི་རེའུ་མིག་བཞི་ལ་བལྟོས་ནས་དེ་སྐད་སྨྲས་པ་ཡིན་ནོ། །དེ་ལ་ཨུ་ཥྨའི་ནི་གསུམ་པ་ཡི་གེ་སའོ ་དེ་བས་ན་རིམ་བཞིན་འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། ཞེས་བྱ་བ་སྨོས་སོ། །རེའུ་མིག་ལྔ་པ་ཡིས་ཞེས་བྱ་བ་ནི་ཡི་གེ་ཨུའོ། །ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་ཏེ་ཉི་ཤུ་ལྔ་པའོ། །ཉི་ཤུ་རྩ་བཞི་པ་ཞེས ་བྱ་བ་ཡང་དེ་བཞིན་ནོ། །སུམ་ཅུ་རྩ་དྲུག་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་ཏེ་བགྲང་བའོ། །རེའུ་མིག་གསུམ་པ་ཞེས་བྱ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །རེའུ་མིག་ལྔ་པ་ཞེས་བྱ་བ ་ནི་ཡི་གེ་ཨུའོ། །ཉི་ཤུ་ལྔ་པ་ཞེས་བྱ་བ་ནི་ཀ་ནས་བརྩམ་པའོ། ཉི་ཤུ་བཞི་པ་ཞེས་བྱ་བ་ཡང་དེ་བཞིན་ནོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །བཅོ་ལྔ་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་པའོ། །ལྔ་པ་ཞེས་བྱ་བ་ནི ་དབྱངས་ཀྱི་ཡི་གེ་ལྔ་པའོ། །ཉི་ཤུ་རྩ་གཉིས་པ་ནི་ཀ་ནས་བརྩམས་པའོ། །ཉི་ཤུ་རྩ་བདུན་པ་ཞེས་བྱ་བ་ནི་ཨ་ནས་བརྩམས་པ་སྟེ། སྔགས་འདི་དག་ནི་ཚིག་དང་པོ་ཡིན་ནོ། ། ནས་བརྩམས་པའི་ཡི་གེག་ནི་བཅུ་དགུ་པ་ཡིན་ནོ ་མེའི་བུ་ནི་ཡི་གེ་རའོ། །རེའུ་མིག་གསུམ་པ་ནི་ཡི་གེ་ཨིའོ། །ཡ་ཚན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སུམ་ཅུ་རྩ་དྲུག་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ཡི་གེ་ནའོ། །སླར་ཡང་ཞེས་བྱ་བ་ནི་ཡི་གེ་གཉིས་པོ་དག་ཉིད་དེ་དང་སྦྱར ་བའོ། །རང་བྱུང་ཞེས་བྱ་བ་ནི་ཡི་གེ་ཉའོ། །རེའུ་མིག་ལྔ་བ་ཞེས་བྱ་བ་ནི་དབྱངས་ཀྱི་རེའུ་མིག་ལྔ་པའོ། །བིན་དུ་ཞེས་བྱ་བ་ནི་ཐིག་ལེའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་ཚིག་གཉིས་པའོ། །བཅུ་དགུ་པ་ནི་སྔ་མ་བཞིན་ཏེ་གའོ། ། ་ཉི་ཤུ་རྩ་བདུན་པ་ནི་ཀ་ནས་བརྩམས་པའོ། །གསུམ་པ་ནི་དབྱངས་ཡིག་གི་ཡི་གེ་གསུམ་པའོ། །སུམ་ཅུ་རྩ་གསུམ་པའི་སྔ་མ་ནི་ཡི་གེ་ཧའོ། །རེའུ་མིག་གཉིས་པ་ནི་ཡི་གེར་སླའོ། །ཉི་ཤུ་པ་ནི་ཀ་ནས་བརྩམས་པ་སྟེ་ན་ཉིད་དེ། ་དེ་ཉིད་ནི་ར་དང་ཧའི་དབང་གིས་ན་དེ་ཎར་འགྱུར་ཏོ་གྲི་ཧའི་སྒྲའི་འོག་ཏུ་གནས་པའི་ན་ནི་ཎར་འགྱུར་རོ། །ཉི་ཤུ་རྩ་གཅིག་པ་ནི་ཀ་ནས་བརྩམས་པ་སྟེ་པའོ། །ཉི་ཤུ་རྩ་དྲུག་པ་ནི་ཀ་ནས་བརྩམས་པ་སྟེ་ཡའོ། །ལན ་གཉིས་བཟླས་པ་ཞེས་བྱ་བ་ནི་ལན་གཉིས་ཟློས་ཤིང་གོམས་པར་བྱ་བ་སྟེ་སྔ་མ་བཞིན་ནོ། །རེའུ་མིག་ལུགས་ལས་བཟློག་པའི་ཚུལ་གྱི་དང་པོར་ཡི་གེ་ཧའོ། །བཞུ་པ་ནི་ཨི་སྟེ། །དེའི་མཛའ་ནི་ཨུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་དང། ་ཚིག་བཞི་པ་བཏུ་བ་གསུངས་པ་ནི་རེའུ་མིག་གཉིས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏོ། །དབྱངས་ཀྱི་ཡི་གེ་དང་པོའི་རེའུ་མིག་ནས་བརྩམས་པ་ཨའོ། །སུམ་ཅུ་རྩ་དྲུག་པ་ནི་ཨ་ནས་བརྩམས་པའོ། །ཉི་ཤུ་རྩ་དྲུག་པོ་ནི་ཀ་ནས་བརྩམས་པའོ། ། ་སུམ་ཅུ་གསུམ་པ་ཞེས་བྱ་བ་ནི་ཀ་ནས་བརྩམས་པའོ། །དེ་བཞིན་དུ་བཅུ་གསུམ་པ་ནི་དབྱངས་ཀྱི་ཡི་གེ་བཅུ་གསུམ་པའོ། །རེའུ་མིག་བཅུ་པ་ནི་ཧ་ལ་སོགས་པ་ནས་གོ་བཟློག་པའི་ཚུལ་གྱིས་བརྩིས་པའི་ཡི་གེ་བྷ་ནི་རེའུ་མིག་བཅུ་པའོ། ། ་བཅུ་དགུ་པ་ནི་ཨ་ནས་བརྩམས་པའོ། །གཉིས་པ་ཞེས་བྱ་བ་ནི་རེའུ་མིག་གཉིས་ལས་དབྱངས་ཀྱི་ཡི་གེའི་རེའུ་མིག་གཉིས་པའོ། །ཐིག་ལེ་ཞེས་བྱ་བ་ནི་སྟེང་ནས་ཨ་ནུ་སྭ་ར་དང་ལྡན་པའོ། །ཆུ་ཞེས་བྱ་བ་ནི་ཡི་གེ་བྷའོ། །བརྒྱད ་པ་ནི་ཡི་གེ་ཇེའོ། །མེའི་བུ་ཡིས་ཁྱད་པར་དབྱེ་ཞེས་བྱ་བ་ནི་ཡི་གེ་རས་བྱེ་བྲག་འབྱེད་པའོ། །ལྷག་མ་ནི་གོ་སླའོ། །དེ་དག་ནི་རྩ་བའི་སྔགས་སོ། །བྲོ་བོ་བཞི་དང་ཡང་དག་ལྡན་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་བྷ་ཞིས་མཚན་མ་སྨོས་པའི་ཁྲོ ་པོ་བཞི་བཤད་པ་ཡིན་ནོ། །སྐུ་བརྒྱད་དང་ནི་བཅས་པ་རུ་ཞེས་བྱ་བ་ནི་ས་ལ་སོགས་པ་གཟུགས་བརྒྱད་ཀྱི་ཚུལ་དུ་སྔགས་འདི་གནས་པའི་ཕྱིར་རོ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་ཞེས་བྱ་བ་ནི་སྔགས་དེས་ཚར་བཅེད་པ་དེ་འཆིང་བར་འགྱུར ་པའོ། །ལེའུ་སུམ་ཅུ་པའོ།། །།ཤ་ཆེན་ཞེས་བྱ་བ་ནི་སྔར་བཞིན་དུ་སྦྱིན་སྲེག་བྱའོ། །ཟངས་མའི་གཙུག་པུད་ཅན་ཞེས་བྱ་བ་ནི་ཁྱིམ་བྱའོ། །དཔའ་བོ་ཐོང་བའི་ཕྲེང་བ་ཅན། །ཟླ་བ་ཕྱེད་པས་རྒྱན་དུ་བྱས་ཞེས་བྱ་བ་ནི་བཅོམ་ལྡན ་འདས་ཀྱི་སྐུའི་ཆ་བྱང་སྔར་མ་བཤད་པ་ནི་བཤད་པ་ཡིན་ནོ། །བརྡ་ནི་ལྔ་པོ་བསྟན་པ་དག་ཅེས་བྱ་བ་འདིར་བརྔའི་སྒྲ་ན་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་ལྔ་ལ་བྱ་བ་ཡིན་ཏེ། རལ་པ་དང་ཅོད་པན་བརྒྱན་པའི་ཐོད་པ་ཆེན་པོ་ལྔ་ལྷ་མོ་ལྔར་བསྟན ་ཅིང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ནོ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས་ཞེས་བྱ་བ་ནི་བཟའ་བ་དང་བཅའ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱང་དམ་ཚིག་ཅན་ལ་སྟེར་བ་ན་བསྒྲུབ་པ་པོས་ལག་པ་གཡོན་པས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན ་ཏོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ལག་པའི་མཆོད་པ་སྟོན་ཏོ། །རྡོ་རྗེ་སེམས་དཔའ་མཐེ་བོར་བཞུགས་ཞེས་བྱ་བ་ལ། བཞུགས་ཞེས་བྱ་བ་ཐམས་ཅད་ལ་སྦྱར་རོ། །ཏལ་ནི་མཛུབ་མོ་སྟེ་རྣམ་པར ་སྣང་མཛད་དོ། །གུར་བེ་ཞེས་བྱ་བ་ནི་གུང་མོའོ། །པདྨ་གར་ཞེས་བྱ་བ་ནི་པདྨ་གར་གྱི་དབང་ཕྱུག་གོ་ཞེས་བྱ་བ་ནི་སྲིན་ལག་གོ། །དཔའ་བོ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །ཏ་ནུ་ཞེས་བྱ་བ་ནི་མཐེའུ་ཆུང་ངོ། །མི་ཟད་ཅེས་བྱ་བ་ནི་དེའི་ཁྱད་པར་རོ། །ནམ་མཁའ་ཨི་སྙིང་པོ ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མའོ། །སེན་མོ་ཞེས་བྱ་བ་ནི་སོར་མོ་ཐམས་ཅད་ཀྱི་སེན་མོའི་བར་ན་གནས་པའི་རྟ་མགྲིན་ནོ། །གཡོན་པ་ལས་བྱུང་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་འདི་དག་ནི་ལག་པ་གཡོན་པར་བསྟན་ཅིང་ལྷ་གནས་པའི་རྒྱུ་ཡིན་ནོ། །ལག་མཐིལ་ཞེས་བྱ་བ་ལས་ལག ་པའི་ཐིལ་དུ་པདྨ་འདབ་མ་ལྔ་པ་བསམས་ལ། པདྨའི་གེ་སར་ལ་ཕོ་ཉ་མོ་རྣམས་ལས་རྡོ་རྗེ་ཕག་མོའོ། །མདུན་དུ་ཡ་མི་ནི། གཡོན་དུ་མོ་ཧ་ནི། རྒྱབ་ཏུ་ས་ཉྩ་རིན་གཡས་སུ་སྐྲག་བྱེད་མའོ། །ཙཎྜི་ཀ་ནི་སྙོམས་པར་འཇུག་པ་ལ་སྤྲོ་བ་སྟེ། རང ་བདག་ཉིད་བསམ་པ་གཅིག་པའོ། །རྒྱབ་ཏུ་ཤིན་ཏུ་ངེས་བྱས་ཏེ། ཞེས་བྱ་བ་ནི། ལག་པའི་མཐིལ་དུ་སྔགས་ཀྱི་ས་བོན་གྱི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང། རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་རྣམས་དགོང ་པར་བསྟན་མོད་ཀྱི། འོན་ཀྱང་ལག་པའི་རྒྱབ་ཏུ་མེ་ལོང་གི་ནང་དུ་གཟུགས་བརྙན་སྣང་བ་ལྟར་ངེས་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ནམ་མཁས་པས་རྒྱབ་ཏུ་བསྐྱེད་བྱེད་བཤད་པ་ཡིན་ནོ། །སྒྲུབ་པ་པོས་བརྡ ་རྣམ་པ་ལྔ་བསྟན་པར་བྱ་བ་ལས། ལྔ་ཞེས་བྱ་བ་སྨོས་པ་ནི་འདིར་ལག་པའི་མཆོད་པའི་སྐབས་སུ་བརྡ་ལྔ་ཞེས་བྱ་བ་ནི་དྲི་ཆེན་དང་དྲི་ཆུ་ལ་སོགས་པའོ། །སྤྱན་ལ་སོགས་པ་སྨོས་པ་ནི་མཁའ་འགྲོ་མ་ལ་སོགས་པ་བཞིལ་བྱའོ། །སྟོང་པ་ནི ་ནམ་མཁའ་ཨི་དབྱིངས་སོ། །དབུས་སུ་ཞེས་བྱ་བ་ལ་ཡང་དེ་ཉིད་དོ། །དེ་ལྟར་བརྔ་ཡིས་དཔའ་བོ་རྣམས་ཞེས་བྱ་བ་ནི་ལག་པའི་མཆོད་པ་ལ་དུང་ཆེན་པོ་ལ་གནས་པའི་རྫས་ཀྱིས་དཔའ་བོ་འཁོར་ལོ་སྡོམ་པ་བརྔ་ཡིས་མཆོད་པར་བྱའོ། །དེ་ནས་ཟས་ལ ་སྤྱད་པར་བྱའོ། འདི་ལྟར་བྱས་པས་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་དྲ་བའི་བདེ་མཆོག་ཏུ་འགྱུར་རོ། །ལེའུ་སུམ་ཅུ་གཅིག་པའོ།། །།ཕྱུགས་དགུག་པ་ནི་སྒྲུབ་པ་པོས་སྔར་གྱི་ཆོགས་བྱེད་དེ། ་ཕྱུགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སེན་མོ་ལྔ་རྣམས་ནི་ཁྱི་དང། བྱི་ལ་ངང། རི་བོང་ལ་སོགས་པ་རྣམས་ཏེ། སེན་མོ་ལྔའི་རིགས་སོ། །རིགས་རྣམས་ཀྱིས་ཞེས་བྱ་བ་ལ། རྒྱལ་རིགས་ལ་སོགས་པའི་རིགས་བཞི་རྣམས ་ཀྱི་ནང་ནས་བསྔགས་ཕ་ནི་ཕྱུགས་སོ། །དཔའ་བོ་ནི་མང་པོ་རྣམས་གང་གིས་བསད་བ་དེ་ནི་བྱུགས་དཔའ་བོའོ། །ཧེ་རུ་ཀས་བྱས་པ་མཐོང་བ་ཡང་ངོ། །དུད་འགྲོ་རྣམས་ལས་དུད་འགྲོ་མངལ་དུ་སྐྱེས་པ་རྣམས་དུད་འགྲོ་འགྲོ་བའི་ཕྱུགས་ཏེ། ་སྤྲུལ་ཛིན་པོ་ཆེ་དང་ལྔ་ན་ཕ་ལི་ཕྱུགས་སོ། །ཕྱུགས་འདི་ནི་ལྷ་རྣམས་ཀྱི་བདེ་བ་སྒྲུབ་པར་འགྱུར་རོ། །ཁྭ་ལ་སོགས་བཅེས་སྦྱང་ལ་ཐུག་པ་རྣམས་དང། བྱའི་བྱེ་བྲག་རྣམས་སྦྱིན་སྲེག་དང་གཏོར་ན་ལ་སྦྱར་བར་བྱའོ། །སྦྱིན་སྲེག་ནི་ནང་གི་བདག་ཉིད ་ཀྱི་སྦྱིན་སྲེག་ཉིད་དོ། །དེ་ནི་རོ་ལངས་སྒྲུབ་པ་བཤད་པ་སྨོས་པ་ཡིན་ཏེ། ནག་པོ་ཞེས་བྱ་བ་ལ་སོགས་པ་?་དང་པོ་ཁོ་ན་གནོད་མཛེས་ཀྱི་སྔཌ་ཀྱི་???བསྙེན་པ་བྱ་ལ། མཚན་མ་ཐོབ་པའི་སྔགས་ངས་དུར་ཁྲོད་དུ་རོ་མ་རྨས་ཤིང་ཉམས ་པ་མེད་པ་བཙལ་ལ། ནམ་ཕྱེད་ཨ་ཤ་ན་ནག་པོ་དང། མཱ་ཎཱ་ནག་པོ་དང། འབྲས་ནག་པོ་དང་ལྡན་པའི་སྦྱིན་སྲེག་བྱས་ལ། དེ་ཡང་འཛེམ་པ་མེད་པར་རོའི་ཁོར་ཞེས་བྱ་བ་ལ། སྔགས་བས་རང་གི་རྣལ་འབྱོར་མངོན་སུམ་དུ་བྱས་སུ་ཟིན་ཡང ་པ་གསུམ་དང་པོ་ཆ་ཆེན་པོ་ལ་སོགས་པས་བསྲུང་བདག་ཀྱང་བྱས་ལ། །འཇིགས་ཤིང་བག་ཚ་བའི་འཛོམ་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་དགས་ཆེན་པོས་འཇིགས་པའི་བདག་ཉིད་ཅན་མི་སྡུག་པོ་མཐོང་ན་འཇིགས་པར་མི་བྱའོ། ། ་ཞེས་བྱ་བའི་དོན་ཏོ། །ལྟག་མ་ནི་གོ་སླའོ། །སྤྱི་བའི་ཐབས་པ་ནི་ཐལ་བའི་ཁྱད་པར་རོ། །མགོ་བོ་སྐམ་ཞེས་བྱ་བ་ནི་གྲགས་པ་སྟེ། ཆག་གྲུགས་མེད་པ་བླངས་ལ་དུང་ཆེན་པོ་བྱ་བ་??་ཡང་ན་ཐོང་པ་རུས་སྤལ་གྱི་ཐོད་པ་ལས་བྱའོ། ། ་ཕྱག་བཞི་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་སྟོན་ཏེ། དེ་དག་ཐམས་ཅད་ནི་སྒྲུབ་པའི་ཐབས་སུ་རྒྱ་ཆེར་བསྟན་པ་ཡིན་ནོ། །དེའི་སྐུ་མདོག་མཚོན་ཆང་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེའི་སྐུ་མདོག་དང་ཕྱག ་མཚན་འཛིན་པར་ཕྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་མདོག་སྔོ་ལ་ཕྱག་མཚན་རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །འདིས་ཕྱག་མཚན་ཞེས་བྱ་བ་སྤྱིའི་ཚིག་སྨོས་སུ་ཟིན་ཀྱང་ཕྱག་མཚན་གྱི་གཙོ་བོར་གྱུར་བ་ཡིན་པས་རྡོ་རྗེ་ཁོ་ན་ལ་བྱའོ། ་དེ་ཡང་བཅོམ་ལྡན་འདས་མཚོན་ཆ་དུ་མ་བསྣམས་སུ་ཟིན་ཀྱང། རྡོ་རྗེ་འཛིན་ཞེས་མཚན་གསོལ་བ་ཡིན་ནོ། །ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན་ཞེས་བྱ་བ་ནི་ཕྱག་རྒྱ་ལྔས་བརྒྱན་པ་ལ་བྱའོ། །ཡི་དགས་ཆེན་པོ་གདན་དུ ་བྱས་ཞེས་བྱ་བ་ནི་ཡི་དགས་ཀྱི་བདག་པོ་མནན་ནས་བཞུགས་པའོ། །དེ་བས་རྟག་ཏུ་སྒྲུབ་པ་པོས། །སྔགས་ཀྱི་ལྷ་ནི་ཤེས་པར་བསྒོམ་ཞེས་པ་ནི་རྣལ་འབྱོར་ཆེན་པོ་ལ་དམིགས་པ་མེད་པར་སྔགས་བཟློས་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ། ། ་ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་གཉིས་བའོ།། །མེད་བར་གྱུར་ཀྱང་བཟའ་བ་ནི། །ལྔ་པོ་ཉིད་དུ་བྱ་བ་ཡིན་ཞེས་བྱ་བ་ནི་གང་གི་ཚེ་རྗེས་སུ་མཐུན་པའི་བདུད་རྩི་ལྔ་མེད་པར་གྱུར་ན་དེའི་ཚེ་བཟའ་བ་གང་དག་ཡིན་ཇཔ་བདུད ་རྩ་ལྔར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔའ་བོ་རྣམས་ཀྱི་སྟན་དང་། ཕྱག་རྒྱ་ནི་ལྷག་མའོ། །ཤིན་ཏུ་མཉམ་གཞག་ཅེས་བྱ་བ་ནི་ཐ་མལ་བའི་ང་རྒྱལ་སྤངས་པའོ། །དེ་ཡི་འོག་ཏུ་དཔའ་བོ་ཡི། །དཔའ་བོ ་གསུམ་པའོ། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་གསུམ་གྱི་བདག་ཉིད་བྱ་བའམ། །འཁོར་ལོ་གསུམ་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཆའི་རྩིབས་ཞེས་བྱ་བ་ནི་ཆའི་ཡན་ལག་སྟེ། དེ་དེ་?་ཡང་ཡིན་ལ ་རྩིབས་ཀྱང་ཡིན་པས་ཆ་ཡི་ཡན་ལག་སྟེ། དེ་ནི་དཔའ་བོ་སྟེ་རིགས་ལ་བལྟོས་ནས་གཅིག་གི་ཚིག་གིས་བསྟན་ཏོ། །པདྨའི་ལྟེ་བ་ཞེས་བྱ་བ་མང་པོའི་ཚིག་ནི་དེ་བླང་བར་བྱ་བའི་གནས་ཡིན་པས་དེ་ལ་ངེས་པར་སྦྱར་བར་བྱའོ། ། བ ་??ཏཱི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་བཞག་ཅེས་བྱ་བ་ནི་དཔྲལ་བའི་རྡོ་རྗེ་ཕེང་བའི་འོད་ཟེར་རྣམས་ཀྱིས་ཨ་བ་དྷཱུ་ཏཱི་ཡེ་ཤེས་བྱ་བ་རྫོགས་པའི་གནས་སུ་བྱ་བ་སྟེ། དེ་ནི་མི་ཟད་པའི་སྤྱན་ཏེ། དེ་སྨིན་མཱི་བར་དུ་ཞེས་བྱ་བ་ནི་དཔྲལ་བའི ་དབུས་སུ་བཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔའ་བོ་འཚོལ་བ་ཞེས་བྱ་བ་ལ་སོཌ་པས་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་སྟོན་ཏེ། དཔའ་བོ་ཧེ་རུ་ཀའི་འདོད་ཆགས་དང་བཞེ་སྡང་འཆོལ་པར་བྱས་ཤིང་ཁྲོ་བོར་བསྒྱུར་བའི་གནས་སྐབས་ཀྱིས ་འོག་ནས་སྨོས་པ་དི་ལྟར་རྙེད་པའི་ཤ་ཡིས་སྦྱིན་སྲེག་བྱ་བའམ། ཡང་ན་བདག་ཉིད་ཁྲོ་བོའི་ང་རྒྱལ་དང་ཅས་པས་ཇི་སྙེད་པའི་ཤ་སྦྱོར་བས་ཚིམ་པར་བྱས་ལ། དེའི་འོག་ཏུ་ལས་དང་རྗེས་སུ་མཐུན་པོའི་གོ་མཱི་ས་དང་ཁྲག་གིས ་སྦྱིན་སྲེག་ལྔ་ཉིད་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འབད་པས་ཞེས་བྱ་བ་ནི་ལྷའི་ང་རྒྱལ་གྱི་མ་ཡེངས་པར་དེ་ནས་སྦྱིན་སྲེག་དགུ་བྱ་བའོ། །འབར་བའི་གླེ་ལ་ཞེས་བྱ་བ་ནི་ཤིན་ཏུ་འབར་བའི་མེ་ལ་ཡམ་ཤིང་ལ་སོགས་པ་ཇི་ལྟར་ལས ་མཐུན་པས་འབུལ་བའི། །དེ་ལྟར་མེ་ལྷའི་ཞལ་དུ་སྦྱིན་སྲེག་བུལ་ནས། འཁོར་ལོ་གསུམ་དང་ལྡན་པའི་ལྷ་རྣམས་ལ་སྦྱིན་སྲེག་དབུལ་བའི་ཆོ་ག་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོས་པ་ཡིན་ཏེ། ཀུན་ནས་འཁོར་ལོ་བསམ ་ཞེས་བྱ་བ་ནི་ཐབ་ཀྱི་དབུས་སུ་འཁོར་ལོ་གསུམ་པོ་དེ་གཞལ་ཡས་ཁང་ར་བ་དང་བཅས་པ་དང། རང་གི་སྐུ་མདོག་དང་ཕྱག་མཚན་དང་བཅས་པ་བསམ་པར་བྱའོ། །དེའི་ཕྱོགས་གཅིག་ཏུ་བསྲུངས་བ་ནི་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ཡིན ་ནོ། །ཁཎྜ་རོ་ཧ་ཞེས་བྱ་བ་ནི་རྒྱབ་ཀྱི་ངོས་ལ་གནས་པའི་ཁཎྜ་རོ་ཧ་དེ་བཞིན་དུ་གཞན་ལ་ལས་དང་རྗེས་སུ་མཐུན་པར་རང་གི་ལུས་ལ་ཕྱུད་སྟེ། ཁཎྜ་ཏོ་ཧ་གཞན་གྱི་ཕྱིར་ལ་དུ་བ་ཞག་ལས་ཐམས་ཅད་འགྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡེ ་ཉིད་ཀྱི་ཕྱིར་རང་གི་གཟུགས་སུ་མངོན་ཞེན་པ། །འཁོར་ལོའི་དབུས་སུ་གནས་པར་བྱ་ཞེས་བྱ་བ་ཡིན་ནོ། །འཁོར་ལོ་འཇི་དག་སྟན་པ་ནི། །རིམ་པ་ཇི་བཞིན་བྱ་བ་ཡིན་ཞེས་བྱ་བ་ནི་ཐབ་འདི་དག་ཏུ་འཁོར་ལོ་གསུམ ་གྱི་རིམ་པས་བྱ་སྟེ། དེ་ཡང་ཞི་བ་ལ་སོས་པའི་ཆོ་གའི་རིམ་པ་དང་མི་འགལ་བར་བྱའོ། །རིག་པའི་རྒྱ་མཆོ་ཞེས་བྱ་བ་ནི་རྒྱུད་ཆེན་པོ་དེར་ཀྱེ་དཔའ་བོ་ཞེས་མདོར་བསྡུས་ཏེ་ཇི་སྐད་དུ་བསྟན་པ་དེའི་དར་གསལ་བར་བྱ་བ་ཡིན་ནོ། །ཡང ་ན་རིག་པའི་རྒྱ་མཚོ་ནི་ཞི་བའི་སྦྱིན་སྲེག་ལ་སོས་པའི་རྒྱས་པར་བསྟན་པ་ཡིན་ལ། འདིར་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་བཞི་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས ་ལས་དང་རྗེས་སུ་མཐུན་པར་བསྔགས་བརྗོད་པ་དང། བསམ་གཏན་གྱི་ཆོ་ག་བསྟན་པ་ཡིན་ཏེ། ཕན་ཚུན་སྦྱར་བའི་གསང་སྔགས་ནི་ཞེས་བྱ་བ་ནི་གང་གིས་ཚེ་གདུག་པ་ཚར་བཅད་པའི་ཆོ་ག་རྩོམ་པ་དེའི་ཚེ་སྲད་བུ་ལེགས་པ ་བསྒྲིལ་བ་ལྟ་བུར་སྔགས་ཀྱི་ཡི་གེ་ཕན་ཚུན་ཅིག་ལ་གཅིག་སྦྱར་ཏེ། གཉིས་ཀའི་ཞལ་ནས་ཅིག་ཅར་ཕྱུང་བ་ནི་བཆུན་གྱི་བུམ་པ་འཁོར་བལྟ་བུར་བསམས་པར་བྱའོ། །དཔའ་བོ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ?། །འཇུག་པ་ཡི ་ནི་དབྱེ་བ་ཉིད་ཅེས་བྱ་བ་ནི་ཞི་བའི་ཆོ་གའོ། །རང་གི་ཁ་ནས་ནང་དུ་ཞུགས་པའི་སྔགས་ཀྱི་ཡི་གེ་ལུ་གུ་རྒྱུད་ཀྱི་ཕྲེང་བ་ལྟ་བུའི་ཚུལ་ཅན་རྡོ་རྗེའི་ལམ་ནས་ཕྱུང་སྟེ། སླར་ཡང་པདྨའི་ལམ་ནས་ལྷ་མོའི་ཞལ་དུ་ཆུད་པར་བྱས་ཏེ། ལྷ་མོའི ་ཁ་ནས་རང་གི་ཁར་ཞུགས་པའི་རིམ་པ་དང། གདུག་པ་འདུལ་བའི་ལས་ལ་ནི། །རང་གི་ཁ་ནས་ལྷ་མོའི་ཁར་འཇུག་པའི་ཚུལ་གྱིས་བྱ་བ་སྟེ། ཁྱད་པར་ནི་དེ་ཙམ་མོ། །ཞི་བ་ལ་ནི་ལྷོང་བ་སྟེ། །དྲག་ཅིང་གཏུམ་པ་མ་ཡིན་སའོ། ། ་ས་བོན་ཕྲེང་བས་དེ་ནས་ཟིན་ཞེས་བྱ་བ་ནི་ཡི་གེའི་ཕྲེང་བས་ཕན་ཚུན་གཅིག་ལ་གཅིག་སྦྲེལ་བའོ། །ཧཱུཾ་གི་མཛའ་རུ་གནས་པ་ཡིན་ཞེས་བྱ་བ་ནི་གདུག་པ་ཅན་ཚར་བཅད་པའི་ལས་ལ་ཡི་གེ་ཧཱུཾ་གིས་ཐོག་མ་དང། དབུས་དང། །ཐ་མར་སྦྱར་བར ་གྱུར་བའོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་བྱ་འགོག་པར་གྱུར་ན་ནི། །གོམ་པ་ཅིག་ཀྱང་མི་འགྲོའོ་ལོ་ཞེས་བྱ་བ་གསུངས་པ་ཡིན་ཏེ། །དེ་ནི་གོ་སླའོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་ཞེས་བྱ་བ་ནི་སྔགས་སྒྲ་ལ་སོགས་པར་བཤད་པའི་ཚུལ་གྱིས ་ཏེ། ཡི་གེ་ཨོཾ་དང་པོ་དང། ཡི་གེ་ཨོཾ་ཐ་མར་ཁ་སྦྱར་དུ་སྦྱར་བའི་ཚུལ་གྱིས་ཏེ། ཨོཾ་ལྷ་བྱིན་སྭཱ་ཧཱ། ཨོཾ་ཞེས་བྱ་བ་ལྟ་བུའོ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་དབྱེ་བ་ཉིད་དང་ནི་ཞེས་བྱ་བ་ནི་ཁ་སྦྱར་ནི་ལས་ཐམས་ཅད་པ་ཡིན་པའི ་ཕྱིར་གང་གི་ཚེ་གདུག་པ་ཅན་ཚར་བཅད་པའི་ལས་དང་ལྡན་པ་དེའི་ཚེ་རྡོ་རྗེ་ཞེས་བྱ་བ་ཧཱུཾ་དེ་ཉིད་ཀྱི་དབྱེ་ཞིང་གཞིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སྒྲོ་ཡི་ཆུན་པོ་བསྐོར་ཞེས་བྱའི་སྒྲོའི་ཆུན་པོ་བསྐོར་བ་ན་བར་མཚམས་མི ་སྣང་བ་དེ་བཞིན་དུ་བར་མཚམས་མེད་པ་ཁོ་ནར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་ཞེས་བྱ་བ་ནི་གང་གི་ཚེ་འགུགས་པར་འདོད་པའི་རྗེའི་ཚེ། ལོ་མའི་ཚུལ་དུ་སྔགས་སྤེལ་ལ། ཁཎྜ་རོ་ཧ་ཕྱག་ན་ལྕགས ་ཀྱུ་ཡོད་པས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཏུན་ཤིང་གིས་ནི་དགུག་པ་དང་ཞེས་བྱ་བ་ནི་གང་གི་ཚེ་བརྒྱ་བྱིན་ལ་སོགས་པ་འགུགས་ཤིང་བསྐྱོད་པར་འདོད་པ་དེའི་ཚེ་ཁཎྜ་རོ་ཧ་ཕྱག་ན་གཏུན་གཤིང་བསྣམས་པས་དལུང་པ་ལ་སོགས ་པ་ཐམས་ཅད་བཀུག་པར་བྱའོ། །རྡོ་རྗེ་ཡིས་ནི་བཟའ་བར་བྱ་ཞེས་བྱ་བ་ནི་བཟའ་བར་བྱ་བ་ལ་ཁཎྜ་རོ་ཧ་རྡོ་རྗེ་ཐོགས་པས་ཆེ་གེ་མོ་ཟོ་ཞིག་ཅེས་དུག་པའི་ཚོགས་བཟའ་བར་བྱའོ། །དབུག་མངའ་ཡིས་སྦྱར་བར་བྱ་ཞེས་བྱ་བ་ནི་དབུག་ཅིང ་འདར་བ་ལ་ནི་ཁཎྜ་རོ་ཧ་ཕྱ་ན་མདའ་བསྣམས་པར་སྦྱར་བར་བྱའོ། །དུས་མིན་འཆི་བ་ལས་རྒྱལ་ཉིད་ཅེས་བྱ་བ་ནི་དུས་མ་ཡིན་པར་འཆི་བ་ལ་ནི་མཚོན་ཆ་འཛིན་པ་དང་འདྲ་བར་གཡོན་ཕྱོགས་སུ་ཁ་ཌཝཱཾ་ག་འཛིན་པའི ་ལག་པས་སོ། །མཆོད་པའི་ཁྱད་པར་འདི་དག་ཐམས་ཅད་ཀྱིས་ཁཎྜ་རོ་ཧ་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་པར་སྦྱར་ཞེས་བྱ་བ་ནི་བདུད་རྩི་ལྔས་ཡོངས་སུ་གང་བས་ཁཎྜ་རོ་ཧའི་ཞལ་དུ་ཨ??? ་ཕུལ་ལ་མཚོན་ཆ་དང་སྦྱར་བར་བྱ་སྟེ། །སྔགས་ཀྱི་ཡི་གེ་ཕྲེང་བ་དང་འདྲ་བ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལེའུ་སུམ་ཅུ་ལྔ་པའོ།། །།ཕྱག་རྒྱ་རེངས་པའི་ལས་ཀྱིས་ནི་ཞེས་བྱ་བ་ནི་གཞན་གྱི་ཕྱག་རྒྱ་རེངས་པ་ལ་ཟས་དང ་འདྲ་བ་སྟེ། བཟའ་བའི་ཁྱད་པར་དང་འདྲ་བ་ལས་བརྩམ་པར་བྱའོ། །བསྲུང་བསམ་མཁའ་འགྲོ་མ་སྦྱོར་ལ། །སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ་ཞེས་བྱ་བ་ནི་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོའི་སྔགས་ཀྱིས་ཀྱང་ཆོ་ག་དེ་བཞིན་དུ་བྱའོ། ། ་དཔའ་ཨོ་མཆོད་པའི་ཆོ་ག་ཞེས། །ལས་ནི་འབད་པ་ཉིད་ཀྱིས་བྱ་ཞེས་བྱ་བ་ནི་འདིར་བཤད་པའི་ཆོ་ག་དང་པོས་མཆོད་པའི་ཆོག་བྱས་ལ། ཕྱིས་ལས་རྣམས་བརྩམ་པར་བྱའོ། རམ་དབྱེ་རང་དགས་སྔགས་པས་ནི། །ཕྱིན་ཅི ་ལོག་ཏུ་ངེས་པར་སྦྱར་ཞེས་བྱ་བ་ནི་དེ་ལས་ཀྱི་རྗེས་སུ་མཐུན་པར་རྣམ་པར་ཕྱེ་ཞིང་སོ་སོར་བྱས་ལ་སྔགས་པས་ལས་ཕྱིན་ཅི་ལོག་ཏུ་དེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི། ཚར་གཅོད་པ་དང ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ་ཞེས་བྱ་བ་ནི་ལས་ཀྱི་ཚོགས་ཁོ་ན་ཉིད་ཀྱི་དབྱེ་བས་ཕྱེ་ཞིང་ཐ་དད་པར་བྱ་བའི་སྔགས་དེ་ཙེའི་ལམ་ཞེས་བྱ་བ་ལ་རྡོ་རྗེ་དང་པདྨའི་ལམ་དུ་ངེས་པར ་སྦྱར་ཞིང་བསྟན་པར་བྱའོ་ཞེས་སྦྱར་བར་བྱའོ་།སྦྱོར་བ་ཡིན་ནི་དོན་རྣམས་ལ། །འདི་ཡིས་རབ་ཏུ་སྒྲུབ་བྱེད་དེ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པས་མྱུར་འབྲུག་བྱ་ཞེས་བྱ་བ་ནི་སྦྱོར་བའི་དོན་ཞེས་བྱ་བ་ཕྱག་རྒྱ ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་གང་ཞིག་རབ་ཏུ་བསྒྲུབ་ཅིང་ལེགས་པར་བསྟན་པའི་ཚུལ་གྱིས་བསྒྲུབ་པར་བྱས་ན་དེ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱང་ཚར་བཅོད་པ་དང། ཕན་གདགས་པའི་ཚུལ་གྱིས་མྱུར་དུ་བསྒྲུབ་པར་བྱ་བ་ཡིན་ན། །གཞན ་དག་ལྷ་ཅི་སྨོས་ཏེ་ཞེས་བྱ་བར་དགོངས་སོ། །དེའུ་སུམ་ཅུ་དྲུག་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ས་དབང་དུ་བྱ་བ་ལ་སོགས་པའི་སྦྱོར་བསྟོན་ཏེ། གཟུགས་ནི་ལུས་ཏེ་དེ་གནོན་པ་ནི་བུད་མེ་དེ་ལ་སོགས་པ་སྐྱེ་བོ ་སྟེ། དེའི་ཆོ་ག་ནི་དབང་དུ་བྱ་བ་ཡིན་ལ། དེ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཕན་ཚུན་སྦྱར་བའི་གསང་སྔགས་དང་ཞེས་བྱ་བ་ནི་གཉི་གའི་རྩ་བའི་སྔགས་གཅིག་ཏུ་བྱ་བའོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར་ཞེས་བྱ་བ་ནི ་དོན་དེ་ཉིད་གསལ་བར་བྱ་བ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཟོས་པ་གང་ཡིན་པ་དེ་སྒྲོན་ཏེ། ལེགས་པར་བགྲུས་ལ་ཡན་ལག་ལྔའི་དྲི་མ་དང་བཅས་པས་ག་བུར་མཆོས་པ་དང་བསྲེས་ཏེ། གཉིས་ཀའི་རྩ་བའི་སྔགས་ཞག་བདུན ་གྱི་བར་དུ་ཐུན་བཞིར་བྱེས་ལ། །དེའི་འོག་ཏུ་བཟའ་བ་དང་བཏུང་བ་ལ་སོགས་པས་སྦྱར་ན་ཇི་སྐད་བཤད་པ་བཞིན་དུ་དབང་དུ་འགྱུར་བར་གདོན་མི་ཟའོ། །སེར་སྐྱ་ཞེས་བྱ་བ་ནི་ཁ་དོག་སེར་སྐྱར་འདུག་པའོ། །ལྷག་མ་ནི་གོ་སླའོ། །ཏེལ་ནག ་ཅེས་བྱ་བ་ལ་སོགས་པ་ཡང་གོ་བར་ཟད་བ། །བ་ལང་ཞེས་བྱ་བ་ལ་སོགས་པ་ལ་དབང་དུ་བྱ་བའི་ཐབས་ལས་ཐམས་ཅད་པའི་ཐབ་ཁུང་དུ་བང་གི་མིང་ནས་སྨོས་ཏེ། ཇི་སྐད་བཤད་པའི་སྦྱིན་བསྲེག་བྱས་ན་དཔའ་བོ་ལ་སོགས་པའི་ལྷ་རྣམས་དབང་ཏུ ་འགྱུར་ལ། དེ་ལྟར་མ་ཡིན་ན་ཇི་སྐད་བཤད་བཞིན་དུ་འགྱུར་རོ། །དེའི་མདུན་དུ་ཞེས་བྱ་བ་ནི་དཔལ་ཧི་རུ་ཀའི་སྤྱན་སྔར་རོ། །འམ་ཞེས་བྱ་བ་ནི་སྒྲོས་རོའི་ཁར་རོ། །ལྷག་མ་ནི་གོ་སླའོ། །ལེའུ་སུམ་ཅུ་བདུན་པའོ།། །། ་དཔའ་བོའི་ཡན་ལག་དབྱེ་བ་ནི་སྐུ་མདོག་དང། ཕྱག་དང། ཞལ་དང། ཕྱག་མཚན་ལ་སོགས་པའོ། །དཔའ་བོའི་དབང་ཕྱུགས་བྲིའོ་ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་བྱེད་པ་ལ་བཅོམ་ལྡན་འདས་མི་གཟིགས་སོ་ཞེས་བྱ་བའི ་དོན་ཏོ། །ཡང་དག་རབ་སྦྱིན་རིག་པར་འགྱུར་ཞེས་བྱ་བ་ནི་ཁམས་གསུམ་གྱི་བདེ་བ་གང་ཡིན་པ་དེ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེའུ་སུམ་ཅུ་བརྒྱད་པའོ།། །།གཞན་ཡང་རྣམ་པ་བཞི་ཡིས་དགོད་ཅེས་བྱ་བ་ནི ་དཔའ་བོའི་རྩ་བའི་སྔགས་རྣམ་པ་བཞི་སྟེ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཞེས་བྱ་བ་དང། མཁའ་འགྲོ་མའི་རྩ་བའི་སྔགས་ནི་ཧ་ཧཱ་ཧེ་ཧཻ། །ཧོ་ཧཽ་ཧུཾ་ཏཱུཾ་ཞེས་བྱ་བ་འོ། །ལེའུ་སུམ་ཅུ་དགུ་པའོ།། །། ་དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པ་ནི་སྤྱིར་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་ཡིན་ནོ། །སྒྲོན་མ་ནི་ཉ་དང་ཤ་ལ་སོགས་པ་སྟེ། ཤ་དང་པོར་ཡོད་པ་སྨོས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་སྦྱིན་སྲེག་གོ་།སྦྱིན་སྲེག་ཀྱང་རྣམ་པ་གཉིས་ཏེ། ། ་ཕྱིའི་སྦྱིན་སྲེག་དང། ལུས་ཀྱི་སྦྱིན་སྲེག་གོ་།དེ་ཉིད་ཀྱིས་ན་ཉའི་ཤ་དང་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ནི་དགའ་བ་དང་ཁྲོ་བའི་གནས་སྐབས་སུ་ཡང་ངོ། །དཔའ་བོའི་དབང་པོ ་ནི་དཔལ་ཧེ་རུ་ཀ་སྟེ། དེ་སྒྲུབ་པ་པོ་ལ་དངོས་གྲུབ་རྒྱ་ཆེན་པོ་སྩོལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ་ཞེས་བྱ་བ་ནི་ལུས་ཀྱི་སྦྱིན་སྲེག་ནི་ངེས་པར་མཚན་མོ་བྱ་དགོས་པའི་ཕྱིར་རོ། །བརྒྱ་དང་ཞེས་བྱ་བ་ལ ་སོགས་པ་ནི་གོ་སླའོ། །ལེའུ་བཞི་བཅུ་པའོ།། །།དེ་ནས་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྫོགས་པའི་རྣལ་འབྱོར་པས་དངོས་གྲུབ་ཐམས་ཅད་འགྲུབ་པར་སྟོན་པ་ཡིན་ནོ། །བཅུ་གཉིས་ཞེས་བྱ་བ་ནི་དབང་དུ་བྱ་བ ་དང། དགུག་པ་གཉིས་གཅིག་ཏུ་བྱ་བ་དང། བསད་པ་དང་བསྐྲད་པ་གཉིས་གཅིག་ཏུ་བྱ་བ་ལ་བལྟོས་ཏེ་གསུངས་པ་ཡིན་ནོ། །རབ་མཆོག་ཅེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའི་གནས་གསལ་བར་བྱས་པ་ཡིན་ནོ། ། ་ཐཾས?་ཅད?་རྡོ་རྗེ་དཀྱིལ་འཁོར་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རོ། །དེར་གཙོ་བོ་ནི་བདག་པོའོ། །དགོན་པ་ནི་མ་རུ་བུའི་འོ། ། ར་ན་ནི་རཱ་མེ་ཤྭ་རའོ། །པུལླིང་དང་མཱ་ལ་ཡ་བསྟན་པ་ནི་གནས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རམ། མན ་དག་ལས་ཁོང་དུ་ཆུད་པར་བྱའོ། །པུལླི་རསཱ་འདས་ལ་སོགས་པའི་གནས་ཐམས་ཅད་ཀྱང་གོ་བཟློག་པའི་ཚུལ་གྱིས་ཕྱོགས་དང་མཚམས་སུ་གཟུང་ངོ། །རྡོ་རྗེ་ཕག་མོ་ནས་སྨེ་ཤ་ཅན་གྱི་བར་རྣལ་འབྱོར་མ་དྲུག་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ཙཎྜི་ཀའི ་མཐར་རོ། །མ་མོ་ནི་ཀཱ་ཀཱ་ས་ཡ་ལ་སོགས་པའོ། །ལཱ་མ་ཉིད་ཅེས་བྱ་བ་ནི་ལཱ་མའི་རིགས་སུ་གཏོགས་པ་རྣལ་འབྱོར་མ་དྲག་མོའོ། །རིགས་ཀྱི་གཙོ་མོ་ནི་མཁའ་འགྲོ་མ་ལ་སོགས་པ་བཞི་པོའོ། །ནག་པོ་ཆེན་པོ་ནི་འཇིགས་བྱེད་ཆེན་པོའོ ་མཁའ་འགྲོ་རྣམས་ཀྱིས་ཞེས་བྱ་བ་ནི་ལྷན་ཅིག་པའི་དོན་ལ་གསུམ་པ་སྟེ། ཇི་ལྟ་བུར་གྱུར་པ་རྣམས་དང། ལྷན་ཅིག་གཟུགས་ཅན་མ་རྣམས་དང་ངོ། །གཟུགས་ཅན་མ་ཞེས་བྱ་བ་ནི་རཱུ་པི་ཎི་གཞན་ངག་སྟེ། ཙུམ་བི་ཀ་དང་བ་ལི ་ཀ་ལ་སོགས་པ་སྟེ། ཐ་དད་བར་གྱུར་བ་རཱུ་པི་ཎི་དང་ལྷན་ཅིག་པར་བལྟ་བར་བྱའོ། །པཾ་ཙ་ལ་ཞེས་བྱ་བ་ནི་གནས་དང་ཉེ་བའི་གནས་ལས་གཞན་པའི་གྲུབ་པའི་གནས་སོ། །དེ་ལ་སོགས་པ་ཉེ་བར་མཚོན་པ་ཙམ་དུ་གསུངས་པ་སྟེ། རྒྱ་ཆེར ་ནི་གྲུབ་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན་ཏེ། དེ་དག་ཀྱང་འཁྲུགས་པའི་ཚུལ་གྱིས་འགྲོ་བ་ཡིན་ནོ། །འཁོར་ལོ་གསུམ་ལ་གནས་པའི་སླར་ཡང་བུལླི་ར་མཱ་ལ་ཡ་ལ་སོགས་པ་གོ་བཟློག་པའི ་ཚུལ་གྱིས་སྦྱར་བར་བྱའོ། །ལྷ་མོ་ལྷག་མ་གཞན་དག་ཀྱང་དཔལ་ཧེ་རུ་ཀའི་རྣལ་འབྱོར་མ་ཡིན་ནོ། །ཤྲཱི་ཧེ་རུ་ཀ་སྦྱོར་བ་ཆེ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་བསྲུབ་པའི་སྦྱོར་པ་ཆེན་པོ་དང་འཚམ་པའོ། །དེའི་ཞེས་བྱ་བ་ནི་ངེས་པར་གཟུང ་པའི་ཚུལ་གྱིས་དྲུག་པར་བྱས་པའོ། །དཀྱིལ་འཁོར་གཙོ་མོ་ཡིན་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྟེ། དེ་དག་གི་ལྷན་ཅིག་ཏུ་ཁྱབ་པའོ་ཞེས་བྱ་བར་སྦྱར་རོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་རྒྱུ་བ ་དང་མི་རྒྱུ་བ་དང་བཅས་པའི་ས་གཞི་རྣམས་སུ་ཁྱབ་ཅིང་གནས་པའོ། །ཇི་ལྟ་བུ་ཞེ་ན། ཐ་མལ་པ་མ་ཡིན་པའི་གཟུགས་ཀྱིས་བསྒྲུབ་པ་དང་བསྲུང་བའི་སྦྱོར་བས་ཕྱིར་རོལ་གྱི་ཕྱག་རྒྱ་མ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། བསགས ་པ་མེད་པ་སྟེ། གཞན་དག་གིས་ལས་ངན་བ་བསགས་པར་གྱུར་པ་གང་ཡིན་པ་དེ་མེད་པར་འགྱུར་རོ། །དང་པོའི་དོན་ལ་གསུམ་པར་ཤེས་པར་བྱའོ། །དེ་དང་ལྷན་ཅིག་སྒྲེན་མོ་རྟག་ཏུ་ནུབ་མོ་སྤྱད་ཅེས་བྱ་བར་འདྲེ་ལ་ཏོ། །ལྷག་མ་ནི་གོ ་བར་ཟད་དོ། །ལེའུ་བཞི་བཅུ་གཅིག་པའོ།། །།མེ་ཏོག་ཆུ་ནི་དུས་སུ་འབྱུང་བ་དང་ལྷན་ཅིག་སྐྱེས་པའོ། །སྔགས་འདི་ཞེས་བྱ་བ་ནི་རྩ་བའི་སྔགས་ཡི་གེ་བདུན་པའོ། །དེ་བཞིན་སྦྱིན་ཞེས་བྱ་བ་ནི་འཁོར་ལོ ་གསུམ་པོ་རྣམས་ལ་སྦྱིན་པའོ། །ནག་མོ་ཆེན་མོ་ནི་རྡོ་རྗེ་ཕག་མོའོ། །བདེན་པས་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་དང་ལྡན་པའོ། །ཐོག་མཛའ་ཞེས་བྱ་བ་ནི་དབུས་མེད་ན་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་ན་ཐོག ་མ་དང་དབུས་དང་ཐ་མར་བདག་ཉིད་དབང་དུ་གྱུར་པའོ། །བཞད་པ་ཉིད་ཕྱག་རྒྱ་ཡིན་པས་ན་རོལ་ཅིང་རྒོད་པ་གཙོ་བོར་གྱུར་པས་དགའ་བར་བྱེད་པ་སྟེ། ཕྱག་རྒྱ་དེས་སོ། །ལྷ་བའི་བསྙེམས་པ་ཡང་དག་པར་སྟོན་ཅིང་བསྙེམས་པས་མཐོང་བ་ནི ་བསྙེམས་པའོ། །འདི་ལྟ་བུའི་ཁྱད་པར་དང་ལྡན་པའི་ལྷ་མོ་ནི་གྲགས་པ་དང་ལྡན་པར་འགྱུར་རོ། །འདིས་ཞེས་བྱ་བས་ནི་མ་རྟོགས་སུ་ཤེས་བར་བྱའོ། །བཞད་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། རབ་ཏུ་དགའ་བའི་བདེ་བ་ཐམས་ཅད་ཀྱང་མཚན་མོ ་འམ་ཉིན་མོ་བྱའོ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་ལས་ཀྱི་ཞེས་བྱ་བ་ལེ་སོགས་པ་ནི་སྒྲུབ་པ་པོས་མཐོང་བ་དང་གྲུབ་པའི་ལྷ་མོ་རྣམས་སྔོན་མ་བྱུང་བའི་གཟུགས་དང་བྱ་བ་དག་སྟོན་པར་བྱེད་དེ། དེའི་ལས་དང་ལས་ཀྱི་ལན་བསྟན་པ་ནི་གར ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་ལྷ་མོའི་བྱ་བའོ། །རྡོ་རྗེ་ལ་ནི་ཞེས་བྱ་བ་ལ་སོགས་པ་ན་སྒྲུབ་པ་པོའི་བྱ་བའོ། །དབུག་འབྱིན་ཞེས་བྱ་བ་ནི་རྒྱུ་བ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒེག་དང་ཞེས་བྱ་བ་ནི་གར་གྱི་ཁྱད་པར་རོ། །སྣ་ཚོགས ་ཞེས་བྱ་བ་ནི་སྣ་ཚོགས་ཀྱི་བདག་མོའོ། །དམ་བོར་ཞེས་བྱ་བ་ནི་སྒྲུབ་པའི་ལས་སོ། །ཧ་ཧ་ཞེས་བྱ་བ་ནི་གཞན་གྱི་ལས་ཏེ། སྔར་བཤད་པའི་རིམ་པ་དེ་ཉིད་ཀྱིས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ལེའུ་བཞི་བཅུ་གཉིས་པའོ།། །། ་བཞི་པོ་ཞེས་བྱ་བ་ནི་གནོད་མཛེས་ཀྱི་སྔགས་ཀྱིས་སོ། །གིས་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པ་འདི་རྣམས་ཤིན་ཏུ་གསང་བ་ཡིན་པར་བསྟན་ཏོ། །སྙིམ་པ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོའི་ནུས་པ་ཐམས་ཅད་ཀྱི་མཚན་མ་སྟོན་པ་ཡིན་ཧེ། ་གང་གིས་ཆེ་གསང་སྔགས་མངོན་པར་བཟླས་ནས་མེ་ཏོག་ནམ་མཁའ་ལ་གཏོར་ལ་དེ་ལས་མེ་ཏོག་གཅིག་ཀྱང་ས་ལ་མི་ལྟུང་ན་དེའི་ལས་ཐམས་ཅད་ཀྱང་བྱེད་པར་ནུས་སོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །ལྷ་དང་མི་ཡིས་མཐོང་མི་འགྱུར་ཞེས་བྱ་བ་ནི ་ལྷ་དང་མི་རྣམས་ཀྱིས་ཀྱང་ཕྱེད་པར་མི་འགྱུར་བའོ། །ཤིང་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་བདུན་པའི་སྔགས་ཀྱི་སྔོན་དུ་བསྙེན་པ་བྱས་པས་ཆོ་ག་དུ་མ་དག་བསྟན་པ་ཡིན་ཏེ། དུས་མིན་འཆི་དང་བཅོམ་དང་ཉམས ་ཞེས་བྱ་བ་ལས་དུས་མ་ཡིན་པར་འཆི་བ་སེལ་བར་འགྱུར་ཞིང་ཚེ་འཕེལ་བར་བྱེད་པའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་པྲ་སེ་ནའི་ཆོ་ག་སྟོན་ཏོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ནད་ཞི་བའི་ཆོ་ག་སྟོན་ཏེ། ཡི་གེ་བདུན་པའི ་སྔགས་བསྒོམ་པ་འམ་ལན་བརྒྱ་བཟླས་པའོ། །ཉི་མའི་དབུས་སུ་མངོན་སུམ་པར་བསམ་པར་བྱས་ཏེ། དེ་ལ་ནད་ཀྱིས་གཟིར་བའི་ནད་པ་བཞག་ལ་ཡང་ལན་སྟོང་གི་བར་དུ་བཟླས་ལ། །དེའི་ལུས་ཤེལ་ལྟར་དྲི་མ་མེད་པར་བསམས་ན་ཇི ་སྐད་བཤད་པ་བཞིན་དུ་འགྱུར་རོ། །ཡང་འདྲ་བ་ཞེས་སྨོས་པས་བསྒྲུབ་པར་བྱ་བ་དེ་ཉིད་ཀྱི་སྙིང་ཁར་མཐེ་བོ་ཙམ་གྱི་ཆང་ལ་ཤེལ་ལྟར་དང་པའི་འོད་ཟེར་འབར་བ་དང་བཅས་པའི་རྣམ་པར་ཤེས་པའི་རང་བཞིན་བསམས་ན་ནད་མེད་པར ་འགྱུར་རོ། །སྟོན་ཀའི་ཞེས་བྱ་བ་ལ་སོགས་པས་ནི་དུག་བསལ་བའི་ཆོ་ག་སྟོན་ཏོ། །གཞན་ནི་གོ་སླའོ། །གཟུགས་ལྔ་ཞེས་བྱ་བ་ལ། །ཟླ་བའི་དཀྱིལ་འཁོར་རེའུ་མིག་ལྔར་བྱས་བ་ལ་རེའུ་མིག་དགུ་རུ་འགྱུར་ཏེ་དེ་ལ་འདི་ལྟར་བཀོད་ན་འདིས་རྒྱུ་བ་དང་མི ་རྒྱུ་བའི་དུག་གིས་ཟིན་པའི་མགོར་བཞག་ལ། དེ་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་དུ་དུག་མེད་པར་བསམས་ན་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་རིམས་ལ་སོགས་པའི་ནད་རྣམས་ཀྱང་བསལ་བར་བྱ་ཞིང་རང་ཉིད་ཀྱིས ་བཟའ་བ་དང་བཅའ་པ་ལ་སོགས་པ་ཡང་སྤྱད་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ་།གཞན་དག་ནི་གོ་སླའོ། །འཁོར་ལོ་འདི་ཉིད་ལག་པའི་མཐིལ་དུ་བསམས་ལ་བསྒྲུབ་པར་བྱ་བའི་མགོ་ལ་བཞག་ན་ཡང་སྔ་མ་བཞིན་དུ་འགྱུར་རོ། །ལེའུ ་བཞི་བཅུ་གསུམ་པའོ།། །།གཙང་མའི་འོ་ན་ཞེས་བྱ་བ་ནི་བའི་འོ་མའོ། །ལེའུ་བཞི་བཅུ་བཞི་པའོ།། །།རྟ་གསོང་བ་ནི་ཀ་ར་བཱི་རའོ། །སྐྱེ་གནས་རྒྱ་བཅིངས་པ་ཞེས་བྱ་བ་ནི་ཕྱིའི་ལྷ་མོ་དང་ཁ་སྦྱོར་གྱི་སྦྱོར་བ་བྱ་བའོ། ། ་སྤྲ་ཆིལ་གྱིས་ཀྱང་རབ་ཏུ་བྱུག་ཅེས་བྱ་བ་ནི། འདིར་སྤྲ་ཚིལ་ལ་གཟུགས་བརྙན་བྱས་ལ། ཙན་དན་དམར་པོའི་ཕྱེ་མ་དང། ཚ་བ་གསུམ་གྱི་ལྡེ་གུས་བྱུག་ཅེས་བྱ་བར་སྦྱར་རོ། །ལེའུ་བཞི་བཅུ་ལྔ་པའོ།། །།ཡི་གེ་ཧ་ནི ་ལྔ་པོ་དང། །ལག་པ་ཀུན་ཏུ་མཉེས་ནས་ནི་ཞེས་བྱ་བ་ནི་གང་ཞིག་གི་རྐང་རྗེས་ཀྱི་རྡུལ་ཁྲག་དང། དུག་དང། སྐེ་ཚེས་ལག་པ་གཉིས་ཀྱིས་མཐིལ་བསྐུས་ལ། དེའི་སྟེང་དུ་བ་བླའི་སྣག་ཚ་དང་བྱ་རོག་གི་སྒྲོའི་སྨྱུ་གུས་ཡི་གེ་ལྔ། ཧེཾ ་ཧེ་ཧཻ་ཧོ་ཧཽ་བྲིས་ལ་བསམ་གཏན་གྱིས་ཀྱང་དེ་ལྟར་བསམས་ལ་སེང་ལྡེང་གི་མེ་མདག་གམ། རོ་བསྲེགས་པའི་མེ་བདག་ལ་ལག་པ་གཉིས་ཉེད་ཅིང་སྦྱིན་སྲེག་བྱས་ན་དགྲ་བོའི་ཁ་ནས་ཁྲག་འཛག་ཅིང་མོད་ལ་འཆི་བར་འགྱུར་རོ། །ཐོད ་པ་ལ་སོགས་པ་ལ་ཡང་སྤྱོད་པ་དེ་བཞིན་དུ་བྱའོ། །ཕྱི་ལ་སོགས་པའི་ཤ་ཁ་ན་མ་ཐོ་བ་མེད་པས་རྙེད་པ་ནི་མཁའ་གྲོ་མ་དགྱེས་པར་བྱ་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ཕྱི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་ཡི་གེ ་བདུན་པའི་ཡི་གེ་རེ་རེ་ཞིང་བཟླས་བརྗོད་འབུམ་གྱི་གྲངས་ཚང་མར་མངོན་པར་བཟླ་བར་བྱ་ཞིང་དང་པོར་སྲེགས་བླུག་གསུམ་བྱས་ལ་ཕྱིས་སྟོང་རྩ་བརྒྱད་བྱའོ་ཞེས་བྱ་བར་སྦྱར་རོ། །ལེའུ་བཞི་བཅུ་དྲུག་པའོ།། །།རབ ་ཏུ་རྟོགས་པ་ནི་མི་ཤི་བའོ། །གནམ་ལྕགས་ནི་ལྕགས་ཀྱི་གཟེགས་མའོ། །ཀ་ཀ་ཨནྟི་ཀའི་འབྲས་བུ་ནི། ཤིང་གནདོ་པ་ལའི་འབྲས་བུའོ། །ནེའུ་ལེའི་སྤྱི་བོར་ཞེས་བྱ་བ་ནི་སྲོག་གཅོད་པའི་ཁ་ན་མ་ཐོབ་མེད་པར་རྙེད་པའི་ཐོད་པའི་ནས་དུ ་ལྕགས་སྐྱག་དང་གུར་ཀུམ་དང་ལྷན་ཅིག་ལ་ཕྱེ་མར་བྱས་ལ་ཇི་ལྟར་ཇི་སྐད་དུ་བཤད་པ་བཞིན་དུ་ཆོ་ག་བྱའོ། །གསེར་གྱི་འབྲས་བུ་ནི་དྷ་ཏུ་རའི་འབྲས་བུའོ། །བྱ་ཆེན་པོའི་གནས་ནི་འུག་པའི་ཚང་ངོ། །རྒྱུས་པ་ནི་ཆུ་རྒྱུས ་སོ། །འབྲུ་ནི་འབྲས་སམ་འུ་སུའི་འབྲས་བུའོ། །ལེའུ་བཞི་བཅུ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱི་ཡུམ་གྱི་སྙིང་པོའི་སྔགས་སྟོན་པའོ། །རི་བོ་བཟང་པོ་བྲི་བྱ་ཞིང་ཞེས་བྱ་བ་ནི་རླུང་དང། ་མེ་དང། ཆུ་དང། དབང་ཆེན་གྱི་དཀྱིལ་འཁོར་དང། རུས་སྤལ་དང། སྣ་ཚོགས་རྡོ་རྗེ་དང། སྣ་ཚོགས་པདྨའི་སྟེང་དུ་གསེར་གྱི་བདུན་གྱིས་ཡོངས་སུ་བསྐོར་བའི་རིའི་རྒྱལ་པོ་རི་རབ་བསམ་ཏེ། དེའི་སྟེང་དུ་འཁོར་ལོ་གསུམ ་ལ་སོགས་པ་རྫོགས་པར་བྱ་བའི་རིམ་པ་སྟོན་ཏེ། ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི་ལྷའི་ང་རྒྱལ་གྱི་སྔགས་བདེན་པའི་བཤད་པ་སྟོན་ཏོ། །དེ་ནས་དཔའ་བོ་ཉི་ཤུ་རྩ་བཞིའི་མཚན་གོ་བཟློག་པའི་ཚུལ་གྱིས་སྟོན་ཏོ། །འཇིགས་བྱེད་ནི་འཇིགས་བྱེད ་ཆེན་པོའོ། །བཱི་རིན་ནི་སུ་ར་བཱི་རི་ནའོ། །ཀ་ཏ་ཞེས་བྱ་བ་ནི་མཧཱ་ཀཾ་ཀ་ལའོ། །བྱ་བ་ཀུན་ལ་སྒྲུབ་པ་པོས་ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་བྱ་བ་ཐམས་ཅད་ལ་ལས་དང་རྗེས་སུ་མཐུན་པའི་འཁོར་ལོ་གསུམ་དང་ལྡན་པའི་སྔཌ ་བས་བསྒྲུབ་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འཁོར་ལོར་བཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཁོར་ལོ་ཆེན་པོ་ཞེས་བྱ་བ་ནི་གང་ལ་འཁོར་ལོ་ཆེན་པོའི་ཚོགས ་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཅོམ་ལྡན་འདས་སོ། །ཡང་ན་ཆེན་པོའི་འཁོར་ལོ་གསུམ་གང་ལ་མངའ་བའོ། །ཡང་ན་ཆེན་པོ་ཡང་ཡིན་ལ་འཁོར་ལོ་ཡང་ཡིན་པས་འཁོར་ལོ་ཆེན་པོ་སྟེ་འཁོར་ལོ་གསུམ་པོ་ཉིད་དོ། ། ་ལེའུ་བཞི་བཅུ་བརྒྱད་པའོ།། །།ད་ནི་དེ་ནས་ཞེས་པ་ལ་སོགས་པས་སྔར་བཤད་པའི་ཕྱུགས་སྡུབ?་པ་དེའི་ཁ་བཀང་བ་སྟོན་པ་ཡིན་ཏེ། དེ་ནི་འདིར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་དུ་བསྐྱེད་པ་གསལ་བར་བྱས་པ་ཡིན་ནོ། ། ་ལེའུ་བཞི་བཅུ་དགུ་པའོ།། །།གོ་མཱཾ་ས་ལ་སོགས་པས་དབང་དུ་བྱ་བ་ལ་སོགས་པའི་གོ་ཆ་ནི་སྔར་བཤད་པའི་ཆོ་ག་བཞིན་དུ་བྱའོ། །ཁ་ཆུ་ནི་བད་ཀན་ནོ། །སོ་ཤིང་ནི་དེ་ཉིད་དོ། །རང་གི་ལུས་ཞེས་བྱ་བ་ནི་འགྲོ་འམ་འདུག ་པ་འམ་གཉིད་ལོག་པ་འམ་མ་ལོག་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་ཡང་སྔགས་པས་གསང་སྔགས་བཟླ་བར་བྱ་བའི་དོན་ཏེ། དུས་ཀྱི་ངེས་པ་མེད་པའོ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་ཞེས་བྱ་བ་ནི་ཨརྐའི་ཡམ ་ཤིང་དང་རྒྱས་པའི་ཆོ་གས་ཟླ་བ་གཅིག་གི་བར་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་རྟག་པར་བྱས་ན་དབུལ་བ་ཐམས་ཅད་འཇིག་པར་བྱེད་དོ་ཞེས་སྟོན་ཏོ། །གཞན་དག་ནི་གོ་སླའོ། །མཁའ་ལ་སྤྱོད་པ་ཉིད་ཐོབ་འགྱུར་ཞེས་བྱ་བ་ན་སོ་སོར་སྣང་བ་ཐོབ་པར ་གྱུར་པའི་སྔགས་པས་ཐུན་གཉིས་ཀྱི་བར་དུ་མཉམ་པར་བཞག་ལ་སྦྱིན་སྲེག་བྱས་ན་ལྷ་ཐམས་ཅད་ཀྱི་དམ་ཚིག་ཐབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །གོ་མ་ཡུ་ཞེས་བྱ་བ་ལ། ཝའི་ཤ་ཁ་ན་མཐོ་བ་མེད་པ་རྙེད་པ་དང། མྱོས་བྱེ་ཅེས་བྱ ་བ་ཆང་གི་སྦྱིན་སྲེག་དང། གཏོར་མ་ལ་སོགས་པ་བྱས་ཤིང་བཟླས་བརྗོད་བྱས་ན་མཚན་མོ་ཁྱད་པར་འགྱུར་རོ། །ཞེས་འདིར་སྦྱར་པར་བྱའོ། །གཏོར་མ་དང་ལས་དང་སྔགས་ཟློས་པས་བྱས་ནས་གང་གི་ནུབ་མོ་ཅེ་སྤྱང་གི་ཤ་ཇི་ལྟར ་རྙེད་པ་བཟའ་འོ། །བིལ་བ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་རྒྱས་པའི་ཆོ་ག་བྱ་བར་ཤེས་པར་བྱའོ། །གོ་མཱཾ་ས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། གོས་ཡུ་ཞེས་བྱ་བ་ཝའི་ཤའི་སྦྱིན་སྲེག་ཡང་དང་ཡང་དུ་སྨོས་པ་ནི་སྦྱིན་སྲེག་འདི་ཉིད་འབྲས ་བུ་ལྷག་པར་ཆེ་བར་སྟོན་ཏོ། །བརྟུལ་ཞུགས་གཙང་སྦྲ་མེད་ན་ཡང། །བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་ལ། ཕྱིའི་བརྟུལ་ཞུགས་ལ་སྤྱོད་པ་ཡང་མེད་ལ་ཕྱིའི་གཅང་སྦྲ་མེད་དུ་ཟིན་ཀྱང་ཚུལ ་འདི་བཞིན་དུ་སྤྱོད་པའི་རྣལ་འབྱོར་པ་ལ་ལྷ་རྣམས་ཀྱིས་བསྟན་པའི་དངོས་གྲུབ་ཐབ་བར་འགྱུར་རོ་ཞེས་དགོངས་སོ། །ལྷག་པའི་ཚེ་འགྱུར་བ་ནི་ཚེ་དཔག་ཏུ་མེད་པར་འགྱུར་བའོ། །ཀུན་སྨཎ་ཌཾ་ཞེས་བྱ་བ་བུམ་ཤའི་ས་པན་དང། མོན་སྲན་སྡེའུ ་དང། མོན་སྲན་གྲེའུ་དང་ཙ་ན་ཀ་དང་སྤྲ་ཚིལ་ཏེ་སྦྲང་རྩིའི་ཚིག་མ་དང། སྐ་ཚེ་དང། ཏ་མ་ལའི་ལོ་མ་ཆ་མཉམ་པར་བྱས་ཏེ། གང་གི་དོན་དུ་བྱ་བའི་མིང་ནས་སྨོས་ཏེ། སྔགས་ཀྱིས་བསྐུལ་ལ་དེའི་ཁང་པའི་ཕྱོགས་གཅིག ་ཏུ་བསྐུས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །ལེའུ་ལྔ་བཅུ་པའོ།། །།བླ་མའི་མན་ངག་དག་གིས་རང་བློ་ཕྱེ། །འདིར་བདག་མདོ་ཙམ་བརྩམ་པའི་བློ་སྐྱེས་འགྱུར། །གལ་ཏེ་ངན་ན་འཕགས་པས་དག་པར ་མཛོད། །སེམས་འཁྲུལ་པས་འདི་རྣམ་པར་འཁོར་བར་འགྱུར། །གང་འདིར་ཕྱུགས་ཞེས་སྒྲུབ་པ་ལ་སོགས་པ། །བཤད་པ་དེ་ནི་ཚུལ་བཞིན་མི་ཤེས་ཤིང། །དེ་བཞིན་ས་སྟེང་སྐྱེ་བོ་དམན་པ་དག་།སྡང་བྱེད་དམན ་ཞིང་སྦྲུལ་ནག་ལྟ་བུ་ཡིན། །བསོད་ནམས་འདི་ཡིས་འཁོར་ལོ་གསུམ་དག་པའོ། །མཉམ་པར་བྱེད་པ་རྣམས་སུ་བདག་གྱུར་ཅིག་།དེ་བཞིན་འདི་ཡིས་འགྲོ་བ་མ་ལུས་པ། །རྟག་ཏུ་སྡིག་པ་ཀུན་ལས་ངེས་གྲོལ་ཤོག ་འདིར་ནི་འདི་བརྩོམ་བྱེད་པ་དཔལ་ལྡན་ནི། །ལང་ཀར་སྐྱེས་པར་གྱུར་པ་གང་ཡིན་པ། །རྒྱལ་བ་བཟང་པོ་ཞེས་བྱ་དེ་ལ་ནི། །དཔའ་བོ་རྣལ་འབྱོར་མ་རྣམས་བཟོད་པར་མཛོད། །བདེ་བར་གཤེགས་པའི་གནས་གྱུར་པ ་མཆོད་རྟེན་ལས་ཆོག་དག་གི་རྟེན། ཆོ་འཕྲུལ་རྒྱུན་མི་འཆད་པ་ཡི། །དཔལ་ལྡན་མ་ཧཱ་བིམ་པར་བཤད། །བྱང་ཆུབ་མཆོག་ཏུ་བློ་མཆོག་མཁས་པའི་གྲགས་པའི་རྒྱུ། །སྒྲོལ་མའི་གཙུག་ལག་ཁང་མཆོག་དག་ཏུ་གནས་བཅས་ཏེ། གཞུང་འདི་དང ་ནི་བསྟོད་དང་སྒྲུབ་པའི་ཐབས་དང་ནི། །དེ་ཡི་དཀྱིལ་འཁོར་ཆོ་ག་རབ་རྒྱས་བརྩམས་པ་ཡིན། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ།། །།གཞུང་ཚད་ཤལོ ་ཀ་བདུན་བརྒྱ་ཡང་དོ།། །། *། །བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་བ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་དངོས་གྲུབ་རྙེས་པའི་སློབ་དཔོན་ལྷ་སྦས་ཀྱིས་མཛད་པ་བཞུགས་སོ།། །། ་